CLOSE WINDOW

GT3340: bslab pa kun las btus pa las 'byung ba de bzhin gshegs pa'i snying po yi ge brgya pa'i bsrung pa dang sdig pa bshags pa'i cho ga
Wyliee-texts produced with BDRC’s OCR application

text in 2 volumes

volume 1 (mdo 'grel (ki)) - volume 2 (mdo 'grel (ki)) -

རྒྱ་གར་སྐད་དུ། ཤིཀྵ་ས་མུ་ཙྪུ་ཡ་ཨ་བྷི་ས་མ་ཡ་ནཱ་མ། བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པའི་མངོལྔ་རྟོགས་པ་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་ལ་ཕྱག ་འཚལ་ལོ།། སྟོབས་བཅུ་ལྡན་པ་གང་གི་ཞབས་རྡུལ་ལ།། ལྷ་རྣམས་ཅོད་པན་གྱིས་གཏུགས་དེ་བདུད་དེ།། འཛུམ་པའི་དབྱངས་ཀྱི་ཞབས་གཏུགས་ཞི་བའི་ལྷས།། བསླབ་པའི་གནས་རྣམས་མདོ་སྡེ་ཀུན་ལས ་བཏུས།། དང་པོ་གཉིས་ནི་ཕྱི་མ་བདུན་གྱིས་བ་ཤུང་།། གཉིས་ཀྱི་དོན་ནི་རྣམ་མགུར་ཤེས་པར་བྱ།། ལྔ་ཡི་འོག་དང་གཉིས་ཀྱི་གོང་མ་ནི།། དང་པོ་ཡིན་ཏེ་གཞན་ན་གཉིས་པ་ཡིན།། གཉིས་ཀའི་དོན་ནི་ཟླ་བ ་ཚེས་པ་དང་།། ཉ་དང་སྡིག་པ་གསེར་གྱི་འཁོར་ལོ་དང་།། གླང་པོ་བདུག་དང་ཐིག་ལེ་དང་པོ་དང་།། འཛེམ་པའི་དབྱངས་ཀྱི་ཕྱག་ན་རལ་གྲི་འཛིན།། རིན་པོ་ཆེ་ནི་ཁྱད་པར་གཉིས་དང་བཅས།། དང་དང་བླ་མའི ་ཚེགས་དང་གོ་ཆ་དང་།། བྱིན་རླབས་ཕྱིར་མི་ལྡོག་དང་སྤྱོད་པ་དང་། ལུང་བསྟན་པ་ནི་སྐུ་གསུམ་ཡོན་བཅས།། བཞི་ལས་འབྲས་བུར་གྱུར་པར་དང་པོ་སྟེ།། གསུམ་ནི་ཡང་དག་སྤོང་བར་རབ་ཏུ་གནས།། གཉེན ་པོ་གང་ལ་དེ་ཡི་ངོ་བོ་སྟེ།། རྟེན་དང་ཉེས་པ་སྤོང་བ་དང་པོ་ཡི་ནི།། སུན་འབྱིན་པ་ཡི་གཉིས་པར་བརྗོད།། གཉེན་པོ་སྤྱོད་པ་གཉིས་པའི་དང་པོ་སྟེ།། སྤྱོད་པ་ཐ་མ་དེ་ཡི་གཉིས་པ་ཡིན།། མི་མཐུན་པ་ནི་རྣམ ་པ་བརྒྱད་ཡིན་ཏེ།། ལས་དང་ཉོན་མོད་ལྟ་བ་དག་ལས་ན།། འགྱུར་དང་གྱུར་པའི་ཁྱད་པར་རྣམ་པ་དྲུག། རཱང་གི་ནཱ་ཐཱ་མ་གཉིས་དང་བཅས།། འགྱུར་བ་གསུམ་ནི་དང་པོའི་ཆོས་སུ། ་བཞག། གྱུར་པ་གསུམ་ནི་དྲང་པོའི་གཉིས་པ་སྟེ།། རྩ་བ་གཉིས་ཀྱང་དེ་དང་མཐུན་པ་ཡིན།། གྱུར་པ་གསུམ་ནི་གཉིས་པ་སྟེ།། རྟེན་གྱི་དང་པོའི་ཆོས་ཀྱང་དེ་ཡི་ཡིན།། གྱུར་པ་དང་པོ་སྟོབས་ཀྱི་དང་པོ་སྟེ།། ་གྱུར་པ་གཉིས་པ་གཉི་ཕུང་པོའི་གཉིས་པ་ཡིན།། གྱུར་པ་གསུམ་པ་ཕུང་པོའི་གསུམ་པ་སྟེ།། མི་མཐུན་གཉེན་པོའི་ཁྱད་པར་དེ་ཡིས་བསྟན།། ཚོགས་ཀྱི་ལམ་ལ་ལྔ་ནི་དངོས་ཡིན་ཏེ།། དེ་ལས་གཞན་པ་རྗེས ་སུ་མཐུན་པ་ཡིན།། དེ་ལས་གཞན་པ་ཡ།། སྦྱོར་བའི་ལམ་ལ་བདུན་ནི་དངོས་ཡིན་ཏེ།། དེ་ལས་གཞན་པ་ལྔ་ནི་རྗེས་མཐུན་ཡིན།། མཐོང་བའི་ལམ་ལ་བཅུ་ནི་དངོས་ཡིན་ཏེ།། དེ་ལས་གཞན་པ་གཉིས ་ནི་རྗེས་མཐུན་ཡིན།། ཚོགས་ཀྱི་ལམ་ལ་བསྲུང་བ་གཙོ་བོ་སྟེ།། ཆོས་གཞན་གསུམ་པོ་མོས་པ་མཆོག་དང་ལྡན།། སྦྱོར་བའི་ལམ་ལ་སྤེལ་བ་གཙོ་བོ་སྟེ།། གསུམ་པོ་དག་ལ་ཇི་ལྟར་འཚམ་པར་ཟད་།། ་མཐོང་བའི་ལམ་ལ་དག་པ་གཙོ་བོ་སྟེ།། གསུམ་པོ་དག་གིས་བདག་དང་གན་གྱི་དོན།། བསྒོམ་པའི་ལམ་ལི་ཕ་རོལ་ཕྱིན་པ་སྟེ།། བསྡུ་བའི་དངོས་པོས་འགྲོ་བ་ཚིམ་པར་བྱེད།། བསླབ་པ་ཀུན་ལས ་དཏུས་པའི་མངོན་པར་རྟོགས་པ་ཞེས་བྱ་བ་རྫོགས་སོ།། ། དཔལ་མར་མེ་མཛད་ཡེ་ཤེས་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། གསེར་གླིང་རྒྱལ་པོ་དཔལ་ལྡན་ཆོས ་སྐྱོང་གིས།། བཅོམ་ལྡན་འཇམ་པའི་རྡོ་རྗེ་མཉེས་བྱས་པས། བསླབ་པ་ཀུན་ལས་བཏུས་པའི་མངོན་པར་རྟོགས།། ཀ་མ་ལ་དང་མར་མེ་མཛད་ལ་གསུངས།། ་