| Wylie | e-texts produced with BDRC’s OCR application |
@#རྒྱ་གར་སྐད་དུ། བོ་དྷི་པ་ཐཱ་པྲ་དཱི་པཾ། བོད་སྐད་དུ། བྱང་ཆུབ་ལམ་གྱི་སྒྲོན་མཱ། བྱང་ཆུབ་སེམས་ད་པའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། དུས་གསུམ་རྒྱལ་བ་ཐམས་ཅད་དག་དང་དེའི ་ཆོས་དང་།། དགེ་འདུན་རྣམས་ལ་གུས་པ་ཆེན་པོས་ཕྱག་བྱས་ཏེ།། སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས།། བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ།། ཆུང་ངུ་འབྲིང་དང་མཆོག་གྱུར་པས།། སྐྱེས་བུ་གསུམ ་ཏུ་ཤེས་པར་བྱ།། དེ་དག་མཚན་ཉིད་རབ་གསལ་བ།། སོ་སོའི་དབྱེ་བ་བྲི་བར་བྱ།། གང་ཞིག་ཐབས་ནི་གང་དག་གིས།། འཁོར་བའི་བདེ་བ་ཙམ་ངག་ལ།། རང་ཉིད་དོན་དུ་གཉེར་བྱེད་པ།། དེ་ནི་སྐྱེས་བུ་ཐ་མར་ཤེས།། སྲིད ་པའི་བདེ་ལ་རྒྱབ་ཕྱོགས་ཤིང་།། སྡིག་པའི་ལས་ལས་ལྡོག་བདག་ཉིད།། གང་ཞིག་རང་ཞི་ཙམ་དོན་གཉེར།། སྐྱེས་བུ་དེ་ནི་འབྲིང་ཞེས་བྱ།། རང་རྒྱུད་གཏོགས་པའི་སྡུག་བསྔལ་གྱིས།། གང་ཞིག་གཞན་གྱི་སྡུག ་བསྔལ་ཀུན།། ཡང་དགྲ་ཟད་པར་ཀུན་ནས་འདོད།། སྐྱེས་བུ་དེ་ནི་མཆོག་ཡིན་ནོ།། སེམས་ཅན་དམ་པ་བྱང་ཆུབ་མཆོག། འདོད་པར་གྱུར་པ་དེ་དག་ཀྱང་།། བླ་མ་རྣམས་ཀྱིས་བསྟེན་པ་ཡི།། ཡང་དག་ཐབས་ནི་བཤད་པར ་བྱ།། རྫོགས་སངས་བྲིས་སྐུ་ལ་སོགས་དང་།། མཆོད་རྟེན་དམ་པ་མངོན་ཕྱོགས་ནས།། མེ་ཏོག་བདུག་སྤོས་དངོས་པོ་དགྲ། ཀུན་བཟངས་སྤྱོད་ལས་གསུངས་པ་ཡི།། མཆོད་པ་རྣམ་པ་བདུན་དག་ཀྱང་།། བྱང་ཆུབ་སྙིང ་@པོའི་མཐར་ཐུག་པར།། མི་ལྡོག་པ་ཡི་སེམས་དག་གིས།། དཀོན་མཆོག་གསུམ་ལ་རབ་དད་ཅིང་།། པུས་མོའི་ལྷ་ང་སར་བཙུགས་ནས།། ཐལ་མོ་སྦྱར་བ་བྱས་ནས་ནི།། དང་པོར་སྐྱབས་འགྲོ་ལནྡ་གསུམ ་བྱ།། དེ་ནས་སེམས་ཅན་ཐམས་ཅད་ལ།། བྱམས་པའི་སེམས་ནི་སྔོན་འགྲོ་བས།། ངན་སོང་གསུམ་དུ་སྐྱེ་སོགས་དང་།། འཆི་འཕོ་སོགས་ཀྱིས་སྡུག་བསྔལ་བའི།། འགྲོ་བ་མ་ལུས་ལ་བལྟས་ཏེ།། སྡུག་བསྔལ་གྱིསྔ་ནི་སྡུག ་བསྔལ་བ།། སྡུག་བསྔལ་སྡུག་བསྔལ་རྒྱུ་མཚན་ལས།། འགྲོ་བ་ཐར་པར་འདོད་པ་ཡིས།། ལྡོག་པ་མེད་པར་དམ་འཆའ་བའི།། བྱང་ཆུབ་སེམས་ནི་བསྐྱེད་པར་བྱའོ།། དེ་ལྟར་སྨོན་པའི་སེམས་དག་ནི།། བསྐྱེད་པའི་ཡོན་ཏན ་གང་ཡིན་པ།། དེ་ནི་སྡོང་པོ་བཀོད་པ་ཡི།། མདོ་ལས་བྱམས་པས་རབ་ཏུ་བླ་ཤད།། དེ་ཡི་མདོ་ཀློག་པ་འམ་བུ་མུ་ལ་མཉན་ཏེ།། རྫོགས་པའི་བྱང་ཆུབ་སེམས་ཀྱིས་ཡོན་ཏན་མཐིའ་མེད་པ།། རྣམ་པར་ཤེས་པར་བྱས་ལ་དེ་ནས ་རྒྱུ་མཚན་དུ།། དེ་ལྟར་ཡང་དང་ཡང་དུ་སེམས་ནི་བསྐྱེད་པར་བྱ།། དཔའ་སྦྱིན་གྱིས་ཞུས་མདོ་དག་ལས།། འདི་ཡི་བསོད་ནམས་རབ་བསྟན་པོ།། གང་དེ་ཚིགས་བཅད་གསུམ་ཙམ་དུ།། མདོར་བསྡུས་འདིར་ནི་བྲི་བཱར་བྱ།། བྱུང། ་ཆུབ་སེམས་ཀྱི་བསོད་ནམས་གང་།། དེ་ལ་གལ་ཏེ་གཟུགས་མཆིས་ནས།། ནམ་མཁའི་ཁམས་ནི་ཀུན་གང་སྟེ།། དེ་ནི་དེ་བས་ལྷག་པར་འགྱུར།། གང་གཱའི་བྱེ་མ་གྲངས་སྙེད་ཀྱི།། སངས་རྒྱས་ཞིང་རྣམས་མི་གང་གིས།། ་རིན་ཆེན་ངག་གིས་ཀུན་བཀང་སྟེ།། འཇིག་རྟེན་མགོན་ལ་ཕུལ་བ་བསྡུ།། གང་གི་ཐལ་མོ་སྦྱར་བགྱིས་ཏེ།། བྱང་ཆུབ་ཏུ་ནི་སེམས་བཏུད་ན།། མཆོད་པ་འདི་ནི་ཁྱད་པར་འཕགས།། དེ་ལ་མཐའ་ནི་མ་མཆིས་སོ།། བྱང་ཆུབ་སྨོན ་པའི་སེམས་དག་བསྐྱེད་ནས་ནི།། འབད་པ་མང་པོས་ཀུན་ཏུ་སྤེལ་བྱ་ཞིང་།། འདི་ནི་སྐྱེ་བུ་གཞན་དུའང་འདྲ་དོན་དུ།། ཇི་སྐད་བཤད་པའི་བསླབ་པའང་ཡོངས་སུ་བསྲུང་།། འཇུག་སེམས་བདག་ཉིད་སྡོམ་པ་མ་གཏོགས་པར།། ་ཡང་དག་སྨོན་པ་འཕེལ་བར་འགྱུར་མ་ཡིན།། རྫོགས་པའི་བྱང་ཆུབ་སྨོན་པ་འཕེལ་འདོད་པས།། དེ་ཕྱིར་འབད་པས་འདི་ནི་ངེས་པར་བླང་།། སོ་སོར་ཐར་པ་རིགས་བདུན་གྱི།། རྟག་ཏུ་སྡོམ་གཞན་ལྡན་པ་དང་།། བྱང་ཆུབ་སེམས ་དཔའི་སྡོམ་པ་ཡི།། སྦྲུལ་བ་ཡོད་ཀྱི་གཞན་དུ་མིན།། སོ་སོར་ཐར་པ་རིགས་བདུན་དང་།། དེ་བཞིན་གཤེགས་པས་བཤད་པ་ལ།། ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ།། དགེ་སློང་སྡོམ་པ་དག་ཏུ་བཞེད།། བྱང་ཆུབ་སེམས ་དཔྱའི་སྡེ་དག་གི། ཚུལ་ཁྲིམས་ལེའུར་གསུངས་ཆོ་ག་ཡི།། ཡང་དག་མཚན་ཉིད་ལྡན་པ་ཡི།། བླ་མ་བཟང་ལས་སྡོམ་པ་བླང་།། སྡོམ་པའི་ཆོ་ག་ལ་མཁས་དང་།། བདག་ཉིད་གང་ཞིག་སྡོམ་ལ་གནས།། སྡོམ་པ་འབོགས ་བཟོད་སྙིང་རྗེར་ལྡན།། བླ་མ་བཟང་པོར་ཤེས་པར་བྱ།། དེ་ལ་འབད་པས་འདི་འདྲ་བའི།། གལ་ཏེ་བླ་མ་མ་རྙེད་ན།། དེ་ལས་གཞན་སྡོམ་ནོད་པ་ཡི།། ཆོ་ག་ཡང་དག་བཤད་པར་བྱ།། དེ་ལ་སྔོན་ཚེ་འཇམ་པའི་དཔལ།། ཨམ ་བ་ར་ཛར་གྱུར་པ་ཡིས།། ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ།། འཇམ་དཔལ་གྱི་ནི་སངས་རྒྱས་ཞིང་།། རྒྱན་གྱི་མདོ་ལས་བྱཤད་པ་ལྟར།། དེ་བཞིན་འདིར་ནི་རབ་གསལ་བྲི།། མགོན་པོ་རྣམས་ཀྱི་སྤྱན་སྟཱ་རུ།། ་རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང་།། འགྲོ་བ་ཐམས་ཅད་མགྲོན་དུ་གཉེར།། དེ་དག་འཁོར་བ་ལས་བསྒྲལ་ལོ།། གནོད་སེམས་ཁྲོ་བའི་སེམས་ཉིད་དང་།། སེར་སྣ་དང་ནི་ཕྲག་དོག་ཉིད།། དེང་ནས་བཟུང་ནས་བྱང ་ཆུབ་མཆོག། ཐོབ་ཀྱི་བར་དུ་མི་བྱའོ།། ཚངས་པར་སྤྱོད་པ་སྦྱང་བྱ་ཞིང་།། སྡིག་དང་འདོད་པ་སྤང་བར་བྱ།། ཚུལ་ཁྲིམས་སྡོམ་པ་ལ་དགའ་བས།། སངས་རྒྱས་རྗེསུ་བསླབ་པར་བྱ།། བདག་ཉིད་མྱུར་བའི་ཚུལ་གྱིས་ནི།། བྱང ་ཆུབ་ཐོབ་པར་མི་སྤྲོ་ཞིང་།། སེམས་ཅན་གཅིག་གི་རྒྱུ་ཡིས་ནི།། ཕྱི་མའི་མུ་མཐར་གནས་པར་བགྱི།། ཚད་མིང་བསམ་གྱིས་མི་ཁྱབ་པའི།། ཞིང་དག་རྣམ་པར་སྦྱང་བར་བྱ།། མིང་ནས་གཟུང་བ་བྱས་པ་དང་།། ཕྱོགས་བཅུ་དག ་ཏུ་རྣམ་པར་གནས།། བདག་གི་ལུས་དང་ངག་གི་ལས།། ཐམས་ཅད་ངུ་ནི་དག་པར་བྱས།། ཡིད་ཀྱི་ལས་ཀྱང་དག་བྱ་སྟེ།། མི་དགེའི་ལས་རྣམས་མི་བྱའོ།། རང་གི་ལུས་ངག་སེམས་ནི་རྣམ་དགུ་རྒྱུ།། འཇུག་པའི་སེམས ་ཀྱེ་བདག་ཉིད་སྡོམ་གནས་པ།། ཚུལ་ཁྲིམས་བསྒྲུབ་པ་གསུམ་ལ་ལེགས་བསླབས་པས།། ཚུལ་ཁྲིམས་བསྒྲུབ་པ་གསུམ་ལ་གྲུས་ཆེར་འགྱུར།། དེ་བས་རྣམ་དག་རྫོགས་བྱང་ཆུབ།། སེམས་དཔའི་སྡོམ་པའི་སྦོམ་དག་ནི།། ་འབད་པར་བྱས་པས་རྫོགས་བྱང་ཆུབ།། ཚོགས་ནི་ཡོངས་སུ་རྫོགས་པར་འགྱུར།། བསོད་ནམས་ཡེ་ཤེས་རང་བཞིན་གྱི།། ཚོགས་ནི་ཡོངས་སུ་རྫོགས་པ་ཡི།། རྒྱུ་ནི་སངས་རྒྱས་ཐམས་ཅད་དག། མངོན་ཤེས ་སྐྱེས་པ་ཉིད་དུ་བཞེད།། ཇི་ལྟར་འདབ་གཤོག་མ་སྐྱེས་པའི།། བྱས་ནི་ནམ་མཁའ་ལ་འཕུར་མི་ནུས།། དེ་བཞིན་མངོན་ཤེས་སྟོབས་བྲལ་བས།། སེམས་ཅན་དོན་བྱེད་ནུས་པ་མིན། མངོན་ཤེས་ལྡན་པའི ་ཉིན་མཚན་གྱི།། བསོད་ནམས་དག་ནི་གང་ཡིན་ཏེ།། མངོན་ཤེས་དག་དྲང་བྲལ་གྱུར་ལ།། སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན།། མྱུར་དུ་རྫོགས་པའི་བྱང་ཆུབ་ཚོགས།། ཡོངས་སུ་རྫོགས་པར་འདོད་གྱུར་པ།། ་དེས་ནི་འབད་བྱས་མངོན་ཤེས་དག། འགྲུབ་པར་འགྱུར་གྱིས་ལེ་ལོས་མིན།། ཞི་གནས་གྲུབ་པ་མ་ཡིན་པས།། མངོན་ཤེས་འབྱུང་བར་མི་འགྱུར་བསྡུ།། དེ་ཕྱིར་ཞུ་གནྡྷས་བྱ་སྒྲུབ་པའི་ཕྱིར།། ཡང་དང་ཡང་དུ ་འབང་པར་བྱ།། ཞི་གནས་ཡན་ལག་རྣམ་ཉམས་པས།། རབ་ཏུ་འབད་དེ་བསྒོམ་བྱས་ཀྱང་།། ལོ་ནི་སྟོང་ཕྲག་དག་གིས་ཀྱང་།། ཏིང་འཛིན་འགྲུབ་པར་མི་འགྱུར་རོ།། དེ་ཕྱིར་ཏིང་འཛིན་ཆོ་ག་ས་ལེའུ་ལོས།། གསུངས་པའི ་ཡན་ལག་ལ་ལེགས་གནས།། དམིགས་པ་གང་རུང་ཅིག་ལའང་།། ཡང་ནི་དགེ་ལ་གཞག་པར་བྱ།། རྣལ་འབྱོར་ཞི་གནས་གྲུབ་གྱུར་ན།། མངོན་ཤེས་ངག་ཀྱང་འགྲུབ་པར་འགྱུར།། ཤེས་རབ་ཕ་རོལ་ཕྱིན་སྦྱོར་དང་།། བྲལ ་བཱས་སྒྲིབ་པ་ཟད་མི་འགྱུར།། དེ་ཕྱིར་ཉོན་མོངས་ཤེས་བྱ་ཡི།། སྒྲིབ་པ་མ་ལུས་སྤྱད་པའི་ཕྱིར།། ཤྲཱིས་རབ་ཕ་རོལ་ཕྱིན་རྣལ་འབྱོར།། རྟག་ཏུ་ཐབསུ་བཅས་བསྒོམ་པར་བྱ།། ཐབས་དང ་བྲལ་བའི་ཤེས་རབ་དང་།། ཤེས་རབ་བྲལ་བའི་ཐབས་དག་ཀྱང་།། གང་ཕྱིར་འཆིང་བ་ཞེས་གསུངས་པ།། དེ་ཕྱིར་གཉིས་ཀ་སྤྱང་མི་བྱ།། ཤེས་རབ་གང་དང་ཐབས་གང་ཞེས།། ཐེ་ཚོམ་དག་ནི་སྤང་བྱའི་ཕྱིར།། ཐབས ་རྣམས་དང་ནི་ཤེས་རབ་ཀྱི།། ཡང་དག་དབྱེ་བ་གསལ་བར་བྱ།། ཤེས་རབ་ཕ་རོལ་ཕྱིན་སྤངས་པའི།། སྦྱིན་པའི་ཕ་རོལ་ཕྱིན་ལ་སོགས།། དགེ་བའི་ཚོགས་རྣམས་ཐམས་ཅད་དག། རྒྱལ་བ་རྣམས་ཀྱིས་ཐབ ་སུ་བཤད།། ཐབས་བསྒོམ་དབང་གིས་བདག་ཉིད་ཀྱིས།། གང་ཞིག་ཤེས་རབ་རྣམ་བསྒོམ་པ།། དེ་ནི་བྱང་ཆུབ་མྱུར་དུ་ཐོབ།། བདག་མེད་གཅིག་པུ་བསྒོམ་པས་མིན?