| Wylie | e-texts produced with BDRC’s OCR application |
བཅོས་ཤིང་གཏན་ལ་ཕ་བ་པའོ།། ། 6།། བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བའི་ཚིག་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་བཞུགས་སོ།། ། རྒྱ་གར་སྐད་དུ། བ~ཾ་དྷི་སཏྭ ་ཎཱ་བི་དྷི། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བའི་ཆོ་ག། སངས་རྒྱས་ལ་ཕྱག་འཚལ་ལྟོ།། བླ་མེད་བསམ་གྱིས་མི་ཁྱབ་འབྲས་བུ་སྐྱེ་བ་ཡི། རྫོགས་པའི་སངས་རྒྱས་དཔག་བསམ་ཤིང་ལྗོན ་སྡོམ་པ་དམ་པ་བསྐྱེད་ཅིང་སྤེལ་བར་བྱེད་པ་སྟེ། འབྲས་བུ་མཆོག་དེས་སེམས་ཅན་ཚོགས་རྣམས་ཚིམ་པར་བྱེད།། འདིར་ངེས་པར་སྡོམ་པ་གཟུང་བ་ནི་སྡོམ་པ་འབོགས་པའི་ཆོ་ག་ལ་མཁས་ཤིང ་ཡིན་འདོད་ཀྱི་སྡོམ་པ་དང་ལྡན་པའི་བླ་མས་གསུངས་པའི་རྗེས་སུ་བརྗོད་པར་བྱ་སྟེ། དཀོན་མཆོག་གསུམ་དང་བླ་མའི་མཎྜལྀ་སྔོན་དུ་འགྲོ་བས་སེམ་མཎྜལ་མོད་ཀྱང་རུང་སྟེ། སློབ་དཔོན་དགོངས་སུ་གསོལ།། བདག ་པང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་མ་ཚིག་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཇི་སྲིད་འཚོའི་བར་དུ་ཞི་བ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས ་སུ་མཆིའོ།། ཇི་སྲིད་འཚོའི་བར་དུ་ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་མཆིའོ།། དེ་ལྟར་གསུམ་མོ།། སྐྱབས་གསུམ་ཡོངས་སུ་འཛིན་པའི་དགེ་བསྙེན་དུ་བདག་བཟུང་དུ་གསོལ་ལོ།། དེའི་རྗེས་སུ ་བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བ.རདུ་སྲོག་གཅོད་པ་སྤང་ངོ་།། སྲོག་གཅོད་པ་ལས་རབ་ཏུ་ལྡོག་པར་བགྱིའོ།། དེ་བཞིན་དུ་མ་བྱིན་པར་ལེན་པ་དང་། འདོད་པ ་ལས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་གྱུར་པ་བག་མེད་པའི་གནས་ལས་རབ་ཏུ་ལྡོག་པར་བགྱིའོ།། དེ་ལྟར་གསུམ་མོ།། དེང ་ནས་གཟུང་བདག་མཆོག་གི་དགེ་བསྙེན་དུ་གཟུང་དུ་གསོལ་ཞེས་པའོ།། དེ་ལྟར་འདི་ཡོན་ལག་གསུམ་ཡོངས་སུ་རྫོགས་པ་དང་། ཡན་ལག་ལྔ་ཡོངས་སུ་རྫོགས་པའི་དགེ་བསྙེན་དུ་འགྱུར་རོ།། བསྙེན་གནས ་ཀྱི་སྡོམ་པཱ་ཉིན་ཞག་གཅིག་པ་ནི་རྟག་ཏུ་མྱི་འདོགས་པའི་རྒྱན་བཞག་སྟེ། ཉི་མ་ཤར་བ་ནས་སྔར་བཞིན་དུ་གཟུང་སྟེ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད ་སདྡྷེ་གི་ཉི་མ་ཤར་གྱི་བར་དུ་སྲོག་གཅོད་པ་སྤོང་ངོ་།། སྲོག་གཅད་པ་ལས་སླར་ལྡོག་པར་བགྱིའོ།། དེ་བཞིན་དུ་མི་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཙ ་པའི་ཆང་མྱོས་པར་གྱུར་པ་བག་མེད་པའི་གནས་དང་། ཁྲི་སྟན་མཐོན་པོ་དང་། མིལ་སྟེན་ཆེན་པོ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཁ་དོག་འཆང་བ་དང་། གར་དང་གླུ་དང་། རོལ་མོའི་སྒྲ་དང་། ལྟད་མོ་བལྟ་བ ་དང་། དུསོ་མ་ཡིན་པའི་ཁ་ཟས་ལས་རབ་ཏུ་ལྡོག་པར་བགྱིའོ།། དགྲ་བཅོམ་པ་ཡོན་ཏན་བརྒྱད་ཀྱིས་བརྒྱན་ནས་བཞུགས་པ་བཞིན་བགྱིའོ།། བདག་གསོ་སྦྱོང་གི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས ་པ་འདི་ཡང་སེམས་ཀྱི་རྒྱུན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། མ་ཐོབ་པའི་དོན་གྱི་མཆོག་སངས་རྒྱས་ཉིད་ཐོབ་པ་གྱུར་ལ་ཅིག། དེ་ལྟར་གསུམ་མོ།། དེ་ལྟར་འདི་ནི་བསྣན་གནས་ཡན་ལག་བརྒྱད་པའི་སྔམ ་འཕགས་པ་རྣམས་དང་ཉེ་བར་གནས་པར་འགྱུར་རོ།། སྦྱིན་པར་ཙམ་ཡང་དག་པཱར་རཱུ་པ་ལ་དུས་འདི་ནུས་བཟུང་སྐྱེ་ཛ་སྲིད་ཉི་མ་བར་བྱ། མཚན་མྱི་རྣམ་ཟུངས་སྲིངས ་ཉི་མ་མུ་གྱུར་གྱི་བར་དུ་ཞེས་བརྗོད་པར་བྱའོ།། གསོ་སྦྱོང་གི་སྡོམ་པ་ཁོ་ན་ཇི་སྲིད་ཚོའི་བར་དུ་ལེན་པ་ནི་གོ་མའི་ནིཇི་སྲིད་འཚོའིར་བྱའོ།། སེམས ་དཔའི་སྡོམ་པ་དོན་དུ་གཉེར་བས་དེ་བཞིན་གགས་པའི་སྐུ་གཟུགས་མདུན་དུ་བྱས་ནས་མཆོད་པ་བྱས་ཏེ། དེའི་མདུན་དུ་དཀོན་མཆོག་གསུམ་དང་བླ་མའི་མཎྜལ་བྱས་ནས་ཉེ་བར་སྤྱོད་པ་ལྔས་ཡང་དག་པར་མཚང ་དེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་རབ་ཏུ་དད་པ་ཡོང་དག་པར་བསྐྱེད་ནས་ཕྱག་བྱས་ཏེ། པུས་མོ་གཉིས་ས་ལ་བཙུགས་པ་འམ་ཅོག་ཙོག་པོར་ཡང་རུང་བས་ཐལ་མོ་སྦྱར་ཏེ་མདུན་དུ ་འདུག་ནས་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། རིགས་ཀྱི་བུ་བདག་ཁྱོད་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པ་དེ་ལ་སྤྲོ་ཡིས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཐོགས ་@བརྩེ་བའི་སླད་དུ་གསོལ་ཞེས་དེ་ལྟར་གསུམ་མོ།། བླ་མ་དེས་འདི་ལྷུར་བརྗོད་དེ། ཁྱེད་ཀྱིས་བྱང་ཆུབ་ཏུ་སྨོན་ལམ་བཏབ་བམྦ། བདག་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པ ་འཛིན་པར་འདོད་དམ་ཞེས་པ་ཡང་གསུམོ།། དེས་ཀྱང་འཛིན་པར་འཚལ་ལོ་ཞེས་དམ་བཅའ་བར་བྱའོ།། བླ་མ་ལས་འདི་སྐད་དུ་བརྗོད་པར་བྱི་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འས ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ལུས་དང་ངག་དང་ཡིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། མེ་ང ་ཕ་དང་སེམས་ཅན་གཞན་ལ་བརྟེན་ནས་སྐྱེ་བ་འདི་དང་གཞན་རྣམས་སུ་སྡིག་པའི་ལས་གང་ཅུང་ཞིག་བགྱིས་པར་གྱུར་པ་དང་བགྱིད་དུ་སྩལ་པ་དང་རྗེས་སུ་ཡི་རུང་བ་དེ་དག་ཐམས་ཅད་བཤགས་པར་བགྱིའོ།། ཤེས ་ཤིང་དྲན་པས་མི་འཆབ་པོ་ཞེས་ལན་གསུ་མ་མོ།། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་གཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ ་ཆེན་པོ་དང་ལྡན་པ་མཁྱེན་པ་ཐམས་ཅད་སྟོན་པ་འཇིགས་པ་ཐམས་ཅད་ལས་འདས་པ་སྐྱེས་བུ་ཆེན་པོ་མོ་ཕྱེད་པའི་སྐུ་བླ་ན་མེད་པའི་སྐུ་ལ་སྐྱབས་སུ་མཆིའོ།། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཞི་བའི། ་ཆོས་ལ་སྐྱ་བས་སུ་མཆིའོ།། ཚོགས་རྣམས་ཀྱི་མཆོག་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ་ཞེས་ལན་གསུམ་མོ།། བདག་མིང་འདི་ཞེས་བགྱི་བུས་མཐའ་ཡས་པའི ་སེམས་ཙོ་ན་གྱི་ཁམས་འཁོར་བའི་སྔ་ག་བསྔལ་ལས་བསྒྲལ་བར་བྱ་བའི་ཕྱིར་དང་། གདོན་པར་བྱ་བའི་ཕྱིར་དང་། ཡོངས་སུ་བསྒྲུབ་པར་བྱ་བའི་ཕྱིར་དང་། ཐམས་ཅད་མ་ཁྱེན་པའི་ཡེ་ཤེས་བླ་ན་མེད་པ་ལ ་རབ་ཏུ་དགོད་པར་བྱ་བའི་ཕྱིར། ཇི་ལྟར་འདས་པ་དང་ད་ལྟར་དང་མ་བྱོན་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་ཏུ་སེམས་བསྐྱེད་དོ་སངས་རྒྱས་པ་དང་འཚང་རྒྱ་བ་དང་འཚང་རྒྱོ་བར་འགྱུར་པ། ཇི་ལྟ་བ་བཞིན ་དུ་སངས་རྒྱས་ཐམས་ཅད་ཀྱི་སྒྲིབ་པ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་སངས་རྒྱས་ཀྱི་སྤྱན་གྱི་སོ་མཁྱེན་ཅིང་གཟིགས་པ་དང་། ཇི་ལྟ་བོ་བཞི་མ་དུ་ཆོས་རྣམས་ཀྱི་ཆོས་ཉིད་མཁྱེན་ཅིང་རྗེསུ ་མཁྱེན་པའི་ཆོ་ག་དྲིས། བདག་མིང་འདི་ཞེས་བགྱི་བས་སློབ་དཔོན་མིང་འདི་ཞེས་བགྱི་བོ་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མདུན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱུང ་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ་ཞེས་ལན་གསུམ་མོ།། བདག་གིས་སྡིག་པ་བཤགས་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་བྱུང་བའི་དགེ་བའི་རྩ་བ་འདི་ཡོད ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ།། འཇིག་རྟེན་ན་སྐྱོབ་པ་མེད་པ་དང་། སྐྱབས་མེད་པ་དང་། གནས་མེད་པ་དང་། དཔུང་གཉེན་མེད་པ་དང་། གླིང ་མེད་པ་རྣམས་ཀྱི་སྐྱོབས་པ་དང་། སྐྱབས་དང་གནས་དང་། དཔུང་གཉེན་དང་། གླིང་དུ་འགྱུར་བར་བགྱི་ཞིང་། སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་མ་རྒལ་བ་རྣམས་བསྒྲལ་བ་དང་། ཡོངས་སུ་མི་ལྡོག ་པའི་སྒྲིབ་པ་མེད་པའི་ཆོས་ཀྱི་དབྱིངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བགྱི་བ་དང་། དབུགས་མ་ཕྱུང་བ་དབུགས་དབྱུང་བར་བགྱིའོ་ཞེས་ལན་གསུམ་མོ།། བདག་མིང་འདི་ཞེས་བགྱི ་བས་དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་མཐའ་ཡས་པའི་སེམས་ཅན་གྱི་ཁྲིམས་ལ་ཇི་ལྟར་མ་དང་པ་དང་སྲིང་མོ་དང་སྔུན་ཟླ་དང་བུ་དང་བུ་མོ་དེ་ང་། གཞན་ཡང་ཉེ་དུ་དང་སྣག་གི་གཉེན་མཚམས་སུ་གནས་པ ་དེ་ལྟར་རབ་ཏུ་གློཟུང་ངོ་།། རབ་ཏུ་བཟུང་ནས་ཀྱང་ནུས་པ་ཇི་ལྟ་བ་དང་སྟོབས་ཇི་ལྟ་བ་དང་སྣོད་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་ཡང་དག་པར་བསྐྱེད་པར་བགྱིའོ།། འདི་ནས་གང་ཅུང་ཞིག་སྦྱིན་པ་གཏོང་བར་འགྱུར ་པ་དང་། ཚུལ་ཁྲིམས་སྲུང་བར་འགྱུར་པ་དང་། བཟོད་པ་བསྒོམ་པར་འགྱུར་བ་དང་། བརྩོན་འགྲུས་རྩོམ་པར་འགྱུར་བ་དང་། བསམ་གཏན་ལ་སེམས་མཉམ་པར་འཇོག་པར་འགྱུར་ར་བ་དང་། ཤེས་རབ ་རྣམ་པར་དཔྱོད་པར་འགྱུར་བ་དང་། ཐབས་མཁས་པ་ལ་སློབ་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དུའོ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས ་བརྩམས་ཏེ་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་བྱེད་པ་དེས་བྱང་ཆུབ་སེམས་དཔའ་བདག་སློབ་པས་འདི་ནས་བཟུང་ནས་བདག་བྱང་ཆུབ་སེམས ་དཔར་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་ལན་གསུམ་མོ།། འདི་དགྲ་ཐམས་ཅད་བྱས་ནས་དེ་བཞིན་གཤེགས་པའི་སྒོ་གཟུགས་དེ་ཉིད་ཀྱི་མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱས ་ནས་བདག་མིང་འདི་ཞེས་བགྱི་བ་ལས་མིང་འདི་སྐད་ཅེས་བགྱི་བ་འདིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་སོ་ཞེས་བྱའོ།། དེ་འདྲི་བའི་བླ་མ་ཡང་མེད་ན་རང་གིས་ཡོད་དག ་པར་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ་ཞེས་བྱ་བ་དང་། སློབ་དཔོན་མྱིང་འོང་ཞེས་བགྱི་བ་བཞག་ནས། འདི་ནས་བཟུང་ནས་བདག་བྱང་ཆུབ་སེམས་དཔརཾ་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས ་དཔས་གཟུང་དུ་གསོལ་ཞེས་བྱ་བའི་བར་དུ་གསོལ་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ།། དེ་ལྟར་མཁྱེན་པར་གསལ་བའི་མཐར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་བསྔགས་པ་དང་། རྟག་ཏུ་འདིའི་དགེ་བ ་མངོན་པར་འཕེལ་བར་བྱ་བའི་ཕྱིར་དགོངས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་གསུངས་པའི་ཆོ་ག་བསྡུས་པའོ།། གཞུང་འདིའི་བསོད་ནམས་བདུད་རྩི་ཡིས། སེམས་ཅན ་ཡོངས་སུ་ཚིམ་བྱས་ཏེ། མཁས་པ་འཇིགས་པ་མེད་པ་ནི། ཀུན་རིག་དཔགེ་བསམ་གོ་འཕོང་ཤོག། སློབ་དཔོ་ནི་མཁས་པ་ཆེན་པོ་འཇིགས་མེ་ད་འབྱུང་གནས་སྦས་པས་སྨྲས་པའི་སྡོམ་པ་བཟུང་བའི་ཆོ་ག ་རྫོགས་སོ།། ། ཁ་ནའི་པཎྜི་ཏ་ཆེན་ཥཱ་ཀྱཱ་ཤྲཱི་བྷུ་དྲཱ་དང་། ཆུག་ལོ་ཙྪ་བ་དགེ་སྦྱོང་དགྲ་བཅོམ་གྱིས་བསྒྱུར་བའོ།། ཨཱ་མ ་མཛད་པ་བཞུགས་སོ།། ། རྒྱ་གར་སྐད་དུ། ཏྲི་ཤི་ར་ཎ་སྭ་པྟ་ཏི། བོད་སྐད་དུ། གསུམ་ལ་སྐྱེབས་སུ་འགྲོ་བབདུན་ཅུ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། དགེ་སྙན ་