CLOSE WINDOW

GT3359: las rnam par 'byed pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཀརྨ་བི་ཏ་ནཱ་མ། བོད་སྐད་དུ། ལམ་རྣམ་པར་འབྱེད་པ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལོ།། དིང་སང་དུས་ཀྱི་སྐྱེ་བོ་འདི་དག་གིས།། མཐོ ་རཱིས་བདེ་བ་དག་ཀྱང་། ཐོབ་དཀའ་ན། མྱ་ངན་འདས་ལ་རེ་བ་ཡོད་མིན་པས། བདག་ཉིད་ཁོ་ན་དྲན་ཕྱིའི་བྲི་བར་བྱ།། ཡོད་མེད་རྟག་ཆུང་དང་བྲལ་བ།། བདེ་བའི་ལོངས་སྤྱོད་ཕུན་སུམ་ཚོགས། འགྲོ་རྣམས་ཡོངསུ ་སྨིན་མཛད་པ། དམ་པའི་སྐྱེས་མཆོག་དེ་ལ་བདུད།། བཅོམ་ལྡན་འདས་གང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆེན་པོ་ལས་ཀྱང་ཕུལ་བྱུང་ཞིང་ཁྱད་པར་དུ་འཕགས་པ་དེ་ལ་ཕྱག་འཚལ་ནས། ཇི་ལྟར ་བྱི་ཞེ་ན། ལས་། ད་། མི་དགེ་བ་རྣམ་པར་དབྱེ་བར་བྱ་སྟེ། མངོན་པར་མཐོ་བ་མཐོ་རིས་ལྷ་དང་མི།། ཐོབ་པར་བྱེད་པ་སྡོམ་པའི་ཚུལ་ཁྲིམས་ཡིན།། དེ་ཉམས་གྱུར་པས་ངན་སོང་འགྲོ་བ་ནི།། དམྱལ ་བོ་ཡི་དགས་བྱོལ་སོང་འདི་དག་གོ། ལྷ་དང་མིའི་གཽཏམ་རྒྱས་པ་འདི་ནི། འཇིག་རྟེན་གཞག་པ་དང་། འཇིག་རྟེན་གང་གོས་པ་དང་། བྱེ་བྲག་ཏུ་བཤད་པ་ཆེན་པོའི་ནང་ནས་རེ་ལོང་དུ་བཏུས་པ་མཛོད་ཀྱི་གློན ་གསུམ་པ་ལ་སོགས་པར་བལྟ་བར་བྱའོ།། འདི་ལྟར་ཚོ་བའི་སེམས་ཅན་དམྱལ་བ་ནི་ཛམྦུའི་གླིང་འདིའི་འོག་ན་དཔག་ཚད་ཁྲི་ཕྲག་གཉིས་ན་སེམས་ཅན་དམྱལ་བ་ཆེན་པོ་གནས། དེ་དག་གི་ཚེའི་ཚད་ཀྱི ་གཞན་བདུན་ནི་དེའི་སྦྱང་ན་རིམ་པ་བཞིན་དུ་གནས་སོ།། དེ་དག་ག་ཆ་ཚད་ཀྱི་རིམ་པ་ནི། མི་རྣམས་ཀྱི་མའི་རིམ་པ་རྣམས་ལ། འདད་པའི་ཁམས་ཀྱི་ལྷ་རྣམས་དང་། ཡང་སོས་ལ་སོགས་པ ་དམྱལ་བ་རྣམས་ཀྱི་ཉིན་ཞུག་དང་ཟླ་བ་དང་ལོའི་རིམ་པ་རྣམས་བསྒྲེས་ནས་ཤེས་པར་བྱ་སྟེ། འདི་ལྟར་མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་ལ་སོགས་པ་ལས་བསྒྱུར་ནས་ཤེས་པར་བྱའོ་ཞེས་བཤད་པས་སོ།། གྲང་བའི་སེམས་ཅན ་དམྱལ་བ་ཡང་ནི་ཏི་སིའི་འོག་ན་སྔ་མ་དེ་དག་གི་ཐད་ཀ་ན་གནས་པ་སྟེ། དེ་དག་གི་ཚེའི་ཚད་ཀྱང་ཡུལ་དབུས་ཀྱི་བྲེས་བཙལ་བའི་ཏིལ་ཁལ་བརྒྱད་ཅུས་བྱུར་བུར་བཀང་བའི་ནང་ནས། སྐྱེས་བླ་ཞིག་གིས་ལོ་བརྒྱ་བརྒྱ་ན། ཏིལ ་རེ་རཱྀ་ཕྱུང་བས་ཟད་པར་གྱུར་པ་ན་སེམས་ཅན་དམྱལ་བ་ཆུ་བུར་ཅན་གྱི་ཚེ་ཟད་པ་ཡིན་ཏེ། འོག་མ་རྣམས་ཀྱི་ཚེ་ནི་ཉི་ཤུར་བསྒྱུར་རོ།། འདི་དག་གི་དོན་ཡང་ཅུང་ཟད་ཙམ་ཞིག་མདོ་ལས་བཤད་པ་བྲེ་བར་བྱའོ།། དེ་ལྟར་དེ་དག་དམྱལ ་བཱ་ནི། བཅུ་དྲུག་ཅེས་བྱ་རྒལ་བར་དཀའ། དྲག་པོའི་ལས་ཀྱི་ཀུན་དུ་གང་།། རེ་རེ་ལ་ཡང་ལྷག་བཅུ་དྲུག། རྩིག་པ་བཞི་དང་ངོས་བཞི་སྟེ།། རྣམ་ཕྱེ་རིས་སུ་ཆད་པ་ཡིན།། ལྕགས་ཀྱི་ར་བས་ཀུན་ནས་བསྐོར། ལྕགས་དག ་གིས་ནི་གང་བ་ཡི་ནི། དཔག་ཚད་བརྒྱ་ཕྲག་དུ་མར་ནི།། མོ་ལྕེ་དག་གི་ཁྱབ་པར་གནས། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། མཛོད་ལས་ཀྱང་།། དེ་དག་གིས་ན་ངོས་བཞིན།། མེ་མར་མུར་དང ་མྱགས་དང་།། སྤུ་གླི་ལམ་སོགས་ཆུ་བོ་ཡིན། ཞེས་བཤད་དོ།། སྔོན་གྱི་མཁས་པ་ཆེན་པོ་ཁ་ཅིག་ན་རེ་ཚ་བ་ལ་སོགས་པ་བདུན་པོ་དེ་དག་ནི་མུནར་མེད་པའི་སེམས་ཅན་དམྱལ་བའི་གཡས་ངོས་དང་གཡོན་ངོས་ན་གནས ་སོ་ཞེས་ཟེར་རོ།། ཉེ་ཚེ་བ་དང་། ཉེ་འཁོར་བའི་སེམས་ཅན་དམྱལ་བ་དག་ལ་ནི་གནས་ཀྱི་ངེས་པ་མེད་དེ་། ཆུ་བོ་དང་། རི་དང་། མྱ་དམ་པ་ལ་སོགས་པའི་ཐང་དང་། སྟེང་ནི་གནས་སོ།། གཏམ་རྒྱས་པར་ནི་དྲན་པ་ཉེ་བར ་གཞག་པ་དང་འཇིག་རྟེན་གཞག་པ་དང་། འཇིག་རྟེན་གདགས་པ་ལ་སོགས་པར་བལྟའོ།། ཡི་དྭགས་ཀྱི་རྩ་བའི་གནས་ནི་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་འི་འོག་དཔག་ཚད་ལྔ་བརྒྱ་ན་ཡོད་དེ། དེ་ན་ཡི་དགས་ཀྱི ་རྒྱལ་པོ་གཤིན་རྗེ་གནས།། གཞན་ནི་དེ་ལས་འཕྲོས་པ་ཡིན་ནོ།། གཏམ་རྒྱས་པར་ནི་ཡི་དྭགས་ཀྱི་རྟོགས་པ་བརྗོད་པར་བལྟ་བར་བྱའོ།། བྱོལ་སོང་གི་རྩ་བའི་གནས་ནི་རྒྱ་མཚོ་ཆེན་པོ་ཡིན་ནོ།། ཐང་དང་། ཆུ་དང་། ་རྀ་དང་། དུར་ཁྲོད་ལ་སོགས་པ་ནི་ན་ད་ལས་འཕྲོས་པ་ཡིན་ཏེ། རྒྱས་པར་ནི་དེ་དང་དྭེ་དགཱ་ཏྲཾ་བལྟ་བར་བྱའོ།། གནས་གསུམ་པོ་ན་བདེ་བ་མེད།། སྡུག་བསྔལ་དང་བཅས་པའི་གཏམ།། མདོ་དང་བསྟན་བཅོས ་དག་ནི་གསལ།། བློ་དང་ལྡན་པས་བལྟ་བར་གྱིས། དམྱལ་བ་དང་། ཡི་དགས་དང་། བྱོལ་སོང་གི་སྡུག་བསྔལ་རྒྱུ་དང་བཅས་པ་མདོ་དང་བསྟན་བཅོས་དག་ན་བསིལ་ལོ།། མིའི་སྡུག་བསྔལ་བརྒྱ་རྩ་བཅུ་དག་ནི ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ཡོ་ག་ཙརྱ་བལྟ་བར་བྱའོ།། ལྷ་དག་ལ་ནི་སྡུག་བསྔལ་གཞན་ནི་མེད་ཀྱི་འོན་ཀྱང་འཆི་ལྷས་ལྔ་དང་ཉེ་བར་འཆི་ལྟས་ལྔ་འབྱུང་སྟེ། འདི་ལྟར་གོས་དྲི་མ ་འཆགས་པ་དང་། མེ་ཏོག་གི་ཕྲེང་བ་བརྙིངས་པ་དང་། མཚན་ཁུང་ནས་རྡུལ་འབྱུང་བ་དང་། ལུས་ལ་དྲི་མ་འབྱུང་བ་དང་། རང་གི་སྟན་ལ་མི་དགའ་བར་འགྱུར་རོ།། ཉེ་བའི་ལྷས་ལྔ་ནི་གོས་དང་རྒྱན་དག་ལས་ཡིད་དུ་མི་འོང ་བའི་སྒྲ་འབྱུང་བ་དང་། ལུས་ཀྱི་འོད་ཆུང་བར་འགྱུར་བ་དང་། ཁྲུས་བྱས་པའི་ཆུའི་ཐིགས་པ་ལུས་ལ་འཆགས་པར་འགྱུར་བ་དང་། གཡོ་བའི་བདག་ཉིད་ཅན་ཡང་བློ་ཡུལ་གཅིག་ལ་འཆགས་པར་འགྱུར་བ་དང་། མིག ་བྱེད་པ་དང་འཛུམ་པ་སྲིད་པར་འགྱུར་བ་དག་སྟེ། ཉེ་བ་ལྔ་ནཱི་མ་ངེས་པའོ།། སྡུག་བསྔལ་དེ་དག་ཅི་ལས་བྱུང་ཞེ་ན། ལས་ནི་ལྕི་དང་ཡང་པ་དག། ཡུལ་དང་བསམ་པའི་དབྱེ་བ་ཡིས།། ཉན་ཐོས་ཐེག་པ་ཆེན་པོ ་ལུགས།། རྣམ་པ་གཉིས་སུ་ཤེས་པར་བྱ།། ལྕི་བ་ནི་གཉིས་ཏེ། ཡུལ་གྱིས་ལྕི་བ་དང་། བསམ་པས་ལྕི་བའོ།། ཡང་བཾ་ཡང་དེ་དང་འདྲའོ།། དེ་ཡང་ཉན་ཐོས་དང་ཐེག་པ་ཆེན་པོའི་ལུགས་ཀྱི་ལྕི་བ་དང ་ཡང་བ་སོ་སོར་ཐ་དད་པར་ཤེས་པར་བྱའོ།། དེ་ལ་ཉན་ཐོས་ཀྱི་ཡུལ་གྱིས་ལྕི་བ་ནི། འདི་ལྟར་མཚམས་མེད་པ་ལྔ་ལས་ཕ་བསད་པ་མ་གཏོགས་པ་བཞིའོ།། དེ་ལས་ཀྱང་དགེ་འདུན་གྱི་འཁོར་ལོའི ་དབྱེན་ལྕི་བའོ།། གཞན་ཡང་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། སྲིད་པའི་རྩེ་མེའི་ཏིང་འཛིན ་ལོས་ལངས་པའི་རྣལ་འབྱོར་པ་དང་། མཁན་པོ་དང་། སློབ་དཔོན་དང་། དགེ་སློང་དང་། དགེ་སློང་མ་དང་། ཕ་དང་མ་དང་། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དང་། ནད་པ་དང་། ཆོས་སྣ་དང་། ་ངེས་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དོག་གསོད་པ་དང་། དེ་ལ་རྡེག་པ་དང་། ལྕགས་སྒྲོགས ་ལ་སོགས་པས་སྡོམ་པ་དང་། དེ་བདག་གི་ཡོ་བྱང་རྐུ་བ་དང་། མཆོད་རྟེན་གྱི་དང་། དགེ་འདུན་གྱི་དང་ཆོས་ཀྱི་དང་། སངས་རྒྱས་ཀྱི་ཡོ་བྱད་རྐུ་བ་དང་། གང་ཟག་སྔ་མ་དེ་དག་དང་། དཀོན་མཆི་གསུམ ་ལཱ་རྫུན་སྨྲ་བ་དང་། ཚིག་རྩུབ་པོ་དང་། དེ་དག་ཕན་ཚུན་འབྱེད་པ་དང་། ཚིགས་སུ་གཅད་པ་མ་ཡིན་པ་སྨྲ་བ་ནི་ཡུལ་གྱིས་ལྕི་བའོ།། བསམ་པས་ལྕི་བའོ།། ལོག་པར་ལྟ་བ་ཆེན་པོ་དང་སྐྱེས་པ་དང་། ་ཡིད་ཀྱི་ཉེས་པ་ཆེན་པོའོ།། ཡུལ་གྱིས་ཡང་བ་ནི་བྱོའོ་སོང་དང་། དུར་ཁྲོས་ཀྱི་ཤ་ཟ་གསོད་པ་ལ་སོགས་པའོ།། བསམ་པས་ཡང་བ་ནི་དེ་ལས་གཞན་པ་རྣམས་སོ།། དེ་ལ་ཐེག་པ་ཆེན་པོའི་ཡུལ ་ཡུལ་གྱིས་ལྕི་བ་ནི་འདི་ལྟར་བླ་མ་རྣམས་དང་སེམས་དང་པོ་བསྐྱེད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དང་། ཕྲ་དང་མ་དང་། དེ་ཁོ་ན་ཉིད་ཀྱིས་རྣལ་འབྱོར་པ་དང་། རང་གི་ལྷ་དང་། ་དཀོན་མཆོག་གསུམ་ལ་སོགས་པ་ལ་སྔ་མའི་ཚུལ་རྣམས་བཞིན་དུ་བྱེད་པའོ།། དོན་འདི་ཉིད་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་གཙུག་ཏེར་ཞེས་བྱ་བ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་འོད་སྐུད་དུ། ་གསང་བྱ་བའི་བདག་པོ་ཉེས་པར་སྤྱོད་པ་དེ་དག་ནི་ལྕི་བུར་གྱུར་པ་དང་། ཐ་མལ་བར་གྱུར་པའོ།། དེ་ལ་ཕྱ་མར་གྱུར་པ་ལ་སོགས་པ་གསོད་པ་དང་། རྡེག་པ་ནི་ལུས་ཀྱིས་ཉེས་པར་སྤྱོད་པ་ལྕི་བའོ།། ། ་སྲོག་གཅོད་པ་ལ་སོགས་བུ་གཞན་གསུམ་ནི་ལུས་ཀྱི་ཉེས་པར་སྤྱོད་པ་ཐ་མལ་པའོ།། དམ་པའི་ཆོས་སྤོང་བ་དང་། ལྷ་རྣམས་ལ་ཚིག་རྩུབ་པོ་སྨྲ་བ་དང་། ཕ་མ་དང་། བླ་མར་གྱུ་པ་ལ་སོགས་པ་ལ ་ཚིག་ངན་པ་སྨྲ་བ་ནི་ངག་གི་ཉེས་པར་སྤྱོད་པ་ལྟོ་བའོ།། སྐྱེས་བུ་འགའ་ཞིག་དད་པས་དགེ་བས་ཉམསུ་ལེན་ཅིང་གཏུམ་གྱིས་སྐབས་སུ་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བའི་ཚིག་འཇིག་རྟེན་ལྟས ་འདས་པའི་རྫུན་སྨྲ་བ་ནི་ངག་གི་ཉེས་པར་སྤྱོད་པ་ལྕི་བའོ།། དགེ་བའི་བར་ཆོད་བྱེད་པའི་ཚིག་འཁྱལ་པ་སྨྲ་བ་དང་། ལྐོག་འཕྱས་པ་བྱེད་པ་དང་། མི་དགེ་བའི་ལས་ཀྱི་གཏམ་རྣམས་ནི་ངག་གི་ཉེས་པ། ་སྤྱོད་པ་ཐ་མལ་པའོ།། ཡིད་ཀྱི་ཉེས་པར་སྤྱོད་པ་ནི་གསུམ་སྟེ། དེ་ཉིད་ལས་སེམས་ཀྱི་ཉེས་པ་དང་། སེམས་ལས་བྱུང་བའི་ཉེས་པ་དང་། མ་རིག་པའི་ཉེས་པའོ།། དེ་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ ་མྱོ་ཆགས་པ་ཉིད་ནི་སེམས་ཀྱི་ཉེས་པར་སྤྱོད་པའོ།། དྲེགས་པ་དང་། ང་རྒྱལ་དང་། ཁྲོ་བ་དང་། སེམས་ཅན་རྣམས་པར་འཇིག་པ་དང་། འདོད་ཆགས་ཀྱི་སེམས་ཀྱི་གཞན་གྱི་བུད་མེད་ལ་ཆགས་པ་དང་། གཞན་གྱི ་སྲོག་འཕྲོག་པ་དང་། བླ་མར་གྱུར་པ་ལ་སོམས་གྱ་གྱུ་ཞིང་རབ་ཏུ་སྡང་བ་ནི་སེམས་ལས་བྱུང་བའི་ཉེས་པའོ།། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་འདོར་ཞིང་བརྗེད་ངས་པ་དང་། སོམ་ཉིར ་གྱུར་པ་དང་། ཡིད་ཤིན་ཏུ་རྨོངས་པར་གྱུར་པ་ནི་མ་རིག་པའི་ཉེས་པ་སྤྱོད་པའོ།། གསུངས་སོ།། དེ་ལ་བསམ་པས་ལྕི་བ་ནི། ཐེག་པ་ཆེན་པོ་པ་སེམས་ཅན་སྙིང་རྗེའི་དབང་དུ་གྱུར་པ། སེམས་ཅན་ཐམས་ཅད་མ ་མི་གཏོང་བར་རྗེས་སུ་འཛིན་པའི་ལྕི་བ་ནི། འདི་ལྟར་ཞེ་སྡང་ཁོ་ན་ཡི་ན་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། བསྐལ་པ་སྟོང་དུ་བསགས་པ་ཡིས།། སྦྱིན་དང་བདེ་གཤེག་སྡེ་མཆོད་ལ་སོགས།། ལེགས་སྤྱད ་གང་ཡིན་དེ་ཀུན་ཡང་།། ཁྲོ་ཁྲོ་གཅིག་གིས་འཇོམས་པར་བྱེད། ཅེས་གསུངས་སོ།། འདི་ཁོ་ན་ཉིད་ལྕི་བ་ཡིན་པའི་ཁུངས་མང་དུ་ཡོད་མོད་ཀྱི་རེ་ཞིག་བཞག་གོ། ཡང་བའི་ལས་ཀྱང་ཚུལ་འདི་ལས་ཤེས་པར ་བྱའོ།། ཐེག་པ་གཉིས་པོ་འདི་དག་ཏུ།། ལྕི་དང་ཡང་པའི་ལུས་རྣམས་བཤད།། འདོད་ཆགས་ཞེ་སྡང་གཏི་མུག་གིས། རྣམ་པ་གསུམ་དུ་འགྱུར་བའོ།། དེ་ལ་སྲོག་གཅོད་པ་འདོད ་ཆགས་ལས་སྐྱེས་པ་འདི་ལྟར་ལུས་ཀྱི་ཡན་ལག་གི་ཕྱིར་རམ།། ནོར་གྱི་ཕྱིར་རམ། རྩཝད་མོའི་ཕྱིར་མ། བདག་དང་མཛའ་བོ་ཡོངསུ་བསྒྲུབ་པའི་ཕྱིར་སྲོག་གཅོད་པའོ།། ཞེ་སྡང་ལས་བྱུང་བ་ནི་རྩོད་པ་དང་། འཁོན། ་གྱིས་བྱས་པའོ། གཱཏྟི་མུག་ལས་བྱུང་བ་ནི་མཆོད་སྨྱོན་བྱེད་པ་དང་། རྒྱལ་པོ་ཆེན་པོའི་ཆོས་འཛིན་པ་ཚད་མར་བྱས་ནས་ཆོས་ཀྱི་བློས་གསོད་པ་དང་། མི་མི་འགྲུངས་པ་དག་ལ་ཆད་པས་གཅད་ན་རྒྱལ་པོའི་བས ་ནམས་ཀྱི་སྣོད་དུ་འོང་ཞེས་ཟེར་ནས་གསོད་པ་ལྟ་བུ་དང་། སེན་དྷ་པ་དག་འདི་སྐད་དུ། ཕ་དང་མ་རྒས་ས་མོ་ནད་ཚབས་པོ་ཆེས་ཐེབས་ན་གསོད་དོ།། སྦྲུལ་དང་སྡིག་པ་དང་སྦྲད་བུ་ཏྲེ་མ་པུ་ཀ་ལ་སོགས་པ ་པ་ནི་མི་རྣམས་ལ་གནོད་པ་བྱེད་པས་གསད་དོ།། རི་དགས་དང་ཕྱུགསུ་དང་བྱཱ་དང་མོ་ཧེ་ལ་སོགས་པ་ནི་ལོངས་སྤྱོད་པའི་ཕྱིར་གསད་དོ་ཞེས་ཟེར་བ་ལྟ་བུའོ།། མེ་བྱིན་པར་ལེན་པ་ཆགས་པ་ལས་བྱུང ་བ་ནི། གང་ཞིག་གང་དོན་དུ་གཉེར་བ་དེས་འཕྲོག་པ་འམ་གཞན་གྱི་རྙེད་པ་འམ།། བཀུར་བསྟི་འམ། གྲགས་པའི་ཕྱིར་རོམ། བདག་དང་མཛའ་བོ་ཡོངས་སུ་བསྐྱབ་པའི་ཕྱིར་འཕྲོག་པའོ།། ཞེ་སྡང་ལ ་སྐྱེས་པ་ནི་སྔར་བཞིན་ནོ།། གཏི་མུག་ལས་བྱུང་བ་ནི་རྒྱལ་པོའི་ཆོས་འདོན་པ་ཚད་མར་བྱས་ནས་མི་འགྲུངས་པ་དག་ཆད་པས་བཅང་ནས་འཕྲོག་པ་ལྟ་བུ་དང་། བྲམ་ཟེ་དག་ན་རེ་འདི་ཐམས་ཅད་ཚངས་པས་མ ་ལ་བྱིན་པ་ཡིན་པ་ལས། ད་ལྟར་བྲམ་ཟེ་རྣམས་ཉམས་པས་རིགས་གཞན་སྤྱོད་དུ་ཟོད་མོད། དེ་བས་བྲམ་ཟེ་འཕྲོག་པ་ན། རྐུ་བ་མ་ཡིན་གྱི་བྲམ་ཟེ་བདག་ཉིད་ཀྱིས་ལེན་པར་བྱེད་པར་ཟད་པས་བ་ཉིད་ཀྱི ་ཟ་བ་དང་། བདག་ཉིད་ཀྱིས་འཐུངས་པ་དང་། བདག་ཉིད་ཀྱི་གྱོན་པ་དང་། བདག་ཉིད་ཀྱིས་སྦྱིན་པ་ཡིན་ནོ།། ཞེས་ཟེར་བ་ལྟ་བུའོ།། དེ་ལ་འདོད་པས་ལོག་པར་གཡེམ་པ་འདོད་ཚོགས་ལས་བྱུང་བ་ནི་གཞན་གྱི ་ཆུང་མཱ་ལ་ཆགས་པ་འམ། རྙེད་པ་འམ། བཀུར་སྟིའི་ཕྱིར་རམ། བདག་གམ་མཛའ་བོ་ཡོངསུ་བསྐྱབ་པའི་ཕྱིར་མི་ཚངས་པར་སྤྱོད་པའོ།། ཞེ་སྡང་ལས་བྱུང་བ་ནི་སྔ་མ་བཞིན་ནོ།། གཏི་མུག་ལས་བྱུང་བ ་ནོ་བར་སིགས་པ་དག་ན་རེ་མ་ལ་སོགས་པ་ལ་ཉལ་བ་དང་། བ་ལང་ཕྲེང་གི་མཆོད་སྦྱིན་ལ་ཆོ་ག་ཅན་གྱི་ཆུ་འཐུང་ངོ་།། རྩཝ་གཅོད་དོ།། མའི་གན་དུ་ཉལ་པོ་ལ་འཡོ་བའོ།། སྲིང་མོའི་གན་དུ་ད་རུས་གཅིག ་པའི་གན་དུ་འགྲོ་བར་བྱའོ་ཞེས་བྱ་བ་དང་། བ་ལང་ལ་སོགས་པ་ཡང་སྤྱད་པར་བྱའོ་ཞེས་ཟེར་བ་ལྟ་བུའོ།། དེ་ལྟ་བས་ན་འདི་ལྟ་བུ་བྱུང་བ་ན་ནི། རྒྱལ་པོ་གཞད་གང་ལྟ་བུ་བྱེད་པ་དང་། བག་མ་ལེན་པའི ་ཚེ་དང་བསོད་ནམས་པ་དང་། ནོར་ཀུན་འཕྲོག་ཚེ་རྫུན་ལྔ་ལྷུང་བར་བྱེད་པ་མིན་ཞེས་བཤད་ཅེས་ཟེར་བ་དང་། གང་ཡང་ལོག་པར་ལྟ་བའི་རྫུན་དུ་སྨྲ་བའོ།། མི་དགེ་བ་ལྷག་མ་དག་ཀྱང ་སྔ་མ་བཞིན་ནོ།། ཡིད་ཀྱི་གསུམ་ནི་འདོད་ཆགས་ལ་སོགས་པ་གསུམ་གྱི་འཇུག་ཏུ་སྐྱེས་པའོ།། སྲོག་གཅོད་པ་ནི་བསམས་བཞིན་དུ།། མ་ནོར་བར་ནི་གཞན་གོས་།། ནའོ།། མ་ལེན་པ་གཞན་གྱི་ནོར། ་མུཐུ་དང་འཇབ་པུས་བདག་གིར་བྱེད།། ལོག་གླུ་ཡེམ་བགྲོད་མིན་པ་ལྔ་འགྲོ།། འདུ་ཤེས་གཞན་བསྒྱུར་རྫུན་ཚིག་དོན།། ཉོན་མོངས་སེམས་ཀྱི་ཕ་རོལ་བྱེད།། ཚིག་རྩུབ་པོ་ནི་མི་སྙན་པའོ།། དགུ་འཁྱུལ་གླུ་དང ་ཟློས་གྲཝར་དང་། བསྟན་བཅོས་དོན་དང་འདུ་འཛིའི་གཏམ། བརྣབ་སེམས་གཞན་གྱི་ནོར་ལ་ཆགས།། གནོད་སེམས་སེན་ལ་ལྡང་བའོ།། རྒྱུ་འབྲས་མེད་ཟེར་ལོག་ལྷའོ།། དེ་ལྟར་ཐེག་པ་ཆེན་པོའི་འདི་ལྟར་ཡིན ་ཏེ། དེ་ཡང་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆེད་དུ་བསམས་ནས་སྲོག་གཅོད་པ་ལས་སླར་ལྡོག་པར་བྱའོ།། དབྱུང་བ ་སྤང་ཞིང་ཁོན་དུ་འཛིན་པ་ཡང་སྤང་བར་བྱའོ།། དེས་བདག་ཉིད་ལ་ཇི་ལྟ་བ་དེ་བཞིན་དུ་གཞན་གྱི་སྲོག་ཀྱང་ཡོངས་སུ་བསྲུང་བར་བྱའོ།། མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་བྱ་སྟེ། དེས་གཞན་གྱིས་ཡོངས།། ་སུ་བཟུང་བའི་ལོངས་སྤྱོད་ལ་ཆགས་པ་བསྐྱེད་པར་ཡང་མི་བྱ་ན། གཞན་གྱིས་ཡོངསུ་བཟུང་བའི་ལོངས་སྤྱོད་ལ་མ་བྱིན་པར་ལེན་པ་ལྟ་ཅི་སྨོས།། འདོད་པས་ལོག་པར་གཡེམ་པ་ལས་ལྡེག་པར་བྱ་སྟེ།། དེས་གཞན ་གྱིས་ཡོངས་སུ་བཟུང་པོའི་ཆུང་མ་དང་། རིགས་དང་། མཚན་མ་དང་། ཆོས་ཀྱི་བསྲུངས་པ་རྣམས་ལ་ཆགས་པ་སྐྱེས་པར་ཡང་མི་བྱ་ན། ཡིན་ལག་མ་ཡིན་པ་སྤྱོད་པ་དང་། དབང་པོ་གཉིས་སྤྱོང་པོ་ལྟ་ཅི་སྨོས།། ་རྫུན་དུ་སྨྲ་བ་ལས་ལྡོག་པར་བྱ་སྟེ། དེས་ཚད་དུ་བསམས་ནས་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་སླུ་བར་འགྱུར་བའི་རྫུན་གྱི་ཚིག་སྲོག་གྱི་ཕྱིར་ཡང་སྨྲ་བར་མི་བྱའོ།། ཚིག་རྩུབ་པོ་ལས་ལྡོག་པར་བྱ་སྟེ། དེས ་སེམས་ཅན་རྣམས་ལ་གཉེན་པ་དང་། འཇམ་པ་དང་། ཡིད་ལ་འབབ་པ་དེ་ལྟ་བུའི་ཚིག་སྨྲ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གསང་བའི་བདག་པོ་བྱང་ཆུབ་སེམས་དཔའོ་སེམས་ནྡན་ཐམས་ཅད་ཀྱི་དོན་བྱ་བའི་ཐོག་མར ་འགྲོ་བ་ནི་ཚིག་སྙན་པ་ཡིན་པའི་ཕྱིར་རོ།། ཕྲ་མ་ལས་ལྡོག་པར་བྱ་སྟེ། དེ་ཅི་ནས་ཀྱང་དབྱེན་དུ་འགྱུར་བའི་ཚིག་དང་། གནོད་པར་མི་འགྱུར་བའི་ཚིག་དེ་ལྟར་བསྒྲུབ་པར་བྱའི། བྱང་ཆུབ་སེམས་དཔའ་རྣམས་ནི ་སེམས་ཅན་གྱི་དབྱེ་བ་ལ་བཞུགས་པ་མ་ཡིན་ནོ།། ཚིག་འཁྱལ་པ་ལས་ལྡོག་པར་བྱ་སྟེ། ངེས་ཡུལ་དང་དུས་དང་དོན་དང་ལྡན་པའི་རྗེས་སུ་འཇུག་པས་སེམས་ཅན་ཐམས་ཅད་ལ་ཡིད་དུ་འོང་བ་དང་རན་པར ་པ་ནི། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཆུང་ངུ་དང་འབྲིང་དང་ཆེན་པོས་སྲོག་གཅོད་པ་ལ་སོགས་པའི་ལས་ཀྱང་དེ་བཞིན་དུ་བྱེད་པའོ།། དེ་ལ་དུས ་འགྱུར་བ་ནི། སྦྱོར་བ་དང་། དངོས་བཞི་དང་། མཇུག་རྣམས་ལས། གཅིག་དང་ལྡན་པ་ནི་ཆུང་བའོ།། གཉིས་དང་ལྡན་པ་ནི་འབྲིང་པོའོ།། དེ་དྲུག་གསུམ་ག་རྫོགས་པ་ནི་ཆེན་པོའོ།། ་དེ་ལས་ཀྱི་ལམ་བཅུ་པོ་དེ་དག་གྲངས་ཀྱི་འགྱུར་བ་ནི། ལན་ཅིག་ཕྱིར་པ་ནི་ཆུང་བའོ།། ལེན་གཉིས་བྱས་པ་ནི་འབྲིང་པོའོ།། ལན་གསུམ་ཕན་ཆད་བྱས་པ་ནི་ཆེན་པོའོ།། དེ་ལ་ཡན་ལག ་གི་འགྱུར་བ་ནི། སྲོག་གཅོད་པ་ལ་སོགས་པ་དེ་དག་གི་ཡན་ལག་ཕ་ལ་ཆེར་མ་ཚང་བ་ནི་ཆུང་པའོ།། ཕལ་ཆེར་ཚང་བ་ནི་འབྲིང་པོའོ།། ཐམས་ཅད་རྫོགས་ཤིང་ཚང་བ་ནི་ཆེན་པོའོ།། སོགས ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་དེ་དག་ལས་གངྒཱ་ཡང་རུང་བ་ལན་ཅིག་བྱཱསྨཱ་པ་ཙམྦ་ནི་ཆུང་བའོ།། དཱ་ལ་འགྱེད་པ་མེད་པ་ནི་འབྲིང་བའོ།། དེ་ལ་གཉེན་པོ་མི་བསྟེན་པ་ནི་ཆེན་པོའོ།། བསྡམ ་པར་བྱ་བ་ནི་ཆུང་ངུའོ།། བཤགས་པར་བྱ་བ་ནི་འབྲིང་པོའོ།། ཕམ་པ་ནི་ཆེན་པོའོ།། རྩེད་མོ་དང་གཞན་གྱི་གཡོམ་ལ་རྒྱུགས་ཀྱིས་བྱས་པ་ནི་ཆུང་ངུའོ།། རང་ཉིད་ལ་ཉོན་མོངས་པ་དང་ཉེས་པ་མེད ་ཀླུཀྱང་དཔྱ་ཞིང་གཞན་གྱི་སྡིག་པ་བྱེད་པའི་རྐྱེན་པ་ནི་འབྲིང་པོའོ།། རང་ཉིད་ལ་ཉེས་པ་ཡོད་ཅིང་གཞན་གྱིས་སྤྱད་པ་ནི་ཆེན་པོའོ།། གཞན་ཡང་སྡིག་པའི་གྲོགས་པོ་དང་མི་ཤེས་པའི་བཤེས་གཉེན་གྱི་དབང ་གིས་རིང་དབང་མེད་པར་བྱས་པ་ནི་ཆུང་བའོ།། གྲགས་པ་སྙན་པའི་ཕྱིར་བྱས་པ་ནི་འབྲིང་པོའོ།། རྣམ་པར་སྨིན་པ་ལ་མི་འཇིགས་པ་ནི་ཆེན་པོའོ།། གཞན་ཡང་ལས་ཀྱི་ལམ་བཅུ་པོ་འདི་དང ་དོན་རྒྱས་པ་ནི་འཕགས་པ་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་མདོ་སྡེ་དང་། སློབ་དཔོན་བྲམ་ཟེ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ་དང་། འཕགས་པ་ཐོགས་མེད་ཀྱིས་མཆོད་པ ་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལ་སྩོགས་པའི་ཡོ་ག་ཙཨཱརྱའི་སྣ་ཆེན་བཱིཪྵེ་བལྐའོ།། གཞན་ཡང་། བསེམ་བཞིན་པ་དང་རྫོགས་པ་དང་། མི་འགྱོད་གཉེན་པོ་མེད་པ་དང་།། འཁོར་དང་སྨིན་པ ་ལིས།། བསགས་པའི་ལས་ཞེས་བྱ་བ་ཡིན། ཡང་། འཁོར་བའི་ལས་ནི་ལྕི་གང་དང་།། ཉེ་བ་གང་དང་གོམས་པ་གང་།། སྔོན་བྱས་དེ་དགེ་གང་ཡིན་ལས།། སྔ་མུ་སྔ་མ་རྣམ་པར་སྦྱིན་འགྱུར། ་ཡང་། ཤིན་ཏུ་ཡིད་ལ་བཅགས་པ་དང་།། ལས་དེ་གསར་དུ་བྱས་པ་དང་།། ཡང་དང་ཡང་དུ་བྱས་པ་གོམས།། དེ་ལས་གང་རུང་སྔར་མྱོང་འགྱུར།། མཐོང་བའི་ཆོས་ལས་མྱོང་འགྱུར་དང ་སྤྱོད་པའི་ཚིག་སྨྲ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཚིག་བཟང་པོ་དང་ལྡན་པའི་ཕྱིར་རོ།། བརྣབ་སེམས་ལས་ལྡོག་པར་བྱ་སྟེ། དེས་གཞན་གྱི་ནོར་ལ་ཆགས་པའི ་སེམས་ཀྱང་བསྐྱེད་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྙོམས་མ་ཆགས་པ་ཡིན་ནོ།། གལ་ཏེ་བྱང་ཆུབ་སེམས་དཔའ་བདག་སེམས་ཆགས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོའི་ཕྱོགས་གཅིག ་ལས་ཉམས་པར་འགྱུར་རོ།། གསང་བློ་བའི་བདག་པོ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་བསྐྱེད་པ་དེས་འདི་ལྷོར་བསམ་པར་བྱ་སྟེ། གང་བདག་གིས་བྱ་དགོས་པ་དེ་དང་ངོས་རང་འབྱོར་པར་གྱུར་པ་དེ་ལེགས ་སོ་སྙམ་ནས་སེམས་ཅན་དེ་དག་གིས་ལོངས་སྤྱོད་དེ་དག་ཆུད་མི་ཟ་བ་ལ་ཡང་དང་ཡང་དུ་དགའ་བ་བསྐྱེད་པར་བྱའོ།། གསང་བའི་བདག་པོ་གཞན་ཡང་གནོད་སེམས་ལས་ལྡོག་པར་བྱ་སྟེ། དེས་ཐམས་ཅད ་དུ་བཟོད་པ་དང་ལྡན་པ་དང་། བྱམས་པ་དང་། ཁོང་ཁྲོ་བ་མེད་ཅིང་སེམས་སྙོམས་པར་བྱའོ།། དེས་མཛའ་བོ་ལ་ཇི་ལྟ་བ་བཞིན་དུ་དག་ལ་ཡ་དེ་བཞིན་དུ་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ ་ནི་ཡིད་ཀྱི་གནས་ངན་ལེན་དང་ལྡན་པ་མ་ཡི་ན་གྱི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་བསམ་པ་ཡོངས་སུ་དག་པ་ཡིན།། གསང་བའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གནོད་སེམས ་བགྱུར། སང་པ་ཕྲུས་བློ་གཞན་ཡང་དང་ཆུབ་སམས་དཔལ་ལགྶ་པ་ཝཱ་གཱ་ལས་སྒྲོག་པར་བྱཿ། སྱཱ་ཀྐཱ་པ་འི་ཟླ་བྱུ་ང། གྶ་རྣལ་ལ་འདུགས་པ་ཥྚ་ད་། སྤྲུས་ས་། ་ཡང་བྱ་དང་། རླུ་བ་དང་། སཱུ་སུ་རྦྦ་ང་ནས་དང་ད་བྱུ་ན་དྲུག་ལ་བཱསམྦ་པཱ་དེས་པ་དྨ་བྷྱོཿ།། བའི་འུམ་ང་བྲི་བའི་བདག་པ་ལག་བདུ་མྦྷ་དན་རླུང་ཆུ་སེཾ་སྭཱ་ཥྚི ་སྟྭ~ཾ། དེས་ཁྱེ་ན་བ་ཐམས་བྱང་གཱཅྀ་པ་མ+Wཱ་ར~ཾ། འཛིན་མི་དན་པའི་རྒྱུ་བྲུ་བྱམས་ཅད་ཙྪ་བྷྲྀ་གྷྣ་ལླི། གསུང་བྱའི་བྱག་བྱཱ་དྱཱ་མྦྷ་བཱསྨན་ལྡན་པ་ང་བ་ཡང་མིག་པ་ནྡྷ་བཱ་བཱནྟི ་བྷྲྀ་ནས་གསུངས་སོ།། སྐལ་དང་བྱེསམྦྷ་བ་ཙྪིནྡ་སྟྭ~ཾ་ས་དང་།། དྷཱམྦྷ་ཟླངས་དྲུང་ཡན་ལག་སོགས། ངྒ་དང་འབྱུང་ན་ན་ས།། བྷྲྀ་ཀཱ་མྦྷམྦྷ་དུ་ཤེས་བདུཿ། ། ་ཤྨ་ཥྨ་སྣརེལ་བྱ་ས+འུ་སྱཻ་བྷཱ་ད~ཾ་ཀྴ་ས་གི་སླི་ང་བྷྲྀ་གི་མ+Wཱ་ཧཱུ~ཾ། དུ་མྦྷ་ཡྱ་སྣང་ཙྪོ་བ་། ་མ་མི་སེཾ་ས་གསུམ་དུ་སུ་ན་ཞེས་པས་ཁྱབ་པའི་རུང་།། ངག་མེང་བས་བྱས་པ་ན་ཐོང་བྱའོ།། མ་བྲིས་པས་བྱས་པོ་ནི་ཙ་ཀྱིའོ།། དེ་ལ་ས་བྱགསུམ ་སྐྱེས་ནས་མྱོང་བར་འགྱུར་བ་དང་།། ལན་གྲངས་གཞན་དུ་མྱོང་བར་འགྱུར་དང་། མྱོང་བར་འགྱུར་བར་མ་ངེས་པའོ།། ལས་ནི་དཀར་དང་གནག་དང་།། འདྲེས་མའི ་ལྔས་དང་རྣམ་པ་གསུམ།། མདོ་དང་བསྟན་བཅོས་དག་ན་གསལ།། དེ་བས་ན། ལས་རྣམས་བསྐལ་པ་བརྒྱ་ཡང་ནི།། རླུད་མ་ཟླ་བ་དེས་བསྩགས་ནས།། སྦྱིན་ནས་ལུས་ཅན་རྣམས་ལ ་འབྲས་བུ་ཉི་དུ་སྦྱིན་པར་བྱེད། ས་བྱ་སྟེ། དེ་ལྟ་བྲལ་ཡང་ངེས་པར་ཡིད་ནུས་པདྨ་བྱུ།། འགྲོ་བ་ཏུ་དེ་ལྟའི་སེམས་ཅན་ཐམས་ཅིང་དག། མ་གྲོང་འདིན་སྐྱེས་དགེ་བ་བ ་སྤྱད་དེ།། མཐུ་བྷཱི་བྷཱུ་མྨེ་བཟང་པོ་བསྟེན་བྱས་ནོས།། ཟག་པ་མེད་པའི་ཚུལ་ཁྲིམས་ཐོབ་གྱུར་ཅིག། ལས་རྣམ་པར་འབྱེད་པ་ཞེས་བྱ་བ། སློབ་དཔོན་པོ་དཔྲལ་མར་མེ་མཛད་ཡེ་ཤེས ་ས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པ་དེ་ཉིད་དང་། མཁས་པ་ཆེན་བུ་ཆེན་གྱི་ལོས་པ་དགེ་སློང་ཚུལ་ཁྲིམས ་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ་