CLOSE WINDOW

GT3342: bslab pa me tog snye ma zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤིཀྵ་ཀུ་ཤྩ་མཉྫ་རི་ནཱ་མ། བོད་སྐད་དུ། བསླབ་པ་མེ་ཏོག་སྐེ་མ་ཞེས་བྱ་བ། དཔལ་འཇམ་པའི་དབྱངས་ལ་ཕྱག་འཆིལོ།། ཤིན་ཏུ་གཡོ་བའི་ཀུན་རྟོག་བརླབས ་ཀྱིས་མི་འཁྲུགས་པ་ཡིས་ཟ་བ་གྱུར་ཅིང་།། རྣམ་པར་འཕྲོ་བའི་སྣ་ཚོགས་ཡོན་ཏན་འབྱུང་གནས་ཉིད་དང་དེ་བཞིན་དུ། སྣ་ཚོགས་ཐབས་ཀྱིས་མ་ལུས་འགྲོ་དོན་ཕུན་སུམ་ཚོགས་པས་རྒྱ་ཆེ་བའི།། མཚོ་འདྲའི ་སངས་རྒྱས་གང་ཡིན་དེ་ལ་འཆི་མེད་དོན་དུ་སྐྱབས་སུ་མཆི།། གལ་ཏེ་ལུས་དང་ལོངས་སྤྱོད་དང་མི་དགེ་བ་གསུམ།། བཏིང་དང་བསྲུང་བ་དང་ནི་ངག་དང་སྤེལ་བ་རྣམས།། གཞན་དོན་བརྩོན་པས་ངེས་པར་བྱེད ་པར་འདོད་འགྱུར་ན།། བླ་མེད་བསླབ་པ་ཀུན་ལས་བཏུས་པ་ལ་རྟེན་བྱ།། མདོ་སྡེ་རིན་ཚོན་སྣ་ཚོགས་ཀྱི།། རྒྱ་མཚོ་ཆེན་པོ་གཅིག་པ་ཡི།། བརླབ་ཀུན་བསྡུས་པ་འདི་མཐོང་ན།། སྦེད་པ་ཀུན་ནས་གཅོད་པར ་བྱེད།། ཤིན་ཏུ་རྒྱས་པས་འཇིགས་པས་ན།། བདག་འདྲའི་སེམས་ཀྱི་རྒྱུད་དག་ལ།། དེ་ཡི་གཟུགས་བརྙན་འཆར་བ་ནི།། བདེ་བླག་ཏུ་ནི་འདིར་མི་འབྱུང་།། དེ་ཕྱིར་རང་གི་སེམས་ཀྱི་རྒྱུད།། དག་པ་ཙམ་གྱི ་དོན་གྱི་ཕྱིར། བདག་གི་དྲན་པ་ལས་འོངས་པ།། ཅུང་ཟད་བཏུས་ཏེ་བྲི་བར་བྱ།། འཕགས་པ་ཞི་བའི་ལྷ་གང་གིས།། བཤད་བྱ་ཐམས་ཅད་མཚོན་བྱེད་པའི།། གང་ཞིག་བསློབ་བཏུས་འགྲེལ་པ་ནི ་ཡོད་པའི་ཚིག་བཅད་གཅིག་གསུངས་པ། འདི་ལྟ་སྟེ། བདག་གི་ལུས་དང་ལོངས་སྤྱོད་དང་། དགེ་བ་དུས་གསུམ་བསགས་པ་དང་རྣམས།། སེམས་ཅན་ཀུན་ལ་བཏང་བ་དང་།། ་དེ་བསྲུང་དག་པ་སྤེལ་བའོ།། ལུས་ནི་འདི་ནི་རབ་གྲགས་པའི།། འདི་ལྟར་ཕུང་བ་ལྔ་པའོ།། ལོངས་སྤྱོད་ཉེ་བར་མཁོ་ཐམས་ཅད་དེ།། དེའི་གནས་པ་ཡི་རྒྱུར་གྱུར་པའོ།། དགེ་བ་ལེགས་པ་ཐམས་ཅད་དེ།། ་འདས་དང་མ་འོངས་ད་ལྟར་བའོ།། བཏང་བ་ལ་སོགས་རྣམ་པའི་བཞི།། དེ་དག་སོ་སོ་ནས་བསྟན་ཏོ། སྙིང་པོ་མེད་པ་སྙིང་བླང་ཕྱིར།། གུས་པས་སྦྱིན་པར་བྱ་བ་ཡིན།། ལུས་སོགས་སྙིང་པོ་མེད་པ་འདི ་མངོན་སུམ་དང་ནི་ལུང་གིས་གྲུབ།། ཇི་སྐད་དུ།། གང་ཞིག་བྱིན་དེ་ཉམས་མིན་ཏེ། གང་ཞིག་ཁྱིམ་ན་གནས་དེ་ཉམས།། གང་དེ་ཁྱིམ་ནས་མྱ་ངན་རྒྱོ།། གང་ཞིག་བྱིན་དེ་བདེ་འབྱུང་བྱེད།། གང་ཞིག་བྱིན། ་དེ་བུདེ་འགྲོ་བ།། མཱཐོ་རིས་ཀྱི་ནི་སྐབས་སུ་གནས།། གང་དེ་ཁྱིམ་ནས་ངན་འགྲོ་དར།། སྡུག་བསྔལ་ཡང་དག་འབྱུང་བའི་རྒྱུ།། གང་དེ་ཁྱིམ་ནཱས་ཡུན་རིང་དུ།། འཁོར་བའི་ལམ་དུ་ལྟུང་བར་བྱེད།། ་བྱིན་དེ་ནི་ཐར་པ་ཡི།། གྲོང་ཁྱེར་ལམ་ན་སྟོན་པར་བྱེད།། ཁྱིམ་གནས་གང་དེ་འཁོར་བ་ཡི།། དུག་གི་སྡོང་བུ་འཕེལ་བར་བྱེད།། གང་ཞིག་བྱིན་དེ་ཉོན་མོངས་པའི།། དགྲ་ཡི་ཕྱོགས་རྣམས་སེལ་བར་བྱེད།། ། ་ཁྱིམ་གནས་གུང་དེ་ཕ་རོལ་གྱི།། ཁུང་བུའི་སྒོར་ནི་འགྲོ་བའི་རྒྱུ།། གང་ཞིག་བྱིན་དེ་འདོད་པ་ཡིས།། ང་བའི་ཁང་བཟང་འབྱུང་བའི་རྒྱུ།། སེར་སྨྲས་བཅིང་པའི་ལྷས་བྱུང་བྱའི།། དེ་ལྟར་སྐྱོན་རྣམས་མཐོང ་ནས་ནི།། འགྲོ་བའི་དོན་ནི་སྒྲུབ་པའི་ཕྱིར།། སྦྱིན་པ་ལ་ནི་གོམས་པར་བྱ།། རིམ་གྱིས་གོམས་པ་སྤེལ་པ་ལས།། བྱང་ཆུབ་སེམས་དཔའི་སྙིང་རྗེའི་གཏེར།། གང་ཞིག་མགོ་དང་རྐང་པར་གྱི།། ལུས་ནི་སྦྱིན་པར ་བྱེད་པས་ན།། དེ་ལ་རྨྱི་ལམ་རྒྱུ་མཚུངས་པའི།། སྡུག་པའི་བུ་ལ་སོགས་པོ་དང་།། དེ་བཞིན་ལོངས་སྤྱོད་ཐམས་ཅད་ལ།། སྦྱིན་མི་བྱ་བ་ཡོད་དམ་ཅི།། ཁྱི་དང་ཝ་དང་སྟག་སྩོགས་ཀྱི།། ཟས་སུ་འདི་དག་གསལ ་ནཱི། ཡང་དག་མཐོང་བས་འདོད་རྣམས་ལ།། ལུས་ནི་སྦྱིན་པར་ཅིས་མི་བྱ།། གཞན་ལ་བཏང་བའི་རང་བཞིན་འདི།། ལམ་དུ་མཁས་པ་རྣམས་ཀྱིས་བརྟེན།། འགྲོ་བའི་ན་ནཱི་རབ་སྒྲུབ་ཆུད།། གཞན་དག ་དེ་ཡིས་མངོན་མ་གཟིགས།། དེ་བཞིན་གཤེགས་པའི་ཡོན་ཏན་ཚིགས།། རིན་ཆེན་རྒྱན་ནི་དྲན་པ་དང་།། སེར་སྣའི་ཉེས་པ་རྣམས་མཐོང་བ།། གཉིས་པོ་སྦྱིན་པ་ལ་འཇུག་རྒྱུ།། དེ་དག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན ་པའོ།། །། དེ་ནི་སྦྱིན་པར་གྱུར་ཀྱང་ནི།། བསྲུང་བ་དག་ནི་མ་བྱས་ན།། ལུས་སོགས་ལོངས་སྤྱོད་དུ་མི་འགྱུར།། དེས་ན་བསྲུང་བ་རྣམས་བྱའོ།། འགྲོ་བའི་དོན་རྣམས་བསྒྲུབ་དོན་དུ།། ལོངས ་སྤྱོད་ཉིད་དུ་བྱ་བའི་ཕྱིར།། ལྟ་མཛེས་ཤིང་གི་ས་བོན་བཞིན།། སྙིང་རྗེའི་བདག་ཉིད་ཅན་གྱིས་བསྲུང་གཞན་དུ་དུས་མི་ཤེས་པ་ཡིས།། སྨིན་པར་མ་གྱུར་བྱང་ཆུབ་ཀྱི།། སེམས་ཀྱི་མྱུ་གུ ་ཉམས་པ་ཡིས།། ཇི་ལྟར་འདོད་པའི་འབྲས་སྟེར་འགྱུར།། ལུས་ཀྱི་བསྲུང་བ་གང་ཞེ་ན། གཞན་ལ་གནོད་པ་སྤོང་བ་སྟེ།། དེ་ནི་བདག་ཅག་ཆགས་བྲལ་བས།། དེ་ནི་དམ་ཆོས་ཡོངས་བཟུང་དང་།། དགེ་བའི་བཤེས ་གཉེན་དམ་པ་རྣམས།། ཇི་བཞིན་རྟག་ཏུ་བརྟེན་པ་དང་།། སེམས་ཅན་ཀུན་ལ་བརྩེ་བ་ལས།། འབྱུང་བར་མདོར་བསྡུས་ནས་ནི་བརྗོད།། གནོད་པར་འགྱུར་བ་གཞན་རྣམས་ཀྱི།། བྱ་དང་བྱ་མིན་བལྟ་བ་དང་།། ཉེས་པ ་མེད་པར་གནས་པ་ལ།། ལུས་དང་སེམས་དང་ངག་གིས་ནི།། ཉེས་པ་ཉེ་བར་འདོགས་པ་དང་།། དེ་བཞིན་གཞན་ལ་གནོད་སེམས་དང་།། ཡང་དག་བྱང་ཆུབ་སེམས་བསྐྱེད་ལ།། མི་སྟོན་རྗོད་པར་བྱེད་པ་དང་། སྡིག ་ཅན་འདི་ནི་བལྟ་མིན་ཞེས།། གང་ཞིག་མ་དང་ཁྲོ་སེམས་ཀྱིས།། བྱང་ཆུབ་སེམས་དཔའ་ལ་ནི་གདོང་།། ཕྱིར་ཕྱོགས་པར་ནི་བྱེད་པ་དང་། ཆགས་པས་འདོད་རྣམས་ལ་ཞེན་དང་།། སྡིག་པའི་གྲོགས་པོའི་རྗེས་འཇུག ་དང་།། དགེ་བའི་གཤེས་གཉེན་སྤོང་བ་དང་།། འཇིག་རྟེན་ཆོས་ལ་འདྲིས་བྱེད་དང་།། ཚུལ་བཞིན་མ་ཡིན་རབ་ལྡན་པའི།། སྦྱིན་པ་ལ་སོགས་གནོད་པ་ཉིད།། སྒྲིབ་པ་ཐམས་ཅད་ཡོངས་དག་པའི།། མདོ་ལས་རབ ་ཏུ་རྟོག་བྱ་སྟེ།། འདི་ལྟར། སྦྱིན་པ་གཏོང་ན་བདག་ཉིད་ནི།། གཅིག་པུ་ཁོ་ན་གཏོང་བྱེད་ཅེས།། བདག་ཉིད་ང་རྒྱལ་ལྡན་པ་ཡིས།། སེར་སྣ་ཅན་ལ་བསྙས་འདི་དང་།། ཚུལ་ཁྲིམས་སྲུང་བར་བྱེད་པ་ན།། ཚུལ་ཁྲིམས་འཆལ ་རྣམས་ལ་བསྐས་ཤིང་།། བདག་ཉིད་ཚུལ་ཁྲིམས་ལྡན་རིག་ཕྱིར།། དེ་སྐྱོན་འཇིག་རྟེན་ལ་བརྗོད་དང་།། བཟོད་པ་གོམ་པར་བྱེད་པ་ན།། བཟོད་མེད་རྣམས་ལ་སྐྱེས་བྱེད་ཅིང་།། བདག་ཉིད་ཁོ་ན་སངས་རྒྱས་ཉིད།། ཐོབ་འགྱུར ་ཞེས་པའི་བློ་ལྡན་དང་། དེ་བཞིན་བརྩོན་འགྲུས་བསམ་གཏན་དང་།། དེ་བཞིན་ཡང་དག་བྱང་ཆུབ་ཀྱི།། རྒྱུར་འགྱུར་དམ་ཆོས་གཞན་ལ་ཡང་།། གང་ཞིག་མདོ་སྡེ་གཅིག་ཉིད་ལ། ལེགས་ཞེས་རབ་ཏུ་བརྗོད་པ་དང་།། ཚིགས ་བཅད་གཞན་དང་ཚིག་གཞན་དག། གསལ་བར་གང་ཞིག་བརྗོད་པ་དང་།། ཤེས་རབ་ཉིད་ལ་སྦྱོར་བྱེད་ཀྱི།། ལྷག་མའི་ཕ་རོལ་ཏུ་ཕྱིན་ལ་མིན།། དེ་ལྟའི་ཤེས་རབ་འཚལ་རིགས་ཀྱི།། སྤྱོད་པ་ཡང་ནི་བལྟ་བར་བྱ།། འདོད། ་ཡོན་ལྔ་ཡི་རོལ་པ་ཡིས།། བྱེད་པའི་ཆོས་ནི་སྨྲ་བ་ལ།། སྤྱོད་པ་ལྡན་པར་གནས་མིན་ཞེས།། གང་ཞིག་ཡིད་ཀྱིས་སེམས་བྱེད་པ། དེ་ལྟའི་གནོད་དང་ཡང་དེ་ཡི།། རྣམ་སྨིན་ཆེས་ནི་རྩུབ་པ་ལ།། སྣ་ཚོགས་ཐམས ་ཅད་འདོད་པ་ལས།། མཁས་པ་རྣམས་ཀྱིས་དང་པར།། དམ་ཆོས་དྲན་པ་ཉེ་བར་བཞག་པ།། ལ་སོགས་མདོ་སྡེ་རྣམས་ལ་ནི།། གུས་དང་གཡོ་བ་མེད་པ་ཡིན།། སེམས་ཀྱི་ངེས་པར་བལྟ་བ་ཡིས།། གནོད་པ་དང ་ནི་སྤོང་བ་ལ།། གུས་པ་ཡང་ནི་བསྒྲུབ་པར་བྱ།། རང་ནི་ངན་འགྲོས་འཇིགས་སྐྲགས་ནས།། མཐོང་དང་མ་མཐོང་དོན་སྒྲུབ་ཕྱིར།། སྦས་པའི་དགེ་བའི་བཤེས་གནས་པའི།། སེམས ་ཅན་རྣམས་ལ་ཐམས་ཅད་དུ།། ནམ་ཡང་ཁོང་ཁྲོ་བ་དག་གི། སྐབས་ནི་རབ་ཏུ་དབྱེ་མི་བྱ།། གང་ཕྱིར་དཔའ་བར་འགྲོ་བའི་མདོར།། གཟིགས་པ་ཉམས་མེད་སངས་རྒྱས་ཀྱིས།། བླ་མེད་བྱང་ཆུབ་ཆེན་པོ་རུ།། སེམས ་ཅན་ཐམས་ཅད་ལུང་བསྟན་ཏོ།། བྱང་ཆུབ་སེམས་དཔའ་གཞན་དག་གི། སྤྱོད་པ་ལ་ནི་སླད་མི་བྱ།། སེམས་ཅན་རྣམས་ཀྱི་སྤྱོད་པ་ནི།། འཕགས་མིན་མིག་གི་སྤྱོད་ཡུལ་མིན།། གང་ཟག་གཞན་གྱིས་གང་ཟག ་གཞན། ཚད་འཛིན་པར་ནི་བྱེད་པོ་དག། རང་གིས་རང་ཉིད་ཉམས་བྱེད་པར།། དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངསོ།། མཆོད་རྟེན་སྐོར་བ་བྱ་བ་དང་།། ཡོན་གནས་རྣམས་དང་འདྲིས་པ་དང་། དེ་བཞི ་ཕྱི་མའི་དུས་སུ་ནི།། དམ་པའི་ཆོས་ནི་འཛིན་པ་ཡིས།། སྨན་པ་ནད་པ་སྨན་དང་ནི།། མི་བཟད་ནད་ཀྱི་འདུ་ཤེས་ཀྱིས།། དགེ་བཤེས་བདག་ཉིད་དམ་ཆོས་དང་།། ཉོན་མོངས་རྣམས་ལ་རིག་པར་བྱ།། གནོད ་པོ་ཡོངས་སུ་སྤོང་དོན་དུ།། བག་ཡོད་པ་ནི་ཡོངས་སུ་བཟུང་།། རྙེད་དང་བཀུར་སྟི་མི་འདོད་པར།། བརྗོད་ཅིང་ཀུན་དགའ་ར་སོགས་ཡང་།། དེ་ལ་བག་ནི་ཡོད་པ་ནི།། བག་ཡོད་པ་ནི་མདོར་བསྡུ་ན། གང་ཞིག་རང ་སེམས་འདུལ་བ་དང་།། གཞན་སེམས་རྗེས་སུ་འཇུག་པ་སྟེ།། ཕུན་སུམ་ཚོགས་པ་ཀུན་གྱི་ཕྱིར།། སྐྱེ་བོ་ངན་པས་བརྟེན་པ་ཡི།། རྙེད་དང་བཀུར་སྟི་ལ་གཞོལ་ཡིད།། མྱུར་དུ་འབིགས་པར་བྱེད་པས་ན།། ཚེར་མ་དང ་མཚུངས་མཁྲི་ཕྲ་སྤངས།། འཕྲུལ་དུ་བྱུང་བར་བྱེང་ཉིད་ཀྱིས།། འདོམ་གྱི་འདུ་ཤེས་ཀྱི་ཞོ་བྱ།། དྲན་པའི་རིན་ཆེན་ཉམས་བྱེད་ཕྱིར།། ཆོམ་རྐུན་གྱི་ནི་འདུ་ཤེས་བྱ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནོད་པ། ་སྤྱོད་བོ།། །། གནོད་པ་སྤོང་ཚུལ་ཁྲིམས་ཏེ།། དེ་ནི་དྲན་པ་ཉེར་གནས་ལས།། ཞི་གནས་མི་ཉམས་རྒྱུར་འགྱུར་བའི།། དྲན་པ་བཅུ་གཉིས་དག་ཏུ་གསུངས།། སངས་རྒྱས་བཀའ་ལས་འདས་བྱུང ་བའི།། རྣམ་སྨིན་ལ་གྲུབ་དྲན་པ་དང་།། ལུས་མི་གཡོ་བྱ་གཉིས་གནས་པའི།། དྲན་པ་ཡང་ནཱི་གཞན་ཡིན་ནོ།། ཤིན་ཏུ་མ་དད་པས་བྱས་པའི།། སྦྱིན་སོགས་དམ་པའི་དྲན་པ་དང་།། སྤྱོད་ལམ་དང་ནི་ཐམས ་ཅད་ལ།། གུས་པར་བྱ་ཞེས་དྲན་པ་དང་།། གཞན་གྱི་དོན་ལ་མི་མཁོ་བའི།། ཡན་ལདག་ནི་འདིར་མཐོང་ན།། དེ་ཚེ་བསྡུས་ནས་སླར་ཡང་དེ།། གཞན་གྱི་དོན་སྦྱོར་དྲན་པ་དང་།། སེམས་ཀྱི་གླང་ཆེན་མྱོས ་པ་ནི།། ཞི་གནས་ཀྱི་ནི་ཀ་བ་ལ།། རྟག་ཏུ་གདགས་པའི་དྲན་པ་ཡང་།། འདི་ནི་དྲུག་པར་གསུངས་པ་ཡིན།། ཇི་ཙམ་དག་གི་སྒྲ་ཡིས་ནི།། ཉན་པས་དོན་ནི་ངེས་འགྱུར་བ།། དེ་ལས་ལྷག་པ་དོན་མེད་པའི།། ། ་སྒྲ་མི་བརྗོད་པའི་དྲན་པ་ཡང་།། སྤྱོད་ལམ་ལྐུག་པ་གང་ཞིག་ལ།། བསྲུང་བའི་དོན་གྱི་དྲན་པ་གཞན།། དྲན་པ་ལྷག་མ་མདོ་ཡི་ནི།། རྗེས་སུ་འབྲངས་ནས་ཤེས་པར་བྱ།། གླང ་ཞིག་སྒོ་བསྲུངས་གྱུར་བྱས་ཉོན་མོངས་དང་།། བདུད་རྣམས་དག་གིས་ཟིལ་གྱིས་མི་ནོན་ཅིང་།། ལམ་མིན་ལམ་ངན་དག་ཏུ་མི་ལྟུང་བའི།། ཡང་དག་དྲན་པ་ཞི་གནས་ཀྱི་ནི་རྒྱུ།། དྲན་པ་གང་ཞིག་ཕུལ་བྱུང་ཉིད ་ཤེས་བཞིན་ཞེས་ནི་བརྗོད་པ་སྟེ།། གང་ཞིག་ལུས་དང་སེམས་ལ་ནི།། ཡང་དང་ཡང་དུ་རྟོག་པ་པོ།། དྲན་པ་དང་ནི་ཤེས་བཞིན་ལས།། ཏིང་ངེ་འཛིན་ཀྱང་འབྱུང་བར་འགྱུར།། ཏིང་འཛིན་ཞི་གནས་པ་གཞན་མིན ་ཚུལ་ཁྲིམས་དེ་མེད་པར་མི་འབྱུང་།། གང་ཕྱིར་ཏིང་འཛིན་ཚུལ་ཁྲིམས་ལས།། འབྱུང་བས་ཏིང་ངེ་འཛིན་གྱི་རྒྱུ།། སྦྱོར་བས་གཞན་དག་གསུངས་པ་རྣམས།། ཐམས་ཅད་ཚུལ་ཁྲིམས་ཁོངས་ས་འདུས ་དེ་ཕྱིར་དྲན་དང་ཤེས་བཞིན་དག། ལྡན་པ་ཏིང་འཛིན་དོན་གཉེར་བྱ།། ཚུལ་ཁྲིམས་འདོད་པསྡུ་ཞི་གནས་ལ།། རྟག་ཏུ་གུས་པས་འབད་པར་བྱ།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ལུས་བསྲུང ་པའོ།། །། ལུས་བསྲུང་བ་ཡང་བྱ་བའི་ཕྱིར།། ལོངས་སྤྱོད་ཀྱང་ནི་བསྲུང་བར་བྱ།། ལོངས་སྤྱོད་རྣམ་པ་གཉིས་ཡིན་ཏེ།། གོས་དང་ཁ་ཟས་དབྱེ་བས་སོ།། དེ་ལ་ཟས་སྲུང་གང ་ཧྲཱིནཱ།། ཁ་ན་མ་ཐོ་མེད་པ་གང་།། དེ་དང་གཞན་ནི་ཁྱུ་གསྟག་དང་།། ཚུལ་འཚོས་དང་བྲལ་བསོད་སྙོམས་སོ།། གང་ཚེ་རྒྱལ་བའི་སྲས་འདི་ནི།། བསོད་སྙོམས་ལ་ནི་རྒྱུ་བ་ན།། དེ་ཚེ་བློ་དང་ལྡན་པ་དེས ་བློ་ནི་རྣམ་གསུམ་བསྐྱེད་བྱ་སྟེ།། ལུས་ལ་ཆོས་འཛིན་བློ་དང་ནི།། ལུས་ཀྱི་སྲིན་བུ་གསོ་བ་དང་།། གཞན་ཡང་སྦྱིན་བདག་རྗེས་སུ་ནི།། གཟུང་བའི་བློ་ནི་བསྐྱེད་པར་བྱ།། གང་ཞིག་གཞན་གྱི་དོན་དུ་ནི།། ་ལྗོངས་སྤྱད་བྱས་ན་དེ་བསྲུང་ཡིན།། གང་གིས་རང་ཉིད་ཁོ་ན་སྤྱོད།། དེ་ལས་ཉོན་མོངས་ལྟུང་བར་འགྱུར།། གཞན་ཡང་གཞན་ལ་ཞེན་པ་ཡི། སེམས་ཀྱི་འདོད་པས་གཞན་གྱི་ནོར།། ཡོངས་སུ ་ལོངས་སྤྱོད་བྱེད་པ་གང་། ཉོན་མོངས་མིན་པའི་ལྟུང་བར་འགྱུར།། གྱི་ཞེས་ནུས་ནི་རང་གི་ནོར།། གླང་གི་ལྗོངས་སྤྱོད་གྱུར་ན།། དེ་ནི་རང་ལྟོ་འགེངས་པ་སྟེ།། བརྐུས་པ་ཡི་ནི་ལྟུང་བར་འགྱུར།། ་དེ་ཕྱིར་སེམས་ཅན་དོན་ལ་ནི།། བརྩོན་པས་དམ་ཆོས་འཛིན་པོའི་ལུས།། འདི་ནི་གནས་པར་བྱ་བའི་ཕྱིར།། ཡོངས་སུ་ལོངས་སྤྱོད་བྱེད་པ་ཡིན།། སངས་རྒྱས་ཀྱིས་གནང་ཆོས་གྱིས་ལས།། ལྷ ་པོ་བློ་ལྡན་གྱིས་མི་གཟུང་།། བསྟན་པའི་རྒྱལ་མཚན་བསྲུང་དོན་དུ།། མ་གནང་བློ་ལྡན་གྱིས་མི་བཏང་།། འདིར་ནི་སེམས་ཅན་མང་པོ་ཡིས།། སྨད་པ་ཡོངས་སུ་བསྲུང་བའི་ཕྱིར།། སློང་བར་བྱེད་པ་དག ་ལ་ཡང་།། ཆོས་གོས་གསུམ་པོ་སྦྱིན་མི་བྱ།། དེ་དག་ནཱི་ལོངས་སྤྱད་བསྲུང་བའོ།། ། རྣམ་པར་སྦྱིན་པ་མི་འདོད་པས།། དགེ་བ་ཀུན་དུ་བསྲུང་བར་འགྱུར། ་འཇིག་རྟེན་པ་ལས་བསྒྲགས་མིན་པས།། བྱས་ཏེ་མི་དགེ་བའི་ལྔས་བཞིན་ནོ།། དེ་བཞིན་དུ།། ང་རྒྱལ་མེད་ཀྱང་རྟག་པར་ནི།། རྙེད་དང་བཀུར་སྟི་ཡོངས་སྤྱོང་དང་།། སེམས་ཅན་ཀུན་ལ་དང་ཡིས།། དགེ་བ་ཀུན་དུ། ་བསྲུང་བར་འགྱུར།། འདི་ལྟར་ཡང་། ཁེངས་པ་མེད་པར་གྱུར་ན་ནི།། བདེ་གཤེགས་ཡོན་ཏན་དང་གིས་འབྱུང་།། རི་བོ་ཡོངས་སུ་སྤངས་ནས་ནི།། ཆུ་བོ་རྒྱ་མཚོར་འབབ་པ་བཞིན།། ཞེ་སྡང་དབང་དུ་གང ་གྱུར་པ། ངན་འགྲོར་འགྲོ་དང་དམན་པ་ཡི།། རིགས་སུ་སྐྱེ་བ་ཡོངས་འཛིན་དང་།། མཱི་ཁོམ་པ་རྣམས་ཡོངས་སུ་འཛིན།། མ་དྲུད་པ་ནི་ཞེ་སྡང་སྟེ།། ཁང་ཞེས་པ་མིང་གཞན་ནོ།། གང་ཞིག་བསྒྲལ་པ་དུ ་མ་རུ།། བསགས་པའི་དགེ་བ་འཇོམས་བྱས་སོ།། དེ་ཕྱིར་འཇོམས་པར་བརྩོན་པ་ཡི།། སེམས་ཅན་ཡང་དང་བྱཱ་སྟེ།། སྐྱེ་བའི་ཚོགས་ཆེན་བསྡིགས་བྱེད་པའི།། རྒྱལ་པོའི་སྐྱེས་བུ་གཅིག་བཞིན་དུ།། ་ཤིན་དུ་ཕྱི་ཐག་ལྟ་བྱེད་པ།། དེ་ཡིས་འདི་གཅིག་ལ་ཡོང་མཐོང་།། གང་ཕྱིར་སྐྱེ་བོའི་ཚོགས་ཆེན་གྱི།། རྒྱལ་པོ་ཆེ་དཔུང་དེ་ཡི་དཔུང་།། རྒྱལ་པོ་ཁྲོས་པས་འདིར་ནི་དམྱལ་བར་བྱེས་ནུས་སམ།། ་བཞིན་གལ་ཏཱི་ས་པསྡུ་བདེ་གཤེགས་ཉིད་མཚུངས་འདི་ལྟར་རམ།། དེ་བཞིན་སུམས་ཅན་མགུ་པ་ལུས་བྱུང་སངས་རྒྱས་ང་བ་མ་མཐོང་ངས།། གང་ཞིག་མགལ། ་སྐྱེད་གསུམ་མ་ཡི་བླ་རོལ་སེན་རྒྱུར་སྣང་།། སྤྲིནྡོ་ཧཱུཾ་རྒྱལ་པོའི་སྦྱིན་ཏན་ཡུན་མེ་རིང་བར་རྫོགས།། བློ་ག། དེས་ན་ལེགས་འདོད་བདག་ནི་ས་ངས ་ན་ལ་ཅེས་སྣ་འདུ།། བཞིན་། ས་ཅན་རྣམས་བྱིན་སེམས་། ན་པ་ནི་དགས་པ་ནི་ལྕི་བ་སྙེན ་ཙྪམྦུ་གྱིས།། དང་གིས་འབྷྲིང་བ་དག་དང་ནི།། ཡང་དག་རྫོགས་པའི་བྱང་ཆུབ་སེམས།། པ་ད་དགའོ་རོ། ་ནཱི་སུ~ཾམྦི་ས་སྨད།། སྐུ་དགེ་རཱི་ཉྫད་པར། དེ་ཡང་མེད་མྦྷ་གྷྲི་བཱ་བྷཱ་ནཾ།། སྐྱེ་བ་ཀྵ། རྟག་བཟུང་བྱུ་བྱུ་ཤཱའི ་ཆོས་བཞིའི་མདོ་ལས་རྟེན་པ་ཡི།། ཆོས་བཞི་ཡོངས་སུ་གཟུང་བར་བྱ།། དེ་ལ་ཆོས་ཟིན་ན། སུན་པ་ཡི།། དེན་མས་བྲ་ཟེ་ལྡ་ན ་དེ་ནས་རྟེན་གྱི་སྟོབས་དག་གོ།། མི་དགེའི་ལས་ནི་བྱ་བ་ན།། སེམས་ནི་འགྱོད་པར་བྱེད་པ་ཉིད།། སུན་འབྱིན་ཀུན་དུ་སྤྱོད་པ་སྟེ།། དེ་ཉིད་སྡིག་པ་བཤགས་པའོ།། དེ་ལ་སུན ་འབྱིན་པ་ཀུན་དུ།། སྤྱོད་པ་འདི་ནི་བསྒོམ་པར་བྱཾ།། ལུས་དང་སེམས་དང་ངག་རྣམས་ཀྱིས།། བདག་གིས་མི་ཤེས་གང་བགྱིད་པ།། མགོན་པ་རྣམས་ཀྱེ་མུདུན་གནས་ཏེ།། སྡིག་པ་དེ་དག་བཤགས་བགྱི།། མདོ ་སྡེ་རྒྱལ་པོ་གསེར་འོད་དམ་པ་ལས་རབ་ཏུ་གསུངས་པའི་བཤགས་པ་དེ་དག་གིས།། བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་ལ།། འགྱེད་པས་བདག་གི་འཁྲུལ་པའི་སྡིག་བཤགས་བྱ།། བྲལ་བར་བྱ་བ་འདོད ་བེ་ཡིས།། ལྟུང་བ་ཐམས་ཅད་བཤཱག་པར་བྱ།། དུག་དང་བཅས་པའི་ཁ་ཟས་ནི།། མ་སྐྱུགས་བདེ་བའི་རྒྱུར་མི་འགྱུར།། དེ་ཡང་ལྕི་དང་ཡང་བ་དང་།། འདིར་ནི་ལྟུང་བ་གཉིས་སུ་འདོད།། དེ་ལ་ཞེ་སྡང་ལས་བྱུང་བ ་ཡུང་།། རང་བཞིན་ཁཱ་ནཱ་མ་ཐོ་ལྕི།། བཅས་པ་ཡི་ནཱི་སྤང་བའོ།། གང་ཕྱིར་སྡང་དང་ཆགས་པ་ལས།། སེམས་ཅན་གཏོང་དང་འཛིན་པའི་རྒྱུ།། ཞེ་སྡང་ལས་སྐྱེས་རྒྱལ་སྒྲས་ཀྱི།། ཐབས་སུ་གྱུར་པ་ཡིན། ་གྱི།། གནོད་པ་ཆེན་པོའི་རྒྱུ་ཡིན་པར།། འགྱུར་བ་ཉིད་དུ་ཐེ་ཚོམ་མེད།། གང་ཕྱིར་ཀུན་སྡུད་ཤེས་པ་ནི།། ཐབས་སུ་མདོ་རྣམས་ལས་ནི་མཐོང་།། ཤེས་རབ་ཀྱིས་ནི་དེ་ཡོངས་གཅོད།། དེས་ནི་དེ་ལྟ ་གཉིས་ཀ་མིན།། གང་ཚེ་ཆགས་སྐྱེས་སངས་རྒྱས་ཉིད།། མྱུར་དུ་མི་འགྱུར་ཆུག་ན་ཡང་།། གལ་ཏེ་ཐབས་ལ་མཁས་པ་ཡིས།། སྔོན་གྱི་སེམས་ཅན་བསྡུས་གྱུར་ན།། ཚངས་པ་ཡིན་འཇིག་རྟེན་དུ།། སྐྱེ་བར ་འགྱུར་བ་གང་གིས་ཟློག། གལ་ཏེ་མིནྡ་ན་དུས་རིངྒ་དུ།། ངནི་སོང་དག་ཏུ་སྐྱེ་བར་འགྱུར།། གླལ་ཏེ་དེ་ཚེ་གཞན་དོན་དུ།། ལོངས་སྤྱོད་ཀྱི་གཞན་བུད་མྱེད་དང་།། ཆོས་ཀྱི་རྒྱལ་མཚན་ཅན་གཞན་ལ།། འདོད་པ ་པ་ལོག་པར་སྤྱོད་མི་འགྱུར།། གལ་ཏེ་དམྱལ་བའི་སྨྱིག་བསྔལ་ཡང་།། བསྐྲུན་པ་རང་གིས་ཁས་བླངས་པས།། གཞན་གྱི་སྲོག་ནི་བསྲུང་བའི་ཕྱིར།། དེ་ཚེ་ཉེས་པ་འབྱུང་མི་འགྱུར།། ཇི་ལྟར་ཁྱེའུ་སྐུར ་རྒྱལ་ནི།། སྙིང་རྗེའི་དབང་དུ་གྱུར་པ་ཡིས།། ཆགས་པའི་སྐེལ་ལྡན་མཆོག་ལ་ནི།། སྲོག་བསྲུང་དོན་དུ་བཞུགས་པ་བཞིན།། ཚངས་པར་སྤྱོད་པོ་ལ་སོགས་པའི།། ཆོས་ཀྱི་རྒྱལ་མཚན་ཅན་རྣམས་ལ།། ་རྣམ་པ་གཞན་དུ་བྱིས་པ་ཡི་སྟེ།། དེ་ལྔ་འཇུགས་པ་རིགས་མ་ཡིན།། གཞན་ལ་གནོད་པ་བཟློག་པས་ན།། ཁྲོ་བ་འདི་ལས་ཐལ་བ་མིན།། བག་ཆགས་ས་བོན་བསགས་པ་དང་།། སྐབས་ཕྱེ་བཱི་ལས་སྙིང་རྗེ ་ཉམས།། གཞན་ཡང་མི་དགེ་བ་ལས་བཟློག་ནའང་གལ་ཏེ་ན།། བྱང་ཆུབ་སེམས་དཔའ་ལ་ནི་ཡིད་བྱུང་ན།། རྟག་ཏུ་ངན་འགྲོའི་སར་ནི་འགྲོ་འགྱུར་ཏེ།། དེ་ཡི་བདག་གཞན་གཉི་གའི་བྱ་བྱོས་མིན།། འོན ་ཏེ་ཐབས་བྲལ་རང་བཞིན་གྱི།། ཆགས་པ་ལ་ཡང་སྐྱོན་འདི་ཡིན།། གང་ཕྱིར་བདག་བདེ་ལ་ཞེན་པས།། གཞན་གྱི་སྡུག་བསྔལ་བཏང་སྙོམས་འདོར།། དེ་ནི་མ་ཡིན་ཏེ། གང ་གིས་རང་གི་སྡུག་བསྔལ་བཞིན་དུ་གཞན་སྤྱུགས་བསྔལ།། སྙིང་རྗེ་དམན་པས་མཐའ་གཅིག་ཏུ་ནི་ན་གོམས་མ་བྱས།། དེ་ནི་རང་གི་བདེ་ལ་ཞེས་པས་གཞིན་སྡུག་བསྔལ།། དུས་མཐའ་ཡས་སུ་བཏདྱ་སྣརུམས་འདོད ་བར་བྱེད་པ་བདེནི།། དེ་དག་ནི་སུན་འབྱིན་པ་ཀུན་ཏུ་སྤྱོད་པའོ།། ། སྡུག་པའི་ལས་ནི་བྱས་གྱུར་ཀྱང་།། སླར་ཡང་དགེ་བའི་དོན་བརྩོན་པ།། སངས་རྒྱས་དམིགས་པ་ལ་སོགས་པ། ་གཉེན་པོ་ཀུན་དུ་སྤྱོད་པ་ཡིན།། འདི་ལྟ་སྟེ། བྱང་ཆུབོ་སེམས་ནི་བསྐྱེད་པ་དང་།། བྱུག་པ་འམ་དེ་བཞིན་རྒྱལ་བའི་གཟུགས་བརྙན་དང་།། བཅོམ་ལྡན་འདས་ལ་ཕྱག་འཚལ་དོང་།། སངས་རྒྱས་མྱ་ངན་འདས ་པ་ཡི།། མཆོད་རྟེན་མེ་ཏོག་འབུལ་བ་དང་།། ཁྱད་པར་དུ་ནི་ཁྱིམ་གོ་ནས་ལས།། ངེས་འབྱུང་ཚུལ་ཁྲིམས་རྫོགས་པ་དང་།། བདེ་གཤེགས་ལ་ནི་མཆོད་བྱས་པའོ།། དམན་མ་སེལ་བར་བྱེད་པ་དང་།། བྱུག ་པ་འམ་མར་མེ་ཆུ་སྙིམ་གང་།། དབུལ་བ་མེ་ཏོག་གཅིག་འདོགས་པ།། ཡང་དག་རྒྱལ་བ་ཡིས་གསུངས་པ།། རྒྱུ་རྐྱེན་དག་དང་ལྡན་པ་ཡི།། ཆོས་རྣམས་གལ་ཏེ་ཤེས་གྱུར་ན།། ངན་སོང་དག་ཏུ་འགྲོ་མི་འགྱུར། ་མིག་གཉིས་བཙུམས་ནས་ཡིད་ཀྱིསྒྲ་ནི།། མདུན་དུ་སངས་རྒྱས་དམྱིགས་བྱས་ཏེ།། གསང་སྔགས་རྒྱལ་པོ་ཡི་གེ་བརྒྱ།། སྟོང་ཕྲག་བརྒྱད་དུ་བཟླས་པར་བྱ།། གང་ན་རྩེ་གཅིག་ཡིད་ཀྱིས་ནཱི།། སྦྲུལ་བྱེད་མ་ཡེ ་གཟུངས་སྔགས་དག། ཇི་སྲིད་སྡིག་པ་ཟད་པའི་རྟགསོ།། རྨི་ལམ་མི་མཐོང་བར་དུ་བཟླས།། འདི་ལྟ་སྟེ།། ཟས་ངན་དག་ནི་སྐྱུགས་པ་དང་།། ཞོ་དོང་འོ་མ་ཟ་བ་དང་།། ན་མཁའ་ལ་ནི་འགྲོ་བ་དང་།། ་ཟླ་དག་ཀྱང་མཐོང་བ་དང་།། རྨི་ལམ་དུ་ནི་མི་དག་ལས།། རྒྱལ་ན་སྡིག་པ་ཟང་ཤེས་བྱ།། མཱ་ཧེ་དང་ནི་དྲི་བཞིན་དུ།། སྐྱེས་བུ་ནག་པོ་འང་མཚན་བྱེད་ཡིན།། སྨན་གྱི་བླ་མཱ་བཻཌཱུནྱ།། འོད་ཀྱི་རྒྱལ་པོ་དེ ་དེཞིན་གཤེགས།། ཇི་བཞིན་ཡིད་ལ་བྱེད་པ།། མི་དགེ་རྣམས་ནི་ཟད་པར་འགྱུར།། དེ་དག་ནི་གཉེན་པོ་ཀུན་དུ་སྤྱོད་པའོ།། ། སླར་ཡང་སྡོམ་པ་འཛིན་པ་ནི།། མི་མཐུན་ལས་ལྕོགོ་སྟོབས ་བརྗོད་དོ།། གང་ཞིག་མི་དགེ་བ་ཡི་ལྕེས།། སླར་ཡང་སྡོམ་པའི་བདག་ཉིད་དོ།། དེ་དག་ནི་མི་མཐུན་པའི་ཕྱོགས་ལྟ་ས་ལྡོག་པའི་སྟོབས་སོ།། དེ་ལ་རྟེན་སྟོབས་སངས་རྒྱས་དང་།། ཆོས་དང་དགེ་འདུན་ལ་རྟེན ་དང་།། དེ་བཞིན་མི་ཕྱེད་དད་པ་ཡིས།། བྱང་ཆུབ་སེམས་ལ་བརྟེན་པ་སྟེ།། དཀོན་མཆོག་གསུམ་ལ་ཆོ་ག་ཡིས་ནི་སྐྱབས་སུ་སོང་གྱུར་པའི།། ཆེས་མང་འབྲས་བུ་གང་ཡིན་ཕག་མོའི་རྟོགས་པ་བརྗོད ་པ་ལས་ཤེས་བྱ།། གང་ཞིག་བྱང་ཆུབ་སེམས་ལ་བརྟན་པ་ལས་བྱུང་འབྲས་བུ་དག། དེ་ནི་སྣ་ཚོགས་མདོ་རྣམས་དག་ནི་བལྟས་པ་ལས་ཤེས་བྱ།། དེ་དག་ནི་སྡིག་པ་སྦྱངས་པ་སྟེ ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། །། གང་ཕྱིར་གོང་མི་བཟོད་ས་ཐོས་སོགས་ལ།། བརྩོན་འགྱིས་ཉམས་པར་གྱུར་པ་ཡིན།། དེ་ཕྱིར་མི་སྐྱོ་བརྩོན་པ་ཡིས།། ཐོས་པ་སྤེལ་ཕྱིར་བཟང ་པ་བྱ།། གང་ཕྱིར་ཐོས་པོ་མོ་གཏོགས་པར།། བསམ་གཏན་སྤྱོད་ཡུལ་ཐབས་མ་གཏོགས།། དེས་ན་སྐྱོ་བ་མེད་ཡིད་ཀྱིས།། འབད་པས་ཐོས་པ་བཙལ་བར་བྱ།། གང་ཕྱིར་གོང་དང་འདྲེས་པ་ན།། སྤྱོད་ལམ ་ཤེས་པར་གྱུར་ཀྱང་ནི།། མཉམ་གཞག་ཡང་དག་སྐྱེ་མིན་པ།། དེ་ནས་ནགས་སུ་གནས་པར་བྱ།། ན་གོས་སུའང་གཡེང་བ་ཞི་མེད་ན།། སེམས་ནི་མཉམ་པོར་འཇོག་མོ་འགྱུར།། དེས་ན་མཁས་པ་དགོས ་ནི།། མཉམ་པར་བཞགས་ལ་སྦྱར་བར་བྱ།། ཉོན་མོངས་སྦྱང་བ་ལས་གཞན་པའི།། མཉི་མ་གཞག་འབྲས་བུ་ཡོད་མ་ཡིན།། དེ་ཕྱིར་ཉོན་མོངས་རྣམ་སྦྱངས་ཕྱིར། མི་སྡུག་ལ་སོགས་བསྒོམ་པར་བྱ།། ་ཉོན་མོངས་དག་ནི་སྦྱངས་པའི་ཕྱིར།། དེ་ལྟར་རོ་མདོར་བསྟན་ཚིག་རྣམས་གསུངས།། ད་ནི་ཉོན་མོངས་སྦྱང་བའི་ཕྱིར།། རྒྱས་པར་ཡང་དག་བརྗོད་པར་བྱ།། གང་ཞིག་དངོས་པོ་བཟོད་པ་སྟེ།། དེ་ཡང་རྣམ་པ་གསུམ ་དུ་དབྱེ།། སྡུག་བསྔལ་གཞན་གྱིས་གནོད་བྱས་དང་།། ཆོས་ལ་ཡང་མི་སྐྱེ་བུར་འགྱུར།། ཕལ་ཆེར་མི་འདོད་བྱུང་བ་དང་།། སྡུག་དང་བྲལ་དབྱུང་ལས་སྡུག་བསྔལ།། གང་ཞིག་སྡུག་བསྔལ་ལས་འཇིགས ་པདེ་བཟོད་མི་མཐུན་ཕྱོགས་སུ་འདོད།། དེ་ལ་སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་སྒོམ་པའི་རིམ་པ་ནི་འདི་ཡིན་ཏེ།། སྡུག་བསྔལ་རབ་སེལ་བྱེད་པ་ཡི།། ཀུན་མཁྱེན་རིན་ཆེན་འདོད་པ་ན།། ཆུང་ངུ ་བཟོད་པས་རིམ་གྱིས་ནི།། གནོད་པ་དྲག་པོ་བཟོད་འགྱུར་ཏེ།། རེ་ཞིག་ཤིན་ཏུ་དམན་པའི་འབྲས་བུ་ཡི།། དང་པོ་ལ་ནི་ཞེན་པོའི་སེམས།། ཉ་པ་ཞིང་པ་ལ་སོགས་པ།། གནོད་པ་བཟོད་པར་བྱེད་མཐོང་ན ་བདུད་ཀྱི་ཁུར་ཆུད་གྱུར་པ་ཡི།། འགྲོ་བ་བཅིངས་པ་དགྲོལ་བཱ་ཡཱི།། ཡང་དག་དམ་བཅས་བྱས་པ་དགྲ། སྡུག་བསྔལ་མཐོང་བས་ཇི་ལྟར་ལྡོག། གང་ཞིག་གནོད་མ་བྱས་ཀྱང་དགྲར་གྱུར་ཟག་པ་ཡི།། དགྲ་བོ ་གཞོམ་ཕྱིར་སྐད་ཅིག་ཀྱང་ནི་ཁྲོ་བ་རུ།། མི་བྱེད་པ་དེ་དག་གི་རིགས་པའི་དངོསྔ་མིན་ཞིང་།། གང་ཞི་དགྲ་མ་ཐུབ་པ་ང་རྒྱལྔ་ཅན་དངོས་མིན།། ཤིན་དུ་དུས་རིང་དག་ཏུ་སྡུག་བསྔལ་གྱི་ཐོབ་པའི།། དགེ་བའི ་ནོར་ནི་འཕྲོག་པ་དག་ཏུ་བརྩོན་གྱུར་ཞིང་།། བསྐོན་པ་བདག་གི་སྡུག་བསྔལ་ཚོར་བའི་རྒྱུར་གྱུར་ལ།། གཞོམ་པར་འདོད་པ་ཅིའི་ཕྱིར་ན་འབྱུང་མི་འགྱུར།། ཇི་ལྟར་མཐའ་གཅིག་ཏུ་ནི་ནི་རིམ་གྱིས་གོམས་པ ་ཕུལ་བྱུང་སྟོབས་དག་ལས།། མི་རྣམས་ལ་ནི་སྡུག་བསྔལ་ལྔ་ཡང་བདེ་བར་འདུ་ཤེས་སྟོབས་ལྡན་འབྱུང་།། དེ་བཞིན་ཡང་དག་བྱང་ཆུབ་གཞོལ་བའི་ཡིད་ཅན ་འདི་དག་ལ།། སྡུག་བསྔལ་ལ་ཡང་མཚུངས་མེད་བདེ་བར་འདུ་ཤེས་འབྱུང་བར་འགྱུར་བ་ཉིད།། ཡུབ་སྒྲས་མཇལ་བའི་མདོ་ལས་ནི།། དེ་ཡི་རྒྱུ་མཐུན་འབྲས་བུ་གསུངས།། ཆོས་ཀུན་བདེ་བ ་གནས་པ་ཞེས།། བྱ་བའི་ཏིང་ངེ་འཛིན་ཡོད་དེ།། ཏིང་འཛིན་དེ་ནི་ཐོབ་ཙམ་གྱིས།། དམིགས་པའི་དངོས་པོ་ཐམས་ཅད་ལ།། བྱང་ཆུབ་སེམས་ད་པའི་བདེ་བ་ཡི།། ཚོར་བ་ཉིད་འབྱུང་གཞན ་དུ་མིན།། འདི་ལྟར། མགྲོ་བོ་གཅོད་པར་བྱེད་པ་འམ།། དེ་བཞིན་རྐང་ལག་ལ་སོགས་པ།། སྐུ་ཡིས་གཞུ་བ་བྱས་ཀྱང་ནི།། བདེ་བའི་འདུ་ཤེས་འབའ་ཞིག་འབྱུང་།། དམྱལ་བ་དང་ནཱི་མི་ཡི ་འམ།། སྡུག་བསྔལ་དག་ནི་བྱེད་པ་ནའང་།། གཤེད་མ་རྣམས་ལ་དགའ་བ་ནི།། མངོན་དུ་བྱེད་པ་འབྱུང་བར་འགྱུར།། བདག་ལ་ལུས་ཅན་འོད་ཀུན་གྱིས།། གལ་ཏེ་འབིགོས་སམ་གཙང་བྱེད ་བ།། དེ་ལྟ་ནའང་གནོད་པའི་སེམས།། བདག་གིས་བྱ་བའི་ཕྱི་རིགས་མིན་ཏེ།། གང་ཕྱིར་བདག་ལ་སེམས་ཅན་གྱིས།། གནོད་བྱས་དམྱལ་བའི་སྡུག་བསྔལ་ལ།། སྟོང་ཕྲག་དག་ཏུ་བྱས་པོ ་ཡི།། ཆར་ཡང་ཕོ་པ་མ་ཡིན་ནོ།། གནོད་སེམས་དག་ནི་འབྱུང་བའི་རྒྱུ།། བདག་ཉིད་ལ་ཆགས་བཀུར་པ་དང་།། ཆེན་པོར་མངོན་པར་ཞོན་པ་སྟེ།། དེ་ཕྱོ་གཉེན་པོ་བཟོད་པར་འདོད།། བདག་གོ ་དགྲ་དང་བྱ་ཤེད་ཀྱི་དགྲ། དགྲ་བོའི་བ་ཤེས་ལས་འགྱུར་བ་ཡི།། གཽ་ནོད་སྣརུམས་རྒྱུ་དགུ་ལས་བྱུང་སྟེ། རེ་རེ་དུས་གསུམ་དབྱེ་བས་སོ།། དེ་དག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ།། ། ་དེ་ལྟར་བཟོད་པ་ལ་གནས་པས།། ཐོས་པ་ལ་ནི་བརྩོན་འགྲུས་བརྩམ།། གང་ཕྱིར་ཐ་ས་ལས་ཤེས་རབ་སྟེ།། ཤེས་རབ་ལས་ནི་ཉོན་མོངས་སྤྱོང་།། དེ་ཡང་རྣམ་པ་བརྒྱད་ཅུ་ཡི།། ཐོས་པ་གང ་དུ་འཕེལ་བར་འགྱུར།། དེ་ལ་འདུན་པའི་རྣམ་པར་དང་།། གཞན་ཡང་རྟེན་གྱི་རྣམ་པ་དང་།། གཞན་ཡང་ལྷག་བསམ་རྣམས་པ་དང་།། སྦྱོར་བའི་རྣམ་པ་དང་ཞེས་བྱ་དང་།། སེམས་ནི་དགའ་བའི ་རྣམ་པ་དང་།། ཚིག་ཤེས་པ་ཡི་མཚན་ཉིད་དང་།། དྲན་པ་སྐྱེད་པའི་རྣམ་པ་དང་།། གཏོང་བ་སྤེལ་བའི་རྣམ་པ་མཚན་ཉིད་དང་།། གཞན་ཡང་སངས་རྒྱས་ཆོས་ཀུན་ལ།། མཱི་ངོམས་པ་ཡི་རྣམ ་དང་།། མ་ཐོས་ཉན་པའི་མཚན་ཉིད་དང་།། སྔོན་ཤེས་ཉན་པོའི་རྣམ་པ་དང་།། དེ་བཞིན་སྡུག་བསྔལ་སྟོང་པ་དང་།། མི་སྡུག་བདག་མེད་ཞི་རྣམས་དང་།། རང་སེམས་བསྲུང་བའི་རྣམ་པ་དང་། ་བརྩོན་འགྲུས་སྤེལ་བའི་རྣམ་པ་སྟེ།། འདི་ཡང་རྒྱས་པར་འཕགས་པ་ནི།། བློ་གྲོས་མི་ཟད་མདོར་ཤེས་བྱ།། ཐོས་པ་ཉིད་ལ་ཆོས་ཀྱི་ནི།། མཆོག་ཤེས་བྱ་བ་མིང་གཞན ་ཡིན།། གང་ཚེ་ཡོངས་སུ་སྨིན་པ་ནི།། དེ་ཉིད་ཡེ་ཤེས་ཚོགས་ཡིན་ཏེ།། ཆོས་ཀྱི་ཚོགས་ཀྱི་སྦྱོར་བ་ཡིས།། མཐུན་རྒྱུ་དག་ཏུ་བརྗོད་པ་ནི།། སྨྲ་བ་ཉུང་བ་ལ་མངོན་དག་དང་།། ཡང་དང་ཡང་དུ་ཐོས ་པའི་དོན།། སེམས་ཤིང་ཆོས་ལ་གཞོལ་ཉིད་དང་།། སེམས་དང་བ་དང་ཡོ་བྱད་དག། ཉུང་བ་ལ་མངོན་པར་དགའ་བ་དང་།། དགོན་པར་མངོན་པར་ཕྱོགས་པ་དང་།། གཞན་ཡང་ཅིག་པོར་དགའ་བ་དང་།། ་དྲན་མི་ཉམས་དང་རྟག་ཏུ་ནི།། གཏོང་དང་ཚུལ་ཁྲིམས་ཕྱོགས་དགའ་དང་།། ཆུད་པ་ལུགས་ཀྱི་བསྟན་བཅོས་སོགས།། གང་ཡང་རོལ་མོའི་བསྟན་བཅོས་དང་།། འཇིག་རྟེན་རྒྱང་པན་པ་དག་གི། བསྟན ་བཅོས་ཀུན་ནི་ཡོངས་སྤོངས་པའོ།། དེ་དག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། །། དྲག་ཤུལ་ཅན་གྱིས་ཞུས་པ་ལས།། ཁྱིམ་སོགས་ཉེས་པའི་ཕུང་པོར་ནི།། མཐོང་ནས་ཐོས་པ ་ལྡན་པ་ཡིས་དེ་ནས་ནགས་སུ་གནས་པར་བྱ།། ཁྱིམ་གནས་རྨོངས་པ་འོད་ནི་བུ་དང་ནོར་དང་ཆུ་མ་ལ་སོགས་པ།། དགའ་བའི་སྦྱོར་བས་སེམས་གཡེངས་གྱུར་པས་རབ་ཏུ་ཞི་བ་ག་ལ་འགྱུར།། དེ་བཞིན་སངས ་རྒྱས་རྣམས་ཀྱི་རྒ་དང་འཆི་མེང་ཞི་ཞིང་མཚུངས་མེད་པའི།། གོ་འཕང་བདགྲ་གཞན་པ་ཕུན་ཚོགས་གནས་གྱུར་པ་ཡང་ཐོབ་འགྱུར་རམ།། ནོར་དང་ཆུང་མ་བདག་ཉིད་ཞེས་པ་འཆིང་བ་དམ་པའི་གསུམ་པོ་འདི།། ་ཞེན་པ་མེད་ཅིང་ལྷན་ཅིག་སྐྱེས་པ་རྟོགས་པའི་གནས་པ་ལ་གནས་པ་སྟེ།། འདི་རྣམས་ལ་ནི་གང་ཞིག་གང་ཚེ་གང་གིས་ཇི་ལྟར་སྐྱེ་བར་འགྱུར།། མིན་པས་སྙིང་པོ་མེད་པ་ཉིད་དུ་ཤེས་པའི་དཔྱོད་པ་དེ་སྟོབས ་ལྡན།། ཐོས་པ་ལྡན་ཡང་རྙིད་སོགས་ལ།། ཞེན་ན་སེམས་སྦྱོང་མི་འགྱུར་ཏེ།། དེ་ཚེ་ལྷར་བཅས་འཇིག་རྟེན་ན།། དེ་ནི་གཅིག་ཏུ་བསླུས་པའི་ཆོ་ག། ཇི་ལྟར་རྒྱ་མཚོ་ཆེན་པོར་ཁྱེར་བ་ཡི།། མི་ཤོས་སྐྱེ་བོ་སྒོམ ་པས་དུས་བྱེད་ལྟར།། དེ་བཞིན་དལ་འབྱོར་ཐོབ་ནས་སྐད་ཅིག་ཀྱང་།། སེམས་མ་སྦྱངས་ན་འོག་ཏུ་འགྲོ་བར་འགྱུར།། མཁས་པ་རྣམས་ཀྱིས་བྱིས་པ་རྣམས་ནི་འཐབ་མོས་བསྐྲད་པ་མ་ཡིན་ཏེ།། གོང་ཕྱིར ་མཁས་པ་རྣམས་ནི་སྙིང་རྗེས་བཀུར་སྟོར་བྱས་ནས་དེ་དག་གཏོང་།། དེ་བཞིན་སྡུག་པ་རྣམས་ལ་དང་པོ་མཚུངས་པར་བྱེད་བ་ཉེ་བསྟན་ནས།། སླར་ཡང་དགྲ་བྱེད་གང་ཡིན་དེ་དང་ལྡན་ཅིག་དགའ་བར་ག་ལ་འགྱུར།། ་དེ་ཕྱིར་ཉོན་མོངས་སྤངས་པའི་ཕྱིར།། འཇིག་རྟེན་པ་དང་འདྲི་བ་སྤང་།། དེ་དག་ཉིད་ནི་སེམས་ཅན་གྱིས།། དགེ་བ་མངོན་པར་འཕེལ་བའི་རྒྱུ།། ཡང་ནི་གལ་ཏེ་སྐལ་མི་མཉམ་པའི་སེམས་ཅན་གྱི།། ཚོགས་ལ ་རྗེས་སུ་ཆགས་ལས་འཁོར་འདོད་ཡིད་འབྱུང་ཞིང་།། རྙེང་དང་གྲགས་པའི་རྒྱུ་ཕྱིར་འདུད་པར་གྱུར་ན་ནི།། ནགས་འདི་ཡང་ནི་ཁྱིམ་དང་ཁྱད་པར་མེད་མིན་ནམ།། བསོད་ནམས ་སྙོམས་རྒྱུའི་ཡུལ་དག་དང་། ཤིན་ཏུ་རིང་བ་མ་ཡིན་ཞིང་།། ཉེ་བ་ཡང་ནི་མ་ཡིན་པའི།། ནགས་དེ་དག་ཏུ་གནས་བྱ་སྟེ།། ཡུལ་གང་ན་ནི་དྲི་མ་སྲོག་ཆགས་ལས་བྱུང་བའི།། སྐྱོན་དང་བྲལ་བའི་ཆུ་དག་ཀྱང ་ནི་ཡོད་པོ་དང་།། གང་ན་འབྲས་བུའི་ལྡིད་ཀྱིས་དུད་པའི་ཤིང་ཡོད་ཅིང་།། གདུག་པའི་སྦྲུལ་དག་དང་ནི་བྲལ་བའི་ཕུག་ཡོད་པ།། དེ་རུ་འདི་ནི་ཉིན་དང་མཚན་དུ་ཡང་ན་གསུང་རབོ་འདོན་པ་དང་།། སླར་སྔགས ་གང་ཡིན་དེ་ནི་སླར་ཡང་རིགས་པའི་ཚོགས་ཀྱིས་དཔྱོད་པར་བྱེད།། དེ་ནས་བསོད་ནམས་ལས་བྱུང་མཚན་མ་རྣམས་ནི་འཛིན་པར་བྱེད་གྱུར་ཅིང་།། བྱིང་དང་རྒོད་པའི་དུག་དང་བྲལ་བས་རང་གི་སེམས་ལ་དགའ་བ ་བསྐྱེད།། རྒྱལ་པོ་འམ་ནི་རྒྱལ་བུ་འམ།། བྲམ་ཟེ་འོམ་བློན་པོ་ལ་སོགས་པ།། དགེ་སློང་དགོན་པ་པ་དག་གི། དྲུང་དུ་འོངས་པར་གྱུར་ན་ནི།། དེས་ནི་དེ་ལ་གུས་པ་ཡིས།། ལེགས་པར་བྱོན་ནམ་ཞེས་བྱ ་དང་།། ཇི་ལྟར་བཤམས་པའི་བསྟན་དག་ལ།། རང་གིས་མཁྱེན་བཞིན་བཞུགས་ཞེས་བྱ།། རྒྱལ་པོ་འགྲེང་ན་རང་སྟན་ལས།། བདག་ཉིད་ཀྱང་ནི་འགྲེང་བྱ་ལ།། བཞུགས་ན་འདུགས་པར་བྱས་ནོས ་ནི།། དགའ་བར་བྱེད་པའི་གཏམ་བྱ་སྟེ།། སྐལ་ལྡན་ཁྱོད་ཀྱི་ཡུལ་དུ་ནི།། ཐོས་མང་ཚུལ་ཁྲིམས་ལྡན་པ་ཡི།། དགེ་སྦྱོང་བྲམ་ཟེ་ལ་སོགས་པ།། རྟག་པར་བདེ་བར་གནས་ལགས་ཞ ་བསྟན་ཞིང་དུལ་བ་དང་།། དབང་པོ་ཀུན་ནི་ཞི་གྱུར་ན།། ལས་དང་རྗེས་སུ་མཐུན་འབྱུང་བ།། རྣམ་སྨིན་བཅས་པའི་གཏམ་བྱའོ།། གལ་ཏེ་རྒྱལ་པོ་ཡིད་བྱུང་ལྡན།། ཡིད་བྱུང་ནས་མ་བཅོད ་ཟབ་དང་རྒྱ་ཆེའི་མཚན་ཉིད་ཀྱི།། སངས་རྒྱས་ཀྱི་ནི་ཆེ་བ་བརྗོད།། བྱང་ཆུབ་སེམས་དཔའ་ནགས་ཕྱིན་ནས།། ཡང་ནི་འདི་ལྟར་བསམ་བྱ་སྟེ།། བདག་ནི་ཁྱིམ་གྱི་གནས་སྤངས་ནས།། ཡི་ངན་དུ་གནས ་འོད་། ལཱུ་ལ་སོགས་པས་མཆོད་བྱའི་དགེ་སློང་གོ་འཕད་ནི།། གཡོ་ཏེ་ནགས་སུ་གནས་པ་ཙམ་གྱིས་འདིར་འབྱུང་ན།། ནགས་ན་རྒྱུ་བའི་སྤྲེའུ་དང་ཆོམ་རྐུན་སེང་གེ་རྣམས།། དེ་དག་ཀྱང་ནི་དགེ་སྦྱོང་ཀ་འཕང ་ཡོན་ཏན་གྱིས་བརྒྱན་འགྱུར།། གཞན་ཡང་ང་རྒྱལ་ཁེངས་པའི་ཡོངས་སུ་གདུང་བ་དང་།། སེར་སྣ་སྡང་ཆགས་རྟག་ཏུ་འཇིགས་མང་དང་།། རེག་གཟུགས་རོ་དང་དྲི་ཡི་འཇིགས་པ་དང་།། ཕུང་པོ་བདུད་ཀྱི ་འཇིགས་པས་འདར་བ་དང་།། ཉོན་མོངས་བདུད་ཀྱི་འཇིགས་པས་མེས་གདུངས་ཤིང་།། ལྷ་ཡི་བདུད་ཀྱིས་འཇིགས་པས་དེ་བཞིན་སྐྲག། འཆི་བདག་བདུད་ཀྱི་ཡང་ཡང་བལྟས་པ་ཡིས།། ད་ལྟ་བདག་ནི ་ནགས་སུ་འོངས་མིན་ནམ།། དེ་ཕྱིར་ནགས་སུ་གནས་པ་འདི།། བདག་ཉིད་དབེན་པའི་ཕྱིར་བསྟེན་ནམ།། ཇི་ལྟར་བདག་ལ་འཇིགས་རྣམས་ཡོད།། དེ་ནི་ཇི་ལྟར་འབྱུང་འགྱུར ་འདིར་ནི་འཇིགས་པ་རྣམས་ཀྱི་རྒྱུ།། འཇིགས་ཚོགས་ལྟ་བ་གཅིག་པུ་ཉིད།། གང་ཕྱིར་འཇིགས་པ་ཐམས་ཅད་ནི།། དེ་ལས་ཀུན་དུ་འབྱུང་བ་ཡིན།། མ་རིག་ཉེ་བསླང་འཁྲུལ་པ་དང་།། གཉིས་སྦྱོར་བདག། ་ཏུ་རིགས་པ་རྣམས།། ཕྱིན་ཅི་ལོག་ལས་ཀུན་འབྱུང་བ།། འཇིག་ཚོགས་ལྟ་བའི་རྣམ་གྲངས་སོ།། གཟུགས་སོགས་ཕུང་པོ་ལྔ་རྣམས་ལ།། བདག་ཞེས་ཡང་དག་མི་འཛིན་པའི།། འཇིགས་ཚོགས་ལྟ་བ ་རྩ་བ་ནི།། སྲིད་པའི་ལྕོགས་མ་འཕེལ་བའི་རྒྱུ།། དེ་ལྟར་ཕྱིར་འཇིགས་པ་ཀུན་དུ་གཅད་ཕྱིར།། བདག་ཏུ་ཞེན་པ་སྤངས་པ་ཡི།། དེ་ནི་བདག་གིས་བསྟན་པ་རུ།། རབ་ཏུ་འཐད་པ་དག་ཏུ་བྱ།། དགོན་པ་ཆེན། ་པོར་གནས་པ་ཡི།། ལྗོན་ཤིང་གེལ་པ་ལྕུག་མ་སོགས།། དེ་དག་ལུ་སུ་ལའང་མི་འཇིགས་ན།། བདག་ནི་དེ་ལས་ལྷག་པར་སྔར།། འདི་ན་འགའ་ཞིག་བདག་གམ་ནི།། སྐྱེས་བུ་འོམ་ནི་གང་ཟག ་གམ། ཤེད་ལས་སྐྱེས་སམ་ཤེད་བུ་འདི།། ཚད་མས་དཔྱད་ན་ཡོད་མ་ཡིན།། དེ་ལྟར་འཇིགས་པ་དག་གི་རྒྱུ།། ཡང་དག་མེ་ཡིན་ཀུན་རྟོག་འདི།། དེ་ཕྱིར་ལུང་དང་ཚང་མ་ཡི།། མིག་གི་དེ་ཉིད ་གཞོམ་པར་བྱ།། གཞན་ཡང་། དབྱེ་བ་མེད་པའི་ཆོས་རྣམས་ལ།། འབྱུང་འདི་ཚུལ་བཞིན་མྱ་ཡིན་པ།། ཚུལ་བཞིན་མ་ཡིན་སྐྱོན་ཅན་ཏེ། དེ་ཡང་སྐྱེ་བ་མེད་པའི་དངོས།། གཞན་ཡང་འདིར་ནི་དགོན་གནས་པ།། ་ནོ་རྣམས་ཀུན་ལ་འདྲེ་མེད་དེ།། མ་འདྲེས་རབ་ཏུ་མི་གནས་དང་།། དཔྱོད་མེད་རྗེས་སུ་འཛིན་བྱེད་པའོ།། གལ་ཏེ་ཡོན་ཏན་མ་ཐོབ་པར། གཅན་གཟན་ཁྲོ་བོ་ཉེར་འོངས་ནས།། འཇིགས་པ་སྤང་པ་བསྒྲུབ་པའི ་ཕྱིར།། དེས་ནི་འདི་ལྟར་སེམས་གདུལ་བྱ།། སྔར་ནི་སེམས་ཅན་དོན་བསྒྲུབ་ཕྱིར།། ལུས་འདི་དག་གིས་བཏང་བ་ཡིན།། སྦྱིན་པ་བྱིན་ནས་མི་ཤེས་པས།། དེ་ལ་ཇི་ལྟར་བདག་གདུང་བྱེད།། གང་ལས་ཀྱང ་འཇིགས་མི་བྱ་སྟེ།། རང་གི་ཉེས་བྱས་ཀྱིས་འཛེགས་བྱ།། གང་ཕྱིར་འཇིགས་ཀུན་འདི་ལས་ཏེ།། ཐམས་ཅད་དེ་ཡི་སྦྲུལ་པོར་གསོལ།། སྐྱེ་བ་དང་ནི་འཇིག་པ་དག། ཇི་ལྟར་བདག་མེང་གེལ་བ་དང་།། ལྐུག ་མཱ་ལ་སོགསོ་སྦྱོང་དང་ནཱི།། འཇིགས་འགྱུར་དེ་བཞིན་བདག་གིས་ཡང་།། སྐྱེ་བ་ཡང་ནི་འཇུག་པ་ཡི།། རྒྱུ་དང་རྐྱེ་ན་ནི་ཚོགས་པ་ལས།། རྩཝ་དང་འཁྲི་ཤིང་སྐྱེ་བ་དང་།། འཇིག་པ་དེ་བཞིན་བད་གཱ ་གི་ཡང་།། སྐྱོ་དང་འཇིག་སྟེ་དོན་དམ་མིན།། དེ་དག་ནི་དགོན་པའི་བསྔགས་པ་བརྗོད་པའོ།། །། ནགས་ཚལ་ཉིད་ལ་བརྟེན་ནས་ནི།། ཏིང་ངེ་འཛིན་ལ་སྦྱར་བྱ་སྟེ།། གང་ཕྱིར་མི ་གཡེངས་མེད་པར་ནི།། འཇིག་རྟེན་ཕུན་ཚེགས་ཀྱང་མེད་པས།། དང་པོར་འདུན་པའི་མིང་ཅན་གྱི།། སེམས་སྐྱེད་ཉེ་བར་བཟུང་ནས་ནི།། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།། གནོད ་པ་སྤངས་ཕྱིར་འབད་པར་བྱ།། འདི་ལྟར་སྤྱོད་ཡུལ་གཟུགས་ནི་མཐོང་བ་ན།། བརྣབ་སེམས་ཡིད་མི་བདེ་བ་འམ།། གཞན་ཡང་མི་དགེ་བ་ཡི་ཆོས།། སེམས་ལ་སྐད་ཅིག་བྱུང་གྱུར་ན།། དེ་ཚེ་བསྡམས་ཕྱིར་དེ་དག ་གཱི། མིག་གི་དབང་པོས་ཚོར་གཅང་བྱ།། ཚར་གཅད་པ་ནི་མཚན་མ་དག། གསལ་བར་རྗེས་སུ་གཟུང་ལས་བྱུང་།། དེ་བཞིན་རྣ་བ་སྣ་དང་ནི།། ལྕེ་དང་ལུས་ཀྱི་དབང་པོ་རྣམས།། རྟག་ཏུ་སེམས་ནི་བསྲུང་བའི ་ཕྱིར།། སོ་སོ་དག་ཏུ་བསྟན་པར་བྱ།། སད་པ་དང་ནི་ཉལ་བ་དང་།། འདུག་དང་འགྲོ་དང་སྨྲ་བ་དང་།། མི་སྨྲ་གྱུར་དང་ཀུན་དུ་ཡང་།། མཉམ་པར་བཞག་པ་འདོར་མི་བྱ།། རྙེད་དང་མ་རྙེད་བསྟོད་སྨད་དང་།། ་བོདེ་དང་སྡུག་དང་སྙུན་མི་སྙན།། ཡིད་བདེ་བྱེད་དང་གཞན་པ་རྣམས།། སྤྲུལ་པ་བཞིན་དུ་བསམ་པར་བྱ།། དེས་ནཱ་འདི་ནི་མི་རྒོད་ཅིང་།། ལུས་ཞི་སེམས་ནི་མ་འཁྲུལ་ཅིང་།། རྟག་ཏུ་དབང་པོ་མོ་གཡེང་ཞིང ་སྤྱོད་ལམ་དེ་གེ་བའི་སྤྱོད་ཡུལ་དང་།། དམིགས་པ་གསལ་བར་རྒྱུ་བ་ནི།། གང་ཚེ་སེམས་ལ་མ་མཐོང་ཞིང་།། བྱེང་ན་གཟེངས་ནི་བསྟོད་པའི་ཕྱིར།། ཡིད་ལ་དགའ་བ་བསྒོམ་པར་བྱ།། རྒོད་པ་འཇིག་རྟེན ་ཆོས་རྣམས་ལ།། གལ་ཏེ་བདག་མེད་པ་སྐྱེས་ན།། ཀུན་མཁྱེན་གྱིས་གསུངས་མི་རྟག་པ།། མྱུར་དུ་མངོན་དུ་བྱ་བ་དང་།། གཉི་གའི་དོན་དུ་གཉེན་པོ་ནི།། རྙེད་དཀའ་དུལ་བ་ཕུན་ཚོགས་པ།། དྲན་བྱ་དེ་བཞིན ་བསྐལ་པ་ནི།། བྱེ་བར་རྙེད་དཀའི་རྒྱལ་བྱུང་བའོ།། གཞན་ཡང་སྡུག་དང་ཕྲད་པའི་འདི་ནི་ཉི་མི་འགའ་ཞིག་དག་ཏུ་བདེ་སྟེར་ཏེ།། ཕྱིས་ནི་དྲན་པར་གྱུར་ནས་མཚུངས་མེད་པའི་གདུང་བ་སྐྱེད་བྱེད་པོ།། དེ་བཞིན ་སྐྱེ་དང་སྐྱེ་བར་རློན་པའི་ཡུལ་དུ་གྱུར་ནས་འཇིག་རྟེན་པ།། ཇི་ལྟའི་སྲིད་པའི་འཁྲུལ་པ་སྤོང་བར་མི་ནུས་འགྱུར་བ་དེ་ལྟར་བྱེད།། རྒ་དང་ནད་དང་འཆི་བདག་རྒུད་པ་ཞེས་བྱ་བཞི་པོ་འདི་དག་ནི།། གནོད་པ་ཆེན ་པོར་སྐྲགས་པའི་ཡིད་ཀྱིས་ཉིན་མཚན་སོ་སོ་དྲན་བྱ་སྟེ།། གང་ཕྱིར་ནད་ཀྱིས་བདེ་དང་འཆི་བདག་གིས་ནི་སྲོག་ནི་འཕྲོག་བྱེད་ཅིང་།། རྒུད་ལས་ཕུན་ཚོགས་ཉམས་བྱེད་ལང་ཚོ་དག་ནི་རྒ་བ་དག་གིས་སོ།། ། ་གནས་རྣམས་གཅོད་པར་བྱེད་པ་དང་།། གྲོགས་མེད་གཅིག་པུར་གྱུར་པ་དང་།། འཇིག་རྟེན་འདི་ནི་ཡོངས་སྤངས་ཤིང་།། འཇིག་རྟེན་གཞན་དུ་འཕོ་འགྱུར་ཏེ།། འཆི་བདག་ཁར་ནི་ཞུགས་པ་ལ།། དགྲ ་བའི་ལས་ལ་གཞན་པ་ཡི།། ཆུང་མ་ནོར་དང་གྲོགས་གཉེན།། སྲུང་བར་བྱེད་པ་ཡོད་མ་ཡིན།། སྣབས་དང་ཚ་ཁ་ཆུ་དྲི་མ་གཅིན་གོས་ཤིང་།། དབུགས་ཀྱི་ལྷག་མ་འཛིན་པར་བྱེད་པའི་ལུས།། ཡང་སྲིད ་པ་ནི་དམིགས་པར་བྱེད་པ་ན།། ལེགས་བྱས་མ་གཏོགས་སྐྱབས་བྱེད་དགའ་ཡོང་མིན།། གྲང་བས་ཉེན་ལ་མེ་དང་ནི།། སྒོམ་པས་ཉེན་ལ་ཆུ་ཇི་བཞིན།། ཇི་ལྟར་ངལ་གྲིབ་མ་སྟེ།། ་དེ་བཞིན་ཆོས་ནི་གཞན་དག་ཀྱང་།། དེ་ཕྱིར་སྐྱེསྣ་བུ་རྣམས་ཀྱི་འཁོར་དང་ནོར་དང་ལོང་ཚེ་དག། གློག་དང་མཚུངས་པར་མཐོང་ནས་འཇིག་པའི་ཆོས་ཅན་དུ།། སྐྱེ་དང་ལྡན་པས་མ་ལུས་དེ་ལྟར་བརྟགས་ལུས ་དེ་ལྟར་བརྟགས་ནས་ནཱི།། སྲིད་པའི་འཆིང་བ་འཇིགས་ལས་གྲོལ་ཕྱིར་འབད་བར་བྱ།། ཡང་ནི་གཡེང་བ་ཆེན་པོའི་རྒྱུ།། འདོད་ཆགས་ཞེ་སྡང་གཏི་མུག་གསུམ།། བྱམས་པའི་རྟེན་འབྲེལ་བསྒོམ་པ་སྟེ།། རྟག ་ཏུ་རྒྱུན་ཡང་སྤོང་བྱེད་ཅིང་།། གཉེན་པོ་ཡང་ནི་བསྒོམ་པར་བྱ།། འདོད་ཆགས་དག་དག་ནི་སྐྱེ་བའི་རྒྱུ།། བུད་མེད་གཅིག་པུ་ཁོ་ནའོ།། མི་སྡུག་བསྒོམ་པ་གང་ཞེ་ན།། མི་གཙང་ལ་སྟེས་འདུ་ཤེས་ཀྱིས ་མགོ་བོ་ནས་ནི་རྒོང་པའི་བར།། གང་ཞིག་བསྡུས་ནས་སྤྱོད་པ་སྟེ།། དེ་ཀར་སྣ་དང་སྲུ་དག་ཆེན་པ་སོ་དང་བགས་པ་རྩ།། བཻ་རུས་རྒྱུས་པ་སྙིང་དང་མཚན།། རྒྱུ་མ་ཞག་དང་དྲི་མ་དང་།། གཞུངས་པ་མཆི་མ་རྒྱུ་སེར་རྡུལ།། ཚིལ་ད ་སྣབས་དང་ཟླ་བ་དང་།། གླང་པ་དང་ནི་གླང་རྒྱས་དང་།། གཅིན་དང་རྣག་དང་ཁྲག་དག་གིས།། དང་པོ་འདི་དག་ལ་རྨོངས་པའི།། ཤེས་རབ་འཆལ་པ་གཞན་དག་ནི།། གཅིག་ལ་སོག་པ་རློམ་པ་ལས།། ་དགེ་བ་དགའ་བར་ག་ལ་འགྱུར།། འབྱུང་བ་བཞི་ལས་གྲུབ་པའི་རང་གི་ལུས་པོ་འདི་ལ་སྲར་ཡང་ནི།། ས་ངང་ཆུ་དང་མེ་དང་རླུང་ཞེས་སོ་སོ་དག་ཏུ་རྟོག་བྱེད་ལ།། དེ་ནས་ཇི་ལྟར་སྣ་ཚོགས་འབྲུ་ཡི་གང་བའི་ཕུར་མ ་བཞིན།། དེ་བཞིན་ལུས་འདི་ཡང་ནི་བརྟན་པའི་བློ་ཡིས་རྣམ་པར་བལྟ་བྱ་སྟེ།། བྱང་ཆུབ་སེམས་དཔའ་འདི་ནི་དུར་ཁྲོད་ཞུགས་ནས་སུ།། གང་ཚེ་རོ་ཡི་ངོ་ཡོངས་སུ་ལྟེ་བྱེད་པ།། དེ་ཚེ་དེས་ནི་ཉིན་ཞག་འདས ་ལས་བྱུང་བ་ཡི།། དུལ་དངོས་དག་ཏུ་རང་གི་ལུས་དང་མཚུངས་པར་རྟོག། ཤིན་དུ་ཕོངས་གདངས་ཁ་ནི་ཟངས་ལྟར་གྱུར་པ་ཡི།། ས་སྟོང་ལྟུང་བར་གྱུར་པའི་རོ་ཡི་ལུས་པོ་ནི།། སྲིད་པའི་བདེ་ལ་ཞེན་པའི ་སེམས་ལྡན་མི་རྣམས་ལ།། རང་གྲི་མི་སྐྱུག་དངོས་པོ་སྟོན་པར་བྱེད་པ་འདྲ།། དེ་དག་ནི་འདོད་ཆགས་ལ་ཀུན་དུ་སྤྱད་པའི་གཉེན་པོའོ།། །། གཞན་ལ་ཕན་དང་བདེ་སྲེད་དང་།། འདོད་དང ་སྨོན་དང་དགའ་བ་ཡི།། རྣམ་པ་འདིར་སྐྱེ་གང་ཡིན་པའི།། བྱམས་དེ་རྣམ་གསུམ་དུ་དབྱེ་སྟེ།། དེ་ལ་སེམས་ཅན་ལོ་དམིགས་ཤིང་།། ཆོས་ལ་དམིགས་པ་ཡང་ནི་གཞན།། དང་གི་འབྱུང་ཞི་དམིགས་མེད་པ།། ་བྱིམས་པ་ཆེན་པོ་རབ་ཏུ་གསུངས།། དང་པོའི་སེམས་ལ་དང་པོ་སྟེ།། གཞན་ནི་སྤྱོད་ལོ་དགའ་བ་ཡིན།། དམིགས་པ་མེད་པ་མི་བསྐྱེ་བའི།། ཆོས་ལ་བཟོད་ཐོབ་སྤྱོད་ཡུལོ།། དེ་དག་ཀུན་ལ་གོམས་བྱའི་ཕྱིར ་བསྒོམ་བྱའི་རིམ་པ་བཤང་པར་བྱ།། དེ་ལ་དང་པོ་སྟུག་པ་བཞིན།། བདྨ་མ་རྣམས་བསྒོམ་པར་བྱ།། གང་ཕྱིར་སྟག་བཞིན་ཤེས་པ་ནི།། ལྷག་མ་རྣམས་ལ་སྐྱེ་བར་འགྱུར།། ་དྲི་ཚེ་གོམྦུ་པ་ཕྱི་ནས་ཡང་།། དགྲ་ཡི་ཕྱོགས་ལ་བསྒོམ་པར་བྱ།། གླང་ཚེ་རྣལ་འབྱོར་པཾ་དག་ནི།། ཕྱོགས་གཅིག་ཏུ་ནཱི་དག་དག་ཀྱང་།། གྲོགས་པོ་བཞིན་དུ་སྨད་གྷུཊྚ་ན།། དེ་ཚེ་ཕྱོགས་ཀུན་ལ་བསྒོམ་བྱ།། ་ཇི་ལྟར་སེམས་ཅན་ལ་དམིགས་པ།། བསྒོམ་ལས་ཉེ་བ་སྐྱེ་འགྱུར་བའི།། ངལ་བ་ཆོས་ལ་དམིགས་པ་ག། ལ་སོགས་པ་ནི་ཡིད་མ་ཡིན།། དེ་བཞིན་དུ། གལ་ཏེ་རང་གི་དགེ་བ་སྐྱེ་བོ་གཞོན་རྣམས་ཀྱིས།། བདེ ་གཤེགས་ཉིད་ཐོབ་བྱ་ཕྱིར་ཡོངས་སུ་སྔོ་བྱུང་ན།། དེ་ཡི་བྱམས་པ་འདི་ནི་ཤིན་ཏུ་མཆོག་འགྱུར་ཞིང་།། རང་གི་བྱང་ཆུབ་སེམས་ནི་རྡོ་རྗེ་ལྟར་རྟེན་བྱེད།། གཞན་ཡང་བདེ་བར་གཤེགས་པ་རྣམས་ཀྱི་དགེ་བ་དང་།། ་བཞིན་རྒྱལ་སྲས་དང་ནི་སེམས་ཅན་གཞན་གྱི་ཡང་།། དེ་དག་ལུས་པ་ཡང་འགྲོ་བ་སྲིད་པའི་བཙོན་ར་ཡཾ།། བཙོངས་པ་གྲོལ་བར་བྱ་ཕྱིར་ཡོངསུ་སྔོ་བྱེད་པ།། སྣ་ཚོགས་སྙིང་རྗེའི་སྙིང་པོ་ཅན།། ཡོངས་སྒྲ་བསྔོ་བ་ག ་དག་ཡིན།། དེ་ཀུན་བྱམས་པ་ཉིད་ཀྱི་ནོ།། རྗེས་སུ་འཇུག་པར་ཐེ་ཚོམེད།། དེ་དག་ནི་ཞེ་སྡང་ལ་ཀུན་དུ་སྤྱོང་པའི་གཉེན་པོའོ།། ། གཞན་ཡོད་པ་ལ་བརྟན་ནས་ནི།། མེ་ལོང་གིན ་གཟུགས་བརྙན་བཞིན།། གང་གི་དངོས་པོ་སྣད་གྱུར་པ།། དེ་ལ་རང་དངོས་གང་ལ་ཡོད།། དེ་ཕྱིར་རྐྱེན་ལས་བྱུང་བ་ཡི།། དངོས་པོ་རྣམས་ནི་དངོས་མེད་ཉིད།། རང་གི་མཚན་ཉིད་མ་སྐྱེས་པ།། སྟོང་ཉིད་ཤིན་དུ ་ཟབ་པ་ཉིད།། དངོས་པོ་དེ་དག་མི་སློང་ཞིང་།། དེས་ཀྱང་དངོས་པོ་མི་སྤོང་སྟེ།། མེད་ན་མི་འབྱུང་ངེས་པའི་ཕྱིར།། མེ་དང་སྲེག་པར་བྱེད་པ་བཞིན།། རྟེན་འབྲེལ་ཡན་ལག་བཅུ་གཉིས་འདི།། ཕྱི་མ་ཕྱི་མ་འབྲས་བུ ་དང་།། སྡེ་མ་སྒྱུ་མྦྷ་རྒྱུ་ཡིན་པར།། མྱ་རིག་ལ་སོགས་རིམ་ཤེས་བྱ།། མ་རིག་པ་ནི་གང་ཞེ་ན།། ཡང་དག་མིན་པས་ཁམས་ལྔ་ལྔ།། གཅིག་དང་བདག་དང་རྟག་སོགས་སུ།། མ་རིག་སྐྱེ་བ་གང་ཡིན་པའི།། འདུ ་འདུ་བྱེད་ཡུལ་ནི་འདི་དག་ལ།། འདོད་ཆགས་ལ་སོགས་འཇུག་པའོ།། རྣམ་ཤེས་འདི་ལས་སྐྱེས་པ་ཡི།། དངོས་པོ་བརྟག་པའི་མཚན་ཉིད་དོ།། གཟུགས་མིན་ཕུང་པོ་བཞི་དང་ནི།། འབྱུང་བ་ཆེན་པོ་བཞི ་རྣམས་ལ།། གཅིག་ཏུ་མངོན་པར་བསྡུས་པ་ཉིད།། འདྲི་ལ་མིང་དང་གཟུགས་ཞེས་བརྗོད།། དེ་སྐྱེས་མིགས་ལ་སོགས་པ་ནི།། སྐྱེ་མཆེད་དྲུག་གི་མིང་ཅན་ནོ།། གསུམ་རྣམས་འདུས་པ་དག་ལ་ནི།། རེག་པ ་ཞེས་སུ་མངོན་པར་བརྗོད།། རེག་པ་མྱོང་ལ་བ་མ་ལུས་པའི།། བདེ་སོགས་རྣམ་པའི་རང་བཞིན་ཅན།། ཚོར་བ་ཞེན་པ་སྲེད་པ་སྟེ།། དེ་ནི་འདོད་པའི་རྣམ་པའོ།། སྲེད་པ་ཉིད་ནི་འཕེལ་བ་ལ།། ལེན་པ ་ཞེས་ནི་བརྗོད་པ་ཡིན།། ལེན་པ་ལས་ནི་སྲིད་པ་སྟེ།། དེ་ལ་ཕུང་པོ་དངོས་འབྱུང་སྐྱེ།། ཕུང་པོ་བརྙིངས་པཱ་རྒ་བ་སྟེ། ཡང་ནི་ཉམས་པ་འཆི་བའོ།། རང་ཉིད་ཅེས་ལས་ཤྲཱི་འདོད ་བས།། ནང་གི་གདུང་བ་མྱ་ངནཱ་སྟེ།། ནང་བདེ་བ་དྲན་པ་ལས་བྱུང་བའི།། སྨེ་བ་གང་ཡིན་སྨྲེ་སྔགས་འདོན།། སྡུག་བསྔལ་རྣམ་ཤེས་ལྔ་པོ་ཡི།། ལུས་བྱུང་མི་བདེ་ཚོར་བའོ།། དེ་ལྟར་མཐའ་གཉིས་ལས་གྲོལ་བའི ་རྟེན་ཅིང་འབྲེལ་པའི་མཚན་ཉིད་ནི།། སྣ་ཚོགས་མགལ་མེའི་འཁོར་ལོ་ལྟར།། ཕན་ཚུན་རྒྱུ་ཡིས་འཁོར་བ་ཡིན།། སཱ་ལུ་ལྷུང་སོགས་མདོ་ལས་ན།། ཕྱི་དང་ནང་གི་དབྱེ་བ་ཡིས།། རྟེན་ཅིང་འབྲེལ་པར་འབྱུང་བུ་དེ།། ་རྣམ་པ་གཉིས་སུ་བལྟ་བྱ་སྟེ།། རྒྱུ་དང་རྐྱེན་གྱི་རྒྱུ་ལས་ནི།། དེ་ནི་སླར་ཡང་རྣམ་པ་གྲོཉིས།། དེ་ལ་དང་པོ་ནང་གི་ནི།། གཽ་རྣམ་པ་གཉིས་སུ་དབྱེ་བ་སྟེ།། མ་རིག་ལྔ་སོགས་ཕན་ཚུན་དུ།། རྒྱུ་ཡིས་དངོས་པོར ་གནས་པ་དག། དེ་ནི་རྒྱུ་གི་རྒྱུར་ནི་འདིར།། བདག་གིས་གོང་དུ་བཤྭད་ཟིན་ཏོ།། ཡང་ནི་རྒྱན་གྱི་རྒྱུ་དག་ཉིད།། ས་དང་ཆུ་དང་མེ་དང་ནི།། རླུང་དང་ན་མཁའ་རྣམ་ཤེས་རྣམས།། གཅིག་ཏུ་འདྲེསྨྲ་པར་གྱུར་པ་སྟེ།། ་ལུས་ལ་ས་ཁམས་གང་ཞེ་ན།། སྲ་བ་འཛིན་པ་གང་ཡིན་པའོ།། རླན་ལ་སོགས་པ་རྗེས་འཛིན་གང་།། དེ་ནི་ཆུ་ཡི་ཁམས་སུ་བརྗོད།། ཟོས་དང་འཆོས་དང་མཐུངས་པ་དང་།། ཐམས་ཅད་རིམ་གྱིས ་བྱེད་པའི།། ལུས་འདི་དྲོ་བའི་མཚན་ཉིད་ཅན།། དེ་ནི་མེ་ཡི་ཁམས་སུ་བཤང་།། བྱ་བ་བདུན་ལ་རབ་འཇུག་པའི།། དབུགས་འབྱུང་རྔུབ་པའི་བྱ་བ་དང་།། ལུས་འདི་ལ་ནི་བྱེད་པ་གང་།། དེ་ནི་རླུང་གི་ཁམས ་སུ་བརྟན།། ལུས་འདི་ལ་ནི་ཡོངས་མཐོང་བའི།། ནང་གི་སྟོང་པའི་རང་བཞིན་གང་།། ཀུན་གྱི་གོ་སྐབས་འབྱེད་པའི་ཕྱིར།། ན་མཁོའི་ཁམས་ཞེས་བརྗོད་པར་བྱེད།། རྣམ་ཤེས་ཁམས་ནི་གང་ཞེ་ན།། འདིར ་ནི་ཟག་བཅས་ཡིད་གང་དང་།། དེ་བཞིན་རྣམ་ཤེས་ལྔ་ཡི་ནཱི།། ཚོགས་གང་ཀུན་ཏུ་སྦྱོར་བའོ།། མིང་དང་གཟུགས་ཀྱི་མྱུ་གུ་ཡི།། ས་བོན་ངོ་བོར་གནས་པ་ཡི།། ནང་གི་བདག་ཉིད་རང་བཞིན་ལྔ།། རྐྱེན་གྱི་རྒྱུ ་ཞེས་བརྗོད་པ་ཡིན།། དེ་བཞིན་དུ། རྣམ་ཤེས་བྱ་བ་ས་བོན་རང་བཞིན་ཏེ།། ལས་ནི་ཞིང་གི་རང་བཞིན་ནོ།། སྲེད་པས་རྣམ་ཤེས་རླན་བྱེད་དེ།། མ་རིག་པ་ནི་ས་བོན་འདེབས།། ལས་ནི་འདི་ལྟརརོ་བདག ་གིས་ནི།། འདུ་བྱེད་ལས་བྱུང་རང་བཞིན་གྱི།། རྣམ་ཤེས་ས་བོན་དགུ་བྱཱ་དང་།། ཞིང་གི་བྱ་བ་བྱས་མི་སེམས།། སྲེད་པའང་འདི་ལྟར་བོ་དག་གིས་ནི།། རྣམ་ཤེས་རླན་ཞེས་ཤེས་པ་མེད།། མ་རིག་པ་འང ་འདི་ལྟར་བདག། ས་བོན་དེ་ནི་གང་བ་མི་སེམས།། ས་བོན་རྣམ་ཤེས་དེ་ལ་ཡང་།། རྐྱེན་འདི་དག་གིས་འབད་པ་ཡིས།། བདག་ནི་བསྐྱེད་པ་ཡིན་ཞེས་པའི།། དེ་ལྟའི་ཤེས་པ་ཡོད་མ་ཡིན།། འོན་ཀྱང་རྣམ ་ཤེས་ས་བོན་ནཱི།། ལས་ཀྱི་ཞིང་གིས་བརྟེན་པ་དང་།། སྲིད་པའི་རླན་གྱིས་བརླན་པ་དང་།། ས་བོན་མ་རིག་གིས་བཏབ་བྱས།། སྐྱེ་བ་དེ་དང་དེ་དག་དང་།། རིམ ་པ་དེ་དང་དེ་དག་གིས།། མཱ་ཡི་བཀུར་ནི་དུས་ཀྱིས་སུ།། མིང་གཟུགས་མྱུ་གུ་བསྐྱེད་པ་ནི།། བདག་ལས་མ་ཡིན་གཞན་ལུས་མིན།། དབང་ཕྱུག་གིས་ཀྱང་སྦྲུལ་མིན་ལ།། མིང་དང་གཟུགས་ཀྱི་མྱུ་གུ་འདི ་རྒྱུ་མེད་ལས་ཀྱང་སྐྱེ་བ་མིན།། དེ་ལྟར་བདག་མེད་ཆོས་རྣམས་ནི།། སྒྱུ་མའི་མཚོན་ཉིད་དག་ཏུ་འབྱུང་།། རྒྱུ་དང་རྐྱེན་ནི་ཚོགས་པ་ལས།། རྒྱུན་མི་འཆད་པར་འབྱུང་འགྱུར་ཏེ།། མིག་དང་གཟུགས་དང ་སྙིང་བ་དང་།། དེ་བཞིན་ན་མཁའ་དེ་སྐྱེད་མིན།། རྒྱུ་ལྔ་དག་ནི་ཚིགས་པ་ལས།། མིག་གི་རྣམ་ཤེས་འབྱུང་འགྱུར་ལ།། རྐྱེན་འདི་དག་ནི་མེད་པ་ན།། མིང་གི་རྣམ་ཤེས་འབྱུང་མིན་ཡང་།། འདི་དག ་སོ་སོ་དགུ་ལ་ནི།། བཙལ་ན་རྙེད་པ་མཽ་ཡིན་ནོ།། དེ་ལྟར་དབང་པོ་ལྷག་མ་ལས།། སྐྱེས་པ་རྣམ་ཤེས་རིམྦྷ་པ་འདི།། ན་མཁའ་འཇའ་ཚོན་དག་མཚུངས་པར།། རྐྱེན་མ་རིག་ལས་ཤེས་པར་བྱ།། ་ཡང་ནི་རྐྱེན་ལས་བྱུང་བ་དེ།། མཚན་ཉིད་ལྔ་རུ་ཤེས་བྱ་སྟེ།། རྟག་དང་ཆང་དང་བྲལ་བ་དག་དང་།། དེ་བཞིན་འཕོ་བ་སྤངས་པ་དང་།། ཡང་ནི་རྒྱུ་ནི་ཆུང་བ་ལས།། འབྲས་བུ་ཆེན་པོར་འབྱུང་བ་དང་། ་འདྲ་བ་དག་དང་ལྡན་པ་ཡི།། རྒྱུ་མཐུན་འབྲས་བུ་འབྱུང་བའོ།། གང་ཕྱིར་སྐྱེ་བ་ལ་ཕྱོགས་པའི།། ཕུང་པོ་དགྲ་ནི་འཆི་བ་ལ།། ཕྱོགས་པ་འབྱུང་བ་དེ་ཡི་ཕྱིར།། རྟག་པ་མིན་པར་འདི་ཤེས་བྱ།། ཆད་མིན ་གང་ཕྱིར་ཕུང་པོ་རྣམས།། རྒྱུ་རྣམ་ས་ཡོང་བ་དག་དང་ནི།། མེད་པ་དག་ལུས་སྐྱེད་མི་ནོ་ཕྱིར།། སྲང་སཱི་ཨོ་དམན་ཅི་བཞིན་ནོ།། གང་གི་ཕུང་པོ་རིགས་མཐུན་ཕྱིར།། སླར་ཡང་སྐྱེ་བ་བཞིན་དུ་ནི།། རིགས་མི ་མཐུན་པར་སྐྱེ་འགྱུར་བ།། དེ་ཕྱིར་འཕོ་བ་ལས་ཀྱང་མིན།། གང་ཕྱིར་ལས་ཆུང་བྱོས་པ་ལས།། འབྲས་བུ་ཆེན་པོ་འབྱུང་འགྱུར་ཏེ།། དེ་ཕྱིར་རྒྱུ་ནི་ཆུ་ངུ་ལས།། འབྲས་བུ་ཆེན་པོར་འགྱུར་པ་ཡིན།། ་གང་ཕྱིར་ཅི་འདྲའི་ལས་བྱས་པས།། དེ་ཡི་གཟུགས་བརྙན་མི་འདོར་བ།། དེ་འདྲའི་རྒྱུ་ནི་འབྱུང་བས་ན།། དེས་ན་རྒྱུ་དང་འདྲ་བར་བརྗོད།། ཆོས་གང་འཇིག་རྟེན་འདི་ནས་ནི།། གན་དུ་འཕེལ་བ་འགའ་མེད ་ཀྱང་།། འོནྨ་ཀྱང་ལས་དོང་འབྲསྲ་བུ་དག། ཡོད་པ་རུ་ནཱི་བརྟག་པ་ཡིན།། མ་རིག་ལེན་པ་སྲེད་པ་ཞེས།། བྱཱ་བཱ་ཉོན་མོངས་བསྡུས་པ་སྟེ།། འདུ་བྱེད་སྲིད་པ་ཞེས་བྱ་བ།། ལས་ཀྱི་མིང་དུ་ཤེས་པར་བྱ།། ་རྣམ་ཤེས་མིང་དང་གཟུགས་དང་ནི།། དེ་བཞིན་སྐྱེ་དང་རེག་པ་དང་།། རྒ་ཤི་དང་ནི་ལྷག་མ་དག། སྡུག་བསྔལ་མིང་ཅན་དུ་ཤེས་བྱ།། སྟོང་པ་ཉིད་ནི་སྟོན་པ་ཆེ།། འོག་ནས་སྟོན་པར་འགྱུར་བས་ན། ་ཟློས་པའི་སྐྱོན་དུ་ཐལ་འགྱུར་ཕྱིར།། ཕྱི་ཡི་མཚན་ཉིད་མ་བསྟན་ཏོ།། གང་གིས་འགྲོ་བའི་རང་བཞིན་རྐྱེན་ལས་བྱུང་བ་རུ་།། ཇི་ལྟ་བ་བཞིན་འདི་དག་ཤེས་རབ་ཀྱིས་རྟོགས་པ།། ་ཕྲ་བའི་བློ་ལྡན་དེ་ཡིས་དེ་བཞིན་གཤེགས་པ་ནི།། ཀུན་གཞི་དག་དང་ཡང་དག་ལྡན་པ་མཐོང་བར་འགྱུར།། འདི་དག་ནི་གཏི་མྱུག་ལ་ཀུན་དུ་སྤྱོད་པའི་གཉེན་པོའོ།། །། དེ་ལྟར་སེམས ་ནི་ལས་རུང་བས།། ལུས་དང་ཚོ་རཱ་བ་ཉིད་དང་ནི།། སེམས་དང་དེ་བཞིན་ཆོས་རྣམས་ལ།། དྲན་པ་ཉེར་གཞག་གུས་བྱར་བསྒོམ།། རྐྐདྱོ་ལག་བྱིན་པ་བྲང་དང་སུམྦྷ་མདོ་མགྲིན་པ་ཕྲག་པ་ལློ་བྱ་བྲང་། ་འགྲམ་པ་རྒྱབ་དང་ནང་ཁྲོལ་དང་ནཱི་མགོ་བོའི་ཚོགས་རྣམས་འདུས་པའི་ལུས་འདི་ནི།། དེ་བཞིན་སླར་ཡང་ཀུན་ཏུ་ནས་ཉོན་མོངས་སོ་སོའི་དུག་ཅན་གནས་སུ་གྱུར་པ་འདི།། མི་རྟག་བྱ་ཞེས་ཀུ་ཤའི་རྩཝ་འདྲའོ ་བློ་ལྗོན་ཅན་རྣམས་ཀྱིས་ལེགས་པའི་དོན་དུ་དཔྱད་། ཡང་དག་མིན་ལོ་བརྟགས་ལས་གཞན།། ལུས་པོ་འདི་ནི་སྔོན་གྱི་མཐའ།། གང་ཞིག་ནས་ཀྱང་འོང་བ་ཡིན།། ཕྱི་མའི་མཐའ་ཡང་འགྲོ་མིན་པས།། ཐོག་མ ་ཐ་མི་དབུས་རྣམས་སུ།། གང་ཡང་གནས་པོ་མེད་པར་བརྟག། དེས་ན་རྩད་ནས་མེད་པ་ཡི།། ལུས་པོ་འདི་ལེ་ཡོངས་འཛིན་མེད།། དེ་ལྟར་ཆ་ཡི་ཚོགས་འདི་ལ།། ལུས་པོ་དོན་དམ་དུ་མེད་པས།། མཁས ་པས་ལུས་པོ་ན་མཁའ་བཞིན།། རྗེས་སུ་དྲན་པ་རྟག་པར་བཞག། དེ་ཡང་འཇིག་རྟེན་པ་ཡི་ཐ་སྙད་དུ།། གྲུབ་པའི་ལུས་པོ་དང་ནི་ཕུང་པོ་དང་།། ཁོག་པ་དང་ནི་གནས་འདི་ཞེས་བྱ་བ།། འདི་དག་མ་ལུས ་གློ་བུར་བ་ཡིན་ནོ།། ལུས་ལ་རྗེས་སུ་དྲན་བསྒོམ་པ་ལས།། སེམས་ཅན་རྣམས་ཀྱི་ལུས་གཞན་ལ།། རང་ལུས་དང་མཚུངས་བརྟན་པ་རུ།། བྱང་ཆུབ་སེམས་དཔའ་འདུ་ཤེས་སྐྱེ།། སྙིང་པོ་མེད་པའི་ལུས ་པོ་ལ།། ལུས་དང་ལོངས་སྤྱོད་སྙིང་པོ་དང་།། དེ་བཞིན་འཚོ་བའི་སྙིང་པོ་སྟེ།། སྙིང་པོ་གསུམ་གྱིས་བླང་བར་གྱིས།། བདག་གི་ལུས་འང་མི་རྟོག་ཅེས།། སེམས་ཅན་རྣམས་ཀྱི་སློབ་མ་རུ།། འགྱུར་བར ་བསྒྲུབ་པ་གླང་ཡིན་པ།། དེ་ལ་ལུས་ཀྱི་སྙིང་པོར་བརྗོད།། ལུས་གསྔོབ་ཡིན་ཕྱིར་ལྗོངས་སྤྱོད་ལ།། གང་ཞིག་དགའ་བར་མི་བྱེད་པ།། དེ་ནི་ཐམས་ཅད་གཏོང་དང་ལྡན།། དེ་ཡིད་ལོངས་སྤྱོད་སྙིང་པོ ་སྲོ་བཾ།། སྙིང་པོ་མེད་པའི་ལུས་དྲན་ན།། འཚོ་བའི་དོན་དུ་བདག་ཉིད་ཀྱིས།། སྡིག་པའི་ལས་རྣམས་བྱེད་མིན་པ།། དེ་ཡིས་འཚོ་བའི་སྙིང་པོ་འཐོབ།། ལུས་འདི་རྟག་ཏུ་ཡོངས་སུ་མ་བསྐྱངསོ་ནི།། འཕེལ ་མི་ནུས་པས་བྱིས་པ་རྣམས་དང་མཚུངས།། ཁང་པ་རྙིང་པ་དང་མཚུངས་ལུས་པ་འདི།། འབད་པས་ལེགས་པར་བསྐྱངས་ནས་གཟུང་བར་བྱ།། བཀའ་སྩལ་མང་བས་རྒྱལ་པོ་རྣམས་དང་མཚུངས།། ་སླུ་བར་བྱེད་པའི་རང་བཞིན་གྲིབ་མ་བཞིན།། ཤིན་ཏུ་འབད་པའི་སྒོ་ནས་གཟེམ་དགོས་པས།། ལུས་འདི་སོ་མ་བཏང་བའི་བུམ་པ་མཚུངས།། ཆུ་བོ་ཆེན་པོའི་ཚོགས་ཀྱི་རྒྱུན་འབབ ་བཞིན།། ལུས་ཀྱི་ཐ་མ་འཆི་བའི་མཆི་ལྔ་གཏུགས།། མདུང་ཐུང་བཞིན་དུ་སྡུག་བསྔལ་བསྐྱེད་པའི་རྒྱུ།། རྟག་ཏུ་ཕན་མི་བྱེད་པས་དགྲ་དང་མཚུངས།། ནམ་ཡང་ཡིད་ཆང་རྡུལ་ཕྲ་ཙམ་གྱི་ཡང་།། གནས་མེད་པས ་ན་རྐུན་མ་རྣམས་དང་མཚུངས།། རེག་པའི་སྲན་མི་བཟོད་པས་རྨ་དང་མཚུངས།། སྒྱུ་མེ་བཞིན་དུ་སྟོང་པའི་བདག་ཉིད་ཡིན།། ཇི་ལྟར་འོ་མ་ཡིས་ནི་བཀྲུས་གྱུར་ཀྱང་།། སོལ་བ་ནམ་ཡང་དཀར་པོར་འགྱུར་མ་ཡིན།། ། ་གཅིང་ཞིང་དག་པས་བྱི་དོར་བྱས་གྱུར་ཀྱང་།། དེ་ལྟར་ལུས་ཀྱི་རང་བཞིན་མདོར་མི་བྱེད།། དེས་ན་བདག་པོ་མེད་པ་ཡི།། འཁྲུལ་འཁོར་ལྟ་བུའི་ལུས་པོ་འདི།། བཟའ་བཏུད་སོགས་ལས་བྱུང་པོའི་ཞེས།། ་རྒྱས་པར་ཡང་དང་ཡང་དུ་བརྟོག། དེ་དག་ནི་ལུས་དྲན་པ་ཉེ་བར་གཞག་པའོ།། །། དེ་ལྟར་རབ་ཏུ་བསྒོམས་པའི་མཐུས།། ལུས་གཡེང་རབ་ཏུ་ཞི་བ་དེས།། ཚོར་བ་དྲན་པ་ཉེ་བར་གཞག ་པ། བརྟན་པ་ཡིས་ནི་རྣམ་པར་བསྒོམ།། དེ་ལ་ལོག་པར་མངོན་ཞེན་ལས།། ཚོར་བ་རྣམ་པ་གསུམ་ཡིན་ཏེ།། བདེ་དང་སྡུག་བསྔལ་དང་གཞན་ནི།། བདེ་མིན་སྡུག་བསྔལ་མིན་རིག་བྱ།། འདི་ལ་ཚེར ་བྱེད་འགའ་མེད་ཅིང་།། ཚོར་བའི་དངོས་པོ་འང་ཡོད་མིན་པས།། རྟེན་ཅིང་འབྲེལ་པ་ལས་བྱུང་བའི།། ཚོར་བ་འདི་ནི་བདག་མེད་པའོ།། དེ་ལྟར་ན་མཁའི་དངོས་གྱུར་པ།། གང་ཞིག་ལ་ནི་ཞེན་པ་བྱེད་པ།། དེ་ནི་རྨོངས ་པས་ཆུ་ནང་གི། ཟླ་བ་ལེན་པར་འདོད་པ་ཡིན།། དེ་བཞིན་སྡུག་བསྔལ་གྱིས་གདུངས་པ།། གང་ཞིག་ཕྱིར་ཞིང་འཇོམས་བྱེད་པ།། དེ་ནི་རྨོངས་པས་མིག་ནང་གི། གཟུགས་བརྙན་ཁ་ལྀ་འོ་བྱེད་ཡིན།། རྨོང ་བྱ་གང་ཞིག་བདེ་མིན་ཞིང་།། སྡུག་བསྔལ་ཡང་མིན་རིག་པ་དེ།། འགྲོ་ཚེ་རྩ་ལ་རེག་པ་ལ།། གཟུང་བཪྵ་མྲྀངོན་པར་རློམ་དང་མཚུངས།། གཞན་ཡང་ཚེ་རཱུ་པ་ཐམས་ཅད་ལྔ།། མིང་གཞན་དུ་བྱས་འཁོར་བ་སྟེ། ་ཆོས་ཡང་དག་པར་བསྡུས་པའི་མདོར།། ཀུན་མཁྱེན་རང་ཉིད་ཉིད་ཀྱིས་གསུངས་པ།། ཉེར་ལེན་དང་ནི་ཕྱིན་ཅི་ལོག། ཉེ་བར་དམིགས་དང་ཡོངས་སུ་འཛིན།། ཚུལ་བཞིན་མ་ཡིན་ཡིད་བྱེད་པ།། ཚོར་བ་ཡིན། ་ཞེས་ངེས་པར་གསུངས།། འདི་ལྟར་གང་ཚེ་སྡུག་བསྔལ་གྱིས།། བྱང་ཆུབ་སེམས་དཔའ་ལ་རེག་པ།། དེ་ཚེ་སྡུག་བསྔལ་གྱིས་ཉེན་པའི།། སེམས་ཅན་རྣམས་ལ་བརྩེ་བས་དམིགས།། གང་གི་ཚེ་ན་ཐུག ་རྗེ་ཅན།། ཚོར་བ་བདེ་བ་མྱོང་བྱེད་པ།། དེ་ཚེ་ཚོགས་པས་གདུངས་རྣམས་ལ།། དེ་ཡི་བརྩེ་བ་ཆེར་གྲག་སྐྱེ།། གོང་ཚེ་བདེ་མོན་སྡུག་བསྔལ་མིན།། རྒྱལ་བའི་སྲས་པོས་མྱོང་བྱེད་པ།། དེ་ཚེ་རྨོངས་པར་བྱེང ་རྣམས་ལ།། འདི་ཡི་བརྩེ་བ་ཚས་ཤས་ཆེར་འཕེལ།། འགའ་ཞིག་བྱང་ཆུབ་སེམས་དཔའ་ལ།། མངོན་དུ་གྱུར་པ་སྐྱེ་འགྱུར་བ།། དེ་ཉིད་ཀྱི་ཚེ་དམིགས་མེད་པས།། དམིགས ་པ་བྱས་པ་ལྟ་བུར་སྐྱེ།། མཚན་མར་འཛིན་པ་ཡིན་པས་ན།། ཚོར་བ་ཉིད་ལ་སྲེད་པར་བརྗོད།། གང་ཚེ་དེ་ཉིད་མི་གནས་པ།། དེ་ཚེ་མྱ་ངན་འོངས་པར་བརྗོད།། དེ་དག་ནི་ཚོར་བ་དྲན་པ་ཉེ་བར་གཞག་པའོ།། ། ་དེ་ལྷོར་གུས་པར་ཚོར་བ་ལ།། དྲན་པ་ཉེར་གཞག་བསྒོམ་བྱས་ཏེ།། དེ་ཡི་རྗེས་ལ་འབད་པ་ཡིས།། སེམས་རྗེས་དྲན་པ་ཉེར་གཞག་བསྒོམ།། མི་གཙང་གཙང་བར་འདུ་ཤེས་པས།། སེམས་ནི་སྦྲད་མ་རྣམས་དང ་མཚུངས།། སྡུག་བསྔལ་ཐམས་ཅད་བསྐྱེད་པས་ནི།། སྡང་བའི་དགྲ་བོ་དང་ཡང་མཚུངས།། འདོད་པ་སྔར་བག་ཡུད་ཙམ་ལ།། བདེ་བ་ཉིད་དུ་འདུ་ཤེས་དང་།། མཆིལ་བ.རཱི་བཟན་ལ་ཆགས་པ་ཡི།། ཉྩ་ཡི་ལྕེ ་དང་དེ་ཡང་མཚུངས།། སེམས་ནི་སྡོད་པ་མ་ཡིན།། གཞན་རེག་རྣམས་ལ་གླགས་ཚོལ་ཕྱིར།། མདངས་འཕྲོགས་གནོད་སྦྱིན་དང་ཡང་མཚུངས།། དགེ་བའི་ནོར་རྣམས་འཕྲོག་པའི་ཕྱིར།། དེ་ནི་ཆོམ་རྐུན་དང་ཡང་མཆུད ་སེམས་ནི་སྐད་ཅིག་ཉིད་ཙམ་གྱིས།། འཇིག་པའི་ཕྱིར་ན་གློག་དང་མཚུངས།། རྐྱེན་ལ་རག་ལས་སྐྱེ་བའི་ཕྱིར།། མར་མེའི་འོད་ཀྱི་རྒྱུན་དང་མཚུངས།། སེམས་ནི་སྡོང་པ་མ་ཡིན་པོས།། ཆུ་བོ་ཆེན་པོའི་རྒྱུན་དང ་མཚུངས།། ཉོན་མོངས་གློ་བུར་བ་རྣམས་ཀྱི།། སྒྲིབ་བྱས་སེམས་ནི་མཁའ་དང་མཚུངས།། འདི་ལྟར། གཟུགས་ལ་དམིགས་ནས་གཟུགས་རྣམས་ལ།། དགའ་བ་ཕྱེ་མ་ལེབ་ཀྱི་མིག་དང་མཚུངས།། སྒྲ་ལ ་དགའ་བས་སེམས་ནི་མངོན་པ་ཡི།། གླུ་ལ་སྙན་པའི་ཨེ་ནེ་ཡ་དང་མཚུངས།། སེམས་ནི་མཱར་ནག་སྣོད་ཀྱིས་རིགས་པ་ལ།། དགའ་བས་ཆགས་པའི་སྦྲང་མ་རྣམས་དང་མཚུངས།། རོ་ལ་དགའ་བས་ཟས་ཀྱི ་ལྷག་མ་ལ།། བརྐམ་ཞིང་ཆགས་པའི་བླན་མ་རྣམས་དང་མཚུངས།། དྲི་ལ་དགའ་བས་མི་གཙང་ཕུང་པོ་ལ།། ཤུགས་དྲག་རྒྱུག་པའི་ཕག་ཕྲུག་རྣམས་དང་མཚུངས།། དེ་ལྟ་ན་ཡང་བརྟགས་ཤིང ་དབྱུང་པ་ན།། སེམས་དེ་གང་ནས་ཀྱང་ནི་རྙིད་མ་ཡིན།། འདས་པའི་སེམས་ནི་འགག་པ་ཡིན་པས་མེད།། མ་འོངས་སེམས་ནི་མི་ཐོབ་པས་ཡོད་མིན།། ད་ལྟར་གནས་པ་བཅིངས་ནས་ཡོད་མིན་ཏེ།། གང ་ལྟར་ཡང་དེ་ཚད་མའི་དབྱུང་བྱར་མེད།། སེམས་དེ་ཤིན་དུ་འབད་པས་བཙལ་གྱུར་ཀྱང་།། འདས་པ་ཡོད་མིན་ད་ལྟ་བ་ཡང་མེད།། མ་འོངས་པ་ཡང་ཡོད་མིན་དེ་ལྟར་ན།། དེ་ནི་དུས་གསུམ་དག་ལས་འདས་པར ་འདོད།། གང་ཞིག་དུསོ་གསུམ་ལས་ནི་འདས་པ་དེ།། ཡོད་པ་ཉིད་མ་ཡིན་ཞིང་མེད་པའང་མིན།། དེ་ལྟར་མཐའ་གཉིས་ལས་ནི་རྣམ་གྲོལ་བ།། དེ་ནི་གང་གིའང་སྤྱོད་ཡུལ་མ་ཡིན་ནོ།། སེམས་ནི་གང ་ནའང་དགའ་མེད་ཅིང་།། གང་ནའང་མི་དགའ་ཡོང་མིན་ཏོ།། ནམཁརའ་བཞིན་དུ་མ་སྐྱེས་པ།། སྨན་ཕྱུང་མ་ཡིན་རྨོངས་བླ་མུན།། སླར་ཡང་འདི་ཡི་རང་བཞིན་འབྲང ་བཙལ་ན།། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་ནི།། གང་ཡང་གང་དུ་འདུ་ནམ་ཡང་མཐོང་བའི།། སེམས་ཀྱི་རྒྱུན་དེ་འདོད་པར་བྱ་བ་འམ་ཅི།། དམིགས་པ་ལས་ནི་སེམས་སྐྱེ་བ།། རེ་ཞིག་འ ་འདི་ལྟར་བརྟག་བྱ་སྟེ།། དམིགསོ་པ་ལས་ནི་ཐ་དད་དམ།། ཐ་མི་དད་ཅེས་ཡོངས་སུ་བརྟག། ཐ་དང་མངོན་པར་ཁཾ་ས་ལེན་ན།། ཁྲིམས་གསུམ་ཐམས་ཅད་སེམས་མེད་འགྱུར། ཐ་མི་དང་ན ་བདག་ཉིད་ལ།། ནང་གི་བྱཱ་བྲུ་བཟློག་པར་དཀཪྵ།། མྱི་ཛུབ་མོའི་རྗེ་སྟེ་དེ་ཉིད་ནས།། དེ་ཉིད་ལ་རེག་ནུས་མ་ཡིན།། དེ་བཞིན་རལ་གྷིའི་སོ་དེ་ཉིད་ཡིས།། དེ་ཉིད་གཅོད་པར་ནུས་མ་ཡིན། ་བར་བསླབ་ཀྱང་རང་ཉིད་ཀྱིས།། ཕྲག་པ་ལ་ནི་འགོད་མིན་ལྟར་སེམས་ཀྱི་སེམས་ནི་རེག་མིན་ཞེས།། ཐམས་ཅད་མཁྱེན་པ་ཉིད་ཀྱིས་གསུངས།། དྲལ་ལ་འཁོར་ཞིང་འཚུབས་པའི་རླུང ་དམར་ལྟར།། ཡིད་ཀྱི་རྒྱུ་བ་ཤིན་ཏུ་རྟོགས་དཀའ་འདི།། གང་གི་དེ་ལས་བདེ་གཤེགས་དཔལ་འབྱུང་བའི།། ཞི་གནས་ལ་ནི་འབད་པས་རྣམ་པར་བསྒྲུབས།། རྩེ་གཅིག་རྣམ་པར་མ་འོ་ཕྲོས ་དང་།། སྣ་སངས་པ་དང་རབ་ཏུ་ཞི།། ཞི་གནས་ཀུན་དུ་གནས་པའོ་ཞེས།། སེམས་ཟློས་དྲན་པ་རྒྱས་པར་བསྒོས།། སེམས་ཀྱི་ཆོས་ཉིད་མོ་སྦྱང་ཞིང་།། དེ་བཞིན་རྣམ་པར་སྦྱོང་བ་འང་མནྠ། ་སེམས་འདི་སྒྱུ་མ་སྐྱེ་བཱ་ཥྚས།། བྱ་བ་སེམས་ཀྱི་ཆོས་ཉིད་དོ།། གང་དག་དངོས་ཀུན་ཡོངས་བརྒྱད་ནས།། སངས་རྒྱས་འང་དུ་ཡང་དག་པར།། རབ་ཏུ་བསྔོ་བ་དེ་རླུང་གི་སེམས་ཀཱི་རྣམ་པར་སྦྱར ་གསུངས། དེ་དག་གི་སེམས་དྲན་པ་ཉེ་བར་གནག་པའོ།། 5་ད་ལྡན། དེ་ལྟར་ས་མྦྷས་རྣཾས་རླན་པ་ཉེར་གནག་ལ།། ཡང་དག་གླེན་སྭཾ་ནཱས་རྒྱས་དྲུན་ཉེད་གགྱི་བསྒྲམ ་དེནི་མདོར་ན་ཆོས་རྣམས་ཐམས་ཅད་ལ།། སྤྱོད་ལིནྡྷ་སྦྱངས་ནས་འབད་མེད་རྟོགས་པ་ཡིན།། ཉོན་མོངས་རྣམས་ལ་ཡང་དག་ཏུ་སྣང་བྱ།། འདོད་ཆགས་སྤྱོད་མིན་ཞེ་སྡང་ཡོད་མ་ཡིན། ་གཏི་མུག་ཡོད་མིན་ཞི་བ་ཡོད་མ་ཡིན།། འདུས་པ་ཡོང་མིན་ཕུང་པོའང་ཡོད་མ་ཡིན།། དེ་ལྟར་རྟོགས་པས་དོན་དྲིམ་དུ་དཔྱང་ན།། ཀུན་ཉོན་མོངས་མེད་རྣམ་བྱུང་ཡོད་མིན་པ།། དེ་ལྟར་ཆོས་རྣམས ་ཡིན་ཞེས་ངེས་པ་གང་།། དེ་འདིར་ཆོས་རྗེས་དྲན་པར་ཡང་དག་བརྗོད།། དེ་ལྟར་ཆོས་རྣམས་སུས་ཐོས་པ།། དེ་ཡིས་ཚེ་ས་དང་སངས་རྒྱས་དང་།། བྱང་ཆུབ་དང་ནི་ལམ་རྣམས་དང་།། ཆོས་ཀུན་ཐ ་དང་མཐོང་མ་ཡིན།། སླར་ཡང་ཉོན་མོངས་ཀུན་ལ་འདི།། བཅོས་མའི་འདུ་ཤེས་སྐྱེད་བྱེད་པ།། དེ་བཞིན་ཆོས་གཞན་རྣམས་ལའང་།། སྒྱུ་མའི་རྣམ་པར་རབ་ཏུ་བརྟག། དེས་བྱེད ་དེ་བཞིན་ཉིད་ཀྱི་བཅུད་ཀྱིས་ནི།། ཕུག་ནས་ཆོས་དང་རྣམས་ཐམས་ཅད་ཡོངས་སུ་རྟོག། རབ་རིབ་སྒྲིབ་པ་མ་ལུས་རྣམ་སྤངས་པ།། དེ་ནི་ཐུགས་རྗེ་ཆེན་པོས་རྒྱན་དུ་བྱེད།། ཇི་ལྟར་མེ་དང་འབྲུ་མྱུར་སྡོང་བུ ་དང་།། རྐོང་བུ་རྣམས་ལས་མི་ཡིས་མེ་མར་མཐོང་བ།། དེ་ལྟར་རྐྱེན་རྣམས་ལ་སྐྱེས་ཆོས་རྣམས་ལ།། སྟོང་ཉིད་སྙིང་པོ་ཅན་ཞེས་ཐ་སྙད་བྱེད།། ཆོས་རྣམས་ཐམས་ཅད་མདོར་བསྡུ་ན།། ཕུང་པོ་ཁམས་དང ་སྐྱེ་མཆེད་དེ།། རྐྱེན་ལ་རག་ལས་སྐྱེ་བཞིན་དུ།། འཕོ་བ་སྤངས་ནས་ཡོང་མ་ཡིན།། ཇི་ལྟར་རྒྱུ་ལ་བརྟེན་ནས་ནི།། གང་དུ་རྒྱུ་ཡི་རྗེས་མཐོང་བྱ།། རྒྱུ་དེ་འཕོས་པ་མ་ཡིན་ཞིང་།། དེ་མེད་པར་ཡང་མེད ་བཞིན་ནོ།། བདྲག་དང་གང་ཟག་ཤིང་བུ་གས་པ་པོ།། སྲོག་དང་ཤིང་སྐྱེད་བྱེད་པ་ཚོར་བ་པོ།། གང་ཡང་ཅུང་ཟད་མཐའ་ཅིག་ཏུ་མེད་པའི།། ཉོན་མོངས་ངེས་གང་འཆིང་བྱེད་གྲོལ་བར་བྱེད།། མིང་རྣམས ་ཐམས་ཅད་མིང་གིས་སྟོང་པའི་ཕྱིར།། ཆོས་རྣམས་ཐམས་ཅད་མིང་དེསོ་སྟོང་པ་ཡིན།། སྣ་ཚོགས་རང་བཞིན་མིང་གིས་གང་བརྗོད་པ།། དེ་ནི་ཀུན་རྫོབ་བདེན་པར་འཕགས་པས་གསུངས་པ།། རང་བཞིན ་གང་ཞིག་མིང་གིས་བརྗོད་པ་དེ།། རྫོགས་སངས་རྒྱས་ཀྱིས་མ་གསན་གཟིགས་མ་ཡིན།། སྐྱེ་མེད་འགག་པ་མྱེད་པའི་རང་བཞིན་ཕྱིར།། འཇིག་རྟེན་འདི་ནི་བརྡ་ཙམ་ལས་ལྔ་མིན།། དེ་དག་ནི་དྲན་པ་ཉེ ་བར་གཞག་པ་རྣམས་སོ།། །། དེ་ལྟར་སེམས་ལས་རུང་ནས་ངེས།། སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི།། མགྲོན་གདོན་པ་ཡི་བསམ་པ་ཡིས།། སྟོང་ཉིད་རབ་ཏུ་གསལ་བྱས་པའི།། ་ཡོན་ཏན་དཔག་ཏུ་མེད་པ་ནི།། མདོ་སྡེ་ཟླ་བ་སྒྲོན་མ་ལས།། ཡོན་ཏན་རིན་ཆེན་གྱིས་རབ་བརྟེན།། སྟོང་ཉིད་མཐོང་བ་བདེ་བར་གཤེགས་པ་ཡི།། བསླབ་པའི་ལམ་ལ་ངེས་པར་ལྡོག་མ་ཡིན།། རང་བཞིན ་གྷིས་ནི་དབང་པོར་གྱུར་པས་ན།། ནམ་ཡང་བུད་མེད་དབང་དུ་འགྱུར་མ་ཡིན།། ཡུན་མི་རིང་བར་ལྷུར་བཅས་འཇིག་འདིར།། འདི་ཉིད་རྐང་གཉིས་རྣམས་ངེས་པར་ཤེས་ནས་ནི།། ངན་སོང་དུ་ནི་ལྟུང་བར ་མི་འགྱུར་ཞིང་།། མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པ་དང་།། མངོན་པར་ཤེས་པ་ལྔ་པའང་འཐོབ་པར་འགྱུར།། ཆོས་རྣམས་ལ་བདག་མེད་པ་དང་།། དེ་བཞིན་རང་བཞིན་མེད་པ་དང་།། ལས ་དང་འབྲས་བུ་ཇི་ལྟ་བར།། འབྲེལ་པོ་ལ་ཡང་འགལ་བ་མེད་།། བྱང་ཆུབ་སེམས་ཀྱི་སྤྱོད་པ་དང་།། མཐོང་བའི་ཆོས་ལ་འགལ་མེད་ཅེས།། དེ་སྐད་ཡབ་སྲས་མཇལ་བ་ལས།། ཐམས་ཅད་མཁྱེན་པ་ཉིད ་གྱི་གསུངས།། ཁམས་དྲུག་རེག་པའི་སྐྱེ་མཆེད་དྲུག་ཡིད་ཀྱི་ཉེ་བར་སྤྱོད་པ་ནི།། བཅཝོ་བརྒྱུད་པོ་རྣམས་འདུས་པ་ལས།། རེ་ཞིག་སྐྱེས་བུ་ཞེས་བརྗོད་དོ།། རྣམ་ཤེས ་ནམ་མཁའ་རླུང་དང་མེ།། ཆུ་དང་ས་རྣམས་མི་ལུས་བྱ།། ལུགས་འབྱུང་ལུགས་ལུས་བཟློག་པ་ཡཱི།། སྣ་ཚོགས་འཛིན་པར་བྱེད་ཕྱིར་ཁམས།། རྣམ་པར་ཤེས་པ་ལས་སྐྱེ་ཞེས་བརྗོད།། དེ་ནི་རྒྱུན་དུ ་མཆེད་བྱེད་པའི།། མིག་ལ་སོགས་པ་རྣམ་དྲུག་པོ།། དེ་དག་སྐྱེ་མཆེད་དུ་བརྗོད་དོ།། གཟུགས་རྣམས་མཐོང་བའི་མིག་ལ་ནི།། རེག་པའི་སྐྱེ་མཆེད་དུ་འདོད་དེ།། རང་རང་གི་དོན་གོ་སལ་བྱེད་ཕྱིར།། སྐྱེ་མཆེད། ་ལྷག་མ་འང་དེ་བཞིན་ནོ།། མིག་ལ་སོགས་པ་རང་རང་གིས།། རེག་པ་དྲུག་འདིར་སྐྱེད་པར་བྱེད།། སོ་སོར་ཡིད་བདེ་ལ་སོགས་པའི།། དབྱེ་བས་དེ་ནི་རྣམ་པ་དྲུག། དེ་ལྟར་ཡིད་ཀྱི་ཉེ་བ་ནི། སྤྱོད་པ་བཅོ་བརྒྱད ་གསལ་བཱར་བརྗོད།། འདི་རྣམས་ཀུན་དུ་ཚོགས་པ་དང་།། འདུས་པ་སྐྱེས་བུ་ཞེས་བྱའོ།། གོང་ཞིག་ནང་གི་སྲ་བ་ཉིད།། ལུས་འདི་ལ་ནི་དམིགས་པ་ཡི།། སེན་མོ་སོ་སོགས་དབྱེ་བ་ནི།། ནོང་གི་ས་ཡི ་ཁམས་ཡིན་ནོ།། ག་ཡང་ཕྱི་ཡི་འཇམ་པ་དང་།། ཅུང་ཟད་སྲ་བ་ཉིད་མཐོང་བའི་ས་འཛིན་སོགས་བྱེད་གང་ཡིན་པ།། དེ་ནི་སྤྱི་ཡི་ཁམས་ཡིན་ནོ།། ནང་གི་བདག་སྐྱེ་བཞིན་པ།། འདི་ནི་གང་ནས་ཀྱང ་འོངས་མིན།། དེ་བཞིན་འགག་པའི་ཚེ་ན་ཡང་།། གང་དུ་འང་ཉམས་པར་འགྱུར་བ་མེད།། དེ་ལྟར་བུད་མེད་རྣམས་ཀྱི་སླར།། ནང་དུ་བུད་མེད་ང་ཞེས་རྟོག། བརྟགས་ནས་སླར་ཡང་ཕྱི་རོལ་ཏུ།། སྐྱེས་པའོ་ཞེས ་མངོན་པར་རློམ།། དེ་ནས་ཡང་དག་པར་ཆགས་སེམས་དེ།། སྐྱེས་པ་དང་ནི་ལྷན་ཅིག་ཏུ།། ཕྲད་པར་འདོད་ཅིང་རྩེ་བ་དང་།། ཟ་བར་འདོད་ན་ཤ་ཆེར་སྤྲོ།། སྐྱེས་པའང་དེ་བཞིན་ནང་འདི་ལོ།། སྐྱེས་པའོ།། ་ཞེས་རྟོག་བྱེད་ཅིང་།། མ་རིག་སྟོབས་ཀྱིས་བསྐྱེད་པ་ཡི།། གྲོང་པའི་ཆོས་ཀྱི་འདོད་པ་འབྱུང་།། དེས་ན་དེ་གཉིས་བདེ་བ་ནི།། འདོད་པས་དབེན་པར་སོང་ནས་ནི།། གང་གིས་ནོར་ནོར་པོ་སྐྱེད་པོའི།། ་སྦྱོར་བ་དེ་འདུ་བྱེད་པར་འགྱུར།། དེ་ལ་བརྟགས་པ་གང་ཡིན་དང་།། རྟོག་པ་ལས་བྱུང་ཀུན་རྟོག་གང་།། ཡང་དག་མིན་པར་བརྟགས་ལས་གཞན།། དེ་དགུ་རང་བཞིན་གྱིས་གྲུབ་མིན།། དེ་བཞིན་མོ་ལ ་བུད་མེད་མེད།། སྐྱེས་པ་ལཱ་ཡངངྒ་སྐྱེས་པ་མེད།། སྙོམས་པར་འཇུག་ནཱཾ་སྱོམྦུ་པ་མེད།། ནུར་ནུར་ལཱ་ཡང་ནུར་ནུར་མེད།། ནུར་ནུར་རང་བཞིན་མེད་གྱུར་པ།། དེ་ཚེ་ཡང་དག་ཇི་བཞིན་རིག། དེ་གཉིསྣ་ཡོད ་པར་མི་གྱུར་ཕྱིར།། སྐྱེ་བ་མེད་པ་ཡིན་ཞེས་གནས།། མ་སྐྱེས་པ་ཡིས་ཇི་ལྟར་ན།། སྲ་བོ་ཉིད་ནི་སྐྱེ་བར་འགྱུར།། དེས་ནི་ཡོད་མིན་ཀུན་རྟོག་ལས།། སྲ་ཉིད་འབྱུང་བར་ཤེས་པར་བྱ།། ཕྱི་རོལ་གྱི ་ནི་སྲ་ཡི་ཁམས།། ལྕགས་རི་དང་ནཱི་རི་དབང་པོ།། རི་བོ་མཆོག་རབ་ལ་སོགས་པ།། འཇིག་རྟེན་ཁམས་རྣམས་མ་ལུས་པ་པའོ།། ད་ཡི་སྲིད་པ་ཉིད་གང་དེ།། འོངས་པ་མེད་ཅིང་འདྲ ་བ་མེད།། ཁམས་ཡིན་ནོ་ཞེས་འཇིག་རྟེན་པའི།། ཐ་སྙད་བྱེད་པ་ཙམ་དུ་ཟད།། གང་གི་ཚེ་ནཱ་སྣ་ཆེན་འདི།། མེ་ཡིས་ཡོངས་སུ་བསྲེགས་ནས་ནི།། ཆུ་རྣམས་ཀྱིས་ནི་རྣམ་པར་བཀྲུས།། རླུང་གིས་ཤིན་ཏུ་གཏོར་གྱུར། ་བ། དེ་ཚེ་མར་ནག་བསྲེག་པ་འམ།། མར་གསར་བསྲེགས་པ་ཇི་བཞིན་དུ།། སྡོང་རོ་ཡི་ནི་ཕྱེ་མ་འམ།། ཐལ་རྗེས་ཙམ་ཡང་མེད་པར་རུང་།། དེ་ལྟར་ས་ཡི་ཁམས་ཀྱི་ནི།། སྐྱེ་བ་སྟོང་པ་ངེས་པ་ལྟར།། ་དེ་བཞིན་གནས་དང་སྟོང་པ་ཡང་།། རང་བཞིན་ཉིད་ཀྱིས་སྟོང་པ་ཡིན།། ཡང་ནི་ཆུ་ཁམས་གོང་ཞེ་ན།། ལུས་ཀྱི་རྡུལ་དང་མཆི་མ་གཅིན།། སྣབས་ཁྲིས་ཁྲག་ཚིལ་འོ་མ་རྣག། གཞན་ཡང་གཤེར་བ་གང ་ཡོད་པའོ།། དེ་ལ་མྱ་ངན་ཟུག་རྔུ་དང་།། བྱམས་དང་ཕྲད་ལས་ཕྱི་མ་འབྱུང་།། བསོད་ནམས་ལྡན་པ་ལ་ལཱ་ལྔ།། ཆོས་ཀྱིས་ཤུགས་ཀྱིས་འབྱུང་བ་ཡིན།། དེ་ཡང་གྲང་ནས་ཀྱང་འོངས་མིན།། བསྐུམས ་ཚེ་གང་དུའང་སོང་བ་མེད།། བྱུང་ངོ་བསྒོམས་སོ་ཞེས་པ་ཡང་།། ཐ་སྙད་འཇུག་པ་ཙམ་དུ་བས།། གང་ཚེ་སྤྲིན་སྟུག་ཆུ་རྒྱུན་གྱིས།། འཇིག་རྟེན་འདི་ནི་འཇིག་བྱེད་ཅིང་།། ས་ཆེན་ཚངས་པའི་འཇིག ་རྟེན་པར།། རྒྱ་མཚོ་གཅིག་ཏུ་བྱས་གྱུར་པ།། དེ་ཚེ་དེ་འདྲའི་ཆུ་ཡི་ཚོགས།། གང་ཞིག་ནས་ནི་འོངས་པར་འགྱུར།། ཉི་མ་བཅུ་གཉིས་མོ་ཡིས་ནི།། བསྐུམས་ནས་བརླག་ཚེ་གང་དུ་སོང་།། གཞན་ལ་བལྟོས ་ནས་བྱུང་བ་ཡི།། ཁམས་གཞན་རྣམས་ཀྱི་སྐྱེ་བ་དང་།། གནས་པ་དང་ནི་འཇིག་པ་ཡང་།། དེ་ལྟར་དངོས་མེད་ཤེས་པར་བྱ།། ས་སོགས་འབྱུང་བ་བཞི་པོ་ལ། བརྟེན་པའི་དང་བ་གང་ཡིན་པ།། མཆོད་ཅིང་འདི ་གསལ་བྱེད་པའི་ཕྱིར།། མིག་གི་སྐྱེ་མཆེད་དུ་བརྗོད་དོ།། ས་ཡི་ཁམས་ཀྱི་དྲང་བ་འདིར།། མིག་གི་སྐྱེ་མཆེད་དུ་མི་འདོད།། དེ་བཞིན་དུ་ཆུ་དང་མེ་དང་ནི།། རླུང་ཁམས་དང་བ་འདོད་མ་ཡིན།། དེ་ལྟར ་དེ་ནི་བརྟོག་བཟོད་པོའི།། མིག་གི་སྐྱེ་མཆེད་འགེའི་ཡང་མེང་།། ཐ་སྙ་དུ་ཙམ་ལས་མི་རྟོག་པར།། འདི་དག་བྱ་བ་དང་བྲལ་ཡིན།། ཁམས་རྣམས་སོ་སོ་སྣང་བ་ལ།། དང་པ་འགའ་ཡང་ཡོད་མ་ཡིན།། ་ཆོས་རྣམས་ཐམས་ཅད་སྟོང་པའི་ཕྱིར།། དང་བ་དེ་དངོས་གང་ཞིག་ཡིན།། དེས་ན་རིག་གི་སྒྱུ་མཆེད་ལ།། ཐོག་མ་མེད་ཅིང་ཐ་མ་མེད།། རང་བཞིནི་སྟོང་པ་ཉིད་ཀྱིས་ན།། གནས་ཀྱང་དམིགས་པ་མ ་པ་མ་ཡིན་ནོ།། གང་ཞིག་རང་བཞིན་དང་བྲལ་ཏེ།། སྐྱེས་པ་མ་ཡིན་བུད་མེད་མིན།། རློམ་སེམས་རློམས་སེམས་མིན་པ་འང་།། རང་བཞིན་གྱིས་ནི་འགག་པ་ཉིད།། མདོ་རྗེས་འབྲངས་ནས ་རིགས་པ་འདིས།། རྣ་བ་སོགས་ལའང་ཤེས་བྱ་སྟེ། དེ་དག་རྣམས་ཀྱིས་རྟོགས་པའང་མཐར།། ཆོས་ཀྱི་དབྱིངས་ལ་ཐུབ་ཕྱིར་རོ།། མིག་ནི་ཡུལ་གཟུགས་ལས་ཡིན་ཞེས།། ་གསུངས་བྱ་ཡིན་པ་དེ་ཡི་ཕྱིར།། གཟུགས་རྣམས་ཉིད་ལ་དམིགས་པོའི་མིག། གཟུགས་རྣམས་ལ་ནི་ཐོགས་དང་བཅས།། དེ་ལྟར་སྒྲ་ལ་སོགས་པ་ལ།། དམིག་པའི་སྒྲ་ལ་སོགས་པཱ་ལ།། རང་རང ་ཡུལ་ལ་ཐོགས་བཅས་ཞེས།། ཡུལ་དངོས་རིམ་པས་ཤེས་པར་བྱ།། མཐུན་པ་ལ་སོགས་དབྱེ་བ་ཐ་དད་པའི།། གཟུགས་རྣམས་ལ་ནི་དམིགས་པར་བྱེད་པའི་མིག། མཐུན་པ་ལ་ནཱི་སྡུག་པར་འདུ ་ཤསྣ་ཤིང་།། མི་མཐུན་པ་ལ་མི་སྡུག་པར་འདུ་ཤེས།། མཐུན་པ་མ་ཡིན་མི་མཐུན་པ་ཡང་མིན།། གཟུགས་ལ་བཏང་སྙོམས་ཚུལ་བྱས་འདུ་ཤེས་ཏོ།། དེ་ལྟར་ཡིད་ཀྱི་ཆོས ་རབ་རིབྱ་བཞིན་དུ།། རང་བློ་རབ་ཏུ་གསལ་བ་ལས་མཚོན་བྱ།། དེ་ལྟར་དྲུག་ལྔ་སོ་སོར་གསུམ་གསུམ་དུ།། ཕྱེ་བ་ལས་འདིར་ཡིད་ཀྱིས་ཉེ་བ་རྱ།། སྤྱོད་པ་རབ་ཏུ་བརྟགས་པའི་ཡིད་ཀྱི་ནི།། ཉེས ་བར་སྤྱོད་པ་བཅོ་བརྒྱད་དུ་གསུངས་སོ།། དེ་ལྟར་ཁམས་སོགས་རང་བཞིན་གྱི།། སྒྱུ་མ་ལྟ་བུར་ཤེས་བྱས་ནས།། ཀུན་ལ་ཆགས་པ་ལས་གྲོལ་བ།། སྤྲུལ་པའི་གླང་ཆེན་བཞིན་དུ་སྤྱད།། ་རྨིལྕམ་གཞོན་ནུ་མ་དང་ཕྲད་པ་ཡི།། དགའ་བ་དེ་ཉམ་སྣ་གཉིད་ལོག་སད་པའི་ཚེ།། འདི་ན་བྱིས་པའི་རིགས་ཅན་ལུས་གཞན་མིན།། དེ་ལྟར་ཞེན་ཅིང་ཀུན་ཏུ་རྒྱགས་པ་དེས།། ལུས་དང་ངག་དང་ཡུད་ཏུ། ་དབྱེ་བ་ཡིས།། འདོད་ཆགས་ལས་ནི་རབ་ཏུ་སྐྱེས་པའི་ལས།། རྣམ་པ་བཅུ་ནི་མངོན་པར་འདུ་ཟད་དོ།། གང་ཞིག་མངོན་པར་འདྲེས་བྱས་པ།། དགུ་ནི་གདོ་ནས་རབ་མི་གན་ས།། གང་ཕྱིར ་ནོད་དག་ལས།། མ་བརྟེན་པས་ན་གནས་པོ་མེད།། གཞན་ཡང་ཇི་ལྟར་ཐཱ་མར་འགག་པ་ཡི།། རྣམ་ཤེས་དེ་ལྟར་དང་བའི་རྣམ་ཤེས་སྦྱོད།། ལས་དང་དམིགས་པའི་དབང་པོར་གྱུར་པ་ནོ།། ཉིན ་མཚན་འགྲོ་བ་རྣམས་ལ་སོ་སོར་སྦྱར།། རང་བཞིན་མཚུངས་པ་ཡིན་པའི་ཕྱིར།། སེམས་ཀྱི་རྒྱུན་ནི་རབ་ཏུ་འཇུག་ན་ཡང་།། གང་དུ་བདེ་དང་སྡུག་བསྔལ་སྤྱོད་པ་ཡི།། རྣམ་པར་སྨིན་པ་ཡང་དག ་མྱོང་བར་བྱེད།། ཤེས་འགག་ཐ་མོ་གང་ཡིན་པ།། དེ་ལ་འཆི་ཕོར་འདྲོད་པོ་ཡིན།། དང་པོའི་རྣམ་ཤེས་འབྱུང་བ་ལ།། འདིར་ནི་སྐྱེ་བར་འདོད་པའི་དེ་ཡིན།། དེ་ལྟེ་བས་ན་ཤེས་པའི་དྲང་པོ་ནི།། ་སྐྱོ་བའི་ཚེ་ན་གང་ནས་ཀྱང་འོངས་མིན།། དེ་ནི་ངེས་པར་འགག་པའི་ཚེ་ན་ཡང་།། གང་དུ་སོང་བའང་སྤུངས་ནས་ཡོད་མ་ཡིན།། དེ་ལྟར་དང་པོའི་རྣམ་ཤེས་དང་།། ལས་རྣམས་ཀྱིས་ནི་སྐྱེ་བ ་དག་རང་བཞིན་སྟོང་ཕྱིར་གང་ནས་ཀྱང་།། འོངས་པ་འམ་གང་དུའང་སོང་བ་མེད།། ཐོག་མ་ཐ་མ་གཉིས་ཀྱི་ནི།། ཤེས་པ་ཤེས་པ་ཉིད་ཀྱིས་སྟོང་།། དེ་བཞིན་དུ་ནི་འཆི། ་འཕོ་ཡང་།། འཆི་འཕོའི་རང་བཞིན་ཉིད་ཀྱིས་སྟོང་།། དེ་ལྟའང་བདེ་སྡུག་སོགས་ཀྱི་ནི།། དཔེ་བས་བཀག་པ་མེད་པ་ཡི།། སྣ་ཚོགས་ལས་ཀུན་རྣམ་སྨིན་དང་།། སོ་སོར་རིག་པ་ཤེས་པར་བྱེད།། ་འཇིག་རྟེན་པ་ཡི་སྤྱོད་པ་ཡི།། མིང་དང་བརྡའ་ཙམ་ཉིད་ལས་གཞན།། ཡང་དྲག་བརྟག་བྱར་བཟོད་པྲ་ཡི།། བྱེད་པོ་མེད་ཅིང་ཟ་བོ་མིད།། ཇི་ལྟར་རྨི་ལམ་སྤྱོད་ཡུལ་དུ།། དགྲ་དང་གཡུལ་ངོར་དགྱེས་ནོས་ནི།། ་སད་ཚེ་ཞེན་པ་གྱུར་ཞེ་ན།། དེ་འདི་མཁསེ་པར་བརྗོད་དམ་ཅི།། དེ་བཞིན་ཤེས་རབ་འཚལ་པ་ཡི།། རིག་ཅན་མིག་གི་སྤྱོད་ཡུལ་ནི།། ཡིད་མི་བདེ་བར་བརྟེན་པ་ལ།། བལྟས་ནས་མངོན་ཞེན་དང་ལྡན ་འགྱུར།། དེ་ནས་རག་ཏུ་རླག་པ་ཡི།། དྲན་པས་འདོད་ཆགས་ལས་བྱུང་ལས།། རྣམ་པ་བཅུ་གཉིས་སྔར་བཞིན་དུ།། སླར་ཡང་མངོན་པར་འདུས་བྱེད་དོ།། བཏང་སྙོམས་གནས་ལ་བལྟས་ནས་ནི།། གང་ཞིག ་གཟུགས་ལ་ཞེན་པ་ཡི།། རྨོངས་པ་དེ་ཡིས་སྔར་བཞིན་དུ།། ལས་ནི་རྣམ་བཅུ་སོག་པར་བྱེད།། དེ་བཞིན་སོ་སོར་རྣམ་པ་གསུམ།། སྒྲ་ལ་སོགས་པའང་ཤེས་པར་བྱ།། གང་གི་རྨི་ལམ་སྣང་བ་བཞིན།། ་སྣང་བ་འདི་ནི་སྐྱེ་བ་མྱེད།། ཀུན་རྫོབ་དང་ནི་དོན་དམ་དབྱེ་བ་ཡིས།། འདིར་ནི་བདེན་པ་རྣམ་གཉིས་རྒྱལ་བས་གསུངས།། སྟོང་ཉིད་ལེགས་པར་མཐོང་བ་གང་ཡིན་པ།། དྲི་ལ་ཐམས་ཅད་མཁྱེན་པ་ཉིད་ཅེས་བརྗོད།། ་འཇིག་རྟེན་པ་ཡི་སྤྱོད་པ་ལ།། མགོན་པོས་འཇིག་རྟེན་ཀུན་རྫོབ་གཟིགས།། དོན་དམ་སྣ་ཚོགས་ཤེས་པ་ཡི།། སྤྱོད་ཡུལ་ལས་ནི་ཤིན་ཏུ་འདས།། རྒྱུ་མེད་རྣམ་པར་ཤེས་པ་མེད།། བརྡ་ཡོད་མ་ཡིན་རྟེན་ཡོད ་མིན།། ཕུང་པོ་ལྔ་མིན་དེ་ལས་གཞན།། དོན་དམ་པ་ཡི་མཚན་ཉིད་མིན།། ཤིན་ཏུ་ཟབ་པར་གྱུར་དོན་སྟོང་ཉིད་དེ།། རིམ་གྱིས་ཡང་དག་སྒྲོལ་བའི་རྒྱུ་མིཚན་ཉིད།། འགྲོ་བ་དང་བསྐྱེད་ཕྱིར་འདི་ཀུན་རྫོབ།། ། ་ཐུགས་རྗེ་ཆེ་རུ་གྲགས་ཐུབ་པའི་དབང་པོར་གསུངས།། གཞན་ཡང་རྟེན་མེད་པས་ན་འཇིག་རྟེན་པའི།། ཆོས་རྣམས་ཀྱིས་ཀྱང་དགའ་བར་མི་བྱེད་དེ།། སྐྱེ་བ་མེད་པའི་རང་བཞིན་བརྒྱད་པོ་ཡིས།། སྟེང་ཉིད ་གུང་ཡིན་དངོས་སུ་སྟོན་པར་བྱེད།། མདོར་ན་སེམས་ནི་སྦྱང་བྱའི་ཕྱིར།། གཞན་ལ་གུས་པར་བྱ་བ་དང་།། བདག་ཉིད་ལ་ནི་བརྙེས་པ་སྟེ།། གཞན་ཡང་འདི་གཉིས་འབད་པས་བསྒོམ།། གཞན་བདེ་གཞན ་ནི་མ་ཡིན་ན།། གཞན་ལ་དངོས་སུ་རྙས་བྱེད་ལྟར།། གོམས་པ་གཉི་ག་དེ་ལྟ་བུར།། ནུས་པར་འགྱུར་བ་དཀའ་བ་མེད།། གལ་ཏེ་བརྟག་ཏུ་ཕུ་པོ་རྣམས།། མཉམ་པ་ཉིད་དུ་ཡོད་འདོད་ན།། དེ་ཚེ ་གཅིག་ལ་བདག་ཉིད་དང་།། གཞན་ཉིད་ཇི་ལྟར་སྦྱར་བ་བྱ།། ཡོད་མིན་པ་ཡི་དམིགས་པ་ལ་འང་།། དེ་ལྟར་ཡུལ་ཅན་སྤྱོད་པ་ནི།། ཐོག་མ་མེད་པ་ནས་རྟོག་པ།། གོམས་པའི་ཕྱིར ་བཀའ་བ་མེད།། ཆགས་ལ་རག་ལས་སྐྱེས་པ་ནི།། ཁོང་ཁྲོ་རྗེས་ཆགས་ཡིན་པའི་ཕྱིར།། ཆགས་པ་སྤངས་ལྔས་མྱུར་དུ་ནི།། སེམས་ཀྱི་ཀྱི་དགའ་བ་རབ་ཏུ་སྐྱེ།། གང་ལ་ཁོང་ཁྲོ་ཆགས་ཡོད་པ།། ་དེ་ལ་གཞན་ལ་སྐྲོད་པ་དང་། སེར་སྣ་བསྐམ་ཆགས་ང་རྒྱལ་སོགས།། ཐམས་ཅད་འབད་མེད་འབྱུང་མི་ཁོགས།། དེ་དག་ནི་བདག་གི་ལུས་དག་པའོ།། །། ཡང་དག་འཚོ་བ་སྦྱངས ་པ་ཡིས།། འདིར་ནི་ལྗོངས་སྤྱོད་དག་པར་འདོད།། ཆོས་ཀྱི་ལོངས་སྤྱོད་ཚོལ་བ་སྦྱོད་པ་ནི།། མཁས་པས་སྦྱིན་བདག་ལས་ལེགས་ལེན་པ་ན།། རྙེད་དོན་དུ་སྤྱོད་ལྡུམ་འཆོས་མི་བྱེད།། གཉའ་ཤིང་གང ་ཙམ་ལས་ནི་མྱི་བལྟ་ཞིང་།། གོམས་པར་རིམ་གྱིས་བདལ་ནས་འདོ་ར་མི་བྱེད།། བྱང་ཆུབ་སེམས་དཔས་དག་བཀྱིལ་གཙམ་བུ་དང་།། འཇམ་པོར་བསྐྱངས་ཤིང་ནམ་ཡང་སྨྲ་མི་བྱེད།། རྙེད་པ་དང་ནི ་བཀུར་སྟིའི་དོན་དག་ཏུ།། དེ་ནི་མཐུན་འཇུག་ནམ་ཡང་མ་ཡིན།། ཚིག་ཏུ་འདོད་པོ་ཆུང་བར་བྱས་ནས་ནི།། སེམས་ལ་སྲེད་པ་ཆེན་པོ་སྐྱེད་ན་ནི།། ནང་དུ་གདུང་བར་བྱེད་པ་འདི་ལས་གཞན།། འདིར་ནི ་ལྷག་པར་ཡོད་པ་མ་ཡིན་ནོ།། རྙེད་པ་དང་ནི་བཀུར་སྟིའི་རྒྱུ་མཚན་དུ།། དབང་པོ་སྡོམ་པ་བྱེད་པ་ཚུལ་འཆོས་ཡིན།། རྙེད་པ་དང་ནི་བཀུར་སྟིའི་རྒྱུ་མཚན་དུ།། གསོང་པོར་སྙན་སྨྲེ་བྱེད་ཁ་གསག་ཡིན།། ཚུལ ་འཚེས་ཁ་གསག་སྤངས་པ་ནི།། ཚེ་བཱ་དག་དག་པ་ཉིད་ཡིན་པས།། གཡོ་ཟོལ་སྐྱེ་ཐབས་སྤངས་པ་ལས།། ལོངས་སྤྱོད་དག་པར་ཤེས་པར་བྱ།། དེ་དག་ནི་ལོངས་སྤྱོད་དག་ནི་ལོངས་སྤྱོད་དག་པའོ།། གང་ཚེ ་སྦྱིན་པ་ལོགས་ལྔ།། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།། རྣམ་པར་ཀུན་ནས་བྱེད་གྱུབར་བ།། དེ་ཚེ་བསོད་ནམས་དག་པ་ཡིན།། རྒྱུ་དང་ལྡན་པ་མཚོན་མ་དང་།། ཡིད་ཉིད་རྣམ་པར་དག་པ་དང་།། བདག་དང་བདག ་གིར་བྱེད་པ་རྣམས།། དག་པས་སྦྱིན་པ་དག་པ་ཡིན།། གཏོང་བའི་ཚེ་ན་ཡང་དག་རྫོགས་པ་ཡི།། ཀུན་མཁྱེན་ཉིད་དུ་ཡོངས་སུ་རྡོ་བྱེད་ཅིང་།། འབྲས་བུ་ལ་ནི་ཕྱོགས་པར་མི་བྱུང་ནཱ།། སྦྱིན་པའི་དག་པ ་པ་མཁོའི་དང་མཉམ་སྐྱེད་ཡིན།། བ་རྩེ་བས་གང་སྦྱིན་སྦྱིན་པ་དག་པ་ཡིན།། རང་ལག་གི་སྦྱིན་པ་སྦྱིན་པ་དག་པ་ཡིན།། གཞན་ཕན་གང་སྦྱིན་སྦྱིན་པཱ་དག་པོ་ཡིན།། དུག་མཚན་མིན་གང་སྦྱིན་པ་དག ་པ་ཡིན།། འོ་ན་དྲག་རོ་ཤུལ་ཅན་ཞུས་ལས།། གང་གིས་གང་ཞིག་གང་གི་ཚེ།། མཁོ་བ་དེ་ལ་དེ་སྦྱི་ནི་ཞེས།། གསུངས་པ་དང་ནི་འགལ་ཞེ་ན།། དེ་མིན་སྤྱི་མདོ་ལས་གཞན་པར།། དེ་ནི་བཀག་པ་ཡིན།། ། ་ཕྱིར་རོ།། ཐུགས་རྗེས་ཅན་གྱི་སེམས་ཅན་ནི།། བསྡུ་བར་བྱ་ཕྱིར་བཀག་པ་གནང་།། ཐུགས་རྗེ་དང་ནི་ལྡན་པ་ཡིས།། དད་པ་སྐྱེད་ཐབས་གཞན་མེད་ན།། གང་གིས་བསྡུ ་བའི་སེམས་ཅན་ལ།། མཐོང་ནས་ཆང་སོགས་སྦྱིན་པ་གནང་།། གང་ཞིག་གཞུན་ལཾ་གནོད་དོ་སྦྱིན་ངན་ཡིན།། གང་ཞིག་དུས་མི་ནི་བྱིན་དེ་སྦྱིན་ངན་ཡིན།། དེ་དག་ནི་སྦྱིན་པ་དག་པའོ།། ། ་སེམས་ཅན་ཀུན་ལ་རློམ་བྱེད་པས།། ཚུལ་ཁྲིམ་ས་བཏུལ་ཞུགས་མཆོག་འཛིན་དང་།། ལྟ་བ་རྣམ་པར་དག་པ་ཡིས།། ཡང་ནི་ཚུལ་ཁྲིམས་དག་བསྐྱེད།། ཉན་ཐོས་བསེ་རུ་ལ་སོགས་རྣམ་སྤངས ་ཏེ།། རྣམ་པར་མ་ཉམས་སེམས་ཀྱིས་ནི།། ཆོས་རྣམས་ཀུན་ལ་མཁའ་དང་མཉམ་པ་ཡིས།། ཚུལ་ཁྲིམས་རྣམ་པར་དག་པ་འཐོབ་པར་འགྱུར།། ཁྲོ་ཁྲོ་རྣམ་པར་སྤངས་པ་ལས།། བཟོད་པའི་དགེ་པ ་སྐྱེ་བར་འགྱུར།། རྟག་ཏུ་སེམས་ཅན་ཐམས་ཅད་ལ།། མཉེ་པ་ཉིད་ཀྱི་སེམས་དཔའ་ལ།། ཐང་ཤིང་གི་ནི་ནགས་བཅད་ཀྱང་།། ཁྲོ་མེད་མུན་པ་མེད་པ་ལྟར།། བྱང་ཆུབ་སེམས་དཔའ་བཅད་ཀྱང་ནི།། ་བཟོད་པ་དག་པས་དེ་བཞིན་ནོ།། གཟུགས་བརྙན་དང་ནི་མཚུངས་པ་རུ།། རང་གི་ལུས་ལ་ཡང་དག་ལྟ།། ངག་ལའང་བརྗོད་དུ་མེད་པར་ལྟ།། དེ་བཞིན་དུ་ཞི་བོ་ཡི།། ཤེས་པར་སེམས་ལ་ལྟ་བྱེད ་ན།། བརྩོན་འགྲུས་དག་པར་རབ་ཏུ་འཐོབ།། རྟེན་ཅིང་འབྲེལ་འབྱུང་སྦྱོར་བ་ཡིས།། བརྩོན་འགྲུས་དག་པ་དག་པ་བླ་ན་མེད།། དེ་བཞིན་བརྩེ་བ་ཆེན་པོའི་སེམས།། བྱིན་གྱིས་བརླབས་ཀྱི་བྱིན་བརླབས། ་པའི།། བྱམས་པའི་གོ་ཆའི་ཚོགས་ཀྱིས་ནི།། དགྲ་ཡི་དཔུང་ཚོགས་རྣམ་པར་འཇོམས།། རྣམ་ཀུན་མེད་ན་མི་འབྱུང་བའི།། དེ་བཞིན་ཉིད་དོན་མཐོང་བ་ལས།། བསྒྲིམ་མི་དགོས་པར་བརྟན་གྱུར་པས།། ། ་བསམ་གཏན་དག་པ་བླ་ནུ་མེད།། རྣམ་ཀུན་མཆོག་དང་ལྡན་པ་ཡི།། སྟོང་ཉིད་གང་ཞིག་ཡིན་པར་འདོད།། ཞེ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས།། ཐམས་ཅད་མ་སྤངས་གང་ཡིན་དུང་།། ཚད་མེད་རྣམ་པ་བཞི་དང་། ་ནི།། བསྡུ་བའི་དངོས་པོ་རྣམ་དགུ་དང་།། ཕ་རོལ་ཕྱིན་པ་རྣམ་དྲུག་དང་།། མཚན་དཔེ་རྣམས་ཀྱང་མ་སྤངས་པའོ།། རང་བཞིན་ཞི་བ་ཉིད་ཡིན་ཡང་།། ཉོན་མོངས་ཀྱིས་ཞི་མ་ཡིན།། ཆོས་རྣམས། ་བཏང་སྙོམས་ཉིད་ཡིན་ཡང་།། རང་མཚན་དེ་བཞིན་ཉིད་ལ་རྨོངས།། འགྲོ་དོན་བྱ་བས་འབྲེལ་གྱུར་ཀྱང་།། བྱ་བ་སྙིང་པོ་ཡོད་མ་ཡིན།། རང་བཞིན་བསིལ་བ་ཉིད་གྱུར་ཀྱང་།། རབ་ཏུ་འབར་བར ་ཅན་འཚེད།། དེ་ལྟར་ཕྱོགས་ཙམ་བསྟན་པ་ཡིས།། བསམ་གཏན་དག་པ་ཡོང་སུ་བརྗོད།། ཤེས་རབ་ཕ་རོལ་ཕྱིན་པ་ཡིན།། དག་པ་དེ་ལྟར་རྣམ་པར་བསྒོམ།། དེ་དག་ནི་བསོད་ནམས་དག་པ ་མདོར་བསྡུས་པའོ།། །། ལེན་པར་བྱེད་པ་རབ་མང་ལ།། བསགས་པ་འདི་ནི་ཉུང་གྱུར་ན།། ད་ནི་གསུམ་གྱི་སྤེལ་བ་ཡང་།། ཉུང་ཟད་རྣམ་པར་བཤད ་པ་ནི།། འདི་ལྟར་སངས་རྒྱས་མཛད་ཚིམ་བྱེད།། སངས་རྒྱས་ཉིད་འདིར་འདོད་པ་ཡིན།། གཞན་དུ་དག་པ་ཙམ་གྱིས་ནི།། ཉན་ཐོས་རྣམས་དང་མཚུངས་པར་འགྱུར།། བདག་ལུས་སྦྲེལ་བ་གང་ཞེ་ན།། སྟོབྱས་དང ་བརྩོན་འགྲུས་སྦྲེལ་བའོ།། སྟོབས་ནི་མི་ནུས་མེད་པ་སྟེ།། རྒྱུ་བཅུ་ལས་ནི་སྟོབས་དེ་འབྱུང་།། གལ་ཏེ་བྱང་ཆུབ་སེམས་དཔའ་ཡིས།། ལུས་དང་སྲོག་ལ་བབ་གྱུར་ཀྱང་།། དམ་ཆོས་ནམ་ཡང་མི་གཏོང་བ།། ་དེ་ནི་སྟོབས་ཀྱི་རྒྱུ་གཅིག་ཡིན།། རྒྱལ་བ་འཕེལ་བ་མེད་པར་ནི།། སེམས་ཅན་ཀུན་ལ་ཕྱག་བྱེད་དོང་།། ཉམ་ཆུང་རྣམས་ལ་བཟོད་པ་ཡིས།། ཁ་ཟས་རབ་མཆོག་སྟེར་བ་དང་།། ནད་པ་རྣམས་ནི་གསོ ་བ་དང་།། སེམས་ཅན་ཕོངས་པར་གྱུར།། རྣམས་ལ།། ལོངས་སྤྱོད་གཅོད་པར་བྱེད་པ་རྣམས།། དེ་བཞིན་བདེ་གཤེགས་མཆོད་རྟེན་ལ།། རྡོ་ཐལ་འབྱུག་པར་བྱེད་པ་དང་།། སེམས་ཅན་ཀུན་ལ་ཐམས ་ཅད་ནས།། དགའ་བས་སྨྲ་བར་བྱེད་པ་དང་།། ཕོངས་པས་སྤུ་རྩེག་བསྔལ་གྱུར་རྣམས་ལ།། ལོངས་སྤྱོད་དགོད་པར་བྱེད་པ་དང་།། སེམས་ཅན་དལ་དུབ་ཅན། རྣམས་ཀྱི།། ཁུར་བུ་ཁུར་བར་བྱེད་པ་པོ ་ཕྱག་ན་རྡོ་རྗེ་སྟོབས་མཐོང་བས།། ངོ་མཚར་སྐྱེས་ནས་མུ་སྐྱེས་དགྲས།། ཞུས་ནས་ཐུབ་པས་སྟོབས་ཀྱི་རྒྱུ།། རྣམ་པ་བཅུ་ནི་གསུངས་པ་ཡིན།། བརྩོན་འགྲུས་སྦྲེལ་བར་གང་བརྗོད་དེ།། ལེ་ལོ་མེད ་པར་སྦྲེལ་བ་ཡིན།། འདི་ལ་ཡང་དག་རྫོགས་པ་ཡི།། བླ་མེད་བྱང་ཆུབ་ཐོབ་མི་དཀའ།། སྙོམས་ལས་གྱི་ཉན་ཐོས་ཀྱི།། མྱ་ངན་འདས་པའང་མི་འགྲུབ་ན།། འགྲོ་བའི་བསམ་པ་རྫོགས་པ་ཡི།། སངས་རྒྱུས ་མྱང་འདས་སྨོས་ཅི་དགོས།། དེ་དག་ནི་བདག་གིས་ལུས་སྤེལ་བའིའོ།། །། སྟོང་ཉིད་སྙིང་འི་སྙིང་པོ་ཅནྡ།། སྦྱིན་ལྷས་ལོངས་སྤྱོད་སྤེལ་བ་སྟེ།། རྡོ་རྗེ་གཅོད་པ་ལ་སོགས ་སོ།། སྦྱིན་པ་དེ་ལྟར་རྒྱས་པར་གསུངས།། བྱང་ཆུབ་སེམས་དཔས་གང་གི་ཚེ།། རབ་ཏུ་མི་གནས་སྦྱིན་བཏང་བ།། བསོད་ནམས་དེ་ཡི་ཕུང་བོའི་ཚད།། གཟུང་བར་ནུས་པ་མ་ཡིན་ནོ།། ཡང་དག་རབ་ཏུ ་རྗེལ་བ་དང་།། བསམ་པ་བརྟན་པར་བྱས་ནས་ནི།། ཐོག་མར་སྙིང་རྗེ་བསྐྱེད་ནས་སུ།། དགེ་བ་འབད་པས་སྤེལ་བར་བྱ།། རྟག་པར་རབ་ཏུ་ངུ་བ་ཝཱར།། དགེ་བའི་བཤེས་གཉེན་རྟེན་པ་ནི།། སངས་རྒྱས ་ཉིད་ཀྱི་རྒྱུ།། རྩོལ་བ་འདི་ལྟར་ཤེས་པར་བྱ།། འཕགས་པ་གཞོན་ནུ་ནོར་བཟང་གིས།། འཇོག་རྟེན་པ་ཡི་དམ་པའི་ལས།། སྔོན་བསགས་བྱ་བ་རྙེད་བཟུང་ནས།། འཕགས་པ་བྱམས་པའི་དྲུང་ཕྱིན ་ལྷུར།། འདས་པའི་ལུས་ནི་བྱེ་བ་རྙེད།། འབྲས་བུ་མེད་མིན་བསམ་ནས་ནི།། ད་ལྟར་བྱུང་བའི་ལུས་པོ་ཡང་།། རྣམ་པར་དག་པར་བླ་མེད་བསམ།། དགའ་བ་རྒྱ་ཆེན་དང་བ་ཡི ་ཤུགས་ཀྱིས་རྒྱ་མཚོ་རབ་འཕེལ་ཞིང་།། ཁྱད་པར་དུ་ནི་འགྲོ་བའི་ཕྱིར།། ལྷག་པའི་བསམ་པ་བརྟན་པར་བྱེད།། འགྲོ་དོན་རབ་ཏུ་བསྒྲུབ་པའི་ཕྱིར།། ཡང་ངག་རྫོགས་པའི་སངས་རྒྱས་རྒྱུར།། གྲོགས་མེད ་གཉིས་པ་མེད་ཀྱང་ནི།། གོ་ཆ་ཆེན་པོའི་སྦྱོར་བར་ལྡན།། གཞན་ཡང་། འདི་ན་བདག་ཉིད་ཅིག་པུ་སྟེ།། གཞན་ཡང་སྟོབས་བཅས་བདུད་ཀྱི་ཚོགས།། བདག་གིས་བྱང་ཆུབ་ཆེན་པོའི་ལམ།། འཐོབ ་ལ་གལ་ཏེ་གགས་འབྱུང་སྲིད།། དེ་ལྟ་འང་དེ་དག་སེམས་ཀྱི་ནི།། སྐད་ཅིག་གཅིག་གིས་ངེས་བཅོམ་ནས།། རྡོ་རྗེའི་རང་བཞིན་སྣ་གཞི་ལི།། བདག་གིས་སླར་ཡང་བསྡད་པར་བྱ།། སངས་རྒྱས་ཆོས ་རྣམས་ཐམས་ཅད་ཀྱི།། རྩཝ་བསམ་པ་ཡིན་པར་གསུངས།། བསམ་པ་མེད་ན་བདེ་གཤེགས་ཀྱི།། ཡོན་ཏན་རྣམས་ནི་ཐག་བསྲིངས་ནས།། ལག་པ་དང་ནི་རྐང་པ་དགེ། མེད་ནི་འགྲོ་འོང་མེད་པ་དག། ་ཡན་ལག་མཆོག་གི་མགོ་མེད་ན།། འགྲོ་བ་རྣམས་ཀྱི་སྲོག་མེད་དང་།། བུད་ཤིང་མེད་པར་གྱུར་ན་ཡང་།། མེ་ཡི་འབར་བ་མེད་པ་ལྟར།། དེ་བཞིན་བསམ་པ་མེད་ན་ཡང་།། སངས་རྒྱས་ཆོས་དང་ཕྲད ་པ་མེད།། བསམ་པ་ཡང་དག་གྱུར་པའི།། ཆོས་ཀྱི་སྒྲ་ནི་ནམ་མཁའི་དཀྱིལ་ནས་འབྱུང་།། བསམ་པ་དག་ན་ཤིང་དང་ནི།། རྩིག་པ་ལས་ཀྱང་གདམ་ངག་རྗེས་བསྟན་འབྱུང་།། འདིར་ནི་དགེ་བ་སྤེལ་བ་ཡི།། ཡང་ནི ་སྙིང་རྗེ་རབ་བསྒོམ་པར།། སངས་རྒྱུས་ཆོས་རྣམས་མ་ལུས་པའི།། སྔོན་དུ་འགྲོ་བྱར་དེང་འདོད་དོ།། དེ་ལྟ་ཡིན་པས་རྒྱལ་བ་ཡི།། སྲས་པོ་མཁས་པ་ཡཱི་ནི་ཆོས།། མང་པོ་ལ་ནི་མི་བསླབ་སྟེ།། ཆོས་གཅིག་ལ ་ནི་བསྐྱེབ་བྱ་ཞིང་།། ཆོས་གཅིག་ལྀ་ནི་ལེགས་པར་བཱརྟྟན།། སངས་རྒྱུ་སྣ་ཆོས་རྣམས་མཐེའ་ཡས་པ།། དེ་ལས་ཀུན་ཏུ་འབྱུང་ངོ་ཞེས།། ཆོས་ཡོང་པར་སྡུད་པ་ལས།། གཅིག་པུ་བརྩེ་ཆེན་ལྡན་པས ་གསུངས།། ཇི་ལྟར་འཁོར་ལོ་སྒྱུར་བ་དེའི།། དཔུང་ཚོགས་ཡན་ལག་བཞི་པ་ནི།། འཁོར་ལོ་རིན་ཆེན་རྗེས་འབྲང་བཞིན།། སངས་རྒྱས་ཆོས་ནི་བརྩེ་རྗེས་འབྲང་།། ཡོན་ཏན་དང་ལྡན་བུ་གཅིག་པའི ་ལྕེ་ཐུག་པཱ་རི་ཕ་བརྩེ་བ། དེ་བཞིན་ལུས་ཅན་རྣམས་ལ་ཡང་།། བྱང་ཆུབ་སེམས་དཔའི་བརྫི་བས་ཁྱབ།། འཁོར་བའི་རྒྱུན་ལ་སྔོ་སེམས་ཅན་རྣམས།། ཀུན་ནས་གདོན་པར་འདོད་པ་ཡི།། དམིགས ་པའི་དབྱེ་བས་སྙིང་རྗེ་དེ།། སླར་ཡང་རྣམ་པ་གསུམ་དུ་དབྱེ།། བྱུང་ནས་འབྱུང་དང་འབྱུང་བཞིན་པའི།། སྡུག་འཇིགས་བདག་ཉིད་མི་འདོད་པ།། བསྒོམ་ན་དགའ་བ་ལ་སོགས་པ།། སྙིང་རྗེ་བྱམས་པ། ་བཞིན་དུ་བསྒོམ།། སྙིང་རྗེ་ལ་སོགས་དེ་དག་དེ་ལྟ་བུར།། ཕན་ཚུན་རྗེས་སུ་འབྲེལ་པས་བསོད་ནམས་འཕེལ།། ཕུང་པོ་གསུམ་པ་རྟག་པར་བཏོན་པས་ཀྱང་།། བསོད་ནམས ་རབ་འཕེལ་སྤུངས་ཕྱིར་ཕུང་པོ་ཡིན།། སྡིག་པ་གཤེགས་དང་སངས་རྒྱས་ལ།། གསོལ་འདེབས་བསོད་ནམས་རྣམས་ལ་ནི།། རྗེས་སུ་ཡི་རང་རྣམས་བསོད་ནམས་ཀྱི།། ཕུང་པོ་ཡིན་ཕྱིར་ཕུང་པོ་གསུམ ་སངས་རྒྱས་ལི་ནི་ཕྱག་འཆིལ་ནས།། སྡིག་པ་གཤེགས་ཞེས་འབྱུང་བས་ན།། ཕྱག་འཚུལ་སྡིག་པ་བཤེགས་པ་ལས།། ལོག་པར་ཐ་སྙད་མི་བྱའོ།། ཉེ་བར་འཁོར་གྱི་ཞུས་པ་ལས།། འཐད་པ་དང་བཅས ་རབ་བརྟེན་ཕྱིར།། གསོལ་བ་འདེབས་དང་བསྐུལ་བ་ཡི།། དོན་ནི་གཅིག་པ་ཉིང་ཡིན་ནོ།། ཡོད་བྱད་མེད་པས་མཆོད་པ་ནི།། ངེས་མེད་ཕྱིར་ནེ་མོ་བསྟན་ནོ།། ངག་ཡིད་མཆོད་པ་གསུངས་པ་ནི།། མདོ་སྡེ ་རྣམས་སུ་རབ་ཏུ་གྲགས།། རྒྱལ་བ་གང་ཟག་ཟླ་མེད་པའི།། སངས་རྒྱས་རྣམས་ནི་ཐམས་ཅད་དང་།། ཞེས་པ་ལ་སོགས་ཚིགས་བཅད་བཟློས།། ཕྱག་འཚལ་བ་ནི་ཡོངས་སུ་བསྒྲགས།། བཟང་སྤྱོད་ལྔ་སོ ་ཚིགས་བཅད་དང་།། བསྟོད་པ་ཐོ་ལ་གང་ཡོད་དང་།། དཀོན་མཆོག་སྤྲིན་སོགས་མདོ་སྡེ་རུ།། གསུངས་པ་བཟུང་ལ་མཆོད་པར་བྱ།། འདི་ལྟ་སྟེ། གང་ཞིག་འདི་ན་བདག་གིར་མི་བྱས་གཟུང་མེད་པའི།། ་འབྲས་བུ་ལོ་ཏོག་འབྲུ་ཡི་བྱེ་བླག་གང་སྐྱེས་པ།། དེ་དག་མ་ལུས་རྒྱལ་བུ་བྱང་ཆུབ་སེམས་དཔའ་ཡི།། ཆོགས་ལ་སོགས་ལ་བདག་གིས་ཕྱག་འཚལ་མཆོད་པར་བགྱི།། བཟང་སྤྱོད་དུ་གསུངས་ཚིགས་བཅད ་ཀྱིས།། དེ་བཞིན་རྗེས་སུ་ཡི་རང་བྱ།། རྡོ་རྗེ་རྒྱལ་མཚན་ལས་གསུངས་པའི།། བསྔོ་བ་གུས་པས་ཡོངས་སུ་བསྔོ།། སྨོན་ལམ་ཇི་ལྟར་གདབ་པ་ཡང་།། མདོ་སྡེ་བ་ས་བཅུར་བལྟ་བར་བྱ།། སངས་རྒྱས ་ཞིང་ནི་རྣམ་སྦྱང་ཕྱིར་རྟག་པར་ཡོངས་སུ་བསྔོ་བར་བྱ།། བསོད་ནམས་གང་ལས་ཤེས་པར་བྱ།། ཞེ་ནུ་སྡེ་མདོ་སྡེ་ཀུན་ན་སྣང་།། ཕན་ཡོན་བཅས་པར་རབ་གསུངས་ཕྱིར།། ཕྱག་འཚལ་ལ་སོགས་རྣམས་ཀྱིས ་བསམ་པ་དགེ་བས་ཡང་ནས་ཡང་།། སངས་རྒྱས་ཞིང་ནི་རྣམ་སྦྱང་ཕྱིར།། རྟག་པར་ཡོངས་སུ་བསྔོ་བར་བྱ།། བསོད་ནི་མས་གང་ལས་ཤེས་པར་བྱ།། ཞེ་ན་མདོ་སྡེ་ཀུན་ནུ་སྣང་། སངས་རྒྱས་ལ་ནི་ཕྱག ་བྱས་ལས།། མི་ཁོམ་བརྒྱད་པོ་རྣམསྣ་སྦྱངས་ནས།། དེལ་ཞིང་ཁོམ་པ་ཐོབ་པར་བྱེད།། དེ་ལྱེ་མི་ཁོམ་པ་བརྒྱད་ནི།། ས་སྟེང་དུ་ནི་རྒྱལ། སཽ་དམ་ཆོས་བསྟན་ཀྱང་བྷྱོལླི་སེང་ཡི་དྭགས་འགྲོ་བ་འགྲོ ་བཾ་དང་།། གཞན་ཡང་ལྷ་ནི་ཆེ་རིང་པོ་ཡིན་ནང་དུ་སྐྱེ་དང་འགྲོ་གཞན་དམྱལ་བ་དང་།། མཐའ་ཁོབ་ཡུལ་དུ་སྐྱེས་པོ་དང་ནི་ལྐུགས་པ་ཉིད་དང་ལོག་པར་ལྟ་བ་དང་།། མི་ཡི་བཟང་པོ་ཡོངས་སུ་ཟིན་ཀྱང ་ཐུབ་པ་དང་བྲལ་དེ་དག་མི་ཁོམ་བརྒྱད།། དེ་དག་ནི་ཕྱག་བཙལ་བ་ལ་སོགས་པའི་ཆོ་ག་བསོད་ནམས་འཕེལ་བའོ།། །། དད་དང་གུས་དང་ང་རྒྱལ ་སྤངས།། བརྩོན་འགྲུས་ཤེས་བྱ་འདི་རྣམས་ཀྱིས།། ཡོངས་སུ་ཉམས་པར་མི་བྱེད་ཅིང་།། ཁྱད་པར་དུ་ཡང་འགྲོ་བར་བྱེད།། དེ་ལ་དད་པ་གང་ཞིག་གིས།། འཕག་པ་རྣམས་དང་ཉེ་བར་སྤྱོད་ཅིང་།། ་དེ་བཞིན་བྱ་བར་མི་འོས་པ།། མཐའ་དག་ག་གིས་མི་བྱེད་པའོ།། གུས་པར་འདི་ནི་ཁྱད་པར་དུ།། བསོད་ནམས་སྐྱེད་པར་བྱེད་པ་དང་། གང་ཞིག་གིས་ནི་དམ་པའི་ཆོས།། མཉམ་པར་བཞག་པས་ཉན་པའོ།། ་ང་རྒྱལ་སྤོངས་པས་ཡོན་ཏན་རྣམས།། འཕེལ་བའི་རྒྱུར་གསུངས་གང་ཡིན་དང་།། གང་གིས་ཡོན་ཏན་ལྷག་པོ་ཡིས།། འཕགས་པར་སེམས་ཤིང་ཕྱག་བྱེད་པའོ།། བརྩོན་འགྲུས་དེ་བཞིན་ཁྱད་པར ་རྣམས།། འཐོབ་ཕྱིར་ཡོངས་སུ་མི་ཉམས་ཤིང་།། ལུས་སེམས་ལས་སུ་རུང་འདི་དགྲ། གང་གིས་མྱུར་དུ་ཐོབ་པའོ།། དེ་དག་ནི་དད་པ་ལ་སོགས་པ་བཞིའོ།། ། དེ་བཞིན ་བསོད་ནམས་འཕེལ་བའི་རྒྱུ།། དང་པོ་རྣམ་པ་ལྔ་གསུངས།། དང་བརྩོན་དྲན་པ་ཏིང་འཛིན་དང་།། ཤེས་རབ་རྣམས་ལ་རིམས་བཞིན་བཤད།། དད་པའི་དབང་པོ་གང་ཡིན་པའི།། དད་པ་དེ་ནི་ཆོས ་བཞིན་བྱེད།། དེ་ལ་གང་གིས་དཀར་པོ་དང་།། ནག་པོའི་ཆོས་རྣམས་འབྲས་བུ།། བདེ་སྡུག་རང་བཞིན་སོ་སོ་རུ།། འབྱིན་པར་བྱེད་པ་ཆོས་དང་པོ།། རྒྱལ་བའི་སྲས་པོ་རྣམས་ཀྱི་ནི།། སྤྱོད་པ་གཉིས་ལ་ཡིན ་པར་གསུངས།། གསུམ་པའང་འདིར་ནི་གང་ཞིག་གིས།། ཆོས་རྣམས་ཐམས་ཅད་མི་སྤོང་ཞིང་།། ལྟ་བ་ཀུན་ལ་ཡང་དག་པོར། དེ་བཞིན་ཞེན་པར་མི་བྱེད་པའོ།། གང་ཞིག་ཐུབ་པ་རྣམས་ཀྱི་ཆོས།། མི ་འཇིགས་ལ་སོགས་མཐའ་ཡས་ལ། དད་པར་བྱེད་པ་བཞི་པ་སྟེ།། དེ་དག་དད་པའི་དབང་པོར་འདོད།། དད་པའི་དབང་པའི་ཆོས་རྣམས་གང་།། ངེས་པས་དད་པར་བྱས་ནས་ནི།། གང་གིས་ཡང་དག ་འཕེལ་བྱེད་པ།། དེ་ནི་བརྩོན་འགྲུས་དབང་པོ་ཡིན།། བརྩོན་འགྲུས་དབང་པོས་ཆོས་རྣམས་གང་།། གསལ་པོར་འཕེལ་བར་བྱེད་ནས་ནི།། གང་གིས་བྱས་ཉམས་པར་མི་བྱེད་པ།། དེ་ནི་དྲན་པའི་དབང་པོར ་བརྗོད།། དྲན་པའི་དབང་པོས་རྣམས་ཆོས་རྣམས་གང་།། ཉམ་པ་རུ་ནི་མུ་བྱས་ལ།། གང་གི་རྩེ་གཅིག་ཏུ་བྱེད་པ།། དཽ་ནི་ཏིང་འཛིན་དབང་པོར་འདོང་།། ཏིང་འཛིན་དབང་པོས་ཆོས་རྣམས་གང་།། ་སླར་ཡང་རྩེ་གཅིག་བྱས་ནས་ནི།། བདག་ཉིད་སོ་སོར་ཤེས་བྱེད་པ། དེ་ལོ་ཤེས་རབ་དབང་པོར་བརྗོད།། དེ་དག་ནི་དབང་པོ་ལྔའོ།། ། དད་བརྩོན་དབང་པོ་ལྔ་པོ་ལྔ ་པ་ཉིད།། སྟོབས་ཀྱི་རང་བཞིན་ཉིད་གྱུར་ནས།། གང་ཚེ་བདུད་རྣམས་ཀྱི་རྒྱལ་བྱས།། མི་ནུས་དེ་ནི་སྟོབས་འཕེལ་བའི།། སྟོབས་ཀྱི་ཉན་ཐོས་ལ་སོགས་ཀྱིས།། ཐེག་དམན ་འདོད་པར་མྱི་བྱུང་ནང་།། སྣུ་ནཱ་ཐེག་པ་ནྡན་བོནྡ་ཀྴ།། དས་བྱནྟས་གྶ་བཱནྡ་པཱ་འཾ་གྷུ། དག་ཧཱུ~ཾ་སྦུབས་ན། བས་རྣམས་སྦྱིའཾ་བྷཻ་དཀོན་མཆོག་གསམ།། སྒྱུ་ཡང ་རྗེས་སུ་དྲན་པོར་བྱ།། སངས་རྒྱས་རྗེས་སུ་དྲན་པ་ནི།། ཡུལ་འཁོར་སྐྱོང་གི་ཞུས་པར་གསུངས།། སྐུ་གསུམ་ཡེ་ཤེས་ལྔ་བདག་ཉིད།། སངས་རྒྱས་ཆེ་བ་ངེས་བསམ་པས།། སེམས་ལ་གཟུགས ་བརྙན་བཞིན་ཤར་ན།། དགེ་བ་མངོན་པར་རབ་ཏུ་འཕེལ།། དེ་དག་ནི་སངས་རྒྱས་རྗེས་སུ་དྲན་པ་བསྟུན་པའོ།། ཡོན་ཏན་མཐའ་ཡས་སྒྲུབ་བྱེད་པའོ།། ཆོས་ལ་རྗེས་སུ་དྲན་པར་བྱ།། རྒྱལ་བའི་ཡོན ་ཏན་མཐ་ཡས་གང་།། ཆོས་འབའ་ཞིག་ལས་རབ་ཏུ་སྐྱེ།། དེ་བཞིན་འཇིག་རྟེན་པ་དག་དང་།། འཇིག་རྟེནྡ་འདུས་པའི་བདེ་བ་ཀུན།། ཆོ་ས་ལྔ་རྫོགས་པར་འགྲུབ་པས་ན།། དེ་ཕྱིར་གུས་པས་སྤྱད་པར ་བྱ། ཇི་ལྟར་སེམས་ཅན་ཐམས་ཅད་ལ།། ཆོས་རྣམས་སྙོམས་པར་རབ་ཏུ་འཇུག། དེ་བཞིན་སེམས་ཅན་ཐམས་ཅད་ལ།། དེ་ནི་བདག་གིས་མཉམ་པར་བསྒྲུག། ཇི་ལྟར་ཉིན ་མཚན་མོ་རུ།། ཆོ་སྣ་ནི་མཚུངས་པར་རབ་འཇུག་པ།། ཆོས་བཞིན་མཚུངས་པའི་སེམས་ཀྱིས་ནི།། ད་ནི་བདག་ཀྱང་འཇུག་པར་བྱ།། འཕགས་པ་འཕགས་མིན་མི་མཚུངས་ཞེས།། ཞིང་དུ་ལྟ་བ་རྣམ ་སྤངས་ཏེ།། ཚེས་ནི་རབ་ཏུ་འཇུག་པ་བཞིན།། བདག་ཀྱང་མཚན་ཉིད་ཅིག་ཏུ་འཇུག་སེམས་ཅན་རྣམས་ཀྱི་ཆོས་མི་བསྲུང་།། ཆོས་ཀྱིས་སེམས་ཅན་བསྲུང་བར་བྱེད།། འགྲོ་བའི་སྐྱབས་ནི་ཆོས ་ཡིན་གྱིས།། ཆོས་ཀྱི་སྒྲུབས་ནི་འགྲོ་བ་མིན།། ཆོས་ནི་སྲིད་པས་མི་འཇིགས་ཤིང་།། མྱ་དྲན་འདས་ལ་རྗེས་མྱི་འགལ།། དེ་བཞིན་བདག་ཀྱང་འཇིག་པ་དག་སྦྱོང་ཞིང་དེ་དག་རྗེས་སུ་གཞོལ། ་དེ་དག་ནི་ཆོས་རྗེས་སུ་དྲན་པའོ།། །། དགེ་འདུན་ཆོས་ཀྱི་སྨྲ་བ་པོ།། དོན་དུ་ཆོས་གཉེར་ཆོས་ལ་སེམས།། ཆོས་ཀྱི་ཞིང་སྟེ་ཆོས་ཀྱི་མཆོག། དེས་ན་དགེ་འདུན་རྗེས ་དྷནྱཱ་བྷྱ།། དེ་དགེ་ནི་དགེ་འདུན་རྗེས་སུ་དྲན་པའོ།། ། དེ་ལྟར་བདག་གིསཱ་ལུས་སོགས་གསུམ།། བྱང་ཆ་སེམས་གཟུང་བ་སྟོནི་འགྲོ་ཅན།། ཀུན་མཁྱེན་ཉིད་དུ་ཡོངས ་བསྔོས་པས།། ཁྱད་པར་དུ་ནི་རྣམ་པར་འཕེལ།། བདག་ཉིད་དྲན་པར་བྱ་ཕྱིར་དང་།། དང་པོའི་ལས་ཅན་སེམས་ཅན་ལ།། བདག་གིས་ཕྱོགས་ཅི་མ་འདི་བསྟན་བྱས།། བྱེ་བྲག་འཕགས་པ ་སྤྱོད་ཡུལ་ཡིན།། རྒྱལ་བའི་བསླབ་བཅུ་དེ་དྲུག་བསྡུས་བྱས་ལྔས།། དྲི་མེད་སྟོན་ཀའི་ཟླ་ཟེར་ལྷུར་འབར་བའི།། འདིར་ནི་དགེ་བ་ཅུང་ཟད་ཅི་བསགས་པ།། ་དེ་སེཾས་འགྲོ་བའི་བསྒྲུབ་པའི་རྒྱན་གྱུར་ཅིག། བསླབ་པ་ཀུན་བསྡུས་སྔོན་ཤཱི་ལས།། ཕྱོགས་ཆ་ཙམ་ཞིག་བླངས་པ་ཡི།། བསྒྲུབ་པའི་མེ་ཏོག་སྐྱེ་མ་འདི།། མཁས་པ་རྣམས་ཀྱི་རྣ་བར་བཟུང་། ་བསླབ་པའི་མེ་ཏོག་སྣེ་མཱ་ཞེས་བྱ་བ་རྫོགས་སོ།། །། བི་ཀྲ་མ་ལྭ་ཤཱི་ལའི་པཎྜི་ཏ་ཆེན་ཆེན་པོ་བཻ་རོ་ཙཱ་ན་རགྣི་ཏའི་ཞལ་སྔ་ནུས་སྦྱར་བའོ།། དབང་ཕྱུག་དམ་པའི་མངའ ་བདག་བོདདྨ་རྗེ་ལྦུ་བཙོན་པོ་ཁྲི་བོཀྲོ་ཤིས་ན་མཁའ་དབང་ཕྱུག་བཙན་གྱི་བཀའ་ལུང་གྲིས་རྒྱ་གར་གྱི་མཁན་པོ་སུ་མཻ་ཏི་ཀཱིརྟ་དང་། བོད་ཀྱི་ལོ་ཙཱི་ཞ་མ་སཾ་དགེ་སློང་སེང་རྒྱལ་དང་། གློག་སྐྱ་གཞོན ་ནུ་འབར་གྱིས་བསྒྱུར་བ་ལས།། སླད་ནས་བོད་ཀྱི་ལོ་ཙཱ་པ་བནྡི་མར་པ་ཆོས་ཀྱི་དབང་ཕྱུག་གིས་ཞུས་ཏེ་གཏན་ལི་ཕབ་པའོ།། །། ཤུ་བྷཽ། ་