| Wylie | e-texts produced with BDRC’s OCR application |
།། རྒྱ་གར་སྐད་དུ། ཡ་ཏི་ཀརྨི་བྷྲ་མ~ཾ་ཀ་རི་པ་རི། བོད་སྐད་དུ། ལས་དང་པོ་པའི་ས་སྦྱང་པ།། སངས་རྒྱས་ལ་ཕྱག་འཚལ་ལོ།། ཉི་མ་ལྟ་བུར་གཟི་ལྡན་སྐུ།། སངས་རྒྱས་ཞབསྐུ་ལ་ཕྱག་འཚལ་ཏེ།། ལས ་ནི་དང་པོ་པ་ཡིས།། སྦྱངས་པའི་འདར་ནི་བཤད་པར་བྱ།། ལམ་མ་སྦྱངས་པའི་ཉེས་པ་དང་།། ལུམ་གྱི་སྦྱང་བ་གང་ཞེ་ནོ།། ལམ་མ་སྦྱངས་པའི་སྐྱེ་བོ་དག། བྱེས་བགྲོང་ངལ་དྲུབ་ཚ་གྲང་དང་།། ལྕེ་དང་རྩུ་བ་དང་སྐྱོ་བ་དང་།། ་བཀྲེས་སྐོམ་གདུངས་ཤིང་བརྙས་པ་དང་།། འཇིགས་དང་ཡི་མུག་ཉམས་སུ་མྱོང་།། མྱ་ངན་འཚེར་འགྲོ་བ་བཅས་པ་དང་།། ཁ་ཅིག་སྤྱིའུ་ཚུགས་དམྱལ་བ་དང་།། དུད་འགྲོ་ཡི་དགས་རྣམས་སུ་བསྟེན།། ནོར་དང་བཟླའ ་བཏུང་གྲགས་པ་དག། འདོད་པས་བྱེས་བགྲོང་སྡུག་བསྔལ་ཅན།། རེ་བ་འབྲས་བུ་མེད་པ་དང་།། སྡུག་དང་བྲལ་དང་མི་སྡུག་ཕྲད།། མི་བཟང་ན་རྒས་འཇོམས་བཞིན་དུ།། འཆི་བདག་དྲུང་དུ་མྱུར་འགྲོ་བ།། མ་ཚོར ་ག་ཞར་བཅས་ཤིང་རྩེ།། ཚེ་འདི་དོན་མེད་མྱུར་དུ་འདའ།། ཡང་དང་ཡང་དུ་སྐྱེ་བ་ཡིས།། འཁོར་བའི་ཉེས་པ་གྲགས་མེང་བསྟེན།། ཀྱི་ཧུད་ལམ་ལས་ཉམས་པ་ཡི།། སྐྱེ་བོ་དག་ནི་ཉམ་དཪྴ་གནས།། མི་བཟང་མྱ ་ངན་འབྲོག་དགོན་དུ།། ལམ་གོལ་གྱུར་པ་དག་དང་མཚུངས།། མིག་ལྡན་ལོམ་ལོག་འགྲོ་བ་ལྟར།། ལམ་ལས་ཉམས་པའི་སྐྱེ་བོ་སྨད།། དེ་ལ་ལམ་སྦྱང་བ་གང་ཞེ་ན།། འདིར་ལས་དང་པོ་པའི་ས་ནི་ལམ་གྱི་དང་པོ་སྟེ།། ་དེ་སྦྱང་བ་ནི་དབྱེ་བ་རྣམ་པ་དུ་མ་དང་ལྡན་པའི་དཀོན་མཆོག་གསུམ་ལེགས་པར་ཤེས་ནས་ཕྱག་འཚལ་བ་དང་།། རྒྱ་ཆེར་མཆོད་པ་དང་། ཡོན་ཏན་བརྗོད་པས་བསྟོད་པ་དང་།། སྙིང་ཐག་པ་ནས་སྐྱབས ་སུ་འགྲོ་བ་དང་།། རྗེས་སུ་དྲན་པ་བསྒོམས་པས་བསླབ་པ་ལ་སློབ་པས་སྐྱབས་ཕུན་སུམ་ཚོགས་པ་ཡིན།། མི་དགེ་བ་བཅུའི་ཉེས་པ་ཤེས་པ་དང་། དགེ་བ་བཅུའི་ཡོན་ཏན་ཤེས་པ་དང་། དགེ་བ་བཅུའི་སྡོམ་པ་ལེན་པ་དང་། ་རྣངས་པ་སྒྱུར་མི་གརྗོད་བྱ་དང་། ཡན་འག་ཉམས་ན་སདཱ་ནཱི་སྣ་བཞིན་དུ། འཚོས་པས་སྡོམ་པ་ལ་གནས་པ་ཡིན།། བྱང་ཆུབ་སེམས་ཀྱི་ཕན་ཡོན་ལགས་པ་ཤེས་པ་དང་། དྷི་སྐྱེ་བའི་རྩ་ལཱྀ་གནས་པ་དང་། མས ་དེ་ཡང་དག་པར་བསྐྱེད་པ་དང་། བསྐྱེད་པའི་མི་མཐུན་པའི་ཕྱོགས་རིང་དུ་སྤོང་བ་དང་། སེམས་དེ་འཕེལ་ཞིང་མི་བརྗོད་པའི་ཆོས་ལ་གནས་པས་བྱང་ཆུབ་ཀྱི་སེམས་ལ་གནས་པ་ཡིན་པས། དེ་ལྟར་ཆོས་རྣམ་པ་གསུམ ་ལ་རྣམ་པ་བཅོ་ལྔར་ཕྱེ་བ་འདི་ནི་འདིར་ས་སྦྱང་བའི་གཞི་དང་། རྟེནྡ་དང་། གནས་ཞེས་བྱའོ།། དེ་གཞི་དེ་ལྟ་བུ་ལ་བརྟེན་ནས། ལམ་གྱི་དངོས་གཞི་གང་།། ཇི་ལྟར་སྦྱང་ཞེ་ན། གཞི་དེ་དག་ལ་ལེགས་པར་གནས་པས ་འཇུག་པ་བྱང་ཆུབ་ཀྱི་སེམས་བླང་བ་བྱས་ནས། ཇི་ལྟར་བླངས་པའི་སྡོམ་པ་ལས་མི་འདའ་བར་བྱམས་པ་ཚད་མེད་པ་བསྒོམ་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་བསྒོམ་ཞིང་། ཡང་དག་པར་སྤོང་བ་བཞི་ལ་གནས ་པར་བྱ་སྟེ། འདི་ནི་ལས་དང་པོ་པའི་སའི་དངོས་གཞི་ཡིད་ལ་བྱ་བས།། རིམ་གྱིས་འཕགས་པའི་བདེན་པ་ལ་འཇུག་པར་བྱའོ།། དེ་ཡང་དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་བཞི་གྲུབ་ནས། ཏིང་ངེ་འཛིན་གྱི་ངོ་བོ་རྫུ་འཕྲུལ ་གྱི་རྐང་པ་བཞི་ལྔ་གནས་པ་ན། ས་དེ་ཉིད་ཀྱི་ཁྱད་པར་ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་བསྐྱེད་པ་ཡིན་ཏེ། བདག་དང་གཞན་གྱི་འབྱོར་པ་དང་།། དགེ་འདུན་དང་ཚུལ་ཁྲིམས་དབང་པོ་དང་།། དེ་བཞིན་ཟས་དང་མ་ཉལ་དང་།། ་ཤེས་བཞིན་དུ་ནི་མི་སྤྱོད་དང་།། དེ་བཞིན་དགེ་བའི་བཤེས་གཉེན་དང་།། དམ་ཆོས་ཉན་དྲང་སེམས་པ་དང་།། བར་ཆད་མེད་དང་གཏོང་བ་དང་།། དགེ་སྦྱོང་རྒྱན་ནི་ཐ་མ་ཡིན།། དང་ལྡན་གཡོ་མྱེད་ནང་ཉུང་དང་།། བརྩོན་འགྲུས་ཤེས ་རབ་འདོད་ཆུང་དང་།། ཆོ་ག་ཤེས་གསོ་སླ་དགྲང་སླ་དང་།། སྦྱངས་དང་མཛེས་དང་དྲོད་རིག་དང་།། སྐྱེས་བུ་དམ་ཆོས་མཁས་རྟགས་དང་།། བཟོད་དང་ངེས་དང་གྱ་ནོམ་པའོ་ཞེས་བྱ་བའི་ཡོན་ཏན་དང་ལྡན་ལ། དེ་ལས་གཞན་པ། ་ཐེག་པ་ཆེན་པོའི་ཚོགས་ལམ་གྱི་ཁྱད་པར་ལུས་ལ་དབང་བ་ལ་སོགས་པ་དང་། སྙིང་རྗེ་ཆེན་པོའི་སྒོ་སྔོན་དུ་གྱུར་པས་སྡུག་བསྩལ་བ་མཐོང་བ་ན་རབ་དབང་མེད་པར་མཆི་མའི་རྒྱུན་འབབ་པ་ལ་སོགས་པ་འབྱུང་ངོ་།། དེ་ལྟར ་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། བྱམས་པའི་ཏིང་ངེ་འཛིན་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་པོ།། སྔ་མའི་རྟེན་དང་བཅས་པ་འདི་ནི། ཚོགས་ཀྱི་ལམ་དང་། ལས་དང ་པོ་བའི་ས་དང་། ངང་པའི་ས་དང་། དྲང་པའི་ས་ཞེས་བྱའོ།། ད་ནི་འདིར་ཉིན་མཚན་གྱི་ཆ་ལས་ཡང་དག་པར་སྤོང་བ་བཞི་ལྔ་གནས་པས་ལས་ལམ་སྦྱང་བ་བརྗོད་པ། ཐོ་རངས་མལ་ནས་ལུང་ནས་ནི།། གཞི་གསུམ་དྲན ་བྱས་བརྟུལ་ཞུགས་མཆོག། བདག་གཞན་བརྗེ་དང་འཇིག་རྟེན་གྱི།། ཆོས་བརྒྱད་མཉམ་པར་མོས་པ་བསྐྱེད།། དེ་ནས་ཡིད་ནི་བསྡུས་པ་ཡིས།། ཀྱེ་མ་སེམས་ཅན་བདེ་འགྱུར་བསམ།། དེ་ནས་ལུས་དང་ཚོར་བ་དང་།། སེམས་དང་ཆོས ་ནི་མི་གཙང་དང་།། སྡུག་བསྔལ་མི་རྟག་བདག་མེད་ཅེས།། ཕྱིན་ཅི་ལོག་བཞིའི་གཉེན་པོ་བསྒོམ།། རེ་རེ་འམ་ཡང་ན་རིམ་གྱིས་ཀྱང་།། ནམ་ལངས་པར་དུ་འབད་པས་བསྒོམ།། གང་གིས་ལུས་ཅན་གྲོལ་འགྱུར་བའི།། ལམ་གྱི་དང་པོ ་འདི་ཉིད་ཡིན།། དེ་ནས་ནམ་ནི་ལྡངས་པ་དང་།། ཅི་རིགས་གཙང་སྦྲ་བྱས་ནས་ནི།། མཆོད་རྟེན་ཕྱག་འཚལ་མཎྜལ་བྱ།། སྡིག་བཤགས་ལ་སོགས་རྒྱས་བྱས་ཏེ།། ལྷག་པར་སྐྱབས་སུ་འགྲོ་བ་དང་།། བྱང་ཆུབ་སེམས་ནི་བརྟན་པོ ་བསྐྱེད།། ཅི་རིགས་སྐོར་བ་བྱས་ནི།། བླ་མ་དང་ནི་རྒན་པོ་དང་།། ཆོས་སྨྲ་བ་ལའང་ཕྱག་བྱས་ཏེ།། འཛུམ་ཞིང་སྙན་པར་སྨྲ་བ་དང་།། དེ་དག་དགོས་པ་འབད་དེ་བསྒྲུབ།། བར་དོར་དུས་ནི་ཉེར་གནས་ན།། ཆོས་བཤང་ལ་སོགས ་སེམས་ཅན་དོན།། རང་བདེ་བཏང་ལ་འབད་པས་བསྒྲུབ།། ཁྱེའུ་སུས་སོགས་ཟས་ལ་སྤྱོད།། དཀོན་མཆོག་སྤྲིན་ལས་གསུངས་པ་བཞིན།། ཆ་བཞིར་བགོས་ཏེ་བཟའ་བར་བྱ།། ལྷག་པར་ཕོངས་ལ་བཟའ་བཏུང་བགོ། སྔ་དྲོ་ཡི ་དུས་དག་ཏུ།། བྲི་དང་ཀློག་པ་ལ་སོགས་པའི།། ཆོས་སྤྱོད་བཅུ་ལྔ་འབད་པ་འམ།། ཚ་ཚྭ་བྱ་འམ་འགྲོ་ཕན་གདགས།། དུས་ཀྱི་དམ་པ་སྔ་དྲོ་ནི།། དོན་མེད་འདའ་བར་མཱི་བྱའོ།། ཉི་མའི་གུང་ལྔ་བྱམས་པ་དང་།། དྲན་པ་ཉེར་གཞག་ཅུང ་ཟད་བསྒོམ།། དེ་ནས་ཡང་ནི་ཕྱག་འཚལ་སོགས།། སྔ་མ་བཞིན་དུ་རྒྱས་པར་བྱ།། ཕྱི་དྲོ་སྐྱེ་བོ་དམ་པ་དང་།། འགྲོགས་ཤིང་ངལ་གསོ་བདེན་དོན་ལ།། སྤྲོ་ཞིང་སྲིང་ལས་ཡིད་འབྱུང་བའི།། ལེགས་བཤང་རོ་ནི་མྱང་བར་བྱ།། ཕྱི ་འཕྲེང་སླར་ཡང་སྔ་མ་བཞིན།། ཞི་གནས་ལྷག་མཐོང་བསྒོམ་པ་དང་།། མཆོད་རྟེན་ཕྱག་འཚལ་ལ་སོགས་བྱ།། དམར་ཐག་ཆང་ནས་མཚན་མོ་ནི།། བླ་མའི་བསྙེན་བཀུར་ཚུལ་བཞིན་བྱ།། རང་གི་རྐང་པ་བཀྲུས་ནས་ནི།། ཞི་གནས ་ལྷག་མཐོང་བསྒོམ་པ་འམ།། དོན་ཆེན་ལྡན་པའི་ཁ་ཏོན་བྱ།། ནམ་གྱི་ཆ་སྟོད་འདས་པ་དང་།། ཚུལ་བཞིན་ཡིད་ལ་བྱེད་པ་ཡིས།། རིགས་པ་བཞིན་དུ་ཉལ་བར་བྱ།། ཉིན་པར་དང་ནི་མཚན་མོ་ཡང་།། ལག་བཟངས་ཀྱིས་ནི་ཞུས ་པ་དང་།། རིན་ཆེན་ཕྲེང་བ་ལས་བཤད་ལྟར།། སྣ་ཚོགས་དགེ་བའི་ཕྱོགས་ལ་འབད།། དྲི་ནས་ཚེ་འདི་ཉིད་ལ་ཡང་།། དྲོད་ལ་སོགས་པ་ཐོབ་པར་འགྱུར།། དེ་ལྟར་ཐོས་པ་དང་བསམ་པ་ལ་གནས་པས་ཚོགས་ཀྱི་ལམ་ཕལ ་པ་དང་ཁྱད་པར་ཅན་སྦྱང་ངོ་།། དེ་ལས་གོང་དུ་བསྒོམ་པ་ལས་བྱང་བས་མོས་པས་སྤྱོད་པའི་ས་དག་ལ་དབང་པོ་དང་སྟོབས་ཀྱི་བདེན་པ་དག་བསྒོམས་པའི་ས་སྦྱང་བ་ནི་དཀོན་མཆོག་སྤྲིན་ལ་སོགས་པར་བལྟ་ཞིང་།། རབ་ཏུ་དགའ ་བ་ལ་སོགས་པའི་སྣ་སྦྱང་བ་ནི་ས་བཅུ་པའི་ལེའུ་ལས་བསྟན་ཏེ། རྒྱལ་བའི་སྲས་ཀྱི་ས་ཡི་དང་པོ་པ།། ཚོགས་ཀྱི་ས་སྟེ་དེ་སྦྱང་མདོར་བསྡུས་པ།། ཅུང་ཟད་བཤང་ལས་དགེ་བ་གང་ཐོབ་པ།། དེས་ནི་འགྲོ་རྣམས ་དག་པའི་ས་ཐོབ་ཤོག། ལས་དང་པོ་པའི་སོ་སྦྱང་བ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དགྲ་ལས་རྒྱལ་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན ་པོ་ཀྲིཥྞ་པ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ཤུ་བྷཾ།། རྒྱ་གར་སྐད་དུ། བོ་དྷི་སཏྭ་ཙརྱཱ་སཱུ་ཏྲི་ཀྲི་ཏ་བ་བཱ་རཱ། བོད་སྐད་དུ། བྱང་ཆུབ ་