CLOSE WINDOW

GT3366: byang chub kyi sems bskyed pa dang yi dam blang ba'i cho ga
Wyliee-texts produced with BDRC’s OCR application

ཞུ་ཆེན་གྱི་ལྀཙྪ་བོ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། བྱུང་ཆུབ་ཀྱི་སེམས་བསྐྱེད་པ་དང་ཡེད་པ་བླང་བའི་ཆོག་བྱང་ཆུབ་སེམས་དཔའ་དག་ལང་རྣམ་པར་རྒྱལ་བདསམ་པོ་བཞུག་སོ།། ་རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཨུད་པ་ཏ་ས་མ་ད་ན་བིདྷི། བོདེ་སྐད་དུ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་ཡི་དམ་བླང་བའི་ཆོ་ག། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། སངས་རྒྱས་ཀུན་གྱི་མེས་པ་ནི། འཇས་མཆོག ་མགོན་ལ་རབ་བཏུད་ནས། བྱང་ཆུབ་ཏུ་ནི་སེམས་བསྐྱེད་དང་། ཡི་དམ་གསལ་པོ་བྲི་བར་བྱ། དེ་ལ་དང་པོ་རེ་ཞིག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྟེན་དང་བསམ་པ་ཕུན་སུམ་ཚོགས་པ་དང་ལྡན་པས། དགེ ་བཱའི་བཤེས་གཉེན་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་ཐད་དུ་སོང་ནས། དཀྱིལ་འཁོར་བྱ་བ་སྔོན་དུ་བཏང་སྟེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ ་སྦྱར་ནས་འདི་སྐད་ཅེས། རིགས་ཀྱི་བུ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་བདག་ལ་སྩོལ་ཅིག་ཅེས་ལོན་གསུམ་དུ་གསོལ་པོ་གདབ་པར་བྱའོ།། དེ་ནས་དགེ་བའི་བཤེས་གཉེན་དེས་ཀྱང་ནུས ་པོ་ཇི་ལྟ་བ་བཞིན་དུ་སྦྱིན་ནོ་ཞེས་ཁས་བླང་ངོ་།། དེ་ནསྱེ་སཾ་ཕྱོགས་ཡིད་དུ་འོད་པར་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ནཱམ། སངས་རྒྱས་ཀྱི་སྐུ་གཟུགས་སམ། རི་མོ་བཞུགས་སུ ་གསོལ་ཏེ། ཆུ་དྲི་ཞི་མ་པོས་སྐུ་ཁྲུས་གསོལ་ལ། གོས་དཀར་པོས་ཕྱིས་ནས་ན་བཟའ་སྣ་ཚོགས་གསོ་ཏེ། འོག་ན་ཆད་པའི་ཆོ་གས་དཀྱིལ་འཁོར་རྣམས་བྱས་ནས། ཇི་ལྟར་རྙེད་པའི་མེ་ཏོག་ལེ་སོགས ་པས་ཕྱི་རོལ་གྱི་མཆོད་པ་བྱའོ།། མེ་ཏོག་བདུག་པ་མར་མེ་དང་། དྲི་དང་ལྷ་བཤོས་ཉིད་དང་ནི། ན་བཟའ་དང་ནི་རྒྱན་དང་གདུགས།། གར་དང་རོལ་མོ་གླུ་དབྱངས་ནི། ཡིད་འོང་སངས་རྒྱས་སྤྱོད་ཡུལ་དག། ན་མཁའ ་མཐའ་དག་ཀུན་ཁེབས་པ། སངས་རྒྱས་རྣམས་ཀྱི་སྤྱན་སྔར་ནི། བློས་སྤྲུལ་ནས་ནི་བདག་འབུལ་ལོ།། ཞེས་ཡིད་ཀྱིས་མཆོད་པས་མཆོད་པར་མཛད་དོ།། མཆོད་པར་བྱ་བ་དང་། མཆོད་པར་བྱེདད་པ་དང་། མཚད ་པ་རྣམས་རང་བཞིན་གྱིས་དབྱེར་མེད་པར་དམིགས་ཏེ། དྷཱི་ལྟར་འཇམ་དབྱངས་ལ་སོགས་པ། རྒྱུལ་བ་རྣམས་ལ་མཆོད་མཛད་པ། དེ་བཞིན་བདག་གི་དེ་བཞིན་གཤེགས།། མགོན་པོ་ཟས་དང་བཅས་རྣམས་མཆོད ་ཅེས་སྒྲུབ་པས་མཆོད་པར་བྱའོ།། དུས་གསུམ་བཞུགས་པའི་སངས་རྒྱས་རྣམས།། ཆོས་དང་ཆོ་གས་ཀྱི་མཆོག་བཅས་ལ། ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། ལུས་བཏུད་ནས་ནི་བདག་ཕྱག་འཚལ་ཞེས་ལན་གསུམ ་བྱས་ལ། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། བདག་གི་ལུས་ཀུན་རྣམ་པ་ཀུན་དུ་འབུལ། སེམས་དཔའ་མཆོག་རྣམས་བདགེ་ནི་ཡོངས་བཞིས་ཤིག། གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི་ཞེས་བྱ ་བོ་འདིས་བདག་གི་ལུས་སངས་རྒྱས་རྣམས་ལ་དབུལ་བར་བྱའོ།། དེའི་རྗེས་ལ་ཐོག་མ་མེད་ལྡན་འཁོར་བ་ནས།། ཚེ་རབས་འདྲི་འམ་གཞན་དག་ལ།། བདག་གི་མ་འཚལ་སྡིག་བགྱིས་པ་འམ། བགྱིད་དུ་སྩལ་པ་ཉིད་ད ་ནི། གཏི་མུག་འཁྲུལ་པས་བདག་ནོན་ཏེ། རྗེས་སུ་ཡི་རང་གོང་བགྱིས་པ།། དེ་ནིས་འགྱོད་པས་ཤིན་ཏུ་ཡང་། འགྱོད་པར་བགྱིས་ཏེ་བདག་འཆགས་ཀྱིས། འདྲེན་པ་རྣམས་ཀྱི་ཉེས་པ་ལ།། ཉེས་པ་ལེགས་པར་གཟུང ་དུ་གསོལ།། འདི་ནི་བཟང་པོ་མ་ལགས་པས།། མགོན་པོ་སླན་ཆད་བདག་མི་བགྱིད། ཅེས་ཉེས་པ་ཐམས་ཅད་བཤགས་པ་བྱས་ནས།། ཟག་བཅས་ཟག་པ་མེད་པ་ཡི། དགེ་ལ་དགའ་བས་ཡི་རང་ངོ་།། ཆོས་ཀྱི་འཁོར ་སྒྱུར་སྨད་དུ། སངས་རྒྱས་རྣམས་ལ་བདག་བསྐུམས།། རྣལ་བྱ་མྱ་ངན་དུས་པ་སྐྱེད་རྣམས།། བསྐུལ་བ་མཐར་ཡས་བྱ་ཞུགས་སྨྲ་གས་ལ། བདག་གིས་དག་ཚུལ་བསྡུས་མེད་པར་རྡུགས ་པའི་བྱང་ཆུབ་ཏུ་བསྔོབ་ཞེས་བརྗེད་པས་བསོད་ནམས་ལ་རྗེས་སུ་ཡི་རིང་བ་དང་། སངས་རྒྱས་ལ་བསྐུལ་བ་དང་། གསལ་བ་གདབ་པ་དང་། ཡོངས་སུ་བསྔོ་བ་བྱས་ནས། དཀན་མཆོག་གསུ་མ་ལ་སྒྲུབས་སུ་འ ་ནྡྷེནོ།། དེས་ར་ལ་མངོན་དུ་ཕྱོགས་ཤིང་ཙོག་ཅིག་པུར་འཇུག་སྟེ། !