CLOSE WINDOW

GT3357: mdo'i sde'i don kun las btus pa'i man ngag
Wyliee-texts produced with BDRC’s OCR application

རྒྱུ་གཱར་སྐད་དུ། སཱུ་ཏཱ་ཐཱ་ས་མུ་ཙྪ་ཡ་ཨུ་པ་དེ་ཤ། བོད་སྐད་དུ། མདོའི་སྡེའི་དོན་ཀུན་ལུས་བཏུས་པའི་མན་ངག། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། རྒྱ་མཚོ་ན་མཁའ་ལྷུར་ཟབ ་རྒྱུ་ཆེ་བ།། མདོ་སྡེའི་སྡེ་སྨོད་མ་མོ་ཀུན་བལྟས་ཤིང་།། དཔལ་ལྡནཱི་བླ་མའོ་ཞལ་ནས་བྱུང་བྷ་ཡི།། རྙེད་པར་དཀའ་བོའི་དོན་རྣམས་བྲི་བར་བྱ།། འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི། ནོར་ལྷ་བུའི་ཆོས་ནི་ལྔ་བཅུ་སྟེ། སྲོག ་ལྟ་བུ་ལ་སོགས་པའོ།། དེ་རྣམས་ཅུང་ཟད་བཤད་པར་བྱ་སྟེ། ཇི་སྐད་དུ། སྲོག་ནི་ཚེ་ཡིན་དྲོད་དང་ནི། རྣམ་ཤེས་རྟེན་ཉིད་ཡིན་པའོ་ཞེས་སོ།། དེ་ལྟར་སེམས་ཅན་ལ་སྲོག་གཅེས་ཤིང་སྲོག་ལ་བརྟེན་པ་དྲི་བཞིན་དུ ་བྱང་ཆུབ་ཀྱི་སེམས་གཅེས་ཤིང་དེ་ལ་བརྟེན་པའོ།། ཕ་མ་ལྟ་བུའི་ཆོས་ནི། སྟོང་པ་ཉིད་དང་། སྙིང་རྗེ་ཡིན་ཏཾ། དེས་མ་སྐྱེས་པའི་བྱང་ཆུབ་སེམས་དཔའ་འབྱུང་བར་མི་འགྱུར་རོ།། བྱ་མོ་ལྟ་བུ་ནི། འཆི་བ་དང ་བསླབ་པ་དང་། ལས་ཀྱི་བསགས་པ་བགྲང་བ་རྣམས་ཏེ། ཉིན་མཚན་ལན་གསུམ་དུ་འགྲོགས་དགོས་པའོ།། ཁང་པ་ལྟ་བུ་ནི། དགེ་བ་བཅུ་པོ་ཡོན་ཏེ། འདི་ནི་ཁང་པོ་ཉིད་དེང་ནི་འགྲོ་དག་གི་སྒོ་གཅོད་པའི ་ཕྱིར། ནོར་ལྟ་བུ་ནི་འཕགས་པའི་ནོར་བདུན་དང་། འདོད་པ་ཆུང་བ་དང་པ་དང་། ཚོག་ཤེས་པའོ།། གྲོགས་པོ་ལྟ་བུ་ནི། སྦྱོར་བ་ཁམས་གསུམ་ན་བྱེད་ཀྱང་བསམ་པ་མྱ་ངན་ལས་འདས་པ་དང་། སྦྱིན་པ་རྒྱ ་ཆེན་པོ་གཏོང་ཡང་རྣམ་པར་སྨིན་པ་ལ་རེ་བ་མེད་པ་དང་། ཆོས་ཐམས་ཅད་སྐྱེ་བ་མེད་པར་ཤེས་ཀྱང་ལས་ཀྱིས་རྣམ་པར་སྨིན་པ་མཱཾ་འདོར་བ་དང་། ཆོས་ཐམས་ཅད་བདག་མྱེད་པར་ཤེས་ཀྱང ་སེམས་ཅན་ལ་སྙིང་རྗེ་བསྐྱེད་པའོ།། རྩ་བ་ལྟ་བུ་ནི་དད་པ་དང་། ཐོས་པ་དང་། གཏོང་བ་དང་། བཟོད་པའོ།། ཞིང་ལྟ་བུ་ནི།། ཚུལ་ཁྲིམས་སོ།། ཉེ་དྲི་ལྟ་བུ་མི། ཕ་རོལ་ཏུ་ཕྱིན་པ་བཅུའོ།། སློབ་དཔོན་ལྟ་བུ་ནི།། རྗེས་སུ ་དྲན་པ་དྲུག་གོ། མཁན་པོ་ལྟོ་བུ་ནི། འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོའི་བྱང་ཆུབ་ཀྱི་སེམས་མྱི་བརྗེད་པར་འགྱུར་བའི་ཆོས་བཞིའོ།། ཚོང་དཔོན་ལྟ་བུ་ནི། བསླབ་པ་ཀུན་ལྔས་བཏུད་ཀྱིས་གནོད་པ་བཅུ་བཞིན ་གཉེན་པོ་རྣམས་སོ།། སྲིང་མོ་ལྟ་བུ་ནི། ཚད་མེད་པ་བཞིའོ།། བྲན་ལྟ་བུ་ནི། བསྡུ་བའི་དངོས་པོ་བཞིའོ།། འབངས་ལྷ་ནི།། ཁྱི་དང་བྲན་དང་གདོལ་པ་ལྟ་བུར་ང་རྒྱལ་བ་ཅིག་པའོ།། མིག་ལྟ་བུ་ནི། བསྡམ་པ་དང་། ་ལྷག་པའི་བསྡམ་པ་རྣམ་པར་དག་པའོ།། མ་མ་ལྟ་བུ་ནི། དགེ་བྱའི་བཤེས་གཉེན་ཡིན་ནོ།། རྒྱལ་པོ་ལྟ་བུ་ནི། དཀོན་མཆོག་གསུམ་ཡིན་ནོ།། ཆུ་ལུང་ལྟ་བླ་ནི། འཁོར་གསུམ་ཡོངས་སུ་དག་པ་ཡིན་ནོ།། ལམ ་མཁན་ལྟ་བ་ནི། དྲན་པ་དང་ཤེས་བཞིན་སེམས་པ་དང་། བག་ཡོད་པ་དང་། ཕྱིན་ཅི་ལོག་བཞིའོ་གཉེན་པོ་བསྟེན་པའོ། པགས་པ་ལྟ་བུ་ནི། སེམས་ཅན་མོ་གཏོང་ཞིང་རྗེས་སུ་འཛིན་པའོ།། རྒྱན་ལྟ་བུ་ནི། ་ཚུལ་ཁྲིམས་དང་། གཏོང་བ་དང་ཐོས་པ་དང་། ཤེས་རབ་པོ།། ནད་དང་ཟུག་རྔུ་ལྟ་བུ་ནི། ཕྱི་ནང་གི་དངོས་པོ་ལ་ཞེན་པའི་སེམས་སོ།། སྐྱེས་བུ་མནར་སེམས་ཅན་ལྟ་བུ་ནི། ཁྱིམ་པའི་བྱང་ཆུབ་སེམས་དཔའ་འདི་སྙམ ་དུ་བདག་ནམ་ཞིག་ན་ཚངས་པར་སྤྱོད་པར་འགྱུར་ཞིག་གུ་ཞེས་པ་དང་། རབ་ཏུ་བྱུང་བའི་སྙམ་དུ་ནམ་ཞིག་ན་བདག་གི་འགྲོ་བ་རྣམས་ལྡོག་བསྔལ་ལས་ཐར་པར་པར་ནུས་ཞེས་པའོ།། ལེ་ལོ་ཅན་ལྟ་བུ་ནི། ཁྱིམ ་བས་ཞིང་ལ་སོགས་པ་མ་སྦྱངས་པའོ།། རབ་ཏུ་བྱུང་བས་ཚུལ་འཆོས་ལ་སོགས་པ་མ་སྤངས་པའོ།། ཚུལ་ཁྲིམས་ཀྱིས་ཕུང་པོའི་མདོ་ལས། དགེ་སློང་དག་རབ་ཏུ་བྱུང་བས་གླང་པོ་ཆེ་འཐབ་པ་ལ་བལྟས ་ན་ཡང་ལོག་པའི་ཚོ་བ་ཡིནྡ་ནཱ~ཾ་ཞེས་གསུངས་སོ།། ས་བཟང་པོ་ལྟ་བུ་ནི།། ཚུལ་བཞིན་སེམས་པ་དང་ལྡན་པའོ།། རིག་པ་ལྟ་བུ་ནི། གཞན་གྱིས་ཉེས་པ་དང་འཁྲུལ་པ་མི་བཛད་པ་དང་། རང་གི་ཡོན་ཏན་མོ ་བརྗོད་པ་དང་། གཞན་ལ་མི་སློང་པའོ།། ལོང་པ་ལྟ་བུ་ནི། གཞན་གྱི་འཁྲུལ་པ་ལ་མི་བལྟ་བའོ།། རྐུན་མ་ཟོན་པ་ལྟ་བུ་ནི། དམ་པའི་ཆོས་འཛག་པ་ནུ་དམ་པའི་ཆོས་འཛིན་པའོ།། བྱིས་པ་ལྟ་བྱ་ནི།། བཀའ་བློ ་བདེ་བ་དང་། ང་ལོ་ཡང་བ་དང་། འགྲོགས་ན་བདེ་བ་དང་། མགུ་སླ་བ་དང་། གསོ་སླ་བ་དང་། དགར་སླ་བ་དང་། ཆོག་ཤེས་པའོ།། ཕོ་ཉ་ལྟ་བུ་ནི། བྱང་ཆུབ་སེམས་དཔའ་དོན་མང་པོ་དང་། བྱ་བ་མང་བ་དང ་སྙིང་ལས་ཆེ་བའོ།། བློན་པོ་ལྟ་བུ་ནི། དམ་བཅའ་བརྟན་པའོ།། འཛངས་པ་ལྟ་བུ་ནི། སེམས་ཅན་དང་ཞེ་འགྲས་པ་མེད་པ་དང་། བཅོས་སུ་བཏུབ་པའོ།། སློབ་མ་ལྟ་བུ་ནི། ཉིན་ལན ་གསུམ་མཚན་ལན་གསུམ་དུ་བླ་མ་ལ་བསྙེན་བཀུར་བྱ་བ་དང་། བསོད་ནམས་ཀྱི་ཚོགས་བསགས་པ་དང་། སྡོམ་པ་གསོ་བའོ།། བསུ་སྐྱེལ་བ་ལ་ལྟ་བུ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་པར་བྱས་ནས་གདོད ་བདག་ཉིད་འཚང་རྒྱ་བར་འདོད་པའོ། ལོང་ཁྲིད་པ་ལྟ་བུ་ནི། བདག་སངས་རྒྱས་པ་བྱས་ན་གདོད་གཞན་གྱི་དོན་བྱེད་པའོ།། བསྐལ་པ་དང་པོའི་མི་ལྟ་བུ་ནི། སྤྱོད་ལམ་དང་། ཚུལ་ཁྲིམས་དང་། འཚོ་བ་དང་། ཆོ་ག་དང་། ་ལྟ་བ་ཕུན་སུམ་ཚོགས་པའོ།། ས་སུ་འདོད་པ་ཅན་ལྟ་བུ་ནི། སྤྱོད་ལ་མི་ཐམ་སོ་ཅད་གཞན་ལ་བསྔོ་བ་སྟེ། འཕགས་པ་དཀོན་མཆོག་སྤྲིན་ལས་འབྱུང་བ་ལྟ་བུའོ།། མུན་པ་ལྟ་བུ་ནི། དབུ་མ་ཆེན་པོའི་དོན་ལ ་ལ་རྟག་ཏུ་གནས་པའོ།། གཤེད་མ་ཝཱ་བུ་ནི། ལོག་པར་ལྟ་བ་སྐྱེས་པ་སྟེ་སྲང་བར་བྱའོ།། ཆོམ་རྐུན་ལཱུ་པུ་ནི། བག་མེད་པ་དང་། མ་གུས་པ་སྟེ་སྤང་བར་བྱའོ།། དགྲ་ལྟ་བུ་ནི།། ངོ་ཚ་མེད་པ་དང་། བག ་མེད་པའོ།། གླེན་པ་ལྟ་བུ་ནི། དྲན་པ་དང་ཤེས་བཞིན་མེད་པའོ།། ར་རོ་བ་ལྟ་བུ་ནི། ནག་པོར་གྱུར་པ་བཞིའོ།། བྱོལ་སོང་ལྟ་བུ་ནི། བསླབ་པའི་ཚུལ་རྣམས་མི་ཤེས་པའོ།། ཤན་པ་ལྟ་བུ་ནི། སྙིང་རྗེ་དང ་བའི་སྤྱོད་ལམ་ཅན་ནོ།། བྱས་པ་ལྔ་དྲིན་དུ་མ་གཟླ་བ་ལྟ་བུ་ནི། ས་སོར་ཐར་པའི་སྡོམ་པ་བཞག་པ། དཱ་ཕྱུག་ལྟ་བུ་ནི། ཐབས་མཁས་པ་དང་བྲལ་བའོ།། སྨྱོན་པ་ལྟ་ཐ་ནི་བྱ་བ་དང་བྱ་བ་མ་ཡིན་པ་མ་ཤས། ་པའོ།། བདུད་ཀྱིས་བརླམས་པོ་ལྟ་བུ་ནི། བར་དུ་གཅོད་པའི་ཆོས་ལྔ་བཅུ་རྩ་ལྔ་དང་། སུམ་ཅུ་རྩ་གཉིས་མི་ཤེས་པའོ།། ལྔ་བཅུ་རྩཝ་ལྔ་པོ་ཡང་གང་ཞེ་ན། ལོ་ཕིགས་པ་བྱང་ཆུབ་སེམོས་དཔའི་སྡེ་སྣོད་ལ ་འབྱུང་བ་ལྟ་པུ་སྟེ། འདི་ལྟར་བར་དུ་གཅོད་པའི་ཆོས་ནི་གཙུག་སྟེ། བག་མེད་པའོ།། བཱར་དུ་གཅོད་པའི་ཆོས་ནི་གཉིས་ཏེ། ངོ་ཚ་མེད་པ་དང་། ཁྲེལ་མེད་པའོ།། གསུམ་སྟེ། འདོད་ཚོགས་དང་། ཞེ་སྡང་དང་། ག་ཏ ་མུག་གོ། བཞི་སྟེ། དམ་པ་མ་ཡིན་པའི་འགྲོ་བ་བཞིའོ།། ལྔ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་ཆང་འཐུང་བའོ།། དྲུག་སྟེ། ་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། སློབ་དཔོན་དང་། རྒན་པ་རྣམས་ལ་མ་གུས་པའོ།། བདུནཱ་ཏེ། ང་རྒྱལ་རྣམ་པ་བདུན།། བརྒྱད་དེ། ལོག་པ་བརྒྱ་དོ།། དགུ་སྟེ། ཀུན་ནས ་མནར་སེམས་ཀྱིས་དངོས་པོ་རྣམ་པ་དགུའོ།། བཅུ་སྟེ། མི་དགེ་བ་བཅུའོ།། ཞེས་འང་བྱུང་། བར་དུ་གཅོད་པའི་ཆོས་སུམ་ཅུ་རྩ་གཉིས་ཀྱང་། འཕགས་པ་ཐེག་པ་ཆེན་པོའི་མན་ངག་གི་མདོ་ལས ་འབྱུང་བ་ལྟ་བུ་སྟེ། ཇི་སྐད་དུ། བུ་མོ་ཐེག་པ་ཆེན་པོའི་བར་དུ་གཅོད་པའི་ཆོས་ནི་སུམ་ཅུ་རྩ་གཉིས་ཏེ། བར་དུ་གཅོད་པ་དེ་དག་གིས་ཐམས་ཅད་མཁྱེན་པ་མྱུར་དུ་ངེས་པར་མི་འབྱུང་ངོ་།། ་སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྔ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་འདོད་པ་དང་། བརྒྱ་བྱིན་དང་། ཚངས་པ་འདོད་པ་དང་། སྐྱེ་བ་ལ་གནས་ཏེ་ཚངས་པར་སྤྱོད་པ་དང་། དགེ་བའི་རྩ་བ་གཅིག་ལ ་ཆགས་པ་དང་། ལྗོངས་སྤྱོད་བདོག་པ་རྣམས་ལས་སེར་སྣ་བྱེད་པོ་དང་། སེམས་ཅན་རྣམས་ལ་མཉམ་པར་མི་སྦྱིན་པ་དང་། ཚུལ་ཁྲིམས་ལ་ལྷོང་པ་དང་། གཞན་གྱིས་སེམས་མི་སྲུང་བ་དང་། གནོད་སེམས ་དང་། ཁོང་ཁྲོ་བའི་བག་ལ་ཉལ་བྱེད་པ་དང་། ངེས་སེམས་ཞུམ་པ་དང་། བརྗེད་ངས་པ་དང་། ཐོས་པ་དོན་དུ་མི་གཉེར་བ་དང་། དཔྱོད་པ་མེད་པ་དང་། འཕགས་པ་མ་ཡིན་པའི་སྤྱོད་པ་དང་། ང་རྒྱལ་ལས་ཀྱང ་ང་རྒྱལ་འཕེལ་བ་དང་། ལུས་དང་ངག་དང་སེམས་ཀྱི་ལས་ཡོངསུ་མ་དག་པ་དང་། དམ་པའི་ཆོས་ཡོངས་སུ་མི་བསྲུང་བ་དང་། སློབ་དཔོན་ཆོས་འཆུབ་པ་དང་། བསྡུ་བའི་དངོསྡེ་པོ་རྣམས་འདོར་བ་དང་། ཡང ་དག་པར་དགའ་བར་འགྱུར་བའི་ཆོས་གཏོང་བ་དང་། སྡིག་པའི་གྲགས་པོ་བསྟེན་པ་དང་། བྱང་ཆུབ་ཏུ་ཡོངས་སུ་མི་བསྔོ་བ་སྟེ་ཕུང་པོ་གསུམ་དང་མི་མཐུན་པ་དང་། དགེ་བའི་རྩ་བ་ཆུང་ངུ་རློམ་སེམས ་སུ་བྱེད་པ་དང་། ཐབས་མེད་པར་ལྷུང་བའི་བློ་དང་། ཕྱིར་ཞིང་དཀོན་མཆོག་གི་བསྔགས་པ་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་ལ་གནོད་པར་སེམས་པ་དང་། མ་ཐོས་པའི་ཆོས་སྤོང་བ་དང་། བདུད་ཀྱི ་ལས་ཁོང་དུ་མི་ཆུད་པ་དང་། འཇིག་རྟེན་རྒྱང་པན་པའི་གོསང་ཚིག་འཛིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད་པ་དང་། འཁོར་བ་ཡོངས་སུ་མི་སྐྱོ་བ་སྟེ། བུ་མོ་སུམ་ཅུ་རྩ་གཉིས་པོ་འདི་དག་ནི ་ཐེག་པ་ཆེན་པོའི་བར་དུ་གཅོད་པའི་ཡང་དག་པའི་ཕུལ་ཡིན་ཏེ། བར་དུ་གཅོད་པ་དེ་དག་གི་ཐམས་ཅད་མཁྱེན་པར་ངེས་པར་མི་འབྱུང་ངོ་།། དེ་ལྟ་མོད་ཀྱི་འོན་ཀྱང་བུ་མོ་ཐེག་པ་ཆེན་པོའི་ཡོན་ཏན་ཇི་ཙམ་པ ་དེ་ཙམ་དུ་བར་དུ་གཅད་པ་ཡང་དེ་ཙམ་དེ་ཙམ་མོ་ཞེས་གསུངས་སོ།། གཞན་ཡང་བར་དུ་གཅོད་པའི་ཆོས་དཔག་མེད་པ་དག་མདོ་སྡེ་དུ་མར་མཐོང་མོད་ཀྱི། འདིར་གཞུང་མངས་པར་འགྱུར་བས་མ་བཀད།། ་དེ། ལམ་འདི་ལ་ཆེད་ཆེར་བྱེད་པའི་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་མདོ་དེ་དང་དེར་ལྟ་བར་བྱ་ཞིང་ཉམས་སུ་བླངས་པ་ལ་བརྩོན་པར་བྱའོ།། གཏམ་དུ་བྱ་བ་གཞན་ཡང་མང་དུ་ཡོད་དེ། རྩུབ ་ཅིང་དྲག་ལ་ཡུན་རིངས་སྡུག་བསྔལ་བཟོད་དཀའ་བཟོད་པར་བྱེད་པར་ངོ་མཚར་ཆེ།། ཆུ་བོ་བཞིས་གཡོངས་ཡང་དང་ཡང་དུ་ཀེང་རུས་བཞོན་པ་ཞོན་པ་དེ་ཡང་ངོ་མཚར་ཆེ། ཆུང་མ་ཁྱིམ་སྤངས་བརྟུལ ་ཞུགས་བཟང་བླངས་རྟག་ཏུ་ལུས་ངག་ཡིད་གཡེངས་འདི་ཡང་ངོ་མཚར་ཆེ།། དགེ་བའི་རྩ་བ་ཆུང་ངུ་ཙམ་ཡང་མེད་པར་དེ་ཉིད་དོན་གྱིས་སངས་རྒྱས་ཡེ་ཤེས་རྩ་དག་ཅོད་ཚོལྟ་བ་འདི ་ཡང་ངོ་མཚར་ཆེ།། སོ་སོར་ཐར་པའི་བསླབ་པ་མེད་པར་ཐེག་ཆེན་བྱང་ཆུབ་མཆོག་གཉིས་རྩང་གཅོད་ཚོལ་བའི་ང་ཡང་ངོ་མཚར་ཆེ།། དེ་ལ་སོགས་པ་ངོ་མཚར་ཆེ་བ་མད་དུ་ཡོད་སྣོད་ཀྱི།། འཛམ་གླིང་སྐྱེ་བོའི་རྟོག ་དང་དཔྱོད་བ་སྨྲ་བར་ག་ལ་ནུས།། དེ་བས་ཐར་འདོད་མཁས་པ་ཁྱད་ཅག་སྨན་པ་དེ་དྲག་དང་།། ལྷན་ཅིག་འདྲེ་བར་མ་བྱེད་བག་ཡོང་གནས་པར་གྱིས།། འདི་ལྟར་དེ་དག་སྙིང་རྗེའི་ཡུལ་དུ་བྱ་བ་མ་གཏོགས ་པར། ལམ་མཆོག་ཀྱང་དེ་ལ་འཇུག་པར་མི་འགྱུར་བ་དག་གི་ཇི་ལྟར་བྱ།། ཇི་སྲིད་མངོན་པར་ཤེས་པ་མ་ཐོབ་པར་དུ་གཞན་དགྲ་སྨིན་པར་མི་ནུས་བསེ་རུར་གནས་པར་བྱ།། བླ་མ་བཟང་པོ་བཙལ་བྱ། ་རྟག་ཏུ་མདོ་སྟེ་ངག་ལྱ་བལྟ་བར་བྱ།། མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་