CLOSE WINDOW

GT3365: byang chub sems dpa'i sdom pa'i cho ga
Wyliee-texts produced with BDRC’s OCR application

ནུས་ཏེ་གཏན་ལ་ཕབ་པའོ།། ། བྱང་ཆུབ་གྱི་མས་དཔའི་སྡོམ་པའི་ཆོག་སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ་བཞུགས་པ།། ། རྒྱ་གར་སྐ་ད་དུ། བོ་དྷི་སཏྭ་ས་མ་པ་ར་བི་དྷི། བོད་སྐད་དུ། བྱུངཆུབ ་སྙོམས་དཔའི་སྡོམ་པའི་ཆོ་ག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། གང་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕུང་པོ་རྣམས་སུ་བརྗོད་པ་སྟེ། སྡོམ་པའི་ཚུལ ་ཁྲིམས་དང་། དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་སོ།། དེ་རྣམས་ལ་སློབ་པར་འདོད་པའི་ཁྱིམ་པ་བམ་རབ་ཏུ་བྱུང་བ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ ་སྨོན་ལམ་བཏབ་པས། ཝཱ་ན་ཅིག་ཏུ་ཆོས་མཐུན་པའི་བྱང་ཆུབ་སེམས་དཔའ་མཁས་པ་ནུས་པ། ངག་གི་རྣམ་པར་རིག་བྱེད་ཀྱི་དོན་མཛད་པ་དང་། གཽ་བར་ནུས་པའི་ཞབས་དག་ལ་ཕྱག་འཚལ་ནས་གསོལ་བ ་གླིངབ་པར་བྱ་སྟེ། བདག་རིགས་ཀྱི་བུ་ཁྱོད་དམ། ཚེ་དང་ལྗོན་པ་འམ། བཙུན་པ་གང་ཉེ་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པར་འཚལ་བས། དེ་སྩལ་པོ་ལ་རུང་ཞིང་། དཀའ་བ་མ ་མཆིས་ན། ཐང་ཅིག་བདག་ལ་རྗེས་སུ་བརྩེ་བས་སྤྲུལ་ཅིང་གསོན་ཅིག་ཅེས་སོ།། འདི་ལྟར་ལན་གསུམ་གསོལ་བ་བཏབ་ནས། བླ་གོསྣ་ཕྲག་པ་ཅིག་ཏུ་གཟར་ཏེ། ཕྱོགས་བཅུའི་འཇིག་རྟེན་རྣམས ་ན་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཏུད་ནས། དེ་རྣམས་ཀྱི་ཡོན་ཏན་རྣམས་མངོན་སུམ་དུ་བྱས་ནས་སེམས ་དཔའ་ཆེན་པོ་བསྐྱེད་ནས། པུས་མོ་བཙུགས་པ་འམ་ས་ལ་ཙོག་ཙོག་པོར་འདུག་པས། དེ་བཞིན་གཤེགས་པའི་སྐུ་མདུན་དུ་བཞུགས་སུ་གསོལ་ནས་མཆོད་དོ།། མངོན་སུམ་དུ་བྱས་ནས་ཚིག་འདི་སྐད་ཅེས་བརྗོད་དོ།། ་རིགས་ཀྱི་བུ་འམ་ཚེ་དང་ལྡན་པ་འམ་བཙུན་པ་གང་ཉེ་བས་བྱང་ཆུབ་སེམས་དེ་པཱའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བདག་ལ་རྗེས་སུ་སྤྲུལ་དུ་གསོལ་ཞེས་སོ།། དེ་ནས་རྩེ་གཅིག་ཏུ་ཉཾ་བར་བཞག་ནས ་སེམས་དང་བརྗེས་སུ་བསྐྱེད་དེ། བདག་ནི་ད་རིང་པོར་མི་ཐོགས་པར་ཟད་པ་མེད་ཅིང་དཔག་ཏུ་མེད་པ་བླ་ན་མེད་པའི་བསོད་ནམས་ཀྱི་གཏེར་ཐོབ་པར་འགྱུར་རོ་ཞེས་དོན་འདི་ཉིད་བསམ་ཞིང་ཅང་མི་སྨྲ་བར་བྱའོ།། སླར ་ཡང་བྱང་ཆུབ་སེམས་དཔའ་མཁས་པ་དེས། དེ་ལྟར་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ་སེམས་མ་ཡེངས་པར་འདུག་པ་འམ་འགྲེང་བས་འདི་སྐད་བརྗོད་དོ།། ཁྱོད་མིང་འདི་སྐད་ཅེས་བྱ་བས་བྱང་ཆུབ་སེམས ་དཔའི་བསླབ་པའི་གནས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམསྣ་ཐམས་ཅད་དེ། འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་དང་བསླབ་པའི་གནས་རྣམས་དང་ཚུལ་ཁྲིམས་གང ་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འགྱུར་བ་དང་། གང་བསླབ་པའི་གནས་རྣམས་དང་། ཚུལ་ཁྲིམས་གང་ད་ལྟར་ཕྱོགས་བཅུ་ན་དེ་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་དང ་བསྒྲུབ་པའི་གཞི་གང་ཡིན་པ་རྣམས་ཏེ། བསླབ་པའི་གནས་རྣམས་དང་། ཚུལ་ཁྲིམས་གང་རྣམས་ལ་འདས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱིས་བསླབ་པ་དང་ལྡན་པ་དང ་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སློབ་པར་འགྱུར་བ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ད་ལྟར་སློབ་པ་རྣམས་ནོད་དམ། དེས་ཀྱང་ནོད་ལགས་སོ་ཞེས་དམ་བཅའོ།། ལན་གསུམ ་དུའོ།། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱ་ས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ།། སློབ་དཔོན་བཱ་དགྲ་ལ་དགོངས་སུ་གསོལ། ་བདག་མིང་འདི་ཞེས་བགྱི་བས། གང་ཅུང་ཟདེ་ལུས་དང་ངག་དང་ཡིད་རྣཾས་ཀྱི་ས་སངས་རྒྱས་དོང་བྱང་ཆུབ་སེམས་དཔའ་རྣམས་དང་། མ་དང་པ་དང་། དེ་ལས་གཞན་པའི་སེམས་ཅན་རྣམས་ལ་བརྟེན ་ནས་བསྐྱེད་པ་འདི་དང་སྲིད་པ་གཞན་རྣམས་སུ་བདག་གིས་སྟུག་པ་བགྱིས་པ་དང་བགྱིད་དུ་སྤྲུལ་པ་དང་། རྗེས་སྨྲ་ཡཱི་རདྲ་བ་ཡང་རུང་སྟེ། དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བརྣམས ་ཏ་བསྡམས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། སློབ་དཔོན་གྱི་སྤྱན་སྔར་མཆོག་དང་གཙྪ་བོའི་བཤགས་པར་བགྱིའོ།། ཤེས་ཤིང་དྲན་པ་རབ་ཏུ་མི་འཆབ་བོ།། འདི་ལྟར་ལནྡེ་གསུམ་དུའོ།། ་བདག་མིང་འདི་སྐད་ཅེས་བགྱི་བས་འདི་ལྟར་སྡིག་པ་བཤགས་ནས་དུས་འདི་ནས་ཉེ་བར་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་ཉེ་བར་མཆིས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཅན། ཐམས ་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། སྒྲའི་འཇིགས་པ་ཐམས་ཅད་ལས་འདས་པ་སྐྱེས་བུ་ཆེན་པོ་མི་ཕྱེད་པའི་སྒྲ། བླ་ན་མེད་པའི་སྐུ། ཆོས་ཀྱི་སྐྱེ། རླུང་གཉིས་རྣམས་ཀྱི་མཆོག་ལེ་སྐྱབས་སུ་མཆིའོ།། བདག་མིང ་འདི་སྐད་ཅེས་བགྱི་བས་འདི་ལྟར་སྡིགས་པ་བཤགས་ནས། དུས་འདི་ནས་ཉེ་བརླ་བཟུང་སྟེ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་དགེ་འདུན་ཚོགས་རྣམས ་ཀྱི་མི་ཆོག་ལ་སྐྱབས་སུ་མཆིའོ།། འདི་ལྟར་ལན་གསུམ་དུའོ།། བདག་མིང་འདི་སྐད་ཅེས་བགྱི་བས་འདི་ལྟར་སྡིག་པ་བཤགས་ནས། གསུམ་ལ་སྐྱབས་སུ་མཆིས་ཏེ། མཐའ་ཡས་པའི་སེམས་ཅན་གྱི་ཁམས ་བསྒྲལ་བའི་ཕྱིར་དང་། དབྱུང་བའི་ཕྱིར་དང་། འཁོར་བའི་སྡུག་བསྔལ་ལ་ས་ཡོངས་སུ་བསྐྱབ་པའི་ཕྱིར་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་ལ་བཞག་པའི་ཕྱིར། ཇི་ལྟར་འདས་པ་དང་མ་འོངས་པ ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་ས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སངས་རྒྱས་ཉིད་རྟོགས་པ་དང་ལྡན་པ་དང་། རྟོགས་པར་གྱུར་པ་དང་། རྟོགས་པར་འགྱུར་བ་དང་། ཇི་ལྟར ་སངས་རྒྱས་ཐམས་ཅད་སྒྲིབ་པ་དང་བྲལ་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་སྤྱན་གྱིས་མཁྱེན་ཅིང་གཟིགས་པ་རྣམས་དང་། ཇི་ལྟར་ཆོས་ཀྱི་ཆོས་ཉིད་མཁྱེན་པའི་ཆོ་གེ་དེས། བདག་མིང ་འདི་སྐད་ཅེས་བགྱི་བ་སློབ་དཔོན་དང་ཉེ་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ།། འདི་ལྟར་ལན་གསུམ ་མོ།། བདག་གིས་སྡིག་པ་བཤགས་པ་འདི་དང་། གསུམ་ལ་སྐྱོབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་བྱུང་བའི་དགེ་བའི་རྩ་བ་བློ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ ་བསྔོ་བར་བགྱིའོ།། རྒྱ་བས་མེད་པ་དང་། སྐྱོབ་པ་མེད་པ་དང་། གནས་མེད་པ་དང་། དཔུང་གཉེན་མེད་པ་དང་། གླིང་མེད་པའི་འཇིག་རྟེན་ལ་སྐྱབས་དང་། སྐྱོབ་པ་དང་། གནས་དང་དཔུང་གཉེན་དང་། གླིང་དུ་གྱུར་ཅིག། སེམས ་ཅན་ཐམས་ཅད་ཀྱང་འཁོར་བའི་རྒྱ་མཚོ་ལས་མ་སྒྲལ་བ་ལས་བསྒྲལ་བར་གྱུར་ཅིག། སྒྲིབ་པ་ལས་ཡོངས་སུ་མ་འདས་པ་ཆོས་ཀྱི་དབྱིངས་ཀྱི་མྱ་ངན་ལཱ་སྭཱ་བྷ་ཡོ་སུ་མྱ་ས་བཟླ་བར་གྱུར་ཅིག། དབུགས་མ་ཕྱིན ་བ་རྣམས་དབུགས་འབྱིན་པར་གྱུར་ཅིག། འདི་ལྟར་ལན་གསུམ་མོ།། བདག་མཽང་འདི་ཞེས་བགྱི་བས་འདི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པས། སེམས་ཅན་གྱི་ཁམས་མོཐེའི་མེད་པ་ལ་ཇི་ལྟར་མ་དང་ཕ་དང་སྲོང་མོ་དང ་སྤུན་དང་། བུ་དང་བུ་མི་དང་། གཞན་གཉེན་དང་སྣག་གི་གཉེན་མཚམས་སུ་གྱུར་པ་རྣམས་འདི་ལྟར་སོ་སོར་བཟུང་བར་བགྱིའོ།། གཟུང་ནས་ཀྱང་ནུས་པ་ཇི་ལྟ་བ་དང་། སྟོབས་ཇི་ལྟ་བ་དང་། བརྟེན་པ་ཇི་ལྟ་བར་དགེ ་བའི་རྩ་བ་ཡང་དག་པར་བསྐྱེད་པར་བགྱིའོ།། འདི་ནས་བཟུང་སྟེ། ཅུང་ཟད་སྦྱིན་པ་བཏང་བར་བགྱིའོ།། ཚུལ་ཁྱིམས་བསྲུང་བར་བགྱིའོ།། བཟོད་པ་བསྐྱེད་པར་བགྱིའོ།། བརྩོན་འགྲུས་བརྩམ་པར་བགྱིའོ།། བསམ ་གཏན་ལ་སྙོམས་པར་འཇུག་གོ།། ཤེས་རབ་བརྟན་པར་བགྱིའོ།། དགེ་བའི་རྩུ་བ་ཐམས་ཅད་ལ་ཡང་སློབ་པོ།། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ། ས་ཆེན་པོར་ཆུང་བའི་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་ཅན་དེ་རྣམས་ཀྱི་ཐེག་པ་ཆེན་པོའི་འཇུག་པའི་རྗེས་སུ་མཆིའོ།། འདི་ལྟར་སློབ་པའི་བྱང་ཆུབ ་སེམས་དཔའ་བདག་བྱང་ཆུབ་སེམས་དབར་དུས་འདི་ནས་བཟུང་སྟེ། བདག་སློབ་དཔོན་གྱིས་གཟུང་དུ་གསོལ། འདི་ལྟར་ལྡན་གསུམ་མོ།། དེ་ནས་སློབ་དཔོན་གྱིས་གཟུང་དུ་གསོལ། འདི་ལྟར་ལན་གསུམ་མོ། ་དེ་ནས་སློབ་དཔོན་དེས་སྐུ་དེའི་སྤྱན་སྒྲར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བཞུགས་ཤིང་། འཚོ་ཞིང་འཛིན་པ་དང་། གཞེས་པ་རྣམས་ལ་ཞབས་གཉིས་ལ་ཕྱག་འཚལ་ནས་བཏུད་དེ་གསོལ ་བར་བྱའོ།། མིང་འདི་སྐད་ཅེས་བགྱི་བའི་བྱང་ཆུབ་སེམས་དཔས་བདག་མིང་འདི་སྐད་ཅེས་བགྱི་བའི་བྱང་ཆུབ་སེམས་དཔའ་དང་ཉེ་བ་ལས་ཇི་སྲིད་དུ་ལན་གསུམ་དུ་ཡང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ ་ཡང་དག་པར་བླངས་པ་ལ། བདག་མིང་འདི་སྐད་ཅེས་བགྱི་བའི་བྱང་ཆུབ་སེམས་དཔས། མིང་འདི་སྐད་ཅེས་བགྱི་བའི་བྱང་ཆུབ་སེམས་དཔའི་བདག་ཉིད་དཔང་དུ་གྱུར་པོར་ཡང་དག་པར་ཤེས་ཏེ། ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་མཐའ་མེད་པ་རྣམས་སུ་འཕགས་པའི་མཆོག་ལྐོག་དུ་གྱུར་ཀྱང་། སེམས་ཅན་གྱི་དོན་ལ་ལྐོབ་ཏུ་མ་གྱུར་པ་རྣམས་ལ། འདི་བྱང་ཆུབ་སེམས་དཔེའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་ལ ་མཁྱེན་པར་གསོལ་ལོ།། འདི་ལྟར་ལན་གསུམ་མོ།། འདི་ལྟར་ཡང་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པའི་ལས་ཀྱི་རྗེས་ལ། འདི་ནི་ངེས་པར་ཆོས་ཉིད་ཡིན་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ ་ཡས་པ་ལ་གཏུགས་པ་ན། དེ་བཞིན་གཤེགས་པ་རྣམས་བཞུགས་ཤིང་འཛིན་པ་རྣམས་གཞེས་པ་རྣམས་དང་། ས་ཆེན་པོར་ཆུད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་ལྟ་བུའི་རང་བཞིན་གྱི ་ལྷས་འབྱུང་བར་འགྱུར་རོ།། གང་གིས་དེ་རྣམས་ལ་འདི་ལྟ་བུར་འགྱུར་བ་སྟེ། མིང་འདི་སྐད་ཅེས་བྱ་བའི་བྱང་ཆུབ་སེམས་དཔའ་དང་ཉེ་བས་མིང་འདི་སྐད་ཅེས་བྱ་བའི་བྱང་ཆུབ་སེམས་དཔའ་དང་ཉེ་བ་ལས་བྱང་ཆུབ་སེམས ་དཔའ་དང་ཉེ་བ་ལས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་བླངས་སོ་ཞེས་སོ།། འདི་ལྟར་རེ་ཞིག་གཞན་ཡང་བླང་བའི་ཆོ་ག་བརྗོད་པ། གལ་ཏེ་ཡོན་ཏན་དང་ལྡན་པ་གང་ཟག་དེ་དང་ཉེ་བར་མ་གྱུར། ་ན། དེ་ནས་བྱང་ཆུབ་སེམས་དཔའ་དེས་དེ་བཞིན་གཤེགས་པའི་སྐྲའི་མདུན་དུ་རང་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བླང་བར་བྱའོ།། འདི་ལྟར་བྱ་སྟེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་ན་འདས་པ་དང་མ་བྱོན་པཱ་དང་དུ་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ས་ཆེན་པོར་བ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཏུད་པར་བྱ་སྟེ། པུས་མོ་གཡས་པའི ་ལྷུང་ས་ལ་བཙུགས་པ་འམ། ཙོག་ཙོག་པོས་ཚིག་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདགེ་མིང་འདི་སྐད་ཅེས་བགྱི་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་། ས་ཆེན་པོར ་རླུང་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གསལ་བར་བགྱིའོ།། དེ་རྣམས་ཀྱི་ཡང་སྤྱན་སྔར་བྱང་ཆུབ་སེམས་དཔའ་བསྒྲུབ་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་ཚུག་ཁྲིམས་ཀྱི་སྒྲུམ་པ་བ་ལ། ་ཁྲིམས་གང་ཞེས་བྱ་བ་ལ་སོགས་པ་སྔ་རཱ་བཞིན་ནོ།། ཇི་སྲིད་དུ་བྱང་ཆུབ་སེམས་དཔའི་བདག་བྱང་ཆུབ་སེམས་དཔའ་འདི་ནས་བཟུང་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔས་ཀྱང་བདག་བཟུང་དུ་གསོལ་ཞེས་པ་ནི ་ལས་སོ།། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག། སྐྱོབ་དཔོ་ན་མཁས་པ་ཆེན་པོ་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཆེན་པོ་བླ་མ་སྭེ་ནཱ་ཡ་ཤྲཱི་མེ་ཏྲ་དང ་ཞུ་ཆེན་གྱི་ལྀཙྪ་བོ་དགེ་སློང་དར་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། བྱུང་ཆུབ་ཀྱི་སེམས་བསྐྱེད་པ་དང་ཡེད་པ་བླང་བའི་ཆོག་བྱང་ཆུབ་སེམས་དཔའ་དག་ལང་རྣམ་པར་རྒྱལ་བདསམ་པོ་བཞུག་སོ།། ་