མོ་སྦྱར་ནུས་གན་ས་པ་ལ་རིགས་ཀྱི་བུ་ཁྱུད་ཀྱིས་འདི་སྐད་ཅེས་བརྗི་ཅིག་ཅེས་སྒྱུར་གཞུག་སྟེ། ཕྱོགས་བཙུན་བཞུགས་པ ་སངས་རྒྱ་ས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་ཅན་རྣམས་ཀྱང་བདག་ལ་དགོངས་སྐུ་གསོལ།། སློབ་དཔོན་དགོངས་སུ་གསོལ།། བདག་མིང་འདི་ཞེས་བགྱི་བ་སངས་རྒྱས ་ལ་སོག། ས་པ་ལ་མཆོད་པ་ལ་སོགས་པ་བགྱིས་པས། བྱང་ཆུབ་སྙིང་པོར་མ་ཆོས་ཀྱི་བར།། སངས་རྒྱས་ལྔ་ནི་སྐྱབས་སུ་མཆི། ཆོས་དང་བྱང་ཆུབ་སེམས་དཔའ་ཡི།། ཚོགས་ལའང་དེ་བཞིན་སྒྲུབས་སུ་མཆི།། ་ཞེས་ལ་ན་གསུམ་བརྗོད་པར་བྱའོ།། དེའི་རྗེས་ལ། ལུས་དང་དེ་བཞིན་ལོངས་སྤྱོད་དང་། དུས་གསུམ་གྱིས་ནི་དགེ་བ་རྣམས།། སེམས་ཅན་དོན་སྒྲུབ་བྱ་བའི་ཕྱིར། བ་ལྟོས་པ་མེད་པར་བཏང་བར་བགྱི། ས་སོགས ་འབྱུང་བ་ཆེ་ན་པོ་དང་། ནམ་མཁའ་བཞིན་དུ་རྟག་པར་ཡང་། སེམས་ཅན་དཔག་ཏུ་མེད་པ་ཡི། རྣམ་མང་ཉེར་འཚོའི་བཞི་རྭ་ཡང་ཤོག། དེ་བཞིན་ན་མཁའི་མཐའ་གཏུགས་པའི།། སེམས་ཅན་ཁམས་ནི་རྣམ་ཀུན་དུ། ཐམས ་ཅད་མྱ་ངན་འདས་པར་དུ།། བདག་ནི་ཉེར་འཚོའི་རྒྱུརུ་ཡང་ཤོག། མགོན་པོའི་སྤྱན་སྔར་རྫོགས་པ་ཡི།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་དེ།། སེམས་ཅན་དེ་དག་ཐམས་ཅད་ཀུན། སངས་རྒྱས་བདེ་ལ་འགྲོན་དུ་འབོད ་ཅེས་སྨིན་པའི་མཚན་ཉིད་མངོན་དུ་བྱས་སོ།། དེ་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས།། བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། དེ་དག་བྱང་ཆུབ་ཐུགས་བསྲངས་ལ།། དུས་ཀུན་ཏུ་ནི་གནས་པ་ལྟར།། དེ་བཞིན ་འགྲོ་ཡི་ཕན་དོན་དུ། བདག་གིས་བྱང་ཆུབ་སེམས་བསྐྱེད་ཅིང་། དེ་བཞིན་དུ་ནི་དུས་ཀུན་དུ། བྱང་གི་གིས་དོ་ནི་བསྲུང་པོར་བགྱི་ཞེས་ལན་གསུམ་གྱི་བར་དུ་སྨོན་པ་དང་འཇུག་པའི་སེམས་བཟུང་བར་བགྱིའོ།། དེ་ནས ་གལ་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་བ་ལ་མོས་པ་བསྟན་པོ་གཟུང་བ་ལ་ཡོད་ན་དེའི་ཚེ་སྡོམ་པ་སྦྱིན་ནོ།། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས།། བྱེང་ཆུབ་སེམས་དཔའི་བསླབ་བཟུང་སྟེ། དེ་དག་བྱང་སེམས་བསླབ ་བ་ལ།། རིམ་པོ་བཞིན་དུ་གནས་པ་ལྟར། དེ་བཞིན་འགྲོ་ལ་པན་དོན་དུ། བྱང་ཆུབ་སྡོམ་པ་བཟུང་བེ་གྱི་ཞིང་།། དེ་བཞིན་བསླབ་པ་དེ་དག་ལ། རིམ་པ་བཞིན་དུ་གནས་པར་བགྱི་ཞེས་ལན་གསུམ་བརྗོད་པས་སྡོམ་པ་སྦྱིན ་ནོ།། ལྟུང་བ་དང་ལྟུང་བ་མེད་པའི་གཟུགས་བརྙན་ཡང་སྐབས་ཇི་ལྟ་བ་བཞིན་དུ་དེ་དག་དགེ་བའི་བཤེས་གཉེན་གྱིས་བསྟན་པར་བྱའོ།། དེ་ནས་ལངས་ཏེ་དཀོན་མཆོག་གསུམ་ལ་ཕྱག་བཙལ ་ནས། དགེ་བའི་བཤེས་གཉེན་གྱིས་ཞབས་གཉིས་ལ་གཏུགས་ཏེ་ནུས་པ་ཇི་ལྟ་བ་བཞིན་དུ་ཡོན་ཕུལ་ནས། དེ་རིང་བདག་ཚེ་འབྲས་བུ་ཡོད།། མི་ཡི་སྲིད་པ་ལེགས་པར་ཐོབ། དེ་རིང་སངས་རྒྱས་རིགས་སུ་སྐྱེས།། ་ས་ངང་རྒྱས་སྲས་སུ་བདག་བྱུར་ཏོ།། སྐྱོན་མེད་བཙུན་པའི་རིགས་འདི་ལ།། ཇི་ལྟར་རྙོག་པར་མི་འགྱུར་པར། དེ་བཞིན་ད་ནི་རང་རིགས་དང་། མཐུན་པའི་ལས་ནི་བདག་གིས་པ། ཞེས་བྱ་བས་མཇུག་རྒྱས་པར་བྱའོ།། ་རྣམ་པ་དེ་ལྟ་བུའི་དགེ་བའི་བཤེས་གཉེན་མེད་ན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱན་སྔར་བྱའོ་ཞེས་བྱ་བ་ནི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་སྔོན་དུ་སོང་བ་ཅན་གྱི་བྱང་ཆུབ་སེམས་དཔའི་སྡོམ་པོ ་གཟུང་བའི་ཆོ་གའོ།། དེ་ལྟར་བྱང་ཆུབ་ཀྱི་སེམས་དང་སྡོམ་པ་གཟུང་བའི་བྱང་ཆུབ་སེམས་དཔོའི་ཚོགསོ་གཉིས་པོ་སྤྱོད་པས་ཡོངས་སུ་རྫོགས་པར་བྱེད་པ་དེས་ན་སྤྱོད་པ་ལ་མངོན་པར་སྦྱར་བར་བྱའོ།། དེ་ཡང་རྣམ ་པ་གསུམ་སྟེ། ལས་དང་པོ་པོ་ལ་ནི་སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་པའི་ཕྱིར་ན། ཡི་དམ་གྱི་སྤྱད་པའོ།། མོས་པས་སྤྱོད་པའི་སྤྱོད་པ་ཅན་ལ་ནི་དགེ་བ་ཆོས་སྡུད་བའི་ཚུལ་ཁྲིམས་གཙོ་བོ་ཡིན་པའི་ཕྱིར་ན། ་ཏིང་ངེ་འཛིན་གྱི་སྤྱོད་པའོ།། ས་ལ་བཞུགས་པ་ལ་ནི་སེམས་ཅན་གྱི་དོན་བྱ་བ་ཉིད་གཙོ་བོ་ཡིན་པའི་ཕྱིར་ན། སེམས་ཅན་སྟོན་པའི་སྤྱོད་པའོ།། དེ་ལ་ལས་དང་པོ་པའི་ཡི་དམ་གྱི་སྤྱོད་པ་བརྗོད་པའོ།། ནང་པར་ལངས ་ཏེ། ཨོཾ་པྲ་ཀྲི་ཏེ་པཽ་རི་ཤུདྡྷ་སརྦྦ་དྷརྨཱཿཔྲ་ཀྲི་ཏེ་པའི་ཤུད་དྷོ། ཧཾ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཤིང་ཡོངས་སུ་བརྟགས་པའི་ཆུས་གདོང་ལ་སོགས་པ་དག་པར་བྱ་ཞིང་ཀུན་དུ་སྤྱོད་པ་གཙང ་པས། ས་ཕྱོགས་ཡི་དུ་འོང་བི་ས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་སམ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནཱམ། ཐུང་ཀ་བཀྲམ་ཞིང་། བཱར་སྣང་ལྀ་ལ་ཡང་ཕྱོག་ས་དུས་ཀུན་ན ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིད་ཀྱིས་དམྱིགས་ཏེ། ཨཽ་ཨ་མ་ལེ། བི་མ་ལེ། ནི་ར་མ་ལེ། སྭ་བྷཱ་བ་ཤུད་དྷོ་སཱ་ཧཱ་ཞེས་བརྗོད་ལ། ཆུ་དྲི་ཞིམ་པོས་སྐུ་ཁྲུས་གསོལ་ཏེ། གོས་དཀར ་བོས་ཕྱིས་ནས། དྷི་ལྟར་རྙེད་པའི་གོས་དང་རྒྱན་རྣམས་སྔགས་འདིས་དབུལོ། ཨོཾ་ཨ་བཛྲ་ཝསྭཱ་ཧཱུཾ། ཨོཾ་ཨ་བཛྲ་ལཾ་ཀ་ར་ཧཱུཾ། དེ་ནས་མདུན་དུ་མངོན་པར་ཕྱོག་སྱ་ཏེ། བསྡད་པ། ཨོཾ་བཛྲ་བྷྲ་མི་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབས ་པའི་སའི་ཆར། ཨོཾ་བཛྲོ་དཾ་ཀ་ཧཱུཾ། ཞེས་བྱ་བས་བྱིན་གྱིས་བརླབས་པའི་ལྕི་བ་དང་། ཆུས་ཀུན་དུ་བཟང་པོའི་དཀྱིལ་འཁོར་ཉེ་བར་བྱུགས་ལ། ཨོཾ་བཛྲ་རེ་ཁེ་ཧཱུཾ། ཞེས་བྱ་བ་ས་དཀྱིལ་འཁོར་བཏང་ནས་ལག་པ ་བཀྲུའོ།། དེ་ནས་དབུས་ནས་བརྩམས་ཏེ། དབུས་ཉིད་ཀྱི་མཐར་ཐུག་པར་མེ་ཏོག་སྔགས་འདིས་དགྲམ་མོ།། ཨོཾ་ཧཱུ~ཾ་མ་ཧཱ་མེ་ར་བེ་སྭཱ་ཧཱ། དབུས་སུའོ།། ཤརརཱ་དང་ལྷོ་དང་བྱང་དང་ནུབ་རྣམས་སུ་ནཾ། ཨོཾ ་ཡཾ་པཱུརྦ་པཱི་ཏེ་ཧ་ཡ་སྭཱཧྨ། ཨོཾ་ལམ་ཨུཏྟ་ར་ཀུ་ར་བེ་སྭཱ་ཧཱ། ཨཱ~ཾ་བཾ་ཨ་པ་ར་གོ་ཏ་པ་རི་ཡེ་སྭཱ་ཧཱ། མེ་དང་བདེན་བྲལ་དང་དབང་ལྡན་དང་རླུང་གི་ཕྱོགས་ངག་ཏུ་ནི། ཨོཾ་ཡཿུ་པ་དཱི་པ་ཡཾ་སྭཱ་ཧཱུ~ཾ། ཨོཾ་ར་ཨུ་པ་དཱི་པཱ་ཡ ་སྭཱ་ཧཱ། ཨོཾ་ལཿུ་པེ་དཱི་པ་ཡ་སྭཱ་ཧཱ། ཨོཾ་བཿུ་པ་དཱི་པ་ཡ་སྭཱ་ཧཱ། བར་གྱི་ཤར་དང་ལྷོ་དང་བྱང་དང་ནུབ་རྣམས་སུ་ནི། ཨོཾ་ཡ་ག་ཛྙཱ་རཏྣ་ཡ་སྭཱ་ཧཱ། ཨོཾ་ར་པུ་རུ་ཥ་རཏྣ་ཡ་སྭཱ་ཧཱ། ཨོཾ་ལསྟི་རཏྣ་ཡཱ་སྭཱ་ཧཱ། ཨོཾ་པ ་ཨཾ་ཤྭ་རཏྣ་ཡ་སྭཱ་ཧཱ། མེ་དཾ་ང་བདེ་ནི་བྲལ་དང་དབང་ལྡན་དང་རླུང་རྣམས་སུ་ནི། ཨོཾ་ཡ་ཁ~ཾནྟ་རཏྣ་ཡ་སྭཱ་ཧཱ། ཨོཾ་རཱ་མཱ་ཎཾ་རཏྣ་ཡ་སྭཱ་ཧཱ། ཨོཾ་ལཱི་མ་ཧཱ་ནཻ་རཏྣ་ཡཱ་སྭཱ་ཧཱ། ཨོཾ་བཱི་ཙཀྲ་རིཏྣ་ཡ་སྭཱ་ཧཱ། ཨོཾ་ཧཱི་ཨཱ་དྷོ་མེ་ར ་བེ་སྭཱ་ཧཱ། ཞི་ས་བྱ་བས་ཡང་དབུས་སུ་བཞག་ལ་དབུལ་བར་བྱའོ།། དེ་ནས། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་དཛྙཱ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་དྭེ་པཾ་ཧཱུཾ།། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲི་ནཻ་ཐི་དྱ་ཧཱུཾ། ཞེས་བྱ་བས་ཇི་ལྟར་རྙེད་པའི་མེ་ཏོག ་དང་བདུག་པ་དང་མར་མེ་དང་དྲི་དང་ལྷ་བཤོས་དག་དབུལ་བར་བྱའོ།། དེ་ནས། རྒྱལ་པོ་གང་ཟག་བླ་ན་མེ་ད་པ་ཡི། སངས་རྒྱས་རྣམས་ནི་ཐ་མས་ཅད་དང་། རྫོགས་པའི་སངས་རྒྱས་གྲགས་ལྡན་པ།། ཀུན་གྱི་སྐུལ ་ལ་ཕྱག་འཚལ་ལོ།། རྫོགས་སངས་རྒྱས་གང་དུ་བལྟམས་པ་དང་། གང་དུ་བྱང་ཆུབ་ལ་རེག་དང་། ཞི་བའི་འཁོར་ལོ་བསྐོར་བ་དང་། ཟག་མེད་མྱ་ངན་འདས་པ་དང་། བདེ་གཤེགས་གང་དུ་བཞུགས་པ་དང་། འཆག ་པ་དང་ནི་བཞེངས་པ་དང་། སེང་གེ་ལྟ་བུར་གཟིམས་པ་ཡི།། གནས་དེ་ལ་ནི་བདག་ཕྱུག་འཚལ།། སྟེང་དང་བར་དང་འོག་ངག་དང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཡང་། སྐུར་བཅས་སྐུ་ནི་མེད་པ་ཡི། མཆད ་རྟེན་ལ་ནི་བདག་ཕྱག་འཚལ་ཞེས་བྱ་བས་ལན་གསུམ་དུ་ཕྱག་བྱས་ལ་འདུག་སྟེ། རྟེན་གྱི་སྟོབས་ལ་སོགས་པ་རྫོགས་པར་བྱ་བའི་དོན་དུ་ཕུང་པོ་གསུམ་པ་གདོན་པར་བྱའོ།། སངས་རྒྱས་རྗེས་སུ་དྲན་པ་ཡང་རྗེས་སུ ་དྲན་པར་བྱའོ།། དེ་ནས་བྱར་སྣང་ལྀ་རང་གི་གཞི་བདག་དང་། འཇིཛག་རྟེན་སྐྱོང་བ་རྣམས་ཡིད་ཀྱིས་དམིགས་ཏེ། ཨོཾ་ཨཱཿཧཱུ~ཾ་ཞེས་བྱ་བས་ལན་གསུམ་བྱིན་གྱིས་བརླབས་པས་བདུད་རྩིར་གྱུར་པར་བསམ་ཡིད་ཀྱིས་དེ ་དག་ཉིད་ལྀ་བྱིན་ནས། ཨོཾ་ཨི་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྟ་པནྡྷ་ཏྲ་ཏཾ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་པས་བདུད་རྩི་ངེས་ཚིམ་པ་རྣམས་རང་གི་གནས་སུ་སོང་བར་ལྷའོ།། དེ་ནས་ཐེག་པ་ཆེན་པོའི་མདོ་ལྔ་དང་། ་དེ་དང་རྗེས་སུ་མཐུན་པ་དག་ལས་མདོ་གང་ཡང་རུང་བ་ཅི་ནུས་ཀྱིས་བེ་ཏོན་ནས། སྡུ་ག་བསྔལ་བ་དང་མགོན་མེད་པ་དག་ལ་གོས་དང་ཟས་ལ་སོགས་པ་ཐ་ན་ཁམ་གཅིག་ཙམ་ཚུན་ཆད་བྱིན་ལ། འཁོར་གསུམ ་ཡོངས་སུ་དག་པས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་བསྡུས་ནས་སྨོན་ལམ་འདི་སྐད་ཅེས་གདབ་པོ།། ཕྱོགས་བཅུ་ན་མཁའི་མཐས་གཏུགས་པའི་སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར ་ཇི་ལྟར་འཇམ་དབྱངས་སྤྱོང་མཛད་པ།། བདག་གི་སྤྱོད་པ་འང་དེ་འདྲར་ཤོག། ཇི་སྲིད་ནམ་ཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་ཀྱི་བར།། དེ་སྲིད་འགྲོ་བའི་སྡུག་བསྔལ་ནི། འཇོམས་པས་བདག་ཀྱང་གནས་པར་ཤོག། ་བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།། ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། རྒ་ནང་འཆི་བའི་དཔའ་གློང་འཁྲུགས་པ་ཡི།། སྲིང་པའི་མཚོ་ལས་འགྲོ་བ་འདོན་པར་ཤོག། དེ་ནས་ཨོཾ་བཛྲ་མུ་ཞེས ་བྱ་བྱས་དཀྱིལ་འཁོར་གཤེགས་སུ་གསོལ་ཏེ། དེ་ནས་བྱང་ཆུབ་ཀྱི་སེམས་དང་བསླབ་པ་དྲན་པ་སྔོན་དུ་བཏང་ནས་ཇི་ལྟར་བདེ་བར་གནས་པར་བྱའོ།། ཟན་ཟ་བའི་དུས་སུ་ན་སྔར་བཤད་པའི་ཆོ་གས་གཏོར་མ་བྱའོ།། ་ཨོཾ་ཧ་རི་ཏྱེ་མཱ་ཧཱ་བཛྲ་ཡཀླཱི་ཎི་ཨི་དི་བྱཱ་ལིངྒེ་གྲྀཧྞ་གྲཱིཧྞ་ཀྵིཎཱ~ཾཞེས་བྱ་བས་འཕྲོག་མ་ལི་ཟན་ཚངས་གཉིས་སྦྱིན་ནོ།། ཨོཾ་ཨཱ་གྲཱ་པིཎྜ་ཨ་ཤི་བྷུཿསྭཱ་ཧཱ། ཞེས་བྱ་བས?་ཐོག་མ་ར་ཟླ་བི་རྣམས་ལ་ཟན་ཚངས་གཅིག་སྦྱིན་ལ ་རན་པ་ཚོད་ཟིན་པར་ཟོས་ནས། ཨོཾ་ཨཱཙྪི་ཥྱེ་པིཎྜི་ཨི་ཤི་བྷཱུཿསྟྲྀཧྨ། ཞེས་བྱ་བས་ལྷག་མ་ཟ་བ་རྣམས་ལ་ལྷག་མ་སྦྱིན་ནོ།། གལ་ཏེ་ནུ་ས་པ་ཡོད་ན་ཉི་མ་ཕྱེད་དང་དགོངས་ཀའི་ཐུན་དག་ལ་ཡང་དེ་བཞིན་དུ་བྱའོ།། ་ནུས་པ་མེད་པ་ནི་སྔར་ཇི་སྐད་བརྗོད་པའི་ཆོ་གས་དཀྱིལ་འཁོར་བསྐྱུང་ནུལ་བྱས་ལ། མཆོད་པ་དང་ཕྱག་བཙལ་བ་ཡང་བྱས་ནས་ཕུང་པོ་གསུམ་པ་བཏོན་ཏེ་སྨོན་ལམ་གདབ་པོ།། དེ་ནི་ཡི་དམ་ལེན་པའི་ཆོ་གའོ།། ཏིང ་ངེ་འཛིན་དང་སེམས་ཅན་མགུ་བར་བྱ་བའི་ཆོ་ག་འདི། མདོ་སྡེ་དང་བྱང་ཆུབ་སྤྱོང་འཇུག་དང་བསླབ་པ་ཀུན་ས་བཏུས་པ་ལ་སོགས་པ་ལས་ཤེས་པར་བྱའོ།། བྱང་ཆུབ་སེམས་དང་ཡི་དམ་གྱི།། ཆོ་ག་བདག་གིས་བྱས་པ ་ལས།། དགེ་བ་ཐོབ་པ་གང་ཡིན་དེས།། འགྲོ་བ་བྱང་ཆུབ་བསྟེན་པར་ཤོ་ག། བྱང་ཆུབ་ཀྱི་སེམས་བསྐྱེད་པ་པ་ཡི་དམ་བླང་བའི་ཆོ་ག། སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྣམ་པར་རྒྱལ་བས ་མཛད་པ་རྫོགས་སོ།། ། རྒྱ་གོར་གྱི་མཁན་པོ་ཆེན་པོ་སུ་མ་ཏི་ཀཱིརྟྟི་དང་། ཞུ་ཚེ་ནརྀ་གྱི་ལོ་ཙ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏཽ་གཏན་ལ་ཕུབ་པ།། ་