CLOSE WINDOW

GT3350: byang chub sems dpa'i nor bu'i phreng ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། བོ་དྷ་ས་ཏྭ་མ་ཎི་ཨ་བ་ལི།། བོད་སྐད་དུ།། བྱ་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ།། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། དད་པའི་ལྷ་ལ་ཕྱག་འཚལོ།། བླ་མ་རྣམས་ལ ་ཕྱག་འཚལ་ལོ།། ཐེ་ཚོམ་ཐམས་ཅད་རྣམས་སྤངས་ཤིང་།། སྒྲུབ་ལ་ནན་ཏན་ཅེས་སུ་བྱ།། གཉིད་རྨུགས་ལེ་ལོ་སྤངས་བྱ་ཞིང་།། རྟག་ཏུ་བརྩོན་འགྲུས་འབད་པར་བྱ།། དྲན་དང་ཤེས་བཞིན་བག་ཡོད་པས།། དབང་པོའི ་སྒོ་རྣམས་རྟག་ཏུ་བསྲུང་།། ཉིན་མཚན་དུས་གསུམ་ཡང་དང་ཡང་།། སེམས་ཀྱིས་རྒྱུད་ལ་བརྟག་པར་བྱ།། བདག་གི་ཉེས་པ་བསྒྲགས་བྱ་ཞིང་།། གཞན་གྱི་འཁྲུལ་པ་བཙལ་མོ་བྱ།། འདོད་པ་ཆུང་གཞན་གྱི་ཡོན་ཏན ་བསྒྲག་བྱ་ཞིང་།། བདག་གི་ཡོན་ཏན་སྦ་བར་བྱ།། རྙེད་དང་བཀུར་སྟི་སྤང་བྱ་ཞིང་།། ཁེངས་གྲགས་རྟག་ཏུ་སྤང་བར་བྱ།། བྱམས་དང་སྙིང་རྗེ་བསྒོམ་བྱ་ཞིང་།། བྱང་ཆུབ་སེམས་ནི་བརྟག་པར་བྱ།། མི་དགེ་བཅུ་པོ་སྤང་བྱ ་ཞིང་།། རྟག་ཏུ་དད་པ་བརྟན་པར་བྱ།། འདོད་པ་ཆུང་ཞིང་ཚིག་ཤེས་དང་།། བྱས་པ་དྲིན་དུ་གཟོ་བ་དང་།། ཁྲོ་དང་ང་རྒྱལ་གཞོམ་བྱ་ཞིང་།། དམན་པའི་སེམས་དང་ལྡན་པར་བྱ། ལོག་པའི་འཚོ་བ་རྣམ་སངས་ཤིང་།། ཆོས ་ཀྱིས་འཚོ་བས་འཚོ་བར་བྱ། ཟང་ཟིང་ཐམས་ཅད་རྣམ་སྤང་ཤིང་།། འཕགས་པའི་ནོར་གྱི་བརྒྱན་པར་བྱ། དད་པའི་ནོར་དང་ཚུལ་ཁྲིམས་ནོར།། ཁྲེལ་ཡོད་ངོ་ཚ་ཤེས་པའི་ནོར། ཐོས་པའི་ནོར་དང་གཏོང་བའི་ནོར།། ཤེས ་རབ་ཉིད་ཀྱི་ནོར་བདུན་པོ།། ནོར་གྱི་རྣམ་པ་འདི་དག་ནི།། མི་ཟད་པ་ཡི་གཏེར་བདུན་ཏེ།། མི་མ་ཡིན་ལ་བརྗོད་མི་བྱ།། རྟག་ཏུ་འདུ། འཛི་སྤང་བྱ་ཞིང་།། དགོན་པ་ལ་ནི་གནས ་པར་བྱ།། འཁྱལ་པའི་ཚིག་རྣམས་སྤང་བྱ་ཞིང་། ངག་རྟག་ཏུ་བསྡམ་པར་བྱ། བླ་མ་མཁན་པོ་མཐོང་བའི་ཚེ།། གུས་པས་རིམ་གྲོ་བསྐྱེད་པར་བྱ། གང་ཐོག་ཆོས་ཀྱི་མིག་ཅན་དང་།། ལསཽ་དང་པོ་བའི་སེམས་ཅན ་ལ།། སྟོན་པའི་འདུ་ཤེས་བསྐྱེད་པར་བྱ།། སེམས་ཅན་ཐམས་ཅད་མཐོང་བའི་ཚེ། ཕ་མ་བུ་ཚའི་འདུ་ཤེས་བསྐྱེད། སྡིག་པའི་གྲོགས་པོ་སྤང་བྱ་ཞིང་།། དགེ་བའི་བཤེས་བསྟན་པར་བྱ།། སྡང་དང་མི་བདེའི་ས་སྤང་ཞིང་། ་གང་དུ་བདེ་བར་འགྲོ་བར་བྱ། གང་ལ་ཚོགས་པ་སྤང་ཞིང་།། ཆགས་པ་མེད་པར་གནས་པར་བྱ།། ཆགས་པོས་བདེ་འགྲོ་མི་ཐོབ་ཅིང་། ཐར་པའི་སྲོག་ཀྱང་གཅོད་པར་བྱེད།། གང་དུ་དགེ་བའི་ཆོས་མཐོང་བ། ་དེར་ན་རྟོག་ཏུ་འབད་པར་བྱ།། ཐོག་མ་བརྩམས་པ་གང་ཡིན།། དང་པོ་དེ་ཉིད་བསྒྲུབ་བྱ་སྟེ།། དེ་ལྟ་ན་ནི་ཀུན་ལེགས་བྱས།། གཞན་དུ་གཉིས་ཀ་འགྲུབ་མི་འགྱུར།། རྟག་ཏུ་སྡིག་ལོ་དགའ་བྲལ་བྱ།། གང་དུ་མཐོ་པའི ་སེམས་འབྱུང་ཚེ། དེ་ཚོང་རྒྱལ་བ་ཅག་བྱ་ཞིང་།། བླ་མའི་གདམས་ངག་དྲན་པར་བྱ།། ཞུམ་པའི་སེམས་ནི་བྱང་བའི་ཚེ།། སེམས་ཀྱི་གཟེངས་ནི་བསྟོད་པར་བྱ། རྟག་ཏུ་སྟོང་ཉིད་བསྒོམ་པར་བྱ། གང་དུ་རྒྱག ་སྡང་ཡུལ་བྱུང་ཚྭ།། སྒྱུ་མ་སྤྲུལ་པ་བཞིན་དུ་བལྟ།། མི་སྙན་ཚིག་རྣམས་ཐོས་པའི་ཚེ།། བྲག་ཅ་བཞིན་དུ་བལྟ་བར་བྱ།། ལུས་ལ་གནོད་པ་བྱུང་བའི་ཚེ།། སྔོན་གྱི་ལས་སུ་བལྟ་བར་བྱ།། བས་མཐའ་དགོན་པར་རབ ་གནས་ཤིང་ཀཽ། རི་དག་ས་ཤི་བའི་རོ་བཞིན་དུ།། བདག་གི་བདག་ཉིད་སྦ་བྱ་ཞིང་།། ཆགས་པ་མེད་པར་གནས་པར་བྱ།། རྟག་ཏུ་ཡི་དམ་བརྟན་བྱ་ཞིང་།། ལེ་ལོ་རྙོག་པའི་སེམས་བྱུང་ཚེ།། དེ་ཚེ་བདག་ལ་བརྡན་བགྲང ་ཞིང་།། བརྟུལ་ཞུགས་སྙིང་པོ་དྲན་པར་བྱ།། གལ་ཏེ་གཞན་དག་མཐོང་བའི་ཚེ།། ཞི་དེས་གསོང་པོར་སྨྲ་བ་དང་།། ཁྲོ་ཉིར་ངོ་འཛིན་སྤང་བྱ་ཞིང་།། རྟག་ཏུ་འཛུམ་ཞིང་གནས་པར་བྱ།། རྟག་ཏུ་གཞན་དག་མཐོང་བའི ་ཚེ།། སེར་སྣ་མེད་ཅིང་སྦྱིན་ལ་དགའ།། རྟག་ཏུ་ཕྲག་དོག་སྦྱང་བར་བྱ།། གཞན་གྱི་སེམས་ནི་བསྲུང་བའི་ཕྱིར།། རྩོད་པ་ཐམས་ཅད་སྐད་བྱ་ཞིང་།། རྟག་ཏུ་བཟོད་དང་ལྡན་པར་བྱ།། ངོ་དགའ་མྱེད་ཅིང་གསང་འགྲོགས ་མེད།། རྟག་ཏུ་ཟུངས་ནི་ཐུབ་པར་བྱ།། གཞན་ལ་བརྙས་པ་སྤང་བྱ། ཞིང་།། གུས་པའི་ཚུལ་གྱིས་གནས་པར་བྱ།། གཞན་ལ་གདམས་ངག་བྱེད་པའི་ཚེ།། སྙིང་རྗེ་ཕན་སེམས་ལྡན་པར་བྱ།། ཆོས་ལ་སྐུར་པ་གདབ ་མི་བྱ། གང་མོས་འདི་ལ་འདུན་པར་བྱ།། ཆོས་སྤྱོད་རྣམ་བཅུ་སྟེ་ནས་ནི། ཉིན་མཚན་མེད་པར་འབད་པར་བྱ། མང་པོའི་ནང་དུ་ངག་ལ་བརྟག། གཅིག་པུ་འདུག་ན་སེམས་ལ་བརྟག། དུས་གསུམ ་དགེ་རྩཝ་ཅི་བསགས་པ།། བླ་མེད་བྱང་ཆུབ་ཆེན་པོར་བསྔོ། བསོད་ནམས་སེམས་ཅན་རྣམས་ལ་བདང་།། རྟག་ཏུ་ཡང་ལག་བངན་པ་ཡི།། སྨོན་ལམ་ཆེན་པོ་གདབ་པར་བྱ།། དེ་ལྟར་བྱས་ན ་བསོད་ནམས་དང་།། ཚོགས་ཆེན་གཉིས་ཀྱང་རྫོགས་འགྱུར་ཏེ།། སྒྲིབ་པ་གཉིས་ཀྱང་ཟད་པར་འགྱུར།། མི་ལུས་ཐོབ་པའི་དོན་ཡོད་པས།། བླ་མེད་བྱང་ཆུབ་ཐོབ་པར་འགྱུར།། ། རྒྱ་གར་གྱི་མཁན ་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ།། བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ་རྫོགས་སོ།། བྱང་ཆུབ་སེམས་དཔའི་སྤྲིདཔ་མདོ་ཙམ་གདམས ་