| Wylie | e-texts produced with BDRC’s OCR application |
རྒྱུ་གར་སྐད་དུ། བོ་དྷི་ས་ཏྭཱ་ཀརྨ་ཨ་པ་ཏཱ་ར་དྭེ་ཤ་ན། བོད་སྐད་དུ། བྱང་ཆུབ་སེམས་དཔའ་ལས་དང་པོའི་ལམ་ལ་འཇུག་པ་བསྟན་ག་བླ་མ་དམ་པ་ལ་ཕྱག་འཚལོ།། ངན་འགྲོ ་འཁོར་བ་འཇོམས་པ་དང་།། མངོན་མཐོ་ངེས་འབྱུང་རྩོལ་མཛད་པ། ཕྱོགས་བཅུའི་དཀོན་མཆོག་ཐམས་ཅད་དང་། བླ་མའི་ཞབས་ལ་ཕྱག་འཚལ་ལོ།། འདི་ནི་གང་དག་ར་བཞིན་གྱི་སྙིང་རྗེ་དང་ཤེས་རབ་ཆེ ་བ་ཐེག་པ་ཆེན་པོའི་རིགས་ཅན་དང་། ཡང་གང་དག་སྐྱེ་བ་སྔ་མ་དག་ཏུ་ཐེག་པ་ཆེན་པོ་ལ་གོམས་པར་བྱས་པའི་སྐྱེས་བུ། འཁོར་བ་ལ་ཡིད་ལེགས་པར་བྱུང་བ་འཆི་བ་རྗེསུ་དྲན་པ། ཕྱི་ནང་གི་ད་ངོས ་པོ་ཐམས་ཅད་ལ་ཞེན་པ་ཆུང་བ་དང་། དགེ་བའི་བཤོས་གཉེན་དམ་པ་ཅི་ག་པུ་ཐེག་པ་ཆེན་པོའི་ལམ་ཕྱིན་ཅི་མ་ལོག་པ་ཅིག་ཐོས་པར་གྱུར་ན་ཅི་མ་རུང་། བདག་གི་དམ་པ་གཅིག་བཙལ་བར་བྱའོ་སྙམ ་དུ་སེམས་པ་དེས། དགེ་བའི་བཤེས་གཉེན་དུ་རུང་བའི་བླ་མ་བཙལ་ཏེ། གཞན་དུ་བསྟན་པ་བཞིན་དུ་གསུམ་ལ་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་དང་། འགྲོ་བ་མཐའ་ཡ་སྭཱ་པ་ཡུལ་དུ་བྱས་ཏེ་བསམ་པ ་པ་བཟང་པོ་དང་ལྡན་པས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་སེམས་ཐུན་མོང་མ་ཡིན་པ་བསྐྱེད་པ་དང་། ལྷག་པའི་བསམ་པ་བཟང་པོ་དང་ལྡན་པས་གཡོ་རྒྱུ་དང་བྲལ་བའི་འཇུག་པ་བྱང་ཆུབ་ཀྱི་སེམས་ཆེན ་བྱོས།། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ལེགས་པར་བླང་བར་བྱའོ།། དེ་ནས་ཁྱི་དང་གདོལ་པ་དང་། བྲན་གྱི་འདུ་ཤེས་པ་དང་ལྡན་པ། གཡ་རྒྱུ་དང་བྲལ་བའི ་བྱང་ཆུབ་སེམས་དཔའ་དེ་ཚོགས་ཀྱི་ལམ་པ་ཡིན་པས་ཉན་དང་མཚན་དུ་ལུས་དང་ངག་དང་ཡིད་ཀྱི་བྱ་བ་ཐམས་ཅད་དོན་མེད་པར་མི་འགྱུར་རོ།། འདི་ལྟར་སེམས་དེས་ཟས་ཚོང་རིག་པར་བྱ་བ་དང་། དབང ་པོའི་སྒོ་རྣམས་བསྡམས་པ་དང་། ཁ་ན་མ་ཐོབ་ཕྲ་རབ་ཙམ་ལ་ཡང་འཇིག་པར་ལྟ་བ་དང་། ཉིན་དང་མཚན་དུ་རྣལ་འབྱོར་ལ་བརྩོན་པར་བྱའོ།། དེ་ནས་དབུགས་ཕྱི་ནང་དུ་རྒྱུ་བ་ཡང་གཞན་གྱི་དོན་དུ ་འགྱུར་བར་འདོད་པ་དེས་ཐོ་རངས་ཀྱི་ཐུན་ལ་ལངས་ཏེ། བཤད་པ་དང་གཅི་བ་དོར་བ་ལ་སོགས་པའི་སྤྱོད་ལམི་ལེགས་པར་བྱས་ནས། ཡུལ་བ་རུམ་དང་ཡུལ་མཐའ་འཁོབོ་ཀྱི་བྱེ་བྲག་གིས་ཁྲུས་བྱས ་ལ། འགྲོ་བ་མཐའ་དག་ལ་དམིགས་ཏེ་ཚད་མེད་པ་བཞིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དཀོན་མཆོག་གསུམ་གྱི་གཟུགས་པ་བརྙན་གྱི་སྤྱན་སྔར་བྱུག་རྗེས་ལེགས་པར་བྱས་ཏཽ་མི་ཏོག་དྲི་ནིམ་པོ་སི ་མ་ལེགས་པར་གཏོར་ནས།། དེ་དག་གི་སྤྱན་སྔར་པུས་མོ་གཉིས་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཐམས་ཅད་དང་ཆོས་ཐམས་ཅད་དང་། ་ཐེག་པ་ཆེན་པོའི་དགེ་འདུན་གྱིས་སྤྱན་ལུས་ཀྱི་བཀོད་པ་གྲངས་བརྗོད་དུ་མེད་པར་སྤྲུལ་ཏེ། དེ་དག་རེ་རོའི་ཞབས་ལ་ལགས་པར་ཕྱག་བྱའོ།། དེ་དག་ལ་ཟང་ཟིང་གི་མཆོད་པ་ཚད་མེད་པ་རྒྱ་ཆེ་བ་དཔག་ཏུ ་མེད་པས་མཉེས་པར་བྱའོ།། དེ་ནས་ལུས་རེ་རེ་ལ་མགོ་བརྗོད་དུ་མེད་པ་མགོ་རེ་རེ་ལ་ལྕེ་བརྗོད་དུ་མེད་པར་སྤྲུལ་ཏེ་བདག་དང་གཞན་གྱི་སྡིག་པ་མ་ལུས་པར་བཤགས་པར་བྱའོ།། བདག་དང་གཞན་གྱི་དགེ ་བ་ལ་རྗེསུ་ཡི་རང་བར་བྱའོ།། སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་རྣམས་ལ་ཆེས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་མ་གདབ་པར་བྱའོ།། གང་དག ་ཆོས་ཀྱི་འཁོར་ལོ་བསྐོར་ནུས་ཚེའི་འདུ་བྱེད་གཏོང་བ་དགེ་ལ་འཁོར་བྱ་ཇི་སྲིད་པའི་བར་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པར་བྱའོ།། དགེ་བའི་རྩ་བ་དེ་དག་ཐམས་ཅད་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ།། ཇི་ལྟར་མདོ་ལས་འབྱུང་བ་བཞིན་དུ་ཡན་ལག་རེ་རེ་ལ་ཚིག་ཤིན་ཏུ་རྒྱས་པར་བརྗོད་པར་བྱའོ།། དེ་ནས་མཆོད་པ་བདུན་པོའི་རྗེས་ལ་འགྲོ་བ་མཐའ ་དག་ལ་དམིགས་ཏེ། གསུམ་ལ་སྐྱབས་སུ་འགྲོ་བའི་ཚིག་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ།། དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། ཇི་ལྟར་ཆོ་ག་ལས་འབྱུང་བ་བཞིན་དུ་བྱའོ།། ་ཐ་ན་ཡང་འདི་སྐད་དུ་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆིའོ།། བདག་གི་སྦྱིན་སོགས་བགྱིས་པ་འདི་དག་གོས།། འགྲོ་ལ་ཕན་ཕྱིར་ས ་རྒྱས་འགྲུབ་པར་ཤོག། ཅེས་ལན་གསུམ་བརྗོད་པར་བྱའོ།། དེ་ནས་བདག་གི་ལུས་དབུལ་བ་དང་། དེ་ནས་སྐྱེས་བུ་ཆེན་པོའི་ཆོས་ལུགས་ཤིང་རྗེ་ཆེན་པོའི་ལམ་དེ་ལ་གནས་པར་ངམ་བཅའ་བར་བྱའོ།། དེ་ནས ་རང་གི་མལ་དུ་སྐྱིལ་མོ་ཀྲུང་གིས་འདུག་ལ། བླ་མ་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོས་བཀོད་པའི་ཏིང་ངེ་འཛིན་གྱི་ལེའུ་ལས་གསུངས་པའི་ཡན་ལག་དཀུ་པེ་ཤེས་པར་བྱས་ལ། ཞི་གནས་དང་ལྷག་མཐོང་གི་རྣལ ་འབྱོར་བསྒོམ་པར་བྱ་སྟེ། དེ་ཡང་བྱུང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ་བསྒོམ་པར་བྱའོ།། དེ་ནས་མིག་ཕྱེ་ལ་དབུགས་ཕྱུང་སྟེ། ཕྱི་ང་ནང་གི་དངོས་པོ་མཐོང་བ་ན། ཨེ་མེའོ། ་རེརོ་མཚར། ཨེ་མོའོ་རེ་མཚར། ནཱ་མཁའ་ལྟ་བུའི་སྐྱེ་བ་མེད་པ་ལས་རྟེན་ཅིང་འབྲེལ་བར་འབྱུང་བའི་སྟོབས་ཀྱི་སྣ་ཚོགས་སྣང་ཞིང་གནས་པ་འདི། ཨེ་མཱ་ངི་མཚོར་རོ་སྙམ་དུ་སྒྱུ་མའི་དཔེ་བརྒྱུད་ཀྱི་ཚུལ་དུ་ཤེས་པར ་བྱའོ།། དེ་ནས་སྙིང་རྗེ་ཆེན་པོའི་ཡིད་ཀྱི་མི་སྣང་བའི་སེམས་ཅན་ཐམས་ཅད་ལ་ཆོས་བཤིད་པའི་ཕྱིར་རྟོགས་པ་ཅི་ཡོད་པས་ཐེག་པ་ཆེན་པོའི་མདོ་སྡེ་ཁ་ཏོན་དུ་གདོན་པར་བྱའོ།། ངོ་ནས་ཟས་ཀྱི་བྱ་བའི ་དུས་སུ་མི་གཙང་བའི་རྫས་སུམ་ཅུ་རྩ་དྲུག་གིས་གང་པའི་ལུས་སྙིང་པོ་མེད་པ་མཐར་འཇིག་པ་འདི་སངས་རྒྱས་ཀྱི་ཆོས་ཀྱི་ཆོས་ཀྱི་སྐུའི་སྙིང་པོ་དེ་བཙལ་བར་བྱའོ།། ཞེས་བསམ་ལ་རྒྱགས་པའི་ཕྱིར་མ ་ཡིན་ལ། རོ་ལ་ཆགས་པས་ཀྱང་མ་ཡིན་ཏེ། གྲུབ་ལྟ་བུའི་བློས་བཟའ་བར་བྱའོ།། ཟས་ཀྱི་ཚོད་རིག་པར་ཡང་བྱ་སྟེ། གསོ་བ་རིག་པའི་རྒྱུད་ཡན་ལག་བརྒྱད་པ་ལས་ལྟོ་བའི་སུམ་ཆ་ཟས་ཀྱིས ་ཏེ།། ཆ་གཉིས་པ་ནི་སྐོམ་གྱིས་སོ།། ཆ་གཅིག་སྟོང་པར་བཞག་པར་བྱ།། ཞེས་བཤད་དོ།། ཟས་དེ་ལ་ཆ་བཞིར་བསྒོམ་པར་བྱ། ཆ་དང་པོ་དཀོན་མཆོག་གསུམ་དང་བླ་མཱ་ལ་དབུལ་བར་བྱའོ།། ་གཅིག་རང་ཉིད་ལོངས་སྤྱོད་པར་བྱའོ།། ཆ་གཅིག་བྱིས་པ་དང་མགོན་མེད་པ་དག་ལ་སྦྱིན་པར་བྱའོ།། གཅིག་ནི་ཁྱི་དང་བྱ་རོགས་པའི་སོགས་པའི་བྱོལ་སོང་ལ་སྦྱིན་པར་བྱའོ།། གང་གིས་སྤྱོད་པ་བསྡུས་པར་ནི ་གཞན་དུ་ཡང་བརྗོད་དོ།། ཚུལ་གཞན་ནི་སྤྱོད་པ་བསྡུས་པའི་སྒྲོན་མ་ལས་བཤད་པ་བཞིན་ནོ།། དེ་ནས་སྔ་དྲོའི་ཐུན་ལ་ཡང་ཐོ་རངས་ཀྱི་ཐུན་ལ་ཇི་སྐད་བརྗོད་པོ་ལྟར་ཐམས་ཅད་བྱའོ།། གུང་གི་བླུན་དང་། ་དགོངས་མོའི་ཐུན་དང་། སྲོད་ཀྱི་ཐུན་དང་། མཚན་མོའི་གུང་གི་ཐུན་ཐམས་ཅད་དུ་ཇི་ལྟར་བརྗོད་པའི་ཆོ་ག་ཐམས་ཅད་རྫོགས་པར་བྱའོ།། དེ་ལྟ་བུའི་རྣལ་འབྱོར་པ་དེ་ལ་ནི་གཉིད་ལོག་པ་དང་ཉལ་བའི་དུས ་ངེས་པ་མེད་དོ་ཞེས་བླ་མ་དག་གསུང་ངོ་།། དེ་ལྟ་བུའི་རྣལ་འབྱོར་པ་ཚོགས་ཀྱི་ལམ་པ།། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་སྐྱེད་འདོད་པའི་ལས་དང་པོ་པ་ཉིན་དང་མཚན་དུ་དོན་མེད་པར་མ ་གནས་པ་དེ་ལྟ་བུ་ལ་ལྟུང་བའི་ཉེས་པ་གང་ལ་འབྱུང་། གལ་ཏེ་བག་ཆགས་ངན་པའི་སྟོབས་ཀྱིས་ལྟུང་བ་བྱུང་བར་གྱུར་ན། འདི་ལྟར་མྱུར་དུ་གསོ་བར་བྱེད་དེ། དེ་ཡང་འདི་ལྟར་ཐུན་དྲུག་པོ་དེ་དག་དུམ་བུ་བཅོ་བརྒྱ ་དུ་བགོས་ནས་སྐད་ཅིག་མ་ལྔ་བཅུ་རྩ་བཞིར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཡང་རབ་འབྲིང་དགུར་འགྱུར་རོ།། བླ་མའི་མན་ངག་གིས་གསོ་བའི་ཐབས་རྣམས་ཤེས་པར་བྱའོ།། དམ་པ་རྣམས་ཀྱི་བཤད་པའི་ལོམ ་བཟང་པོ།། བྱང་ཆུབ་འོད་སོགས་སློབ་མས་བསྐུལ་བྱས་པ།། ཐེག་ཆེན་རིགས་ཅན་རྣམས་ཀྱིས་བགྲོད་བྱས་ནས།། རྐང་གཉིས་དབང་པོའི་གནས་སུ་འགྲོ་བར་ཤོག། རྗེ་བཙུན་བླ་མ་བླ་མ་བྱང་ཆུབ་སེམས་དཔའ ་ལ།། དགེ་སློང་བྱང་ཆུབ་འོད་ཀྱིས་གསོལ་བ་བཏབ།། དགེ་སློང་ཚུལ་ཁྲིམས་རྒྱལ་བས་ཞུས་ནས་བསྒྱུར།། ཐེག་པ་ཆེན་པོ་པ་རྣམས་སྤྱོད་གྱུར་ཅིག། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལམ་ལ་འཇུག ་པ་བསྟན་པ།། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ། པཎྜི་ཏེ་དེ་ཉིད་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར།། ་