CLOSE WINDOW

GT3345: byang chub sems dpa'i spyod pa mdo tsam gdams ngag tu byas pa
Wyliee-texts produced with BDRC’s OCR application

པོ་ཀྲིཥྞ་པ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ཤུ་བྷཾ།། རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙརྱཱ་སཱུ་ཏྲི་ཀྲི་ཏ་བ་བཱ་རཱ། བོད་སྐད་དུ། བྱང་ཆུབ ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ངེས་པར་ལེགས་པའི་བྱང་ཆུབ་དང་།། མངོན་པར་མཐོ་བ་ཐོབ་འདོད་པས།། དཀོན ་མཆོག་གསུམ་ལྔ་ལྷུར་བཟུང་ནས།། དང་པོ་སྙིང་རྗེ་ཀུན་ལ་ལྷ།། དེ་ནས་བྱང་ཆུབ་སེམས་བསྐྱེད་དེ།། ཐབས་དང་ལྡན་པའི་སྤྱོད་པ་ཡིས།། རང་གི་སེམྦྷ་སྣ་ཉིད་དང་པོར་གདུལ།། དང་པོ་རང་ཉིད་མ་དུལ་བཱར།། གཞན ་ངགྲ་གདུལ་བར་ཇི་ལྟར་ནུས།། ཇི་ལྟར་འདབ་གཤོག་མ་ཚང་བའི།། བྱ་ཡིས་མཁའ་ལ་འཕུར་མི་ནུས།། དེ་བཞིན་ལྟེ་སྤྱོང་མེད་པ་ཡི།། གང་ཟག་དག་ནི་ཇི་ལྟར་གྲོལ།། དེ་ཕྱིར་དེ་གཉིས་གྲུབ་པའི་ཕྱིར།། དཀའ ་བའི་འབད་པ་ཆེན་པོས་བྱ།། དཀའ་བས་སྦྱར་བ་མ་བྱས་པར།། སླ་བས་གོམས་པར་ཇི་ལྟར་འགྱུར།། གོ་བགོས་ཁུར་ཁྱེར་རྒྱལ་སྲས་ངེས།། དགེ་བའི་བཤེས་གཉེན་བསྟེན་བྱས་ཏེ།། ཤེས་རབ་གསུམ་ལ་བཞི ་བཅས་ནས།། གོ་འཕང་མཆོག་ཏུ་འགྲོ་བ་ཡི།། ལྟ་བ་ཉིད་ལ་གཙོར་སྦྱངས་ཏེ།། ཚུལ་ཁྲིམས་གཙང་མའི་གོས་གྱོན་ནས།། སྒྲུབ་ལ་ནན་ཏན་ཅེས་སུ་བྱ།། ཆོས་ཀྱི་རྗེས་སུ་བསྒྲུབ་པའི་ཕྱིར།། དུས་དང་གནས་སྐབས་ཀུན་ཏུ ་ཡང་། སྦྱོར་བ་དངོས་གཞི་རྗེས་གསུམ་གྱི།། ལས་རྣམས་དྲན་པས་ཟིན་པར་བྱ།། སྐྱོན་སྤངས་ལེགས་སྒྲུབ་དོན་ཡོད་བྱ།། སྤྱོད་ལམ་དོན་མེང་དུ་མི་གནས།། རྟག་ཏུ་རང་གི་ཡོནྟན་སྦྱང་།། དགེ་བའི་ཕྱོགས་ཀྱི་སྦྱོར་བ ་ལ།། སྤྲོ་བྱ་ཞུམ་དང་སེམས་མི་གསང་།། ཉེ་སྣ་སྤོང་ཡོན་ཏན་དགེ་འཕེལ་བའི།། གྲོགས་བཙལ་མཐུན་པས་དེ་སེམས་གཟུང་།། ཡོན་ཏན་ཙནྡ་ལ་གུས་ཕྱག་བྱ།། ཉོན་མོངས་སྐྱེ་གྲོགས་ཐབས་ཀྱིས་སྤང་།། མཐོ་དམན་གྲོགས ་ཀུན་དག་ལྕེ་ཡང་།། ཆུ་ལས་པོ་མ་ལེན་པ་བཞིན།། ཉེས་པ་དོར་ལ་ལེགས་པ་བླང་།། བྱས་ལ་དྲིནྡ་གཟོ་སླར་ཕན་གདགས།། གཞན་གྱི་སྡིག་རྐྱེན་མི་བྱ་ཞིང་།། དགེ་བའི་བར་ཆད་མི་བྱའོ།། མཐོ་ལྔ་ཕུན་ཚོགས་ཕྲག་དོག ་མེད།། གྲོགས་དང་དམན་ལ་བརྙས་ཐབས་དང་།། ཁྱད་དུ་གསང་བ་ཉིད་མི་བྱ།། རང་སྐྱོན་གཞན་གྱི་ཡོན་ཏན་བསྒྲག། གཞན་སྐྱོན་མི་གླེང་རང་མི་བསྟོད་།། འདི་བས་ཕྱི་མ་གཙོར་གཟུང་སྟེ།། བྱེད་དགུ་ཆོས་དང་བསྟུན ་ཏེ་བྱ།། འདི་ཡི་ཟང་ཟིང་རྣམ་སྤངས་ཏེ།། འཕགས་པའི་ནོར་གྱིས་ལུས་བརྒྱན་བྱ།། སྡུག་བསྔལ་དག་ལ་བདེར་མི་གཟུང་།། གཉིད་རྨུགས་ལེ་ལོ་གཡེང་སྤངས་ཏེ།། ངེས་པར་འཆི་བའི་འདུ་ཤེས ་བསྐྱེད།། དགེ་བ་ཆུང་ཡང་འབད་པས་བསྒྲུབ།། སྡིག་པ་ཆུང་ཡང་རྣམ་པར་སྤང་།། ཆོས་ཀྱི་ཆེད་དུ་མ་གཏོགས་པར།། ཁ་ཟས་གོས་སོགས་དོན་མི་གཉེར།། འདོད་པ་ཆུང་དང་ཆོག་ཤེས་བྱ།། འཇིག་རྟེན་ཆོས་བརྒྱད་རྣམ་པར་སྤང་།། ངོ ་དགའ་གཞོག་སློང་སོགས་མི་བྱ།། རང་ལ་སྐྱོན་ཡོང་མི་ཚོར་བར།། གཞན་གྱི་སྐྱོན་ལ་དཔྱད་མི་བྱ།། སྨ་དགའ་ཁྭས་ལེན་པ་བྱས་ནས།། དེ་བཞིན་མི་སྒྲུབ་སྤང་བར་བྱ།། གཡོ་དང་སྒྱུ་དག་མི་བྱ་ཞིང་།། ལོག་པའི་འཚོ་བ་རྣམ་པར་སྤང་།། ་ཆོས་དང་མཐུན་བླས་བསྒྲུབ་པར་བྱ།། ཉེ་དུ་འབྲེལ་པ་ལ་སོགས་ལ།། ཞེན་པས་ཆགས་པར་མི་བྱ་ཞིང་།། ཕྱོགས་རིས་ཞེན་ཕྱོགས་མེད་པར་བྱ།། གཞན་ལ་རེ་བ་ཆུང་བར་བྱ།། མི་དགེའི་ལས་ལ་མི་བསྟོད་སྨད།། དགོས་པ་མེད་པའི་འདུ ་འཛི་སྤང་།། བྲེ་མོའི་གཏམ་ལ་དགའ་མི་བྱ།། ཞེས་པས་འདོད་པའི་ཡིད་སྨོན་དགག། ཡོན་ཏན་ཐོབ་དང་ཚོགས་འཕེལ་བའི།། ལས་ལ་ཞུམ་དང་ངོ་ཚ་སྤང་།། ང་རྒྱལ་ཁེངས་པ་གཉེན་པོས་གཞོམ།། ཞེ་གདུག་ཁྲིང་གྲགས ་རྣམ་པར་སྤངས།། དངོས་དང་བརྒྱུད་པས་སེམས་ཅན་ཀུན།། ཉེ་དུ་འབྲེལ་པར་གྱུར་པས་ན།། ལུས་ངག་ཡིད་གསུམ་དྲི་མེད་པས།། དེ་དག་ཀུན་ལ་བུ་བཞིན་བལྟ།། སྙིང་རྗེས་བཞིན་འཛུམ་གསོང་པོར་སྨྲ།། དགའ་བའི་མིག ་གིས་ཀུན་ལ་བལྟ།། འགྲོར་གྲོགས་མཐོ་དམན་ཉེ་རིང་སྙོམས།། བསྟོད་དང་བཀུར་སྟི་མི་དྲེགས་ཤིང་།། སྨོད་དང་བརྙས་ལ་ཞེ་མི་སྡང་།། ཕོངས་པ་རྣམས་ལ་སྙིང་རྗེ་ཡིས།། ཕན་ནི་གདགས་པ་ཉིད་དུ་བྱ།། གང་ལ་ཆགས་པ ་སྤང་བྱ་སྟེ།། དམན་པ་རྣམས་ལ་སྙིང་རྗེ་དང་།། ཕན་པའི་བསམ་པས་གདམས་དག་བྱ།། སེམས་ཅན་བསམ་པ་ཐ་དད་པས།། བྱ་བ་དོན་ཆེན་བརྟགས་ཏེ་བྱ།། ཐམས་ཅད་མགུ་བར་སུ་ཡིས་ནུས།། འོན་ཀྱང་འགྱོད་པ་མེད་པ ་ཡིས།། སྡུག་བསྔལ་ཁྱེད་བསད་བདེ་མ་ཆགས།། རང་གི་སེམས་སྦྱངས་གཞན་སེམས་བཟུང་།། བརྙས་ངང་ཉེས་པ་བྱུང་ལ་སོགས།། གཉེན་པོ་ལས་དང་བརྫུན་པས་སྦྱང་།། དེ་ལྟར་བལྟ་ཞིང་བྱང་ཆུབ་ཀྱི།། སྤྱོད་པ་ཡི་དམ ་བརྟན་པར་བྱ།། མི་ལུས་རིན་ཆེན་ཆུད་མི་གསན།། ངེས་པར་འཆི་བོས་ལོང་མེད་སྲིད།། བརྩོན་འགྲུས་མེ་བཞིན་དྲག་ཏུ་སྤྱོད།། མངོན་ཞེན་བདག་ལྷའི་རྩ་བ་ཆོད།། དུག་གསུམ་འཁོར་བ་གཉེན་པོས་ཆོམ།། ཕྱི་ན་ཅི་ལྡོག ་གྱི་གཡང་སཾ་དོར།། འཁོར་བའི་རྒྱུན་ཆོད་ལས་ཆུ་སྒོམས།། ངན་སོང་གསུམ་པོ་སྒོ་ཆོད་ལ།། སྡུག་བསྔལ་གསུམ་གྱི་ནང་གཞིལ་ཏེ།། མཐོ་རིས་ཐར་པའི་སྐས་ལ་འཛེགས།། སྒྲིབ་པ་གཉིས་སྦྱོངས་ཚོགས་གཉིས ་རྫོགས།། སྐུ་དང་ཡེ་ཤེས་ས་ཐོབ་སྟེ།། འབད་པ་མེད་པར་གཞན་དོན་བསྒྲུབས།། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ།། སློབ་དཔོན་ཆེན་དཔལ་མཱ་མཛད་ཡིས་ཀྱིས་མཛད་པ་རྫོགསོ།། བཀྲིས།། ་