CLOSE WINDOW

GT3367: sems bskyed pa dang sdom pa'i cho ga'i rim pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཙིཏྣོཏྶ་ཏཱ་སམྦ་རཱ་བི་དྷི་ཀྲ་མ། བོད་སྐད་དུ། སེམས་བསྐྱེད་པ་དང་སྡོམ་པའི་ཚེ་གའི་རིམ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ངན་སོང་ཐམས་ཅད་འཇིག་པ་དང་། སྒྲིབ་པ ་ཐམས་ཅད་ལོས་གྲོལ་ཞིང་། རྫོགས་སངས་གོ་འཕང་སྩོལ་མཛད་པ།། བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ།། རྫོགས་སངས་རྒྱས་དང་དམ་པའི་ཆོས།། བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་།། དེ་བཞིན་བྱང ་ཆུབ་སེམས་དཔའ་ཡི། སྡོམ་པའི་རིམ་པ་བྲི་བར་བྱ།། དེ་ལ་དང་པོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང་། མཆོད་པའི་ཆོ་ག་ལ་སོགས་པ་སྔོན་དུ་སང ་བམ། དགེ་བའི་ཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས། འདི་སྐད་ཅེས་གསོ་ལ་བ་གདབ་པར་བྱ་སྟེ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས ་དུང་། བྱང་ཆུ་སེམས་དཔའ་ས་ཆེན་པོ་ལ་བཞུགས་པོ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་སྐྱེད་པ་དེ་བཞིན་དུ་བདག་མིང་འདི་ཞེས་བགྱི་བ་ཡང་སློབ་དཔོན་གྱི་བླ་ན ་མེད་པ་ས~ཾང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ་ཞེས་ལན་གསུམ་གྱི་བར་དུ་བརྗོད་དོ།། དེ་ལྟར་གསོལ་པ་བཏབ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི། སློབ་དཔོན་དགོངས་སུ ་གསོལ། བདག་མིང་འདི་ཞེས་བགྱི་བོས་དུས་འདི་ནས་བཟུང་ནས། ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ།། སློབ ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཆོས་རྣམས་ཀྱི་མཆོག་ཞི་པ་འདོད་ཆགས་དང་བྲལ་བའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ།། ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་ནས་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག ་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ།། ཞེས་ལན་གསུམ་དུ་བརྗོད་དོ།། དེ་ལྟར་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ཀྱི་དམིགས་ཏེ། ཕྱག་བཙལ་བ་དང་། ཅི་འབྱོར་པའི་མཆོད་པ་ལ་སོགས་པར་བྱས་ལ། སློབ་དཔོན་མདུན་དུ་བྱས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས ་པའམ་ཙོག་པོར་ཡང་རུང་བས་འདུག་སྟེ། ཐལ་མོ་སྦྱ་ནས་སེམས་བསྐྱེད་པར་བྱ་སྟེ། ཕྱོགས་བཅུ་རྣམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ ་དཔོན་དགོངས་སུ་གསོལ། བདག་མཽང་འདི་ཞེས་པ་གྱི་བྱས་སྐྱེ་བ་འདི་དང་སྐྱེ་བ~ཾ་གཱི་ཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། བསྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ ་བདག་གིས་བགྱིས་པ་དང་། བགྱོད་དུ་རྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་ངེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས ་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་དུ། བདག་མིང་འདི ་ཞེས་བགྱི་བས་ཀྱང་དུས་འདི་ནས་གཟུང་ནས་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལོ་སེམས་བསྐྱེད་པར་བྱའོ།། སེམས་ཅན་མ་རྒལ་བ་རྣམས་བསྒྲལ ་པར་བགྱིའོ།། མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ།། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ།། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་ཞེས་ལན་གསུམ་དུ ་བརྗོད་པར་བྱའོ།། དེ་ལྟར་སློབ་དཔོན་མེད་ཀྱང་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་འདི། དེ་བཞིན་གཤེགས་པཽ་ཤཱཀྱ་ཐུབ་པ་དང་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བསམས ་ཏེ། ཕྱག་འཚལ་བ་དང་། མཆོད་པའི་ཆོ་ག་ལ་སོགས་པོ་བྱས་ནས། གསོལ་པ་གདབ་པ་དང་སློབ་དཔོན་ཞེས་པའི་ཚིག་སྤངས་པའི་སྐྱབས་སུ་འགྲོ་བ་ལ་སོགས་པའི་གོ་རིམ་གོང་མ་བཞིན་དུ་བྱའོ།། དེ ་ལྟར་སེམས་བསྐྱེད་པའི་གང་ཟག་གི་བྱང་ཆུབ་ཀྱི་སེམས་སྒྲོལ་བར་བྱ་བའི་ཕྱིར་ཐ་ན་ཉིན་ལན་གསུམ་མཚན་ཡན་གསུམ་དུ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། བྱང་ཆུབ་བར་དུ་བོདག་ནི ་སྐྱབས་སུ་མཆི། བདག་གིས་སྦྱིན་སྔོགས་བགྱིས་པ་འདི་དག་གིས།། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། བྱང་ཆུབ་ཀྱི་སེམས་ཉམས་པར་བྱེད་པའི ་ཆོས་བཞི་ལས་ལྡོག་པར་བྱ་སྟེ། བཞི་གང་ཞེ་ན། བླ་མ་དང་མཆོད་པར་འོས་པ་སླུ་བ་དང་། གཞན་འགྱོད་པོའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པོ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཞེ་སྡང ་གིས་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ་དང་། སེམས་ཅན་ཐམས་ཅད་ལ་གཡོ་དང་སྒྱུས་སྤྱོད་པའོ།། བྱང་ཆུབ་ཀྱི་སེམས་མི་ཉམས་པར་བྱེད་པའི་ཆོས་བཞི་ལ་བསླབ་པར་བྱ་སྟེ། བཞི་གང་ཞེ་ན། སྲོག་གི་ཕྱིར ་ཡང་བསམས་བཞིན་དུ་བརྫུན་མི་སྨྲ་བ་དང་། སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་གནས་པར་བྱའི་གཡོ་དང་སྒྲོས་མ་ཡིན་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་ཕྱོགས་བཅུར་ཡང་དག་པའི་ཡོན་ཏན་བརྗོད་པར་བྱ་བ་དང་། སེམས་ཅན་འགའ་ཞིག་དགེ་བ་ལ་འགོད་པ་ང་དག་བླ་བོན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་ཀྱི་ཉན་ཐོས་དང་། ་རིང་སངས་རྒྱས་ལ་ནི་མ་ཡིན་ནོ།། ཁྱད་པར་དུ་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པ་ཞེས་བྱ་བའི་ཐེག་པ་ཆེན ་པོའི་མདོ་ལ་བསླབ་པར་བྱའོ།། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་ནི། སྡོང་པོ་བཀོད་པའི་མདོ་ལ་སོགས་པ་ལས་ཤེས་པར་བྱའོ།། དེ་ལ་དང་པོར་ཆོ་ག་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད ་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཐམས་ཅོད་ཀྱི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ལེགས་པར་སློབ་པར་འདོད་པས། བྱང་ཆུབ་སེམས་དཔའི་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་དང་། བྱང་ཆུབ ་སེམས་དཔའི་སྡོམ་པའི་ཆོ་གོ་ཤེས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་པའི་སྒོ་ནས་སློབ་མ་རྗེས་སུ་གཟུང་བར་ནུས་པོའི་དག་པའི་བཤེས་གཉེན་ལ་ཕྱག་བྱས་ཏེ། དེའི་རྐེང་པ་ལ་གཏུགས་ནས་གསོལ ་པ་གདཔ་པ་ནི། སློབ་དཔོན་ཁྱོད་ལྔས་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པར་ཡང་དག་པར་བླང་བ་དེ་ལེན་པར་འཚལ་གྱིས། དེ་ལ་གནོད་པ་མ་མཆིས་ནི་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་ཅིག ་གསན་ཅིང་སྩལ་པའི་རིགས་སོ་ཞེས་དེ་ལྟར་ལན་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ།། རིགས་ཀྱི་བུ་ཁྱོད་ཉོན་ཅིག། ཁྱོད་འདི་ལྟར་སེམས་ཅན་མ་རྒལ་བ་རྣམས་བསྒྲལ་བ་དང་། མ་གྲོལ་བ་རྣམས་དགྲོལ་པ་དང་། ་དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བ་དང་། སངས་རྒྱས་ཀྱི་གདུང་རྒྱན་མི་འཆད་པར་འདོད་དམ། དེ་ལས་ཁྱོད་ཀྱིས་སེམས་བསྐྲད ་པ་བརྟན་པ་དང་ཡི་དམ་བརྟན་པར་བྱའོ།། གཞན་ཡང་འདྲེན་པའི་ཆེད་དུ་མ་ཡིན་ནམ། གཞན་གྱི་ནན་གྱིས་ལེན་དུ་བཅུག་པ་མ་ཡིན་ནམ་ཞེས་འདྲིའོ།། དེའི་འོག་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ལུགས་སྐུ་འམ་རས ་བྲིས་ལ་སོགས་པ་མདུན་དུ་བཞུགས་པ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད ་མདུན་དུ་བསམས་ལ། ཅི་ནུས་པའི་ཕྱིའི་མཆོད་པ་ལྔས་མཆོད་པ་དང་ཕྱག་བྱས་ལ། དེ་མ་ཐག་ཏུ་དགེ་བའི་བཤེས་གཉེན་སྟ་ནུ་མཐོན་པོ་ལ་འདུག་པ་ལ་སྟོན་པའི་འདུ་ཤེས་ཀྱིས་ཕྱག་བྱས་ཏེ། པུས་མོ་གཡས་པའི ་ལྷ་ང་སྡེ་ལ་བཙུགས་པ་འམ་ཅོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས་དགེ་བའི་བཤེས་གཉེན་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་ནོད་པས་འདི་ལྟར་བསྐུལ་བར་བྱ་སྟེ། སློབ་དཔོན་གྱིས་བྱང་ཆུབ་སེམས་དཔའི ་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་བདག་ལ་མྱུར་དུ་སྩལ་དུ་གསོལ་ཞེས་དེ་ལྟར་ལན་གསུམ་དུ་དགེ་བའི་བཤེས་གཉེན་ལ་བསྐུལ་ནས། དེ་ནས་དགེ་བོའི་བཤེས་གཉེན་ལ་བྱང་ཆུབ་སེམས་དཔའི ་སྡོམ་པ་ནོར་པ་དེ་དག་ལ་འདི་སྐད་ཅེས་དྲི་བ་བྱ་སྟེ། མིང་འདི་ཞེས་བྱ་བ་ཁྱོད་བྱང་ཆུབ་སེམས་དཔའ་ཡིན་ནམ། བྱང་ཆུབ་ཏུ་སྨོན་ལམ་བཏབ་བ་མ་ཞེས་དྲིས་པ་ན། ལེན་པའི་བྱང་ཆུབ་སེམས་དཔའ་དེས་ཀྱང་བཏབ ་ལགས་སོ་ཞེས་ཁས་བླང་བར་བྱའོ།། དེ་ནས་མི་ཟད་པ་དཔག་ཏུ་མེད་པ་བླ་ན་མེད་པའི་བསོད་ནམས་ཀྱི་གཏེར་ཆེན་པོར་གྱུར་པ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་པོ་ཆེའི་འབྱུང་གནས ་བྱང་ཆུབ་སེམས་དཔའི་སྡོམ་པ་རིང་པོ་མི་ཐོགས་པར་ཐོབ་པར་འགྱུར་རོ་ཞེས་སྙམ་དུ་བསམ་ཞིང་སེམས་རབ་ཏུ་དང་བར་གྱུར་པས་དགའ་བ་དང་བཅས་པས་ཅད་མི་སྨྲ་བར་ཐལ་མོ་སྦྱར་ཏེ་འདུག་པར་བྱའོ།། དེ ་ནས་དགེ་བའི་བཤེས་གཉེན་དེས་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞི་ཐམས་ཅད་དང་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ ་ཁྲིམས་དང་། དགེ་བཅོས་སྡུང་པའི་ཚུལ་ཁྲིམས་དང་། སྣརོན་གྱི་དོན་བྱེད་པའི་ཚུལ་ཁྲིམས་མདོར་བསྡུས་པ་སློབ་མ་ལ་གོ་བར་བྱས་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སློབ་པའི་གཞི་རྣམས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ཀྱི་ཚུལ་ཁྲི་མས་དེ་དག་ཅི་བདག་ལས་ལེན་པར་འདོད་དམ་ཞེས་སློ་པ་མ་ལ་འདྲི་བར་བྱའོ།། དེས་དེ་ལྟར་ལེན་པར་འཚལ་ལོ་ཞེས་ཁས་ལེན་པར་གྱུར་ན། བྱང་ཆུབ་སེམས་དཔའི་སྡོམ་པ་སྦྱིན ་པར་བྱ་སྟེ། བཙུན་པ་འམ། ཚེ་དང་ལྡན་པ་འམ། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད་བདག་བྱང་ཆུབ་སེམས་དཔའ་མིང་འང་ཞེས་བྱ་བ་ལས། འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིའི ་གྱུར་པ་གང་ཡིན་པ་དང་། ཚུལ་ཁྲིམས་སུ་གྱུར་པ་གང་ཡིན་པ་དང་། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་ངང་ཚུལ་ཁྲིམ་སུ་གྱུར་པ་གང་ཡིན་པ་དང་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ནད་ལྟ་གླུ ་ཚུ་ལ་ཚད་ཀྱི་བསླབ་པའི་གཞིར་གྱུར་པ་གང་ཡིན་པ་དང་།། ཁྲིས་སུ་གྱུར་པ་གང་ལེན་པའི་བསྲང་པ་གཞི་གང་ག་མུག་བྲིམས་གོང་དགའ་འདས་ཀྱི་རྒྱ་ཏུ་འན་ག་རྫོཁ་པར་གྱུར་པ་དང་། ང་ལྟར་མ་བྱིན་པའི་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱིས་སློབ་པར་འགྱུར་བ ་དང་། ཕྱོགས་བཅུ་དག་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དུ་ལྟར་སླབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ ་པའི་ཚུལ་ཁྲིམས་དང་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་ནོད་དམ་ཞེས་སྨྲོས་ཤིག། དེས་ཀྱང་ནོད་ལགས་སོ་ཞེས་སྨྲོས་ཤིག། དེ་ལྟར་སློབ་དཔོན་གྱིས་ལན་གསུམ ་གྱི་བཱར་དུ་ལན་ནཱམ་ཞེས་བརྗོད་ཅིང་སློབ་མས་རབ་ཏུ་ལེན་ལགས་སོ་ཞེས་ལན་གསྒོམ་བརྗོད་པས་སྡོམ་པ་བླང་བར་འགྱུར་རོ།། དེ་ནས་དགེ་བའི་བཤེས་གཉེ་ན་དེས། སློབ་མ་ལ་བྱང་ཆུབ་སེམས་དཔའི་སྡོམ ་པ་བྱིན་ནས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་འཚལ་བ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་ལན་གསུམ་བརྗོད་པར་བྱ་སྟེ། བྱང་ཆུབ ་སེམས་དཔའ་མིང་འདི་ཞེས་བྱ་བསུ། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བར་བྱ་བ་ལན་གསུམ་གྱི ་བར་དུ་མནོས་ལགས་ཏེ། བྱང་ཆུབ་སེམས་དཔའ་མིང་འདྲི་ཞེས་བྱ་བ་འདིས། བྱང་ཆུབ་སེམས་དཔའ་མིང་འོང་ཞེས་བྱ་བ་ཁྱོད་ཉོན་ཅིག། འདི་ནི་ཆོས་ཉིད་ཡིན་ཏེ། གང་གི། འདིས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས ་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ། བདག་མིང་འདི་ཞེས་བགྱི་བ་དཔེང་དུ་གྱུར་པར་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐས་གཏུགས་པའི་ཆོས་ཐམས་ཅད་ལྐོག ་དུ་མི་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ་ཞེས་ལནོ་གསུམ་གྱི་བར་དུ་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བརྗོད་དེ། ཕྱག་བཙལ་ནས་བླ་མྲ་དང་སློབ་མ་ལྗང ་བྱར་བྱའོ།། དེ་ནས་ལངས་ལ་དགེ་བའི་བཤེས་གཉེན་གྱིས་བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་པའི་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ཁྱོད ་ཉོན་ཅིག། འདི་ནི་ཆོས་ཉིད་ཡིན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོད་དོག་པར་ལེན་པའི་ལས་བརྗོད་པ་རྫོགས་པ་དེའི་ཚེ་ཕྱོག་སོ་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ། སངས ་རྒྱུརྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་ལྟས་འབྱུང་བར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་གིས་འདི་ལྟར་སངས་རྒྱས་ཀྱི་ཞིང་ག་གེ་མོ་ཞིག་ན་བྱང་ཆུབ་སེམས་དཔའ་མིང་འདི ་ཞེས་བྱ་བས། བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བ་ལས་བྱང་ཆུབ་སེམས་དཔའི་སྡོམ་པ་ཡང་དག་པར་བླངས་པ་མནོས་སོ་ཞེས་ཡིད་དགུ་པར་མཁྱེན་པར་འགྱུར་རོ།། དེ་ལོ་སངས་རྒྱས་བཅོམྱི་ལྡན་འདས ་དེ་དགེ་དུང་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་ཆོས་ཀྱི་བརྩིབས་བུ་དང་སྨན་ཟླའི་དགོངས་པ་མཛད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འཕོལ་བར་འགྱུར་རོ་ཞེས་བྱ་བ་བརྗོད་པར་བྱའོ།། དེ་ནས ་དགེ་བའི་བཤེས་གཉེན་དེས་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། བྱང་ཆུབ་སེམས་དཔའ་མྱིང་འདི་ཞེས་བྱ་བ་ཁྱོད་ཉོན་ཅིག། བྱང་ཆུབ་སེམས་པའི་སྡོམ་པ་ཡང་དག་པར་བླངས་པ་འདི ་ད་པ་མེད་པ་རྣམས་ཀྱི་མདུན་དུ་སྐྱེ་བར་མི་བྱ་སྟེ། གང་གི་ཕྱིར་དད་པ་མེད་པ་རྣམས་ལ་བྱང་ཆུབོ་སེམས་དཔའི་སྡོམ་པ་རབ་ཏུ་བསྟན་ནུ། དད་པ་མེད་པའི་སེམས་ཅན་དེ་དག་བྱང་ཆུབ་སེམས་དཔའི་སྡོམ་པ ་ལམ་དད་པས་སྤོང་བར་བྱེད་དེ། དེས་ན་ཇི་སྙེད་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་ལ་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་བ་དེ་སྙེད་ཀྱི་བསོད་ནམས་མ་ཡིན་པའི་ཕུང ་མུ་དད་པ་དེ་དང་ལྡན་པར་འགྱུར་རོ།། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་བསྲུང་བར་བྱ་བ་ཡིན་པས་གཞན་སྡིག་པ་ལས ་བཟློག་པར་བྱ་སྟེ། དེའི་ཕྱིར་མཆོག་ཏུ་དགེ་བའི་བྱང་ཆུབ་སེམས་དཔའོ་གསོང་བར་བྱ་ཡིན་ནོ།། དེ་ནས་བསླབ་པའི་གཞི་ཕམ་པའི་གནས་སུ་གྱུར་པ་སྡོམ་པ་འཇིག་པའི་རྒྱུ་བསྟན་ཅིང་། ཉེས་བྱས་ཀྱི་ལྟུང ་བ་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ཡང་བསྟན་པར་བྱའོ།། དགེ་བའི་བཤེས་གཉེན་གྱིས་མདོར་བསྡུས་པ་བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་དང་། བྱང་ཆུབ་སེམས་དཔའི་ཚུལ ་ཁྲིམས་ཀྱི་ལེའུ་བཤད་པར་བྱའོ།། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག། སློབ་དཔོན་ཆེན་པོ་དཔལ་མ་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སྷོ།། ་རྒྱ་གར་གྱི་མཁན་པོ་དེ་ཉིད་དོང་། ཞོ་ཆེན་གྱི་ཚེ་ལོཙྪ་བ་ད་གེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྲེར་བ་ལགས་སོ།། །། སླད་ཀྱི་པཎྜི་ཏ་དེ་ཉིད་དང་། ལོཙྪ་བ་དགེ་སློང་ཚུལ་ཁྲིམས་རྒྱུལ་བས ་བཅོས་ཤིང་གཏན་ལ་ཕ་བ་པའོ།། ། 6།། བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བའི་ཚིག་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པ་བཞུགས་སོ།། ། རྒྱ་གར་སྐད་དུ། བ~ཾ་དྷི་སཏྭ ་