CLOSE WINDOW

GT3348: snying po bsdus pa zhes bya ba
Wyliee-texts produced with BDRC’s OCR application

@རྒྱ་གར་སྐད་དུ། སཾ་གྲ་ཧ་གརྦྷ་ནཱ་མ། བོང་སྐད་དུ། སྙིང་པོ་བསྡུས་པ་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལོ།། ཁམས་གསུམ་སྡུག་བསྔལ་རྒྱ་ཆེ་ཆེའི།། དབའ་རླབས་ཤིན་ཏུ་འཁྲུགས ་པ་ནི།། དགེ་དང་མི་དགེ་ལ་སོགས་པའི་གང་ཟག་བཅས་ལས་ལུས་ངེས་པར་འབྱུང་།། དེ་དག་ཆགས་སྡང་ལ་སོགས་པའི།། ཉོན་མོངས་རྒྱུ་ཡིས་བསྐྱེད་པ་སྟེ།། དེ་དག་འབྱུང་བའི་རྒྱུ་ཉིད་ཀྱང་།། ཡིད་དུ་འོང་དང་མི་འོང ་སོགས།། གཉིསུ་འཛིན་པ་ཉིད་ལས་བྱུང་།། ཐམས་ཅད་འབྱུང་བའི་རྒྱུ་ཉིད་ནི།། རྟག་དང་ཁྱབ་དང་གཅིག་པུ་སོགས།། དངོས་པོར་འཛིན་པའི་གདོན་ཡིན་ཏེ། དེ་བས་སྐལ་ལྡན་སྐྱེས་བུ་ནི།། བདག་གཞན་གྲོལ་བ་དོན ་གཉེར་བས།། རྟེན་ཅིང་འབྲེལ་འབྱུང་ལ་སོགས་པའི།། རིགས་པ་གང་ལ་གོམས་པ་ཡིས།། དངོས་པོར་འཛིན་པཟློག་པར་བྱ།། ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན།། མཚན་མ་ཐམས་ཅད་དང་བྲལ་བའི།། ན་མཁའ ་ལྟ་བུར་ཤེས་བྱས་ལ།། དངོས་འཛིན་གདོན་གྱིས་བརླམས་པ་ཡིས།། འགྲོ་ཀུན་ཡུལ་དུ་བྱས་ནས་ནི།། སྡུག་བསྔལ་རྒྱ་མཚོ་སྐེམས་བྱེད་པ།། སྙིང་རྗེ་ཆེན་པོ་སྔོན་འགྲོ་བས།། བདག་གཞན་དོན་ཀུན་འབྱུང་བ་ཡི།། ་རིན་ཆེན་བྱང་ཆུབ་སེམས་བསྐྱེད་བྱ།། བྱང་ཆུབ་སྤྱོད་པ་རླབས་ཆེན་པོས།། ཕ་རོལ་ཕྱིན་དྲུག་ལ་སོགས་ལ།། མཉམ་གཞག་ལངས་པའི་སྦྱོར་བ་ཡས།། ལམ་ལྔར་མ་གྱིས་བགྲོད་བྱས་ཏེ།། སྒྲིབ་པ་རྣམ་པ་གཉིས ་བསྔལ་ནས།། རྟོགས་གཉིས་ཡོངས་རྫོགས་པ་ལས།། འབྲས་ཟླ་སུ་གསུམ་བསྒྲུབ་པར་བྱཱཀྐ་སྐུ་གསུམ་འབྱུང་བའི་མནན་\ུ0f7f་ཀྵ། སོང་ཉིད་ནམཁའ་ལྟ་བ་ལས།། བནྡྷ་ལྔ་མེད་ཐུགས ་སྦྱིན་འབྱུང་ཞྀངྒ། སྐུ་གཉིས་བདྱཱཿའི་དུ་རྒྱུན་གྱིས།། བྱམས་གསུམ་ཐ་མའི་རྒྱུ་བྷཱ།། དྡྷི་ནཱབ་སྨྲྀ་འོས་འན་ལས།། དཱན་རྣཾ་ལ་ག་སྨིན་པར་འགྱུ་།། སངྱས་རྦཱས་ཀུན་གྱི་སྣང་བ་སྟེ།། འདི་ན ་བསྡུས་པ་ཡིན།། ཚེ་ཐུང་ནད་མིང་ལོངས་སྤྱོད་དམན།། རྒྱན་ངན་བར་ཆད་མང་བ་ཡིས།། ཡུན་རྙིང་གིནས་པའི་མཐུ་མེད་པས།། ཚིག་རྗེས་གཙང་བར་མི་ནུས་ཀྱི།། བཤེས་གཉེན་དམ་པ་བསྟེན་བྱ་སྟེ། ཤིན་ཏུ ་བརྩོན་པོའི་སེམས་ལྡན་པསོ།། གཡང་ས་རབ་ཏུ་དྲན་བྱས་ཏེ།། བདག་གཞན་གྲོལ་བར་བྱ་བའི་ཕྱིར།། སྙིང་པོ་མུར་དུ་བསྡུ་བ་ཡིན།། བརྩེ་བས་འདི་བྱས་པས་བསོད་ནམས་ཀྱིས།། སྐལ་ཏན་སེམས་ཅནི་ཐམས་ཅད ་ཀྱང་།། བྱང་ཆུབ་སེམས་དང་ལྡན་གྱུར་ནས།། སྙིང་པོ་མྱུར་དུ་སྡུད་པར་ཤོག། སྙིང་པོ་བསྡུ་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ་པཎྜི་ཏ་དེ་ཉིད་དང་། ལེ་ཙཱ་བ་དགེ་སློང་ཚུལ་ཁྲིམས་འབྱུང་གནས་ངོ་བོ་རྩེས་བསྒྱུར་ཅིང་ཞུས་ཏེ་ག་ཏན་ལ་ཕབ་པ།། ཤུ་བྷཾ།། ་