CLOSE WINDOW

GT3340: bslab pa kun las btus pa las 'byung ba de bzhin gshegs pa'i snying po yi ge brgya pa'i bsrung pa dang sdig pa bshags pa'i cho ga
Wyliee-texts produced with BDRC’s OCR application

text in 2 volumes

volume 1 (mdo 'grel (ki)) - volume 2 (mdo 'grel (ki)) -

ཤོག།། དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། དེ་བཞིན་གཤེགས་པའི་སྙིང་པོ་བརྒྱད་སྟོང་བཟླས ་ན་འཇིག་རྟེན་པ་དང་འཇིག་རྟེན་ལྔས་འདས་པའི་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ།། དེ་ཡང་གང་ཞེ་ན། ན་མ་སྟྲཻ་ཡ་དྷཱི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱ། སརྦྦ་ཏཱ་ཨ་པྲ་ཏི་ཧ་ཏཱ་བཱཔྟི། དྷརྨྨ་ཏྭཱ་བ་ལི་ནཱཾ། ཨ་སུ་མུ་ས ་མ། ས་མནྟ་ཏོ་ནནྡྲ་བཱཔྟི་ཤཱ་ས་ནི། ཧཱ་ར་ཧ་རུ་སྨཱ་ར་སྨ་ར་ཎཱ། བི་ག་ཏ་རཱ་ག་བུདྡྷ་དྷརྨྨ་ཏེ། སརྱཱ་ས་ར། ས་མ་བ་ལ། ཧཱ་ས་ཧ་ས། ཏྲ་ཡ་ཏཱ་ཡཾ། བྷཱ་ག་ཝན་མི་ཧཱ་བ་རཾ་ལིཀྵ་ཎེ། ཛཱ་ལ་ཛཱ་ལ་ན་སྭེ་གཽ་རེ་སཱ་ཧཱི།། དེ་ནི་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡིན་ཏོ།། འདི་ལ་གུས་པ་བླ་ན་རྨིཔ་བྱའོ།། འདིས་ལས་དང་པོ་པ་དག་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར་རོ།། འདི་ཉིད་བདུད ་ལ་སོགས་པ་དང་མ་རུངས་པ་ཐམས་ཅད་ལས་སྲུང་བར་བྱེད་པའི་མཆོག་ཡིན་ནོ།། ཐལ་མོ་བརྡབ་པ་འམ། ཐལ་བ་འམ། ཡུངས་ཀར་རམ། ཆུ་འམ། བལྟ་བ་འམ། ཡིད་ཀྱིས་ཀྱང་མཚམས་གཅོད་པར་བྱེད་དོ།། ་ནད་ཀྱིས་བཏབ་ན་སྨན་གྱི་ཆུ་ལ་སྔགས་ཀྱིས་བཏབ་སྟེ་བཏུང་ངོ་།། ཡང་ན་མཆོད་རྟེན་ནམ། སྐུ་གཟུགས་སམ། དམ་པའི་ཆོས་ཀྱི་གླེགས་བམ་ལ་ནགས་ཀྱི་མེ་ཏོག་སེམས་མཉམ་པར་བཞག་སྟེ་འབྲུལ་ཞིང་ཟླ་ཕྱེད ་སྦྱོར་བ་བྱས་ན་ནད་ཆེན་པོ་དག་ལསེ་ཐར་པར་འགྱུར་རོ།། སངྱས་དང་བྱང་ཆུབ་སེམས་དཔའ་ལ་དམིགས་དང་། སེམས་ཅན་ཐམས་ཅད་ལ་དམིགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་འདོད་པའི ་སེམས་ཀྱིས་བཟང་པོའི་སྤྱོད་པ་སྔོན་དུ་བྱས་བྱས་པས་བཟླས་བརྗོད་བྱའོ།། ཆོ་ག་འདི་ནི་ཆོ་ག་དེའི་མཇུག་ནས་འབྱུང་བའོ།། དམ་ཚིག་གསུམ་གྱི་བཟླས་བརྗོད་བྱེད་པ་ནི་ཁྲུས་མ་བྱས་ཀྱང་ཉེས་པ་མེད་དོ།། ་ལྷག་མྱ་དང་གཙང་སྦྲ་མ་བྱས་ཀྱང་ཉེས་པ་མེད་དོ།། ཕྱག་རྒྱ་འདྲ་བ་དོག་མི་བཟའོ།། མི་འགོམ་མོ།། ཁྲི་ལ་ཉལ་བར་མི་བྱའོ།། ཆུང་མི་བཏུང་ངོ་།། མོས་པས་སྤྱོད་པའི་བསླབ་པའི་གཞི་དག་ལས་མི་གཡོ ་བ་ཐེ་ཚོམ་མེད་ན་སྔོན་ངང་ཚུལ་ངན་པར་གྱུར་ཀྱང་འགྲུབ་བོ།། མཁས་སམ་མི་མཁས་ཀྱང་རུང་སྟེ་ངེས་པར་འགྲུབ་བོ།། དེ་སྐད་དུ་དེ་ཉིད་ལས།། གང་ཞིག་བྱང་ཆུབ་སེམས་བརྟན་ཞིང་།། བློ་གྲོས་ཆགས་པ ་པ་དང་།། ཐེ་ཚོམ་དག་མི་བྱེད་པ།། དེ་ལ་ངེས་པར་འགྲུབ་པར་འགྱུར་ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་བསྟན་པ་ནི་འདིར་སོ་སོ་སྐྱེ་བོ་ནི་སྟོབས་དང་ལྡན་པར་ངེས་པར ་བྱ་བའི་ཕྱིར་གསུངས་ཀྱི།། སར་ཆུད་པའི་དབང་དུ་བྱས་པ་ནི་མ་ཡིན་ནོ།། འདི་ལ་མ་ཤེས་ན་སྔགས་རྣམས་ཡི་གེ་ལྷག་པར་བརྗོད་པ་ཀྱང་ཉེས་པ་མེད་དོ།། ཉུང་ཡང་ཉེས་པར་མི་འགྱུར་རོ།། ཆོ་ག་ཉམས ་ཀྱང་ཉེས་པར་མི་འགྱུར་རོ།། འོན་ཀྱང་དད་པའི་ཤུགས་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཤུགས་དང་། རང་གི་དོན་དོར་བའི་སེམས་བརྩམ་པར་བྱ་སྟེ། རྣམ་པར་མི་བརྟག་པར་བརྗོད་ན་གདོན་མི་ཟ་བར ་ཚྭ་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་མཐོང་བ་ད་ཙ་འདི་འདོད་པོ་ཡང་འགྲུབ་པར་འགྱུར་རོ།། བསླབ་པ་ཀུན་ལས་བཏུས་པ་ལས་འབྱུང་བ་དེ་བཞིན་གཤེགས་པའི་སྙིང་པོའི་ཡི་གེ་བརྒྱ་པའི་བསྲུང་བ་དང ་སྡིག་པ་བཤགས་པའི་ཆོ་ག། སློབ་དཔོན་ཞི་བའི་ལྷས་མཛད་པ་རྫོགས་སོ།། ་