CLOSE WINDOW

GT3356: rang gyi bya ba'i rim pa bskul ba dang bcas pa yi ger bris pa
Wyliee-texts produced with BDRC’s OCR application

ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྐུར་ཅང་ཞེས་ཏེ་གཏན་ལ་ཕབ་པ།། རང་གི་བྱ་བའི་རིམ་པ་བསྐུལ་པ་དང་བཅས་པ་ཡི་གེར་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་ལ ་འཁོར་བ་ཐོག་མ་མེད་པ་ན།། ཉོན་མོངས་བག་ས་ཆོསམེད་པས།། ཡལ་ངན་རྐྱེན་དང་པང་པ་ལས། ཅན་མོངས་སྡུག་བསྔབ་སྨེ་བའི་ཚེ།། རང་གི་ངན་པའི་ཕྱིར་དུ་འདྲི།། ས་པས་དེ་ཚེ་དྲན་པ་བཤོག་ཡང ་གི་སེམས་ནི་རལ་གྱུར་ན།། ཕྱི་ཡི་དགྲ་འདིས་ཀན་མི་རུང་།། རང་གི་མ་སེམས་གལ་བ་ན།། ཕེཾ་ཡཾ་དག་རྟེན་བྱིས་ན། ནང་གི་འདིས་མྱུ་ཤིག། དེས་མམ་འཇིག་ཞོམ། ཀླུ ་སྣོད་ཀྱིས་ཟས་བརླག་བཞིན།། ནང་གི་དྲི་མས་དགེ་ཚོགས་བརླག། གཉེན་པོ་ཆུ་ཡིས་ཁྲུས་བྱས་ནས།། དག་པས་བདེ་བ་ཆེན་པོ་འཐོག། གང་ན་གནས་ཚེ་གང་གི་ཚེ།། གང་གི་དྲི་མ་ལྡང་བ་དང་།། ནང་གི་དགྲ་འདི་འབྱུང ་བའི་ཚེ།། ཐབས་ནི་སྣ་ཚོགས་གསུངས་པ་སྤངས།། དགྲ་གཞོམ་དྲི་མ་བཀྲུ་བའི་ཕྱིར།། དེ་ཚེ་འབད་པ་ཆེན་པོ་བྱ།། གང་གིས་རང་གིས་རྒྱུད་འདི་ལ།། ནང་དུ་བལྟས་ཏེ་རང་སེམས་བརྟག། དེ་ཚེ་ཡུལ་ལ་ཤེས་པ་སྐྱེ།། ཤོས ་པ་སྐྱེ་བའི་ཡུལ་རྣམ་གསུམ།། ཉོན་མོངས་པར་མ་དགེ་བ་སྐྱེ།། རྒྱུ་རྐྱེན་ཡུལ་གྱི་བྱེ་བྲག་གིས།། ཉོན་མོངས་སྐྱེ་བ་དག་ལ་གསུམ།། ཆེན་པོ་འབྲིང་དང་ཆུང་ངུའོ།། གཉེན་པོའི་རིམ་པ་འང་དེ་བཞིན་ཏེ།། ཆེན་པོ་སྐྱོ་བའི་ཡུ ་དེ་ལ།། བརྟན་ཏེ་ཚོགས་ཆེན་འབད་པས་སྐྱེ།། འབྲིང་གིས་ཡུལ་ལོ་འབྲིང་ཡིན་ཏེ།། ཆུང་ངུ་ལ་ནི་ཆུང་ངུའོ།། ཆེན་པོ་ཀུན་ལ་སྐྱེས་ན་མཆོག། བར་མ་ལུང་མ་བསྟན་པ་ཡང་།། དྲན་པས་ཟིན་པའི་སེམས་དེ་ཡིསོ།། ཀུན ་སློང་རྗེས་ཀྱིས་དགེ་བར་བསྒྱུར། ཐབས་སྒོ་སྣ་ཚོགས་པ་ཡིས་སོ།། དགེ་བ་ཆེ་འབྲིང་ཆུང་ངུ་དག། ངང་གིས་སྐྱེས་པའི་ཡུལོ་དེ་ལ།། སྦྱོར་བ་དངོས་དང་རྗེས་དག་ལས།། ཁྱད་འཕགས་བསོད་ནམས་ཀུན་བསྔོ་བྱ།། ཤིས ་ན་གང་ལའང་ཚོགས་འཕེལ་འགྱུར།། ཐོག་མིང་དུས་ནས་ཇི་སྲིད་དུ།། བདག་ནི་དུག་གསུམ་ཞེན་པས་འཁོར།། དགེ་སྲིད་སྐྱེ་ཤིང་ཁོ་བརྒྱུད་པས། དེ་སྲིད་ལས་རྣམས་ཆུང་རེ་ཟོས།། ཇི་སྲིད་དགེ་སེམས་འཕེལ ་འགྱུར་བ།། དེ་སྲིད་སངས་རྒྱས་མངོན་སངས་རྒྱུས།། བདག་ནི་གཏི་མུག་མུན་པས་བསྒྲིབས།། མུན་ནག་གློག་འགྱུར་སྣང་བ་ཙམ།། ཅི་ཞིག་ལྟར་སྟེས་དྲན་རྙེད་ཚེ།། དེ་ཚེ་འང ་པས་བསྒྲུབ་པར་བྱ།། འཆི་བར་ངེས་པར་ཆ་ཡོད་ཅིང་།། གནས་པའི་དབང་སྟེར་མེད་མོད་ཀྱི།། བདག་ནི་རེ་ཞིག་མི་འཆི་སྙམ།། དྲན་པ་བཏང་སྟེ་བྱང་ཆུབ་བསྒྲུབས།། གཞན་དག་ལ་ཡང་སྒྲུབ་པར་གྱིས།། ། ་དཔེར་ནི་བྱིས་པ་རིག་མེད་པས།། མེ་དང་གཡང་སོགས་འཇིགས་པ་མེད།། དེ་བཞིན་འགྲོ་བ་གཏི་མུག་རྣམས།། ངན་སོང་དག་ལའང་འཇིགས་པ་མེད།། དཔེར་ན་ཟས་མཆོག་རོ་དང་ལྡན།། ནད་པ་དག ་ལ་བྱིན་པའི་ཚེ།། ཟས་ལ་སྨོད་ཅིང་མི་འདོད་བཞིན། ཐབས་ཀྱི་བྱེ་བྲག་འདི་དག་ཀྱང་།། རྨོངས་པ་ཉོན་མོངས་ལྡན་པ་ལ། བསྟན་ཀྱང་དེ་འདྲ་ཉིད་དུའོ།། དཔེར་ན་བཟའ་ལ་དགའ་བའི་མི།། ཟོས་བརླག ་བསགས་ཕན་ཆ་ཡོད་ཀྱང་།། འདོད་པས་མི་ཚུགས་ཟ་བ་བཞིན།། སྔ་ཕྱི་རྒྱུ་འབྲས་ཆ་ཡོད་ཀྱང་།། ཉོན་མོངས་ཞེན་པ་སྟོབས་ཆ་ཡོད།། དགེ་མེད་སྡིག་པ་སྣ་ཚོགས་སྤྱོད།། དཔེར་ནུ་ཁ་བྱ་མཁན ་ངག་གིས།། ཁ་ལ་བྱ་དགོས་ཀུན་བསྒྲུབ་ཟེར།། གཞན་གྱི་དྲན་པ་བསྐྱེད་པའི་ཚེ།། དེ་བཞིན་དགེ་བ་བྱ་དགོས་ཟེར།། ཁ་ཅིག་ཁ་ལ་གླེང་བྱེད་ཅིང་།། ཞེ་ལ་དོན་དུ་བསྒྲུབ་མི་བྱེད།། ཁ་ཅིག་འབྲོས་བུ ་དོན་ཆེན་པོ།། བཏང་ན་སཱ་བྱ་བ་ཆུང་ངུ་སྒྲུབ། དེ་ཡང་བྱིས་པའི་སྤྱོད་པ་ཅན།། ཁ་ཅིག་བསམ་པ་རླུང་བཞིན་གཡོ།། རུང་དང་མི་རུང་གཉིས་ཀ་བྱེད་།། ཁ་ཅིག་ཁ་དོག་དཀར་པོ་བཞིན། རྐྱེན་གང་ལྡན་པ་དེ་ལྟར་འགྱུར།། ་ཁ་ཅིག་རང་ཉིད་དང་གིས་དགེ། གྲོགས་ཀྱིས་རྦད་པས་ཉོན་མོངས་བསྐྱེད། ཁ་ཅིག་རྐྱེན་མེད་རྒྱུ་དང་ལྡན། དམ་པའི་གྲོགས་ཀྱིས་ཟིན་པ་ན།། སྡིག་སྤོང་དགེ་བྱེད་དེ་ལ་བསྐུལ།། ཁ་ཅིག་དག ་ལ་སྐུལ་མི་དགོས།། རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པའི་ཡི་གེར་བྲིས་པ། སློབ་དཔོན་མཁས་པ་པཾ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ ་རྫོགས་སོ།། །། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང་།། ཞུ་ཆེན ་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ།། ་