།། ཕུང་པོ་ཁམས་དང་སྐྱེ་མཆོད་རྣམས།། སྐྱེ་བ ་མེད་པར་རྟོགས་གྱུར་པའི།། རང་བཞིན་སྟོང་ཉིད་ཤེས་པ་ནི།། ཤེས་རབ་ཅེས་ནི་ཡོངས་སུ་བཤད།། ཡོད་པ་སྐྱེ་བ་རིགས་མིནྣ་ཏེ།། མེད་པའང་ནཱ་མཱཁའི་མེ་ཏོག་བཞིན།། ཉེས་པ་གཉིས་ཀར་ཐལ་འགྱུར ་ཕྱིར།། གཉིས་ཀ་དག་ཀྱང་འབྱུང་བ་མིན།། དངོས་པོ་རང་ལས་མི་སྐྱེ་ཞིང་།། གཞན་དང་གཉི་ཀ་ལས་ཀྱང་མིན།། རྒྱུ་མེད་ལས་མིན་དེ་ཡི་ཕྱིར།། ངོ་བོ་ཉིད་ཀྱིས་རང་བཞིན་མེད།། ཡང་ན་ཆོས་རྣམས་ཐམས་ཅད་དག། ་གཅིག་དྲང་དུ་མས་རྣམ་དཔྱད་ན།། ངོ་བོ་ཉིད་ནི་མི་རིགས་པས།། རང་བཞིན་སྲེད་པ་ཉིད་དུ་ངེས།། སྟོང་ཉིད་བདུན་བཅུའི་རིགས་པ་དང་།། དབུ་མ་རྩུ་བ་སོགས་ལས་ཀྱང་།། དངོས་པོ་རྣམས་ཀྱི་རང་བཞིན་གྱི།། སྟོང ་བ་ཉིད་ནི་གྲུབ་བཱ་ཤད་པ།། གང་ཕྱིར་གཞུང་ནི་མངས་འགྱུར་བས།། དེ་ཕྱིར་འདིར་ནི་མ་སྤྲོས་ལ།། གྲུབ་པའི་གྲུབ་མཐའ་ཙམྦ་ཞིག་ཏུ།། བསྒོམ་པའི་ཕྱིར་ནི་རབ་ཏུ་བཤད།། དེ་བྱས་ཆོས་རྣམས་མ་ལུས་པའི།། རང ་བཞིན་དག་ནི་མི་དམིགས་པས།། བདག་མེད་པར་ནི་བསྒོམ་གང་ཡིན།། དེ་ཉིད་ཤེས་རབ་བསྒོམ་པ་ཡིན།། ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན།། གང་གི་རང་བཞིན་མ་མཐོང་ཞིང་།། ཤེས་རབ་དེ་ཉིད་རིག་བཤད ་པ། རྣམ་རྟོགས་མེད་པར་དེ་བསྒོམ་བྱ།། རྣམ་རྟོག་ལས་བྱུང་སྲིད་པ་འདི།། རྣམ་པར་རྟོགས་པའི་བདག་ཉིད་དེ།། དེ་ཕྱིར་མ་ལུས་རྟོགས་སྤངས་པ།། མྱ་ངན་འདས་པ་མཆོག་ཡིན་ནོ།། དེ་ལྟར་ཡང་བཅོམ ་ལྡན་འདས་ཀྱིས།། རྣམ་རྟོག་མ་རིག་ཆེན་པོ་སྟེ།། འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད།། རྟོགས་མེད་ཏིང་ངེ་འཛིན་ལ་གནས།། ནམ་མཁའ་བཞིན་དུ་རྟོག་མེད་གསལ་ཞེས་གསུངས་སོ།། རྣམ་པར་མི་རྟོག་པ། ་ལེ་འཇུག་པའི་གཟུགས་ལས་ཀྱང་།། དམ་ཆོས་འདི་ལས་རྒྱལ་བའི་སྲས།། རྣམ་པར་མི་རྟོག་བསམ་གྱུར་ན།། རྣམ་རྟོག་བགྲོད་དཀའ་རྣམས་འདས་ཏེ།། རིམ་གྱིས་མི་རྟོག་ཐོབ་པར་འགྱུར།། ཞེས་གསུངས་སོ།། ་ལུས་དང་རིགས་པ་དག་གིས་ནི།། ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི།། རང་བཞིན་མེད་པ་ངེས་བྱས་ནས།། རྣམ་པར་རྟོག་མེད་བསྒོམ་པར་བྱ།། དེ་ལྟར་དེ་ཉིད་བསྒོམ་བྱས་ནས།། རིམ་གྱིས་དྲོད ་སོགས་ཐོབ་བྱས་ནས།། རབ་དགའ་ལ་སོགས་ཐོབ་འགྱུར་ཏེ།། སངས་རྒྱས་བྱང་ཆུབ་ཡུན་མྱི་རིང་།། སྔགས་མཐུ་ཉིད་ལས་གྲུབ་པ་ཡི།། ཞི་དང་རྒྱས་སོགས་ལས་རྣམས་ཀྱིས།། བུམ་པ་བཟང་གྲུབ་ལ་སོགས། ་གྲུབ་ཆེན་བརྒྱད་སོགས་སྟོབས་ཀྱིས་ཀྱང་།། བདེ་བ་ཡིས་ནི་བྱང་ཆུབ་ཚོགས།། ཡོངས་སུ་རྫོགས་པར་འདོད་པ་དང་།། བྱ་བ་སྤྱོད་སོགས་རྒྱུད་གསུངས་པའི།། གལ་ཏེ་གསང་སྔགས་སྤྱོད་འདོད་ན།། དེ་ཚེ་སློབ་དཔོན ་དབང་བསྐུར་ཕྱིར།། བསྙེན་བཀུར་རིན་ཆེན་སོགས་སྦྱིན་དང་།། བཀའ་བསྒྲུབ་ལ་སོགས་ཐམས་ཅད་ཀྱིས།། བླ་མ་དམ་པ་མཉེས་པར་བྱ།། བླ་མ་མཉེས་པར་གྱུར་པ་ཡིས།། ཡོངས་རྫོགས་སློབ་དཔོན་དབང་བསྐུར་བས།། ་སྡིག་ཀུན་རྣམ་དག་བདག་ཉིད་ནི།། དངོས་གྲུབ་སྒྲུབ་པོའི་སྐལ་ལྡན་འགྱུར།། དང་པོ་སངས་རྒྱས་རྒྱུད་ཆེན་ལས།། རག་ཏུ་འབད་པས་བཀག་པའི་ཕྱིར།། གསང་བ་ཤེས་རབ་དབང་བསྐུར་ནི།། ཚངས་པར་སྤྱོད་པས ་བླིངས་མི་བྱེ།། གལ་ཏེ་དབང་བསྐུར་དེ་འཛིན་ན།། ཚངས་སྤྱོད་དཀའ་ཐུབ་ལ་གནས་པས།། བཀག་པ་སྤྱད་པར་འགྱུར་བའི་ཕྱིར།། དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ།། བརྟུལ་བཞུགས་ཅན་དེ་ཕམ་པ་ཡི།། ལྟུང་བ་དག ་ནཱིནི་འབྱུང་འགྱུར་ཞིང་།། དེ་ནི་ངན་སོང་ངེས་ལྟུང་བས།། གྲུབ་པ་ཡང་ནི་ཡོད་མ་ཡིན།། རྒྱུད་ཀུན་ཉན་དང་འཆང་པ་དང་།། སྦྱིན་བསྐྱེག་མཆོད་སྦྱིན་སོགས་བྱེད་པ།། སློབ་དཔོན་དབང་བསྐུར་རྨེད་འགྱུར་ཞིང་།། དེ་ཉིད ་རླིག་ལ་ཉེས་པ་མེད།། གནས་བརྟན་མར་མི་མཇེད་དཔལ་གྱི།། མདོ་སོགས་ཆོས་ལས་བྲི་ཤད་མཐོང་བ།། བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནོས།། བྱང་ཆུབ་ལམ་བཤེད་མདོར་བསྡུས་བྱིས།། བྱང་ཆུབ་ལམ་དྷི ་སྐྱོན་མྱ།། སློབ་དཔོན་ཆེན་པོ་དཔལ་མར་མེ་མཇེད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཆེན་པོ་དེ་ཉིད་དང་། ཞུ་ཚནྟི་ལོ་ཙཱ་བ་དགེ་སྦྱོང ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པ།། ཆོས་འཛིན་ཞང་ཞུང་གི་ཐོ་ལིང་གཙུག་ལག་ཁང་དུ་མཛད་པའོ།། ། ཤྲ་བྷེ། བཀྲ་ཤིས། ་སརྦ་མེངྒའོ།། ། དགེའོ།། ་