| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤཀྑ་ས་མཱ་ཙྪ་ཡ། བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། གང་མ་ཐོས་པས་དམྱལ་བ་ལ་སོགས ་གཡང་སར་ནི།། བསྲེག་ལ་སོགས་པའི་སྡུག་བསྔལ་མི་བཟད་མཐའ་ཡས་དག། སེམས་མ་ཞི་བ་ཁྱེད་ཀྱིས་ཡང་ཡང་མྱོང་གྱུར་པ།། དེ་ནི་མཉམ་ཕྱིར་གུས་པ་ཤིན་ཏུ་རྒྱ་ཆེར་བསྟེན།། གང་ཐོས་ནས་ཀྱང་གཡེང་བ་མེད་པའི་བདག་ཅན་གྱིས།། ་སྡིག་སྤོང་སྔོན་བྱས་མང་པོ་མ་ལུས་ཟད་བྱེད་ལ།། སྔོན་ཆད་མ་ཐོབ་པ་ཡི་བདེ་བ་འང་རབ་འཐོབ་ཅིང་།། བདེ་བ་ལས་ནི་ནམ་ཡང་ཉམས་པར་མི་འགྱུར་དང་།། རྫོགས་པའི་བྱང་ཆུབ་སེམས་དཔའ་བདེ་མཆོག་མི་ཟད་དང་།། སངས་རྒྱས་གོ ་འཕང་མཉམ་མེང་ཕུན་ཚོགས་ཐོབ་བྱེད་པ།། ཤིན་ཏུ་རྙེད་དཀའི་རིན་ཆེན་ཆས་དེ་དེང་ཐོབ་ན།། ལེགས་པར་བརྗོད་པ་འདི་ལ་དལ་ཐོབ་གུས་པར་ཉོན།། ཁམས་གསུམ་ཕན་མཛད་གཅིག་པོ་དེ་ཡི་གསུང་མཉན་ཕྱིར།། ལྷ་དང་ཀླུ་དང་གྲུལ ་བུམ་དྲི་ཟ་གནོད་སྦྱིན་དང་།། མཁའ་ལྡིང་ལྷ་མྲིན་མ་འམ་ཅི་དབང་འདྲེ་ལ་སོགས།། དགའ་བཅས་ཉན་པར་མོས་ཤིང་ཡིད་དང་འདིར་ཤོག་ཤིག། བདེར་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་།། ཕྱག་འོས་ཀུན་ལའང་གུས ་པར་ཕྱག་འཚལ་ལོ།། བདེར་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་རྣམས།། མདོར་བསྡུས་དོན་གྱི་ངག་གིས་བརྗོད་པར་བྱ།། སྔོན་ཆད་མ་བྱུང་ཅི་ཡང་འདིར་བརྗོད་མེད།། སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ།། དེ་ཕྱིར་གཞན ་གྱི་དོན་དུ་བདག་མི་འབད།། རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་རྩམས།། དགེ་བ་བསྒོམ་ཕྱིར་བདག་གིས་དད་པའི་ཤུགས།། འདི་དག་གིས་ཀྱང་རེ་ཤིག་འཕེལ་འགྱུར་ལ།། བདག་དང་སྐལ་བ་མཉམ་པ་གཞན་གྱིས ་ཀྱང་།། ཇི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར།། དལ་འབྱོར་ཤིན་ཏུ་རྙེད་པར་དཀའ་བ་དང་།། སྐྱེས་བུའི་དོན་བསྒྲུབ་འདི་ནི་རྙེད་གྱུར་པས།། གལ་ཏེ་འདི་ལ་ཕན་པ་མ་བསམས་ན།། ཕྱིས་ནི་ཡང་དག་འབྱོར་པར་ག་ལ་འགྱུར།། ཇི་སྐད་དུ ་འཕགས་པ་སྡོང་པོ་བཀོད་པའི་མདོར་འཕགས་པ་རྒྱལ་བའི་དྲོད་ཀྱི་སྐྱེ་མཆེད་ཀྱི་རྣམ་པར་ཐར་པ་ལས་མི་ཁོམ་པ་བརྒྱད་ལས་ལྡོག་པ་ཡང་རྙེད་པར་དཀའ། མིར་གྱུར་པ་ཡང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པ་རྣམ་པར་དག་པ་ཡང ་རྙེད་པར་དཀའ། སངས་རྒྱས་འབྱུང་བ་ཡང་རྙེད་པར་དཀའ། དབང་པོ་མ་ཚང་བ་མེད་པ་ཡང་རྙེད་པར་དཀའ། སངས་རྒྱས་ཀྱི་ཆོས་མཉམ་པ་ཡང་རྙེད་པར་དཀའ། སྐྱེས་བུ་དམ་པ་དང་འགྲོགས་པ་ཡང་རྙེད་པར་དཀའ། ཡང་དག་པའི ་དགེ་བའི་བཤེས་གཉེན་རྣམས་ཀྱང་རྙེད་པར་དཀའ། ཡང་དག་པའི་ཚུལ་རྗེས་སུ་བསྟན་པ་ཉེ་བར་སྦྱོར་བ་ཡང་རྙེད་པར་དཀའ། ཡང་དག་པར་འཚོ་བ་ཡང་རྙེད་པར་དཀའ། མིའི་འཇིག་རྟེན་ན་ཆོས་དང་རྗེས་མཐུན་པའི་ཆོས་ལ་ནན་ཏན ་བྱེད་པ་ཡང་རྙེད་པར་དཀའ་ན་ཞེས་གསུངས་པ་བཞིན་ནོ།། དེའི་ཕྱིར་དེ་ལྟ་བུ་དང་ཕྲད་པ་ལ་བརྟེན་ནས། སེམས་ཅན་ཆེན་པོ་གང་ལ། གང་ཚེ་བདག་དང་གཞན་དག་ཀྱང་།། འཇིགས་དང་སྡུག་བསྔལ་མི་འདོད་པ།། དེ་ཚེ་དེ་སྲུང་གཞན་མི་གང་། ་བདག་དང་བྱེ་བྲག་ཇི་ཞིག་ཡོད། སྙམ་པ་དེ་ལྟ་བུའི་སོ་སོར་དཔྱོད་པ་སྐྱེད་ནས་དེས་བདག་དང་སེམས་ཅན་གྱི་ཁམས་རྣམས་ཀྱི། སྡུག་བསྔལ་མཐར་འབྱིན་འདོད་པ་དང་།། བདེ་བའི་མཐར་ཡང་འགྲོ་འདོད་པས།། དད་པའི་རྩ་བ་བརྟན་བྱས་ཏེ།། ་བྱང་ཆུབ་ལ་ཡང་བློ་བརྟན་བྱ།། འདི་ལྟར་དཀོན་མཆོག་ཏ་ལ་ལིའི་གཟུངས་ལས། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་།། སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་པ།། བྱང་ཆུབ་བླ་ན་མེད་ལ་དང་གྱུར་ནས།། སྐྱེས་བུ་ཆེན་པོ་རྣམས་ཀྱི ་སེམས་སྐྱེའོ།། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ།། ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད།། དོག་པ་སེལ་ཅིང་ཆུ་བོ་རྣམས་ལས་སྒྲོལ།། དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཅིང་།། དད་པ་རྙོག་པ་མེད་ཅིང་སེམས་དང་བྱེད།། ་ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན།། དད་པ་གཏེར་དང་ནོར་དང་རྐང་པའི་མཆོག། ལག་པ་བཞིན་དུ་དགེ་སྡང་རྩ་བ་ཡིན།། དད་པ་ཡོངས་སུ་གཏོང་ལ་དགའ་བར་བྱེད།། དད་པ་རྒྱལ་བའི་ཆོས་ལ་རབ་དགའ་བསྐྱེད།། དད་པ་ཡོན་ཏན་ཡ ་ཤེས་ཁྱད་པར་བྱེད།། སངས་རྒྱས་གོ་འཕང་སྟོད་ཅིང་ཐོབ་བྱེད་ཡིན།། དབང་པོ་རྣོ་ཞིང་རབ་ཏུ་གསལ་བར་བྱེད།། དད་པའི་སྟོབས་ལ་གཞན་གྱིས་མི་བརྫི་ཞིང་།། ཉོན་མོངས་རྣམ་པར་སེལ་བའི་གཞི་རྟེན་ཡིན།། དད་པ་རང་བྱུང་ཡོན་ཏན ་རྣམས་ཀྱང་ཚོལོ།། དད་པ་ཆགས་པའི་སྒོ་ལ་ཆགས་པ་མེད།། མི་དལ་སྤང་ཞིང་དལ་མཆོག་ཅིག་ཏུ་སྦྱིན།། དད་པ་བདུད་ཀྱི་ལམ་ལས་འདའ་བྱེད་ཅིང་།། ཐར་པའི་ལམ་མཆོག་སྟོན་པར་བྱེད་པ་ཡིན།། ས་བོན་མ་རུང་ཡོན་ཏན་རྣམས་ཀྱི་རྒྱུ།། ་དད་པ་བྱང་ཆུབ་ཤིང་རྣམ་པར་བསྐྱེད།། ཡེ་ཤེས་ཁྱད་པར་ཡོན་ཏན་འཕེལ་བར་བྱེད།། དད་པ་རྒྱལ་བ་ཐམས་ཅད་རྟེན་པ་ཡིན།། གང་དག་རྟག་ཏུ་སངས་རྒྱས་དང་གུས་བཅས།། དེ་དག་ཚུལ་ཁྲིམས ་བསླབ་པ་ཡོངས་མི་འདོར།། གང་དག་ཚུལ་ཁྲིམས་བསླབ་པ་མི་འདོར་བ།། ཡོན་ཏན་ལྡན་དེ་ཡོན་ཏན་ལྡན་པས་བསྟོད།། གང་དག་རྟག་ཏུ་ཆོས་ལ་དང་གུས་བཅས།། དེ་དག་རྒྱལ་བའི་ཆོས་ཉན་ངོམས་པ་མེད།། གང་དག་རྒྱལ ་བའི་ཆོས་ཉན་མི་ངོམས་པ།། དེ་དག་ཆོས་ལ་མོས་པ་བསམ་མི་ཁྱབ།། གང་དག་རྟག་ཏུ་དགེ་འདུན་དང་གུས་བཅས།། དེ་དག་མི་ལྡོག་དགེ་འདུན་དད་པ་ཡིན།། གང་དག་མི་ལྡོག་དགེ་འདུན་རབ་དད་པ།། དེ་དག་དད་པའི་སྟོབས་ཀྱིས་མི ་ལྡོག་འགྱུར།། གང་དག་དད་པའི་སྐྱོབས་ཀྱིས་མི་ལྡོག་པ།། དེ་དག་དབང་པོ་རྣོ་ཞིང་རབ་ཏུ་གསལ།། གང་དག་དབང་པོ་རྣོ་ཞིང་རབ་གསལ་བ།། དེ་དག་སྡིག་པའི་གྲོགས་པོ་རྣམ་པར་སྤངས།། གང་དག་སྡིག་པའི་གྲོགས་པོ་རྣམས ་སྤངས་པ།། དེ་དག་ཆོས་ལྡན་གྲོགས་ཀྱིས་ཡོངས་སུ་བཟུང་།། གང་དག་ཆོས་ལྡན་གྲོགས་ཀྱིས་ཡོངས་སུ་བཟུང་།། དེ་དག་དགེ་བ་རྒྱ་ཆེན་སོགས་པར་བྱེད།། གང་དག་དགེ་བ་རྒྱ་ཆེན་སོགས་བྱེད་པ།། བདག་ཉིད་ཆེན་པོ་དེ ་ངག་རྒྱུ་སྟོབས་ལྡན།། བདག་ཉིད་ཆེན་པོ་རྒྱུ་སྟོབས་གང་ལྡན་པ།། དེ་དག་མོས་པའི་ཁྱད་པར་རྒྱ་ཆེན་འགྱུར།། གང་དག་མོས་པའི་ཁྱད་པར་རྒྱ་ཆེ་བ།། དེ་དག་རྒྱལ་བ་ཀུན་གྱིས་རྟག་བྱིན་བརླབས།། གང་དག་རྒྱལ་བ་ཀུན་གྱིས ་བྱིན་བརླབས་པ།། དེ་དག་བྱང་ཆུབ་དོན་དུ་སེམས་ཀྱང་སྐྱེ།། གང་དག་བྱང་ཆུབ་དོན་དུ་སེམས་སྐྱེ་བ།། དེ་དག་དྲང་སྲོང་ཆེན་པོའི་ཡོན་ཏན་བརྩོན།། དྲང་སྲོང་ཆེན་པོའི་ཡོན་ཏན་གང་བརྩོན་པ།། དེ་དག་རིགས་མཐོ་སངས་རྒྱས་རིགས ་སུ་སྐྱེ།། གང་དག་རིགས་མཐོ་སངས་རྒྱས་རིགས་སྐྱེས་པ།། དེ་དག་མཉམ་ཞིང་སྦྱོར་དང་མི་སྦྱོར་སྤངས།། མཉམ་ཞིང་སྦྱོར་དང་མི་སྦྱོར་གང་སྤངས་པ།། དེ་དག་དང་དང་བསམ་པ་རྣམ་པར་དག། གང་དག་དད་དང་བསམ་པ་རྣམ་དག་པ།། ་དེ་དག་ལྷག་པའི་བསམ་པ་དམ་པ་མཆོག། གང་དག་ལྷག་བསམ་དམ་པ་མཆོག་ལྡན་པ།། དེ་དག་རྟག་ཏུ་ཕ་རོལ་ཕྱིན་པ་སྤྱོད།། གང་དག་རྟག་ཏུ་ཕ་རོལ་ཕྱིན་སྤྱོད་པ།། དེ་དག་ཐེག་པ་ཆེན་པོ་འདི་ལ་ཞུགས།། གང་དག་ཐེག་པ་ཆེན ་པོཔོ་འདིར་ཞུགས་པ།། དེ་དག་སངས་རྒྱས་རྣམས་ལ་སྒྲུབ་པས་མཆོད།། གང་དག་སྒྲུབ་པས་སངས་རྒྱས་མཆོད་བྱེད་པ།། དེ་དག་སངས་རྒྱས་རྗེས་དྲན་མི་ཕྱེད་འགྱུར།། གང་དག་སངས་རྒྱས་རྗེས་དྲན་མི་ཕྱེད་པ།། དེ་དག་རྟག་ཏུ ་སངས་རྒྱས་བསམ་ཡས་མཐོང་།། གང་དག་སངས་རྒྱས་བསམ་ཡས་རྟག་མཐོང་བ།། དེ་ལ་ནམ་ཡང་སངས་རྒྱས་མི་བཞུགས་མིན།། གང་ལ་ནམ་ཡང་སངས་རྒྱས་མི་བཞུགས་མིན།། དེ་དག་པར་སྐབས་ཆོས་ལས་ཉམས་མི ་འགྱུར། ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། དད་པའི་རྩ་བ་ཅན་གྱི་སྟོན་རྒྱ་ཆེན་པོ་མཐའ་ཡས་པ་ཞིག་དེར་གསུངས་ཏེ། དེ་རྫོགས་ནས་ཡང་མདོར་བསྡུས་ཏེ་གསུངས་པ།། འདི་འདྲ་ཆོས་ནི་གང་དག་དད་གྱུར་པ།། སེམས ་ཅན་སོ་སོ་སྐྱེ་བོའི་ཚོགས་ན་དཀོན།། གང་དག་དགེ་བསགས་བསོད་ནམས་བྱས་གྱུར་པ།། དེ་དག་རྒྱུ་ཡི་སྟོབས་ཀྱི་འདི་ལ་དང་།། གངྒཱ་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ།། བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར ་ཀྱང་།། ཆོས་འདིར་དད་པ་བསོད་ནམས་ཅི་འདྲ་བ།། བསོད་ནམས་ཁྱད་པར་དེ་འདྲེ་དེ་ལ་མེད།། ཙོས་གསུངས་པ་ཡིན་ནོ།། དེ་སྐད་དུ་ཆོས་བཅུ་པའི་མདོ་ལས་ཀྱང་། གང་གིས་འདྲེན་པ་ངེས་འབྱུང་བ།། དད་པ་ཐེག་པའི་མཆོག་ཡིན་ཏེ། ་དེ་ཕྱིར་བློ་དང་ལྡན་པའི་མིས།། དད་པའི་རྗེས་སུ་འབྲང་བ་བསྟེན།། མ་དད་པ་ཡི་མི་དག་ལ།། དཀར་པོའི་ཆོས་རྣམས་མི་སྐྱེ་ཏེ།། ས་བོན་མེ་ཡིས་ཚིག་པ་ལས།། མྱུ་གུ་སྔོན་པོ་ཇི་བཞིན་ནོ།། ཞེས་གསུངས་སོ།། དེ་བས་ན་འཕགས་པ ་རྒྱ་ཚོར་རོལ་པའི་མདོ་ལས་ཀྱང་། ཀུན་དགའ་བོ་དད་པ་ལ་སྦྱོར་བར་བྱ་སྟེ།། འདི་ནི་དེ་བཞིན་གཤེགས་པ་ལ་གསོལ་བ་འདྲེབས་པའོ་ཞེས་བསྟན་ཏོ།། དེ་སྐད་དུ། སེང་གིས་ཞུས་པའི་མདོ་ལས་ཀྱང་།། དད་པས་མི་ཁོམ་སྤོང་བར་འགྱུར།། ་ཞེས་བཀའ་སྩལ་པ་ཡིན་ནོ།། དེ་ལྟར་དད་པའི་རྩ་བ་བརྟན་པར་བྱས་ལ། བསོད་ནམས་ཐབས་དང་བསྡུ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྟན་པར་བྱའོ།། ཇི་སྐད་དུ་སེང་གེས་ཞུས་པ་ལས། བཅོམ་ལྡན་འདས་ལ་རྒྱལ་བུ་སེང་གེས་ཞུས ་པ། ཆོས་རྣམས་ཐམས་ཅད་བསྡུ་བ་ནི།། ཆོས་གང་གིས་ནི་ཐོབ་པར་འགྱུར།། གང་དང་གང་དུ་སྐྱེས་པ་དོར།། སེམས་ཅན་རྣམས་ནི་དགའ་བ་འཐོབ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ཐར་བྱའི ་ཕྱིར།། བྱང་ཆུབ་དོན་དུ་སེམས་བཏུང་བ།། དེས་ནི་ཆོས་རྣམས་བསྡུ་བ་འཐོབ། དེས་ནི་དགའ་བ་ཐོབ་པར་འགྱུར། ཞེས་གསུངས་པ་བཞིན་ནོ།། དེ་སྐད་དུ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་ཀྱི ་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ།། འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ།། འཇིག་རྟེན་ཐམས་ཅད་རྟེན་པས་ས་ལྟ་བུའོ།། ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ ་ཐམས་ཅད་ཡོངས་སུ་སྲུང་བས་པ་ལྟ་བུའོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་སྦྱར་ཏེ་དབུལ་བ་ཐམས་ཅད་ཡང་དག་པར་གཅོད་པས་རྣམ་ཐོས་ཀྱི་བུ་ལྟ་བུའོ།། དོན་ཐམས་ཅད་ཡང་དག་པར་སྒྲུབ་པས་ཡོད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ ་བུའོ།། བསམ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ།། ཉོན་མོངས་པའི་དགྲ་ཕམ་པར་བྱ་བ་ལ་མདུང་ཐུང་ལྟ་བུའོ།། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འགེབས་པས་གོ་ཆ་ལྟ་བུའོ།། ཉོན ་མོངས་པའི་མགོ་ལྟུང་བར་བྱེད་པས་རལ་གྲི་ལྟ་བུའོ།། ཉོན་མོངས་པའི་ཤིང་གཅོད་པས་སྟ་རེ་ལྟ་བུའོ།། གཙེ་བ་ཐམས་ཅད་ལས་སྐྱོབ་པས་མཚོན་ཆ་ལྟ་བུའོ།། འཁོར་བའི་ཆུའི་ནང་ན་གནས་པ་སྟེང་དུ་འབྱིན་པས་མཆིལ་པ་ལྟ་བུའོ།། ་སྒྲིབ་པ་དང་ཁེབས་པའི་རྩ་ཐམས་ཅད་རྣམ་པར་འཐོར་བས་རླུང་གི་དཀྱིལ་འཁོར་ལྟ་བུའོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་དང་སྨོན་ལམ་ཐམས་ཅད་བསྡུས་པའི་ཕྱིར་མདོར་བསྟན་པ་ལྟ་བུའོ།། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི ་འཇིག་རྟེན་ལ་མཆོད་རྟེན་ལྟ་བུ་སྟེ། རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་སེམས་ནི་ཡོན་ཏན་དེ་དག་དང་། ཡོན་ཏན་གྱི་བྱེ་བྲག་ཚད་མེད་པ་གཞན་དང་ཡང་ལྡན་ནོ་ཞེས་བརྗོད་དོ།། སོ་སོའི་སྐྱེ་བོ་ལ་ཡང་བྱང་ཆུབ་ཀྱི ་སེམས་སྐྱེ་སྟེ། འདི་ཚིག་ཙམ་མ་ཡིན་པར་ཇི་ལྟར་ཤེས་ཤེ་ན། མདོ་སྡེ་དུ་མ་མཐོང་བ་ལས་ཏེ། རེ་ཞིག་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། འཇིགས་ཚོགས་ལ་ལྟ་བ་རི་རབ་དང་མཉམ་པ་དྲལ་ནས་བྱང་ཆུབ་ཀྱི་སེམས ་སྐྱེ་ཞིང་དེ་ལས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་རྣམ་པར་སྐྱེའོ་ཞེས་ཇི་སྐད་དུ་བསྟན་པ་དང་། དཀོན་མཆོག་ཟ་མ་ཏོག་གི་མདོ་ལས་ཀྱང་། སོ་སོའི་སྐྱེ་བོ་ལ་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བར་ཤེས་ཏེ། ཇི་སྐད་དུ། འཇམ་དཔལ ་འདི་ལྟ་སྟེ་དཔེར་ན་ཀ་ལ་བིང་ཀའི་ཕྲུ་གུ་སྒོ་ངའི་སྦུབས་ཀྱི་ནང་ན་འདུག་པ་སྒོ་ང་མ་བརྟོལ་ཅིང་སྦུབས་ནས་མ་བྱུང་ཡང་ཀ་ལ་བིང་ཀའི་སྒྲ་ཉིད་དུ་འབྱིན་ཏོ།། འཇམ་དཔལ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མ་རིག་པའི་སྒོ་ངའི་སྦུབས ་ཀྱི་ནང་ན་འདུག་པ་བདག་ཏུ་ལྟ་བ་མ་བརྟོལ་ཅིང་ཁམས་གསུམ་ལས་མ་བྱུང་ཡང་སངས་རྒྱས་ཀྱི་སྒྲ་འདི་ལྟ་སྟེ། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་སྒྲར་འབྱིན་ཏོ།། ཞེས་གསུང་སོ།། ཆོས་ཐམས་ཅད་འབྱུང་བ་མེད ་པར་བསྟན་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྒྱལ་བའི་བློ་གྲོས་ལ་སོས་པར་མཐོངས་ཕྱེ་ནས་དེ་འཚོ་བའི་དུས་བྱས་པ་དང་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་སྟེ། དེ་ནི་སྟོང་པ་ཉིད་ལ་མ་དད་ཅིང་སྟོང་པ་ཉིད་དུ་སྨྲ་བ་ལ་ཁོའི་ཁྲོ་བ ་བྱས་པ་ཡིན་ནོ་ཞེས་གསུངས་སོ།། ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང་། ཕྱུགས་ཀྱི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་གང་ཞེ་ན། འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལ་ལ་ཞིག་སངས་རྒྱས་ཀྱི་ཞིང ་ལྔའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདའ་བར་འདོད་ནས། དེས་ཕྱུགས་ཀྱི་ཤིང་རྟ་ལ་ཞོན་ཏེ་ལམ་དུ་ཞུགས་ནས། དེ་ཡུན་རིང་པོས་ལམ་རིང་པོར་དཔག་ཚད་བརྒྱར་ཕྱིན་པ་ལས། དེ་དེར་རླུང་གི་དཀྱིལ་འཁོར་ཆེན་པོས ་བཟློག་ནས་དཔག་ཚད་བརྒྱད་ཁྲིར་དེད་དེ་ཕྱིར་ཕུལ་ན་སྐྱེས་བུ་དེས་ཕྱུགས་ཀྱི་ཤིང་རྟས་འཇིག་རྟེན་གྱི་ཁམས་དེ་དག་འདའ་བ་འམ་བསྐལ་པ་ལས་བརྗོད་དུ་མེད་པའི། བསྐལ་པར་ཡང་འཇིག་རྟེན་གྱི་ཁམས་གཅིག་ཀྱང་འདའ་བར་ནུས ་སམ་གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་གང་ལ་ལ་ཞིག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཐེག་པ་ཆེན་པོ་མི་འཛིན་མི་ཀློག་པར། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ ་བསྙེན་ཅིང་དེ་དག་དང་ལྷན་ཅིག་ཏུ་སྟེན་པར་བྱེད་ཉན་ཐོས་ཀྱི་ཐེག་པ་ཀློག་ཅིང་ཁ་ཏོན་བྱེད་དཔྱོད་ཅིང་ཁོང་དུ་ཆུད་པར་བྱེད་ལ། གཞན་དག་ཀྱང་ཀློག་ཏུ་འཇུག་པ་ནས། ཁོང་དུ་ཆུད་པར་བྱེད་པའི་བར་དུ་བྱེད་པ་ན། དེ་ནི་དེས་ཤེས་རབ ་རྟུལ་པོར་འགྱུ་ཏེ། བླ་ན་མེད་པའི་ཡེ་ཤེས་ཀྱི་ལམ་ནས་སླར་དྲང་ནས་ཕྱིར་ལྡོག་གོ། བྱང་ཆུབ་སེམས་དཔའ་འདིའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱི་དབང་པོ་དང་། ཤེས་རབ་ཀྱི་མིག་གང་ཡིན་པ་དེ་ཡང་རྟུལ་པོར ་བསྒྱུར་ཞིང་ཉམས་པར་བྱེད་དེ་འདི་ནི་ཕྱུགས་ཀྱུ་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་ཞེས་ཐ་ནརྡད། དངས་ན་དེ་དག་ག་སྟང་ཐ་ཉད་ལ་མོས་པ་དང་ཐེགོ་པ་ཆེན་པ་ལ་མངོན་པར་དགའ་བན། ་མོས་པ་སྤྱོད་པས་ཡོངསུ་མ་རྫོགས་པ་ལ་ཡང་སྦྱར་བ་སྣང་ན། མོས་པ་རབ་ལ་ཡོད་པའི་བྱང་ཆུབ་སེམས་དཔའ་ལྟ་ཅི་ཞིག་སྨོས།། དེ་ནི་དཀོན་མཆོག་སྤྲིན་ལས་བྱིས་པའི་སྤྱོད་པ་དང་ལོག་པར་འཇུག་པ་ཐམས་ཅད་ལས་འདས་པར ་བརྗོད་ཅིང་། ཏིང་འཛིན་དང་གཟུངས་དང་རྣམ་པར་ཐར་པ་དང་མངོན་པར་ཤེས་པ་དང་རིགས་པ་གྲངས་མེད་པས་རྣམ་པར་རོལ་པ། ཆོས་མཐའ་ཡས་པ་ལ་དགའ་ཞིང་མོས་པས་ཟང་ཟིང་མེད་པ་ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར ་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པའི་དགའ་བའི་ཤུགས་ཀྱི་སྣང་བ་ཐོབ་པ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དཔག་ཏུ་མེད་པར་ཐེག་པ་ཆེན་པོ་ལ་ཞུགས་པའི་བསྒོམ་པ་སྣ་ཚོགས་ཡོངས་སུ་རྫོགས་པ་གཞན་གྱི་དོན་གྱི་ནན་ཏན ་ཚུར་ཕྱིན་པ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མངོན་པར་བསྒྲུབ་པ་གྲུབ་པའི་སྔོན་གྱི་སྦྱོར་བ་བརྒྱ་སྟོང་ཕུན་སུམ་ཚོགས་པར་བརྗོད་དོ།། ཅི་སྟེ་འདི་དྲང་བའི་དོན་ཡིན་ན། ཅིའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཞན་ས་འདི་ལ ་མི་འདོད།། འདིར་འདོད་པ་ཙམ་གྱིས་དྲང་བའི་དོན་དུ་བྱེད་པའི་བྱེ་བྲག་གི་རྟགས་ཀྱང་མི་རྙེད་དོ།། མོས་པས་སྤྱོད་པ་ཆེན་པོའི་ཆོས་ཉིད་དུ་གསུངས་པ་ལས་ཀྱང་མོས་པས་སྤྱོད་པ་འབྲིང་དང་ཆུ་ངུའི་རྣམ་པ་ཡང་ཅི་ནས་ཡོད་པ་ཉིད་དུ་རྟོགས ་སོ།། ཡང་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ཇི་སྐད་དུ། བཅོམ་ལྡན་འདས་བྱང་ཆུབ་ཏུ་སེམས་བསྐྱོད་པ་སུའི་ལགས། རྒྱལ་པོ་ཆེན་པོ་གང་གོས་ལྷག་པའི་བསམ་པ་མ་འཁྲུགས་པའོ།། གསལ་བྱ་བཅོམ་ལྡན ་འདས་སུའི་ལྷག་པའི་བསམ་པ་མ་འཁྲུག། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་གི་སྙིང་རྗེ་ཆེན་པོ་སྐྱེ་བའོ།། གསོལ་པ་བཅོམ་ལྡན་འདས་སུའི་སྙིང་རྗེ་ཆེན་པོ་སྐྱེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་གིས ་སེམས་ཅན་ཐམས་ཅད་ལ་ཡོངས་སུ་མི་གཏོང་བའི་སེམས་སྐྱེ་བའོ།། སོ་བཅོམ་ལྡན་འདས་ཇི་ལྟར་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་ལགས། བཀའ་སྩལ་པ་རྒྱལ་པོ་ཆེན་པོ་ནམ་བདག་བྱེ་པ་བཏང་བ་ཡིནོ་ཞེས་གསུངས ་པའི་དགོངས་པ་ཅི་ཞིག་ཡིན་ཞེ་ན། བྱང་ཆུབ་ཀྱི་སེམས་ཙམ་གྱིས་ཆོག་པར་འཛིན་པ་རྣམས་སྙིང་རྗེ་ལ་དགའ་བ་བསྐྱེད་པའི་ཕྱིར་འདི་གསུངས་ཏེ། དཔེར་ན་གང་ལ་རྣལ་འབྱོར་མེད་པ་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ ་རབ་ཏུ་འབྱུང་བ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ།། དེ་བཞིན་དུ་འདིར་ཡང་བྱང་ཆུབ་ཀྱི་སེམས་གཞན་སྨད་པར་རིག་པར་བྱའི། བྱང་ཆུབ་ཀྱི་སེམས་རྣམ་པ་གཞན་དུ་མི་སྐྱེ་བ་ནི་མ་ཡིན་ནོ།། ཇི་སྐད་དུ་ཆོས་བཅུ་པའི་མདོ་ལས། ་རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རིགས་ལ་གནས་པ་བྱང་ཆུབ་ཏུ་སེམོས་མི་བསྐྱེད་ན། དེ་བཞིན་གཤེགས་པ་འམོ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་བསྐུལ་ཞིང་སྐྱོ་བར་བྱས། ཡང་དག་པར་འཛིན་དུ་བཅུག་སྟེ་ཟླ ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་བྱང་ཆུབ་ཀྱི་སེམས་ལ་མོས་པའི་རྒྱུ་དང་པོའོ།། རྫོགས་པའི་བྱང་ཆུབ་བམ་བྱང་ཆུབ་ཀྱི་སེམས་ཀྱི་བསྔགས་པ་བརྗོད་པ་ཐོས་ནས། བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་གཉིས་པའོ།། སེམས་ཅན་མགོན་མེད་པ་དང་སྐྱབས་མེད་པ་དང་དཔུང་གཉེན་མེད་པ་རྣམས་མཐོང་ནས་སྙིང་རྗེའི་སེམས་ཉེ་བར་བཞག་སྟེ་བླ་ན་མེད་པ་ཡང ་དགྲག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་གསུམ་པའོ།། དེས་དེ་བཞིན་གཤེགས་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་ཡོངས་སུ་རྫོགས་པ་མཐོང་ནས་དགའ་བ་བསྐྱེད་དེ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདི་ནི་རྒྱུ་བཞི་པའོ་གསུངས་པ་བཞིན་ནོ།། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང་བྱང་ཆུབ་ཏུ་ཆས་པའི་སེམས་སོ།། ཇི་སྐད་དུ་སྡོང་པོ་བཀོད་པའི ་མདོ་ལས། རིགས་ཀྱི་བུ་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་དེ་དག་ནི་སེམས་ཅན་གྱི་ཁམས་ན་དཀོན་ནོ།། དེ་བས་ཀྱང་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཆས་པའི ་སེམས་ཅན་དེ་དག་ནི་ཤིན་ཏུ་དཀོན་ནོ་ཞེས་གསུངས་པ་ལྟ་བུའོ།། དེ་ལ་བྱང་ཆུབ་ཏུ་སྨོན་པོའི་སེམས་ནི་ངས་སངས་རྒྱས་སུ་གྱུར་པར་བྱའོ་ཞེས་སེམས་སྨོན་པ་ལས་སྐྱེས་པ་ཡིན་ཏེ། འཕགས་པ་དཔའ་བར་འགྲི་བའི་མདོ་ལས། ་གཡོ་བྱས་ཏེ་བྱང་ཆུབ་ཀྱི་སེམས་བསྐྱེད་པས་ཀྱང་སངས་རྒྱས་ཀྱི་རྒྱུར་གསུངས་ན་དགེ་བ་སྨྲ་འགའ་བྱས་ཏེ་སེམས་བསྐྱེད་པ་ལྟ་ཅི་སྨོས་ཞེས་གསུངས་སོ།། ཇི་སྐད་དུ་བསྐལ་པ་བཟང་པོའི་མདོ་ལས། དེ་བཞིན་གཤེགས་པ ་དབྱངས་འབྱིན་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་སྐར་མའི་རྒྱལ་པོ་ཞེས་བྱ་བ་བ་ལང་རྫིར་གྱུར་པས་པ་ཀུ་ལའི་མེ་ཏོག་ཕུལ་ནས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་བཞིན་དུ་དེ་བཞིན་གཤེགས་པ་གློག་གི་སྒྲོན་མ་ཞེས་བྱ ་བ་ལ་དེ་བཞིན་གཤེགས་པ་གྲགས་པ་ཐ་ག་པར་གྱུར་པས་རས་ཀྱི་ཁ་ཆེར་ཕུལ་ཏེ། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད།། དེ་བཞིན་གཤེགས་པ་འོད་མཐའ་ཡསོ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་འོད་འཕྲོ་ཅན་གྲོང་ཁྱེར ་གྱི་སྤྲང་པོར་གྱུར་པས་རྩའི་མེ་སྒྲོན་ཕུལ་ནས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་བཞིན་གཤེགས་པ་རྣམ་གནོན་བརྟན་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐུབ་དཀའ་ཞིང་ཐུན་དུ་གྱུར་པས་སོ་ཤིང་ཕུལ་ཏེ་དང་པོ་བྱང ་ཆུབ་ཏུ་སེམས་བསྐྱེད་དོ།། དེ་བཞིན་གཤེགས་པ་འཇམ་དཔལ་གྲགས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཡོན་ཏན་རྒྱལ་མཚོན་སྨན་པའི་རྒྱལ་པོར་གྱུར་པས་སྐྱུ་རུ་ར་ཅིག་ཕུལ་ནས་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ།། དེས་ཀྱང་འཁོར་བའི་བདེ་བ་མཐའ་ཡས་པ་བསྐྱེད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་སྤྱོད་པ་དང་བྲལ་བ་ལ་ཡང་བརྙེས་པར་མི་བྱ་སྟེ། ཇི་སྐད་དུ་འཕགས་པ་བྱམས་པའི་རྣམ་པོར་ཐརཔ ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་། གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང ་རྣམ་པར་ཟློག་གོ།། རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང ་བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ་འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་ཟློག་གོ་ཞེས་གསུངས་པ་ལྟ་བུའོ།། འདི་ལས་ཀྱང་སྤྱོད་པ་དང་མ་ལྡན་ཡང་བྱང་ཆུབ་ཀྱི་སེམས་ནི་ཕན་པར་འགྱུར་བར་ཤེས ་པོར་བྱ་སྟེ། གང་གི་ཕྱིར་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱེད་ནི་བྱ་བ་མང་བྱེད་པ་མང་སྟེ། ཉན་མཚན་དུ་ཐམས་ཅོད་དུ་ཐམས་ཅད་རྣམ་པ་ཐམས་དུ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ ་ལ་བསླབ་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཏེ། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་དད་པ་དང་དོན་དུ་གཉེར་བ་དང་སྨོན་པ། འགྲོ་ཡང་རུ ་འགྲེང་ཡང་རུང་འདུག་ཀྱང་རུང་ཉལ་ཡང་རུང་སད་ཀྱང་རུང་ཟ་ཡང་རུང་འཐུང་ཡང་རུང་རྟག་པར་རྒྱུན་ཏུ་དྲན་པར་གྱིས་ལ་ཡིད་ལ་ཟུང་སྟེ་སྒོམས་ཤིག། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཕགས་པ་ཉན ་ཐོས་དང་རང་སངས་རྒྱས་དང་སོ་སོའི་སྐྱེ་བོ་ཐམས་ཅད་དང་བདག་གི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཤིང་གཞལ་ཏེ་བརྩིས་ལ་རྗེས་སུ་ཡི་རང་བར་གྱིས་ཤིག། རྗེས་སུ་ཡི ་རང་བའི་མཆོག་ནས། ནམ་མཁའ་དང་འདྲ་བ་དང་། མྱ་ངན་ལས་འདས་པ་དང་མཚུངས་པའི་བར་གྱིས་རྗེས་སུ་ཡི་རང་བར་གྱིས་ཤིག། རྗེས་སུ་ཡི་རང་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན ་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མཆོད་པར་བྱ་བར་ཕུལ་ཅིག། ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག། དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་བར་དུ་ཐོབ་པར་འགྱུར་བ ་དང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོས་ཤིག། རྒྱལ་པོ་ཆེན་པོ་ཁྱེད་དེ་ལྟར་ཞུགས་ན་རྒྱལ ་སྲིད་ཀྱང་བྱེད་ལ་རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ཞིང་། བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་གསུངས་སོ།། མདོ་སྡེ་དེ་ཉིད་ལས་དེའི་རྣམ་པར་སྨིན་པ་ཡང་གསུངས་པ་ནི། རྒྱལ ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོག་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པས། ལན་དུ་མར་ལྷའི་ནང་དུ་སྐྱེས་ལན་དུ་མར་མིའི་ནང་དུ་སྐྱེས་ཏེ། ལྷ་དང་མིར་སྐྱེས་པ་ཐམས་ཅད་དུ་ཡང་དབང ་བྲོ་བྱེད་པར་གྱུར་ཀྱང་། དདུང་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བའི་ལས་ལ་བྲི་བ་འམ་གང་བར་མི་མངོན་ནོ།། དེ་བཞིན་དུ་སྦྱར་ཏེ་འོན་ཀྱང་རྒྱལ་པོ་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་གཅིག་གིས་ཀྱང་། སེམས་ཅན་ཐམས་ཅད་བསྐལ་བར་དམིགས་པ་དང་། སེམས་ཅན་ཐམས་ཅད་དགྲོལ་བར་དམིགས་པ་དང་། སེམས་ཅན་ཐམས་ཅད་དབུགས་དབྱུང་བར་དམིགས་པ་དང་། ་སེམས་ཅན་ཐམས་ཅད་ཡོངསསུ་མྱ་ངན་ལས་འདའ་བར་དམིགས་པའི་ཕྱིར། དགེ་བའི་རྩ་བ་གྲངས་མེད་དཔག་ཏུ་མེད་པ་སོགས་པར་འགྱུར་ན། གང་དེ་ལྟར་མང་དུ་བྱེད་པ་ལྟ་ཅི་སྨོས་ཞེས་བྱ་བ་ཡིན་ནོ།། བྱང་ཆུབ་ཀྱི་སེམས་དེ་ཡང་གཟུགས ་ཀྱི་སྐུ་མཐོང་བ་ལས་སྐྱེས་པར་སྔོན་གྱི་རྟོགས་པ་བརྗོད་པ་ལས་འབྱུང་ངོ་།། དེ་ལྟར་ན་རེ་ཞིག་སྨོན་པ་བྱང་ཆུབ་ཀྱི་སེམས་སུ་རིགས་པར་བྱའོ།། ཅི་སར་མ་ཆུད་པ་ལ་ཡང་བྱང་ཆུབ་སེམས་དཔའི་དབང་དུ་བྱ་བ་ཡོད་དམ་མེད་ཅེས་པ་འདར ་བརྗོད་པར་བྱའོ་ཞེ་ན། ཡོད་པར་རིག་པར་བྱ་སྟེ། ནམ་མཁའི་སྙིང་པོའི་མདོ་ལས། རྙེད་པ་དང་བཀུར་སྟིའི་རྒྱུ་ལས་རྩ་བའི་ལྟུང་བར་གསུངས་པའི་ཕྱིར་ལ། ས་བཅུ་པའི་མདོ་ལས་ནི་ས་དང་པོ་ལ། བདག་གི་སེམས་ཅན་འདི་དག་ལ་ཡོ་བྱད ་མང་པོ་ཐམས་ཅད་ཉེ་བར་སྦྱིན་ནོ་སྙམ་པ་མོ་གཏོགས་པར་སུ་ལས་ཀྱང་བཀུར་སྟི་ནི་ཡང་མི་འདོད་དོ་ཞེས་བསྟན་ཏོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ལ་མི་གཡོ་བའི་ཚུལ་གྱིས་ལེགས་པར་གནས་པ་ཡིན་ནོ་ཞེས ་གསུང་པ་དང་། ཡང་དེ་བཞིན་གཤེགས་པའི་རིགས་སུ་ངེས་ཤིང་རྫོགས་པའི་བྱང་ཆུབ་ལ་ཤིན་ཏུ་གཞོལ་བ་ཡིན་ནོ་ཞེས་ཀྱང་གསུངསོ།། ནམ་མཁའི་སྙིང་པོའི་མདོ་ལས་ཀྱང་། ཉན་ཐོས་ཀྱི་ཐེག་པ་ཡང་དེ་ལ་མེད་ན་ཐེག་པ་ཆེན་པོ ་ལྟ་ག་ལ་ཡོད་ཅེས་གསུང་ལ། དེ་བཞིན་དུ། འཕགས་པ་དྲག་ཤུལ་ཅན་གྱི་ཞུས་པར་སེར་སྣས་ཡོངས་སུ་བཀྲིས་པ་ལས་ཡང་བསླབ་པའི་གནས་བཅས་པ་དང་རབ་ཏུ་དགའི་ས་ལ་བདག་ཏུ་འདུ་ཤེས་པ་དང་འབྲལ་བས་བདག་ལ ་ཆགས་པའང་མེད་ན། ཡོ་བྱད་ཐམས་ཅད་ལ་ཆགས་པ་ལྟ་ག་ལ་ཡོད་ཅེས་གསུངསོ།། དེ་བཞིན་དུ་མགོ་ལ་སོགས་པ་སྦྱིན་པ་ཡང་གསུངས་ཏེ། དེ་ལྟ་བུ་དག་ལ་སོགས་པ་མདོ་སྡེ་དག་ཏུ་སར་མ་ཆུང་པའི་བསླབ་པ་བཅས་པར་སྣང ་ངོ་།། གང་དུ་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་སྤྱིར་བསྟན་པ་དེར་ཡང་གོམས་པར་བྱར་མི་རུང་བ་འམ། དགག་པའི་ངག་གི་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་བསླབ་པར་མི་བྱ་བར་འགྱུར་ཏེ། དེ་གཉིས་མེད་ན་ནི་ཐམས ་ཅད་ལ་བསླབ་པར་བྱའོ།། དེ་ལ་ཡང་བསླབ་པ་གཅིག་བསྒྲུབ་པ་ནི་བསླབ་པ་གཞན་བསྲུང་མ་ནུས་ཀྱང་ལྟུང་བར་མི་འགྱུར་ཏེ། དེ་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པའི་བསྟན་པའི་མདོ་ལས། སྦྱིན་པའི་དུས་ན་ཚུལ་ཁྲིམས་ལ་བརྟུལ་བ ་བཏང་སྙོམས་ལ་སོགས་པ་རྒྱ་ཆེར་གསུང་བ་ཡིན་ནོ།། འདི་ལ་ལྷོད་པར་ཡང་མི་བྱ་སྟེ། ལྷག་མ་གཞོན་ལ་མི་སྒྲུབ་པ་ཡང་མ་ཡིན་གྱི། ཅི་ནུས་ཅི་འོས་སུ་དེ་བཞིན་ཉིད་དུ་སྒྲུབ་པོ་ཞེས་ས་བཅུ་པའི་མདོ་ལས་གསུངས་པའི་ཕྱིར་རོ།། ། ་སྡོམ་པ་འདི་ནི་བུད་མེད་ཉོན་མོངས་པ་ཆུང་ངུ་སེམས་ཀྱང་བྱང་ཆུབ་ཏུ་མོས་པ་ལའང་འགྲུབ་སྟེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། ཤཱ་རིའི་བུ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའི ་བདེན་པར་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ། ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དགེ་བའི་ཆོས་ཡོངས་སུ་བཙལ་བའི་དོན་དུ་བརྩོན་འགྲུས ་བརྩམས་ཏེ་གནས་པ་དང་ཞེས་གསུངས་པ་ཡིན་ནོ།། འདི་ལས་བརྩམས་ཏེ་ལུང་ནོད་པ་ཐམས་ཅད་དང་། སྡོམ་པ་བཟུང་བ་ཡང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་ལ་གོམ་པ་ལྷུར་བྱེད་པ་སྡོམ་པ་དང་ལྡན་པ་ལས་ནོད་དོ།། དེ་ལྟར ་བྱས་ན་དེ་བསླབ་པ་ལས་འདས་ན་རབ་ཏུ་ངོ་ཚ་བར་འགྱུར་ཞིང་བླ་མ་བསླུས་པར་དོགས་པའི་འཇིགས་པ་སྐྱེ་བ་འམ་དེ་ལ་ནན་ཏན་བྱ་མི་དགོས་པར་དགའ་བ་དང་གུས་པ་འགྲུབ་པར་འགྱུར་རོ།། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས ་དེ་བཞིན་གཤེགས་པའི་སྤྱན་སྔར་བསླབ་པ་འདིའི་ནང་ནས། བསླབ་པ་གང་ཡང་རུང་བ་གྲུབ་པར་འདོད་པས་ཡང་དག་པར་ལེན་པར་བྱེད་དོ།། དེ་ལྟར་ན་འདི་ནི་སྡོམ་པའི་སྤྱིའི་ཆོས་ཡིནོ།། ཡང་ན་དེ་ལྟ་བུའི་དགེ་བའི་བཤེས ་གཉེན་མེད་ན་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་སུམ་དུ་བསྒོམས་ནས། སྡོམ་པ་དང་བདག་གི་སྟོབས་དང་ཡང་སྦྱར་ནས་བློང་སྟེ། དེ་ལྟར་མ་ཡིན་ན་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་དང་ལྷར་བཅས་པའི་འཇིག་རྟེན་བསླུས་པར་འགྱུར་རོ།། གང་གི་ཕྱིར་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་མདོ་ལས། ཅུང་ཟད་ཅིག་བསམ་ནས་མི་སྦྱིན་པ་ནི་ཡི་དྭགས་སུ་སྐྱེས་ལ་དམ་བཅས་ནས་མི་སྦྱིན ་པ་ནི་སེམས་ཅན་དམྱལ་བར་འགྲོའོ་ཞེས་གསུངས་ན། འགྲོ་བ་མ་ལུས་པའི་བླ་ན་མེད་པའི་དོན་དམ་བཅས་ནས་སྒྲུབ་པར་མི་བྱེད་པ་ལྟ་ཅི་སྨོས།། དེ་བས་ན་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་སེམས ་དཔའ་བདེན་པ་ལྷུར་བྱེད་པར་འགྱུར་བར་བྱ་སྟེ། རིགས་ཀྱི་བུ་བདེན་པར་ཡང་དག་པར་བརྗོད་པ་ནི་ཆོས་ཡང་དག་པར་བརྗོད་པའོ།། རིགས་ཀྱི་བུ་དེ་ལ་བདེན་པ་གང་ཞེ་ན། གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས་དེ་སྲོག་གི་ཕྱིར་ཡང་མི་གཏོང་ཞིང་། སེམས་ཅན་རྣམས་ལ་ཡང་ལོག་པར་མི་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པའོ།། གང་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་སེམས་དེ་ཕྱིས་ཡོངས་སུ་གཏོང་ཞིང་། སེམས་ཅན་རྣམས་ལའང་ལོག་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་རྫུན་དུ་སྨྲ་བ་ཐ་མ་ཡིན་ནོ་ཞེས་གསུང་སོ།། འཕགས་པ་བློ་གྲོས་རྒྱ་མཚོའི་མདོ ་ལས་ཀྱང་། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན་རྒྱལ་པོ་འམ་རྒྱལ་པོའི་བློན་པོ་ཆེན་པོས་གྲོང་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ལ་སིང་ཟིན་སྦྱིན་ནོ་ཞེས་མགྲིན་དུ་བོས་ནས་ཡལ་བར་བོར་ཏེ། བཟའ་བ་དང་བཏུང་བ་མ་སྦྱར་ན་དེས་སྒྲ ་བོའི་ཚོགས་དེ་དག་ཐམས་ཅད་བསླུས་པ་ཡིན་ཏེ། དེ་དག་ཀྱང་བཟའ་བ་དང་བཏུང་བ་མ་ཐོབ་པས་འཕྱ་ཞིང་སླར་འདོང་པ་དེ་བཞིན་དུ་བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་མ་རྒལ་བ་བསྒྲལ་བ་དང་། མ ་གྲོལ་བ་དགྲོལ་བ་དང་དབུགས་མ་ཕྱིན་པ་དབུགས་དབྱུང་བ་དང་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངསུ་མྱ་ངན་ལས་འདུལ་བའི་ཕྱིར་སེམས་ཅན་ཐམས་ཅད་དབུགས་ཕྱུང་། མང་དུ་ཐོས་པ་དང་དེ་ལས་གཞན་པ་བྱང་ཆུབ་ཀྱི ་ཕྱོགས་ཀྱི་ཆོས་རྣམས་ལ་ཡང་བརྩོན་པར་མི་བྱེད་ན། བྱང་ཆུབ་སེམས་དཔའ་དེ་ནི་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་མ་ཡིན་ཏེ། ལྷ་དང་བཅས་པའི་འཇིག་རྟེན་ལ་སླུ་བ་ཡིན་ནོ།། དེ་ལྟ་བུའི་སྔོན་སངས་རྒྱས་མཐོང་བའི ་ལྷོ་རྣམས་ཀྱི་མཐོང་ན་ཚ་འཕྱ་ཞིང་གཞོགས་འཕྱོས་བྱེད་ལ་རྣམ་པར་སྤྱོད་དེ། གང་བདག་མཆོད་སྦྱིན་བྱ་བར་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པའི་མཆོད་སྦྱིན་གྱི་བདག་པོ་དེ་དག་ནི་དཀོན་ནོ།། བློ་གྲོས་རྒྱ་མཚོ་དེ་ལྟ་བས ་ན་ཚིག་གིས་ལྷ་དང་མི་དང་ལྷོ་མ་ཡིན་དུ་བཅས་པའི་འཇིག་རྟེན་སླུ་བར་འགྱུར་བའི་ཚིག་དེ་ལྟ་བུ་བྱང་ཆུབ་སེམས་དཔས་སྨྲ་བར་མི་བྱའོ།། བློ་གྲོས་རྒྱ་མཚོས་གཞན་ཡང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་གང་ལ་ཆོས ་ཀྱི་དོན་བྱ་བར་གསོལ་བ་བཏབ་པ་དེ་ལ་བྱང་ཆུབ་སེམས་དཔས་ཁོ་བོས་ཁྱོད་ཀྱི་ཆོས་ཀྱི་དོན་འདི་ཡོངས་སུ་ཐོབ་པར་བྱའོ་ཞེས་ཚིག་སྨྲས་པར་གྱུར་ན། བྱང་ཆུབ་སེམས་དཔས་དེ་ལ་ལུས་ནི་ཡོངསུ་བཏང་བར་བྱའི་སེམས་ཅན ་སླུ་བར་ནི་མི་བྱའོ་ཞེས་གསུངས་ཏེ། དེ་བས་ན་མཐུ་དང་སྦྱར་ཏེ་དགེ་བའི་རྩ་བ་གཅིག་ཙམ་ཡང་དག་པར་རྫོགས་བླངས་ལ་བསྲུང་བར་བྱ་སྟེ། འཕགས་པ་སའི་སྙིང་པོའི་མདོ་ལས་ཇི་སྐད་དུ། དགེ་བའི་ལམ་བཅུ་པོ་འདི ་དག་གིས་སངས་རྒྱས་སུ་འགྱུར་གྱི་གང་ཇི་སྲིད་འཚོའི་བར་དུ་ཐ་ན་དགེ་བའི་ལས་ཀྱི་ལམ་གཅིག་ཙམ་ཡང་མི་སྲུང་ལ། འོན་ཀྱང་ཚིག་འདི་སྐད་དུ་ང་ནི་ཐེག་པ་ཆེན་པོ་པ་སྟེ། ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚེ་ལོ ་ཞེས་ཟེར་ན། གང་ཟག་དེ་ནི་ཤིན་ཏུ་ཚུལ་འཆོས་པ་རྫུན་ཆེན་པོ་སླུ་བ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་འཇིག་རྟེན་ལ་སླུ་བར་བྱེད་པ་ཆད་པར་སྨྲ་བ་སྟེ། དེ་རྨོངས་བཞིན་དུ་འཆི་བའི་དུས་བྱེད་ཅིང་ལོག་པར ་ལྷུང་བར་འགྲོའོ་ཞེས་གསུངས་པ་བཞིན་ནོ།། དུས་ཇི་སྲིད་དུ་ནུས་པ་དེ་སྲིད་དུ་དགེ་བ་ཡང་དག་པར་བླངས་ཏེ་གནས་པར་བྱ་སྟེ། འདི་ནི་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོའི་མདོ་ལས་བལྟ་བར་བྱའོ།། སེམས་ཅན་ཆེན་པོ་གང་དེ ་ལྟ་བུ་ཐོས་ནས་ཀྱང་། བྱང་ཆུབ་སེམས་དཔའི་སྤྱོད་པ་དཀའ་བ་ཡང་ཤེས་རབ་ཀྱིས་རྟོགས་པར་བྱས་ནས། སྐྱེ་བོ་མ་ལུས་པ་སྡུག་བསྔལ་ལས་བསྐྱབ་པར་ཁུར་ཁྱེར་བར་སྤྲོ་བ་དེ་ནི། ཕྱག་བྱ་བ་དང་། མཆོད་པ་དང་། སྡིག་པ ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། སངས་རྒྱས་ལ་བསྐུལ་བ་དང་། གསོལ་བ་གདབ་པ་དང་། བྱང་ཆུབ་ཏུ་བསྔོ་བ་བྱས་ལ། དགེ་བའི་བཤེས་གཉེན་ལ་གསོལ་བ་གདབ་སྟེ། དེའི་ཚིག་རྗེས་སུ ་བརྗོད་པ་འམ། སང་ན་བདག་ཉིད་ཀྱིས་བརྗོད་པས། སློ་དཔོན་དགོངས་སུ་གསོལ་བདག་མིང་འདི་ཞེས་བགྱི་བ་ཞེས་སྨོས་ལ། ཇི་ལྟར་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས ་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་སྔོན་གྱི་ཚེ་རྟོགས་པ་བརྗོད་པ་ལས་སྤྱོད་པ་དང་ལྡན་པར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་སེམས་བསྐྱེད་པར་བྱའོ།། དེས་འདི་སྐད་ཅེས། འཁོར་བའི་ཐོག་མ་མེད་པ་ཡི།། སྔོན་གྱི ་ཐ་མ་ཇི་སྲིད་པ།། དེ་སྲིད་སེམས་ཅན་ཕན་དོན་དུ།། སྤྱོད་པ་དཔག་ཡས་སྤྱད་པར་བགྱི།། འཇིག་རྟེན་མགོན་པོའི་སྤྱན་སྔར་འདིར།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ།། འགྲོ་བ་ཐམས་ཅད་མགྲོན་གཉེར་ནས།། དེ་དག་དབུལ ་ཞིང་ཕོངས་ལས་དགྲོལ།། དེ་རིང་ཕན་ཆད་གལ་ཏེ་ཡང་།། བདག་གི་འདོད་ཆགས་སེམས་བསྐྱེད་ན།། ཕྱོགས་བཅུ་དག་ན་གང་བཞུགས་པའི།། སངས་རྒྱས་ཐམས་ཅད་བསླུས་པར་འགྱུར།། བྱང་ཆུབ་ནམ་ཞིག་ཐོབ་པར་དུ།། ་པའི་སེམས་དང་གནོད་སེམས་དང་།། ཕྲག་དོག་དང་ནི་སེར་སྣ་ཡང་།། དོ་རང་ཕན་ཆད་མི་བྱའོ།། ཚངས་པའི་སྤྱོད་པ་བདག་གི་སྦྱང་།། སྡིག་པ་འདོད་པ་ཡོངས་སུ་བཏང་།། ཚུལ་ཁྲིམས་སྡོམ་དང་ངེས་པ་ལས།། སངས་རྒྱས་རྗེས ་སུ་བསླབ་པར་བྱ།། བདག་ནི་བྱང་ཆུབ་རིང་ཚུལ་དུ།། འཚང་རྒྱར་མོས་ཤིང་སྤྲོ་བ་མེད།། ཕྱི་མཐར་ཐུག་གི་བར་དུ་ཡང་།། སེམས་ཅན་གཅིག་ཕྱིར་སྤྱད་པར་བགྱི།། ཚད་མེད་བསམ་གྱིས་མི་ཁྱབ་པའི།། སངས་རྒྱས་ཞིང་ནི་སྦྱང་བར་བགྱི།། ། ་ཕྱོགས་རྣམས་བཅུ་པོ་ཐམས་ཅད་དུ།། བདག་གི་མིང་ནི་གྲགས་པར་བགྱི།། ལུས་དང་ངག་གིས་ལས་རྣམས་ཀྱང་།། རྣམ་པ་ཀུན་ཏུ་བདག་གིས་སྦྱང་།། ཡིད་ཀྱི་ལས་ཀྱང་སྦྱང་བར་བགྱི།། མི་དགེ་ལས་ནི་སྤྱད་མི་བགྱི་ཞེས་བརྗོད།། ་འདི་ལ་དུས་ཐམས་ཅད་དུ་སྡོམ་པ་བཟུང་བ་ལས་ཚེ་རབས་གཞན་དུ་ལྟུང་བ་འབྱུང་བར་དོགས་པར་ཡང་མི་བྱ་སྟེ། མདོ་འདི་ཉིད་ལས་མི་འཁྲུགས་བཱི་སྨོན་ལམ་གནང་བའི་ཕྱིར་རོ།། དེ་ལས་འདི་སྐད་དུ། ཇི་ལྟར་དེ་བཞིན་གཤེ ་པ་མི་འཁྲུགས་པ་དེ་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ནཱི་ཚིག་འདི་སྲིད་དུ། གལ་ཏེ་བདག་ཚེ་རབས་ཐམས་ཅད་དུ་རབ་ཏུ་མ་ཐུང་ན་བདག་གིས་སངས་རྒྱས་ཐམས་ཅད་བསླུས་པར་འགྱུར་རོ་ཞེས་བརྗོ་དད། ཤཱ་རི་བུ་ཐུང་ཆུབ ་སེམས་དཔས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་རྗེས་སུ་བསླབ་པར་བྱའོ།། ཤཱ་རིའི་བུ་དེ་ལྟར་བསླབས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་རབས་ཐམས་ཅད་དུ་རབ་ཏུ་འབྱུང་སྟེ། དེ་བཞིན་གཤེགས་པ ་བྱུང་ཡང་རུང་མ་བྱུང་ཡང་རུང་། གདོན་མི་ཟ་བར་བདག་ཁྱིམ་གྱིས་གནས་ནས་འབྱུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྙེད་པའི་མཆོག་གོ།། ་དེ་བཞིན་དུ་སྦྱར་ཏེ། ཆུང་མ་དང་བུ་དང་བུ་མོ་ལ་དེ་ཆགས་པར་མི་འགྱུརརོ་ཞེས་གསུང་སོ།། ཇི་ལྟར་ཚེ་རབས་གཞན་དུ་ཉེས་པ་འདིར་མི་འགྱུར་བ་དེ་ལྟར་ནི་འདི་ཉིད་ལ་ཆད་པར་འགྱུར་བ་དེས་ན་རེ་ཞིག་བཞག་གོ། དེ་ལྟར་སྡོམ་པ ་ཡང་དག་པར་བཟུང་བ་ལ་ལྟུང་བའི་མཚན་ཉིད་གང་གི་བརྗོད་པའི་དངོས་པོའི་དངོས་པོ་བདག་ཉིད་ཀྱིས་བརྟགས་ཏེ་སྤོང་བ་དང་། ལྟུང་བའི་གཟུགས་རྙན་དང་ལྟུང་བ་མ་ཡིན་པའི་གཟུགས་བརྙན་ལ ་རྨོངས་པར་མི་འགྱུར་བར་ལྟུང་བའི་སྤྱིའི་མཚན་ཉིད་གང་གི་བརྗོད་དོ།། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ད་ལྟར་དང་མ་འོངས་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་ཞི་བར་བྱ་བ་དང་། ད་ལྟར་དང་མ་འོངས ་པའི་བདེ་བ་དང་ཡོད་བདེ་བ་ཐམས་ཅད་བསྐྱེད་པའི་ཕྱིར།། གཡོ་མེད་པ་ལུས་དང་ངག་དང་ཡིད་བརྩོན་པས་ནན་ཏན་མི་བྱེད་པ་དང་། དེའི་རྐྱེན་ཚོགས་པ་མི་ཚོལ་བ་དང་། དེའི་བར་དུ་གཅོད་པའི་གཉེན་པོ་ལ་མི་འབད་པ་དང་། ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཆུང་ངུས་སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོའི་གཉེན་པོར་འགྱུར་བ་མི་སྐྱེད་པ་དང་། དོན་ཆེན་པོ་སྒྲུབ་པའི་ཕྱིར་དོན་ཆུང་ངུ་ཉམས་པར་མི་བྱེད་པས། སྐད་ཅིག་གཅིག་ཅེམ་ཡང་ཡལ ་བར་བོར་ན་ལྟུང་བ་དང་བཅས་པ་ཡིན་ནོ།། མདོར་ན་རང་གི་ནུས་པའི་ཡུལ་མ་ཡིན་པའི་བྱ་བ་རྣམས་ལ་ལྟུང་བ་མེད་དོ།། དོན་མེད་པ་ཉིད་ཀྱི་དེ་ལ་བསླབས་པ་བཅས་པ་མེད་པའི་ཕྱིརརོ།། གཞན་ལ་ནི་རང་བཞིན་གྱི་ཁ་ན་མ ་ཐོ་བ་དང་བཅས་པ་ཉིད་དུ་གཟུང་བ་ཁོ་ནའོ།། རང་གི་ནུས་པའི་སྤྱོད་ཡུལ་མ་ཡིན་པ་གང་ཞིག་ལ་རྩོན་པར་བྱེད་ན་ལྟུང་བར་འགྱུར་ཏེ། དེ་ནི་བསམ་མི་དགོས་པར་སྤྱིར་སྡིག་པ་བཤེགས་པའི་ནང་དུ་འདུས་པས་དེ་ལས ་གྲོལ་བར་འགྱུར་རོ།། དེ་དག་ནི་མདོར་ན་བྱང་ཆུབ་སེམས་དཔའི་བསླབ་པའི་ཁོག་པ་ཡིན་ཏེ། རྒྱས་པར་ནི་བསྐལ་པ་དཔག་ཏུ་མེད་པ་མཐའ་ཡས་པར་བཤད་དུ་ཡོད་དོ།། ཡང་ན་མདོར་ན་བྱང་ཆུབ་སེམས་དཔའི་ལྟུང ་བ་རྣམ་པ་གཉིས་ཏེ། ཅི་ནུས་པར་རིག་པ་དང་མི་རིགས་པ་མ་བརྟགས་པར་བརྩོམ་པ་འམ་ལྡོག་པ་འམ་བཏང་སྙོམས་སུ་འཇོག་པ་ནི་ལྟུང་བ་དང་བཅས་པ་ཡིན་ནོ།། བརྟགས་ཏེ་གར་འོས་པ་ལས་འདའ་བར་བྱེད་ན། ཐ་ན ་གདོལ་པའི་བར་གྱིས་དཔྱས་ན་ཡང་ལྟུང་བ་དང་བཅས་པ་ཡིན་ནོ།། འདི་གང་ལས་ཤེས་ཤེ་ན། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་གསུངས་པ་ལས་ཏེ། བྱམས་པ་རྒྱུ་བཞིས་སངས་རྒྱས་ཐམས་ཅད་ཀྱིས་གསུངས ་གསུངས་པའི་སྤོབས་པར་རིག་པར་བྱའོ།། བཞི་གང་ཞེ་ན། བྱམས་པ་འདི་ལ་སྤོབས་པ་དོན་དང་ལྡན་པ་ཡིན་ཏེ་དོན་མེད་པ་དང་ལྡན་པ་མ་ཡིན་པ་དང་། ཆོས་དང་ལྡན་པ་ཡིན་ཏེ་ཆོས་མ་ཡིན་པ་དང་ལྡན་པ་མ་ཡིན་པ་དང་། ་ཉོན་མོངས་པ་འབྲི་བར་བྱེད་པ་ཡིན་ཏེ་ཉོན་མོངས་པ་འཕེལ་བར་བྱེད་པ་མ་ཡིན་པ་དང་། མྱ་ངན་ལས་འདས་པའི་ཡོན་ཏན་དང་ཕན་ཡོན་སྟོན་པ་ཡིན་ཏེ་འཁོར་བའི་ཡོན་ཏན་དང་ཕན་ཡོན་སྟོན་པ་མ་ཡིན་པ་ཏེ་འདི་བཞིས་སོ།། ་དེ་བཞིན་དུ་སྦྱར་ཏེ་བྱམས་པ་གང་ལ་ལ་རྒྱ་འདི་བཞིས་སྤོབས་སམ། སྤོབས་པར་འགྱུར་བ་དེ་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དད་པ་དག་གིས་སངས་རྒྱས་འདུ་ཤེས་བསྐྱེད་པར་བྱའོ།། སྟོན་པར་འདུ་ཤེས་བྱས་ཏེ། དམ་པའི ་ཆོས་མཉན་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱམས་པ་གང་ཅུང་ཟད་ལེགས་པར་སྨྲས་པ་དེ་ཐམས་ཅད་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ།། བྱམས་པ་དེ་ལ་སུ་སྤོབས་པ་འདི་དག་ལ་འདི་སངས་རྒྱས ་ཀྱི་བཤད་པ་མ་ཡིན་ནོ་ཞེས་སྤོང་བ་དང་གང་ཟག་དེ་ལ་ཞེ་སྡང་བའི་ཕྱིར་རོ།། དེ་དག་ལ་རི་མོར་མི་བྱེད་ན། དེ་སངས་རྒྱས་ཀྱི་བཤད་པའི་སྤོབས་པ་ཐམས་ཅད་སྤངས་པར་འགྱུར་རོ།། ཆོས་སྤངས་པས་ཆོས་ཀྱི་ཕོངས་པར་འགྱུར་བ་དང ་མཐུན་པའི་ལས་ཀྱི་ངན་སོང་དུ་འགྲོ་བར་འགྱུར་རོ་ཞེས་གསུངས་སོ།། ཡང་གང་ཞིག་གོམས་པའི་དོན་དུ་འདི་ཤེས་པར་འདོད་པ་དེས་བསླབ་པ་ཀུན་ལས་བཏུས་པ་འདི་ལ་སྤྱོད་པའི་སྒོ་ཅིམ་བསླབ་པའི་ཕྱིར་བརྩོན་པར་བྱས་ཏེ། བསླབ ་པ་ལ་བརྩོན་པ་འབྲས་བུའི་ཤིང་དུ་ཆེ་བའི་ཕྱིར་རོ།། རབ་ཏུ་ཞི་བའི་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ་གང་གི། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ལས། སངས་རྒྱས་རེ་རེ་ལ་ཡང་གངྒཱའི་ཀླུང་གི་བྱེ ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོས་རབ་ཏུ་བཏང་སྟེ་དབུལ་བ་ཕུལ་བ་དེ་ལྟར་འབུལ་བས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་དབུལ་བ་ཕུལ་བས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་གང་གི ་རྣམ་པ་འདི་ལྟ་བུའི་ཆོས་འདི་ཐོས་ནས་ཕྱོགས་གཅིག་ཏུ་སོང་སྟེ་འདི་ལྟར་སེམས་ཀྱིས་མངོན་པར་རྟོག་ཅིང་། འདི་ལྟ་བུའི་ཆོས་ལ་བསླབ་པར་བྱའོ་ཞེས་སློབ་པར་འདོད་ན། དེས་མ་བསླབ་སུ་ཟིན་ཀྱང་བསོད་ནམས་ཆེས་མང་དུ་སྐྱེད་དེ།། ་བྱང་ཆུབ་སེམས་དཔའ་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་སྦྱིན་པའི་བསོད་ནམས་ནི་དེ་ལྟ་མ་ཡིནོ་ཞེས་ཇི་སྐད་དུ་གསུངས་པ་བཞིན་ནོ།། དེ་བས་ན་དེ་ལྟ་བུའི་ཕན་ཡོན་མཐོང་བའི་བྱང་ཆུབ་སེམས་དཔའ་ཅི་ནས་ཀྱང་ཕྱིར་མི་ལྡོག་པར ་བྱ་སྟེ། དེ་ཉིད་ལས་འཇམ་དཔལ་འདི་ལྟ་སྟེ་དཔེར་ན། སྙིང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སེམས་ཅན་དེ་དག་ལས། སེམས་ཅན་རེ་རེ་ནས་ཛམྦུའི་གླིང་ལ་དབང་བའི་རྒྱལ་པོར་འགྱུར། ་ཏོ། དེ་དག་ཐམས་ཅད་ཀྱི་ཚིག་འདི་སྐད་ཅེས། བདག་ཅག་གི་གང་གི་ཐེག་པ་ཆེན་པོ་ལེན་པ་དང་། འཛིན་པ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དེའི་ཤ་ལས་ཉི་མ་རེ་རེ་ཞིང་ཡང་སྲང་ལྔ་ལྔ་སེན་མོས་གཅད་པར་བྱ་སྟེ། ཚུལ་དེ ་ལྟ་བུས་སྲོག་དང་དཔྲལོ་ཞེས་སྨྲ་བ་ལ། འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དེ་སྐད་སྨྲ་བས་མི་སྐྲག་མི་དང་དངས་པར་མི་འགྱུར་ཏེ། ཐ་ནུ་སྐྲག་པའི་སེམས་གཅིག་ཀྱང་མི་བསྐྱེད་ཞུམ་པ་མེད་གོབ་མེད་ཐེ་ཚོམ་མེད་ལ ་ཕྱིར་ཞིང་ཆོས་ཡོངས་སུ་བཟུང་བ་ལ་བརྩོན་ཏེ། ཀློག་པ་དང་ཁ་ཏོན་བྱེད་པ་ལ་བརྩོན་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དེ་ནི། འཇམ་དཔལ་སེམས་དཔའ་བ། སྦྱིན་པ་ལ་དཔའ་བོ། ཚུལ་ཁྲིམས་ལ་དཔའ་བ། བཟོད་པ་ལ ་དཔའ་བ། བརྩོན་འགྲུས་ལ་དཔའ་བ། བསམ་གཏན་ལ་དཔའ་བ། ཤེས་རབ་ལ་དཔའ་བ། ཏིང་ངེ་འཛིན་ལ་དཔའ་བ་ཞེས་བྱའོ།། འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་གསོད་པའི་མི་དེ་དག་ལ་མི་ཁྲོ་ཞིང་ཐ་བ ་དང་ཞེ་སྡང་གི་སེམས་མི་སྐྱེད་ན། འཇམ་དཔལ་བྱང་ཆུབ་སེམས་དཔའ་དེ་ནི་ཚངས་པ་དང་མཚུངས་པ། དབང་པོ་དང་མཚུངས་པ་མི་གཡོ་བ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་བཞིན་ནོ།། འདི་ལས་ཀྱང་དེ ་ལྟར་གྱི་དུས་ན་བསླབ་པ་ལ་གུས་པར་བྱེད་པ་འབྲས་བུ་རྣམ་པར་སྨིན་པ་ཆེ་བ་ཡིན་ཏེ། ཟླ་བ་སྒྲོན་མའི་མདོ་ལས་གསུངས་པ། བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ།། སངས་རྒྱས་དག་ནི་བྱེ་བ་ཁྲག་ཁྲིག་ལ།། གདུགས་དང་བ་ངན ་མར་མེ་ཕྲེང་བ་དང་།། ཟས་དང་སྐོམ་གྱིས་དད་སེམས་མཆོད་པ་བས།། གང་གིས་དམ་པའི་ཆོས་འདི་འཇིག་པའི་ཚེ།། བདེ་བར་གཤེགས་པའི་བསྟན་པོ་འགག་པ་ན།། ཉིན་ཞག་ཏུ་ནི་བསླབ་པ་གཅིག་བཟུང་བ།། དེ་བས་བསོད ་ནམས་འདི་ནི་ཁྱད་པར་འཕགས་ཞེས་གསུངས་ཏེ། དེ་བས་ན་བསླབ་པ་ལ་གུས་པར་བྱའོ།། བྱང་ཆུབ་སེམས་དཔའི་བསླབ་པ་ནི།། རྒྱས་པར་ཐེག་པ་ཆེ་ལས་འབྱུང་།། བཅོམ་ལྡན་འདས་ཀྱིས་མདོ་དག་ལས། བྱང་ཆུབ་སེམས ་དཔའ་བསླབ་པའི་གཞི་རྣམས་གསུངས་ཏེ། 3\ུ0f7fདཀོན་མཆོག་སྤྲིན་ལས། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་སེམས་དཔའི་བསླབ་པའི་སྡོམ་པས་བསྡམ་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ ་འདི་ལྟར་དཔྱོད་དེ་སོ་སོར་ཐར་པའི་སྡོམ་པ་ཙམ་གྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱི། དེ་བཞིན་གཤེགས་པས་གང་འདི་མདོ་སྡེ་དེ་དང་དེ་དག་ལས། བྱང་ཆུབ ་སེམས་དཔའི་སྤྱོད་པ་དང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་བཅས་པ་གང་ཡིན་པ་དེ་དག་ལ་བདག་གིས་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་ཇི་སྐད་གསུངས་པ་ལྟ་བུའོ།། དེ་ལྟར་རྒྱ་ཆེར་གསུངས་པས། བདག ་ལྟ་བུ་བློ་ཞན་པོས་བྱང་ཆུབ་སེམས་དཔའི་སྡོམ་པ་ཤེས་པར་དཀའ་བས། དེ་ལ་ཇི་ལྟར་བྱ་བའི་རིགས་ཤེ་ན། གང་གིས་ལྟུང་བར་མི་འགྱུར་བ།། གནད་ཀྱི་གནས་རྣམས་འདིར་རིག་བྱ།། གནད་ཀྱི་གནས་དེ་དག་ཀྱང་གང་ཞེ་ན། ་འདི་ལྟ་སྟེ། བདག་གིས་ལུས་དང་ལོངས་སྤྱོད་དང་།། དགེ་བ་དུས་གསུམ་སྐྱེས་པ་རྣམས།། སེམས་ཅན་ཀུན་ལ་བཏང་བ་དང་།། དེ་བསྲུང་དག་པ་སྤེལ་བའོ།། འདི་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་བསྡུས་པ་ཡིན་ཏེ། འདི ་ལ་བྱང་ཆུབ་སེམས་དཔའ་རྣམས་བསྒོམ་པ་གློད་ན་ཡང་ལྟུང་བར་འགྱུར་བ་ནི། བྱང་ཆུབ་སེམས་དཔའི་སོ་སོ་ཐར་པའི་མདོ་ལས་གསུངས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཕྱིར། སྡུག་བསྔལ ་ཟད་པར་འགྱུར་བའི་ལམ་གང་བཟུང་བ་དེ། བྱང་ཆུབ་སེམས་དཔའ་འཛིན་ཅིང་གནས་པས། བསྐལ་པ་བྱེ་བ་འདས་ནས། ཐ་ན་འདུག་པ་ཙམ་གྱིས་བདེ་བ་འདོད་པའི་སེམས་ཅིག་སྐྱེས་ན་ཡང་། དེ་ལ་བྱང་ཆུབ་སེམས་དཔས་འདི ་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་འདི་ལྟར་འདུག་པ་ནི་སེམས་ཅན་ཐམས་ཅད་ལ་གནོད་བསྐུར་རོ་ཞེས་སོ།། འདུལ་བ་ཡོངས་སུ་དག་པའི་མདོ་ལས་ཀྱང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་མཚམས་མེད་པ ་གང་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་མཚམས་མེད་པ་འདི་ལྔ་སྟེ། ལྔ་གང་ཞེ་ན། ལྷའི་བུ་ནམ ་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བར་མ་དོར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་སེམས་མི་བསྐྱེད་ན་ལྷའི་བུ་འདི་ནི་མཚམས་མེད་པ་དང ་པོའོ།། བདོག་པ་ཐམས་ཅད་ཡོངས་སུ་བཏང་བར་སེམས་བསྐྱེད་ལ་བར་མ་དོར་སེ་རཽ་སྣའི་སེམས་དང་ལྷན་ཅིག་མི་གནས་པ་འདི་ནི་ལྷའི་བུ་མཚམས་མེད་པ་གཉིས་པའོ།། སེམས་ཅན་ཐམས་ཅད་བདག་གིས་བསྐྱབས ་པར་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་ལ་བར་མ་དོར་སེམས་ཞུམ་པར་མི་བྱེད་པ་འདི་ནི་ལྷའི་བུ་མཚམས་མེད་པ་གསུམ་པའོ།། ཆོས་ཐམས་ཅད་མ་སྐྱེས་མ་འགག་པར་ཁོང་དུ་ཆུད་པར་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་ལ ་བར་མོ་དོར་ལྟ་བར་གྱུར་པའི་ནང་དུ་མ་ལྷུང་བའི་དིདེ་ནི་ལྷའི་བུ་མཚམས་མེད་པ་བཞི་པའོ།། སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ།། ཞེས་དེ་ལྟར་སེམས ་བསྐྱེད་ལ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་དུ་བར་མ་དོར་མི་འདུག་ཅིང་རྒྱུན་མི་གཅོད་པ་འདི་ནི་ལྷའི་བུ་མཚམས་མེད་པ་ལྔ་པའོ་ཞེས་བྱའོ།། དེ་ལྟ་བས་ནས་ལུས་དང་ལོངས་སྤྱོད་དང་བསོད་ནམས་རྒྱུན་མི་འཆད ་བར་གཏང་བ་དང་བསྲུང་བ་དང་དག་པ་དང་སྤེལ་བ་ཅི་རིགས་པར་བསྒོམ་པར་བྱའོ།། དེ་ལ་རེ་ཞིག་བཏང་བའི་ཕྱིར་ཡོངས་སུ་འཛིན་པའི་ཉེས་པ་བསྒོམ་པའི་སྒོ་ནས་འདོད་ཆགས་དང་བྲལ་བ་སྐྱེད་ཅིང་གཏོང་བའི་ཕན་ཡོན་ཡང་སྒོམ་མོ།། ་ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། རུལ་པར་གྱུར་པའི་ལུས་འདི་དང་། སྲོག་ཀྱང་གཡོ་བ་དབང་མེད་ཅིང་། རྨི་ལམ་སྒྱུ་མ་འདྲ་བ་ལ།། བྱིས་པ་འདི་དག་ཆགས་པས་ན།། ཤིན་ཏུ་མ་རུངས་ལས་བྱས་ཏེ།། སྡིག་པའི་དབང ་དུ་སོང་བ་དང་།། མི་མཁས་འཆི་བདག་བཞོན་པས་སོང་།། དེ་དག་མི་བཟད་སེམས་དམྱལ་འགྲོ་ཞེས་གསུངས་བཞིན་ནོ།། དེ་སྐད་དུ་སྒོ་མཐའ་ཡས་པ་བསྒྲུབ་པའི་གཟུངས་ལས་ཀྱང་། སེམས་ཅན་གང་དག་ཁ་ཅིག་རྩོད་གྱུར ་པ།། དེ་ཡི་གཞི་རྩ་ཡོངས་སུ་འཛིན་པ་སྟེ།། དེ་ལྟས་གང་ལ་སྲེད་པར་འགྱུར་པ་སྤོངས།། སྲེད་པ་སྤང་བ་བྱས་ན་གཟུངསུ་འགྱུར་ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཀྱང་། ཤཱ་རིའི་བུ་གཞན ་ཡང་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་གཞན་གྱི་འདུ་ཤེས་བསྐྱེད་དེ་དེ་དངོས་པོ་ཅི་ཡང་མི་ལེན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ལེན་པ་ནི་འཇིགས་པ་ཡིན་ནོ་ཞེས་གསུངསོ།། དྲག་ཤུལ་ཅན་གྱི་ཞུས་པའི་མདོ་ལས་ཀྱང་།། ་གང་བྱིན་པ་དེ་ནི་ཡང་བསྲུང་བར་བྱ་བ་མ་ཡིན་པའོ།། གང་ཁྱིམ་ན་བཞག་པ་དེ་ནི་བསྲུང་བར་བྱའོ།། གང་བྱིན་པ་དེ་ནི་སྲེད་པ་ཟད་པར་འགྱུར་བའོ།། གང་ཁྱིམ་ན་བཞག་པ་དེ་ནི་བདུད་ཀྱི་ཕྱོག་སྲེད་པ་རྣམ་པར་འཕེལ་བའོ།། ་གང་བྱིན་པ་དེ་ནི་ཡོངས་སུ་མི་འཛིན་པའོ།། གང་ཁྱིམ་ན་བཞག་པ་དེ་ནི་ཡོངས་སུ་འཛིན་པ་དང་བཅས་པའོ།། གང་བྱིན་པ་དེ་ནི་འཇིགས་པ་མེད་པའོ།། གང་ཁྱིམ་ན་བཞག་པ་དེ་ནི་འཇིགས་པ་དང་བཅས ་པའོ།། གང་བྱིན་པ་དེ་ནི་བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའོ།། གང་ཁྱིམ་ན་བཞག་པ་དེ་ནི་བདུད་ཀྱི་ཕྱོགས་ཉེ་བར་སྟོན་པའོ།། གང་བྱིན་པ་དེ་ནི་ཟས་མི་ཤེས་པའོ།། གང་ཁྱིམ་ན་བཞག་པ་དེ་ནི་ཟད་པར་འགྱུར་བའོ།། གང ་བྱིན་པ་དེ་ནི་བདེ་བའོ།། གང་ཁྱིམ་ན་བཞག་པ་དེ་ནི་ཀུན་བསྲུང་དགོས་པས་སྡུག་བསྔལ་བའོ།། གོང་བྱིན་པ་དེ་ནི་ཉོན་མོངས་པ་སྤོང་བར་འགྱུར་བའོ།། གང་ཁྱིམ་ན་བཞག་པ་དེ་ནི་ཉོན་མོངས་པ་འཕེལ་བར་བྱེད་པའོ།། གང་བྱིན་པ ་དེ་ནི་ལོངས་སྤྱོད་ཆེན་པོར་འགྱུར་བའོ།། གང་ཁྱིམ་ན་བཞག་པ་དེ་ནི་ལོངས་སྤྱོད་ཆེན་པོར་མི་འགྱུར་བའོ།། གང་བྱིན་པ་དེ་ནི་སྐྱེས་བུ་དམ་པའི་ལས་སོ།། གང་ཁྱིམ་ན་བཞག་པ་དེ་ནི་སྐྱེས་བུ་ངན་པའི་ལས་སོ།། གོང་བྱིན་པ་དེ་ནི་སངྱས ་རྒྱས་ཀྱིས་བསྔགས་པའོ།། གང་ཁྱིམ་ན་བཞག་པ་དེ་ནི་བྱིས་པའི་སྐྱེས་པོས་བསྔགས་པའོ་ཞེས་བྱ་བ་ནས། གལ་ཏེ་དེས་བུ་ལ་ལྷག་པར་སྡུག་པ་བསྐྱེད་ལ་དེ་བཞིན་དུ་སེམས་ཅན་གཞན་ལ་མ་ཡིན་ན་དེས་སྤྱི་བ་གསུམ་གྱིས ་རང་གི་སེམས་ལ་སྐྱོ་བར་བྱ་སྟེ། གསུམ་གང་ཞེ་ན། བྱང་ཆུབ་ནི་སེམས་སྙོམས་པའི་བྱང་ཆུབ་སེམས་དཔའ་ཡིན་གྱི་སེམས་མི་སྙོམས་པའི་མ་ཡིན་ནོ།། བྱང་ཆུབ་ནི་ཡང་དག་པར་སྦྱོར་བའི་བྱང་ཆུབ་སེམས་དཔའ་ཡིན་གྱིས་ལོག་པར ་སྦྱོར་བ་དེའི་མ་ཡིན་ནོ།། བྱང་ཆུབ་ནི་ཐ་དད་པ་མེད་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཡིན་གྱི་ཐ་དད་དུ་སྤྱོད་པའི་ནི་མ་ཡིན་ཏེ་སྤྱོ་བ་གསུམ་པོ་འདི་དག་གིས་རང་གི་སེམས་ལ་སྨྱོས་ནས། བུ་དེ་ལ་མི་སྡུག་པའི་འདུ་ཤེས་བསྐྱེད ་པཔོར་བྱའོ།། འདི་ནི་མི་སྡུག་པ་སྟེ། བདག་གི་སྙིང་དུ་སྡུག་པོ་ཡིན་ན། གང་བདག་གི་དེའི་དོན་དུ་བུ་དེ་ལ་ནི་ལྷག་པར་སྡུག་པ་བསྐྱེད་ལ་སེམས་ཅན་གཞན་ལ་ནི་དེ་ལྟ་མ་ཡིན་པས་སངས་རྒྱས་ཀྱིས་བཀའ་སྩལ ་བའི་བསླབ་པ་དང་འགལ་བར་འགྱུར་རོ།། བདག་གིས་དེའི་ཕྱིར་དགེ་བའི་རྩ་བ་ལ་ཡང་གནོད་པ་བྱས་སྲོག་ལ་ཡང་བག་མེད་དེ་གནོད་པར་འགྱུར་བས་འདི་ནི་བདག་ལ་གནོད་པར་བྱེད་པའོ།། བདག་དེའི་ཕྱིར་བྱང་ཆུབ་ཀྱི་ལམ ་དང་མི་མཐུན་པའི་ལམ་ལ་སྤྱོད་པས། འདི་ནི་བདག་ལ་ཕྱིར་རྒོལ་བའོ་སྙམ་དུ་འདུ་ཤེས་གསུམ་པོ་དེ་དག་བསྐྱེད་པར་བྱའོ།། དེས་བུ་དེ་རྒྱུར་བྱས་ཏེ། ཇི་ལྟ་ཇི་ལྟ་བུར་དེ་ལ་སྡུག་པར་སེམས་ཅན་ཐམས་ཅད་ལོ་བྱམས་པ་བསྐྱེད ་པ་དང་། བདག་ཕངས་པར་སོམས་པ་དང་ལྡན་པ་བཞིན་དུ་བྱམས་པ་བསྐྱེད་པ་དེ་ལྟ་བུར་དེ་སེམས་བསྐྱེད་པར་བྱའོ།། དེ་ཡང་འདི་ལྟར་འདི་ཡང་གུས་ནས་འོངས་ལ་བདག་ཀྱང་གུད་ནས་འོངས་མོད་ཀྱི་སེམས་ཅན་ཐམས་ཅད ་ཀྱང་སྔོན་བདག་གི་བུར་གྱུར་ལ་བདག་ཀྱང་སེམས་ཅན་ཐམས་ཅད་ཀྱི་བུར་གྱུར་ཏེ། འདི་ལ་ནི་བདག་གི་འམ་སུའི་སེམས་ཅན་གང་མེད་དོ་སྙམ་དུ་ཚུལ་བཞིན་དུ་བརྟག་པར་བྱའོ།། ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔས ་དངོས་པོ་གང་ལ་ཡང་བདག་གི་སྙམ་དུ་ཡོངས་སུ་བཟུང་བར་མི་བྱ་ཆགས་པར་མི་བྱའོ།། གཡོ་དང་སྲེད་པའི་བག་ལ་ཉལ་མི་བྱའོ།། ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་ཁྱིམ་པའི་དྲུང་དུ ་སློང་བ་འོངས་ལ། དངོས་པོ་ཞིག་བསླངས་པ་ལས། གལ་ཏེ་དེས་དངོས་པོ་འདི་བཏང་ཡང་རུང་མ་བཏང་ཡང་རུང་སྟེ། བདག་ནི་དངོས་པོ་འདི་དང་གདོན་མི་ཟ་བར་འབྲལ་བར་ཡང་འགྱུར། མི་འདོད་བཞིན་དུ་འཆི་བར་ཡང ་འགྱུར་ཞིང་། དངོས་པོ་འདིས་བདག་འདོར་བདག་གིས་ཀྱང་དངོས་པོ་འདི་འདོར་གྱིས། དངོས་པོ་འདི་བཏང་ལ་ཡིད་དགའ་བ་དང་། སྙིང་པོ་བླངས་ཏེ་འཆི་བའི་དུས་བྱའོ།། འདི་ཡོངས་སུ་བཏང་ན་བདག་འཆི་བའི་དུས་ཀྱི་ཚེ་སེམས ་ཀུན་ནས་ཟིན་ཏེ་གནས་པར་མི་འགྱུར་ཏེ། འདིས་ནི་བདག་འཆི་བའི་དུས་ཀྱི་ཚེ་སེམས་དགའ་དང་མཆོག་ཏུ་དགའ་བ་དང་རངས་པ་དང་འགྱོད་པ་མེད་པ་སྐྱེ་བར་འགྱུར་སྙམ་དུ་སེམས་ངེས་པར་བསམ་པར་བྱའོ།། གལ་ཏེ་དེ་ལྟར ་བསམ་ཀྱང་། དངོས་པོ་གཏོང་མ་ནུས་ན་དེས་སློང་བ་ལ་ཀུན་གོ་བར་བྱ་བ་གསུམ་གྱིས་གོ་བར་བྱ་སྟེ། བདག་ནི་ད་དུང་མཐུ་ཆུང་ཞིང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་ཏེ། ཐེག་པ་ཆེན་པོ་ལ་ལས་དང་པོ་པ་དང་བདག་ནི་མི་གཏོང ་བ་ལ་སེམས་ཀྱི་དབང་དུ་གྱུར་པ་དང་བདག་ནི་ཉེ་བར་ལེན་པའི་ལྟ་བ་དང་བཅས་པ་དང་བདག་གིར་འཛིན་པ་ལ་གནས་པ་ལོགས་ཀྱིས། སྐྱེས་བུ་དམ་པ་བཟོད་པར་མཛོད་ཅིག་ཡོངས་སུ་གདུང་བར་མི་མཛད་དུ་གསོལ། ཇི ་ལྟར་ཁྱོད་དང་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་བདག་གིས་བགྱིའོ།། དེ་ལྟར་བསྒྲུབ་པོ་དེ་ལྟར་བརྩོན་འགྲུས་བརྩམ་མོ་ཞེས་ཁྱིམ་བདག་དེ་ལྟར་བྱང་ཆུབ་སེམས་དཔའ་ཁྱིམ་པས་སློང་བ་ལ་ཀུན་གོ། ་བར་བྱ་བ་གསུམ་གྱིས་གོ་བར་བྱའོ་ཞེས་གསུངསོ།། སློང་བ་ལ་ཀུན་གོ་བར་བྱེད་པ་འདི་ཡང་བྱང་ཆུབ་སེམས་དཔའ་དེ་ལ་མ་དད་པ་འམ་བྱང་ཆུབ་སེམས་དཔའ་ལ་སློང་བ་མི་དད་པར་འགྱུར་བའི་ཉེས་པ་གཞན་སྤངས་པའི་ཕྱིར་གསུངས ་བར་ཟད་ཀྱི། སེར་སྣའི་ཁ་ན་མ་ཐོ་བ་མེད་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྨོད་དོ།། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཇི་སྐད་དུ། ཤཱ་རིའི་བུ་ཆོས་འདི་བཞི་ནི་བྱང་ཆུབ ་སེམས་དཔའ་རྣམས་ལ་མེད་དེ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལ་གཡོ་མེད་དོ།། བྱང་ཆུབ་སེམས་དཔའ་རྣམས་ལ་སེར་སྣ་མེད་དོ།། བྱང་ཆུབ་སེམས་དཔའ་རྣམས་ལ་ཕྲག་དོག་དང་ཕྲ་མ་མེད་དོ།། བྱང་ཆུབ་སེམས ་དཔའ་རྣམས་ལ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་མི་ནུས་སྙམ་པའི་ཞུམ་པའི་སེམས་མེད་དོ།། ཤཱ་རིའི་བུ་གང་ལ་ཆོས་བཞི་པོ་འདི་དག་ཡོད་པ་དེ་ལ་མི་མཁས་པ་རྣམས་ཀྱིས། ་ཀྱེ་མཐོ་འདི་ནི་ཚུལ་འཆོས་པའོ།། ཀྱེ་མའོ་འདི་ནི་ཁ་བསག་ཅན་ནོ།། ཀྱེ་མའོ་འདི་ནི་ཆོས་ལས་ཉམས་པའོ།། ཀྱེ་མའོ་འདི་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཅན་ནོ།། ཀྱེ་མའོ་འདི་ནི་འཇིག་རྟེན་གྱི་ཟང་ཟིང་ལྷུར་བྱེད་པའོ།། ་ཀྱེ་མའོ་འདི་ནི་གོས་དང་ཟས་ཆེད་ཆེར་བྱེད་པའོ་ཞེས་རིགས་པར་བྱའོ།། ཤཱ་རིའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ནི་སེམས་དཔའ་བ་ཡིན་ཏེ། ལག་པའི་བར་དུ་ཡོངསུ་གཏོང་བ་ཡིན། རྐང་པ་ཡོངསུ ་གཏོང་བ་དང་། སྣ་ཡོངས་སུ་གཏོང་བ་དང་། མགོ་ཡོངས་སུ་གཏོང་བ་དང་། ཡན་ལག་དང་ཉིང་ལག་ཡོངས་སུ་གཏོང་བ་དང་། བུ་ཡོངས་སུ་གཏོང་བ་དང་། བུ་མོ་ཡོངས་སུ་གཏོང་བ་དང་། ཆུང་མ་ཡོངས་སུ་གཏོང་བ་དང་། ་དགའ་བ་ཡོངསུ་གཏོང་བ་དང་། ནོར་ཡོངས་སུ་གཏོང་བ་དང་། བདེ་བ་ཡོངས་སུ་གཏོང་བ་དང་། ཁྱིམ་ཡོངས་སུ་གཏོང་བ་དང་། གནས་ཡོངས་སུ་གཏོང་བ་དང་། ཡུལ་ཡོངས་སུ་གཏོང་བ་དང་། རིན་པོ་ཆེ་ཡོངས་སུ་གཏོང ་བ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཡིནོ་ཞེས་གསུངས་པ་བཞིན་ནོ།། དེ་སྐད་དུ་སྲེད་མེད་ཀྱི་བུས་ཞུས་པ་ལས་ཀྱང་། དངོས་པོ་གང་ལ་དེ་གཏོང་བའི་སེམས་མི་སྐྱེ་བ་དང་གཏོང་བའི་བློ་མི་འཇུག་པའི་དངོས ་པོ་དེ་སྲེལ་བར་མི་བྱའོ།། ཡོངས་སུ་འཛིན་པ་གང་ལ་སྤོང་བའི་སེམས་མི་སྐྱེ་བའི། ཡོངས་སུ་འཛིན་པ་དེ་ཡོངས་སུ་བཟུང་བར་མི་བྱའོ།། གང་སློང་བ་དག་གིས་བསླངས་ན་ཡོངས་སུ་བཟུང་བའི་བློ་སྐྱེ་བར ་འགྱུར་བའི་གཡོག་དེ་ལྟ་བུ་བཅང་བར་མི་བྱའོ།། རྒྱལ་སྲིད་དེ་བཟུང་བར་མི་བྱའོ།། ལོངས་སྤྱོད་དེ་དག་དང་རིན་པོ་ཆེ་དེ་དག་བཅང་བར་མི་བྱའོ།། དངོས་པོ་གང་ལ་ཡང་བྱང་ཆུབ་སེམས་དཔའ་ཡོངས་སུ ་གཏོང་བའི་བློ་སྐྱེ་བར་འགྱུར་བ་ཡིན་ན། ནོར་གྱི་དངོས་པོ་གང་ཡང་རུང་བའི་བར་དུ་བཅང་བར་མི་བྱའོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆེན་པོས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་གི་ལུས་འདི་ཡང་སེམས་ཅན ་ཐམས་ཅད་ལ་བྱིན་ཞིང་ཡོངས་སུ་བཏང་ན། ཕྱི་རོལ་གྱི་དངོས་པོ་རྣམས་ལྟ་ཅི་སྨོས་ཏེ། སེམས་ཅན་གང་དང་གང་ལ་ཅི་དང་ཅེས་དང་ཅི་དགོས་པར་འགྱུར་བ་དེ་དང་དེ་དག་ལོ་དེ་དང་དེ་སྦྱིན་ནོ།། ཡོད་དེ་ཡོད་ན་ལག་པ་འདོད་པ ་ལ་ལག་པ་སྦྱིན་ནོ།། རྐང་པ་འདོད་པ་ལ་རྐང་པ། མིག་འདོད་པ་ལ་མིག་སྦྱིན་ནོ།། ཤ་འདོད་པ་ལ་ཤ། ཁྲག་འདོད་པ་ལ་ཁྲག། རྐང་འདོད་པ་ལ་རྐང་། ཡན་ལག་དང་ཉིང་ལག་འདོད་པ་ལ་ཡན་ལག་དང་ཉིང་ལག། མགོ ་འདོད་པ་ལ་མགོ་ཡོངས་སུ་གཏོང་། ཕྱི་རོལ་གྱི་དངོས་པོ་འདི་ལྟ་སྟེ། ནོར་དང་འབྲུ་དང་དངུལ་དང་རིན་པོ་ཆེ་དང་རྒྱན་དང་རྟ་དང་གླང་པོ་ཆེ་དང་ཤིང་རྟ་དང་བཞོན་པ་དང་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་རྒྱལ་སྲིད་དང ་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་དང་ཚོང་དུས་དང་བྲན་པོ་དང་ལས་བྱེད་པ་དང་ཞོ་ཤས་འཚེ་བ་བུ་དང་བུ་མོ་དཔགཡོག་རྣམས་ལྟ་ཅི་སྨོས་ཏེ། སེམས་ཅན་གང་དང་གང་ལ་གང་དང་གང་གི་ཕྱིར་དང་། ཅི་དང་ཅི་དགོས ་པར་འགྱུར་བ། སེམས་ཅན་དེ་དང་དེ་དག་ལ་དེ་དང་ང་ཡོད་པ་སྦྱིན་ནོ།། ཅི་ནས་སེམས་ཅན་འདི་དག་ཡོངས་སུ་བསྡུས་པས། བདག་བྱང་ཆུབ་ཐོབ་པའི་ཆོས་ཤེས་པར་འགྱུར་རོ་སྙམ་ནས། སེམས་ཅན་ལ་ཕན་བ་དགས ་པ་དང་སེམས་ཅན་ལ་སྙིང་རྗེ་བ་དང་སེམས་ཅན་ལ་སྙིང་རྩེ་བའི་ཕྱིར། འགྱོད་པ་མེད་ཅིང་མྱ་ངན་མི་བྱེད་པ་དང་རྣམ་པར་སྨིན་པ་ལ་རེ་བ་མེད་པར་ཡོངས་སུ་བཏང་ངོ་།། ཆགས་པ་མེད་པར་སྦྱིན་ནོ།། ། ་དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་དཔེར་ན། རྩིའི་སྡོང་པོ་རྩ་བ་ནས་བླངས་ཀྱང་རུང་། སྡོང་པོ་ལས་ཀྱང་རུང་། ཡལ་ག་ལས་བླངས་ཀྱང་རུང་། ཤུན་ལྤགས་ལས་བླངས་ཀྱང་རུང་། ལོ་མ་ལས་བླངས་ཀྱང་རུང་། མེ་ཏོག་དོང ་འབྲས་བུ་དང་སྙིང་པོ་ལས་བླངས་ཀྱང་རུང་སྟེ། དེ་འདི་ལྟར་བདག་རྩ་བ་ནས་བླངས་སོ།། བདག་གི་རྩ་བ་ནས་བླངསོ།། བདག་གི་སྙིང་པོའི་བདག་བར་དུ་བླངས་སོ་སྙམ་དུ་རྣམ་པར་རྟོག་པ་མི་འབྱུང་མོད་ཀྱི། རྣམ་པར་རྟོག ་པ་མེད་བཞིན་དུ་སེམས་ཅན་རབ་འབྲིང་ཐ་མ་རྣམས་ཀྱི་ནད་མེད་པར་བྱེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་འབྱུང་བ་ཆེན་པོའི་ལུས་འདི་ལ་རྩིའི་སྡོང་པོ་བཞིན་དུ་འདུ་ཤེས ་བསྐྱེད་ཅིང་སེམས་ཅན་གང་དང་གང་དག་ལ་ཅི་དང་ཅི་དགོས་པ་ཁྱེར་ཏེ། ལག་པ་འདོད་ན་ལག་པ་རྐང་པ་འདོད་ན་རྐང་པ་ཁྱེར་ཅིག་ཅེས་སྔ་མ་བཞིན་དུ་གསུངསོ།། འཕགས་པ་བློ་གློས་མི་ཟད་པའི་མདོ་ལས་ཀྱང་། ལུས ་འདི་བདག་གིས་སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་པ་ལ་དེངས་པར་བྱ་སྟེ། དཔེར་ན་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས་དང་རླུང་གི་ཁམས་དང་འབྱུང་བ་ཆེན་པོ་བཞི་པོ་འདི་དག་སྒོ་སྣ་ཚོགས་དང་རྣམ ་གྲངས་སྣ་ཚོགས་དང་དམིགས་པ་སྣ་ཚོགས་དང་ཡོ་བྱད་སྣ་ཚོགས་དང་ལོངས་སྤྱོད་སྣ་ཚོགས་ཀྱི་སེམས་ཅན་རྣམས་ཉེ་བར་ལོངས་སྤྱོད་པ་ན་བྱེད་པ་དེ་བཞིན་དུ། དེ་བཞིན་བདག་གིས་ཀྱང་འབྱུང་བ་ཆེན་པོ་བཞིའི་ཁོག་པའི ་ལུས་འདི་སྣ་ཚོགས་དང་རྣམ་གྲངས་སྣ་ཚོགས་དང་དམིགས་པ་སྣ་ཚོགས་དང་ཡོ་བྱད་སྣ་ཚོགས་དང་ལོངས་སྤྱོད་སྣ་ཚོགས་ཀྱིས་རྒྱ་ཆེར་སེམས་ཐམས་ཅད་ཉེ་བར་འཚོ་བར་བྱའོ་སྙམ་སྟེ། དེ་དོན་གྱི་དབང་འདི་མཐོང་བས། ་ལུས་སྡུག་བསྔལ་བར་ཡང་སོ་སོར་རྟོག་ལ་སེམས་ཅན་ལ་བལྟ་བའི་ཕྱིར་ལུས་སྡུག་བསྔལ་བས་ཀྱང་ཡོངས་སུ་མི་སྐྱེའོ་ཞེས་བསྟན་ཏོ།། །། བམ་པོ་གཉིས་པ།། བདག་དང་ལོངས་སྤྱོད་དང་བསོད ་ནམས་བཏང་བ་ནི། འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས་གསུངསོ།། དེ་ལྟར་བྱང་ཆུབ་སེམས་དཔའ་བདག་ཉིད་སེམས་ཅན་ཐམས་ཅད་ལ་གཏོང་བ་ན། དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕན་འདོགས་པས་སེམས ་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་དག་གི་སེམས་པར་བྱེད་པ་དང་། བདག་ཉིད་མར་མོ་དང་འདྲ་བ་སེམས་ཅན་ཐམས་ཅད་ལ་ཉེ་བར་བཞག་པ་དང་། བདག་ཉིད་བདེ་བ་དང་འདྲ་བར་སེམས་ཅན་ཐམས་ཅད་ལ་བྱིན ་གྱིས་བརླབས་པ་དང་། བདག་ཉིད་ཆོས་ཀྱི་སྐྱེ་གནས་དང་འདྲ་བར་འགྲོ་བ་ཐམས་ཅད་ཡང་དག་པར་འཛིན་པ་དང་། བདག་ཉིད་སྣང་བ་དང་འདྲ་བར་སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་། བདག་ཉིད་འགྲོ ་པ་ཐམས་ཅད་ཀྱི་གཞིར་མཐོང་བ་དང་། བདག་ཉིད་དགེ་བའི་རྩ་བའི་རྐྱེན་དུ་གྱུར་པར་མཐོང་བ་དང་། བདག་ཉིད་འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་དང་། བདག་ཉིད་མཛའ་བོ་དང་འགྲོ་བར་སེམས ་ཅན་ཐམས་ཅད་ལ་ངེས་པར་པ་སྦྱོར་བ་དང་། བདག་ཉིད་སེམས་ཅན་ཐམས་ཅད་ལ་ལམ་དང་འདྲ་བར་སྟོན་པ་དང་། བདག་ཉིད་སེམས་ཅན་ཐམས་ཅད་ཀྱི་བླ་མ་མེད་པའི་བདེ་བའི་ཡོ་བྱད་དུ་ཡོངས་སུ་སྦྱོང་བ་དང་། བདག ་ཉིད་ཉི་མ་དང་འདྲ་བར་འཇིག་རྟེན་ཀུན་ཏུ་མཚུངས་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་བདག་ཉིད་དེ་ལྟ་བུའི་ཆོས་དང་ལྡན་པར་རབ་ཏུ་སྦྱིན་པར་བྱེད་པ་དང་། འཇིག་རྟེན་ཐམས་ཅད་ནི་བདག་ཉིད་ཅི་འདོད་པ ་བཞིན་དུ་བྱ་བ་ལ་དབང་དུ་གྱུར་པར་མཐོང་བས་འཇིག་རྟེན་ཀུན་ཏུ་བདག་ཉིད་མཆོད་རྟེན་གྱི་མཆོག་ཏུ་འགྱུར་བར་བྱ་སྟེ་བདག་ཉིད་འགྲོ་བ་ཐམས་ཅད་ཀྱི་མཆོད་རྟེན་དུ་མཐོང་བ་དྲུང་། འཇིག་རྟེན་ཀུན་ཏུ་སེམས་མཉམ་པར ་བསྒྲུབ་པ་དང་། བདག་ཉིད་འགྲོ་བ་ཀུན་ཏུ་ཡོ་བྱད་ཐམས་ཅད་ཀྱི་མུ་སྟེགས་སུ་མཐོང་བ་དང་། བདག་ཉིད་འཇིག་རྟེན་ཐམས་ཅད་ལ་བདེ་བ་སྦྱིན་པ་སོ་སོར་རྟོག་པ་དང་། བདག་ཉིད་འགྲོ་བ་ཀུན་གྱི་སྦྱིན་བདག་ཏུ་མོས་པ ་པ་དེང་། བདག་ཉིད་འཇིག་རྟེན་ཀུན་ཤེས་པ་དང་འདྲ་བར་བྱས་པ་དང་། བདག་ཉིད་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པར་སྐྱེད་པ་དང་། བདག་ཉིད་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ལ་འཇུག་པ་དང་། བདག ་ཉིད་ཐམས་ཅད་མཁྱེན་པའི་གོ་ཆ་བགོས་པ་སོ་སོར་རྟོག་པ་དང་སྔོན་མགྲོན་དུ་གཉེར་བའི་སེམས་ཅན་རྗེས་སུ་སྐྱོང་བ་དང་། བདག་ཉིད་ནན་ཏན་ལ་གནས་པར་བྱེད་པ་དང་། བྱང་ཆུབ་སེམས་དཔའི་གཏོང་བའི་སེམས་ཡིད་ལ་བྱེད་ཅིང ་སེམས་ཅན་ཐམས་ཅད་ལ་བདག་ཉིད་སྐྱེད་མོས་ཚལ་དང་འདྲ་བ་ལྟེ་བ་དང་། འཇིག་རྟེན་ཐམས་ཅད་ལ་བདག་ཉིད་ཆོས་ཀྱི་དགའ་བ་དང་འདྲ་བར་སྟོན་པ་དང་། བདག་ཉིད་སེམས་ཅན་ལ་ཡིད་བདེ་བ་སྦྱིན་པ་ཉིད་དུ་གནས་པ་དང་། ་བདག་ཉིད་དགའ་བ་མཐའ་ཡས་པ་བསྐྱེད་པར་འགྲོ་བ་ཐམས་ཅད་ལ་གཏོང་ཞིང་འཇིག་རྟེན་ཀུན་ཏུ་བདག་ཉིད་དཀར་པོའི་ཆོས་སྐྱེ་བའི་སྒོ་ལྟ་བུར་ཡོངས་སུ་འཛིན་པ་དང་། བདག་ཉིད་སེམས་ཅན་ཐམས་ཅད་ལ་སངས་རྒྱས ་ཀྱི་བྱང་ཆུབ་སྦྱིན་པར་སྨོན་ལམ་འདེབས་པ་དང་། སྐྱེ་དགུ་ཐམས་ཅད་ལ་བདག་ཉིད་ཕ་དང་འདྲ་བར་འཇུག་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་དུ་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་བྱ་བའི་ཕྱིར་བདག ་ཉིད་རབ་ཏུ་གནས་པ་ཡིན་ནོ།། དེ་ལྟར་བྱང་ཆུབ་སེམས་དཔའ་བདག་ཉིད་གཡོག་ཏུ་སྦྱིན་པར་བྱེད་པ་ན། སློང་བ་དག་ལ་དགའ་བ་ཡིད་ལ་བྱེད་པའི་སེམས་དང་ལྡན་པས། སྲ་ལ་སྟན་འདིང་བའི་སེམས་དང་ལྡན་པར་བྱ་སྟེ། ་ས་དང་འདྲ་བར་སྡུག་བསྔལ་ཐམས་ཅད་བཟོད་པ་ཡིད་ལ་བྱེད་པ་བསྒྲུབ་ཅིང་། སེམས་ཅན་ཐམས་ཅད་ཀྱི་རིམ་གྲོ་བྱ་བ་ལ་ངལ་བ་མེད་པའི་ཡིད་དང་ལྡན་པ། བྱིས་པའི་སྐྱེ་བོས་སྦྱར་བའི་ཉེས་བྱས་དང་དུ་བླང་བ་ལ་བསྟན ་ཞིང་སྲན་ཐུབ་པའི་རང་བཞིན་ཅན་ལེགས་པར་གནས་པའི་དགེ་བའི་རྩ་བ་ལ་མངོན་པར་བརྩོན་ཞིང་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རིམ་གྲོ་བྱ་བ་ལ་རབ་ཏུ་ཞུགས་པ་ཡིན་ནོ།། སློང ་པ་འོངས་པ་དག་ལ་རྣ་བ་འམ་སྣ་ཡོངས་སུ་གཏོང་བ་ན། བྱང་ཆུབ་སེམས་དཔའི་སྤྱོད་པས་ཟིན་ཅིང་དེ་བཞིན་གཤེགས་པའི་རིགས་ཀྱི་རིགས་མཐོ་བ་ལས་བྱུང་བའི་སེམས་དང་ལྡན་པ་དང་བྱང་ཆུབ་སེམས་དཔའ ་ཐམས་ཅད་རྗེས་སུ་དྲན་པའི་གནས་པ་ལས་བྱུང་བ་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་སྙིང་པོ་མེད་པ་ལས་སྙིང་པོར་རྟོག་པ་དང་། རང་གི་ལུས་ལ་མ་ཆགས་པའི་རྒྱུད་དང་ལྡན་པ་དང་། གནས་མེད་པའི་སངས ་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་དྲན་པ་ལྔ་གནས་པ་དང་། སྙིང་པོ་མེད་པའི་ལུས་ལྔས་སྙིང་པོ་བླངས་པའི་བསམ་པ་དང་ལྡན་པས་ཡིན་ནོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ལྕེ་བླངས་མ་ཐག་ཏུ་ཚིག་འཇམ ་ཞིང་དགའ་བར་འགྱུར་བ་བྱམས་པར་སྤྱོད་པའི་སེམས་ཀྱི་རྒྱལ་པོ་ལ་འོས་པའི་སེང་གེའི་ཁྲི་བཟང་པོ་ལ་བཞག་ན། སློང་བ་དེ་ལ་མངོན་པར་སྨྲ་སྟེ། སེམས་མོ་ཁྲོས་པར་བྱས། སེམས་མ་སྨྲས་པ་དང་། སེམས ་མ་ཉམས་པ་དང་། སེམས་བདག་ཉིད་ཆེན་པོའི་རིགས་ཀྱིས་མཐོ་བ་དང་། སེམས་སངས་རྒྱས་ཀྱི་གདུང་ལས་བྱུང་བ་དང་། སེམས་མ་བརྙོགས་པའི་རྒྱུ་དང་མཐུ་སྟོབས་ཆེན་པོ་བསྐྱེད་པ་དང་། སེམས ་ལུས་ལ་ཆགས་པ་དང་། སེམས་ཁ་བཞིན་ལ་མངོན་པར་མ་ཞེན་ཅིག་པུས་མོའི་ལྷ་ང་ས་ལ་བཙུགས་པའི་ལུས་སུ་བྱས་ཏེ། རང་གི་ཁ་ནས་ལྕེ་ཕྱུང་ལ་སློང་བའི་ལུས་ལ་གཏད། ཚིག་འཇམ་ཞིང་མཉན་ལ ་དགའ་བ་བར་འགྱུར་བ་བྱམས་པ་ཉེ་བར་སྤྱོད་པ་འབྱིན་ཅིང་། ཁྱོད་ངའི་ལྕེ་ཁྱེར་ལ་ཇི་ལྟར་ཁྱོད་དགའ་བར་འགྱུར་པ་དང་། ཡིད་དགའ་བ་དང་། ཡིད་བདེ་བ་དང་། རབ་ཏུ་དགའ་ཞིང་རངས་པ་དང་། མོས་པ་སྐྱེས ་པར་འགྱུར་པར་ཅི་འདོད་པ་བཞིན་གྱིས་ཤོག་ཅེས་ཟེར།། དེ་མགོ་ཡོངས་སུ་གཏོང་བ་ན་ཆོས་ཐམས་ཅད་ཡོངས་སུ་ཀྱི་མཆོགི་མགོ་ལྟ་བུའི་ཡེ་ཤེས་འཇུག་ཅིང་། སེམས་ཅན་ཐམས་ཅད་ཡོངསུ་བསྒྲུབ་པའི་མགོ ་བྱང་ཆུབ་ཁོང་དུ་ཆུད་པར་བྱེད་པ་དང་། འགྲོ་བ་ཐམས་ཅད་ཀྱི་མཆོག་དཔེ་མེད་པའི་ཡེ་ཤེས་མགོ་ལྟ་བུ་མངོན་པར་འདོད་པ་དང་། ཀུན་མཁྱེན་པའི་ཡེ་ཤེས་མགོ་ཐོབ་པའི་ཡེ་ཤེས་ཀྱི་རྒྱལ་པོ་ལ་མོས་པར་བྱེད་པ ་དང་། ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་མགོ་མཐའ་ཡས་པ་ཡོངས་སུ་རྫོགས་པར་འདོད་ཅིང་། སློང་བ་མཐའ་ཡས་པ་དགའ་བས་ཡོངས་སུ་ཁྱབ་པའི་སེམས་ཀྱིས་ཡིན་ནོ།། དེ་ལྟར་བྱང་ཆུབ་སེམས་དཔའ་སློང་བ ་དག་ལ་ལག་པ་དང་རྐང་པ་ཡོངས་སུ་གཏོང་བ་ན་དད་པའི་ལག་པ་དང་ལྡན་པ་དང་། རྗེ་སུ་ཕན་འདོགས་པར་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་རྩལ་གྱིས་གཏོང་བའི་ལག་པ་བརྐྱང་ཞིང་། སྦྱིན་པ་ལ་མངོན་པར ་དགའ་བར་ལག་པ་ཡོངས་སུ་གཏོང་བ་དང་། རྟེན་ཆེན་པོ་ལ་རྐང་པ་འདོར་བ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མོས་པ་དང་། ཚོར་བས་མ་ཉམས་པའི་སྦྱིན་པའི་མཐུས་སེམས་བསྐྱེས་པ་དྲི་མ ་མེད་པར་གནས་ཤིང་། ཡེ་ཤེས་ཡོངས་སུ་དཀྲིས་པ་མེད་པ་དང་། ཆོས་ཀྱི་ལུས་རྒྱུན་མི་འཆད་པ་མི་ཤིགས་པ་མི་ཆོད་པའི་དུས་དང་ལྡན་པ། བདུད་ཐམས་ཅད་ཀྱིས་མི་བསྐྱོད་པ། སེམས་དགེ་བའི་བཤེས་གཉེན་གྱི་ཉེ ་བར་བརྟན་ཞིང་འཕེལ་བ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སྤྱོད་པ་གཅིག་ཏུ་གནས་ཤིང་གཏོང་བ་གཅིག་པུས་ངེས་པར་འབྱུང་བས་ཡིན་ནོ།། དེ་ལྟར་བྱང་ཆུབ་སེམས་དཔའ་རང་གི་ལུས་དྲལ་ཏེ་སློང་པ་དག་ལ་ཁྲག ་བྱིན་པ་ན། བྱང་ཆུབ་ཀྱི་སེམས་རབ་ཏུ་དགའ་བ་དང་། སེམས་ཅན་བྱང་ཆུབ་ཀྱི་སྤྱོད་པ་འདོད་པ་དང་། སེམས་ཚོར་བས་ཡོངས་སུ་མ་ཟིན་པ་དང་། སེམས་སློང་བ་ཐམས་ཅད་འདོད་པ་དང་། སེམས་ཡོངས་སུ་ལེན་པ ་ཐམས་ཅད་ལ་མཽ་སྣང་བ་དང་། སེམས་བྱང་ཆུབ་སེམས་དཔའི་གཏོང་བའི་ལམ་ཐམས་ཅད་ཞུགས་པ་དང་། སེམས་རང་གི་ལུས་ལ་མི་ལྟ་ཞིང་མི་ལྡོག་ལ་རྒྱུན་མི་འཆད་པས་རང་གི་ལུས་ཀྱི་ཁྲག་སྦྱིན་པར་བྱེད་དེ། ཡེ ་ཤེས་ཀྱི་སྐྱེ་མཆེད་ཀྱི་སེམས་ཐེག་པ་ཆེན་པོ་ལ་ཞུགས་པ། ཡིད་ཆེས་པ་དང་། ཡིད་འདོད་པ་དང་། ཡིད་ཚིམ་པ་དང་། ཡིད་རངས་པ་དང་། ཡིད་དགུ་པ་དང་། ཡིད་བདེ་བ་དང་། ཡིད་དང་བར་གྱུར་ཏེ། རབ་ཏུ་དགའ་ཞིང ་མོས་པ་དང་། རངས་པ་དང་། ཡིད་བདེ་བ་སྐྱེས་པ་ཡིན་ནོ།། སློང་བ་རྣམས་ལ་རང་གི་ལུས་ལས་རྐང་དང་ཤ་ཡོངས་སུ་གཏོང་བ་ན། དགེ་བར་གཏོང་སྟེ། སློང་བ་འདོད་པའི་ཚིག་གི་ཁྱེད་ངའི་ལུས་སུ་ཤ་དང་རྐང་འདོད་པ ་བཞིན་བྱ་ཡིས་ཁྱེར་ཅིག་ཅེས་སློང་བ་དག་ལ་སྨྲ་ཞིང་། དགའ་བ་མཚུངས་པ་མེད་པར་རྣམ་པར་སྤེལ་བའི་གཏོང་བའི་སེམས་དང་། བྱང་ཆུབ་སེམས་དཔའི་མཁས་པའི་ཚོགས་བསྟེན་པའི་དགེ་བའི་ཆོས་ཐམས་ཅད་ཀྱི ་གྲོགས་སུ་གྱུར་པ་དང་། འཇིག་རྟེན་གྱི་དྲི་མ་བསལ་བའི་ལྷག་པའི་བསམ་པ་མཆོག་རབ་དང་། བྱང་ཆུབ་སེམས་དཔའི་མཉམ་པ་ཉིད་ཀྱིས་ཟིན་པའི་སྦྱིན་པ་རྩོམ་པ་ཆེན་པོ་ཡིད་ཀྱི་འདོད་པར་འགྱུར་བ་དང་། སློང་བ་ཐམས ་ཅད་ཡི་མ་བཅད་པར་སྦྱིན་པ་གཏང་བའི་དངོས་པོ་དག་གིས་ཤིན་དུ་སོ་སོར་བརྟགས་པའི་ལས་ཀྱི་རྣམ་པར་སྨིན་པའི་རྐྱེན་དང་། འཇིག་རྟེན་གྱི་ཁམས་ཅད་མངོན་དུ་གྱུར་པའི་སངས་རྒྱས་ཀྱི་ཞིང་གི་རྒྱན་བཀོད་པའི་མཆོད ་བ་དང་། འགྲོ་བ་ཐམས་ཅད་ལ་མངོན་དུ་ཕྱོགས་པའི་སྙིང་རྗེ་ཆེན་པོས་ཡོངས་སུ་སྐྱོབ་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་གྱུར་པའི་སྟོབས་བཅུ་རྣམ་པར་སྤོང་པ་དང་། འདས་པ་དང་མ་འོངས་པ་དང་། ད་ལྟར ་བྱང་བའི་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་དུ་གྱུར་པའི་དགེ་བའི་རྩ་བ་གཅིག་གིས་རིམ་གོ་བྱ་བ་དང་། མི་འཇིགས་པ་ཐམས་ཅད་མངོན་དུ་གྱུར་པའི་དདྨ་མཆོག་དང་སང་གའི་སྒྲ་སྒྲེགས་པ་དང་། དུས་གསུམ་མངོན ་གྱུར་པའི་དུས་ཐམས་ཅད་ཉམས་པ་ཉིད་དུ་ཤེས་པ་དང་། འཇིག་རྟེན་ཐམས་ཅད་མངོན་དུ་གྱུར་པ་ཕྱི་མའི་མཐའི་མུར་ཐུག་པའི་བསྐལ་པར་བརྩོན་པའི་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། ་ཡོངས་སུ་ཡི་མི་ཆད་པ་མངོན་དུ་གྱུར་པའི་མི་སྐྱོ་བའི་སེམས་བསྐྱེད་པས་ཡིན་ནོ།། བྱང་ཆུབ་སེམས་དབུ་སློང་བ་དག་ལ་རང་གི་སྙིང་གཏོང་བ་ན། སེམས་སྦྱིན་པའི་རིགས་ལོས་བསླབས་པ་དང་། སེམས་ཕ་རོལ ་ཏུ་ཕྱིན་པ་ལ་སྒྲུབ་པ་དང་། སེམས་བྱང་ཆུབ་སེམས་དཔའི་སྦྱིན་པ་ཐམས་ཅད་ལ་མི་དགོད་པར་ཤིན་ཏུ་གནས་པ་དང་། སེམས་རྟེན་གྱི་སློང་བ་ཐམས་ཅད་ལ་རི་མོར་བྱེད་པ་དང་། ལྷག་པའི་བསམ་པ་ཡོངསུ་སྦྱོང ་བོ་དང་། འགྲོ་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྨོན་ལམ་ཆེན་པོ་ལ་ཞུགས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་ཅིང་སྨོན་ལམ་མ་གཏོང ་བས་ཡིན་ནོ།། དེ་སློང་བ་དག་ལ་རྒྱུ་མ་དང་། མཁལ་མོ་དང་། མཆིན་པ་དང་། འགྲོ་བ་སྦྱིན་པ་ན། སློང་བ་ལ་རབ་ཏུ་དང་བ་དང་། དགའ་བའི་རྣམ་པའི་མིག་དང་། བྱང་ཆུབ་སེམས་དཔའ་ལས་བྱུང་བའི་བྱམས ་པ་དང་། མི་ངལ་བའི་ཡིད་ལ་བྱེད་པའི་གཏོང་བ་དང་། སྙིང་པོ་མེད་པའི་ལུས་ལས་ལེགས་པར་བརྟགས་པའི་སྙིང་པོ་ལེན་པའི་སེམས་དང་། མཐར་དུར་ཁྲོད་དུ་འགྲོ་བར་ལུས་རྗེས་སུ་དྲན་པའི་ཡིད་ལ་བྱེད་པ་དང་། ་ལུས་གཞན་ལ་རག་ལས་པར་ཡིད་ལ་བྱེད་དང་། མི་རྟག་པ་ཉིད་ཀྱིས་ཟིན་པའི་ལུས་དང་། གཞན་གྱི་ཟས་སུ་སེམས་པས་ལུས་ལ་སྤྱང་ཀི་དང་། ཅེ་སྤྱང་དང་ཝ་དང་ཁྱིའི་ཟས་སུ་རྟོག་ཅིང་། དེ་ལྟར་ཆོས་ཡིད་ལ་བྱེད་པ་ལ ་ཞུགས་པའི་བྱང་ཆུབ་སེམས་དཔའ་སློང་བ་དེ་དག་ལ་མིག་མི་འཛུམས་ཤིང་སེམས་འདི་ལྟར་བསྐྱེད་དེ། གལ་ཏེ་བདག་གིས་སློང་པོ་འདི་ལ་ལུས་ལོས་རྒྱུ་མ་དང་། མཁལ་མེ་དང་མཆིན་པ་དང་གྲོ་བ་བྱིན་ཀྱང་རུང་གལ་ཏེ ་མ་བྱིན་ཀྱང་རུང་སྟེ། མཐར་ཚེ་ཟད་ན་འདི་མི་རྟག་སྟེ་ཐ་མ་དུར་ཁྲོད་དུ་འགྲོའོ་ཞེས་དེ་ལྟར་ཡིད་ལ་བྱེད་པས་ཚིམ་པར་བྱས་པའི་རྒྱུ་དང་། དེ་ལྟ་བུའི་ཆོས་ཤེས་པའི་བསམ་པ་དང་། དགེ་བའི་བཤེས་གཉེན་དུ་འདུ་ཤེས་སུ ་གནས་པས་སློང་བ་ལ་ལྟ་བ་དང་། སྙིང་པོ་མེད་པའི་ལུས་ལས་སྙིང་པོ་ལེན་འདོད་པས་ཡིན་ནོ།། ཆོས་འདོད་པས་རང་གི་ཤོ་སེན་མོ་དང་བཅས་པ་གཏོང་བ་ན་ཡང་། དེ་ལྟར་དགེ་བའི་རྩ་བ་ཡོངས་སུ་སྔོ་བར་བྱེད་དོ།། ་ལུས་བཏང་བ་བྱས་ནས། ལོངས་སྤྱོད་དང་བསོད་ནམས་བཏང་བ་དེ་ཉིད་ལས། དེ་ལྟར་བྱང་ཆུབ་སེམས་དཔའི་སྦྱིན་གནས་དང་ལེན་པ་སྣ་ཚོགས་ཕྱོགས་གཞན་དང་གཞན་ནས་འོངས་པའི་གང་ཟག་དང་། སློང་བ་ཕོངས ་པ་དང་དཀྲེན་པ་མང་པོ་ཚད་མེད་པ་བྱང་ཆུབ་སེམས་དཔའི་སྒྲ་ཐོས་ཏེ་འོངས་པ་དང་། བྱང་ཆུབ་སེམས་དཔའ་རེ་བོའི་སྐབས་ཀྱིས་འོངས་པ་དང་། བྱང་ཆུབ་སེམས་དཔའི་སྦྱིན་པ་དང་སྔོན་གྱི་སྨོན་ལམ་ཐོས་པ་རྣམས་དང་། ་བྱང་ཆུབ་སེམས་དཔའི་སྦྱིན་པ་དང་། སྨོན་ལམ་གྱིས་སེམས་ཀྱིས་མགྲོན་དུ་གཉེར་བ་རྣམས་དང་། ཐམས་ཅད་གཏོང་དུ་རེ་བའི་ཡིད་ཅན་རྣམས་འོངས་པ་མཐོང་ནས། སློང་བ་ལ་རི་མོ་བྱ་བྱས ་མི་ངོམས་པའི་སེམས་ཀྱིས་སློང་བ་འོངས་པ་རྣམས་ལ་བཟོད་པ་གསོལ་བའི་སེམས་དང་ལྡན་པས་བདག་ཉིད་ཕྱོགས་དེ་དག་ཏུ་སོང་ལ་ཁྱེད་འོངས་པ་ཉོན་མོངས་པར་མི་འགྱུར་བར་རི་མོར་བྱ་བ་ཞིག་ན་ཞེས་དེས་སྤྱི་བོས ་གཏུགས་ཏེ་བཟོད་པ་གསོལ་ལོ།། སློང་བ་ཐམས་ཅད་བཟོད་པ་གསོལ་ཁྲུས་བྱས་ལུས་ངལ་བསོས་པར་བྱོས་ནས། ཡོ་བྱད་ཅི་འོས་པ་སྦྱིན་པར་བྱེད་དེ། འདི་ལྟ་སྟེ། ནོར་བུའི་ཤིང་དྷཱ་ཛམྦུའི་གླིང་ན་བཟང་བའི ་ན་ཆུང་རིན་པོ་ཆེས་ཡོངས་སུ་གྲང་བ་དང་། འདི་ལྟ་སྟེ་གསེར་གྱི་ཤིང་རྟ་ཡུལ་གྱི་ན་ཆུང་རིན་པོ་ཆེ་རྣམ་པར་དག་པས་ཡོངསུ་གང་བ་དང་། འདི་ལྟ་སྟེ་བཻ་ཌཱུརྱའི་ཤིང་རྟ་གླུ་དབྱངས་དང་སིལ་སྤྱན་རྗེས་སུ་མཐུན་པ ་ལེན་པས་གང་བ་དང་། དེ་བཞིན་དུ་ཤེལ་གྱི་ཤིང་རྟ་བུ་མོ་རིན་པོ་ཆེ་བཞིན་བཟང་ཞིང་ཆུ་བྱང་སྡུག་གུས་ཤིན་ཏུ་བརྒྱན་པ་གཟུགས་ལྟ་ན་སྡུག་ཅིང་ཚུལ་མཁས་པས་གང་པོ་དག་སྦྱིན་པར་བྱེད་དོ་ཞེས་གསུངས ་པ་དང་། དེ་བཞིན་དུ་དེ་ཉིད་ལས་ནོར་བུའི་ཤིང་རྟ་གླང་པོ་ཆེ་ཅང་ཤེས་རིན་པོ་ཆེ་ཐམས་ཅད་ཀྱི་དྲོ་བས་གཡོགས་པ་དང་ལྡན་པ་ཕྲུགས་སུ་མཐུན་པས་འདྲེན་པ་དག་རབ་ཏུ་སྦྱིན་པར་བྱེད། ཙན་དོན་གྱི་ཤིང་རྟ་རིན་པོ་ཆེའི་ཕང་ལ ་དང་རྩིབས་སྦྱར་བ། རིན་པ་ཆེའི་སེང་གེའི་ཁྲི་བཙུགས་པ། རིན་པོ་ཆེའི་གདུགས་སྣ་ཚོགས་ཀྱིས་ཁེབས་པ་རྒྱལ་མཚན་དང་པ་དན་གྱིས་ཕྱོགས་བཞིར་བརྒྱན་པ། སྤོས་སྣ་ཚོགས་ཀྱིས་ཤིན་ཏུ་བདུགས་ཤིང་སྤོས་ཀྱི་སྙིང་པོ ་བྱུག་པ་ཐམས་ཅད་ཀྱིས་ལེགས་པར་བྱུགས་པ། མེ་ཏོག་གི་བཀོད་པ་ཐམས་ཅད་བཀྲམ་པ། བུ་མོ་བརྒྱད་སྟོང་རིན་པོ་ཆེའི་ཐགས་འདྲེན་པ། མི་ལྡེག་མི་འགྱུར་པར་འགྲོ་ཞིང་དྲག་ངལ་མ་ཁྱེར་བ་འབྱོར་པ་ནས། སྤོས་ཀྱི་ངང ་ཡང་དུ་འོང་ཞིང་རྗེས་སུ་མཐུན་པ་དང་། བུ་དང་བུ་མོར་བཅས་པའི་སྨྲ་བ་ཉེ་བར་སྦྱོར་བ་དང་ལྡན་པ། སྤོས་ཀྱི་ཕྱི་མ་སྣ་ཚོགས་གཏོར་བས་གཙང་སྦྱར་བྱས་པ་དག་སྦྱིན་པར་བྱེད་དོ་ཞེས་གསུངས་པ་དང་། དེ་བཞིན་དུ་གཞན་ཡང ་དེ་ཉིད་ལས། བདག་ཉིད་སེམས་ཅན་ཐམས་ཅད་ལ་གཏོང་ངམ། སངས་རྒྱས་ཐམས་ཅད་ལ་རིམ་གྲོ་བྱ་བར་དབུལ་མི། རྒྱལ་སྲིད་ཡོངས་སུ་གཏོང་ངམ། མཁར་རམ། གྲོང་ཁྱེར་རམ། རྒྱལ་པོའི་ཕྲེང་རྒྱན་ཐམས་ཅད་ཀྱིས་རྣམ ་པར་སྡུད་པ་འམ། གཡོག་ཐམས་ཅད་ཀྱང་སློང་བ་རྣམས་ལ་ཅི་རིགས་པར་ཡོངས་སུ་གཏེང་ངམ། སློང་བ་དག་ལ་བུ་དང་བུ་མོ་དང་ཆུང་མ་སྦྱིན་པར་བྱེད་དམ། ཁྱིམ་ཐམས་ཅད་གཏོང་བ་ནས། ལོངས་སྤྱོད་དང་། ཡོངས་སུ་སྤྱོད ་པ་ཐམས་ཅད་སྦྱིན་པར་བྱེད་དམ། དེ་བཞིན་དུ་སྐོམ་སྦྱིན་པ་དང་། རོའི་སྦྱིན་པ་ཡང་བྱང་ཆུབ་སེམས་དཔའ་སྦྱིན་པར་བྱེད་པ་ན། བཟང་ཞིང་རྣམ་པ་སྣ་ཚོགས་པ་རྒྱ་ཆེ་བ་གཙང་བ་རྣམ་པ་ཐ་དད་པ་ཁ་བཚོ་བ་དང་བསླབ་དང་ལན་ཚྭའི ་རོ་མཆོག་སྣ་ཚོགས་དང་ལྡན་པ་ཤིན་ཏུ་ཚིམ་པར་བྱེད་པའི་རོ་མང་པོ་དང་ལྡན་པ་དང་། ཁམས་འཁྲུགས་པ་སྙོམས་པར་བྱེད་པ། ལུས་དང་སེམས་ཀྱི་སྟོབས་སྟོན་པ། དགའ་བ་དང་མོས་པ་དང་མཆོག་ཏུ ་དགའ་བ་དང་། བདེ་བ་བསྐྱེད་པ་ནས། ཕ་རོལ་གྱི་གནོད་པར་བྱེད་པ་སོལ་ཁ། ནད་ཐམས་ཅད་ཞི་ཞིང་ནད་མེད་པ་བསྐྱེད་པ་དག་སྦྱིན་པར་བྱེད་དོ།། དེ་བཞིན་དུ་གོས་སྦྱིན་པ་དང་མེ་ཏོག་སྦྱིན་པ་དང་སྤོས་སྦྱིན་པ་དང་བྱུག་པ་སྦྱིན ་པ་དང་། ཕྲེང་བ་སྦྱིན་པ་དང་མལ་ཆ་སྦྱིན་པ་དང་གནས་སྦྱིན་པ་དང་རྟེན་སྦྱིན་པ་དང་། མར་མེ་སྦྱིན་པ་དང་ན་བའི་གསོས་སྨན་སྦྱིན་པ་དང་ཡོ་བྱད་ནས་ཁ་ཟས་རྣམ་པ་སྣ་ཚོགས་ཡོ་ལངས་ཆེར་བཤམས་པ་དག་བྱང་ཆུབ་སེམས ་དཔས་སྦྱིན་པར་བྱེད་དོ།། བཟོ་སྣ་ཚོགས་སུ་བྱས་པའི་སྔར་གྱི་སྣོད་ཚིགས་པ་ཚད་མེད་པས་སྤྲས་པ་རྣམ་པ་དུ་མཱ་དང་། དབྱིག་དོང་གསེར་དང་དངུལ་གྱི་ཕྱེ་མ་རྣམས། སངས་རྒྱས་བཅོམ་ལྡན་འདས་ལ་དབུལ་བ་ནི། སྦྱིན་པའི ་གནས་བསམ་གྱིས་མི་ཁྱབ་པར་མོས་སོ།། འདི་དག་བྱང་ཆུབ་སེམས་དཔའི་དཀོན་མཆོག་ལ་དབུལ་ན། དགེ་བའི་བཤེས་གཉེན་ཤིན་ཏུ་རྙེད་དཀའ་བས་སེམས་བསྐྱེད་པས་དབུལ་ལོ།། འཕགས་པའི་དགེ་འདུན་ལ་དབུལ་ན ་སངས་རྒྱས་ཀྱི་ཆོས་ཉེ་བར་བརྟན་པའི་ཕྱིར་དབུལ་ལོ།། གང་ཟག་གམ་ཉན་ཐོས་སམ་རང་སངས་རྒྱས་དག་ལ་དབུལ་ན། འཕགས་པའི་ཡོན་ཏན་ལ་ཤིན་ཏུ་དང་བིའི་སེམས་ཀྱིས་དབུལ་ལོ།། ཕ་མ་ལ་སྦྱིན་ན་བླ་མ་ལ་སྲིད ་ཞུ་དང་རིམ་གྲོ་བྱ་བའི་སེམས་ཀྱིས་སྦྱིན་ནོ།། སློབ་དཔོན་དང་བླ་མ་དང་སྦྱིན་པའི་གནས་དེ་དང་དེ་དག་ལ་དབུལ་ན། བླ་མའི་ཚོགས་ཀྱིས་བསྟན་པ་བསླབ་པ་ལ་འཇུག་གོ།། དབུལ་པོ་དང་ཕོངས་པ་དང་སློང་བ་ལ་གོས་དང ་ཟས་སྦྱིན་པ་ན། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མེད་པའི་མིག་དང་། བྱམས་པ་ཡོངསུ་བསྒོམས་པས་སྦྱིན་པར་བྱེད་དོ།། དེ་བཞིན་དུ་སྦྱར་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་གླང་པོ་ཆེ་ཅང་ཤེས་ཡན་ལག་བདུན ་རབ་ཏུ་གནས་བ་ལོ་དྲུག་ཅུ་ལོན་པ་མཆེ་བ་དྲུག་ཡོད་པ་སྤུ་མདོག་པདྨ་འདྲ་བ། གདོང་རྣམ་པར་དག་པ་གསེར་གྱིས་རྒྱན་གྱིས་རྣམ་པར་རྒྱན་པ། ལུས་གསེར་གྱི་དྲ་བས་གཡོགས་པ། སྣ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་གཡོགས ་པ། བཀོད་པས་སྤྲས་པ། གསེར་གྱི་གཡོགས་པ། བལྟ་ན་སྡུག་པ་དཔག་ཚད་སྟོང་དུ་མི་དྲལ་བར་འགྲོ་ཞིང་རྒྱུ་བ་སྦྱིན་པར་བྱེད། རྟ་ཅང་ཤེས་ཞོན་ན་བདེ་ཞིང་ལུས་བདེ་བ་དང་ལྡན་པ། བང་ཕུན་སུམ་ཚོགས་པ། ཕྱོགས ་བཞིར་འགྲོད་པ་བཀུར་བའི་མགྱོགས་པ་དང་ལྡན་པ། ཟས་ཕུན་སུམ་ཚོགས་པ། ལྷའི་མཚུངས་པ་མེད་པའི་རྒྱན་ཐམས་ཅད་དང་ལྡན་པ་དག་སྦྱིན་པར་བྱེད་དོ།། དེ་དག་སྦྱིན་ཞིང་གཏོང་བ་ན་གུས་པས་སྐྱེ་བོ་བླ་མ་དང ་དགེ་བའི་བཤེས་གཉེན་དང་ཕ་མ་དང་དབུལ་པོ་དང་ཕོངས་པ་དང་སློང་བ་དང་ལེན་པའི་འགྲོ་བ་ཐམས་ཅད་ལ་ལྷུག་པར་གཏོང་བའི་སེམས་དང་གཟུང་བ་མེད་པའི་སེམས་ནས། སྙིང་རྗེ་ཆེན་པོས་ཕྱོགས་སུ་ཁྱབ་པའི་རྒྱུད་ཀྱི་གཏོང་བ ་ཆེན་པོ་ཚད་མེད་པ་བྱང་ཆུབ་སེམས་དཔའ་ཡོན་ཏན་དག་ལ་ནན་ཏན་བྱེད་པ་དང་། རིགས་བཙུན་པ་བྱང་ཆུབ་སེམས་དཔའ་བསམ་པ་ཡོངས་སུ་སྦྱོང་ཞིང་སྦྱིན་པར་བྱེད་དོ།། དེ་ལྟར་སེམས་ཅན་དག་ལ ་སྙུན་སྦྱིན་ཞིང་གཏོང་ན་རྒྱལ་པོའི་ཁྲི་བཟང་པོ་བཻ་ཌཱུརྱའི་རྐང་པ་ཅན། སེང་གེས་བསྟན་པ། གསེར་གྱི་ཐ་གུ་དང་། རིན་པོ་ཆེའི་དྲི་བའི་བླ་རེ་དང་གོས་འཇམ་པོ་དུ་མྦྷ་བཏིང་བ་ཉེ་འཁོར་སྤོས་ཀྱི་སྙིང་པོ་ཐམས་ཅད་ཀྱིས་ཤིན་ཏུ་དྲི ་ཞིམ་པར་བྱས་པ། ནོར་བུའི་རྒྱལ་པོ་སྣ་ཚོགས་ཀྱི་རྒྱལ་མཚན་དུ་མ་བསྒྲེང་བ། རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་རྒྱན་བཀོད་པ། གསེར་གྱི་དྲ་བའི་བླ་རི་བྲེས་པ། གསེར་གྱི་དྲིལ་བུ་གཡེར་གའི་དྲ་བ་འཁྲོལ་བའི་སྒྲ ་ཡིད་དུ་འོང་བའི་དབྱངས་འབྱུང་བ། རིན་པོ་ཆེའི་འབྲུ་བྱེ་བ་ཁྲག་ཁྲིག་ཕྲག་བཅུས་ཀུན་ནས་བསྐོར་ཏེ་རྣམ་པར་ཕྱེ་བསེ་ཤིན་དུ་འཕགས་ཤིང་བལྟ་ན་མཛེས་པ། སྲོག་ཆགས་བྱེ་བ་ཁྲག་ཁྲིག་གྲངས་མེད་པས་ཀུན་ནས་ལྟེ ་གདུགས་ཁབ་གཅིག་གིས་ས་ཆེན་པོ་ཐམས་ཅད་སྐྱོང་བར་དབང་བསྐུར་བ་རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ལ་དབང་བའི་སྟན་དུ་བྱ་བ། དེ་ལ་འདུག་ཅིང་འཁོར་ལོ་ཐོགས་པ་མེད་པས་བསྐྱང་བ་དང་ཚེས་བྱ་བ་ལ་རྒྱལ་པོའི ་བཀའ་ཐམས་ཅན་ཉམས་པ་མེད་པར་ཉན་པ་དེ་ལྟ་བུའི་སྟན་གྱི་རྣམ་པར་སྦྱིན་པར་བྱེད་དོ།། དེ་ལྟར་བྱང་ཆུབ་སེམས་དཔའ་གདུགས་རྣམས་སྦྱིན་པ་ནི། རིན་པོ་ཆེ་ཆེན་པོའི་བཀོད་པས་རབ་ཏུ་བརྒྱན་པ། རིན་པོ་ཆེའི་ཡུ ་བ་ཅན་དྲིལ་བུ་གཡེར་གའི་དྲ་བས་ཀུན་ནས་ཁེབས་པ། རིན་པོ་ཆེའི་སྲད་བུ་དང་རྣ་རྒྱན་དང་མགུལ་རྒྱན་གྱི་ཕྲེང་བས་ཁུགས་ཅན་དུ་གྱུར་པ། ནོར་བུ་བཻ་ཌཱུརྱའི་ཕྲེང་བ་མངོན་པར་དཔྱངས་པ། ཉེ་འཁོར་ན་དགའ་བའི་དབྱངས་དང ་ཡིད་དུ་འོང་བའི་སྒྲ་འབྱུང་བ། གསེར་གྱི་དྲ་བ་རྣམ་པར་དག་པས་ནང་ལོགས་ཁེབས་པར་བྱས་པ། རིན་པོ་ཆེའི་ཐུར་མའི་རྒྱན་བརྒྱ་སྟོང་བྲེས་པ་ནོར་བུ་རིན་པོ་ཆེའི་མཛོད་ཀུན་ཏུ་འཛིན་པ། ཨ་ཀ་རུ་དང་ཙན་དན་དང་སྤོས་ཀྱི ་དམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཉེ་འཁོར་དྲི་ཞིམ་པར་བསྒོས་ཤིང་བདུགས་པ། ཛོམྦུའི་ཆུ་བོའི་གསེར་ལྟར་འོད་གསལྔ་ཞིང་དྲག་པ། རྒྱན་བྱེ་བ་ཁྲག་ཁྱིག་མཐའ་ཡས་པས་བརྒྱན་པའི་གདུགས་དེ་འདྲ་བ་རྣམས་དང་། ་དེ་བས་ཀྱང་ཆེས་ལྷག་པའི་བདུག་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག། ཁ་ན་མ་ཐོ་བ་མེད་པའི་སེམས་ཀྱིས་སྦྱིན་པར་བྱེད་ཅིང་། སེམས་ཅན་གྱི་གཙོ་བོ་མངོན་དུ་གྱུར་པ་འམ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན ་ལས་འདས་པའི་མཆོད་རྟེན་བརྒྱན་པོའི་ཕྱིར་རམ། ཆོས་བཙལ་པའི་ཕྱིར་བྱང་ཆུབ་སེམས་དཔའ་དང་། དགེ་བོའི་བཤེས་གཉེན་ནམ། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་བཙུན་པར་བྱ་བ་དག་གྲམ། ཕ་དང་མ་འམ་དྲུགེ ་འདུན་དཀོན་མཆོག་གམ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ནས། ལོན་པ་པོ་ཐམས་ཅད་ཀྱི་བར་དག་ལ་དབུལ་བ་དང་ཡོངས་སུ་གཏོང་པོ་དང་སྟེར་བར་བྱེད་པ་དང་། སྦྱིན་པར་བྱེད་པ་ན། དེ་དགེ་བའི་རྩ་བ་དེ་དག་འདི་ལྟར ་ཡོངས་སུ་སྔོ་བ་སྟེ་ཞེས་གསུངས་སོ།། རེ་ཞིག་ཇི་ལྟར་ཡོངས་སུ་བསྔོ་བ་དང་པོར། དགེ་བའི་རྩ་བ་ཐམས་ཅད་ཀྱིས་སྐབས་ནས་ཇི་སྐད་དུ། སྨོན་ལམ་འདི་ལྟ་བུ་ཡང་འདེབས་ཏེ། ་ཅི་ནས་དགེ་བའི་རྩ་བ་འདི་དག་རྣམ་པར་དག་པས་ཆོས་ཀྱི་མཐའ་ཀླས་པར་འགྲོ་བ་ཐམས་ཅད་ལ་ཉེ་བར་འཚོ་བ་དང་ཕན་པར་གྱུར་ཅིག། དེས་ན་དགེ་བའི་རྩ་བ་འདི་དག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཅན་དམྱལ ་པའི་ངན་སོང་རྒྱུན་ཆད་པར་གྱུར་ཅིག། དུད་འགྲོའི་སྐྱེ་གནས་པ་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་བའི་ཕུང་པོ་རྣམ་པར་ལོག་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་སོ།། དགེ་བའི་རྩ་བ་དེ་དག་ཡོངས་སུ ་བསྔོ་བ་ན། དགེ་བའི་རྩ་བ་དེ་དག་འདི་ལྟར་ཡོངས་སུ་བསྔོ་སྟེ། དགེ་བའི་རྩ་བ་འདིས་བདག་སྡུག་བསྔལ་གྱི་ཕུང་པོ་བཟློག་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་གནས་སུ་གྱུར་ཅིག། ཉོན་མོངས་པ་ཐམས་ཅད་ལས་ཡོངས ་སུ་འགྲོལ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྐྱོབ་པར་གྱུར་ཅིག། འཇིགས་པ་ཐམས་ཅད་ལོས་བསྲུང་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྐྱེ་བས་སུ་གྱུར་ཅིག། ས་ཐམས་ཅད་ཀྱི་རྗེས་སུ་འགྲོ་བའི་ཕྱིར་སེམས་ཅན་ཐམས ་ཅད་ཀྱི་རྟེན་དུ་གྱུར་ཅིག། ཤིན་ཏུ་གྲུབ་པ་དང་བདེ་བ་ཐོབ་པར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་དུ་གྱུར་ཅིག། རབ་རིབ་མེད་པའི་ཡེ་ཤེས་ཀུན་ཏུ་བསྟན་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྣང་བར་གྱུར ་ཅིག་མ་རིག་པའི་མུན་པ་བཟློག་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྒྲོན་མེར་གྱུར་ཅིག། ཤིན་ཏུ་རྣམ་པར་དག་པ་ལ་རབ་ཏུ་དགོད་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་གསལ་བར་བྱེད་པར་གྱུར་ཅིག། ་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ལ་བཟུང་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་འདྲེན་པར་གྱུར་ཅིག། སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཕུང་པོ་ཉེ་བར་བསྟན་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཡོངས་སུ་འདྲེན་པ་གྱུར ་ཅིག། དེ་བཞིན་སྦྱར་ཏེ། དེ་ཡང་བསམ་པ་ཐག་པ་ནས་ཡོངས་སུ་བསྔོ་བའི་ཚིག་ཙམ་གྱི་མོ་ཡིན་ནོ།། དེ་ཡང་དགའ་བའི་སེམས་ཀྱིས་ཡོངས་སུ་བསྔོ་བའི། མགུ་བའི་སེམས་ཀྱིས་ཡོངསངསུ་བསྔོ་བའི།། ་དང་བའི་སེམས་དང་རབ་ཏུ་དགའ་བའི་སེམས་དང་། གཉེན་པའི་སེམས་ཀྱིས་ཡོངས་སུ་བསྔོའོ།། བྱམས་པའི་སེམས་དང་། མཛའ་བའི་སེམས་དང་། ཕན་བདགས་པའི་སེམས་དང་། ཕན་པའི་སེམས་དང་། ་བདེ་བའི་སེམས་ཀྱིས་ཡོངས་སུ་བསྔོའོ།། དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་རྣམ་པར་དག་པར་གྱུར་ཅིག། སྐྱེ་བ་རྣམ་པར་དག་པར་གྱུར་ཅིག། ་བསོད་ནམས་ཀྱི་ཆེ་བའི་བདག་ཉིད་ཡོངས་སུ་དག་པར་གྱུར་ཅིག། ཟིལ་གྱིས་མི་གནོད་པར་གྱུར་ཅིག། ཡོངས་སུ་ཟད་པ་མེད་པར་གྱུར་ཅིག། ཐུབ་པར་དཀའ་བའི་སེམས་དང་ལྡན་པར་གྱུར་ཅིག། བརྗེད་པ་མེད་པར་གྱུར་ཅིག། ་རྟོག་པ་དང་བློ་གྲོས་དང་། ངེས་པ་དང་ལྡན་པར་གྱུར་ཅིག། བློ་ཚད་མེད་པ་དང་ལྡན་པར་གྱུར་ཅིག། ལུས་ཀྱི་ལས་དང་ངག་གི་ལས་དང་ཡིད་ཀྱི་ལས་ཡོན་ཏན་གྱི་རྒྱན་ཐམས་ཅད་ཡོད ་སུ་རྫོགས་པ་དང་ལྡན་པར་གྱུར་ཅིག། བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་དེ་དག་ཐམས་ཅད་སངས་རྒྱས་ཐམས་ཅད་མཉེས་པར་བྱེད་པར་གྱུར་ཅིག། མཉེས་པར་བྱས་ནས་ཀྱང་མི་མཉེས་པར་མི་བྱེད་པར ་གྱུར་ཅིག། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་དད་པ་མི་ཕྱེད་པ་ཐོབ་པར་གྱུར་ཅིག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལས་ཆོས་བསྟོན་པ་ཉན ་པར་གྱུར་ཅིག། མཉན་ནས་ཀྱང་ཐེ་ཚོམ་ཐམས་ཅད་རྣམ་པར་ལོག་པར་གྱུར་ཅིག། ཇི་ལྟར་ཐོས་པ་བཞིན་འཛིན་པར་གྱུར་ཅིག། གཟུང་ནས་ཀྱང་སྒྲུབ་པ་རྫོགས་པར་བྱེད་པར་གྱུར་ཅིག། དེ་བཞིན་གཤེགས་པ ་དག་ཐམས་ཅད་སྟེན་པར་བྱེད་པར་གྱུར་ཅིག། སེམས་ལས་སུ་རུང་བ་ཡང་ཐོབ་པར་གྱུར་ཅིག། ཁ་ན་མ་ཐོ་བ་མེད་པའི་ལས་རྣམས་ཡང་དག་པར་སྒྲུབ་པར་གྱུར་ཅིག། བདག་ཉིད་དགེ་བའི་རྩ་བ་ཆེན་པོ་རྣམས་ལ ་འཇོག་པར་གྱུར་ཅིག། ཤིན་ཏུ་དབུལ་བ་ཐམས་ཅད་རྣམ་པར་བཟློག་པར་གྱུར་ཅིག། ནོར་བདུན་རྙེད་པ་ཡོངས་སུ་རྫོགས་པར་གྱུར་ཅིག། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་སློབ་པར་གྱུར་ཅིག། དགེ་བའི་དབང་པོ ་ཐོབ་པ་རྟོག་པར་གྱུར་ཅིག། རྒྱ་ཆེན་པོ་ལ་མོས་པ་མཉམ་པ་ཉིད་ཡོངས་སུ་སྒྲུབ་པར་གྱུར་ཅིག། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གོ་སྐབས་ཐོབ་པར་གྱུར་ཅིག། འགྲོ་བ་ཐམས་ཅད་ལ་ཐོག་པ་མེད་པའི་མིག་སྐྱེད་པར་གྱུར་ཅིག། ་མཚན་གྱིས་རྒྱན་པའི་ལུས་རྫོགས་པ་ཡོངས་སུ་ཐོབ་པར་གྱུར་ཅིག། ཡོན་ཏན་ཐམས་ཅད་ཀྱི་རྒྱན་དང་ལྡན་པའི་ངག་ཡོངས་སུ་དག་པ་ཡོངས་སུ་འཛིན་པར་གྱུར་ཅིག། དབང་པོ་བསྡམས་པ་དང་། སྟོབས་བཅུ་དང་ལྡན་པའི ་སེམས་དགེ་བ་ཡང་དག་པ་སྒྲུབ་པར་གྱུར་ཅིག། མི་བརྟེན་པར་གནས་པ་ཡོངས་སུ་རྫོགས་པར་གྱུར་ཅིག། སངས་རྒྱས་ཐམས་ཅད་བདེ་བའི་ཡོ་བྱད་གང་དང་ལྡན་པའི་བདེ་བའི་ཡོ་བྱད་དེ་སེམས་ཅན་ཐམས་ཅད་ཀྱི་ཐོབ་པར་གྱུར ་ཅིག་ཅེས་བསྟན་པ་དང་། དེ་བཞིན་དུ་ཡོངས་སུ་བསྔོ་བ་དྲུག་པ་ལས་གསུངས་པའི་ཚུལ་གྱིས་ཡོངས་སུ་བསྔོ་སྟེ། སེམས་ཅན་ཐམས་ཅད་ཆགས་པ་མེད་པར་ཞུགས་པའི་སེམས་དང་ལྡན་ཞིང་ཡེ་ཤེས་ཀྱི་ཟས་ཅན་དུ་གྱུར ་ཅིག། ཟས་ལ་ཞེན་པ་མེད་ཅིང་ཟས་ཡོངས་སུ་ཤེས་པ་དང་ལྡན་པ་དང་། དགའ་བ་ཟ་ཞིང་ཟང་ཟིང་མེད་པའི་སེམས་དང་ལྡན་པ་ནས། འདོད་པ་ལ་སྲེད་པ་རབ་ཏུ་ལྡོག་པའི་བར་དུ་གྱུར་ཅིག། སེམས་ཅན་ཐམས་ཅད་ཆོས ་ཀྱི་ཁུ་ཤུགས་དང་ལྡན་པའི་སྤྲིན་ལས་ཆར་འབེབས་པ་དང་། ཆོས་ཀྱི་དགའ་བ་བླ་ན་མེད་པས་སེམས་ཀྱི་རྒྱུད་ཚིམ་པར་གྱུར་ཅིག། སེམས་ཅན་ཐམས་ཅད་རོ་བྲོ་བ་ཐམས་ཅད་ལ་ཆགས་པ་མེད་ཅིང་རོ་ལ་མཚན་མར་མི་འཛིན ་པར་གྱུར་ཅིག། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སེམས་འཇུག་པ་དང་། ཐེག་པ་མ་ཉམས་པ་དང་ལྡན་པ་དང་། ཐེག་པ་མཆོག་དང་ལྡན་པ་དང་། ཐེག་པ་དམ་པ་དང་ལྡན་པ ་དང་། ཐེག་པ་མྱུར་བ་དང་ལྡན་པ་དང་། ཐེག་པ་སྟོབས་ཅན་དང་ལྡན་པར་གྱུར་ཅིག། སངས་རྒྱས་ལ་དགའ་བ་ཐོབ་ཅིང་སེམས་ཅན་ཐམས་ཅད་ཀྱི་མཐོང་ན་ངོམས་མི་ཤེས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱིས་ཐོས ་ན་ཡིད་གཉིས་ཐམས་ཅད་ལྡོག་པར་གྱུར་ཅིག། སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་མཐོང་ཞི་བ་སེམས་ཀྱི་རྒྱུད་ལ་གནོད་པ་མེད་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ལ་དུག་སེལ་བའི་སྨན་གྱི་རྒྱལ་པོ ་ལྔ་བུ་སྣང་ཞིང་སེམས་ཅན་ཐམས་ཅད་ཉོན་མོངས་པའི་དུག་ཟློག་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱི་མུན་པ་དང་རབ་རིབ་ཀྱི་ལིང་ཏོག་སེལ་བའི་ཕྱིར། སེམས་ཅན་ཐམས་ཅད་ཀྱི་ཉི་མའི་དཀྱིལ་འཁོར ་ཤར་བ་ལྟ་བུར་མཐོང་བར་གྱུར་ཅིག། ཅེས་བདག་དེ་ལྟར་བདག་ཉིད་ངེས་པར་བརྟགས་ནས་རང་གི་བསམ་པ་དང་མཐུན་པར་བརྗོད་པར་བྱའོ།། སེམས་ཅན་ཐམས་ཅད་མངོན་པར་མཛེས་པ་མཐོང་བར་ཡོངས་སུ་བསྔོའོ།། ། ་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་ཀྱི་དྲི་དང་ལྡན་པ་དང་། མི་ཆོད་པའི་ཚུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚུལ་ཁྲིམས་ཅན་དུ་གྱུར་ཅིག། སེམས་ཅན་ཐམས་ཅད་གཏོང་བ ་ཐམས་ཅད་ཡོངས་སུ་གཏོང་བ་ཅན་དུ་གྱུར་ཏེ་སྦྱིན་པས་བསྐོས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་མི་འཁྲུགས་པའི་སེམས་རྙེད་ཅིང་བཟོད་པས་བསྒོས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་བརྩོན་འགྲུས་ཆེན་པོའི ་གོ་བགོས་ཤིང་བརྩོན་འགྲུས་ཀྱི་བགོས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ད་ལྟར་བྱུང་བའི་སངས་རྒྱས་དང་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཐོབ་ཅིང་བསམ་གཏན་གྱིས་བསྒོས་པར་གྱུར་ཅིག། སེམས་ཅན ་ཐམས་ཅད་བྱང་ཆུབ་སེམས་དཔའི་ཡོངས་སུ་བསྔོ་བས་བསྒོས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་དཀར་པོའི་ཆོས་ཐམས་ཅད་ཀྱིས་བསྒོས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཡེ་ཤེས་ཆེན་པོ་ཐོབ་པར་བྱ་བའི་ཕྱིར ་མི་དགེ་བའི་ཆོས་ཐམས་ཅད་སྤངས་ཤིང་ལྷའི་མལ་ཆ་ཐོབ་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སོ་སོའི་སྐྱེ་བོ་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་ཀྱིས་བསྒོ་བའི་ཕྱིར་འཕགས་པའི་མལ་ཆ་ཐོབ་པར་གྱུར་ཅིག། སེམསོ་ཅན ་ཐམས་ཅད་འཁོར་བར་གཏོགས་པའི་སྡུག་བསྔལ་ཐམས་ཅད་ཡོངས་སུ་སྤང་བའི་ཕྱིར་བདེ་བའི་མལ་ཆ་ཐོབ་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཆོས་ལ་རེག་པ་དང་ལྡན་ཞིང་ཉམས་བདེ་བའི་མལ་ཆ་ཐོབ་པར་གྱུར་ཅིག། ་སེམས་ཅན་ཐམས་ཅད་ཡོན་ཏན་གྱི་གནས་དང་ལེགས་པར་ལྡན་ཞིང་གནས་ཀྱི་གནས་ལས་བསྐྱོད་དེ་སངས་རྒྱས་ཀྱི་གནས་བླ་ན་མེད་པ་དང་མི་འབྲལ་ཞིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་གནས་པར་གྱུར་ཅིག། ་སེམས་ཅན་ཐམས་ཅད་སངས་རྒྱས་ལ་ཉེ་བར་བརྟེན་ཅིང་གནས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱི་ཆོས་ཐམས་ཅད་ལ་སྣང་བ་མཐའ་ཡས་པ་ཐོབ་པར་གྱུབ་ཅིག། སེམས་ཅན ་ཐམས་ཅད་ཆོས་ཀྱི་དབྱིངས་ཐམས་ཅད་གཅིག་ཏུ་རྒྱས་པར་འགྲེངས་ཤིང་ཐོགས་པ་མེད་པའི་སྣང་བ་ཅན་དུ་གྱུར་ཅིག། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྐུ་ཐོབ་ཅིང་ལུས་ལ་ནད་མེད་པར་གྱུར་ཅིག། སེམས ་ཅན་ཐམས་ཅད་རྣམ་པར་མི་འཁྲུགས་པའི་ཆོས་ཅན་དུ་གྱུར་ཅིང་སྨན་གྱི་རྒྱལ་པོ་ལྟ་བུར་གྱུར་ཅིག། སེམས་ཅན་ཐམས་ཅད་འགྲོ་བ་གསོ་བ་ཞུགས་ཤིང་ཐོགས་པ་མེད་པའི་སྨན་གྱི་རྒྱལ་པོ་ལྟ་བུར་གྱུར་ཅིག། ་སེམས་ཅན་ཐམས་ཅད་མཁྱེན་པའི་ནད་མེད་པ་ཐོབ་ཅིང་ནད་དང་ཟུག་རྔུ་འགགས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་བསམ་པ་ཇི་ལྟ་བ་བཞིན་དུ་སྨན་སྦྱོར་བྱེད་པར་གྱུར་ཅིག། འགྲོ་བ་ཐམས་ཅད་ཀྱི་སྨན་ལ ་མཁས་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཀྱི་ནད་ཐམས་ཅད་བཟློག་པའི་ཕྱིར་ཡོངསུ་བསྔོའོ།། སེམས་ཅན་ཐམས་ཅད་མཐུ་དྲང་སྟོབས་ཡོངས་སུ་མི་ཟད་པའི་ལུས་དང་ལྡན་པར་ཡོངས་སུ་བསྔོའོ།། སེམས་ཅན་ཐ~ཾད ་ཁོར་ཡུག་གི་རི་ལྟར་རྫི་བ་མེད་པའི་ལུས་ཀྱི་སྟོབས་དང་ལྡན་པར་ཡོངས་སུ་བསྔོའོ།། སེམས་ཅན་ཐམས་ཅད་སྟོབས་ཐམས་ཅད་ཀྱིས་བརྟན་པ་ལ་ཆོག་མི་ཤེས་པར་ཡོངས་སུ་བསྔོའོ།། སེམས་ཅན་ཐམས་ཅད་སྣོད ་ཚད་མེད་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ན་མཁའི་ཁམས་ལྟར་རྒྱ་ཆེ་བ་དང་། དྲན་པའི་དབང་པོ་དང་ལྡན་པ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཚིག་ཐམས་ཅད་བཟུང་ཞིང་བླང་བ་ལ་དྲན་པ་རྨོངས ་པ་མེད་པར་གྱུར་ཅིག། སེམས་ཅན་ཐམས་ཅད་འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ལ་དད་པ་མི་བྱེད་པ་མཆོག་འཛིན་ཅིང་དགེ་བ་རྣམ་པར་དག་པའི་སྣོད་དུ་གྱུར་ཅིག། སེམས ་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ཀུན་ཏུ་འགྲོ་བ་འཐོབ་ཅིང་དགའ་དགུར་འགྲོ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་སེམས་ཅན་ཀུན་ལ་ཁོང་ཁྲོ་བ་མེད་པ་དང་ལྡན་པའི་སེམས་སུ་གྱུར་ཅིག། སེམས་ཅན་ཐམས་ཅད་ལྷུན ་གྱིས་གྲུབ་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་ཁྱབ་པར་འགྲོ་ཞིང་སེམས་ཀྱི་སྐད་ཅིག་གཅིག་ལ་ཆོས་ཀྱི་དབྱིངས་ཐམས་ཅད་ནོན་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ངལ་བ་མེད་པའི་ཡིད་ཀྱིས་ལུས་ཐོབ་ཅིང ་ངལ་བ་དང་དུབ་པ་མེད་པར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འགྲོ་བར་གྱུར་ཅིག། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་རྗེས་སུ་ཚོལ་ཞིང་བདེ་བར་འགྲོ་བ་ལ་འཇུག་པར་གྱུར་ཅིག། དགེ་བའི ་རྩ་བ་འདིས་སེམས་ཐམས་ཅད་བྱས་པ་གཟོ་བ་དང་བྱས་པ་རྗེསུ་སྐྱོང་བས་དགེ་བའི་བཤེས་གཉེན་མི་གཏོང་བའི་སེམས་མི་འདོར་བར་གྱུར་ཅིག། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་མཐུན་པར་འཛིན་པས་དགེ་བའི་བཤེ ་གཉེན་རྣམས་དང་དོན་གཅིག་པར་གྱུར་ཅིག། སེམས་ཅན་ཐམས་ཅད་དགེ་བའི་བཤེས་གཉེན་ལ་བརྟེན་པ་ཕུན་སུམ་ཚོགས་པ་ལ་གནས་པའི་རྗེས་སུ་འཇུག་པའི་དགེ་བའི་བསམ་པ་ཅན་དུ ་གྱུར་ཅིག། སེམས་ཅན་ཐམས་ཅད་སྨོན་ལམ་གཅིག་ཏུ་གྱུར་ཏེ་དགེ་བའི་བཤེས་གཉེན་གྱི་དགེ་བའི་རྩ་བའི་ལས་ཀྱི་རྣམ་པར་སྨིན་པ་རྣམ་པར་དག་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་གཞོལ་ཞིང ་ཡང་དག་པར་ཞུགས་ནས་ཐོགས་པ་མེད་པར་ཐམས་ཅད་མཁྱེན་པའི་མཐར་འགྲོ་བར་ཤོག་ཅིག། སེམས་ཅན་ཐམས་ཅད་དགེ་བའི་རྩ་བས་ཤིན་ཏུ་ཁེབས་ཤིང་སངས་རྒྱས་ཐམས་ཅད་ཀྱི་མངོན་དུ་བསྲུང་བ་དང་ཡོངས་སུ་སྦ་བ ་ཐོབ་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ཡོན་ཏན་དང་ཡེ་ཤེས་ཀྱི་མངོན་པར་ཁེབས་ཤིང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ལས་ལྡོག་པར་གྱུར་ཅིག། སེམས་ཅན་ཐམས་ཅད་ལེགས་པར་བྱས་པར་རྣམ ་བར་མ་འཁྲུགས་ཤིང་དཀར་པོའི་ཆོས་ཅན་དུ་གྱུར་པ་ལ་སངས་རྒྱས་ཀྱི་ཆོས་ཀྱི་རྒྱུན་ཉམས་པ་མེད་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སྟོབས་བཅུའི་བླ་རེ་དང་ལྡན་ཞིང་གདུགས་ལྟ་བུར་གྱུར་ཅིག། སེམས་ཅན ་ཐམས་ཅད་བྱང་ཆུབ་ཀྱི་ཁྲི་སྟན་ཤིན་ཏུ་ཐོབ་པར་གྱུར་ཅིག། སེམས་ཅན་ཐམས་ཅད་སངས་རྒྱས་རྣམ་པར་རོལ་པའི་སེང་གེའི་གདན་ཁྲི་ཐོབ་ཅིང་འགྲོ་བའི་ཐམས་ཅད་ཀྱི་བལྟ་བའི་འོས་སུ་གྱུར་ཅིག་ཅེས་གསུངས་པ ་ཡིན་ནོ།། འཕགས་པ་ན་མཁའ་མཛད་ཀྱི་མདོ་ལས་ཀྱང་། བདག་གི་དགེ་བའི་རྩ་བ་འམ་ཆོས་ལ་མཁས་པ་གང་ཡིན་པ་དེ་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བར་མི་འགྱུར་བར་མ་གྱུར་ཅིག་ཅེས་གསུངས་སོ།། འདས་པ་དང་། ་མ་འོངས་པའི་དགེ་བ་བཏང་བ་ནི། འཕག་པ་བློ་གྲོས་མི་ཟད་པའི་མདོ་ལས། དགེ་བའི་སེམས་དང་སེམས་བྱུང་བ་རྣམས་རྗེས་སུ་དྲན་ལ་ནས་ཀྱང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ལ་མཁས་པ་འདི་ནི་འོངས་པ་ལ་མཁས ་གང་མ་འོང་བའི་དགེ་བའི་རྩ་བ་ངེས་པར་སེམས་ཤིང་བྱང་ཆུབ་ལ་མངོན་དུ་ཕྱོགས་པའི་ལས་ལ་སེམས་པས་བདག་ལ་དགེ་བའི་སེམས་བསྐྱེད་པ་འབྱུང་བ་གང་ཡིན་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་གསུངས་སོ།། དེ་ལྟར་གོམས་པའི་སེམས་ལས་བྱུང་བས་ཐམས་ཅད་བཏང་བ་ལ་མོས་པ་ཡོངས་སུ་རྫོགས་ནས་གཏོང་བའི་སེམས་ཀྱི་ཤུགས་དང་འབྲེལ་པས་ལུས་ཡོངས་སུ་འཛིན ་པ་ཐམས་ཅད་བཏང་བ་ནི། ཡོངསུ་འཛིན་པའི་རྩ་བ་ལས་བྱུང་བའི་སྲིད་པའི་སྡུག་བསྔལ་ལས་རྣམ་པར་གྲོལ་བས་གྲོལ་བ་ཞེས་བྱའོ།། བར་དུ་ཡང་བསྐལ་པ་གཞལ་དུ་མེད་ཅིང་གྲངས་མེད་དཔག་ཏུ་མེད་པར་འཇིག་རྟེན་པ ་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་རྣམ་པ་སྣ་ཚོགས་མཐའ་ཡས་པ་ཡང་མྱོང་པོར་འགྱུར་རོ།། རང་གི་ལུས་ལ་སོགས་བཱི་བསྲུང་བར་མཆིལ་པའི་གཟན་ལྟ་བུར་བདག་ལོངས། ་སྤྱོད་པར་མི་འདོད་པ་དེས་ཀྱང་གཞན་དག་ཀྱང་དྲང་ནས་གྲོལ་ལོ།། དེའི་ཕྱིར་འཕགས་པ་དཀོན་མཆོག་སྦྱིན་ལས་ཀྱང་སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་བོ་ཞེས་གསུངསོ།། བསླ ་པ་ཀུན་ལས་བཏུས་པ་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེའུ་སྟེ་དང་པོའོ།། །། དེ་ལྟར་ལུས་ལ་སོགས་པ་བཏང་བ་འདི་དག་ཀྱང་བསྲུང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། འདི་ལྟར། སེམས་ཅན་རྣམས་ཀྱིས ་ལོངས་སྤྱད་ཕྱིར།། ལུས་ལ་སོགས་པ་སྦྱིན་པར་བྱ།། མ་བསྲུངས་ལོངས་སྤྱོད་ག་ལས་འོངས།། གང་མི་སྤྱོད་པས་ཅི་ཞིག་སྦྱིན།། དེ་བས་སེམས་ཅན་ལོངས་སྤྱད་ཕྱིར།། ལུས་ལ་སོགས་པ་བསྲུང་བར་བྱ།། བྱང་ཆུབ ་སེམས་དཔའི་སོ་སོར་ཐར་པ་ལས།། ཤཱ་རིའི་བུ་གཞན་བསུ་ངོ་སྙམ་ན་བདག་བསྲུང་བར་བྱའོ་ཞེས་བྱ་བ་ནས་དེ་བཞིན་དུ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔོའ་ཆེན་པོ་ཕན་པ་འདོད་པ་དང་ལྡན་པས་སྲོག་གི་ཕྱིར ་ཡང་སྡིག་པའི་ལས་མི་བྱེད་དོ་ཞེས་བྱ་བའི་བར་དུ་གསུངསོ།། ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པོའི་མདོ་ལས་ཀྱང་། ཁུར་གྱི་དོན་དུ་ཤིང་རྟ་ལྟར་ཆོས་ཀྱི་བློ་འབའ་ཞིག་གིས་གཟུང་བར་བྱའོ་ཞེས་གསུངསོ།། དེ་བཞིན་དུ། ་འཕགས་པ་བློ་གྲོས་མི་ཟོད་པའི་བསྟོན་པའི་མདོ་ལས་ཀྱང་། སེམས་ཅན་ལ་བལྟ་བས་ལུས་ཀྱི་སྡུག་བསྔལ་གྱི་ཡོངས་སུ་མི་སྐྱེའོ་ཞེས་གསུངས་སོ།། ལུས་ལ་སོགས་པ་དེ་ཇི་ལྟར་བརྐྱང་ཞེ་ན། དགེ་བའི་བཤེས ་གཉེན་མི་བཏང་ཞིང་། སྡོང་པོ་བཀོད་པའི་མདོ་ལས། འཕགས་པ་དཔལ་འབྱུང་གིས་ཇི་སྐད་བསྟན་པ་ལྟ་བུ་སྟེ། རིགས་ཀྱི་བུ་དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་ཟིན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ངན་འགྲོར ་མི་ལྟུང་ངོ་།། དགེ་བའི་བཤེས་གཉེན་གྱི་བསམ་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བར་མི་བྱེད་དོ།། དགེ་བའི་བཤེས་གཉེན་གྱི་ཟླ་བརྐྱང་བའི་བྱང་ཆུབ་སེམས་དཔའ་རྣམས ་ནི་འཇིག་རྟེན་ལས་མངོན་པར་འཕགས་པ་ཡིན་ནོ།། དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྤྱོད་པ་ཐམས་ཅད་ལ་མི་བརྗེད་པར་སྤྱོད་པར་ཡིན་ནོ།། དགེ་བའི་བཤེས་གཉེན ་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ལས་དང་ཉོན་མོངས་པ་རྣམས་ཀྱིས་ཐུབ་པར་དཀའ་བ་ཡིན་ནོ།། དགེ་བའི་བཤེས་གཉེན་ནི་བྱ་བ་མ་ཡིན་པ་རྣམས་ཁོང་དུ་ཆུད་པར་བྱེད་པའོ།། བག ་མེད་པའི་གནས་ལས་ཡང་དག་པར་བཟློག་པའོ།། འཁོར་བའི་གྲོང་ཁྱེར་ནས་འདོན་པའོ།། རིགས་ཀྱི་བུ་དེ་ལྟ་བས་ན་དེ་ལྟར་ཡིད་ལ་བྱ་བ་རྒྱུན་མ་ཆད་པས་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་དུ་འགྲོ་བར་བྱའོ།། ཁུར ་ཐམས་ཅད་བཀུར་བས་ཡོངས་སུ་མི་སྐྱོ་བའི་ཕྱིར་ས་ལྟ་བུའི་སེམས་དང་། མི་ཕྱེད་པའི་ཕྱིར་རྡོ་རྗེ་ལྔ་རྗེ་ལྟ་བུའི་སེམས་དང་། སྡུག་བསྔལ་ཐམས་ཅད་ཀྱིས་མི་བསྐུལ་བའི་ཕྱིར་ཁོར་ཡུག་ལྟ་བུའི་སེམས་དང་། ལས་ཐམས། ་ཅད་ཉམས་སུ་ཙ་བླང་བ་ལ་མི་སྨོས་པས་འཇིག་རྟེན་གྱི་བྲན་པ་ལྟ་བུའི་སེམས་དང་། ང་རྒྱལ་དང་ཆེ་བའི་ང་རྒྱལ་རྣམ་པར་སྤོང་བས་ཕྱག་དར་བ་ལྟ་བུའི་སེམས་དང་། ཁུར་ལྕི་བ་བཀུར་བས་ཐེག ་པ་ལྟ་བུའི་སེམས་དང་། མི་ཁྲོ་བས་ཁྱི་ལྟ་བུའི་སེམས་དང་། འགྲོ་ཞིང་འོང་བས་ཡོངས་སུ་མི་སྐྱོ་བས་གྲུ་ལྟ་བུཥྚི་སེམས་དང་། དགེ་བའི་བཤེས་གཉེན་གྱི་ངོར་ལྟ་བས་བུ་འཛངས་པ་ལྟ་བུའི་སེམས་ཀྱིས་དགེ་བའི ་བཤེས་གཉེན་ལ་བསྙེན་བཀུར་བྱའོ།། རིགས་ཀྱི་བུ་ཁྱོད་ཀྱི་རང་ལ་ནི་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ།། དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། རྗེས་སུ་བསྟན་པ་ལ་ནི་སྨན་གྱི་འདུ་ཤེས་དང་། ་ནན་ཏན་ཉམས་སུ་བླངས་པ་ལོ་ནཱི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ།། རིགས་ཀྱི་བུ་ཁྱོད་ཀྱིས་རིང་ལ་ནི་འཇིགས་པའི་འདུ་ཤེས་བསྐྱེད་པར་བྱའོ།། དགེ་བའི་བཤེས་གཉེན་ལ་ནི་དཔའ་བོའི་འདུ་ཤེས་དང་། ་རྗེས་སུ་བསྟན་པ་ལ་ནི་མཚོན་ཆའི་འདུ་ཤེས་དང་། ནན་ཏན་ལ་ནི་དགྲ་སེལ་བའི་འདུ་ཤེས་བསྐྱེད་པར་བྱའོ།། ཡང་དེ་ཉིད་ལས་དགེ་བསྙེན་མི་མཽ་གཡོ་མའི་རྣམ་པར་ཐར་པ་ལས་ཀྱང་། རིགས་ཀྱི་བུ་དགེ་བའི ་བཤེས་གཉེན་གྱི་རྗེས་སུ་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཐུགས་མཉེས་པར་འགྱུར་རོ།། དགེ་བའི་བཤེས་གཉེན་གྱི་ཚིག་དང་མི་འགལ་བར་གནས་པའི ་བྱང་ཆུབ་སེམས་དཔའ་ལ་ཐམས་ཅད་མཁྱེན་པ་ཉེ་བར་འགྱུར་རོ།། དགེ་བའི་བཤེས་གཉེན་གྱི་ཚིག་ལ་ཐེ་ཚོམ་མེད་པ་ལ་དགེ་བའི་བཤེས་གཉེན་རྣམས་ཉེ་བར་འགྱུར་རོ།། དགེ་བའི་བཤེས་གཉེན་ཡིད་ལ་བྱེད ་པ་དང་། མ་བྲལ་བ་ལ་དོན་ཐམས་ཅད་མངོན་དུ་འགྱུར་རོ།། ཞེས་གསུངས།། དེ་ཉིད་ཀྱི་ཕྱིར་འཕགས་པ་ནོར་བཟང་གིས་དགེ་སློང་རྒྱ་མཚོའི་རྒྱལ་མཚན་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ལན ་བརྒྱ་སྟོང་དུ་མས་བསྐོར་བ་བྱས་ནས་དགེ་སློང་རྒྱ་མཚོའི་རྒྱལ་མཚན་ལ་བཏུད་དེ་ཕྱག་འཚལ་ནས། ཡང་དང་ཡང་དུ་བལྟ་ཞིང་ཡང་དང་ཡང་མངོན་པར་བལྟ་བ་དང་། ཕྱག་བྱ་བ་དང་། རབ་ཏུ་འདུད་པ་དང་། ་གུས་པར་བྱ་བ་དང་། རིམ་གྲོར་བྱ་བ་དང་། ཡིད་ལ་བྱ་བ་དང་། བསམ་པ་དང་། བསྒོམ་པ་དང་། ཡོངས་སུ་བསྒོམ་པ་དང་། ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དུ་མེད་པ་དང་། ངོ་མཚར་དུ་བྱ་བ་དང་། ཡོན་ཏན ་མངོན་དུ་བྱི་དང་། རྗེས་སུ་བསྔགས་པ་དང་། རྗེས་སུ་འབྲང་བར་བྱ་བ་དང་། རྗེས་སུ་དྲན་པ་དང་། བརྟན་པར་བྱ་བ་དང་། མི་བཏང་བ་དང་། ཡིད་ལ་བསམ་པ་དང་། ཉེ་བར་འབྲེལ་བར་བྱ་བ་དང་། སྨོན་ལམ་གྱི་རྗེས ་སུ་འཇུག་པར་བྱ་བ་དང་། མཐོང་ན་དགའ་བ་དང་། དབྱངས་ཀྱིས་མཚན་མར་གཟུང་བ་དང་། གཟུགས་ཀྱི་རྗེས་སུ་བསམ་པ་དང་། མིང་ཡོངས་སུ་གཟུང་བའི་རྗེས་སུ་སོང་བའི་སེམས་དང་ལྡན་པར་བྱ་བ་དང་། ཁ་དོག ་དང་དབྱིབས་རྗེས་སུ་དྲན་པར་བྱ་བ་དང་། ཡེ་ཤེས་ཀྱི་ཡུལ་རྗེས་སུ་བསམ་པ་དང་། ཏིང་ངེ་འཛིན་གྱི་ཡུལ་ལ་རྗེས་སུ་འཇུག་པར་བྱ་བ་དང་། སྨོན་ལམ་གྱི་ཡུལ་ལ་རྗེས་སུ་འབྲང་བ་དང་། ་སྤྱོད་ཡུལ་གྱི་ཡུལ་རྣམ་པར་དཔྱད་པར་བྱ་བ་དང་། ཡེ་ཤེས་ཀྱི་སྣང་བ་ཡོངས་སུ་བཟུང་བར་བྱེད་ཅིང་དགེ་སློང་རྒྱ་མཚོའི་རྒྱལ་མཚན་གྱི་དྲུང་ནས་སོང་ངོ་།། དེ་བཞིན་དུ་དགེ་བའི་བཤེས་གཉེན་ལས་འོས་པའི་ཐམས་ཅད ་མཁྱེན་པ་ཉིད་ལ་ཡང་དག་པར་བལྟ་ཞིང་གདོང་མཆི་མས་གང་བར་ངུས་ཏེ། དྲ་བྷི་ལ་སྤྲིན་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས་ཡང་དང་ཡང་བལྟས་ཏེ་ཕྱག་འཚལ་ཞིང་དྲ་བྱི་ལ་སྤྲིན་གྱི་དྲུང་ནས་སོང་ངོ་།། བྱང་ཆུབ ་སེམས་དཔའི་སོ་སོར་ཐར་པ་ལས་ཀྱང་། ཤཱ་རིའི་བུ་འདི་བྱང་ཆུབ་སེམས་དཔའ་ནི་མཁན་པོ་དང་སློབ་དཔོན་ལ་གུས་པས་གང་ཡོངས་སུ་མི་གཏོང་བའི་རིན་པོ་ཆེ་དེ་འཇིག་རྟེན་ན་མེད་དོ།། གང་ལུས་ཀྱི་རིམ་གྲོ་མི་བྱ་མེད་དོ།། ་གང་རྐང་པས་བཏང་བ་ལ་མི་སྤྲོ་བ་མེད་དོ།། གང་དག་གིས་ལས་ལ་མི་སྤྲོ་བ་མེད་དོ།། དེ་བཞིན་དུ་སྦྱར་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་ནི་འཆིང་བ་ཐམས་ཅད་གཅད་པར་འགྱུར་བའོ།། ཆོས་འདི་ནི་སྐྱེ་བོ་དང་རྒ་བ ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་གཅོད་པར་འགྱུར་བའོ་སྙམ་ནས་རིན་པོ་ཆེའི་སེམས་བསྐྱེད་དོ།། ཆོས་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ནད་ཉེ་བར་ཞི་བར་བྱེད ་པར་འགྱུར་བས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་ནད་ཉེ་བར་ཞི་བར་བྱེད་པའི་ཆོས་འདི་ལྟ་བུ་འདོད་པར་བྱའོ་སྙམ་མོ་ཞེས་གསུངས་སོ།། ཁྱིམ་བདག་དྲག་ཤུལ་ཅན་གྱི་ཞུས་པ་ལས་ཀྱང་། ཁྱིམ་བདག་གལ་ཏེ་བྱང་ཆུབ ་སེམས་དཔའ་ལུང་ཀློག་པ་དང་ཁ་ཏོན་བྱ་བ་དོན་དུ་གཉེར་བས་སྦྱིན་པ་དང་། ཚུལ་ཁྲིམས་དང་བཟོད་པོ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ལྡན་པ་འམ་བྱང་ཆུབ་སེམས་དཔའི་ལམ་གྱི་ཚོགས་སོགས ་པ་དང་ལྡན་པའི་ཚིག་བཞི་པའི་ཚིགས་སུ་བཅད་པ་སུ་ལས་མཉན་ཏམ་ལུང་མནོས་སམ་བླངས་པའི་སློབ་དཔོན་དེ་ལ་དེས་ཆོས་ཀྱི་གུས་པ་བྱའོ།། མིང་དང་ཚིག་དང་ཡི་གེ་ཇི་སྙེད་ཀྱི་ཚིགས་སུ་བཅད་པ་དེ་བསྟན་པ་དེ་སྙེད ་ཀྱི་བསྐལ་པར་གལ་ཏེ་སློབ་དཔོན་དེ་ལ་གཡོ་མེད་པར་རྙེད་པ་དང་བཀུར་སྟི་དང་མཆོད་པ་ཐམས་ཅད་ཀྱིས་རིམ་གྲོ་དང་བསྙེན་བཀུར་བྱས་ཀྱང་ཁྱིམ་བདག་ད་དུང་དུ་སློབ་དཔོན་ལ་སློབ་དཔོན་གྱི་གུས་པར་བྱ་བ་ཡོངས་སུ ་རྫོགས་པ་མ་ཡིན་ན་ཆོས་ཀྱི་གུས་པ་ལྟ་ཅི་སྨོས་ཤེས་གསུངས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་ཀྱང་། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ཤིན་ཏུ་གུས་པ་བསྐྱོད་པར་བྱའོ།། ཕངས།། ་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དེ་ལྟ་བུའི་རང་བཞིན་གྱི་ཡོན་ཏན་དག་དང་བླ་མ་ལ་གུས་པ་ཡིད་ལ་བྱེད་པ་དག་དང་ལྡན་པས་སོང་བས་མཐར་གྱིས་གྲོང་ཁྱེར་གཞན་ཞིག་ཏུ ་ཕྱིན་པ་དང་། དེའི་གྲོང་བར་གྱི་ཚོང་འདུས་ཀྱི་དབུས་སུ་ཕྱིན་ནས། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གི་ལུས་བཙོངས་ལ། དེའི་རིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས ་འཕགས་པ་ལ་བཀུར་སྟི་བྱའོ།། ཡུན་རིང་པོ་ནས་བདག་གི་ལུས་སྟོང་ཞིག་ཅིང་ཟད་དེ་བཙོངས་སོ།། འཁོར་བ་དཔག་ཏུ་མེད་པ་ན་འདོད་པའི་ཕྱིར་འདོད་པའི་རྒྱུས་ཡང་དང་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་དཔག་ཏུ་མེད ་པ་དག་མྱོང་ཡང་འདི་ལྟ་བུའི་ཆོས་ཀྱི་ཕྱིར་རམ་འདི་ལྟ་བུའི་སེམས་ཅན་ཆེན་པོ་ལ་བཀུར་སྟི་བྱ་བའི་ཕྱིར་མ་ཡིན་ནོ་སྙམ་མོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུས་གྲོང་བར་གྱི་ཚོང་འདུས་ཀྱི་དབུས ་སུ་འདུག་སྟེ། མི་སུ་འདོད་མི་སུ་འདོད་ཅེས་སྒྲ་བསྒྲགས་ཤིང་སྐད་ཀྱིས་ཐོས་པར་བོས་སོ།། དེ་བཞིན་དུ་སྦྱར་ཏེ། དེ་ནས་བདུད་སྡིག་ཅན་གྱིས་ཅི་ནས་བྲམ་ཟེ་དང་ཁྱིམ་བདག་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྟག་ཏུ་ངུས་མི་སུ་འདོད་སུ་ང་ཉོ་བར་འདོད་ཅེས་ཟེར་བའི་སྒྲ་མི་ཐོས་པར་འགྱུར་བར་དེ་ལྟ་བུར་ཡོངསུ་བསྒྲིབས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་གང་གི་ཚེ་པདག་ཉོ་བ་མ་རྙེད ་པ་དེའི་ཚེ་ཕྱོགས་གཅིག་ཏུ་སོང་ནས་མཆི་མ་ཕྱུང་སྟེ་འདི་ལྟར་བདག་གིས་ལུས་བཙོངས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་བཀུར་སྟི་བྱ་སྙམ་ན། ལུས་ཉེ་བ་ཡང་བདག་གིས་མ་རྙེད་དེ། ་ཀྱེ་མ་བདག་ནི་ཐོབ་པ་ངན་པ་ཐོབ་པོ་སྙམ་མོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་ལྟ་སྟེ་ཆོས་འདོད་པའི་ཕྱིར་བདག་གི་ལུས་ཡོངས ་སུ་བཏང་བར་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནམ་མ་ཡིན་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་བདག་གིསད་པར་བྱའོ་སྙམ་སྟེ། ལྷའི་དབང་པོ་བརྒྱ་བྱིན་བྲམ་ཟེའི་ཁྱིའུའི་ཆ་བྱད ་དུ་མངོན་པར་སྤྲུལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ག་ལ་བ་དེར་སོང་སྟེ་འོངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་འདི ་ལྟར་ཡིད་མི་དགའ་ཞིང་ཡིད་གདུང་ལ་མཆི་མ་འབྱུང་བ་ཅི་ཉེས། དེས་སྨྲས་པ། བྲམ་ཟེའི་ཁྱེའུ་ང་ནི་ཆོས་འདོད་པའི་ཕྱིར་བདག་ཉིད་བཙོངས་ཏེ། ཆོས་ལ་མཆོད་པར་བྱ་བར་འདོད་ན། ལུས་ཉོ་བར་དེ་ང་མ་རྙེད་ནས་དེ་ལ ་ངའདི་སྙམ་སེམས་སོ།། ཀྱེ་མ་ང་ནི་བསོད་ནམས་ཆུང་བས་འདིར་ལྟར་ལུས་བཙོངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པ་བྱ་བ་དང་། འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས ་འཕགས་ལ་ཡང་བཀུར་སྟི་བྱ་སྙམ་ན་བདག་གི་ལུས་ཉོ་བ་མ་རྙེད་དོ་སྙམ་མོ།། དེ་ནས་བྲམ་ཟེའི་ཁྱིའུ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ང་ལ་མིས་ནི ་བྱ་བ་མེད་ཀྱི། དྲ་མཛོད་སྦྱིན་ཞིག་བྱེད་དེ་དེར་མིའི་སྙིང་དང་ཁྲག་དང་རུས་དང་རྐང་དག་ང་ལ་དགོས་ན་དེ་རིན་གྱིས་ཉོ་བྱིན་ཅིག་ཅེས་བྱས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རྟག་ཏུ་ངུ་འདི་སྙམ་པ་སེམས་ཏེ།། མ་ཟེའི་ཁྱེའུ་ངས། སྙིང་དང་ཁྲག་དང་རུས་པ་དང་རྐང་ཉོ་བ་རྙེད་པ་འདི་ནི་བདག་གི་རྙེད་པའི་མཆོག་ལེགས་པར་རྙེད་དོ།། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་དང་བབས་མཁས་པོ་ལ་ཡོངས་སུ་རྫོགས་པར་འགྱུར་སྙམ་ནས། དེས་སེམས་དགའ་བ་དང་སེམས་བདེ་བ་དང་རབ་ཏུ་དགའ་བར་གྱུར་ནས། བྲམ་ཟེའི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེའི་ཁྱེའུ་དེའི ་ལུས་འདི་ལས་ཁྱོད་གང་འདོད་པ་སྦྱིན་། དེས་འདི་སྐད་ཅེས་སྨྲསོ།། རིགས་ཀྱི་བུ་ཁྱོད་རིན་དུ་ཅི་འདོད་པ་ནི་སྦྱིན་ནོ་ཞེས་སྨྲས་པ་དང་། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེའི་ཁྱེའུ་ཁྱོད་ཀྱིས་གང་ཡོངས ་སུ་བཏང་དེ་ངལ་བྱིན་ཅིག། དེ་ནས་བྱང་ཆུབ་སེམས་སེམས་དཔའི་ཆེན་པོ་རྟག་ཏུ་ངུས་མཚན་རྣོན་པོ་ཐོགས་ནསོ། ལག་པ་གཡས་པ་ཕུག་སྟེ་ཁྲག་གཟུགསོ།། བརླ་གཡས་པ་ཤི་མེད་པར་གཏོགས་ནས ་རུས་པ་གཅོག་ཏུ་རྩིག་པའི་དྲུང་དུ་སོང་ངོ་། དེ་མས་ཚོང་དཔོན་གྱི་བུ་མོ་ཞིག་ཁང་པོའི་ཡང་ཐོག་ན་འདུག་པ་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་བརླ་ཤ་མེད་པར་གཏོགས་ནས། རུས ་པ་གཅིག་ཏུ་རྩིག་པའི་དྲུང་དུ་སོང་བ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་འདི་ཅིའི་ཕྱིར་བདག་ཉིད་ལ་བདག་ཉིད་འདི་ལྟ་བུའི་ན་ཚ་བྱེད་པ་བདག་རིགས་ཀྱི་བུ་དེའི་དྲུང་དུ་སོང་སྟེ་དྲིའོ་སྙམ་ནུས་ཚོང་དཔོན ་གྱི་བུ་མོ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག། ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཅིའི་ཕྱིར་ཁྱོད་བདག ་ཉིད་ལ་འདི་ལྟ་བུའི་ན་ཚེ་དག་བྱེད། ཁྲག་དང་རུས་པ་དང་རྐང་འདས་ཅི་ཞིག་བྱ། རྟག་ཏུ་དུས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེའི་ཁྱེའུ་འདི་ལ་བཙོངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཆོད་པར་བྱའོ།། ་འཕགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ལ་ཡོད་བཀུར་སྟི་བྱའོ།། དེ་ནས་ཚོང་དཔོན་གྱི་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐོད་ཅེས་སྨྲས་སོ།། རིག ་ཀྱི་བུ་ཁྱོད་འདི་ལྟར་བདག་གི་སྙིང་དང་ཁྲག་དང་རུས་པ་དང་། རྐང་ཡང་བཙོངས་ཏེ་རིགས་ཀྱི་བུ་དེ་ལ་བཀུར་སྟི་བྱ་བར་འདོད་པ། ཁྱོད་ལ་ཡོན་ཏན་གྱི་རྣམ་པ་ཅི་ཞིག་འགྲུབ་པར་འགྱུར། དེས་དེ་ལ་སྨྲས་པ་བུ་མོ་རིགས ་ཀྱི་བུ་དེ་གང་ལ་ངས་བསླབ་པར་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དག་སྟོན་པར་འགྱུར་ཏེ། དེ་ལ་ངོས་བསླབ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས ་བར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་འགྱུར་རོ།། དེ་བཞིན་དུ་སྦྱར་ཏེ། དེ་ནས་ཚོང་དཔོན་བུ་མོ་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་ལ་འདི་སྐད་ཅེས་སྨྲས་སོ།། ་རིགས་ཀྱི་བུ་ཁྱོད་ཀྱི་འདི་ལྟར་ཆོས་རྒྱ་ཆེན་པོ་འདི་དག་ཡོངས་སུ་བརྗོད་པ་ནི་ངོ་མཚོརརེ་ཏི། རིགས་ཀྱི་བུ་ཆོས་འདི་ལྟ་བུ་རེ་རེའི་ཕྱིར་ཡང་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ལུས་ཡོངས་སུ་བཏང་པར་བྱ་བ་ཡིན་ན། གཅིག་ལྟ་ཅི ་སྨྲས་ཏེ། དེ་ཙམ་དུ་ཁྱེད་ཀྱིས་ཆོས་འདི་དག་རྒྱ་ཆེར་ཡོངས་སུ་བརྗོད་ན་རིགས་ཀྱི་བུ་ཁྱོད་གང་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་བསྟན་ལ་བཀུར་སྟི་བྱ་བའི་གསེར་རམོ་ནོར་བུ་འམ་མུ་ཏིག་གམ་བཻ་ཟླ ་རྱ་འམ། ཞེས་བྱ་བ་ནས། བདག་ཀྱང་ཁྱེད་ཀྱི་སྩོལ་བའི་གཡོག་མོ་ལྔ་བརྒྱ་འདི་དག་དང་ལྷན་ཅིག་ཏུ་ཆོས་འཕགས་ལ་མཆོད་པ་བགྱི་བའི་སླད་དུ་མཆིའོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་སྦྱར་རོ།། དེ་ནས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཆ་ཕགས་བསྟན་ལས་ལངས་ཏེ། བདག་གི་ཁྱིམ་དུ་ཞུགས་པ་དང་ཞེས་བྱ་བ་ནས། ལོ་བདུན་གྱི་བར་དུ་ཏིངེ་འཛིན་གཅིག་ལ་སྙོམས་པར་ཞུགས་ཏེ་ཞེས་བྱ་བའི་བར་དང་། བྱེད་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པ་རྟག་ཏུ་ངུ་ཡང་ལོ་བདུན་གྱི་བར་དུ་འདོད་པའི་རྟོག་པ་མ་བྱུང་། གནོད་སེམས་ཀྱི་རྟོག་པ་མ་བྱུང་། རྣམ་པར་ཆེ་བའི་རྟོག་པ་མ་བྱུང་། རོ་ལ་བསྐམ་པ་མ་སྐྱེས་ཏེ། གཞན་དུ་ན་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ཆོས་འཕགས་ནམ་ལྡན་པར་འགྱུར། བདག་ཅག་ཀྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱི་ཆོས་ཀྱི་ཁྲི་གང་ལ་རིགས་ཀྱི་བུ་དེ་འདུག་ནས་ཆོས་སྟོན་པར་འགྱུར་བའི་ཆོས་ཀྱི་ཁྲི ་བཤམས་ན། བདག་གི་ས་ཕྱོགས་འདི་ཚིག་ཆག་བཏབ་ཀྱི་ལེགས་པར་བྱུགས་ལ་མེ་ཏོག་སྣ་ཚོགས་གཏོར་ཏེ། ས་ཕྱོགས་གང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་དང་ཐབས་མཁས་པ་རབ་ཏུ་སྟོན་པར་འགྱུར་པ་དེ་ལེགས་པར་བྱུག་པར་བྱའོ་སྙམ་མོ།། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་བའི་རྗེས ་སུ་སློབ་ཅིང་སྤྱོད་ལམ་གཉིས་དུས་འདའ་བར་བྱེད་དེ་བྱ་བ་ཐམས་ཅད་ཀྱང་དེའི་རྗེས་སུ་འཇུག་གོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུས་ལྷའི་སྒྲ་ཐོས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་པོ་ཆོས་འཕགས་གཞན་ཞག་བདུན་ན་ཏིང་ངེ་འཛིན་ལས་ལྡང་སྟེ། ལངས་ནས་ཀྱང་གྲོང་ཁྱེར་གྱི་དབུས་སུ་འདུག་སྟེ་ཆོས་སྟོན་པར་འགྱུར་རོ་ཞེས་གྲངས་ནས།། བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་དཔའ་ཆེན ་པོ་རྟག་ཏུ་ངུ་ལྷའི་སྒྲ་དེ་ཐོས་པ་དང་། དགའ་མགུ་ཡི་རངས་རབ་ཏུ་མགུ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་དང་། ས་ཕྱོགས་དེ་ཕྱགས་ནས། ཆོས་ཀྱི་ཁྲི་རིན་པོ ་ཐམས་ཅད་ཀྱིས་སྤྲས་པ་བཤམསོ།། དེ་ནས་བུ་མོ་དེ་དག་གིས་རང་རང་གི་བླ་གོས་ཕུད་དེ། སྟན་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འཕགས་འདུག་ནས་ཆོས་སྟོན་པར ་འགྱུར་བ་དེར་བཏིང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཕྱོག་ས་དེར་ཆག་ཆག་གདབ་པར་འདོད་ན། བདུད་སྡིག་ཅན་གྱིས་ཆུ་ཐམས་ཅད་མི་སྲུང་བར་བྱས་ནས། ཅི་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུས་ཆུ་མ་རྙེད་ནས་ཡིད་མི་དགའ་ཞིང་སེམས་སྡུག་བསྔལ་ཏོ་སེམས་གཞན་དུ་འགྱུར་བ་དང་། དགེ་བའི་རྩ་བ་ནུབ་པར་འགྱུར་བ་དང་། མཆོད་པ་དེ་ཡང་མི་མཛེས་པར་བྱ་བའི་ཕྱིར་ཆུ་དེ་དག ་མི་སྣང་བར་བྱས་ནས། ཀུན་ཏུ་ཆུ་བཙལ་ནུ་མ་རྙེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་འདི་སྙམ་དུ་སེམས་ཏེ། བདག་གི་ལུས་ཕུག་ལ་ཁྲག་གིས་ས་ཕྱོགས་འདི་ཆུག་ཆུག་གདོབ་བློ།། དེ ་ཅིའི་ཕྱིར་ཞེ་ན། ས་ཕྱོགས་འདི་ནི་རྡུལ་ཆེ་སྟེ། རྡུལ་གྱིས་ཁམས་འདི་ནས་བྱུང་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་ལུས་ལ་ཕོག་ན་མི་རུང་སྟེ། བདག་གིས་ལུས་གདོན་མི་ཟ་བར་འཇིག་པ ་འདིས་ཅི་ཞིག་བྱ་བ་དག་གི་ལུས་འདི་ལྟ་བུའི་བྱ་བ་ལ་ཞིག་པ་ནི་བྲའི། ནུས་པ་མེད་པའི་བྱ་བ་ལ་འདོད་པའི་ཕྱིར་འདོད་པའི་བཞིས་འཁོར་བ་དག་ན་བདག་གི་ལུས་བརྒྱ་སྟོང་མང་པོ་དེ་ལྟ་བུའི་གནས་སུ་ཞིག་པ་ནི་ཅིར་ཡང་མི་རུང ་སྙམ་མོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་དུས་མཚོན་རྣོན་པོ་བླངས་ཏེ། བདག་གིས་ལུས་ཀུན་ཏུ་ཕུག་ནས་རང་གི་ཁྲག་གིས་ས་ཕྱོགས་དེ་ཁོར་ཡུག་ཏུ་ཆག་ཆག་བཏབ་པོ།། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུའི་རྗེས་སུ་སློབ་པ་ཚོང་དཔོན་གྱི་བུ་མོ་ལ་སོགས་པ་བུ་མོ་ལྔ་བརྒྱ་པོ་དེ་དག་ཐམས་ཅད་ཀྱིས་ཀྱང་མཚན་རྣོན་པོ་བླངས་ཏེ། རང་རང་གི་ལུས་ཕུག་ནས་རང་རང་གི་ཁྲག་གིས་ས་ཕྱོགས ་དེ་ཆག་ཆག་བཏབ་སྟེ། གང་དེ་དག་ལ་བདུད་སྡིག་ཅན་གྱིས་དགེ་བའི་ཕྱོགས་ཀྱི་བར་ཆད་བྱ་བར་གླགས་རྙེད་པར་མི་འགྱུར་བར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུ་དང་བུ་མོ་དེ་དག་སེམས་གཞན་དུ་འགྱུར ་བ་མེད་དོ་ཞེས་གསུངས་སོ།། དེ་བས་ན་ཆོས་བཞི་པའི་མདོ་ལས་ཀྱང་། དགེ་སློང་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དགེས་པའི་བཤེས་གཉེན་སྲོག་གི་ཕྱིར་ཡང་ཡོངསུ་བཏང་བར་མི་བྱ་བ་དང་ཞེས ་གསུངས་སོ།། དེ་ལྟར་དགེ་བའི་བཤེས་གཉེན་མི་བཏང་བས་བདག་ལ་སོགས་པ་བསྲུང་པོ་ལ་སོགས་པ་བྱའོ།། མདོ་སྡེ་དག་ལ་རྟག་བལྟ་བས་ཀྱང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའི་བསླབ་པའི་གཞི་རྣམས ་ནི་ཕལ་ཆེར་མདོ་སྡེ་དག་ལས་སྣང་སྟེ། མདོ་སྡེ་དེ་དང་དེ་དག་ལས་བྱང་ཆུབ་སེམས་དཔའི་ཀུན་ཏུ་སྦྱད་བ་དང་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་བཅས་སོ་ཞེས་གསུངས་པའི་ཕྱིར་རོ།། དེ་ལྟ་བས་ན་ད་མ ་ལྟས་ན་ལྟུང་བ་མི་འབྱུང་ཡང་མི་ཤེས་པས་མི་སྤོང་བར་འགྱུར་བས་རྟག་ཏུ་མདོ་སྡེ་བལྟ་བ་ལ་གུས་པར་བྱའོ།། དེས་ན་འདིས་ནི་དགེ་བའི་བཤེས་གཉེན་མི་བཏང་བ་དང་། མདོ་སྡེ་བལྟ ་བས་དམ་པའི་ཆོས་ཡོངས་སུ་བཟུང་བར་བརྗོད་པ་ཡིན་ནོ།། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རིགས་ཀྱི་བུ་འོན་ཀྱང་ཡི་གེའི་ངེས་པའི་ཚིག་གང་དག་གིས་བརྗོད་དུ་མེད་པ་འདུས་མ་བྱས་ཀྱི་ཆེས ་དེ་བརྙེད་པའི་ཡི་གེའི་ངེས་པའི་ཚིག་དེ་དག། གང་ལེན་པ་དང་། འཛིན་པ་དང་། སྟོན་པ་དང་། རབ་ཏུ་ཤེས་པར་བྱེད་པ་དང་། འཇོག་པ་དང་། རྣམ་པར་འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད ་པ་དང་། ཡང་དག་པར་རབ་ཏུ་སྟོན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་ཆོས་སྨྲ་བ་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང་སྟོན་པ་དང་སྒྲུབ་པ་སྙིང་པོར་བྱེད ་པའི་ཆོས་སྨྲ་བ་དེ་དག་ལ་གང་བསྙེན་པ་དང་བསྟེན་པ་དང་བསྙེན་བཀུར་བྱེད་པ་དང་ལྡང་བ་དང་རིམ་གྲོ་བྱེད་པ་དང་། གུས་པར་བྱེད་པ་དང་། ཞེས་བྱེད་པ་དང་། བསྟི་སྟང་བྱེད་པ་དང་། ཀུན་བསྲུང་བ་དང་། སྦེང་པོ ་དང་། ཡོངས་སུ་འཛིན་པ་དང་། གོས་དང་ཟས་དང་མལ་ཆ་དང་ན་བའི་གསོས་སྨན་དང་ཡོ་བྱད་སྦྱིན་པ་དང་། ལེགས་སོ་ཞེས་བྱ་བ་སྦྱིན་པ་དང་། རྗེ་བོ་ལྟར་ཀུན་ཏུ་བསྲུང་བ་དང་། དགེ་བ་ཀུན་ཏུ་བསྲུང་བ ་དང་། བསྔགས་པ་བརྗོད་པ་དང་། མི་སྙན་པ་འཆུབ་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་གཞན་ཡང་རྩོད་པ་མེད་པ་ལྷུར་ལེན་པ་དང་། ཆོས་མ་ཡིན་པས ་རྩོད་པ་རྣམས་ཆོས་དང་མཐུན་པར་ཚར་གཅོད་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་ཞེ་སྡང་མེད་པའི་རྒྱུ་དང་། སེམས་ཅན་ཐམས་ཅད་བསྡུ་བ་དང་རབ་ཏུ་ཐར་པར་བྱའི་བློ་དང་ཟད ་ཟིང་མེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྦྱིན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་གཞན་ཡང་གང་ཆོས་མཉན་པའི་རྒྱུ་འམ་ཆོས་བསྟན་པའི་རྒྱུར་ཐ་ན་གོམ་པ ་གཅིག་འདོར་རམ་ཐ་ན་དབུགས་གཅིག་འབྱིན་ཏམོ་རྔུབ་ཀྱང་རུང་སྟེ། འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་གང་ཆོས་ཐམས་ཅད་ཡོངས་སུ་མི་འཛིན་ཅིང་མི་ལེན་པ་འདི་ཡང་དམ་པའི ་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ།། དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་ཀྱེ་མའོ་སེམས་འདི་ནི་ཕྱིན་ཅི་ལོག་གི་ཡུལ་ལ་རབ་ཏུ་འཕྱར་བ་སྟེ། གང་དེ་ཟློག་པ་དང་ཡོངས་སུ་བསྲུང་བ་དང་། རྩེ་གཅིག་ཏུ་འགྱུར་བ་དང་དུལ ་བ་དང་ཞི་བ་དང་ཉེ་བར་ཞི་བ་དང་འདུལ་བ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ།། དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་གཞན་ཡང་ཆོས་གང་གིས་ཆོས་གང་འབྱུང་བའི་ཆོས་དེ་ཡོངས་སུ་འཛིན་པ་དང་མི་ལེན་པ ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ།། དེ་ལ་ཆོས་སྨྲས་པ་ལ་བརྟེན་པ་ལ་སོགས་པས་དགེ་བའི་བཤེས་གཉེན་མི་བཏང་བ་དང་དགེ ་བའི་བཤེས་གཉེན་གྱི་མཚན་ཉིད་ནི་བཤད་ཟིན་ཏོ།། དེའི་ཕྱིར་དམ་པའི་ཆོས་ཡོངས་སུ་འཛིན་པ་འདི་མེད་ན། སྲུང་བར་མི་འགྱུར་དག་པར་མི་འགྱུར་ལ། དེའི་ཕྱིར་དེ་ཡང་བྱང་ཆུབ་སེམས་དཔར་མི་འགྱུར་བས། ངེས ་པར་དམ་པའི་ཆོས་ཡོངས་སུ་བཟུང་བར་བྱའོ།། དཔལ་ཕྲེང་སེང་གེའི་སྒྲའི་མདོ་ལས་ཀྱང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྨོན་ལམ་གངྒཱའི་ཀླུང་གི་བྱེ་མ་སྙེད་གང་ལགས་པ་དེ་དག་ནི་སྨོན་ལམ་ཆེན་པོ་གཅིག་གི ་ནང་དུ་འུབ་ཅིང་འདུས་ཏེ་རྗེས་སུ་ཞུགས་པ་ལགས་ཏེ་འདི་ལྟ་སྟེ་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་རོ།། བཅོམ་ལྡན་འདས་དེ་ལྟར་ན་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་ཡུལ་ཆེན་པོ་ལགས་སོ་ཞེས་གསུངས་སོ།། ཡང་དེ་ཉིད ་ལས་ལྷ་མོ་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་སྟོབས་ཆེན་པོ་དང་ལྡན་པས་གནང་དུ་མི་དྲག་པར་བསྣུན་ན་ཡང་གནོད་པར་འགྱུར་ཞིང་མི་བདེ་བར་བྱེད་དོ།། ལྷ་མོ་དེ་བཞིན་དུ་དམ་པའི་ཆོས་ཡོངས་སུ་འཛིན་པ་ཆུང་ངུས་ཀྱང་བདུད་སྡིག་ཅན ་ལ་གནོད་པར་འགྱུར་ཞིང་མྱ་ངན་སྐྱེད་དེ་སྨྲེ་ངག་འདོན་པར་བྱེད་པར་འགྱུར་རོ།། ལྷ་མོ་འདི་ལྟར་དམ་པའི་ཆོས་ཡོངས་སུ་འཛིན་པ་ཆུང་ངུས་ཀྱང་བདུད་སྡིག་ཅན་ལ་གནོད་པར་འགྱུར་ཞིང་སྡུག་བསྔལ་བསྐྱེད་དེ། སྨྲེ་སྔགས་འདོན་པར ་བྱེད་པ་ལྟ་བུའི་ཆོས་གཞན་ནི་ངས་གཅིག་ཀྱང་མ་མཐོང་ངོ་ཞེས་གསུངས་སོ།། ཡང་དེ་ལས་ལྷ་མོ་འདི་ལྟ་སྟེ་དཔེར་ན་རིའི་རྒྱལ་པོ་རི་རབ་ཀྱི་གནམ་འཕང་དང་ཞེང་རྒྱས་རི་ནག་པོ་ཐམས་ཅད་ཟིལ་གྱིས་མནན་ནས་ཀུན་ཏུ་ཐལ་ལེ ་ཞིང་མངོན་པར་ཐལ་ལེ་འདུག་གོ།། ལྷ་མོ་དེ་བཞིན་དུ་ཐེག་པ་ཆེན་པོ་པ་ལུས་དང་སྲོག་ལ་མི་ལྟ་བ་གཟུང་བ་མེད་པའི་སེམས་དང་ལྡན་པའི་དམ་པའི་ཆོས་ཡོངས་སུ་འཛིན་པས་ཀྱང་། ཐེག་པ་ཆེན་པོ་པ་ཐེག་པ་ལ་གསར་དུ ་ཡང་དག་པར་ཞུགས་པ་ལུས་དང་སྲོག་ལ་ལྟ་བ་དང་བཅས་པ་རྣམས་ཀྱི་དགེ་བའི་ཆོས་ཐམས་ཅད་ཟིལ་གྱིས་མནོན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་སྐད་དུ་འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། ་དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། རྒྱལ་བ་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར།། ལྷ་དང་ཀླུ་དང་མི་འམ་ཅི་རྣམས་དང་།། བསོད་ནམས་ཡེ་ཤེས་ཀྱིས་ནི་ཡོངས་བཟུང་བར་འགྱུར།། དེ་བཞིན་གཤེགས ་པའི་དམ་པའི་ཆོས་འཛིན་པ།། དྲན་ལྡན་བློ་གྲོས་ལྡན་ཞིང་བློ་ལྡན་འགྱུར།། ཤེས་རབ་རྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན།། མཁས་པ་བག་ཆགས་བཅས་པའི་ཉོན་མོངས་སྤོངས།། དེ་བཞིན་གཤེགས་པའི་དམ་པའི་ཆོས ་འཛིན་པ།། དེ་ལ་བདུད་ཀྱི་སྐྱོན་ཆགས་རྙེད་མི་འགྱུར། དེ་ལ་འགྱོད་དང་དེ་བཞིན་དོགས་པ་མེད།། དེ་ལ་བཅིངས་མེད་སྒྲིབ་པ་ཅུང་ཟད་མེད།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། ཞིང་སྟོང་དག་ཏུ་ནམ ་ཡང་མི་སྐྱེ་སྟེ།། སྐྱེ་བ་ཀུན་ཏུ་དེས་ནི་རྒྱལ་བ་མཐོང་།། མཐོང་ནས་དེ་ལ་དད་པ་རབ་ཏུ་འཐོབ།། དེ་བཞིན་གཤེགས་པའི་ཆོས་འཛིན་པ།། ཆོས་ཀྱིས་བདག་ཉིད་ཆེན་པོ་སྐྱེ་དྲན་འགྱུར།། ་ཡང་དང་ཡང་དུ་རབ་ཏུ་འབྱུང་བ་འཐོབ།། སྤྱོད་པ་ཡོངས་དག་སྒྲུབ་པ་སྙིང་པོར་བྱེད།། དེ་བཞིན་དུ་སྦྱར་ཏེ། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ། ཚུལ་ཁྲིམས་ཐོབ་པས་འཕགས་ཆོས་སྤྱོད་པ། མཁས་པས ་མངོན་ཤེས་ལྔ་ལས་མྱུར་དུ་རིག། མ་སྨད་བསམ་གཏན་རྣམ་པར་ཐར་པ་འཐོབ།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ནི་ཟབ་ཆོས་རྟོགས་པར་ཁོང་དུ་ཆུད།། སངས་རྒྱས་སྤྱོད་ཡུལ་སྟོང་ཉིད་ཐེ་ཚོམ་མེད།། ་སེམས་ཅན་བདག་མེད་པར་ཡང་མོས་པར་འགྱུར།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ནི་སོ་སོ་ཡང་དག་རིག་པ་འཐོབ།། འཇིགས་མེད་ཤེས་རབ་རྣོ་ཞིང་ཆགས་མེད་དག། དེ་ནི་སྲོག་ཆགས ་ཀུན་གྱི་ཐེ་ཚོམ་གཅོད།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། མཁས་པ་དེ་ནི་གཟུངས་རྣམས་ཐོབ་པར་འགྱུར།། བསྐལ་པ་བརྒྱར་ཡང་གང་ཐོས་ཆུད་མི་ཟ།། སྤོབས་དང་ལྡན་ཞིང་ཆགས་པ་མེད ་པར་འགྱུར།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ལ་མཁས་པ་རྟག་ཏུ་དགའ་བར་འགྱུར།། ལྷ་དང་ལྷ་མིན་མི་ཅིའི་ཡིད་དུ་འོང་།། དེ་ལ་སངས་རྒྱས་བུ་གཅིག་བཞིན་དུ་སྐྱོང་།། དེ་བཞིན་གཤེས ་པའི་དམ་པའི་ཆོས་འཛིན་པ།། བརྒྱ་བྱིན་ཚངས་པ་དེ་བཞིན་འཇིག་རྟེན་སྐྱོང་།། འཁོར་ལོས་སྒྱུར་དང་མི་ཡི་རྒྱལ་པོར་འགྱུར། བདེ་དང་ཡིད་བདེས་བྱང་ཆུབ་དེ་འཚང་རྒྱ། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན ་པ།། དེ་ལུས་སུམ་ཅུ་རྩ་གཉིས་མཚན་ལྡན་ཞིང་། མཁས་ཡན་ལགོ་སྨད་པ་མེད་པར་འགྱུར།། དེ་ལ་བལྟས་པས་ངོམས་པར་ཡོང་མི་འགྱུར།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། གང་དག ་ས་ཀྱི་ཕྱག་རྒྱུ་འདི་སྟོན་པའི།། དགེ་བའི་བཤེས་གཉེན་དེ་ལ་དཀོན་མི་འགྱུར།། ཆོས་མཛོད་ཟད་མི་ཤེས་པ་ཉམ་པར་བྱེད།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། ལུས་དང་ངག་དང་ཡིད། ཀྱང་རྣམ ་བར་དག། ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་རྣམ་པར་དག། རྣམ་གྲོལ་ཡེ་ཤེས་ཤིན་ཏུ་རྣམ་པར་དག། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། ད་ནི་བྱང་ཆུབ་སེམས་བརྗེད་འགྱུར་བ་མེད།། ཕ་རོལ ་ཕྱིན་ལ་སྤྱོད་དང་འགལ་མི་འགྱུར། དགེ་བ་རྒྱ་རྣམས་ཀྱིས་ཀྱང་རབ་ཏུ་བཟུང་ཞེས་འབྱུང་ངོ་།། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེའུ་ལས།། དམ་པའི་ཆོས་ཡོངསུ་བཟུང་བའི་ལེའུ་གཉིས་པའོ།། ། ་གསུམ་པོ་རྣམས་ཀྱིས་བསྲུང་བ་ལ་སོགས་པའི་ཐབས་ནི་སྤྱིར་བཤད་ཟིན་ཏེ། བསྲུང་བ་ལ་སོགས་པ་བརྗོད་པར་བྱའོ།། དཽ་ལ་ལུས་བསྲུང་བ་གང་ཞེ་ན། གནོད་འགྱུར་སྤོང་བ་གང་ཡིན་པའོ།། དེ་ལ་ཞེས་བྱ་བ ་ནི་དམ་པའི་ཆོས་འཛིན་པར་གནས་པ་ནི། ཇི་ལྟར་གཞན་ཉམས་པར་མི་བྱེད་པ་དེ་ལྟར་དེའི་ལུས་བསྲུང་བ་དཔྱད་པར་བྱའོ།། གནོད་པར་འགྱུར་བ་སྤོང་བ་འདི་ཡང་། འཕགས་པ་ན་མཁའ ་མཛོད་ཀྱི་མདོ་ལས། བྱང་ཆུབ་སེམས་དཔའ་དམ་པའི་ཆོས་འཛིན་པ་ལ་བརྩོན་པ་རྣམས་ཀྱིས། བཅོམ་ལྡན་རྐང་གཉིས་དམ་པ་ནི།། མྱ་ངན་འདས་སླད་བདག་ཅག་རྣམས།། ལུས་དང་སྒྲོག་ཏུ་བཅས་བཏང་སྟེ།། དམ ་བའི་ཆོས་ནི་བཟུང་བར་སྤྲོ།། རྙིང་དང་བཀུར་སྟི་སྤངས་ནས་སུ།། བསྟེན་པ་ཀུན་ཀྱང་རབ་སྤངས་ཏེ།། སངས་རྒྱས་ཡེ་ཤེས་སྟོན་བྱེད་པའི།། ཆོས་འདི་ཡོངས་སུ་མི་གཏོང་ངོ་།། དམ་པའི་ཆོས་ནི་བཟུང་སླད་དུ།། གཤེ ་དང་མི་སྙན་འཆི་བ་དང་།། ངན་དུ་སྨྲ་བའི་ཚིག་རྣམས་ཀྱང་།། བཟོད་པས་དེ་དག་དང་དུ་བླང་།། ཚུལ་དུ་རབ་ཏུ་གཟུང་ནས་སུ།། ཙོ་འདྲ་བ་དང་བསྡིགས་པ་དང་།། མི་བསྔགས་པ་དང་མི་སྙན་དང་།། དེ་དག་ཐམས་ཅད་བཟོད ་པར་བགྱི།། དེ་བཞིན་དུ་སྦྱར་ཏེ། དགེ་སློང་རྒྱལ་པོ་རབ་ཏུ་འཁྲུགས་ཅིང་། དེ་ལྟར་རབ་ཏུ་མ་རུངས་པ།། རྣམ་པར་འཇིག་ཚེ་སེམས་ཅན་ཕྱིར།། བདག་ཅག་དམ་ཆོས་གཟུང་བར་བགྱི།། མདོ་སྡེ་གང་དག་རབ་ཟབ་ཅིང ་རྣམ་གྲོལ་འབྲས་བུར་ལྡན་པ་རྣམས།། རབ་ཏུ་འཛིན་པར་མི་བགྱིད་དོ།། དེ་དག་སྣ་ཚོགས་གཏམ་རྣམས་བགྱིད།། དེ་བཞིན་དུ་སྦྱར་ཏེ། ཚུལ་འདི་རབ་ཏུ་གཟུང་ནས་སུ།། གང་དག་ཆོས་ལ་མ་གནས་པའི།། སེམས ་ཅན་རྣམས་ལ་བྱམས་པར་བགྱིད།། དེ་དག་ལ་ནི་སྙིང་རྗེའང་བགྱི།། སེམས་ཅན་རྙེད་དང་འདོད་གནས་པ།། ཚུལ་ཁྲིམས་འཆལ་པ་མཐོང་ནས་སུ།། དེ་ཡིད་འགྲོ་བ་ཅིར་འགྱུར་ཞེས།། མཆི་མ་འང་རབ་ཏུ་དབྱུང་བར ་བགྱི། དམ་པའི་ཆོས་ལ་སྐུར་འདེབས་པ།། དེ་དག་འཕྲུལ་དུ་མཐོང་ནས་ཡང་།། དེ་དྲག་གུ་ཤྲཱི་བར་མི་འགྱུར་བར།། རིང་ནས་བྱམས་པ་བཙལ་བར་བགྱི།། རབ་ཏུ་བསྡམས་ནས་ངག་གི་ལས།། ཉམས་ཀྱི་ཅི་ནུས ་བསྲུང་བར་བགྱི།། སྡིག་པ་ལ་ནི་རབ་གནས་པ།། དེ་ལ་གློ་བུར་གཏམ་མི་བགྱི།། ནོར་སྦྱིན་དེ་བཞིན་བསྟི་སྟང་གིས།། མི་རྣམས་ཡོངས་སུ་སྨིན་བགྱིས་ནས།། ཡང་དག་སྡིག་མེད་སྤྱོད་ཡུལ་གྱིས།། སླད་ཀྱི་དེ་དག ་བསྐུལ་བར་བགྱི།། ཁྱིམ་དང་སྟེན་པ་ཀུན་སྤངས་ཏེ།། དོན་ཉུང་བ་དང་བགྱིད་ཉུང་བ།། བས་མཐའ་དགོན་པའི་སྤྱོད་ཡུལ་ལ།། རི་དགས་བཞིན་དུ་འགྱུར་བར་བགྱི།། དེ་བཞིན་དུ་སྦྱར་ཏེ། དུལ་བ་དང་ནི་ཞི་བ་དང་།། ་གྲོལ་བས་གྲོང་དུ་ཞུགས་ནས་ཀྱང་།། སེམས་ཅན་གང་དག་ཆོས་ཚོལ་བ།། དེ་ལ་བདག་ཅག་ཆོས་བསྟན་ཏོ།། ཆོས་འདོད་པར་ནི་རྟོགས་ནས་ཀྱང་།། ཤིན་ཏུ་རིང་དུའང་མཆི་བར་བགྱི།། ཆོས་ལ་དགའ་ཞིང་མོས་རྙེད ་ནས།། ལུས་ཅན་རྣམས་ཀྱི་དོན་ཡང་བགྱི།། སེམས་ཅན་རྣམས་ཀྱི་འཁྲུལ་མང་པོ།། དེ་དག་མངོན་དུ་མཐོང་ནས་ཀྱང་།། ཆོས་དང་ངེས་པར་རབ་གནས་ནས།། བདག་ལ་རབ་ཏུ་བརྟགས་པར་བགྱི།། བསྟི་སྟང ་བགྱིས་དང་མ་བགྱིས་དང་།། རི་རབ་ལྟ་བུར་གྱུར་ནས་སུ།། འཇིག་རྟེན་གྱིས་ནི་མི་གོས་པ།། འཇིག་རྟེན་འདྲེན་པར་བ་འགྱུར་བར་བགྱི།། དགེ་སློང་ཚུལ་ལས་ཉམས་རྣམས་ཀྱི།། མི ་སྙན་པ་དག་རྟོགས་ནས་ཀྱང་།། ལས་ནི་བདག་གིར་བྱ་བར་བགྱི།། དེ་དག་ལས་ནི་སྨིན་མ་གྱུར།། ཆོས་རྣམས་ལ་ནི་གནས་པ་དང་།། ངེད་ལ་དེ་འདྲའི་ཆོས་རྣམས་ནི།། ཇི་ལྟ་བུར་ཡང་ཡོད་མེད་ཅེས།། གཤེད་མ་དག ་ཀྱང་འགྱེད་པར་འགྱུར།། བདག་ཅག་མིང་གི་དགེ་སྦྱོང་སྟེ།། དགེ་སྦྱོང་ཡོན་ཏན་མེད་དོ་ཞེས།། ཡང་དག་བསྐུལ་བ་ཐོས་པ་དང་།། མདོ་སྡེ་འདི་ནི་སློང་བར་འགྱུར།། སྣ་དང་རྣ་ཆད་དེ་དག་ནི།། མེ་ལོང་དགའ་བར་མི ་འགྱུར་ལྟར།། ཡང་དག་བསྐུལ་བ་ཐོས་པ་དང་།། དེ་དག་དམ་ཆོས་སྤོང་བར་འགྱུར།། དགེ་སློང་གང་དག་དམ་པའི་ཆོས།། རབ་ཏུ་འཛིན་པ་འབྱུང་འགྱུར་བ།། དེ་དག་དེ་བཞིན་ཚུལ་འཆོས་ཏེ།། གང་ཡང་ཆོས་འདི་མི ་ཉན་ཏོ།། རྒྱལ་པོ་རྣམས་སླ་བར་བགྱི།། སྐྱེ་བོ་ཆེན་པོ་འབྱེད་འགྱུར་ཡང་།། སངས་རྒྱས་ཀྱི་ནི་བྱིན་བརླབས་ཀྱིས།། སེམས་ཅན་དེ་དག་ཆོས་ཉན་འགྱུར།། དུས་ངན་དེ་ཚེ་བདག་ཅག་རྣམས།། སེམས་ཅན་དག་ལ ་ཕན་སླད་དུ།། ལུས་དང་སྲོག་ཀྱང་རབ་བཏང་སྟེ།། དམ་པའི་ཆོས་ནི་བཟུང་བར་བགྱི་ཞེས་བརྗོད་པ་ཡིན་ནོ།། །། བམ་པོ་གསུམ་པ།། འཕགས་པ་དམ་པའི་ཆོས་པདྨ་དཀར་པོ་ལས་ཀྱང་། ་ཆོ་ག་སྤྱོད་ཡུལ་བསྲུང་བྱ་ཞིང་།། འདུ་འཛི་མེད་ལ་གཙང་བྱར་བྱ།། རྒྱལ་པོ་དང་ནི་རྒྱལ་བུ་དང་།། འདྲིས་བྱེད་རྟག་ཏུ་སྤང་བར་བྱ།། རྒྱལ་པོའི་ཞབས་འབྲིང་གང་ཡིན་དང་།། གདོལ་པ་ཟོལ་པ་ཆང་འཚོང་དང་།། མུ་སྟེགས་ཅན ་ནི་དེ་དག་དང་།། རྣམ་པ་ཀུན་ཏུ་འདྲིས་མི་བྱ།། དགེ་སློང་འདུལ་དང་ལུང་གནས་པ།། དགྲ་བཅོམ་སྙམ་དུ་སྙམས་བྱེད་ཅིང་།། ང་རྒྱལ་ཅན་རྣམས་བསྙེན་མི་བྱ།། ཚུལ་ཁྲིམས་འཆལ་རྣམས་རྣམ་པར་སྤང་།། རྒོད་ཅིང ་སྨྲ་བའི་སྤྱོད་ཡུལ་ཅན།། དགེ་སློང་མ་རྣམས་རྟག་ཏུ་སྤང་།། མི་བརྟན་པར་ནི་མངོན་པ་ཡི།། དགེ་བསྙེན་རྣམས་ཀྱང་སྤང་བར་བྱ།། བུད་མེད་མ་ནིང་སེམས་ཅན་གང་།། དེ་དང་འདྲིས་བྱེད་རྣམ་པར་སྤང་།། ཁྱིམ་རྣམས་སུ ་ནི་མནའ་མོ་དང་།། གཞོན་ནུ་རྣམས་སྤང་བར་བྱ།། ཁམས་དང་ལེགས་པར་དྲི་བྱེད་པ།། དེ་དག་ནམ་དུའང་དགའ་མི་བྱེད།། ཕོག་འཚོང་བ་དང་ཤན་པ་དང་།། འདྲིས་པར་བྱེད་པ་རྣམ་པར་སྤང་།། དེ་བཞིན་དུ་སྦྱར་ཏེ།། ་གང་དག་བུད་མེད་གསོ་བྱེད་དང་།། གར་མཁན་གྱད་དང་སིལ་ཁྲོལ་བ།། གང་གཞན་དེ་དང་འདྲ་བ་ཡང་།། དེ་དག་རྣམས་དང་འདྲིས་བྱེད་སྤང་།། རེས་མའི་གཙོ་མོ་བསྟེན་མི་བྱ།། ཇི་སྙེད་ལོངས་སྤྱོད་འཚོ་བ་གཞན།། ཤིན་ཏུ ་དགའ་བ་དེ་དག་ཀྱང་།། རྣམ་པ་ཀུན་ཏུ་ཡོངས་སུ་སྤང་།། མཁས་པ་བུད་མེད་རྣམས་ལ་ཡང་།། གང་གི་དུས་ན་ཆོས་འཆད་པ།། དེར་ནི་གཅིག་པུ་མི་འགྲོ་སྟེ།། རྒོད་ཅིང་འདུག་པར་མི་བྱའོ་ཞེས་གསུངས་སོ།། འདི་ནི ་གནོད་པ་གཞན་ཡིན་ཏེ།། འདི་ལྟ་སྟེ་བདུད་ཀྱི་ལས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། བྱང་ཆུབ་སེམས་དཔའ་ཐེག་པ་ལ་ཡང་དག་པར་ཞུགས་ནས་རིང་པོ་མ་ལོན་པ་དེ་ལ་བདུད ་སྡིག་ཅན་ཤིན་ཏུ་རྩོན་པར་བྱེད་ཅེས་གསུངས་པ་དང་། དེ་ཉིད་ལས་ཀུན་དགའ་བོ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དེའི་ཚེ།། བདུད ་སྡིག་ཅན་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནུར་བ་དང་སྤུ་ཟིང་ཞེས་བྱེད་པར་འགྱུར་ཞིག་གུ་གང་གིས་ནི་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་སེམས་བསྐྱེད་པ་གཅིག་ཙམ་ལ ་ཡང་འབྲི་བར་འགྱུར་ཞིག་གུ་སྙམ་ནས་བྱང་ཆུབ་སེམས་དཔའ་ལ་མཐོ་འཚམས་པ་ཉེ་བར་སྒྲུབ་པོ།། འཇིག་པ་ཀུན་ཏུ་སྟོན་ཏེ། ཕྱོགས་ཕྱོགས་སུ་སྐར་མདའ་གཏོང་ངོ་།། ཕྱོགས་སྲེག་པ་འབྱིན་ཞིང་ཀུན་ཏུ་སྟོན་ཏོ་ཞེས ་བྱ་བ་དང་།། གཞན་ཡང་རྣམ་པར་ཤེས་པ་ལ་འདུ་ཤེས་པས་ཡི་གེར་འདྲི་བ་ནས་ཀུན་ཆུབ་པར་བྱེད་པའི་བར་དུ་བྱེད་ཅིང་འདི་ལ་བདོག་ཅག་གིས་རོ་མྱང་བ་མི་རྙེད་དོ་ཞེས་སྟན་ལོས་ལངས་ཏེ་འགྲོ་བར་འགྱུར་རོ།། དེ་བཞིན ་གླལ་བ་དང་། སྟེག་ནས་ཀུན་ཆུབ་པར་བྱེད་པའི་བར་དུ་བྱེད་པར་འགྱུར་བ་ནི་བདུད་ཀྱི་ལས་སོ།། དེ་བཞིན་དུ་ལྗོངས་དང་གྲོང་ལ་སོགས་པ་ལ་རྣམ་པར་རྟོག་པ་དང་། དེ་བཞིན་དུ་མཁན་པོ་དང་སློབ་དཔོན་དང་ཕ་མ་དང ་བློན་པོ་དང་ཉེ་དུ་དང་སྡུག་གི་གཉེན་མཚམས་ཡིད་ལ་བྱེད་པ་དང་། དེ་བཞིན་ཆོམ་རྐུན་ཡིད་ལ་བྱེད་པ་དང་། དེ་བཞིན་དུ་གོས་ལ་སོགས་པ་ཡིད་ལ་བྱེད་པ་འབྱུང་ངོ་།། གཞན་ཡང་ཆོས་སྨྲ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་ཟབ་མོ་འདི་ཡི་གེར་བྲི་བ་ནས། བཀླག་པའི་བོར་ལ་འདུན་པར་གྱུར་ལ། ཆོས་ཉན་པ་ནི་ལོ་ཅན་དུ་གྱུར་པ་དང་། དེ་ལས་བཟློག་པ་དང་། ཆོས་སྨྲ་བ་ནི་ཡུལ་གཞན་དུ་འགྲོ་བར་འདོད་པ་ཆོས་ཉན་པ་ནི་དེ་ལྟར་མ ་ཡིན་པ་དེ་བཞིན་དུ་སྦྱརོ།། ཆོས་སྨྲ་བ་ནི་འདོད་པ་ཆེ་ལ་ཆོས་ཉན་པ་ནི་འདོད་པ་ཆུང་བ་ཡང་དེ་བཞིན་དུ་སྦྱོར་རོ།། མདོར་ན་ཆོས་སྨྲ་བ་དང་ཆོས་ཉན་པ་གཉིས་མི་འཛེམ་པར་གྱུར་པ་དེ་དག་ཐམས་ཅད་བདུད་ཀྱི་ལས ་ཡིན་ནོ།། འཕགས་པ་ན་མཁའ་མཛོད་ཀྱི་མདོ་ལས་ཀྱང་། དེ་ལྟར་མི་དགེ་བའི་ཆོས་ཀྱི་རྗེས་སུ་འཇུག་པ་དང་དགེ་བའི་ཆོས་སྤོང་པ་དེ་དག་ཐམས་ཅད་ནི་བདུད་ཀྱི་ལསོ་ཞེས་གསུངས་སོ།། འཕགས་པ་བློ་གྲོས་རྒྱ་མཚོ ་ཞུས་པའི་མདོ་ལས་ཀྱང་། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་དགོན་པ་པར་གྱུར་ཏེ། བས་མཐར་གནས་མལ་བཅའ་བར་མངོན་པར་དགའ་ཞིང་འདོད་པ་ཆུང་ལ་ཆོ་ག་ཤེས་ཏེ་རབ་ཏུ་དབེན་པ། ཁྱིམ ་བེ་དང་རབ་ཏུ་བྱུང་བ་རྣམས་དང་མི་འདྲེ་ལ་དེ་དོན་ཉུང་བ་དང་བགྱི་བ་ཉུང་བས་བདེ་བར་གནས་ཏེ། གཡོ་བ་མ་མཆིས་ཀྱང་། མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང་། ་ཆོས་ཉན་པ་ལ་བརྩོན་པ་མི་གནས་པ་དང་། ཆོས་ཀྱི་གཏམ་དང་དོན་རྣམ་པར་ངེས་པའི་གཏམ་བགྱི་བ་ལ་རྒྱུན་དགུམ་པར་སེམས་ཏེ་ཡོངས་སུ་འདྲི་བའི་རང་བཞིན་ཅན་མ ་ལགས། དགེ་ཅི་ཞིག་ཚོལ་བ་ལ་མི་བརྩོན། དེ་དགོན་པ་ལ་གནས་པ་དང་། གཅིག་པུར་དགའ་བས་ཉོན་མོངས་པ་རྣམས་ཀུན་ཏུ་མི་རྒྱུ་སྟེ། དེ་ཀུན་ནས་སྡང་བ་གནོན་པ་ཙམ་གྱིས་དགའ་བ་ཐོབ་ཅིང་བག་ལ་ཉལ ་ཡང་དག་པར་གཞོམ་པའི་སླད་དུ་ལམ་བསྒོམ་པར་མི་བགྱིད་དེ། དེ་ན་བདག་གི་དོན་དང་། གཞན་གྱི་དོན་གྱི་སླད་དུ་བརྩོན་པར་མི་འགྱུར་པ་འདི་ནི། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་དགོན་པ་ལ་གནས་པ ་དང་རབ་ཏུ་ལྡན་པའི་བདུད་ཀྱི་ལྕགས་ཀྱུ་སྟེ་བདུན་པའོ།། དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་གཤེས་གཉེན་ལྟར་བཅོས་པའི་སྡིག་པའི་གྲོགས་པོ་གང་དག ་དེ་བསྡུ་བའི་དངོས་པོ་རྣམས་ལས་འདུན་པ་བཟློག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་ལྷས་འདུན་པ་བཟློག་པ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བ་ལས་འདུན་པ་བཟློག་པ་དང་། ་བསོད་ནམས་ཀྱི་ཚོགས་ལས་འདུན་པ་བཟློག་པ་དང་། རབ་ཏུ་དབེན་པ་ལ་སྦྱོར་བ་དང་། དོན་ཆུང་ཞིང་བགྱིད་པ་ཉུང་བ་ལ་སྦྱོར་བ་དང་། ཉན་ཐོས་དང་རང་སངས་རྒྱས་དང་ལྡན་པའི་བཀའ་མཆིད་དེ་ལ ་རྒྱུན་ཏུ་མང་དུ་སྟོན་པ་དང་། ཐེག་པ་ཆེན་པོ་དང་ལྡན་པའི་བཀའ་མཆིད་དེ་ལ་མི་སྟོན་པ་དག་ལ་བསྙེན་ཅིང་བསྟེན་ཏེ། བསྙེན་བཀུར་བགྱིད་པ་དང་། གང་གི་ཚེ་བྱང་ཆུབ་སེམས་དཔའ་དབེན་པར་གནས་པས ་ཐེཐི་ག་པ་ཆེན་པོ་ལས་ལྷུང་བའི་ཚེ་བྱང་ཆུབ་སེམས་དཔའ་གདོན་མི་ཟར་བར་ཞལ་ཏ་བྱེད་པར་བྱའོ་ཞེས་བྱང་ཆུབ་སེམས་དཔའ་ཞལ་ཏ་བགྱིད་པའི་དྲི་མ་ལ་སྦྱོར་བ་དང་། གོང་གི་ཚེ་བྱང་ཆུབ་སེམས་དཔའ་ཞལ་ཏ་བགྱིད ་བའི་དྲི་མ་ལ་སྦྱོར་བ་དེའི་ཚེ་དབེན་པ་ལ་སྦྱོར་ཞིང་དེ་ལ་འདི་སྐད་དུ་བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་ཡིན་གྱི་ལེ་ལོ་ཅན་ནི་མ་ཡིན་ནོ།། གལ་ཏེ་ཁྱོད་བསྐོལ་པ་བརྒྱད་དམ་བཅུས་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ན་ཕྱིས་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་མི་ནུས་ནོ་ཞེས་མཆི་ལ། བཅོམ་ལྡན་འདས ་དེ་ལ་བྱང་ཆུབ་སེམས་དཔའ་གང་སྒྱིད་ལུག་ནས་འབྲས་བུ་ཐོབ་པར་བགྱིད་པའི་གནས་མཆིས་ན། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ལྟར་བཅོས་པའི་བདུད་ཀྱི་ལྕགས་ཀྱུ་སྟེ། ་བཅུ་པའོ།། དེ་ལས་གཞན་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་དག་བདུད་ཀྱི་ལྕགས་ཀྱུས་ཟིན་པ་ཆོས་ངན་པ་ལ་སྤྱོད་པ་དེ་དག་ལ་དགའ་བ་རྙེད་པ་དེ་དག་ཀྱང་དེ་བཞིན་དུ་དེའི་རྗེས་སུ་འཇུག་པར་གྱུར་པ་དང་། ་དེ་དམན་པ་ལ་རྟེན་ཅིང་ཁྱད་པར་དང་བྲལ་བས་འདི་ལྟ་སྟེ་ཞན་པའི་འགྲོ་བ་བླུན་པ་འོན་པ་ལྐུགས་པའི་འགྲོ་བ་དམན་པ་ཉིད་དུ་མཆི་བར་འགྱུར་ཏེ་འདི་ནི་བདུད་ཀྱི་ལྕགས་ཀྱུ་བཅུ་གཅིག་པའོ།། ་ཞེས་གསུངས་ཏེ། གང་གིས་དེ་ལྟར་བརྩོན་འགྲུས་ཤིན་ཏུ་བརྩོམས་པ་སྐྱོ་བར་གྱུར་པས། རྟག་ཏུ་བྱང་ཆུབ་སེམས་དཔའི་དངོས་པོ་ཉིད་མི་འགྱུར་བའོ།། དེ་བས་ན་མཚ་དཀོན་མཆོག་སྤྲིན་ལས། འདི་ལ་བྱང་ཆུབ ་སེམས་དཔའ་སྤྱོད་ལམ་ཐམས་ཅད་བརྩོན་འགྲུས་བརྩོམ་པ་ན། ཅི་ནས་ལུས་སྐྱོ་བར་མི་འགྱུར་པ་དང་སེམས་སྐྱོ་བར་མི་འགྱུར་བར་དེ་ལྟར་བརྩོམ་སྟེ་འདི་ནི་བྱང་ཆུབ་སེམས་དཔའི་རྟག་པའི་བརྩོན་འགྲུས་སུ་ཤོས ་པར་བྱའོ་ཞེས་གསུངས་སོ།། གང་གིས་སྐྱེ་བར་འགྱུར་པའི་བརྩོན་འགྲུས་དེ་ཅི་འདྲ་བ་ཞེ་ན། གང་འདི་སྟོབས་ཆུང་བ་ལས་ལྕི་བ་འམ་དུས་རིང་པོར་རྩོམ་པ་འམ་མོས་པ་ཡོངས་སུ་མ་སྨིན་པ་རྣམས་བྱ་དཀའ་བའི་ལྔས ་རྩོམ་པོ་སྟེ་དཔེར་ན་རང་གི་ཤ་སྦྱིན་པ་ལ་སོགས་པ་ལྟ་བུའོ།། འདིས་སེམས་ཅན་རྣམས་ལ་ལུས་བྱིན་ཟིན་མོད་ཀྱི། འོན་ཀྱང་དུས་མ་ཡིན་པར་ཡོངས་སུ་སྤྱོད་པ་ལས་བཟློག་པར་ཟད་དོ། གཞན་དུ་ནི་སེམས་ཅན་དེ ་དག་ལ་བྱང་ཆུབ་སེམས་དཔའ་སྐྱོ་བར་འགྱུར་བས། བྱང་ཆུབ་སེམས་དཔའི་ས་བོན་ཆུད་ཟ་བའི་ཕྱིར་འབྲས་བུའི་ཕུང་པོ་ཆེན་པོ་ཆུད་ཟ་བར་འགྱུར་རོ།། དེའི་ཕྱིར་འཕགས་པ་ན་མཁའ་མཛོད་ཀྱི་མདོ་ལས། དུས་མ ་ཡིན་པར་འདོད་པ་ནི་བདུད་ཀྱི་ལས་སོ་ཞེས་གསུངསོ།། དུས་མ་ཡིན་ཞེས་ཏེ་ལུས་བཏང་བའི་སེམས་མི་བསྐྱེད་པ་ཉིད་ཀྱང་མ་ཡིན་ཏེ། གོམས་པ་མ་བརྩམས་པའི་ཕྱིར་ནམ་ཡང་སྦྱིན་པར་མི་བྱ་བར་འགྱུར་རོ།། དེ་ལྟ་བླ ་ན་དེ་ལྟར་དྲན་པ་ཉེ་བར་གཞག་ནས་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྨིན་པ་དང་འགལ་བ་དང་གཏི་མུག་གི་རང་གི་དོན་ལ་གནོད་པ་དང་ཤ་ཟ་བ་དང་ལས་བྱེད་པ་རྣམས་ལ་ལུས་བསྲུང་བར་བྱའོ།། དཔེར་ན་སྨན་ཤིང་ལྗོན ་པ་བལྟ་ན་སྡུག་པ། རྩ་བ་ལ་སོགསོ་སྤྱད་འོས་ས་བོན་ནི།། བྱིན་ཡང་དུས་མིན་སྤྱད་ལས་བསྲུང་བྱ་བ།། རྫོགས་པའི་སངས་རྒྱས་སྨན་ཤིང་དེ་བཞིན་ནོ།། མདོར་བསྡུ་ན་བདུད་ཀྱི་ལེས་འདི་ནི་གནོད་པ་ཡིན་ནོ།། འདི ་རྣམ་པར་སྤང་བ་ནི་དཀོན་མཆོག་སྤྲིན་གྱི་མེད་ལས་ཀྱང་། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བདུད་ཀྱི་ལས་ཡོངས་སུ་སྤོང་བའི་ཐབས་ལ་མཁས་པ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་མི་དགེ་བའི ་བཤེས་གཉེན་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྦྱོང་ངོ་།། མི་མཐུན་པའི་ཡུལ་ན་གནས་པ་དང་འཇིག་རྟེན་རྒྱུང་ཕན་པའི་གསང་ཚིག་བསྟེན་ཅིང་སྒོམ་པ་དང་། རྙེད་པ་དང་བཀུར་སྟི་དང་མཆོད་པ་དང་རིམ་གྲོ ་ལ་ཆགས་པ་ཐམས་ཅད་ནས་ཐམས་ཅད་དུ་ཡོངས་སུ་སྤོང་ངོ་།། ཉེ་བའི་ཉོན་མོངས་པ་གང་གཞན་དག་བྱང་ཆུབ་ཀྱི་ཕྱོགས་ཀྱི་ལམ་གྱི་བར་དུ་གཅོད་པ་དེ་དག་ཐམས་ཅད་ནས་ཐམས་ཅད་ཡོངས་སུ་སྤོང་ངོ་།། དེ་དག ་གི་གཉེན་པོ་ཡང་སྟེན་ཏོ་ཞེས་གསུངསོ།། དེ་ཉིད་ལས་མི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་གསུངས་པ། ཚུལ་ཁྲིམས་ཉམས་པའི་གང་ཟག་རྣམ་པར་སྤངས་པས་སྡིག་པའི ་གྲོགས་པོ་ཡོངས་སུ་སྤངས་པར་རིག་པར་བྱའོ།། དེ་བཞིན་དུ་ལྟ་བ་ཉམས་པ་དང་ཆོ་ག་ཉམས་པ་དང་འཚོ་བ་ཉམས་པའི་གང་ཟག་རྣམ་པར་སྤངས་པ་དང་། འདུ་དགཱ་བྲིགང་ཅག་ནི་མང་པ་དག་ལེ་བོ་ཅན་གྱིག་ལས་ན་པར་སྤངས་པ་དང་། འཁོར་བ་ལ་དགའ ་བའི་གང་ཟག་རྣམ་པར་སྤངས་པ་དང་། བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པའི་གང་ཟག་རྣམ་པར་སྤངས་པ་དང་། ཁྱིམ་པ་དང་བསྟེན་པ་རྣམ་པར་སྤངས་པས་སྡིག་པའི་གྲོགས་པོ་ཡོངས་སུ་སྤངས་པར་རིག་པར་བྱ་སྟེ། རིགས ་ཀྱི་བུ་དེས་དེ་དག་ཡོངས་སུ་སྤོང་པའི་ཚེ། གང་ཟག་དེ་དག་ལ་སྡང་བའི་སེམས་བསྐྱེད་པར་མི་བྱ། ཁོང་ཁྲོ་བའི་སེམས་དང་བརྙས་པའི་སེམས་བསྐྱེད་པར་མི་བྱའི་དེས་འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་། སེམས་ཅན ་རྣམས་ནི་ཁམས་སོ་སོ་བསྟེན་ཏེ། བསྟེན་པར་གྱུར་ནས་ཆུད་ཟ་བར་འགྱུར་རོ་ཞེས་བཀའ་སྩལ་ཏེ། དེ་བས་ན་བདག་གི་བསྙེན་པ་ཡོངས་སུ་སྤོངས་པར་སེམས་ཉེ་བར་གཞག་པར་བྱའོ་ཞེས་གསུངས་སོ།། བྱང་ཆུབ ་ཀྱི་སེམས་བརྗེད་པ་ཡང་གནོད་པ་ཡིན་ཏེ། དེའི་རྒྱུ་ནི་དཀོན་མཆོག་བརྩིགས་པ་ལས། འོད་བསྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། གཞི་གང་ཞེ་ན། འདི་ལྟ་སྟེ། ་མཁན་པོ་དང་སློབ་དཔོན་དང་བླ་མ་དང་སྦྱིན་གནས་ལ་སླུ་བ་དང་། གཞན་འགྱོད་པ་མེད་པ་དག་ལ་འགྱོད་པ་ཉེ་བར་སྒྲུབ་པ་དང་། ཐེག་པ་ཆེན་པོ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་སྔགས་པ་མ་ཡིན་པ་དང་། ་མི་སྙན་པ་དང་བརྗོད་པ་མ་ཡིན་པ་དང་། ཚིགས་སུ་བཅད་པ་མ་ཡིན་པ་འབྱིན་པ་དང་། སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པ་ཞེས་གསུངསོ།། འདི་རྣམ་པར་སྦྱང་བ་ཡང་དེ་ཉི་དུ་ལས།། ་འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗོད་པར་མི་འགྱུར་རོ།། ་བཞི་གང་ཞེ་ན་འདི་ལྟ་སྟེ། སྲོག་གི་ཕྱིར་རམ་ཐ་ན་བཞ་དེ་གད་ཀྱི་ཕྱིར་ཡང་ཤེས་བཞིན་དུ་རྫུན་གྱི་ཚིག་མི་སྨྲ་བ་དང་། སྒྱུ་དང་གཡོ་མེད་པར་སེམས་ཅན་ཐམས་ཅད་ཀྱི་དྲུང་ན་ལྷག་པའི་བསམ་པས་གནས་པ་དང་། བྱང ་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་སྐྱེད་ཅིང་དེ་དག་གི་ཡང་དག་པའི་བསྔགས་པ་ཕྱོགས་བཞིར་བརྗོ་པ་དང་། སེམས་ཅན་གང་རྣམས་ཡོངསུ་སྨིན་པར་བྱེད་པ་དེ་དག་ཐམས་ཅད་ཀྱང་ཉི་ཚོ་བྱའི ་ཐིག་པ་མི་འདོད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པོའི་བྱང་ཆུབ་ཡང་དག་པར་རྫོགས་པ་འཛིན་དུ་འཇུག་པ་སྟེ། འོད་སྲུངས་བཞི་པོ་དེ་དག་གོ་ཞེས་གསུངས།། སེང་གེས་ཞུས་པ་ལས་ཀྱང་། གང་ཞིག་ཆོས ་ཀྱི་སྦྱིན་པ་ལ།། ནམ་ཡང་བར་ཆད་མི་བྱེད་པ།། དེ་ནི་དེས་ན་རབ་མྱུར་བར།། འཇིག་རྟེན་མགོན་དང་ཕྲད་པར་འགྱུར། དེ་བཞིན་དུ། ཆོས་ཀྱི་སྦྱིན་པས་སྐྱེ་བ་དྲན། གཞོན་ནུ་དེ་ལྟར་ཤེས་པར་གྱིས ་ཞེས་གསུངས་པ་དང་། དེ་སྐད་དུ་དེ་ཉིད་ལས། སྐྱེ་བ་ཀུན་ཏུ་བྱང་ཆུབ་སེམས།། རྨི་ལམ་ན་ཡང་སེམས་དེ་ནི།། འདོར་མི་འགྱུར་ན་མ་ཉལ་ཚེ།། སྨོས་མི་འཚལ་བར་གང་གིས་འགྱུར། བཀའ་སྩལ་པ། གྲོང་དང་གྲོང་ཁྱེར ་རྣམས་སུ་འམ། གང་དུ་གནས་པའི་ཡུལ་རྣམས་སུ།། བྱང་ཆུབ་ལ་ནི་ཡང་དག་འཛུད།། དེས་ན་སེམས་འདོར་མི་འགྱུར་རོ་ཞེས་གསུངས་སོ།། འཕགས་པ་འཇམ་དལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་མདོ ་ལྡེས་ཀྱང་། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྨོན་ལམ་མི་འདོར་རོ།། དེ་བཞིན་དུ་སྦྱར་ཏེ། ང་རྒྱལ་བཅོམ་པ་ཡིན། ཕྲག་དོག་དང་སེར་སྣ་ཡོངས་སུ་སྦྱངས་པ་ཡིན། ཕ་རོལ་གྱི་འབྱོར་པ་མཐོང་ན་ཡིད་དགའ་བ ་ཡིན་ནོ་ཞེས་གསུངས་པ་དང་། དཀོན་མཆོག་བརྩེགས་པ་དེ་ཉིད་ལས། སྤྱོད་ལམ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱོང་བ་དང་བྱང་ཆུབ་ཀྱི་སྔོན་དུ་འགྲོ་བ་དང་ཞེས་གསུང་པ་གང་ཡིན་པ་འདི་ནི་འདིར་བྱང་ཆུབ ་ཀྱི་རྒྱུས་ཤིན་ཏུ་གསལ་བ་ཉིད་དོ།། དེ་སྐད་དུ་ཟླ་བ་སྒྲོན་མའི་མདོ་ལས་ཀྱང་། ཁྱེད་ལ་མོས་བྱེ་ཁོང་དུ་ཆུད་པར་བྱ།། ཇི་ལྟ་ཇི་ལྟར་མང་དུ་མི་བརྟགས་ན།། དེ་ལ་གནས་པའི་རྣམ་པར་རྟོག་པ་དེས།། དེ་ལྟ་དེ་ལྷོར་དེ་ལ ་སེམས་གཞོལ་འགྱུར་ཞེས་གསུངས་སོ།། སྤྲོ་བ་མེད་པ་ཡང་གནོད་པ་ཡིན་ཏེ། དེ་སྤང་བ་ནི་དཀོན་མཆོག་སྤྲིན་ལས་མཐོང་སྟེ། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་མི་འགྱུར་བས་ནི་བྱང་ཆུབ་ཐབ་པར་དཀའ་ལ། ་བདག་གི་བརྩོན་འགྲུས་འདི་ཡང་ཆུང་ཞིང་ཞན་ཏེ། བདག་ནི་ལེ་ལོ་ཅན་ནོ།། བྱང་ཆུབ་ནི་མགོ་དང་གོས་ལ་མ་འབར་བ་བཞིན་དུ་བསྐལ་པ་མང་པོ་བསྐལ་པ་བརྒྱ་ཕྲག་མང་པོ་བསྐལ་བ་སྟོང་ཕྲེག་མང་པོར་བསྒྲུབ་དགོས ་བས་བདག་ནི་དེ་ལྟ་བུའི་ཁུར་བཀུར་བར་མི་སྤྲོའོ་སྙམ་དུ་སེམས་མི་བསྐྱེད་དེ།། འོན་ཀྱང་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མངོན་པར། ་རྫོགས་པར་སངས་རྒྱས་པ་དེ་དག་དང་། གང་དག་མངོན་པར་རྫོགས་པོར་འཚང་རྒྱ་བ་དེ་དག་དང་། གང་དག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་པ་དེ་དག་ཀྱང་། ཚུལ་འདི་འདྲ་བ་དང་ལམ་འདི་འདྲ་བ་དང་བརྩོན ་འགྲུས་འདི་འདྲ་བར་མངོན་པར་རྫོགས་པར་སངས་རྒྱས་ནས། མངོན་པར་རྫོགས་པར་འཚང་རྒྱ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་དེ་དག་ཀྱང་དེ་བཞིན་གཤེགས་པར ་གྱུར་པ་ཤ་སྟག་ལས་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱིས། བདག་ཅག་ཀྱང་ཅི་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་སེམས་ཅན་ཐམས ་ཅད་ཐུན་མོང་གི་བརྩོན་འགྲུས་དང་། སེམས་ཅན་ཐམས་ཅད་ལ་དམིགས་པའི་བརྩོན་འགྲུས་ཀྱི་བདག་གིས་ཀྱང་དེ་ལྟ་དེ་ལྟར་རྩོལ་ལོ་འབད་དོ་ཞེས་གསུངས་སོ།། གཞན་ཡང་གནོད་པ ་ནི་དཀོན་མཆོག་བརྩེགས་པ་ལས་མཐོང་སྟེ། སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པ་རྣམས་ལ་ཡིད་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། སེམས་ཅན་སྣོད་དུ་མ་གྱུར་པ་རྣམས་ལ་སངས་རྒྱས་ཀྱི་ཆོས་རྒྱ ་ཆེན་པོ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། རྒྱ་ཆེན་པོ་ལ་མོས་པའི་སེམས་ཅན་རྣམས་ལ་ཐེག་པ་དམན་པ་སྟོན་པ་བྱང་ཆུབ་སེམས་དཔའི་འཁྲུལ་པ་དང་། ཡང་དགེ་བར་ཉེ་བར་གནས་པའི་སེམས་ཅན ་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན་རྣམས་ལ་བརྙས་ཤིང་ཚུལ་ཁྲིམས་འཆལ་པའི་སྡིག་པའི་ཆོས་ཅན་སྡུད་པ་ནི་བྱང་ཆུབ་སེམས་དཔའི་ཁྲུལ་པ་ཞེས་བྱ་བའོ།། མོས་པ་མེད་པ་ཡང་གནོད་པ་ཡིན་ཏེ། འཕགས་པ ་ཡུལ་འཁོར་སྐྱོང་གི་མདོ་ལས་ཀྱང་། སངས་རྒྱས་ལ་མོས་པ་ཡོད་མིན་ལ།། ཆོས་དང་ཚོགས་ལ་དེ་ནི་མོས་པོ་མེད།། བསླབ་དང་སྦྱངས་པ་རྣམས་ལ་དེ་མི་མོས། སྡིག་པའི་བློ་ཅན་ངན་སོང་གསུམ་ཕྱོགས་པ།། ་དེ་ནི་མི་ནང་འདི་ནས་ཤི་འཕོས་ནས།། ལས་ཀྱི་དབང་གིས་མི་མཁས་རྣམ་པར་རྨོངས།། དམྱལ་བ་འམ་འོན་ཏེ་དུད་འགྲོའི་འགྲོ་རྣམས་སམ།། ཡི་དགས་འགྲོ་བ་རྣམས་སྡུག་བསྔལ་རྙེད་ཅེས་འདི་སྐད་གསུངས་པ་ལྟ་བུའོ།། ་དེ་རྣམ་པར་སྤངས་པ་ནི་དཀོན་མཆོག་བརྩེགས་པའི་མདོ་ལས་མཐོང་སྟེ། ཆོས་ཟབ་མོ་གང་དག་དེའི་བློས་མི་རྟོགས་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་མཐའ་ཡས་ཤིང་། སེམས་ཅན་མོས་པ་ཐ་དད་པ་རྣམས་ལ་དེ་བཞིན ་གཤེགས་པ་རྣམས་ཀྱིས་ཆོས་བསྟོན་པ་འཇུག་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་གྱི་བདག་གིས་ནི་མི་ཤེས་ཏེ། དེ་བཞིན་གཤེགས་པ་ཉིད་དབང་དུ་གྱུར་པ་ཡིན་ནོ་ཞེས་བྱས་ནས་མི་སྤོང་བ་ཞེས་བྱའོ།། ་ཞལ་ཏ་བྱེད་པའི་ཚེ་དོན་མ་ཡིན་པ་རྣམ་པར་སྤང་བ་ལ་མཁས་པར་བྱའོ།། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། ཆོས་དང་མཐུན་པ་དང་ཆོས་ཉན་པ་དང་དེ་བཞིན་གཤེགས་པོ་མཆོད་པ་ལ་ཞལ་ཏ་བྱ་བ་གང་ཡིན ་པ་ནི་རིན་པོ་ཆེའི་ཕུང་པོའི་མདོ་ལས་གསུངས་ཏེ། དེ་ལ་དགེ་སློང་ཞལ་ཏ་བྱེད་པས་དགེ་སློང་དགེ་འདུན་ཐམས་ཅད་ཀྱི་སེམས་མགུ་བར་བྱའོ།། དེ་ལ་དགེ་སློང་དགོན་པ་བས་མཐའི་གནས་མལ་བསྟེན་པ་གང་ཡིན་པ ་དེ་དག་ནི་དགེ་སློང་ཞལ་ཏ་བྱེད་པས་ཐམས་ཅད་དུ་ལས་སུ་བསྐོ་བར་མི་བྱའོ།། གལ་ཏེ་དགེ་སློང་དགོན་པ་པ་ལ་དགེ་འདུན་གྱི་བྱ་བར་གཏོགས་པ་སློབ་པའི་ལས་རེས་བབ་ན། དགེ་སློང་ཞལ་ཏ་བྱེད་པ་དེས་ལས་དེ་བདག ་གིས་བྱའོ།། ཡང་ན་དགེ་སློང་གཞན་ཞིག་བསྐོས་པ་ལ་ལས་དེ་བྱེད་དུ་གཞུག་སྟེ། དགེ་སློང་དགོན་པ་པ་ལ་གནོད་པར་མི་བྱའོ།། དེ་ལ་དགེ་སློང་བསོད་སྙོམས་སྤྱོད་པ་གང་ཡིན་པ་དེ་ལ་དགེ་སློང་ཞལ་ཏ་བྱེད་པ་དེས་ཁ་ཟས ་བསོད་པ་བགོ་བཤའ་བྱའོ།། འོད་བསྲུངས་དེ་ལ་དགེ་སློང་གང་རྣལ་འབྱོར་སྤྱོད་པ་གང་ཡིན་པ་དེ་དག་ལ། དགེ་སློང་ཞལ་ཏ་བྱེད་པས་མཐུན་པའི་འཆོག་ཆས་དང་། ན་བའི་གསོས་སྨན་དང ་ཡོ་བྱད་རྣམས་སྦྱིན་པར་བྱའོ།། དགེ་སློང་རྣལ་འབྱོར་སྤྱོད་པ་དེས་ཕྱོགས་གང་ལ་གནས་པའི་ས་ཕྱོགས་དེར་དགེ་སློང་ཞལ་ཏ་བྱེད་པ་དེས་སྒྲ་ཆེན་པོ་དང་སྐད་དྲག་པོ་མི་འབྱུང་ཞིང་བྱེད་དུའང་མི་གཞུག། དགེ་སློང་ཞལ་ཏ ་བྱེད་པས་དགེ་སློང་རྣལ་འབྱོར་སྤྱོད་པ་དེ་བསྲུང་ཞིང་མོ་ལ་ཡང་སྦྱར་བར་བྱའོ།། ཁ་ཟས་བསོད་པ་དང་ཡི་གར་འོང་བ་དང་རྣལ་འབྱོར་སྤྱོད་པའི་ས་དང་མཐུན་པའི་བཟའ་བ་དང་བཅའ་བ་རྣམས་སྦྱིན་པར་བྱའོ།། དེ་བཞིན་དུ་སྦྱར ་ཏེ། དགེ་སློང་གང་དག་མོང་དུ་ཐོས་པར་བྱེད་པ་ལ་བརྩོན་པ་དེ་དག་སྤྲོ་བ་བསྐྱེད་པར་བྱ་ཞིང་། དེ་དག་ལ་བསྲུང་བའི་བར་དུ་བྱའོ།། ཆོས་སྨྲ་བའི་དགེ་སློང་གང་ཡིན་པ་དེ་དག་ལས་སུ་བསྐོ་བར་བྱའོ།། ཆོས་ཉན་པ་ལ་བརྩོན ་པར་འགྱུར་བའི་བར་དུ་བྱའོ།། འཁོར་གྱི་དཀྱིལ་འཁོལ་བཤམ་པར་བྱའོ།། འབེལ་བའི་གཏམ་གྱི་དཀྱིལ་འཁོར་རྣམ་པར་སྦྱང་བར་བྱ་བ་ནས་དེ་ལ་ལེགས་སོ་ཞེས་བྱ་བ་མང་བར་འགྱུར་བའི་བར་དུ་བྱའོ།། དེ་བཞིན་དུ་སྦྱར་ཏེ། ་དངོས་པོ་གང་ལ་ཡང་དབང་བའི་འདུ་ཤེས་བསྐྱེད་པར་མི་བྱའི།། བྱ་བ་ཇི་ཙམ་དུ་ཆུང་བ་ཡང་དགེ་འདུན་གྱི་གྲོས་བཞིན་བྱ་ཞིང་ང་དགར་མི་བྱའོ།། དགེ་འདུན་གྱི་དང་ཕྱོགས་བཞིའི་དགེ་འདུན་གྱི་དང་མི་བསྲེ་བའི་བར ་དུ་བྷཱ་སྟེ་བཟློག་པ་ཡང་དེ་བཞིན་ནོ།། དེ་བཞིན་དུ་མཆོད་རྟེན་གྱི་དང་ཕན་ཚུན་བསྲེ་བ་ཡང་བཀག་གོ།། གལ་ཏེ་ཕྱོགས་བཞིའི་དགེ་འདུན་བྲེལ་ཕོངས་སུ་གྱུར་ན་དགེ་འདུན་གྱི་རྙེད་པ་ཆེ་བར་གྱུར་ན་དགེ་སློང་ཞལ་ཏ་བྱེད ་པ་དེས་དགེ་སློང་གིས་དགེ་འདུན་བསྡུས་ལ་གྲོས་མཐུན་པར་བགྱིས་ཏེ། དགེ་འདུན་གྱི་རྙེད་པ་ལས་ཕྱོགས་བཞིའི་དགེ་འདུན་ལ་བཤུག་པར་བྱའོ།། མཆོད་རྟེན་ཞིག་རལ་དུ་གྱུར་ན་ཡང་དེ་བཞིན་དུ་བྱའོ།། སྦྱིན་པ་པོ་དང ་སྦྱིན་བདག་ལ་གསོལ་བ་ཐོབ་ལ་གསོལ་བར་བྱའོ།། འོད་སྲུངས་གལ་ཏེ་མཆོད་རྟེན་གྱི་རྙེད་པ་ཇི་ལྟར་མང་དུ་གྱུར་དུ་ཟིན་ཀྱང་དེ་དག་དགེ་སློང་ཞལ་ཏ་བྱེད་པས་དགེ་འདུན་དང་ཕྱོགས་བཞིའི་དགེ་འདུན་ལ་བཤུག་པར་མི ་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དད་ཅིང་དང་པ་མདོ་པོ་དག་གི་མཆོང་རྟེན་ལ་ཕུལ་བ་ནི་ཐ་ན་རས་ཀྱི་ཁ་ཆེར་གཅིག་ཙམ་གང་ཡིན་པ་དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་མཆོད་རྟེན་ཡིན་ན། རིན་པོ་ཆེ་འམ་རིན་པོ་ཆེར་སྨོས ་པ་དག་ལྟ་སྨོས་ཅི་དགོས། མཆོད་རྟེན་ལ་གོས་ཕུལ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་དེ་ཉིད་དུ་རླུང་དང་ཉི་མ་དང་ཆར་པས་དེངས་ཀྱང་བླའི་མཆོད་རྟེན་ལ་ཕུལ་བའི་གོས་ཟོང་གསེར་དུ་བསྒྱུར ་དུ་མི་རུང་སྟེ། མཆོད་རྟེན་ལ་ནི་མཆོད་རྟེན་གྱི་ཟོང་ཅེས་ཀྱང་བྲེལ་ཕོངས་པ་མེད་དོ།། འོད་སྲུངས་དགེ་སློང་གི་ཞལ་ཏ་བྱེད་པ་གང་ལ་ལ་ཞིག་གི་ཚུལ་ཁྲིམས་དང་ལྡན་པ་སྦྱིན་པའི་གནས་རྣམས་ལ་སེམས་ཁྲོས་སམ ་དབང་བྱེད་ཅིང་བསྒོ་བླག་བྱེད་ན་དེ་མི་དགེ་བའི་ལས་དེས་སེམས་ཅན་དམྱལ་བར་འགྲོ་བར་འགྱུརརོ།། གལ་ཏེ་མིའི་འཇིག་རྟེན་དུ་འོངས་ན་ཡང་བྲན་དང་གཞན་གྱི་ལས་བྱེད་པར་འགྱུར་བ་དང ་ཁུ་ཚུར་དང་ཐལ་ལྕག་དང་ལག་ཆ་མཉམ་པས་བརྡེག་པ་དང་ཕྲད་པར་འགྱུར་རོ།། དེ་བཞིན་དུ་སྦྱར་ཏེ། དགེ་སློང་ལ་ཆད་པས་གཅོད་པ་དང་། འཇིགས་པར་བྱེད་པ་དང་བསྡིགས་པ་དང་། དུས་མ་ཡིན་པར་བསྒོ་བར་བྱེད་ན། ་དེ་མི་དགེ་བ་དེས་ཉི་ཚེ་བའི་སེམས་ཅན་དམྱལ་པ་ཕུར་པ་མང་པོ་ཞེས་བྱ་བ་དེར་སྐྱེ་བར་འགྱུར་ཏེ། ཕུར་པ་སྟོང་གི་བར་དག་གི་ལུས་ལ་ཟུག་ཅིང་། འབར་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་བར་འགྱུར་རོ།། དེ་བཞིན ་དུསྦྱར་ཏེ། ལྕེའི་ཚད་དཔག་ཚད་བརྒྱ་པར་འགྱུར་ཞིང་། དེའི་ལྕེའི་དབང་པོ་དེ་ལ་ལྕགས་ཕུར་བརྒྱ་སྟོང་ཀུན་ཏུ་འབར་བ་དག་གིས་ཀུན་ཏུ་འབུགས་པར་འགྱུར་རོ།། འོད་སྲུངས་དགེ་སློང་ཞལ་ཏ་བྱེད་པ་གང་ལ་ལས ་དགེ་འདུན་གྱིས་རྙེད་པས་འདུས་ཤིང་འདུས་པ་བཞིག་སྟེ་དུས་དུས་སུ་མི་སྦྱིན་ཞིང་མཐོ་བཙམས་ལ་གཙེས་ནས་སྦྱིན་པ་དང་ཁྭ་ཅིག་ལ་བྱིན་ན་དེ་མི་དགེ་བའི་རྩ་བ་དེས་ཡི་དགས་ཀྱི་སྐྱེ་གནས་རྒྱུགོ་འབྱིན་བྱིན་པ་ནུབ ་ཅེས་བྱ་བ་དེར་སྐྱེ་བར་འགྱུར་རོ།། དེར་ཡི་དྭགས་གཞན་གྱི་ཁ་ཟས་བླངས་ཏེ་དེ་ལ་བསྟན་ན། བསྟན་པའི་ཚེ། མིགོ་གཉི་ག་མི་འཛུམ་པོར་ཟས་དེ་ལ་བལྟ་ཞིང་བཀྲེས་པ་དང་སྐོམ་པས་ཉེན་པའི་སྡུག་བསྔལ་གྱི་ཚོར ་བ་མྱོང་གི་ལོ་བརྒྱ་སྟོང་དུ་ཟས་དེ་ནི་ཐོབ་པར་མི་འགྱུར་རོ།། ཇི་སྟེ་བརྒྱ་ལ་བརྒྱ་ལམ་ན་ཟས་དེ་ཐོབ་པར་མི་འགྱུར་རོ།། ཀྱང་ངན་སྐྱུགས་དང་རྣག་ཁྲག་ཏུ་འགྱུར་རོ་ཞེས་གསུངས་སོ།། དགེ་འདུན་སྲུངས་ཀྱི ་རྟོགས་པ་བརྗོད་པ་ལས་ཀྱང་གནོད་པ་གསུངས་ཏེ། དགེ་འདུན་སྲུངས་ཁྱོད་ཀྱིས་སེམས་ཅན་རྩིག་པ་ལྟ་བུ་གང་དག་མཐོང་བ་དེ་རྣམས་ནི་སྔོན་དགེ་སློང་ཡིན་ཏེ། དེ་དག་གིས་དགེ་འདུན་གྱི་རྩིག་ངོས་ལ་དར་སྣབས ་ཀྱི་མ་རུངས་པས་བྱས་པས་ལས་དེའི་རྣམ་པར་སྨིན་པས་རྩིག་པ་འདྲ་བར་གྱུར་ཏོ།། དགེ་འདུན་སྲུང་ཁྱོད་ཀྱི་སེམས་ཅན་ཀ་བ་འདྲ་བ་གང་དག་མཐོང་བ་དེ་རྣམས་ཀྱང་སྔོན་དགེ་སློང་ཡིན་ཏེ། དེ་དག་གིས་དགེ་འདུན་གྱི་ཀ་བ ་ངར་བསྒྲུབས་ཀྱི་མ་རུངས་པར་བྱས་པས་དེའི་ཕྱིར་ཀི་བ་འདྲ་བར་གྱུར་ཏོ།། དགེ་འདུན་སྲུངས་ཁྱོད་ཀྱིས་སེམས་ཅན་ཤིང་ལྟ་བུ་དང་ལོ་མ་ལྟ་བུ་དང་མེ་ཏོག་ལྟ་བུ་དང་འབྲས་བུ་ལྟ་བུ་གང་དག་མཐོང་བ་དེ་རྣམས་ཀྱང་སྔོན་དགེ་སློང ་ཡིན་ཏེ། དེ་དག་གིས་དགེ་འདུན་གྱི་ཤིང་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་གང་ཟག་གིས་ཡོངས་སུ་སྤྱད་པར་སྤྱད་པས་ན་དེའི་ཕྱིར་ཤིང་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ལྟ་བུར་ཏོ།། ཁྱོད་ཀྱིས་སེམས་ཅན་ཐག་པ ་ལྟ་བུ་དང་ཕྱགས་མ་ལྟ་བུ་གང་དག་མཐོང་བ་དེ་རྣམས་ཀྱང་སྔོན་དགེ་སློང་ཡིན་ཏེ། དེ་དག་གིས་དགེ་འདུན་གྱི་ཐེག་པ་དང་ཕྱགས་མ་གང་ཟག་གིས་ཡོངས་སུ་སྤྱད་པར་སྤྱད་པས་ན་དེའི་ཕྱིར་ཐག་པ་ལྟ་བུ་དང་ཕྱག་མ་ལྟ་བུར ་གྱུར་ཏོ།། ཁྱོད་ཀྱིས་སེམས་ཅན་གཞོང་པ་ལྟ་བུ་གང་མཐོང་བ་དེ་སྔོན་དགེ་ཚུལ་ཡིན་ཏེ། དེ་གཞོང་པ་འཁྲུ་ཞིང་འདུག་པ་དང་། དགེ་སློང་དག་གཅིག་གློ་བུར་དུ་ལྷགས་ཏེ་དེ་དག་གི་དེ་མཐོང་ནས ་དྲིས་པ་དགེ་ཚུལ་བ་ཅི་དང་དགེ་འདུན་ལ་སྐོམ་ལྟ་ཡོད་དམ། དེས་སེར་སྣས་ནོན་པའི་སེམས་ཀྱིས་སྨྲས་པ། ཅི་གཞོང་པ་བཀྲུས་པ་འང་མ་མཐོང་ངམ་སྐོམ་འཐུངས་ཟིན་ཏོ།། དེ་དག་གི་དུས་ཡོལ་ཟིན་པ་ལྟ་སྙམ་དུ་བསམས ་ནས་རེ་བ་ཆད་དེ་དམན་ཞིང་ཡི་བསད་པའི་བཞིན་གྱིས་དོང་ངོ་།། དེ་ནི་ལས་དེའི་རྣམ་པར་སྨིན་པས་གཞོང་པ་ལྟ་བུར་གྱུར་ཏོ།། ཁྱོད་ཀྱི་སེམས་ཅན་གཏུན་ལྟ་བུ་གང་མཐོང་བ་དེ་ཡང་སྔོན་དགེ་སློང་ཡིན་ཏེ། དེ་ལ་ལྷུང་བཟེད་ཀྱི་ལས ་ཤིག་བྱུང་བ་དེའི་ཚེ། དགེ་ཚུལ་བ་དགྲ་བཅོམ་པ་གཅིག་གཅིག་ལ་དམ་བཞག་པའི་ལས་རེས་བབ་ནས་དེ་ལ་དེས་སྨྲས་པ། དགེ་ཚུལ་བ་ཚིག་མ་ཅུང་ཞིག་བརྡུངས་ལ་ཁོ་བོ་ལ་བྱིན། དེས་སྨྲས་པ་གནས་བརྟན་བདག་བྲེལ་གྱིས ་ཅུང་ཞིག་གཞེས་ཤིག། སྲད་ཀྱི་བརྡུངས་ཏེ་གསོལ་ལོ་ཞེས་བྱས་པ་དང་། དེ་ཁྲོས་ནས་སྨྲས་པ། དགེ་ཚུལ་བ་གལ་ཏེ་ཁོ་བོས་གཏུན་ལ་རེག་ཏུ་རུང་ན་ནི་ཁྱོད་ཉིད་ཁོ་བོས་གཏུན་གྱི་ནང་དུ་བཅུག་སྟེ་བརྡུངས་ན་ཚིགས་མ་ཅུང ་ཞིག་བརྡུངས་པ་ལྟ་ཅི་སྨོས། དགེ་ཚུལ་བ་དེས་དེ་ཀུན་ནས་བཀྲིས་པ་དྲག་པོས་བཀྲིས་པར་རིག་ནས། གལ་ཏེ་བདག་གི་དེ་ལ་ལན་བྲན་ནས་དེ་བས་ཀྱང་ཁྲོས་པར་འགྱུར་རོ་སྙམ་ནས་ཁ་རོག་སྟེ་འདུག་གོ།། གང་གི་ཚེ་དེ ་ཀུན་ནས་བཀྲིས་པ་དང་བྲལ་བར་གྱུར་པ་དེའི་ཚེ་དེའི་གན་དུ་སོང་ནས་སྨྲས་པ། གནས་བརྟན་ཁྱོད་ཀྱིས་ཁོ་བོ་སུ་ལགས་མཁྱེན་ཏམ། ངེས་སྨྲས་པ་ཤེས་ཏེ་ཁྱོད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་བསྣུན་པ་ལ ་རབ་ཏུ་བྱུང་བའི་དགེ་ཚུལ་པའོ།། ཁོ་བོ་ནི་དགེ་སློང་གནས་བརྟན་ནོ།། དགེ་ཚུལ་པས་སྨྲས་པ། དེ་ལྟ་ཡིན་དུ་ཟིན་ཀྱང་ཁོ་བོས་ནི་རབ་ཏུ་བྱུང་ནས་བྱ་བ་གང་ཡིན་པ་དེ་བྱསོ།། ཅི་ཞིག་བྱས། ཉོན་མོངས་པ་སྤངས་སོ།། འཆིང ་བ་མཐའ་དག་བཅད་དོ་བཅིངས་པ་ལས་རྣམ་པར་གྲོལ་ལོ།། ཁྱོད་ཀྱིས་ནི་ཞེ་གཅོད་པའི་ངག་གི་ལས་སྨྲས་ཀྱིས་ཉེས་པ་ལ་ཉེས་པར་མཐོལ་ཅིག། འོན་ཏང་ལས་དེ་ཡོངས་སུ་བྱུང་ཞིང་བསྲབས་ཏེ་ཡོངས་སུ་ཟད་པར་འགྱུར་རོ།། ་དེས་ཀྱང་ཉེས་པ་ལ་ཉེས་པར་བཤགས་སོ།། ལས་དེས་ན་གཏུན་ལྟ་བུར་གྱུར་ཏོ།། ཁྱོད་ཀྱིས་སེམས་ཅན་ཕྲུ་ཆེན་ལྟ་བུ་གང་དག་མཐོང་བ་དེ་དག་ནི་སྔོན་དགེ་སློང་རྣམས་ཀྱི་རིམ་གྲོ་བ་རུང་བ་བྱེད་པ་ཡིན་ཏེ། དེ་དག་སྨན་འཚོང ་པའི་ཚེ་དགེ་སློང་རྣམས་ཀྱིས་མི་སྙན་པ་སྨྲས་པས་དེ་དག་སེམས་འཁྲུགས་ནས་ཕྱཝ་ཆེན་བཅགས་པས་དེའི་ཕྱིར་ཕྲུ་ཆེན་ལྟ་བུར་གྱུར་ཏོ།། ཁྱོད་ཀྱིས་སེམས་ཅན་རྐང་པར་ཆད་ལ་སྤྱད་པསྣ་བོགོས་པར་གང་མཐོང་བ་དེ་ཡང་སྟོན ་དགེ་སློང་ཡིན་ཏེ། རྙེད་པ་འཛིན་པར་བྱེད་པ་ན། དེ་སེར་སྣས་ནོན་པས་དུས་བསྣོར་ཏེ་དབྱར་གྱི་གང་ཡིན་པ་དེ་ནི་དགུན་གྱིར་བྱས་དགུན་གྱི་གང་ཡིན་པ་དེ་ནི་དབྱར་གྱིར་བྱས་པས་ལས་དེ་རྣམ་པར་སྨིན་པས་རྐེད་པར་ཆད་ལ་སྐུང ་པས་ཐོགས་ཤིགས་ཤིང་འགྲོའོ་ཞེས་བྱ་བའོ།། ཆོས་སྨྲས་པ་ལ་སོགས་པ་བསྲུང་བའི་ལེའུ་སྟེ་གསུམ་པའོ།། ། གཞན་ཡང་མདོ་སྡེ་དགུ་ལས་གནོད་པ་ཆེན་པ ་དག་གསུངས་ཏེ། རེ་ཞིག་འཕགས་པ་ན་མཁའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྩ་བའི་ལྟུང་བ་ལྔ་སྟེ། རྩ་བའི་ལྟུང་བ་དེ་དག་གིས་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དགེ ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་རློག་སྟེ། ཕམ་པར་གྱུར་ཅིང་ལྷ་དང་མིའི་བདེ་བའི་གནས་ཐམས་ཅད་ལས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར་རོ།། ལྔ་གང་ཞེ་ན། རིགས་ཀྱི་བུ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར ་བས་མཆོད་རྟེན་གྱི་རྫས་འཕྲོག་གམ་དགེ་འདུན་གྱི་དང་ཕྱོགས་བཞིའི་དགེ་འདུན་ལ་ཕུལ་བ་འཕྲོག་གམ་འཕྲོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་དང་པོའོ།། གང་ཡང་ཆོས་སྤོང་ཞིང་འགོག་ཏུ་འཇུག་སྟེ། ཉན་ཐོས་ངེས་པར ་འབྱུང་བ་བཤད་པ་འམ། རང་སངས་རྒྱས་ཀྱི་ངེས་པར་འབྱུང་བ་བཤད་པ་འམ། ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་བཤད་པ་སྤོང་ཞིང་འགོག་ཏུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གཉིས་པའོ།། གང་ཡང་ངའི་ཕྱིར་རབ་ཏུ ་བྱུང་སྟེ་སྒྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་གྱོན་པ། བསླབ་པ་གཟུང་ཡང་རུང་མ་བཟུང་ཡང་རུང་། ཚུལ་ཁྲིམས་འཆལ་པ་ཡང་རུང་ཚུལ་ཁྲིམས་དང་ལྡན་པ་ཡང་རུང་སྟེ། དེའི་གོས་ངུར་སྨྲིག་འབྲོག་གས་ཁྱིམ་ནོ་གནས་པ ་བྱེད་དུ་འཇུག་གམ་ལུས་ལ་ལག་ཆས་བསྣུན་ནམ་བཙོན་རར་འཇུག་གམ་སྲོག་དང་བྲལ་བར་བྱེད་དུ་འཇུག་པ་འདི་ནི་རྩ་བའི་ལྟུང་བ་གསུམ་པའོ།། རྒྱལ་རིགས་གང་ཡང་ཆེད་དུ་བསམས་ཏེ། མའི་སྲོག་གཅོད་པ་དང་ཕ་དང་བཅོམ་ལྡན ་འདས་ཀྱིས་ཉན་ཐོས་དགྲ་བཅོམ་པའི་སྲོག་གཅོད་པ་དང་། དགེ་འདུན་འདུམ་པ་འབྱེད་པ་དང་། ཆེད་དུ་བསམས་ཏེ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ངན་སེམས་ཀྱི་ཁྲིག་འབྱིན་པ་སྟེ། མཚམས་མེད་པའི་ལས་ལྔ་པོ་འདི ་ངག་ལས་གང་ཡང་རུང་བའི་ལས་བྱེད་པ་འདི་ནི་རྩ་བའི་ལྟུང་བ་བཞི་པའོ།། རྒྱལ་རིགས་གང་ཡང་རུང་རྒྱུ་མེད་པར་སྨྲ་བར་གྱུར་ལ། འཇིག་རྟེན་ཕ་རོལ་ལ་གཡེལ་ཏེ། མི་དགེ་བོ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ནས ་གནས་ཤིང་སེམས་ཅན་གཞན་མོང་པོ་དག་ཀྱང་མི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་སྟེ། འདུལ་ཞིང་འཛུད་པ་འགོད་པ་འདི་ནི་རྩ་བའི་ལྟུང་བ་ལྔ་པའོ།། དེ་བཞིན་དུ་སྦྱར་ཏེ་གང་ཡང་གྲོང་འཇོམས་པ ་དང་ལྗོངས་འཇོམས་པ་དང་། གྲོང་ཁྱེར་འཇོམས་པ་དང་། ཡུལ་འཁོར་འཇོམས་པར་བྱེད་པ་འདི་ཡང་རྩ་བའི་ལྟུང་བའོ།། དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ ་ལས་དང་པོ་པ་རྣམས་ཀྱི་རྩ་བའི་ལྟུང་བ་བརྒྱད་དེ་རྩ་བའི་ལྟུང་བ་དེ་དག་གིས་ཐེག་པ་ཆེན་པོ་ཡང་དག་པར་ཞུགས་པ་ལས་དང་པོ་པ་འཁྲུལ་པ་རྣམས་དགེ་བའི་རྩ་བ་སྔོན་བསྐྱེད་པ་ཐམས་ཅད་ཐལ་བར་རློག་སྟེ་ཕམ་པར ་འགྱུར་ཞིང་། ལྷ་དང་མི་དང་ཐེག་པ་ཆེན་པོའི་བདེ་བའི་གནས་ལས་ལྷུང་ནས་ངན་སོང་དུ་འགྲོ་བར་འགྱུར། ཡུན་རིང་པོར་འཁོར་པ་ནས་འཁོར་བར་འགྱུར། དགེ་བའི་བཤེས་གཉེན་དང་བྲལ ་བར་འགྱུར་རོ།། བརྒྱད་གང་ཞེ་ན། སེམས་ཅན་གང་དག་སྔོན་ཉེས་པར་སྤྱད་པའི་རྒྱུས་མི་སྙིགས་མ་ལྡེ་དང་ལྡན་པ་ཉོན་མོངས་པ་ཅན་གྱི་འཇིག་རྟེན་གྱི་ཁམས་འདིར་སྐྱེས་པ་དེ་དག་གི་ནི་བའི་རྩ་བ་ཆུང་བ་སྟེ། དགེ་བའི་བར་ཤེ ་གཉེན་ལ་བརྟེན་ནས་ཐེག་པ་ཆེན་པོ་མཆོག་ཏུ་ཟབ་པ་འདི་ཉན་ཏོ།། རིགས་ཀྱི་བུ་བྲོ་ཆུང་ངུ་དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་ལ་དེ་དག་གི་ནང་ནས་བྱང་ཆུབ་སེམས་དཔའི་ལས ་དང་པོ་གང་དག་སྟོང་པ་ཉིད་དང་ལྡན་པའི་མདོ་སྡེ་མཆོག་ཏུ་ཟབ་པ་འདི་ཉན་པ་དང་ལུང་ནད་པ་དང་ཀློག་པ་དང་ཁ་ཏོན་བྱེད་པ་དེ་དག་དང་ཇི་ལྟར་ཐོས་པ་དང་ཇི་ལྟར་ཆུབ་པར་བྱས་པ་བཞིན་དུ། སྔ་མིའི་བློ་དང་འདྲ་བ་གཞན་དག ་གི་མདུན་དུ། དོན་བཟང་པོ་དང་ཚིག་འབྲུ་བཟང་པོ་རྒྱས་པར་དྲན་པར་བྱེད་ཅིང་རབ་ཏུ་སྟོན་ལ།། དེ་དག་ནི་ནན་ཏན་དུ་མ་སྦྱངས་པས་བྱིས་པ་སོ་སོའི་སྐྱེ་བོ་དག་སྟེ། མཉན་ནས་སྐྲག་ཅིང་དངང་སྟེ་དང་བར་འགྱུར་ཞིང་། དེ ་ངག་དང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལས་ཕྱིར་ལོག་སྟེ། ཉན་ཐོས་ཀྱི་བྱང་ཆུབ་ལ་སྨོན་ན་འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་དང་པོ་སྟེ། རྩ་བའི་ལྟུང་བ་ངེས ་རིགས་ཀྱི་བུ་དེ་དགེ་བའི་རྩ་བ་སྔོན་སྐྱེད་པ་ཐམས་ཅད་ཐལ་བར་རློག་སྟེ་ཕམ་པར་གྱུར་ཅིང་མཐོ་རིས་དང་ཐར་པའི་བདེ་བའི་གནས་ལས་ལྟུང་བ་དང་དེའི་བྱང་ཆུབ་སེམས་ཀྱང་བསླུས་ཤིང་ངན་སོང་དུ་འགྲོ་བར་འགྱུར་རོ།། དེ་ལྟ་བས་ན་བྱང ་ཆུབ་སེམས་དཔའ་སེམས་ཅན་གཞོན་དག་གང་ཟག་གཞན་རྣམས་ཀྱི་བསམ་པ་དང་བག་ལ་ཉལ་བ་ཤེས་པར་བྱས་ལ། བསམ་པ་ཇི་ལྟ་བཞིན་དུ་སེམས་ཅན་རྣམས་ལ་བགས་ཀྱི་ཆོས་བསྟན་པར་བྱ་སྟེ། དཔེར་ན་རྒྱ་མཚོ་ཚོན ་པོར་བགས་ཀྱིས་འཇུག་པ་བཞིན་དུ་བྱའོ།། དེ་བཞིན་དུ་སྦྱར་ཏེ། གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཁ་ཅིག་ལ་འདི་སྐད་དུ་ཁྱོད་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་སྤྱད་པར་མི་ནུས། ཁྱོད་ཀྱིས་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་ཀྱིས། ཁྱོད་ཉན་ཐོས་ཀྱི་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པར་མྱུར་དུ་སེམས་སྐྱེད་ཅིག་དང་། དེས་ན་ཁྱོད་འཁོར་བ་ལྔས་ངེས ་པར་འབྱུང་ངོ་ཞེས་སྨྲས་པ་འདི་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་གཉིས་པ་སྟེ་གོང་དུ་ཇི་ལྟར་སྨོས་པའི་བར་དུའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཁ་ཅིག་ལ་འདི་སྐད་དུ་ཀྱེ་སོ ་སོར་ཐར་པ་དང་འདུལ་བའི་ཚུལ་ཁྲིམས་ལ་ལེགས་པར་བསྲུངས་པས་ཅི་ཞིག་བྱ། ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམོས་སྐྱེད་པ་ཐེག་པ་ཆེན་པོ་ལྷོགས་ཤིག་དང་། དེས་ནི་ཁྱོད ་ཀྱི་ཉོན་མོངས་པའི་རྐྱེན་གྱིས་ལུས་དང་ངག་དང་ཡིད་རྣམས་ཀྱིས་མི་དགེ་བའི་ལས་གང་བསྒྲུབས་པ་དེ་དག་རྣམ་པར་སྨིན་པར་མི་འགྱུར་བར་དག་པར་འགྱུར་རོ།། ཞེས་སྨྲས་པ ་འདི་ནི་བྱང་ཆུབ་སེམས་དཔའི་ལས་དང་པོ་པའི་རྩ་བའི་ལྟུང་བ་གསུམ་པ་སྟེ་གོང་དུ་ཇི་སྐད་སྨོས་པའི་བར་དུའོ།། རིགས་ཀྱི་བུ་གཞོན་ཡང་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ཁ་ཅིག་ལ་འདི་སྐད་དུ་རིགས་ཀྱི་བུ ་ངག་ཁྱེད་ཉན་ཐོས་ཀྱི་ཐེག་པ་པའི་གཏམ་མ་ཉན་ཅིག་མ་ཀློག་ཅིག་གཞན་ངག་ལ་ལུང་མ་འབོག་ཅིག་ཉན་ཐོས་ཀྱི་ཐེག་པའི་གཏམ་ཚོབས་ཤིག་དེས་ནི་ཁྱོད་ཀྱིས་འབྲས་བུ་ཆེན་པོ་རྙེད་པར་མི་འགྱུར་ཞིང་གཞི་ངེས ་ནི་ཁྱེད་ཀྱི་ཉོན་མོངས་པ་མཐར་འབྱིན་པར་མི་ནུས་ཀྱིས། ཐེག་པ་ཆེན་པོའི་གཏམ་འདི་ཉིད་ལ་དང་བར་གྱིས་ཤིག་ཐེག་པ་ཆེན་པོ་ཉོན་ཅིག། བྱུག་པ་ཆེན་པོ་ལྕོགས་ཤིག། གཞན་དག་ལ་ཡང་ལུང་ཕོག་ཅིག་དང་། ་དེས་ན་ཁྱེད་ཀྱི་ངན་འགྲོ་དང་ངན་སོང་གི་ལམ་ཐམས་ཅད་ཞི་བར་འགྱུར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་སྨྲས་པ། གལ་ཏེ་དེ་དག་གིས ་དེའི་ཚིག་བཞིན་དུ་མཉན་དེ་འདྲ་བའི་ལྟ་བར་འགྱུར་བ་བླངས་ན་གཉིས་ཀ་ལ་ཡང་རྩ་བའི་ལྟུང་བར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་བཞི་པའོ།། གཞན་ཡང་བྱང་ཆུབ་སེམས ་དཔའ་ལས་དང་པོ་པ་དག་ལྕེ་གཉིས་བྱེད་པ་ཡིན་ཏེ། གཞན་དུ་སྟོན་ཅིང་བརྗོད་པ་དང་སྒྲ་དང་ཚིགས་སུ་བཅད་པ་འཐོབ་པ་དང་བཀུཪྵ་བསྟིའི་ཕྱིར་ཐེག་པ་ཆེན་པོ་འདི་ཚིག་ཏུ་འདོན་པ་དང་། ཁ་ཏོན་བྱེད་པ་དང་། ཀློག་པ་དང ་སྟོན་པ་དང་། ཐོས་པ་ཙམ་གཞན་ལ་ཡང་སྟོན་ལ། འདི་སྐད་དུ་བདག་ནི་ཐེག་པ་ཆེན་པོ་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྨྲས་ཞིང་། གཞན་དག་གིས་ཕ་རོལ་པོ་གང་དག་ལས་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་རྙེད ་པར་འགྱུར་པ་དེའི་རྐྱེན་གྱིས། འཐོབ་པ་དང་བཀུར་བསྟིའི་ཕྱིར་དེ་དག་གཞན་དག་ལ་ཕྲག་དོག་བྱེད་དེ། དེ་དག་འཁྲུགས་པར་འགྱུར་ཞིང་། དེ་དག་གི་བསྔགས་པ་མ་ཡིན་པ་བརྗོད་དོ།། སློད་ངོ་བ་ཤུང་ངོ་རྣམ་པར་སློངངོ་།། ། ་དེ་དག་ལ་འདུད་པ་དེ་རྣམས་ལ་ཡང་ཕྲག་དོག་གིས་རྒྱས་བདག་བསྟོད་མིའི་ཆོས་བླ་མ་བདག་ཉིད་ལ་སྒྲོགསོ།། དེའི་ཕྱིར་དེ་དག་དངོས་པོ་དེས་ཕམ་པར་འགྱུར་ཞིང་ཐེག་པ་ཆེན་པོའི་བདེ་བ་ལས་ལྷུང་སྟེ། དེ་དག་ལ་ལྕི་བ ་ཆེན་པོའི་ལྟུང་བ་དེ་འབྱུང་ཞིང་། དེས་ན་ངན་སོང་དུ་འགྲོ་བ་འགྱུར་རོ།། དབེན་མི་ལ་ལ་ཞིག་རིན་པོ་ཆེའི་གླིང་དུ་འགྲོ་བར་འདོད་ནས་གྲུ་ལས་རྒྱ་མཚོར་ཞུགས་ལ། དེ་རྒྱ་མཚོ་ཆེན་པོའི་ནང་དུ་བདག་ཉིད་ཀྱིས་གྲུབ་ཤིག་ནས ་དེ་ཉིད་དུ་འཚེ་བར་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཐེག་པ་ཆེན་པོའི་རྒྱ་མཚོར་འཇུག་པར་འདོད་པ་གང་དག་ཕྲག་དོག་གི་རྒྱུས་དེ་དང་དེ་སྨྲས་ཏེ་དེའི་རྐྱེན་གྱིས་དེ་དག་གི་དད་པའི་གྲུབཤིག་ནས ་ཤེས་རབ་ཀྱི་སྲོག་དང་བྲལ་བར་འགྱུར་རོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་བྱིས་པ་དེ་དག་ལ་ཕྲག་དོག་གི་རྒྱུ་དང་བརྒྱ་བརྫུན་གྱི་རྐྱེན་གྱིས་ལྕི་བ་ཆེན་པོའི་ལྟུང་བ་འབྱུང་སྟེ། འདི ་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་རྩ་བའི་ལྟུང་བ་ལྔ་ལའོ།། གཞན་ཡང་མ་འོངས་པའི་དུས་ན་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དག་བྱང་ཆུབ་སེམས་དཔའ་ནན་ཏན་དུ་སྦྱངས་པ ་ཨ་ཁས་སོ་སྐྱབས་པ་སྐྱེས་བུ་ཆེན་པོའི་གཟུངས་དང་བཟོད་པ་རང་ཏིང་ངེ་འཛིན་གྱིས་ས་ལ་ལེགས་པར་སྦྱངས་པ་བྱས་པ་རྣམས་ཀྱི་སྤྱོད་ཡུལ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ་གང་ཡིན་པ་ཐེག་པ་ཆེན་པོའི་མདོ་སྡེ་དེ་དག་འཛིན་ཅིང་ཚིག་ཏུ ་འདོན་ལ་ཁོ་ཏོན་དུ་བྱེད་ཅིང་གཞན་དག་ལ་ཡང་རྒྱ་ཆེར་ཀློག་ཅིང་རབ་ཏུ་སྟོན་ཏེ། ཆོས་འདི་དག་ནི་ཁོ་བོ་ཉིད་ཀྱིས་བློས་རྟོགས་ནས་ཁོ་བོ་སྙིང་རྗེ་བས་དེ་བཞིན་དུ་ཁྱོད་ལ་བསྟན་གྱིས་ཁྱོད་ཀྱིས་ཀྱང་ཅི་ནས་འདི་སངས་རྒྱས་ཀྱི་ཆོས་ཟབ་མོ ་རྣམས་ལ་མངོན་སུམ་དུ་འགྱུར་པ་དེ་ལྟར་སྒོམ་ས་ཤིག། དེ་ལྟར་བྱས་ན་ཁྱོད་ད་ལྟར་ཁོ་བོ་བཞིན་དུ་ཡེ་ཤིས་མཐོང་བར་འགྱུར་རོ་ཞེས་སྨྲའི་འདི་སྐད་དུ་ཁོ་བོས་མདོ་སྡེ་ཟབ་མོ་ཟབ་པ་འདི་ལྟ་བུ་འདི་བཀླགས་པ་ཙམ་གྱིས་བསྟན་པར ་ཟེད་ཀྱི་མངོན་སུམ་དུ་བྱས་ལ་ནི་མ་ཡིན་ན་ཞེས་ནི་མི་སྨྲ་སྟེ་རྙེད་པ་དང་བཀུ་རྡོ་སྟེའི་ཕྱིར་བདག་འཚོང་ཞིང་། དེའི་རྐྱེན་གྱི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་དང་འཕགས་པའི་གང་ཟག་ཐམས་ཅད་ཀྱི་སྤྱན་སྔར་ཉེས་པ་དང་བཅས་པ་ཡིན་ཏེ་ལྕི་བ་ཆེན་པོའི་ལྟུང་བར་འགྱུར་རོ།། ཐེག་པ་ཆེན་པོས་ལྷ་དང་བཅས་པའི་འཇིག་རྟེན་བསླུས་པར་འགྱུར་རོ།། དེ་ནི་ཉན ་ཐོས་ཀྱི་ཐེག་པར་ཡང་མི་འགྱུར་ན་ཐེག་པ་ཆེན་པོ་ལ་འཇུག་པར་ཁྱད་པར་འཐོབ་པ་ལྟ་སྨོས་ཀྱང་ཅི་དགོས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས་དཔེར་ན་མི་ལ་ལ་ཞིག་འབྲོག་དགོན་པ་ཆེན་པོར ་ཆས་ལ་བཀྲེས་པ་དང་སྐོམ་པས་ཉེན་པས་དེ་དེར་ཁ་ཟས་ཀྱི་ཕྱིར་འབྲས་བུ་ཆེན་པོའི་ཤིང་ལ་འཛེགས་ལ། དྲི་ཕུན་སུམ་ཚོགས་པ་དང་རོ་ཕུན་སུམ་ཚོགས་པ་མ་མྱངས་པར་འབྲས་བུ་ཆེན་པོའི་ཤིང་བོར་ཏེ། དུག་གི་ཤིང ་ལ་འཛེགས་ནས་དུག་གི་འབྲས་བུ་ཟོས་ལ་ཟོས་ནས་ཀྱང་འཆི་བའི་དུས་བྱས་པ་ལྟར་གང་ཟག་དེ་ཡང་དེ་དང་འདྲའོ་ཞེས་སྨྲའོ།། གང་དག་རྙེད་པར་དཀའ་བའི་མི་རྙེད་ལ་རྙེད་ནས་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ་ཐེག་པ ་ཆེན་པོ་ལ་འཇུག་པར་འདོད་ལ། རྙེད་པ་དང་བཀུར་སྟིའི་རྒྱུས་བདག་ལ་བསྟོད་ཅིང་གཞན་ལ་སྨོས་པས་ལྕི་བ་ཆེན་པོའི་ལྟུང་བ་འདི་ལྟ་བུ་འདི་འབྱུང་སྟེ། ལྟུང་བ་ལྕི་བ་དེས་མཁས་པ་ཐམས་ཅད་ཀྱིས་སྨྲས་པར་གྱུར་ལ་ངན་སོང་དུ ་འགྲོ་བའི་མི་གང་ཟག་དེ་ལྟ་བུ་ནི་རྒྱལ་རིགས་དང་བྲམ་ཟེ་དང་རྗེའུ་རིགས་དང་། དམངས་རིགས་ཐམས་ཅད་ཀྱིས་བསྟེན་པར་བྱ་བ་མ་ཡིན་ནོ།། གང་དེ་ལ་བརྟེན་པ་དེ་ནི་མཁས་པ་ཐམས་ཅད་ཀྱིས་སྤང་བར་འགྱུར་ཏེ། འདི་ནི ་བྱང་ཆུབ་སེམས་དཔའ་ལས་དང་པོ་བའི་རྩ་བའི་ལྟུང་བ་དྲུག་པའོ།། རིགས་ཀྱི་བུ་གཞན་ཡང་མ་འོངས་པའི་དུས་ན། རྒྱལ་རིགས་རྣམས་ཀྱི་མདུན་ན་འདོན་གདོལ་པ་དང་། བློན་པོ ་གདོལ་པ་དང་ཤོར་བ་གདོལ་པ་དང་བློན་པོ་མཁས་པ་ང་རྒྱལ་ཅན་ནོར་ཆེ་བ་ལོངས་སྤྱོད་ཆེ་བ་དག་བྱུང་སྟེ། དེ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམ་པ་མང་པོ་དག་ལ་སྣང་སྟེ། གཏོང་བས་རྒྱགས ་ཤིང་དྲེགས་པ་དེ་དག་ང་རྒྱལ་དང་རྒྱགས་པ་དང་དྲེགས་པས། རྒྱལ་རིགས་དང་དགེ་སྦྱོང་དང་དགེ་སྦྱོང་དང་རྒྱལ་རིགས་རྣམས་འབྱེད་པའི་དབྱེན་བྱེད་ཅིང་དེ་དག་རྒྱལ་རིགས་བསྟེན་ནས་དགེ་སྦྱོངས་རྣམས་ལ་ཆད་པས ་གཅོད་དུ་འཇུག་ཆད་པས་ནོར་འཕྲོག་ཏུ་འཇུག་སྟེ། གནོད་པ་དེས་དགེ་སྦྱོང་དེ་དག་གང་ཟག་གི་འམ་དགེ་འདུན་གྱི་འམ་ཕྱོགས་བཞིའི་དགེ་འདུན་གྱི་འམ་མཆོད་རྟེན་གྱི་ངག་དགེ་སྦྱོང་རྣམས་རྐུར་བཅུག་ནས་དེ་དག་ལ ་སུག་ཏུ་འབུལ་ལོ།། གདོལ་པ་དེ་དག་གིས་ཀྱང་རྒྱལ་རིགས་དེ་དག་ལ་འབུལ་བར་འགྱུར་ཏེ་དེ་དག་གཉིས་ཀ་རྩ་ལ་རྩ་བའི་ལྟུང་བར་འགྱུར་རོ།། འདི་ནི་རྩ་བའི་ལྟུང་བ་བདུན་པའོ།། རྒྱལ་རིགས་གདོལ་པ་དེ་དག ་ཀྱང་དགེ་སྦྱོང་རྣམས་ལ་རབ་ཏུ་སྡང་བར་འགྱུར་ཏེ། ཆོས་འདི་ལྟ་བུ་ནི་ཆོས་མ་ཡིན་པར་འཛེགས་ཤིང་ཆོས་སྤངས་ནས་ཆོས་མ་ཡིན་པ་ལ་འཇོག་པར་འགྱུར་རོ།། མདོ་དང་འདུལ་བ་དང་བསླབ་པ་ལ་མི་ལྟ་ཞིང ་ནག་པོ་བསྟན་པ་དང་ཆེན་པོ་བསྟན་པ་སྤངས་ཏེ། སྙིང་རྗེ་ཆེན་པོའི་ཚུལ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པའི་བསླབ་པ་དང་མདོ་སྡེ་གཞན་དག་ལས་བསླབ་པ་བསྟན་པ་དེ་དག་ཀྱང་སྤངས ་ནས་ཆོས་འདི་ལྟ་བུ་དང་ལྡན་པའི་དགེ་སློང་རྣམས་ལ་གཙེ་བའི་ཕྱིར་བཀའ་ཁྲིམས་གང་གིས་དགེ་སློང་རྣམས་ལ་གནོད་པར་འགྱུར་བ་དང་། ཞི་གནས་དང་ལྷག་མཐོང་དང་མཐུན་པའི་རྣལ་འབྱོར་ཡིད་ལ་བྱེད་པ་འདོར ་བར་བྱེད་པ་དང་། འཕྱེ་བ་དང་གནོད་སེམས་མང་དུ་འགྱུར་པའི་ཁྲིམས་འཆའ་བར་བྱེད་དོ།། རྒྱུ་དེས་ན་དགེ་སློང་རྣམས་ཉེ་བར་མ་ཞི་བའི་ཉོན་མོངས་པ་རྣམས་ཉེ་བར་ཞི་བར་མི་འགྱུར་བསྲབས་པར་མི་འགྱུར་རོ།། ་དེའི་ཚེ་དགེ་སློང་དེ་དག་བསམ་པ་ཉམས་པར་འགྱུར། ཚུལ་ཁྲིམས་ཉམས་པར་འགྱུར། ཆོ་ག་ཉམས་པར་འགྱུར། ལྟ་བ་ཉམས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། སྒྱིད་ལུག་པར་གྱུར་པ་དང་། བྱ་བ་མང་བར ་གྱུར་པ་དང་། དགེ་སྦྱོང་མ་ཡིན་པ་དགེ་སྦྱོང་དུ་ཁས་འཆེ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པར་ཁས་འཆེ་ཞིང་ལུང་བོང་ལྟར་སྤྱོད་པས་སོ།། རེག་པར་བྱ་བའི་ཆོས་སྟོན་པ་དེ་དག་ལྷག་པར ་རྒྱལ་རིགས་འཁོར་དང་བཅས་པས་བཀུར་བསྟི་བྱས་པར་འགྱུར་རིམ་གྲོ་དང་མཆོད་པ་བྱས་པར་འགྱུར་རོ།། དེ་དག་ཀྱང་ཁྱིམ་པ་རྣམས་ལ་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ཀྱིས་བསྔགས་པ་མ་ཡིན་པ་བརྗོད་པར ་འགྱུར་རོ།། རྒྱལ་རིགས་འཁོར་དང་བཅས་པ་དེ་ཡང་དགེ་སློང་སྤོང་བ་ལ་བརྩོན་པ་རྣམས་ལ་རབ་ཏུ་སྡང་བར་འགྱུར་འཕྱ་བར་འགྱུར་ཏེ། དེས་ནུ་དགེ་སློང་སྤོད་པ་ལ་བརྩོན་པ ་རྣམས་ཀྱི་ལོངས་སྤྱོད་དང་ཉེ་བར་སྤྱོད་པ་གང་ཡིན་པ་དེ་དགེ་སློང་ཁ་ཏོན་བྱེད་པ་ལ་དགའ་བ་རྣམས་ལ་སྦྱིན་པར་འགྱུར་ཏེ། དེ་དག་གཉི་ག་ལ་ཡང་རྩ་བའི་ལྟུང་བར་འགྱུར།། དེ་ཕ་ཅིའི་ཕྱིར་ཞེ་ན། དགེ་སློང་བསམ ་གཏམ་པ་ནི་ཞིང་དམ་པ་ཡིན་གྱི། ཀློག་པ་དང་ཞལ་ཏེ་བྱེད་པ་ལ་གནས་པ་དང་ཀློག་པ་ལ་བརྩོན་པ་ནི་ཏིང་འཛིན་དང་གཟུངས་དང་བཟོད་པའི་ས་རྣམས་ཀྱི་སྣོད་དུ་གྱུར་པ་འམ་ཤིན་ཏུ་སྦྱིན་གནས་སུ་འགྱུར་རམ།། སྣོད ་དུ་གྱུར་པ་དང་། འཇིག་རྟེན་ལ་སྣང་བར་བྱེད་པ་འམ་ལོམ་ཉེ་བར་སྟོན་པར་བྱེད་པ་འམ་ལས་ཀྱི་ཞིང་དང་ཉོན་མོངས་པའི་ཞིང་ལས་སེམས་ཅན་རྣམས་སྒྲིལ་བ་དང་མྱ་ངན་ལས་འདས་པར་འགྲོ་བའི་ལམ་ལ་འཇིག ་པ་མ་ཡིན་པའི་ཕྱིར་ཏེ། རིགས་ཀྱི་བུ་བརྒྱད་པོ་འདི་དག་ནི་རྩ་བའི་ལྟུང་བའོ་ཞེས་གསུངས་སོ།། འདི་དག་གི་ངེས་པར་འབྱུང་བ་ཡང་མདོ་འདི་ལས་གསུངས་པ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་དེ་དག ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་མཁའི་སྙིང་པོའི་མིང་ཐོས་ནས་ངན་སོང་དུ་ལྷུང་བས་འཇིགས་པའི་ཕྱིར་མཐོང་བར་འདོད་ཅིང་རྩ་བའི་ལྟུང་བ་འཆགས་པར་འདོད་ལ། གལ་ཏེ་དེ་དག་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་ན་མཁའི་སྙིང་པོ་ལ་ཕྱག་འཚལ་ཞིང་དེའི་མིང་ཡང་བརྗོད་ན། རིགས་ཀྱི་བུ་དེ་དག་གི་མདུན་དུ་སྐལ་བ་ཇི་ལྟ་བ་བཞིན་དུ་དེ་རང་གི་གཟུགས་ཀྱིས་གནས་པར་འགྱུར་ཏེ། ་བྲམ་ཟེའི་གཟུགས་ནས་བུ་མོའི་གཟུགས་ཀྱི་བར་གྱིས་མདུན་དུ་གནས་པར་འགྱུརརོ།། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེ་ལ་ལྟུང་བ་ཇི་ལྟ་བུ་བྱུང་བ་དེ་དག་འཆགསུ་འཇུག་གོ། དེ་ཐབས་ལ་མཁ ་པ་ཟབ་མོ་དང་། ཐེག་པ་ཆེན་པོ་ལ་སྤྱད་པའང་ཉེ་བར་སྟོན་ཏོ།། བྱར་མི་ལྡོག་པའི་སའི་བར་ལ་རབ་ཏུ་འཇོག་གོ།། དེ་བཞིན་དུ་སྦྱར་ཏེ། གལ་ཏེ་དེ་ལ་གསོལ་བ་འདེབས་པ་གང་ཡིན་པ་དེ་དག་ལ་མངོན་དུ་སྟོན ་བར་མི་བྱེད་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཉེས་པ་དང་བཅས་པ་དེས་ཐོ་རངས་ལངས་ལ་ཤར་ཕྱོགས་སུ་བལྟས་ཏེ་འདུག་ལ་བདུག་པས་བདུག་པར་བྱ། ལྷའི་བུ་སྐྱ་རེངས་ལ་གསོལ་བ་གདབ་པར་བྱ ་སྟེ། ཚིག་འདི་སྐད་དུ་སྒྲངས་སྐྱེ་རེས་སྙིང་རྗེ་ཆེན་པོ་སྐལ་པ་ཆེན་པོ་ཁྱོད་ཛམྦུའི་གླིང་དུ་ཤར་མ་ཐག་ཏུ་སྙིང་རྗེས་བདག་ལ་ཁེབས་པར་མཛད་དུ་གསོལ། ན་མཁའི་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཡང་བདག་གི ་ཚིག་གིས་མྱུར་དུ་བསྐུལ་ཏེ་ཐབས་གང་གིས་བདག་ལྟུང་བ་འཆགས་པར་འགྱུར་བ་དང་ཐེག་པ་ཆེན་པོ་འཕགས་པ་ཐབས་དང་ཤེས་རབ་འཐོབ་པར་འགྱུར་བའི་ཐབས་དེ་དག་གིས་རྨི་ལམ་དུ་བསྟན་དུ་གསོལ་ཞེས་སྨྲས ་ལ། དེའི་ཚེ་དེ་མལ་དུ་གཉིད་ལོག་པར་བྱ་སྟེ་ཛམྦུའི་གླིང་འདིར་སྐྱ་རེངས་ཤར་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ན་མཁའི་སྙིང་པོ་དང་ཕྲད་པར་འགྱུར་ཏེ། བྱང་ཆུབ ་སེམས་དཔའ་ལས་དང་པོ་པ་དེའི་རྨི་ལམ་དུ་དེའི་གཟུགས་མདུན་དུ་འདུག་སྟེ་རྩ་བའི་ལྟུང་བ་དེ་དག་འཆགས་སུ་འཇུག་གོ།། དེ་ལ་ཐེག་པ་ཆེན་པོའི་ཐབས་ཀྱི་ཐབས་ཤེས་པ་འདི་ལྟ་བུ་ཡང་བསྟེན་ཏེ། ཐབས་ཤེས་པ ་ལ་མཁས་པ་དེས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེས། དེ་ཉིད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པོ།། ཐེག་པ་ཆེན་ལ་བརྟན་པོར་གནས་པར་འགྱུར་རོ།། ཞེས་བྱ་བ་ལ་སོགས་པ ་ཡིན་ནོ།། ཡང་ན་མདོ་སྡེ་དེ་ཉིད་ལ་གསོལ་བ་གདབ་པའི་བསྔགས་སྔར་སྨོས་པ་གང་ཡིན་པ་དེས་ཆོ་ག་འདི་བྱས་ཏེ་དེ་ལས་འདི་སྐད་དུ་བྱུང་ངོ་།། དགོན་པ་འམ་ནགས་འདབ་བམ་ཐ་གབ་མེད་པར་ཨོཾ་ཀ་རུ་ཥམ་རྒྱ་སྨོས ་སམ་དུས་ཀྱི་རྗེས་སུ་འབྲང་བས་བདུགས་ལ་ཐལ་མོ་སྦྱར་ཏེ་ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་ཡན་ལག་ལྔས་ཕྱག་བྱས་ལ། སྔགས་ཀྱི་ཚིག་འདི་དག་བརྗོད་པར་བྱའོ།། འདི་ལྟ་སྟེ། སུ་སྠི་ཤ་སུ་སྨི་ཤ། ཀཱ་རུ ་ཀ། ཙིར་ཙིར་བི་ཙི་ར། སཉྫ་ར། ཀཱ་རུ་ཎི་ཀ། མུ་མུ་བ~ཾ་གར་དྷེ་རོ། མུ་ཙ་མེ། བྷུ་ཝུ་ཛི་ཤ་ཏ། ཀཱ་རུ་ཎ~ཾ་ཀོ། ཙིན་ཏྲ་མ་ཎི་པཱ་ར་ཡ། ཀཱ་རུ་ཙི་ཀ་སརྦཾ་ཤཱ་མེ་སྠ་བོ་ཡ། ཨཱདྡ་དྷི་རྀ་སཱུ་གུང་སྨྲི་གུང་། རུ་ཏ་བ ་གུཿ། གྲཥྚ་བི་བེ་ཀ་གུ། པཱུ་ར་ཡ་ཀཱ་རུ་ཎི་ཀ། པཱུ་ར་ཡན་ཏུ་མ་མ་ཨ་ཤུ། སརྦ་ཐ་ཙ། ཨ་ཤོ་ཀ་ག་ཏི་སྣཱ་ས་ཧཱ། ཆོ་ག་འདི་ནི་སྔ་མ་བཞིན་ནོ།། ནད་དང་སྡུག་བསྔལ་ཐམས་ཅད་དང་འཇིགས་པ་ཐམས་ཅད་དང་ཡོ་བྱད ་ཀྱི་ཕོངས་པ་ཐམས་ཅད་གསལ་བ་དང་འདོད་པ་ཐམས་ཅད་སྒྲུབ་པའི་ཕྱིར་བྱའོ།། གལ་ཏེ་རྒྱལ་རིགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཡིན་ན་ཇི་ལྟར་དེ་དག་གི་ལྟུང་བ་ངེས་ཤིང་གཞན་དག་གི་ནི་མ་ངེས་ཇི་སྟེ་དེ་དག་སྡོམ ་པ་ཅན་མ་ཡིན་ན་ནི། དེ་དག་གི་ལྟུང་བར་ཇི་ལྟར་རྣམ་པར་བཞག་ཅིང་། སྡོམ་པ་ཅན་དག་ཉེས་པ་དེས་ཟིན་པར་ཡང་ཇི་ལྟར་འགྱུར་ཞེ་ན། འདི་ནི་ཉེས་པ་མེད་དེ་དེ་གང་དུ་གང་དག་ལ་མང་དུ་འབྱུང་བ་དེ་དག་ལ་དེར་རང་གི ་མིང་ནས་སྨོས་ཏེ་བསྟན་ནས་འཇིགས་པ་བསྐྱེད་པའི་ཕྱིར་བཟློག་གོ།། ཐམས་ཅད་ཀྱིས་ཀྱང་ཕན་ཚུན་དུ་ལྟུང་བ་ཐམས་ཅད་སྦྱང་བར་བྱའོ།། རང་བཞིན་གྱི་ཁ་ན་མ་ཐོ་བ་ཆེ་བས་ན་གང་གིས་ཡང་དག་པར་མ་བླངས་ན་ཡང ་སྐལ་པ་མེད་པ་དང་དགེ་བའི་རྩ་བ་འཆད་པར་འགྱུར་བ་དེས་སྡོམ་པ་ཅན་ལ་ཤིན་ཏུ་ཆེས་འགྱུར་ཏེ་དེ་ལྟར་དཔྱད་པས་ཆོག་གོ།། ཐབས་ལ་མཁས་པའི་མདོ་ལས་ཀྱང་རྩ་བའི་ལྟུང་བ་གསུངས་ཏེ། རིགས་ཀྱི་བུ་གཞན་ཡང ་བྱང་ཆུབ་སེམས་དཔའ་སོ་སོར་ཐར་པའི་བསླབ་པ་ལ་སློབ་ཅིང་བསྐལ་པ་བརྒྱད་སྟོང་དུ་རྩ་བ་དང་འབྲས་བུ་ཟ་བར་གྱུར་ལ། སེམས་ཅན་རྣམས་ཀྱིས་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་བཟོད་ཀྱང་ཉན་ཐོས་དང་ས་རང་སརྦ ་རྒྱས་དང་ལྡན་པའི་ཡིད་ལ་བྱེད་པ་གནས་ན་འདི་ནི་བྱང་ཆུབ་སེམས་དཔའི་ལྟུང་བ་ལྕི་བའོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཉན་ཐོས་ཀྱི་ཐེག་པ་ཅན་ལ་རྩ་བའི་ལྟུང་བ་བྱུང་ན་ཕུང ་པོ་དེ་ཉིད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་སྐལ་བ་མེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་ལྟུང་བ་མ་བཤགས་ཤིང་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པ་དེ་མ་སྤངས་ན་སངས་རྒྱས་ཀྱིས་ལ་ཡོངས་སུ་མྱ་ངན ་ལས་འདའ་བའི་སྐལ་བ་མེད་དོ་ཞེས་འབྱུང་ངོ་།། རྩ་བའི་ལྟུང་བ་འདི་དག་བདེ་བླག་ཏུ་གཟུང་བ་དང་འགའ་ཞིག་གིས་ལུས་གནས་པར་བྱ་བའི་ཕྱིར་བསྡུ་བའི་ཚིག་ལེའུར་བྱས་པ་དག་བརྗོད་པར་བྱའོ།། དཀོན་མཆོག ་གསུམ་གྱི་དཀོར་ཕྲོགས་པ།། ཕས་ཕམ་པ་ཡི་ལྟུང་བར་འདོད།། དམ་པའི་ཆོས་ནི་སྤོང་བྱེད་པ།། གཉིས་པར་ཐུབ་པས་གསུངས་པ་ཡིན།། ཚུལ་ཁྲིམས་འཆལ་པའི་དགེ་སློང་ལའང་།། ངུར་སྨྲིག་འཕྲོགས་དང ་བརྡེག་པ་དང་།། བཙོན་རར་འཇུག་པ་བྱེད་པ་དང་།། རབ་ཏུ་བྱུང་ལས་འབེབས་པ་དང་།། མཚམས་མེད་ལྔ་པོ་བྱེད་པ་དང་།། ལོག་པར་ལྟ་བ་འཛིན་པ་དང་།། གྲོང་ལ་སོགས་པ་འཇིག་པ་ཡང་།། རྩ་བའི་ལྟུང ་བར་རྒྱལ་བས་གསུངས།། བློ་སྦྱངས་མ་བྱོས་སེམས་ཅན་ལ།། སྟོང་པ་ཉིད་ནི་བརྗོད་པ་དང་།། སངས་རྒྱས་ཉིད་ལ་ཞུགས་པ་དག། རྫོགས་པའི་བྱང་ཆུབ་བཟློག་པ་དང་།། སོ་སོར་ཐར་པ་ཡོངས་སྤངས་ཏེ།། ཐེག་པ་ཆོས ་སྦྱོར་བ་དང་།། སློབ་པའི་ཐེག་པས་ཚུགས་ལ་སོགས།། སྤོང་བར་འགྱུར་བ་མིན་ཞེས་འཛིན།། ཕ་རོལ་དག་ཀྱང་འཛིན་འཇུག་དང་།། རང་གི་ཡོན་ཏན་བརྗོད་པ་དང་།། རྙེད་པ་དང་ནི་བཀུར་སྟི་དང་།། ཚིགས་བཅད་རྒྱུ་ཡིས ་གཞན་སློང་དང་།། བདག་ནི་ཟ་མོ་བཟོད་པའོ་ཞེས།། ལོག་པ་ཉིད་ནི་སྨྲ་བ་དང་།། དགེ་སྦྱོང་ཆད་པས་གཅོད་འཇུག་དང་།། དཀོན་མཆོག་གསུམ་གྱིས་སྦྱིན་བྱེད་དང་།། སྦྱིན་པ་ལེན་པར་བྱེད་པ་དང་།། ཞི་གནས་འདོར་བར ་བྱེད་པ་དང་།། ཡང་དག་འཇོག་གི་ལོངས་སྤྱོད་རྣམས།། ཁ་ཏོན་བྱེད་ལ་སྦྱིན་པ་རྣམས།། དེ་དག་རྩ་བའི་ལྟུང་བ་སྟེ།། སེམས་ཅན་དམྱལ་པ་ཆེན་པོའི་རྒྱུ།། རྨི་ལམ་འཕགས་པ་ན་མཁའི་སྙིང་པོའི།། མདུན་དུ་འདུག་སྟེ ་བཤགས་པར་བྱ།། བྱང་ཆུབ་སེམས་ནི་འོངས་འདོར་དང་།། ཆགས་དང་སེར་སྣ་མི་བཟད་པས།། སློང་ལ་སྦྱིན་པར་མི་བྱེད་དང་།། བསྒྲིམས་ཏེ་དགའ་བར་བྱེད་པ་ན།། སེམས་ཅན་ལ་ནི་མི་བཟོད་པར།། ཁྲོས་པས་སེམས ་ཅན་བརྡེག་པ་དང་།། ཉོན་མོངས་པ་དང་གཞན་མཐུན་པས།། ཆོས་ལྟར་བཅོས་པ་བརྗོད་པའོ།། འཕགས་པ་སའི་སྙིང་པོའི་མདོ་ལས་ཀྱང་།། ཚངས་པ་ཆེན་པོ་གང་ངའི་ཕྱིར་རབ་ཏུ་བྱུང་བ། ཚུལ་ཁྲིམས་འཆལ་པ་སྡིག ་པ་སྤྱོད་པའི། དགེ་སློང་ལྡོངས་པ་ཤིང་རུལ་པ་ལྟ་བུར་གྱུར་པ། དགེ་སྦྱོང་མ་ཡིན་ལ་དགེ་སྦྱོང་དུ་ཁས་འཆེ་བ་དང་། ཚངས་པར་སྤྱོད་པ་མ་ཡིན་པ་ལ་ཚངས་པར་སྤྱོད་པར་ཁས་འཆེ་བ། ཉོན་མོངས་པ་སྣ་ཚོགས་ཀྱིས ་པྲ་ཤྲཱིག་པ་ལྟུང་བ་ཕམྦྷ་པ་ཡིན་ཡང་ཚུལ་ཁྲིམས་འཆལ་བ་སྡིག་པ་སྦྱོང་པའི་དགེ་སློང་དེ།། དེའི་ཚེ་ན་ཡང་ལཱུ་ཐམས་ཅད་དང་མི་རྣམས་ཀྱི་བར་དང་བྱ་སོད་རྣམས་ཀྱི་གཏུར་དག་གློ་བར་རླུ ་པ་དང་དགེ་བའི་བཤེས་གཉེན་ཡིན་ནོ།། དེ་སྨོད་དུ་གྱུར་པ་མ་ཡིན་དུ་ཟིན་ཀྱང་། སྒྲ་དང་ཁ་སྤུ་བྲེགས་ཏེ་གོས་ངུར་སྨྲིགས་བགོས་པ་དང་སྤྱོད་ལམ་བསྟན་པའི་རྒྱུ་དེས་ཀྱང་སེམས་ཅན་མང་པོ་དག་གི་དགེ་བའི་རྩ་བ་སྣ་ཚོགས་སྟོན ་པར་བྱེད་པ་དང་བདེ་འགྲོའི་ལམ་སྟོན་པ་ཡིན་ནོ།། དེ་ལྟ་བས་ན་ངའི་ཕྱིར་རབ་ཏུ་བྱུང་བ་ཚུལ་ཁྲིམས་དང་ལྡན་པ་འམ་ཚུལ་ཁྲིམས་འཆལ་པ་ཡང་རུང་སྟེ། གང་ངའི་ཕྱིར་རབ་ཏུ་བྱུང་བ་ལ་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡང ་ཆོས་དང་མཐུན་པས་ཀྱང་ལུས་ལ་ཆད་པས་གཅོད་པ་དང་བཙོན་རར་འཇུག་པ་དང་ཡན་ལག་དང་ཉིང་ལག་གཅོད་པ་དང་སྲོག་གཅོད་དུ་མི་གནང་ན་ཆོས་མ་ཡིན་པ་ལྟ་རྩ་སྨོས། ཆོས་འདུལ་བ་ལ་ཤི་ཊི་ལྟ་བུར་བརྗོད་དུ་ཟིན ་ཀྱང་གང་ཟག་དེ་གི་ཝང་དང་གླ་རྩི་དང་མཚུངས་ཞེས་གསུངས་སོ།། ཡང་དེ་ཉིད་ལས། ངའི་ཕྱིར་རབ་ཏུ་བྱུང་བ་སྣོད་དུ་གྱུར་ཏམ་སྣོད་དུ་མ་གྱུར་ཀྱང་རུང་བ་རྣམས་ལ་གང་དག་འཚེ་བ་དེ་དག་ཐམས་ཅད་ནི་དུས་གསུམ་དུ་ག་ཤ ་པའི་སངས་རྒྱས་ཐམས་ཅད་ལ་ཤིན་ཏུ་ཉེས་པ་དང་བཅས་པ་ཡིན་ནོ།། དགེ་བའི་རྩ་བ་ཆད་པ་དང་རྒྱུ་ཚིག་པ་དང་མིནར་མེད་བང་གི་ཞལ་བ་ཡིན་ནོ་ཞེས་གསུངས་པ་དང་། ཡབ་དེ་ཉིད་ལས། འདི་ལྟ་སྟེ། སངས་རྒྱས ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་གོས་ངུར་སྨྲིག་འདི་ནི་ཐར་པའི་རྒྱལ་མཚན་ཡིན་ནོ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས་དེའི་ཚེ་ཉན་ཐོས་ཁྲུག་ཁྲིགས་བརྒྱ་སྟོང་མང་པོ་དང་། བྱང་ཆུབ་སེམས་དཔའ་ཁྲག་ཁྲིག་བརྒྱ་སྟོང ་མང་པོ་དག་སྔོན་བྱོས་པའི་ལས་ཀྱི་སྒྲིབ་པ་འདི་ལྟ་བུ་བཅོམ་ལྡན་འདས་ལ་འཆགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་རབ་ལ་སྣོད་དུ་གྱུར་པ་དང་སྣོད ་དུ་མ་གྱུར་པ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་གང་ཟག་ལ་སྨད་དྲོ་བཤུངས་སོ་ཁྲོས་སོ་བསྔགས་པ་མ་ལགས་པ་དང་མི་སྙན་པའི་བཀའ་མཆིད་བརྗོད་དོ།། ལས་ཀྱི་སྒྲིབ ་བཔབ་དེས་ན་བདག་ཅག་ངན་སོང་གསུམ་དུ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མི་ཟད་པ་རྣམས་པ་མང་པོ་མྱོང་ངོ་།། དེ་བཞིན་དུ་སྦྱར་ཏེ། བདག་ཅག་ལས་ཀྱི་སྒྲིབ་པའི་ལྷག་མ་དེ་ད་ལྟར་བཅོམ་ལྡན་འདས་ལ་འཆགས་སོ།། ་ཁ་ཅིག་ནི་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ལ་ཚིག་གིས་བསྡིགསོ་སྦྱོས་རྒྱད་དོ་ཞེས་འཛེར་ཏོ།། ཁ་ཅིག་ནི་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་སྣོད་དུ་གྱུར་པ་དང་། སྣོད་དུ་མ་གྱུར ་བ་རྣམས་ལ་བརྡེག་བསྣུན་ཏོ་ཞེས་འཛེར་ཏོ།། ཁ་ཅིག་ནི་བདག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་གོས་ཕྲོགསོ་ཞེས་འཛེར་ཏོ།། ཁ་ཅིག་ནི་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ཀྱི་ལོངས་སྤྱོད ་དང་ཡོངས་སུ་སྤྱོད་པ་རྣམས་ཕྲོགས་སོ་ཞེས་འཛེར་ཏོ།། ཁ་ཅིག་ནི་བདག་ཅག་གིས་བཅོམ་ལྡན་འདས་ཀྱི་ཕྱིར་རབ་ཏུ་བྱུང་བ་རྣམས་ཁྱིམ་པར་ཕབ་སྡེ་གནས་མ་ལགས་པ་ཐོབ ་པར་བགྱིས་སོ་ཞེས་འཛེར་ཏོ།། ཁ་ཅིག་ནི་བཅོམ་ལྡན་འདས་བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཉན་ཐོས་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་དེང་ནོངས་པ་མཆིས་པ་རྣམས་ཁྲི་མོན་དུ་སྩལ་ཏེ་བདག ་ཅག་ལས་ཀྱི་སྒྲིབ་པ་ངེས་བསྐལ་པ་མང་པོར་ངན་སེང་གསུམ་དུ་སྡུག་བསྔལ་དྲག་པོ་མི་བཟད་པ་རྣམ་པ་མང་པོ་མྱོང་ངོ་།། དེ་བཞིན་དུ་སྦྱར་ཏེ། བདག་ཅག་ད་ལྟར་ལས་ཀྱི་སྒྲིབ་པའི་ལྷག་མ་དེ་བཅོམ་ལྡན་འདས་ལ ་འཆགས་སོ།། སླན་ཆད་ཀྱང་སྡོམ་པར་བགྱིད་དོ།། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་གཟུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བདག་ཅག་ངན་སོང་མི་བཟད་པ་ལས་གདོན་དུ་གསོལ ་ཞེས་རྒྱ་ཆེར་གསུངས་སོ།། ། བམ་པོ་བཞི་པ།། རབ་ཏུ་བྱུང་བའི་བར་དུ་གཅོད་པའི་མདོ་ལས་ཀྱང་། གནོད་པ་བསྲུངས་ཏེ། མིང་ཆེན་ཁྱིམ་པ་ཆོས་བཞི་དང་ལྡན་ན་སྐྱེ་བ་དེ་དང་དེར ་མི་ངལ་བ་རྙེད་པར་འགྱུར་དམུས་ལོང་དང་ཐུན་པ་དང་ལྕེ་མེད་པ་དང་གདོལ་པར་འགྱུར། ནམ་དུ་ཡང་བདེ་བར་མི་འགྱུར་སྐུར་པ་འདེབས་པ་མང་བར་འགྱུར། ཟ་མ་དང་མ་ནིང་དང་། རྟག་པར་བྲན་དང་བུད་མེད་དུ་གྱུར། ་ཁྱི་དང་ཕག་པ་དང་བོང་བུ་དང་རྔ་མོ་དང་སྦྲུལ་གདུག་པར་འགྱུར་རོ།། བཞི་གང་ཞེ་ན། མིང་ཆེན་འདི་ལ་ཁྱིམ་པ་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་པའི་སེམས་ཅན་རྣམས་ཀྱི་སྟོན་པར་འབྱུང་བའི་སེམས ་དང་འཕགས་པའི་ལམ་གྱི་སེམས་ཀྱི་བར་ཆད་བྱེད་པ་འདི་ནི་དང་པོའོ།། གཞན་ཡང་ནོར་ལ་ཆགས་ཤིང་བུ་ལ་ཆགས་ནས་ལས་ཀྱི་རྣམ་པར་སྨིན་པོ་ལ་ཡིད་མི་ཆེས་ཏེ། བུ་འམ་བུ་མོ་འམ་ཆུང་མ་འམ་ཉེ་དུའི ་ཚོགས་དབང་ཕྱུག་གི་གནས་ལ་འཁོད་པ་རབ་ཏུ་འབྱུང་བའི་བར་ཆད་བྱེད་པ་འདི་ནི་གཉིས་པའོ་ཞེས་གསུངས་སོ།། གཞན་གཉིས་ནི་དམ་པའི་ཆོས་སྤོང་བ་དང་། དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་ཁོང་ཁྲོ་བའོ།། ། ་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་གནོད་པ་ནི་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས། རྣམ་པར་སྨིན་པ་དྲག་པོ་གསུངས་པ་ལྟ་བུར་བལྟ་སྟེ། དེ་ལས་ཅུང་ཟད་ཅིམ་ཞིག་བརྗོད་པར་བྱའོ།། སྲོག་གཅོད་པའི་རྣམ ་པར་སྨིན་པ་ཉུང་ཟད་ཅིག་སྨོས་པ་འདི་ལྟ་སྟེ། མེ་ལྕེ་ལ་རྒྱུ་བ་ཞེས་བྱ་བའི་བྱ་ནི་གང་དག་མེའི་རྩེ་མོ་ལ་གནས་ཀྱང་མི་འཚིག་པ་སྟེ། ཤིན་ཏུ་དགའ་ཞིང་སེམས་ཅན་དམྱལ་བ་པ་རྣམས་ཀྱི་མགོ་བརྟོལ་ནས་ཁྲག་འཐུང་།། ་ཐོད་པའི་ཕྲག་ན་རྒྱུ་བ་ཞེས་བྱ་བའི་བྱ་ནི་གང་དག་ཀླད་པ་བི་རྟོལ་ནས་རབ་ཏུ་འབར་ཞིང་ཀླང་རྒྱས་འཐུང་བའོ།། ལྕེའི་ཤ་ཟ་བ་ཞེས་བྱ་བའི་བྱ་ནི་གང་དག་ལྕེ་དྲལ་ནས་མངོན་དུ་ཟ་བ་སྟེ། ལྕེ་དེ་ཟོས་ཤིང་ཟོས་ནས་ཡང ་སྐྱེ་སྟེ། པདྨའི་འདབ་མ་བས་ཀྱང་འཇམ་མོ།། དེ་ལྟར་དོན་དང་མཐུན་པའི་མིང་ཅན་ནོ།། སོ་འབྱིན་ཞེས་བྱ་བ་དང་། མགུལ་བའི་མིང་པ་འདྲེན་ཞེས་བྱ་བ་དང་། གློ་བ་ལ་གནས་པ་དང་། ་ཕོ་བ་ཟ་བ་དང་། མཆིན་པ་རློག་པ་དང་། རྒྱུ་མའི་ནང་ཕྲི་ཟ་བ་དང་། སྐལ་ཚིགས་ལ་དགུའ་བ་ཞེས་བྱ་བ་དང་གཤིས་ཀྱི་གསང་བ་པ་ཞེས་བྱ་བའི་བྱ་རྣམས་ཀྱིས་གང་དག་གཤིས་ཐམས་ཅད་ཕྱེ་སྟེ་གཤིས་ཀྱི་བུ་ག་བརྟོལ ་ནས་བུ་གར་ཞུགས་ཏེ་ངུ་བཞིན་པ་རྣམས་ཀྱི་བྲིང་གི་སྙིང་ཁྲག་འཐུང་ངོ་།། ཁབ་ཀྱི་བུ་ག་ཞེས་བྱ་བའི་བྱ་ནི་གང་དག་ཁབ་ལྟ་བུའི་མཆུས་ཁྲག་འཐུང་བའོ།། དེ་བཞིན་དུ་རུས་པའི་ཕྲག་ན་གནས་པ་དང་། པགྲ་པ་དག ་ཟ་བ་དང་། སྔར་མོས་འབྲང་བ་དང་། ཚིལ་བ་ཟ་བ་དང་། རྒྱུས་པ་འདོན་པ་དང་། སྐྲ་ཤང་འཛིངས་པོ་ཞེས་བྱ་བའི་བྱ་རྣམས་ནི་གང་དག་སྐྲ་རྩ་བ་ནས་འདོན་པའོ།། དེ་ལྟར་དེ་མནར་མེད་པའི་ཕྱོགས་གཅིག་ན་བྱ ་འདབ་འཇིགས་ཞེས་བྱ་བ་དཔག་ཚད་སུམ་འབུམ་པར་གྱུར་ཏེ་བྱ་དེ་དག་དང་སེམས་ཅན་དམྱལ་བའི་བྱ་གཞན་དག་དང་ལྷོན་ཅིག་ཏུ་དེ་ལ་ལ་བརྒྱ་སྟོང་དུ་མར་ཟ་ཡང་ཡང་སྒྲའོ།། དེ་བརྒྱ་ཞིག་ལ་དེ་ནས་ཐར་ཀྱང་དེ་སྡུག་བསྔལ ་མང་པོ་བསྐོར་ཏེ། ས་ཕྱོགས་གཉིས་པ་གཡང་སའི་ངན་གྲོག་ཅེས་བྱ་བ་དེར་འགྲོ་ཞིང་། མགོན་འཚོལ་སྐྱབས་འཚལ་དཔུང་གཉེན་འཚལ་ལོ།། འཁོར་ར་འཁོར་ཡུག་ཏུ་མེའི་ཕུང་པོ་བཅུ་གཅིག་གིས་བསྐོར་ཏེ། ་ལས་ཀྱི་ཞགས་པས་བཅིངས་ཤིང་གྲོགས་མེད་ལ། དགྲ་རྣམས་ཀྱིས་འཁོར་ཡུག་ཏུ་བསྐུར་ཏེ་དགོན་པར་ཕྱིན་ཏེ། དེ་ལྟར་གྱི་སེམས་ཅན་དམྱལ་བའི་ཚོགས་ཐམས་ཅད་པས་ཆེས་ལྷག་པའི་སྡུག་བསྔལ་རྙེད་ཅིང་ངན་གྲོག ་རབ་ཏུ་ལྷུང་ཞེས་བྱ་བའི་གཡང་སའི་ཕྱོགས་སུ་རྒྱུག་སྟེ། ལྷུང་ནས་རྐང་པ་ཤིན་ཏུ་ཞུའོ།། བཏེག་ན་ནི་ཡང་ཤིན་ཏུ་གཞིན་ཞིང་ཤིན་ཏུ་འཇམ་པར་སྐྱེ་ལ་ཚོར་བ་དྲུག་པོ་མི་བཟང་པ་རྣམས་ཀྱིས་ཉེན་ཏོ།། དེ་ལྟར་འཇིགས ་ས་དཀྲུགས་པའི་བཞིན་དུ་གྱུར་ནས་རྐང་ལག་དང་ཡན་ལག་དང་ཉིང་ལག་ཐམས་ཅད་རབ་ཏུ་ཞུ་བ་དེ་ལས་ཕྱོགས་དེར་དམ་གྲོག་ཅེས་བྱ་བའི་གཡང་ས་འབྱུང་སྟེ། དེ་ཕྱོགས་དེར་ལྷུང་ཞིང་དམ་པ་ནས་དཔག་ཚད་སུམ་འབུམ ་དུ་ཡང་གཡང་དུ་ལྷུང་ཞིང་། ཡང་ལས་ཀྱི་བྱས་པའི་རླུང་གིས་འདེགས་སོ།། དེ་ལྷུང་བ་ན་བྱཱ་ཀང་ཀ་དང་ཁྲི་དང་བྱ་རྒོད་དང་འུག་པ་རྣམས་ཀྱིས་ཟའོ།། དེ་ལྟར་དེ་བཏོག་ཅིང་ལྟུང་བ་ན་ལོ་བརྒྱ་སྟོང་ཕྲག་ཏུ་མ་འདའ་བར་འགྱུརརོ།། ། ་བརྒྱ་ཞིག་ལ་དེ་ནས་ཐར་ཀྱང་ཡོངས་སུ་བསྐོར་བའི་འཁོར་ལོའི་མཚན་མའི་ཕྲག་ཅེས་བྱ་བའི་ཕྱོགས་སུ་རྒྱུག་སྟེ། ཕྱོགས་དེར་ཡང་འཁོར་ལོ་རྡོ་རྗེའི་ལྟེ་བ་ཅན་མེ་ལྕེ་རྣོན་པོ་འབར་བ་མྱུར་དུ་བསྐོར་བའི་འཁོར་ལོ་སྟོང་འབྱུང ་བར་འགྱུར་ཏེ། དེ་དེར་སོང་མ་ཐག་ཏུ་ལུས་ལ་འཁོར་ལོ་དེ་དག་བབ་ནས་འཁོར་རོ།། དེ་བོཞིན་དུ་སྦྱར་ཏེ། ཡན་ལག་སོ་སོ་ཐམས་ཅད་ཀྱང་བཤིག་ནས་བསྲེག་གོ།། དེའི་ནང་མཐིལ་ནས་ནི་གསལ་ཤིང་གིས་འབིགས ་དེ་ལྟར་གནང་འཇོམས་པའི་རི་ལ་གནང་འཇོམས་པའི་སྲོག་ཏུ་གྱུར་པ་རྣམས་ཀྱིས་ཕྱི་ན་རྡུལ་པྲ་རབ་ཙམ་ཡན་ཆད་ཟོས་པར་འགྱུར་རོ།། ཟོས་ཤིང་ཟོས་ནས་ཀྱང་ཡང་ཤིན་ཏུ ་གཞོན་པར་སྐྱེའོ།། ཤིན་ཏུ་གཞོན་ཤ་ཅན་ཉིད་ཀྱིས་ཀྱང་སྡུག་བསྔལ་དྲག་པོ་འབྱུང་བར་འགྱུར་ཏེ། ཟོས་ཤིང་ཟོས་ནས་ཀྱང་དེ་ལ་དག་ཆེས་ཆེ་བར་སྐྱེ་བར་འགྱུར་ཏེ། སྲོག་གཅོད་པ་བྱས་ཤིང་བསགས་པ་དེའི ་འབྲས་བུ་ནི་དེ་ཡིན་ཏོ།། མ་བྱིན་པར་ལེན་པའི་རྣམ་པར་སྨིན་པ་གསུངས་པ། ཉེས་པར་བྱས་པའི་ལས་ཀྱི་མཐའ་བྱེད་པ་དེ། མགལ་མེ་བསྐོར་བ་དང་སྤྲུལ་པ་དང་དྲི་ཟའི་གྲོང་ཁྱེར་དང་སྨིགཽ་རྒྱུ་ལྟ་བུའི་ནོར་གྱི་རྣམ་པ ་ཆེན་པོར་གྱུར་པ་རིན་པོ་ཆེ་དང་གོས་དང་ནོར་དང་འབྲུ་མང་པོ་མཐོང་སྟེ། ཆགས་པས་ཟིལ་གྱིས་ནོན་ཅིང་ལས་ཀྱིས་རྨོངས་པར་གྱུར་པ་དེ་འདི་སྙམ་དུ་སེམས་འདི་ནི་བདག་གི་ཡིན་ནོ་སྙམ་དུ་སེམས་ཏེ། དེ་ལྟར ་རྨོངས་པ་སྡིག་པ་བྱེད་པ་དེ། མེ་མངག་དང་ལྕི་སྐམས་མེ་རབ་ཏུ་འབར་བ་འབོགས། ནོར་ཡོད་པ་དེར་བརྒྱུགས་པ་དང་། དེར་གཤིན་རྗེའི་མི་ལས་ཀྱིས་བྱས་པ་རྣམས་ཀྱིས་གཟུང་ནས་མཚོན་ཆ་འབར་བའི་ནང་དུ ་ཁྲིད་དེ་ཡན་ལག་དོང་ཉིང་ལག་ཐམས་ཅད་གཤེགས་གཏུབས་ནས། བསྲེགས་ཏེ་རུས་པ་འབའ་ཞིག་ལུས་པར་བྱེད་དེ། དེ་ལྟ་བུའི་གནས་སོན་ཀྱང་དེའི་ཆགས་པ་ཐོག་མ་མེད་པ་ནས་ཞུགས་པ་དེ་ཡོངས་སུ ་བྲི་བར་མི་འགྱུར་རོ་ཞེས་བྱ་བའོ།། འདོད་པ་ལ་ལོག་པར་གཡེམ་པའི་དབང་དུ་བྱས་སྟེ། དེ་ལྟར་སྡིག་པ་བྱེད་པ་དེ་མཚོན་ཆའི་ཉམ་ང་བ་དེ་ལས་ཐར་ནས། མེ་མདག་དང་ལྕི་སྐམས་ཀྱི་མེར་འབོགས་ཏེ། ལས་ཀྱི་བསྐོས་པའི ་ས་ཕྱོགས་ལོག་པར་མཐོང་བ་ཞེས་བྱ་བ་གཞན་དུ་འགྲོའོ།། དེར་ཡང་དྲན་པ་ཉམས་པར་གྱུར་པ་དེས་སྔོན་གང་དག་མཐོང་བ་ལྟ་བུའི་བུད་མེད་ལས་ཀྱིས་བྱས་པ་དག་མཐོང་སྟེ། མཐོང་ནས་ཀྱང་དེའི་འདོད་ཆགས་ཐོག་མ་མེད ་པའི་དུས་ནས་གོམས་པའི་མེ་འབྱུང་ངོ་།། དེ་བུད་མེད་དེ་དག་ག་ལ་བ་དེར་བརྒྱགས་པ་དང་། ལས་ཀྱིས་བྱས་པ་ལྕགས་ཀྱི་རང་བཞིན་གྱི་མི་དེ་དག་གིས་དེ་བཟུང་སྟེ། བཟུང་ནས་ཀྱང་ཁའི་མཆུ་ལ་སོགས་པ་ཅིག་ནས ་ལུས་དེ་ལ་ལྷག་མ་ཡུངས་འབྲུ་ཙམ་ཡང་མི་ལུས་པ་དེ་ལྟར་ཟ་ཡང་སྐྱེ་བོ་ཡང་ཟའོ།། དེ་ཚོར་བ་དྲག་པོ་མཽ་བཟད་པ་ཡང་མྱོང་ཡང་འདོད་ཆགས་ཀྱི་མེ་དེ་ལས་མི་ལྡོག་སྟེ་བུ་མེད་དེ་དག་ག་ལ་བ་དེར་ཡང་བརྒྱུག་གོ།། དེའི་གནོད ་པ་དེ་ནི་འདོད་ཆགས་ཀྱི་མེ་ཇི་ལྟ་བ་དེ་ལྟར་གནོད་པ་མ་ཡིན་ནོ།། རྡོ་རྗེ་དང་ལྕགས་ཀྱི་བུད་མེད་དེ་དག་ཡང་ལུས་རབ་ཏུ་འབར་ཞིང་མེ་ལྕེ་འཁྲུག་པས་མི་དེ་བཟུང་ནས་སེམས་ཅན་དམྱལ་བ་པ་དེའི་ལུས་ཐམས་ཅད་བྱེ་བ་བཅངས ་པ་བཞིན་དུ་བཀྲུམ་ཡང་སླར་འབྱུང་སྟེ་སྔ་མ་བཞིན་ནོ།། དེ་བཞིན་དུ་སྦྱར་ཏེ། རྣམ་པ་ཀུན་ཏུ་ནོར་འཇིག་དང་།། ངན་སོང་རྩ་བ་བུད་མེད་ཡིན།། མི་གང་དག་ནི་བུད་མེད་འདོད།། དེ་དག་བདེ་བར་ག་ལ་འགྱུར་ཞེས་བྱ་བ་ནས། ་བུད་མེད་འཕུང་བར་བྱེད་པ་དེ།། འཇིག་རྟེན་འདི་དང་ཕ་རོལ་ཕུང་།། གལ་ཏེ་བདག་ལ་ཕན་འདོད་ན།། དེ་བས་བུད་མེད་རྣམ་པར་སྤང་ཞེས་བྱ་བའི་བར་དུ་གསུངས་སོ།། བརྫུན་དུ་སྨྲ་བའི ་དབང་དུ་བྱས་ཏེ། དེ་གཤིན་རྗེའི་མི་དེ་དག་གིས་བཟུང་སྟེ། བཟུང་ནས་ཀྱང་དེའི་ཁ་ཕྱེ་ནས་དེ་ནས་ལྕེ་འདྲོན་ཏེ། ལས་ཀྱི་དབང་དང་བརྫུན་དུ་སྨྲ་བ་དེའི་འབྲས་བུས་ལྕེ་དཔག་ཆེད་ལྔ་བརྒྱ་པར་འགྱུར་རོ།། དེའི་ལྕེའི་འབྱུང་པོའི ་དུས་ན་གཤིན་རྗེའི་མི་དེ་དག་གིས་ལྕགས་ཀྱིས་རབ་ཏུ་འབར་བ་ལ་བལྡག་ཏུ་འཇུག། ལས་ཀྱིས་བྱས་པའི་ཐོང་གཤོལ་ཐོང་ལྕགས་འབར་བ་དང་ལྡན་པ་སྟོང་ཡང་འབྱུང་ཞིང་གླང་བུ་སྟོབས་དང་ལྡན་པ་རྣམས་ཀྱིས་དེའི་ལྕེ་ལ་རྨོ ་བར་འགྱུར་ཏེ། དེར་རྣག་ཁྲག་དང་སྲིན་བུ་འཛག་པའི་རྒྱུན་འབབ་པར་འགྱུར་རོ།། དེ་བཞིན་དུ་སྦྱོར་ཏེ། ལྕེ་དེའི་ཡང་ལྷ་རྣམས་ཀྱི་མིག་ཇི་ལྟ་བ་བཞིན་དུ་གཞོན་པ་ནས། དེ་ཚོར་བས་ཉམ་ཐག་པ་ཞེས་བྱ་བའི་བར་དུ་སྟེ། འཁུན ་ཅིང་དུ་ལ་ཀུ་ཅོ་འདོན་ཀྱང་དེ་ལ་སྡུག་བསྔལ་སེལ་བ་སུ་ཡང་མེད་དོ་ཞེས་རྒྱ་ཆེར་གསུངས་པ་དང་། དེ་ལྟར་ཚོར་བ་དྲག་པོ་མྱོང་བ་དེ་ལ་ལོ་བརྒྱ་སྟོང་དུ་མར་ལྕེ་རྨོ་བར་འགྱུར་ཞིང་དེའི་ལྕེ་དེ་ཇི་སྟེ་ན་དམྱལ་བ་པའི་ཁྲིའི་ནང་དུ་ཆུད ་པར་འགྱུརརོ།། དེ་འཇིགས་པས་དཀྲུགས་པའི་བཞིན་དུ་གྱུར་ཅིང་གར་བབ་བབ་ཏུ་འབྲོས་སོ།། མེ་མདག་དང་ལྕི་སྐམ་གྱི་མེའི་ནང་དུ་ནུབ་ཅིང་ཚིག་ལ་དེ་དེ་ལྟར་སྡུག་བསྔལ་གྱི་ཉམ་ཐག་པ་ན། སྐྱབས་མེད་དཔུང་གཉེན་མེད ་ཅིང་གཤིན་རྗེའི་མི་ལག་ན་ཐོབ་དང་རལ་གྲི་ཐོག་པ་དག་འབྱུང་སྟེ། དེ་དག་གི་མི་དེའི་ཀླང་པ་ནས་རྐང་པའི་བར་དུ་ཕྱེ་མར་རློག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། ཕྲ་མ་བྱེད་པའི་རྣམ་པར་སྨིན་པ་ནི་རྫུན ་སྨྲ་བ་དང་མཐུན་ནོ།། ལྕེ་དཔག་ཚད་སུམ་བརྒྱ་པར་འགྱུར་ཞེས་བྱ་བ་ནི་བྱེ་བྲག་སྟེ། གཤིན་རྗེའི་མི་སྙིང་རྗེ་མེད་པ་དེ་དག་གིས་ལྕེ་རབ་ཏུ་འབར་བ་ལ་བཟུང་ནས་གཤེག་པར་བྱེད་དོ།། ཝ་དག་ཀྱང་ཕྱོགས་གཞན ་ནས་ཟ་ཞིང་མཆོག་ཏུ་གྲགས་པའི་སྡུག་བསྔལ་མྱོང་ལ་ངུ་ཞིང་ཀུ་ཅོ་འདོན་ཏེ། ལྕེ་མེད་པས་སྒྲ་མི་གསལ་ལོ་ཞེས་བྱ་བ་ལ་སོགས་པའོ།། ངག་རྩུབ་མོའི་རྣམ་པར་སྨིན་པ་གསུངས་པ་ནི། དེ་དག་གིས་དེའི་ཁ་ཕྱེ་ནས་ལྕེ ་བཟུང་སྟེ། བཟུང་ནས་ཀྱང་མཚོན་རྣོན་པོས་བཅད་དེ། དེ་ཉིད་ཀྱི་ཟས་སུ་སླར་ཡང་ཁར་འཇུག་ལ་དེ་ཡང་བཀྲེས་པས་ཉམ་ཐག་ཅིང་བཀྲེས་པའི་བཞིན་གྱིས་རང་གི་ཁྲག་དང་ཁ་མཆུ་འཛག་པ་དང་ལྷ་དེ་ཉིད་ཟོའོ།། ་ལྕེ་དེ་ཡང་བཅད་ཅིང་བཅད་ནས་ཀྱང་ལས་ཀྱི་དབང་གིས་སླར་ཡང་སྐྱེ་ཞིང་། དེ་སྡུག་བསྔལ་གྱི་ཉམ་ཐག་པས་ས་ལ་འདྲེ་ལྡོག་ཅིང་ཀུ་ཅོ་འདོན་ཏོ།། དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་ཅིག་མིག་གི་འབྲས་བུ་ཡོངསུ ་གྱུར་ལ་སྡུག་བསྔལ་གྱི་ཉམ་ཐག་པ་དམན་པ་གྲོགས་མེད་པ་གཅིག་པུར་གྱུར་པས་རང་གིས་བྱས་པ་ལ་སྤྱོད་པ་དེ་ལ་གཤིན་རྗེའི་མི་རྣམས་ཀྱིས་རྗེས་སུ་བསྟན་པའི་ཚིག་སུ་བཅད་པ་སྨྲས་པ། ཁྱོད་ཀྱིས་ལྕེ་ཡི ་གཞུ་ཡིས་ན། རྩུབ་མོ་ཞེས་ནི་གང་བརྗོད་པ།། ངག་གི་མངར་རྣོན་འཕངས་གྱུར་པས།། དེ་ཡི་འབྲས་བུ་འདི་འོང་སོ་ཞེས་བྱ་བའོ།། ཚིག་དཀྱིལ་བའི་རྣམ་པར་སྨིན་པ་གསུངས་པ ་ནི། དེའི་ལྕེ་དེ་ཟངས་རབ་ཏུ་འབར་བས་བསྲེག་གོ། ལྕེ་བསྲེགས་ནས་མགུལ་པ་བསྲེག་གོ།། མགུལ་པ་བསྲེག་ནས་སྙིང་བསྲེག་གོ། སྙིང་བསྲེག་ནས་རྒྱུ་མ་བསྲེག་གོ།། རྒྱུ་མ་བསྲེག་ནས་ཕོ་བ་བསྲེག་གོ།། ཕོ་བ ་བསྲེག་ནས་ཀྱང་ཐུར་དུ་འབྱུང་ངོ་།། གཤིན་རྗེའི་མི་ཡིས་ཚིགས་སུ་བཅད་པ་སྔ་ཕྱིའི་ཚིག་ནི་མ་འབྲེལ་ཅིང་། དོན་མེད་པ་དང་འཆལ་གྱུར་ལ།། མ་འབྲེལ་ཁྱོད་ཀྱིས་གང་སྨྲས་པ།། དེ་ཡི་འབྲས་བུ་འདིར་འོང་སོ།། ། ་གང་རྟག་བདེན་པར་མི་སྨྲ་ཞིང་།། ཁ་ཏོན་ལྷུར་ལེན་མི་བྱེད་པ།། དེ་ལ་མཁས་པས་ལྕེར་མཐོང་གི། ཤ་དུམ་ཉིད་དུ་མིན་ནམ་ཅི་ཞེས་བྱ་བའོ།། བརྣབ་སེམས་ཀྱི་རྣམ་པར་སྨིན་པ་གསུངས་པ་ནི། དེ་ནས ་ལས་ཀྱིས་བྱས་པའི་རྫས་གཞན་གྱི་ཡོངས་སུ་བཟུང་པོ་གསོབ་གསོག་སྙིང་པོ་མེད་པ་མཐོང་ནས་ལས་ཀྱིས་བསྐུལ་བ་རྨོངས་པ་དེ་འདི་སྙམ་དུ་འདི་ནི་བདག་གི་ཡིན་ནོ།། སྙམ་དུ་སེམས་ཏེ། དེ་ནས་སེམས ་ཅན་དམྱལ་བ་བ་དེ་རྫས་ག་ལ་བ་དེར་རྒྱུག་གོ།། སེམས་ཅན་དམྱལ་བ་པ་ངས་ནོར་གང་མཐོང་བ་དེ་ནི་བརྣབ་སེམས་ཞེས་བྱ་བ་ཡིད་ཀྱིས་མི་དགེ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ལ་མང་དུ་བྱས་པ་དེའི་འབྲས་བུ ་ཡིན་ཏེ། དེ་ལྟར་མཐོང་བ་ན་བརྣབ་སེམས་མང་བ་དེའི་ལག་ནས་མཚོན་ཆ་འབྱུང་སྟེ། དེས་དེར་བརྒྱུགས་པ་དང་སེམས་ཅན་དམྱལ་བ་པ་གཞན་དེ་དག་གི་ལག་ནས་ཀྱང་མཚོན་ཆ་རྣམས་འབྱུང་སྟེ། དེ་དག་དང་དེ་མཚོན ་ཆས་འཐབ་པ་ཅི་ནས་ལུས་ལ་ཤ་ཡུངས་འབྲུ་ཙམ་ཡང་མ་ལུས་པ་དེ་ལྟར་བཞར་ཏེ་ཀེང་རུས་ཉི་ཚེ་ལུས་པར་བྱེད་དོ།། དེ་བཞིན་དུ་སྦྱར་ཏེ། གཞན་གྱི་འབྱོར་པ་མཐོང་ནས་ནི།། བདག་གིར་གྱུར་ཅིགི་སྙམ་བསམ་པ།། བརྣབ ་སེམས་ཡང་དག་བསྐྱེད་གྱུར་པ། ལས་དེའི་འབྲས་བུ་འོངས་པ་ཡིན་ཞེས་བྱ་བའོ།། གནོད་སེམས་ཀྱི་འབྲས་བུ་གསུངས་པ་ནི། ལས་ཀྱིས་བསྐྱེད་པའི་སེང་གེ་དང་གཟིགས་དང་སྦྲུལ་ཁྲོ་བས་ཟིལ་གྱིས་ནོན་པ་རྣམས་དེའི་མདུན ་ན་འདུག་པ་དེ་དག་གིས་དེ་འཇིགས་སྐྲག་ནས་གར་བབ་བབ་ཏུ་བྲོས་ཀྱང་མི་དགེ་བའི་ལས་ཀྱིས་དེ་བྲོས་ཇི་ལྟར་ནུས། དེ་དག་གིས་དེ་བཟུང་ནས་ཀྱང་ཐོག་མ་ཀླད་པ་ཟ་བ་ནས་སྦྲུལ་མཆེ་བ་གདུག་པ་རྣམས་ཀྱིས་རྩིབ་ལོགས ་ཀྱི་བར་དུ་བཟུང་ཞིང་ཟ་ལ་སྟག་རྣམས་ནི་རྒྱབ་ནས་ཟ་བར་འགྱུར་རོ།། རྐང་པ་ནི་མེས་བསྲེགས་སོ།། གཤིན་རྗེའི་མི་རྣམས་ཀྱང་རྒྱང་རིང་པོ་ནས་མདའ་འཕེན་ཏོ་ཞེས་རྒྱ་ཆེར་རོ།། ལོག་པར་ལྟ་བའི་འབྲས་བུ་ནི་དཔག་ཏུ ་མེད་པ་གསུངས་ཏེ་མདོར་བསྡུས་ནས་བརྗོད་པ་ནི་མཚོན་ཆའི་ཆར་དང་། མཚོན་རྩེ་གཅིག་པ་དང་། རྡོ་རྗེའི་ཆར་དང་། གནམ་ལྕགས་དང་། རྡོའི་ཆར་རྣམས་ཀྱིས་བཏབ་ཅིང་མེའི་ཕུང་པོ་བཅུ་གཅིག་རྣམས་དང་ཁ་ནས ་བ་དང་སྐོམ་པའི་མེ་འབྱུང་བས་ཀྱང་རྒྱུན་ཏུ་སྲེག་གོ་ཞེས་བྱའོ།། འདོད་པ་ནི་གནོད་པ་ཐམས་ཅད་ཀྱི་རྩ་བ་སྟེ། དེ་དག་གིས་ཤིན་ཏུ་ཡིད་འབྱུང་བར་བྱའོ།། ཇི་ལྟར་འདི་ཉིད་ལས་མེ་ཐུབ་ཅེས་བྱ་བའི ་སེམས་ཅན་དམྱལ་བ་ཡོད་དེ། དེར་ལས་གླེང་གིས་སེམས་ཅན་རྣམས་སྐྱེ་ཞེ་ན། གང་དགེ་སྦྱོང་མ་ཡིན་པ་དགེ་སྦྱོང་དུ་ཁས་འཚེ་ཞིང་བུད་མེད་ཀྱི་གླུ་དང་གར་དང་རྒྱན་རྣམས་ཀྱི་སྒྲ་ཐོས་པ་དང་རྒོད་དང་འཛི་བརྩེ་བ ་རྣམས་ཐོས་ནས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས་འཕངས་པའི་བློས་ཁུ་བ་འཆོར་བར་འགྱུར་རོ།། དེ་བཞིན་དུ་སྦྱར་ཏེ། སེམས་ཅན་དམྱལ་བ་པ་དེ་དག་ལྕགས་ཀྱི་ཆར་པས་ཡན་ལག་དང་ཉིང་ལག ་ཐམས་ཅད་ཕྱེ་མར་རློག་ལ་མ་མ་མུར་གྱི་ཆར་གྱིས་ཀྱང་སྲེག་ཅིང་ཚིག་གོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞི་ནོ།། དེ་ལྟར་སྔོན་འདོད་པ་ཉམས་སུ་བླངས་པ་དྲན་པས་པདྨ་ཞེས་བྱ་བའི་སེམས་ཅན་དམྱལ ་པ་གསུངས་ཏེ། མྱོང་བ་རྨི་ལམ་དུ་དྲན་པས་ཀྱང་དེར་སེམས་ཅན་དམྱལ་བ་པ་དེ་དག་ཕྲུ་བ་རྣམས་སུ་བཙོ་ཞིང་གཞོང་ཁུང་ལྕགས་ཀྱི་རྟེན་རྣམས་ཀྱིས་བརྡུང་ངོ་ཞེས་རྒྱ་ཆེར་རོ།། ཞེས་བྱ་བ་དེ་དེ་ལྟར་ལྷའི་བུ་མོ ་འདོད་པའི་ཕྱིར་ཚངས་པར་སྤྱོད་པ་ཡོངསུ་བསྔོ་བས་ནས། པདྨ་ཚོན་པོ་ཞེས་བྱ་བའི་སེམས་ཅན་དམྱལ་བ་གསུངས་ཏེ། དེ་ན་ཚ་སྒོ་ཅན་གྱི་འབབ་ཆུ་དབའི་རླབས་ཅན་ཞེས་བྱ་བ་འབབོ་སྟེ། འབབ་ཆུ་དེ་ལ་ཉ ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་པ་དེ་དག་གོ།། རུས་པ་གང་ཡིན་པ་དེ་དག་ནི་རྡོ་བའོ།། འཛི་མ་གང་ཡིན་པ་དེ་དག་ནི་སྐྲའོ།། འདམ་རྫབ་གང་ཡིན་པ་དེ་དག་ནི་ཤའོ།། ཆུ་གང་ཡིན་པ་དེ་དག་ནི་རོ་ཉེ ་བསྐོལ་བའོ་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་དུ་སྐྱེས་པས་སྐྱེས་པ་ལ་འཁྲིག་པ་ལོག་པར་བཅུག་པའི་ཆད་པའི་བྱེ་བྲག་དཔག་ཏུ་མེད་པར་བརྗོད་དོ།། དེ་བཞིན་དུ་བྱིས་པ་རྣམས་ལོ་ལོག་པར་འཇུག་པ་ཡང ་ཚ་སྒོ་ཅན་གྱིས་ཆུས་ཁྱེར་བའི་ཁྱིའུ་དག་མཐོང་ནས་དེ་དག་གིས་དེ་ལོ་བོས་པ་དང་། དེ་བྱིས་པ་དེ་དག་ལ་ཤིན་ཏུ་སྡུག་པར་སེམས་པ་དང་ལྡན་ཞིང་མྱ་ངན་དང་སྡུག་བསྔལ་གྱི་ཤུགས་ཀྱི་ཆུ་དེར་འཇུག་གོ།། བ་དང་རྟ་རྒོད ་མ་དང་ར་མོ་དང་ལུག་མོ་ལ་སོགས་པ་ཡང་དེ་བཞིན་ཏེ། འདོད་པ་ལ་ལོག་པར་གཡེམ་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་རྣམ་པར་སྨིན་པོ་ཤིན་ཏུ་དྲག་པར་གསུངས་སོ།། དུད་འགྲོ་ལ་འདོད་པ་སྟེན་པ་དེ་ནི ་མི་དགེ་བས་སྤྲུལ་པའི་ལྕགས་ཀྱི་བ་དང་རྟ་རྒོད་མ་ལ་སོགས་པ་འབར་བ་དེ་དག་ཉིད་ཀྱི་སྐྱེ་གནས་ཀྱི་ལམ་ནས་འཇུག་སྟེ་དེ་དག་གི་ལྟོ་མི་མདག་རབ་ཏུ་འབར་བའི་ཕུང་པོས་ཡོངས་སུ་གང་བར་ལོ་བརྒྱ་སྟོང་མང ་པོར་འཚེད་ཅིང་སྲེ་གོ་ཞེས་ཏེ་རྒྱ་ཆེར་དེ་ཉིད་དུ་བལྟའོ།། དེ་བཞིན་དུ་གཞན་གྱིས་ཉལ་པོ་བྱས་ཟིན་པའི་དགེ་སློང་མ་རྣམས་ལ་ལོག་པར་ཞུགས་པ་རྣམས་ཀྱི་ཆད་པ་ཡང་སེམས་ཅན་དམྱལ་བ་ཆེན་པོར་བཤད་དོ།། ་རང་གི་ཆུང་མ་ལ་སྐྱེ་གནས་ཀྱི་ལམ་མ་ཡིན་པར་བྱས་པ་ཡང་དེ་བཞིན་ནོ།། གཞན་གྱི་ཆུང་མ་ལ་ནན་གྱིས་བྱས་པ་དང་མི་དབང་བའི་བུ་མོ་ལ་བྱས་པ་ཡང་དེ་བཞིན་ནོ།། བསྙེན། ་གནས་པ་ལ་གན་པ་རྣམས་ལ་ཡང་དེ་བཞིན་ནོ།། བླ་མ་རྣམས་ཀྱི་ཆུང་མ་ལ་བྱས་པ་ཡང་ངོ་བཞིན་ནོ།། གཉེན་དུ་འཐམས་པ་རིམ་གྲོ་བྱས་པ་རྣམས་ལ་ལོག་པར་ཞུགས་པའི་ཆད་པོ་ཡང་དྲག་ཅིང་དཔག་ཏུ་མེད་དེ། ་སེམས་ཅན་དམྱལ་བ་ཆེན་པོ་ཡིན་པར་བཤད་དོ།། འཁྲིག་པ་བདུན་དང་ལྡན་པའི་མདོ་ལས་ཀྱང་། བྲམ་ཟེ་འདི་ལ་ཁ་ཅིག་བདག་ཚངས་པར་སྤྱོད་པར་ཁས་འཆེ་ཞིང་དེ་བུད་མེད་དང་གཉིས་ཀྱི་གཉིས་མི་སྦྱོར་ཡང ་བུད་མེད་དེ་ལ་མིག་གི་གཟུགས་ལ་ངེས་པར་སེམས་ཤིང་བལྟ་སྟེ། དེས་དེའི་རོ་མྱང་ཞིང་རྟོག་ལ་ཞེན་ཏེ། ལྷག་པར་ཞེན་ནས་གནས་པ་འདི་ནི་བྲམ་ཟེ་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་དང་ལྡན་པ་ཡིན་གྱི་མི ་ལྡན་པ་མ་ཡིན་ཏེ། ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པར་སྤྱོད་པའོ།། དེ་བཞིན་དུ་བུད་མེང་དང་ལྷན་ཅིག་རྩེ་བ་དང་ཅ་ཅོ་འདོན་པ་ཉམས་སུ་ལེན་པ་ཡང་ཚངས་པར་སྤྱོད་པ་ཡོངས་སུ་མ་དག་པའོ་ཞེས་གསུངས ་པ་དང་། བུད་མེད་ཀྱི་བསྙེན་བཀུར་བྱས་པ་ཉམས་སུ་ལེན་པ་ཡང་དེ་བཞིན་ནོ།། རྩིག་པས་ཆོད་པ་འམ་ཡོལ་པས་ཆོས་པའི་བུད་མེད་ཀྱི་རྒྱན་དང་གླུ་གར་ལ་སོགས་པའི་སྒྲ་ཉམས་སུ་ལེན་པའང་དེ་བཞིན་དུ ་འཁྲིག་པ་དང་ལྡན་པ་ཡིན་ནོ་ཞེས་གསུངས་པ་དང་། ཕ་རོལ་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ལ་བལྟས་ནས་ཉམས་སུ་ལེན་པ་ཡང་དེ་བཞིན་ནོ།། ལྷ་ལ་སོགས་པའི་གནས་སུ་ཚངས་པར་སྤྱོད་པ་ཡོངས ་སུ་བསྔོ་བ་ཡང་དེ་བཞིན་དུ་འཁྲིག་པའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ།། དེའི་ཕྱིར་དེ་ལྟར་དྲན་པ་དང་སྨོན་པའི་ཡུལ་དུ་གྱུར་པ་འདོད་པ་དེ་དག་གི་གནོད་པ་བྱེད་པ་ཉིད་དོ།། དེའི་ཕྱིར་འདོད་པ་ལ ་གདམ་པའི་མདོ་ལས། དགེ་སློང་འདོད་པ་རྣམས་ལས་སེམས་ཟློག་ཅིག། ལམ་འདི་ནི་འཇིགས་པ་དང་བཅས་པའོ།། རབ་ཏུ་འཇིགས་པ་དང་བཅས་པའོ།། ཚེར་མ་དང་བཅས་པའོ།། ཐོབས་པོ་དང་བཅུ ་པའོ།། ལམ་གོལ་བའོ།། ལམ་ངན་པའོ།། ལམ་ཁ་བྲག་གི། སྐྱེས་བུ་དམ་པ་མ་ཡིན་པས་བསྟེན་པའོ།། ཁྱོད་འདི་ལྟར་འདོད་པ་རྣམས་ནི་རོ་མྱང་ཆུང་བ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་སྡུག་བསྔལ ་མང་བ་གནོད་པ་མང་བ་འཁྲུག་པ་མང་བ་སྟེ་འདི་ལ་ནི་ཉེས་དམིགས་མོང་ངོ་།། དགེ་སློང་དག་འདོད་པ་རྣམས་ནི་ནོང་དང་འབྲས་དང་ཟུག་རྔུ་དང་སྡིག་པ་དང་སྡིག་པའི་རྩ་བ་དང་ཤ་དང་བཅས་པའི་མཆིལ་པ ་ལྟ་བུ་ཡིན་ལ། འདོད་པ་དག་ནི་འཆི་བ་མི་རྟག་པ་གསོག་བརྫུན་པ་སླུ་བའི་ཆོས་ཅན་ཏེ། འདོད་པ་རྣམས་རྨི་ལམ་ལྟ་བུ་ཡིན་ཞིང་འདི་དག་ནི་བྱིས་པ་འདྲིང་པའོ་ཞེས་གསུངས་པ་སྙམ་དུ་མི་སེམས་སམ། ་དུ་འབྱིན་དུ་བྷ་ཏེ། དཔེར་ནཱ་རི་དགས་ཤརྱ་བའི་ཁོག་ཚེ་དང་། བྱཱ་ཤཱ་དཱའི་རྒྱུ་དང་། !ཤར་བར་རོལ་དང་། སྟེ་རྒྷ་ཤཱར་བྱའི་ནོང་དང་། ཕྱེ་མ་ལེབ་ཤོར་བ ་མེའི་ཕུང་པོ་ཇི་ལྟ་བར་འདོད་པ་རྣམས་ཀྱང་དེ་བཞིན།། དེ་བཞིན་དུ་སྦྱར་ཏེ། འདོད་པ་ཚོལ་ཞིང་སྤྱོད་པ་ན་ཡུན་རིང་པོར་སེང་གེ་རྣམས་ཀྱི་ཁར་ཆུད་བའི་མཐའ་ཡང་མི་མངོན་པ་ནས་པ་ལང་གསོད་ཅིང་བ་ལང ་གི་ཤ་ཟ་བ་རྣམས་ཀྱི་ཁར་ཆུད་པའི་བར་གྱི་མཐའ་ཡང་མི་མངོན་ནོ།། སྒྲོལ་བ་དག་ཏུ་གྱུར་ནས་སྦྲུལ་རྣམས་ཀྱི་ཁར་ཆུད་པའི་བར་གྱི་མཐའ་ཡང་མི་མངོན་ནོ།། ཡུན་རིང་པོར་འདོད་པ་བསྟེན་པ་ནི་ཆོམ་རྐུན་ཡིན ་ཞེས་བཟུང་ནས་མགོ་བཅང་པོའི་མཐའ་ཡང་མི་མངོན་ནོ།། གཞན་གྱི་ཆུང་མ་ལ་འཕྱོ་བ་དང་རྐུན་པོ་དང་གྲོང་འཇོམས་པ་ནཱས་མདུད་པ་འགྲེལ་བྱའི་བར་ཡིན་ནོ་ཞེས་བཟུང་ནས་མགོ་གཅོད་པའི་མཐའ་ཡང ་མི་མངོན་ནོ།། སྡུག་བསྔལ་དྲུག་པ་རྩུབ་པ་མི་བཟད་པ་ཉམས་སུ་མྱོང་བའི་ཁྲག་ཟགྲོས་ཤིང་བབ་བྱ་ནི་རྒྱ་མཚོ་ཆེན་པོ་བཞིའི་ཆུ་བས་ཀྱང་མེང་ངོ་།། དེ་བཞིན་དུ་སྦྱར་ཏེ།། ལུས་ཉེས་དམིགས་མང་བ་འདི ་ནི་རུས་པ་འདུས་པོ། ཆུ་རྒྱུས་ཀྱིས་སྒྲོལ་བ། ཤས་གླན་པ། པགས་པས་དཀྲིས་པ་ཤིང་ཕྱི་རོལ་གཡོག་པ། བུ་ག་ཆ་ཆུང་ཅན། སྲིན་བུའི་ཚོགས་རྣ་གནས་པ། སེམས་ཅན་རྣམས་ལ་གནོད་པ། ་ཉོན་མོངས་པའི་ཆོས་རྣམས་ཀྱི་གནས་ཡིན་ནོ།། ལུས་འདི་ལ་ནད་ཀྱི་རྣམ་པར་འབྱུང་བ་འདི་ལྟ་སྟེ། མིག་ནད་དང་རྣ་ནད་ནས་གཞང་འབུམ་དང་ཕོལ་མིག་དང་མཚན་པར་རྡོལ་གྱི་བར་དག་གོ།། དེ་བཞིན་དུ ་སྦྱར་ཏེ་ཏེ། ལུས་ཀྱི་ཀུན་ཏུ་གདུང་བ་རྣམས། ལུས་ཀྱི་སྡུག་བསྔལ་དང་། ལུས་ཀྱི་འཁོགས་པ་དང་། དགུ་པ་དང་། སྐུར་བ་དང་། སྤྱི་ཅེར་དང་། སྐྲ་སྒྲ་དང་། གཉེར་མ་མང་བ་དང་། དབང་པོ་རྣམས ་ཡོངས་སུ་སྨིན་པ་དང་། ཡོངས་སུ་འཇིག་པ་དང་། འདུ་བྱེད་རྣམས་སྙིགས་པར་གྱུར་པ་དང་། ཤག་ཤིག་ཏུ་གྱུར་པ་ནས་འཛག་པ་དང་། རབ་ཏུ་འཛེག་པ་དང་། སྨད་པའི་བར་གྱི་ལུས་འདི་ལྟ་བུ ་འདི་ནི་རྟེན་པའི་འོས་མ་ཡིན་ནོ།། དེ་བཞིན་དུ་སྦྱར་ཏེ། དགེ་སློང་ཁྱོད་ཀྱི་འདོད་པ་དག་ཡོད་པ་གང་ཡིན། ཁྱེད་གང་ལ་རབ་ཏུ་ཆགས། ཁྱོད་ཇི་ལྟར་བཅིངས་ཤིང་རྒྱལ་ཏེ་ཞེན་ཅིང་ལྷག་པར་ཞེན ་པར་གྱུར། ནམ་ང་ཡོངས་སུ་མྱ་ངན་ལས་འདས་ཤིང་དམ་པའི་ཆོས་ཀྱང་ནུབ་པར་གྱུར་ལ། ཁྱོད་ཀྱང་འདོད་པ་རྣམས་བརྟན་ནས་རྣམ་པར་ལྟུང་བར་སོང་བ་ན་ནམ་ཞིག་རྐུ་བ་དང་འཆི་བ་ལས་བདག ་བར་འགྱུར། དགེ་སློང་ཆོག་གི་འདོད་པ་རྣམས་ལས་སེམས་ཟློག་ཅིག། འདི་ནི་འདོད་པ་བཙལ་བའི་དུས་མ་ཡིན་གྱི་ཆོས་བཙལ་བའི་དུས་ཡིན་ནོ་ཞེས་གསུངས་སོ།། ཁྱིམ་བདག་དྲག་ཤུལ ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང་། ངེས་འདོད་པ་ལ་ལོག་པར་གཡེམ་པ་སྤང་བར་བྱ་སྟེ། བདག་གི་ཆུང་མས་ཆོག་པར་འཛིན་པ་དང་། གཞན་གྱི་ཆུང་མ་ལ་འདོད་པ་མེད ་པ་དང་། མ་ཆགས་པའི་མིག་གིས་བལྟ་བ་དང་ཡིད་འབྱུང་བའི་ཡིད་དང་འདོད་པ་དག་ནི་ཤིན་ཏུ་སྡུག་བསྔལ་བའོ་སྙམ་དུ་མ་ཆགས་པའི་ཡིད་ལ་བྱེད་པ་ལ་བརྩོན་པར་བྱ།། དེ་གང་གི་ཚེ་རང་གི་ཆུང་མ་ལ་རྣམ་པར ་རྟོག་པ་བྱུང་བ་དེའི་ཚེ་ཡང་ཉོན་མོངས་པའི་དབང་དུ་གྱུར་པས་ན། དེས་རང་གི་ཆུང་མ་ལ་མི་སྡུག་པར་རྗེས་སུ་ལྟ་བ་དང་། སྐྲག་པའི་ཡིད་ཀྱི་འདོད་པ་བསྟེན་པར་བྱའོ་ཞེན་པས་ཟིན་བཞིན་དུ་ནི་མ་ཡིན་ཏེ། རྟག་ཏུ ་མི་རྟག་པ་བདག་མེད་པ་དང་མི་གཙང་བའི་འདུ་བྱེད་ཤེས་སུ་བྱའོ།། དེས་དེ་ལྟར་དྲན་པ་ཉེ་བར་གཞག་ནས་ཅི་ནས་ཡིད་ཀྱི་དགུ་ལ་ཡང་འདོད་པ་སྦྱང་བར་མི་བྱ་ན། མཚན་ཉིད་སྤྲད་པ་འམ་ཡན་ལག་མ་ཡིན་པར ་འཇུག་པ་ལྟ་ཅི་སྨོས་ཏེ། བདག་གི་དེ་ལྟར་བྱའོ་སྙམ་མོ་ཞེས་གསུངས་པ་དང་། ཡང་དེ་ཉིད་ལས་བྱང་ཆུབ་སེམས་དཔས་རང་གི་ཆུང་མ་ལ་འདུ་ཤེས་གསུམ་བསྐྱེད་པར་བྱ་སྟེ། གསུམ་གང་ཞེ་ན། འདི་ནི། ་དགའ་ཞིང་རྩེ་བའི་འགྲོགས་ཡིན་གྱིས་འདི་འཇིག་རྟེན་གྱི་ཕ་རོལ་གྱི་གྲོགས་ནི་མ་ཡིན་ནོ།། འདི་ནི་བཟོའ་བ་དང་བཏུང་བའི་གྲོགས་ཡིན་གྱི། འདི་ལས་ཀྱི་རྣམ་པར་སྨིན་པ་མྱོང་བའི་གྲོགས་ནི་མ་ཡིན་ནོ།། འདི ་ནི་བའི་གྲོགས་ཡིན་གྱིས་སྡུག་བསྔལ་གྱི་གྲོགས་མ་ཡིན་ནོ་སྙམ་པའོ་ཞེས་བྱ་བ་ནས་ཡང་གསུམ་སྟེ། ཚུལ་ཁྲིམས་ཀྱི་བར་དུ་གཅོད་པར་འདུ་ཤེས་པ་དང་། ཏིང་ངེ་འཛིན་གྱི་བར་དུ་གཅོད་པར་འདུ་ཤེས་པ་དང་། ་ཤེས་རབ་ཀྱི་བར་དུ་གཅོད་པར་འདུ་ཤེས་པའོ།། ཡང་གསུམ་སྟེ། ཆོམ་རྐུན་དུ་འདུ་ཤེས་པ་དང་། བཙོན་སྲུངས་སུ་འདུ་ཤེས་པ་དང་། སེམས་ཅན་དམྱལ་བའི་སྲུངས་མར་འདུ་ཤེས་པའོ་ཞེས་གསུངས་སོ།། ་བུ་མོ་ཟླ་མཆོག་གིས་ཞུས་པ་ལས་ཀྱང་བཤད་དེ། དེ་ནས་བུ་མོ་ཟླ་མཆོག་གི་སྐྱེ་བོ་ཕལ་པོ་ཆེ་བརྒྱུག་པ་དེ་མཐོང་མ་ཐག་ཏུ། དེའི་ཚེ་ན་མཁའ་བར་སྣང་ལ་ཤིང་ཏ་ལའི་སྲིད་དུ་མངོན་པར་འཕགས་ཏེ་འདུག ་ནས། སྐྱེ་བོ་ཕལ་པོ་ཆེ་དེ་ལ་ཚིགས་སུ་གཅད་དེ་སྨྲས་པ། གསེར་གྱི་ཁ་དོག་ལྟ་བུར་རབ་འབར་ཞིང་།། ཡིད་དུ་འོང་བའི་བདག་ལུས་འདི་ལ་ལྟོས།། ཀྱེ་མ་རབ་ཏུ་ལུས་མཛེས་འདི་ལྟ་བུ།། ཆགས་པའི ་སེམས་དང་ལྡན་ལ་ཡོད་རེ་སྐན།། གང་དག་ཡུལ་རྣམས་ལ་ནི་ཆགས་མེད་ཅིང་།། མེ་མདག་ལྟ་བུར་འདོད་པ་འབར་སྤོང་དང་།། དབང་པོ་དྲུག་པོ་སྡོམ་པས་བསྡོམས་པ་དང་།། གང་དག་ཚངས་སྤྱོད ་རྣམ་པར་དག་སྤྱོད་དང་།། གང་དག་གཞན་གྱི་ཆུང་མ་མཐོང་གྱུར་ན།། མ་དང་སྲིང་མོའི་འདུ་ཤེས་སྐྱེད་བྱེད་པ།། དེ་དག་མཛེས་ཤིང་བལྟ་ན་སྡུག་པ་དང་།། རྟག་པར་མཆོག་ཏུ་ཡིད་དུ་འོང་བར་འགྱུར།། ་གྲོང་ཁྱེར་འདི་ལ་ཀུན་ཏུ་གསལ་ལྟོས་དང་། བདག་སྐུ་ཁྲུད་ནས་སྤོས་དང་གང་བྱུང་བ།། བདག་གི་འདོད་ཆགས་སེམས་ཀྱི་དེས་བསྒྲུབས།། འང་ནི་སྦྱིན་དང་དུལ་བུའི་འབྲས་བླ ་ཡིན།། བདག་ལ་འདོད་ཆགས་སེམས་ནི་སྐྱེ་བ་མེད།། འདོད་ཆགས་བྲལ་བ་ལའང་ཆགས་མི་སྐྱེད་།། ཇི་ལྟར་བདེན་པར་ཤེས་ཀྱི་ལོག་མིན་པར།། བདག་གི་མདུན་བཞུགས་ཐུབ་དབང་འདི་དབང་ཡིན།། ཁྱོད་ནི། ་སྔོན་ཆད་བདག་གི་ཕར་གྱུར་ཅིང་།། བདག་ཀྱང་ཁྱེད་ཅག་རྣམས་ཀྱི་མར་གྱུར་ལ།། མིང་སྲིང་དག་དང་ཕར་ཡང་གྱུར་གྱུར་ན།། མ་ལ་འདོད་ཆགས་སེམས་ནི་སུ་ཞིག་སྐྱེད།། བདག་གིས་སྔན་ཆད་ཁྱེད་རྣམས་ཐམས ་ཅད་བསད།། བདག་ཀྱང་ཁྱེད་ཀྱི་སྔན་ཆད་གཤེགས་ཤིང་བཏུབས།། ཀུན་ཀྱང་ཕན་ཚུན་དགྲ་དང་གསོད་པ་ཡིན།། ཁྱེད་ཅག་ཇི་ལྟར་འདོད་ཆགས་སེམས་ཀྱང་བསྐྱེ་།། འདོད་ཆགས་ཅན་ནི་གཟུགས་དང་ལྡན་མི་འགྱུར། ་འདོད་ཆགས་སེམས་ལྡན་བདེ་འགྲོར་འགྲོ་མ་ཡིན།། འདོད་ཆགས་སེམས་ལྡན་མྱ་ངན་འདས་མི་འགྲོ།། དེ་ལྟ་བས་ན་འདོད་ཆགས་ཡོངས་སུ་སྤང་།། འདོད་ཚ་བའི་རྒྱུད་ནི་སེམས་ཅན་དམྱལ་བར་ལྟུང་།། འདོད་ཆགས ་ཀྱིས་ནི་ཡི་དྭགས་དུད་འགྲོར་གྱུར།། གང་དག་འདོད་ཆགས་སེམས་ནི་ལྡན་པ་རྣམས།། གྲུལ་བུམ་གནོད་སྦྱིན་ལྷ་མི་ཤ་ཟར་འགྱུར།། འདོད་ཆགས་ཀྱིས་སྡུག་གཟུགས་ཅན་དང་།། ལྕི་མེད་པ་རང་གྱོལ་དང་ཞར་བར ་འགྱུར། གང་དག་སྨད་པའི་སྤྱད་པ་སྦྱོང་བྱེད་པ།། དེ་དག་རྣམ་པ་སྣ་ཚོགས་སྐྱོན་ལྡན་འགྱུར།། འཁོར་ལོ་སྒྱུར་བ་ཉིད་ན་ཐོབ་པ་དང་།། སུམ་ཅུ་རྩ་གསུམ་དབང་ཕྱུག་བརྒྱ་བྱིན་དང་།། ཚངས་དང་དབང་ལྡན་དབང་སྒྱུ ་གང་ཡིན་པ། དེ་ན་ཚངས་སྤྱོད་རྒྱ་ཆེན་སྤྱོད་པར་འགྱུར།། འདོད་ལ་བནིམ་པ་རྟག་ཏུ་དམུས་ལིང་དང་།། འོན་པ་གླེན་པ་བག་དང་རྔ་མོ་དང་།། ལུག་བོང་སྒྱུ་དང་གླང་ཆེན་བ་ལིང་དང་།། སྟག་དང་རྟ་དང་ཕྱེ་ལེབ་སྣ་མ ་འགྱུར།། གང་དག་ཚངས་སྤྱོད་རྒྱ་ཆེར་སྤྱོད་པ་ན།། རྒྱལ་བ་དགའ་དང་ལྡན་པ་ཉིད་དུ་འགྱུར།། ཚོང་དཔོན་ཁྱིམ་བདག་བློན་པོ་རྣམས་སུ་འང་འགྱུར།། བོང་དང་ཡིང་བ་ཡང་འཕེལ་བར་འགྱུར།། འདོད་པོའི་ཁོབ་པོ་རྣམ ་ནི་གཤེགས་ཅིང་གཏུབ།། དུ་བས་བདུག་ཅིང་བཅིང་དང་བརྡེག་པ་དང་།། བསྡིགས་དང་མགོ་དང་རྣ་བ་ལོག་པ་དང་། མིག་དང་སྣ་དང་རྐང་པ་འང་བཅང་ཕྱུང་འགྱུར་ཞེས་གསུངས་སོ།། བད་སའི་རྒྱལ་པོ་འཆང་བྱེད ་ཀྱིས་ཞུས་པ་ལས་ཀྱང་སྨད་དེ།། རྨ་མཐོང་ནས་ནི་སྦྲང་མ་བརྒྱུགས་པ་དང་།། མི་གཙང་མཐོང་ནས་ལུག་བོང་བརྒྱུགས་པ་དང་།། ཕྱུགས་ཀྱི་ཤ་ཕྱིར་ཁྱི་དང་ཡང་བརྒྱུག་པ་ལྟར།། མི་མཁས་བུད་མེད་དགའ་བ་ངོ ་བཞིན་བརྒྱུག། བྱིས་པ་རྣམས་ནི་མ་རིག་བསྒྲིབས།། མུན་པའི་ཕུང་པོས་ཀུན་ཏུ་བསྒྲིབས།། བུད་མེད་ཆགས་པ་དེ་བཞིན་རྨོངས།། ངན་སྐྱུག་གནས་ལ་བྱེ་ཁྭ་བཞིན།། ངན་འགྲོར་གང་དག་ཞུགས་པ་དང་།། མྱོང་བའི ་འདུ་ཤེས་ཆགས་བྱེད་དེ།། ངན་སྐྱུགས་གནས་སུ་སྲིན་བུ་འདྲ།། དེ་དག་བདུད་ཀྱི་སྤྱོད་ཡུལ་ཡིན།། ངན་སྐྱུགས་བུམ་པ་རི་མོ་ཅན།། གང་དང་གང་དུ་སྣང་བ་ཡང་།། གཅིན་དང་བཤང་བས་གང ་བ་དང་།། རྒྱལ་པ་རླུང་གིས་གང་བ་བཞིན།། སྣབས་དོང་མཆིལ་མ་ཁི་མཆུ་དང་།། བད་ཀན་རྣག་དང་ཀླད་རྒྱས་དང་།། བྱིས་པ་རྣམས་ཀྱི་ལུས་འདི་ནི།། དྲི་ང་འཛག་སྟེ་སྦྲང་རྩི་བཞིན།། རུས་པས་རྒྱས་གྱུར་ཁ་སྒྲོ་ཅན ་པགས་པ་ཤ་ལ་སོགས་པས་བཀྲིས།། ལུས་འདི་ཕོལ་མིག་འདྲ་བ་སྟེ།། སྨད་པ་ཡིན་ཞིང་དྲི་ང་ཅན།། དཔེར་ན་ཕོལ་མིག་མ་ཁ་ནི།། སྲོག་ཆགས་སྣ་ཚོགས་རྣམས་ཀྱིས་གང་།། དེ་བཞིན་དུ་ནི་ལུས་འདི་ཡང་།། མི་གཙང ་སྣ་ཚོགས་སྣོད་ཡིན་ནོ།། ལྷོ་ནི་མཉེ་མས་གང་བ་སྟེ།། མཆེར་པ་དང་ནི་གློ་བ་དང་།། མཁལ་མ་ཁྲག་དང་མཁྲིས་པ་དང་།། ཀླད་རྒྱས་རུས་པ་རྐང་གིས་གང་།། གང་དགུ་ཁོང་ན་གནས་པ་ནི།། སྲིན་བུའི་གྲོང་ཁྱིམ ་བརྒྱད་ཁྲི་ཡིན།། གཏི་མུག་དྲ་བས་བསྒྲིབས་པས་ནཱ།། བྱིས་པ་རྣམས་ཀྱིས་མི་ཤེས་སོ།། བུ་གའི་སྒྲ་ནི་དགུ་དག་ནས།། མི་གཙང་རྣག་དང་དྲི་ང་འཇིག། སྨྲ་བ་དང་ནི་མཐོང་བས་ཀྱང་།། བྱིས་ངག་ནི་མཚན་མར ་འཛིན།། བྱིས་པ་ངན་སྐྱུགས་སྤྱོད་ཡུལ་ཅན།། མཆིལ་མོ་དང་ནི་སྣབ་ཟ་བ།། ཆགས་པར་གྱུར་ནས་ཕྱོགས་གང་ཞིག། ཀུན་ཏུ་སྨད་པ་མི་ཤེས་སོ།། སྦྲང་མ་རྣམས་ཀྱིས་རྨ་མཐོང་ལྟར།། སྨད་པའི་གནས་ལ་ཆགས ་བར་བྱེད།། མཚན་ཁུང་གཉིས་ནས་རྡུལ་འཛག་ཅིང་།། བཙོག་པའི་དྲི་ནི་འབྱུང་བར་འགྱུར།། གང་གིས་ངན་འགྲོར་འགྲོ་བ་ཡི།། ཉེས་པར་བྱེད་པའི་ལས་བྱེད་ཅིང་།། འདོད་པ་དམན་པ་བསྟེན་པ་དང་།། དམན་པའི ་ཆོས་རྣམས་སྟེན་བྱེད་པ།། ཤེས་རབ་འཆལ་པ་མནར་མེད་སོང་།། སྡུག་བསྔལ་ཚོར་བ་མྱོང་བར་འགྱུར།། ངན་སྐྱུགས་བཞིན་དུ་དྲི་ང་ཞེས་སངས་རྒྱས་རྣམས་ཀྱི་བུད་མེད་སྨང་།། དེ་ལྟ་བས་ན་དམན་པ་ནི།། བུད་མེད ་དམན་པ་རྣམས་དང་འདྲེ།། བྱིས་པ་གང་ཞིག་ངན་སྐྱུགས་ཀྱིས།། རྒྱལ་པོ་ཐོགས་ནས་ཁྱིམ་དུ་འགྲོ། ལས་ནི་ཅི་འདྲ་བྱེད་པ་ཡིན།། འབྲས་བུ་ཡང་ནི་དེ་འདྲ་འཐོབ་ཅེས་གསུངས་སོ།། ཡང་དེ་ཉིད་ལས་གསུངས་པ ་སྡུག་བསྔལ་བས་བཙལ་བའི་ལོངས་སྤྱོད་རང་གསོ་བའི་ཕྱིར་བསྒྲུབས་པ་དགེ་སྦྱོང་དང་བྲམ་ཟེ་རྣམས་དང་བཀྲེན་པ་དང་སྡུག་ཕོངས་དང་སློང་བ་རྣམས་ལ་སྦྱིན་པ་གཏོང་བར་མི་ནུས་ཏེ། བུད་མེད་ཀྱི་དབང་དུ་གྱུར ་ཅིཙི་ང་། བུད་མེད་ཀྱི་ཐུལ་འོག་ཏུ་ཆུང་ལོ་ལ་བུད་མེད་ཀྱིས་ཚོར་ཅོད་པ་བུད་མེད་ཀྱིས་འཁོལ་བ་རྣམས་ནི། བུད་མེད་ལ་དགའ་བ་དེ་ཉིད་ཀྱིས་དེ་གསོ་བའི་ཕྱིར་སྦྱིན་པ་གཏོང་བར་མི་ནུས་ཚུལ་ཁྲིམས་ཡང་དག་པར ་འཛིན་མི་ནུས་སོ།། དེ་དེ་ལ་ཆགས་པས་བུད་མེད་ཀྱིས་སྦྱོར་བའང་བཟོང་བསྡིགས་ཤིང་ལྟ་བ་རྒྱག་པ་ཡང་བཟོད་ངོ་།། བུད་མེད་ཀྱིས་བསྡིགས་པའི་མི་དེ་ཞུམ་ཞིང་སྤྲོ་ཤི་ལ་ངིའི་གདོང་དུ་བལྟ་སྟེ། འདོད་པའི་རྒྱུ ་དང་འདོད་པའི་གཞིའི་དབང་དུ་སོང་བ་ཡིན་ནོ།། རྒྱལ་པོ་ཆེན་པོ་འདི་ནི་འདོད་པ་ལ་བསྐམ་པ་ངན་སྐྱུགས་ཀྱི་སྒོ་ལ་གདུབ་མི་གཙང་བ་ལ་དགའ་བ་ཤེས་བཞིན་མེད་པ་སྤྱོད་པའི་མིའི་སྐྱོན ་ཡིན་ནོ།། དེ་བཞིན་དུ་སྦྱར་ཏེ། འདི་འདྲ་ཐོས་ཀྱང་སྐྱོ་བ་དང་།། ཡིད་འབྱུང་མི་འགྱུར་དེ་དག་ནི།། རབ་ཏུ་རྨོངས་ནས་བུད་མེད་དང་།། ཕྱར་ཞིང་རྟེན་པར་བྱེད་པར་འགྱུར།། བཙོག་ཅིང་ཤིན་ཏུ་སྨད་བྱ་བ། འདོད་པ་སྡུག ་བསྔལ་སྟེན་བྱེད་ཅིང་།། ཆོས་ཐོས་ནས་ནི་རབ་རྨོངས་ཤིང་། ལེགས་པ་སྨྲས་ཞེས་སྨྲ་བར་བྱེད།། དེ་ཡི་སེམས་ནི་མོ་ཕྱིར་སོང་།། བྱི་བོ་ལ་ནི་བྱི་ལ་བཞིན།། རྒྱལ་བས་བཤད་པ་ཐོས་ནས་ཀྱང་།། ཡུད་ཙམ་ཞིག ་ནི་ཡིད་འབྱུང་འགྱུར།། དེ་ནས་དེ་ནི་ཡང་འཁྲུག་སྟེ།། དཔེར་ན་དྲག་པོའི་དུག་དང་འདྲ།། ཇི་ལྟར་ཕག་ནི་ཡུད་ཙམ་ཞིག། དངངས་ཤིང་སྐྲག་པོར་གྱུར་ཀྱང་ནི།། ངན་སྐྱུགས་མཐོང་བར་འགྲོ་འགྱུར་པ ་དེ་ནི་བསྐམ་པ་སྐྱེད་པ་བཞིན།། དེ་ལྟར་བྱིས་པ་དེ་འདོད་པ།། རྒྱལ་བའི་སྟོན་པ་སྤངས་ནས་སུ། གང་གིས་ངན་འགྲོར་འགྲོ་བ་ཡི།། འདོད་པ་དམན་པ་སྟེན་པར་བྱེད།། འདོད་པ་རྣམས་ལ་ཆགས་ཞེན་ནས། ཤིན ་ཏུ་སྡུག་པའི་ལས་བྱས་ཏེ།། ཚུལ་ཁྲིམས་ལྡན་ལ་སྐུར་བ་ནི།། ཕྱི་ནས་ངན་འགྲོར་འགྲོ་བར་འགྱུར།། སྐྱེས་བུ་གང་ཞིག་ཆོས་ཚུལ་འདི་འདྲ་བ།། རིག་ནས་བུད་མེད་རྣམས་ལ་བག་བྱེད་པ། དེས་ནི་མཐོ་རིས ་ལམ་ཡང་རྟག་པར་སྦྱངས།། དེ་ལ་བྱང་ཆུབ་རབ་མཆོག་དཀོན་མ་ཡིན།། དལ་རྙེད་ཤེས་རབ་ལྡན་ཕྱུར་ཅང་།། འདི་འདྲ་བ་ཡི་ཆོས་ཐོས་པ།། འདོད་པ་ཐམས་ཅད་འདིར་སྤངས་ཏེ། མཁས་པ་རབ་འབྱུང་མངོན ་པར་འབྱུང་ཞེས་གསུངས་སོ།། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས་ཀྱང་གནོད་པ་གཞན་གསུངས་ཏེ། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས་འཇམྦུའི་གླིང་པའི་སེམྲ ་ཅན་ཐམས་ཅད་ཀྱི་སྲོག་གཅོད་དམ་དེ་དག་གིས་བདོག་པ་ཐམས་ཅད་ཕྲོགས་པ་བས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་གཅིག ་གི་སེམས་བསྐྱེད་པ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་ཟན་ཚངས་གཅིག་སྦྱིན་དང་ལྡན་པའི་དགེ་བའི་རྩ་བའི་བར་ཆད་བྱས་ན། དེ་དེ་བས་ཆེས་སྡིག་པོ་གྲངས་མེད་པར་སྐྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ་སངས་རྒྱས་འབྱུང་བ་སྐྱེད་པའི་དགེ་བའི་རྩ་བའི་བར་ཆད་བྱེད་པར་གནས་པའི་ཕྱིར་རོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་ལ་གཞན་གྱི་ཁྱིམ་རྣམས་སུ་བྱང་ཆུབ་སེམས་དཔའ་ལ་ཕྲག་དོག་དང ་སེར་སྣ་བྱེད་ན། དེས་དེའི་ཚེ་གཞི་དེ་ལས་འཇིགས་པ་ཆེན་པོ་གསུམ་ཤེས་པར་བྱ་སྟེ། གསུམ་གང་ཞེ་ན། སེམས་ཅན་དམྱལ་བར་སྐྱེ་བའི་འཇིགས་པ་དང་། དམུས་ལོང་གི་འཇིགས་པ་དང་། ཡུལ་མཐུ ་ཁོབ་ཏུ་སྐྱེ་བའི་འཇིགས་པ་ཞེས་བྱ་བའོ།། ཡང་གསུངས་པ། མི་གང་དེ་ལ་དགའ་བར་མི་བྱེད་ཅིང་།། ཡོད་པ་མིན་དང་བསྔགས་པ་མི་སྨྲ་དང་།། མི་གང་ཁྲོས་ནས་མ ་སྙན་སྨྲ་བ་འམ།། ཡང་ན་དེ་ལ་འཁྲུག་པ་བྱེད་པོ་དང་། སེམས་ཅན་དམྱལ་བར་སྐྱེ་འགྱུར་ཏེ།། ལུས་ནི་ཆེན་པོར་གྱུར་ནས་སུ།། དེ་ཡི་སྡུག་བསྔལ་མྱོང་འགྱུར་ཏེ།། ཡིད་རབ་མི་བདེ་མ་རུངས་འགྱུར།། དཔག ་ཚད་ལྔ་བརྒྱའི་ཚད་ཙམ་དུ། དེ་ཡི་ལུས་ནི་སྐྱེ་བར་འགྱུར།། སྡིག་པའི་ལོས་ཀྱིས་རྟག་ཏུ་ཁྱི།། བྱེ་བས་བསྐོར་ནུས་ཟ་བར་འགྱུར།། བསྐལྔ་པ་དག་ནི་དུ་མར་ཡང་།། ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར།། ་དེ་ལ་མགོ་ཡང་ལྔ་བརྒྱ་སྟེ།། དེ་ལས་ཉུང་བར་མི་འགྱུར་རོ།། མགོ་རྣམས་རེ་རེ་དག་ལ་ཡང་།། ལྔ་བརྒྱའི་ལྕེ་ལས་མི་ཉུང་སྟེ།། ལྕེ་གཅིག་ལ་ཡང་ཐོང་གཤོལ་ནི།། ལྔ་བརྒྱར་ཚང་སྟེ་མི་ཉུང་བ།། འབར ་བས་དེ་ལ་རྨོ་བྱེད་དེ།། སྐུར་འདེབས་རྫོགས་པའི་ལས་ཀྱིས་སོ།། ཚིག་རྩུབ་དག་ནི་སྨྲས་པས་ན།། ཤིན་ཏུ་ཆེ་བས་སྲེག་པར་འགྱུར།། གང་དག་སྡོམ་པར་མི་བྱེད་ཅིང་།། བྱང་ཆུབ་སེམས་དཔའ ་གནོད་བྱེད་པ།། དེ་ནི་སེམས་ཅན་དམྱལ་རྙེད་དེ།། དུད་འགྲོའི་སྐྱེ་གནས་འགྲོ་བར་འགྱུར་ཚུལ་འདི་སྤོང་བར་བྱེད་པ་ནི།། བསྐལ་བ་བྱེ་བོ་སྟོང་རྣམས་དང་།། བརྒྱ་དང་ཁྲག་ཁྲིག་རྣམས་སུ་ཡང་།། མནར ་མེད་པར་ནི་སྡུག་བསྔལ་རྙེད།། དེ་ནས་ཤི་འཕོས་རབ་གདུག་ཅིང་།། ཤིན་ཏུ་མི་བཟང་སྦྲུལ་དུ་འགྱུར།། བཀྲེས་ཤིང་སྐོམ་པས་མངོན་གཟེར་ཀྱང་།། ཤིན་ཏུ་མི་བཟང་ལས་རྣམས་བྱེང་།། བཟའ་བ་རྙེད་ཀྱང ་སྡིག་པ་ཡིས་།། ནམ་ཡང་ཚིམ་པར་མི་འགྱུར་རོ།། གལ་ཏེ་དེ་ནས་ཤྲཱི་འཕོས་ནས།། མི་ཡི་ནང་དུ་སྐྱེས་ན་ཡང་།། ཡིད་མི་གཞུངས་ཤིང་དམུས་ལོང་འགྱུར།། གནོད་པར་སེམས་ཤིང་སྡོམ་པ་མེད།། ཉེས་པ ་ཚིག་རྣམས་སྨྲས་ནས་ནི།། འཕགས་པ་མཉེས་པར་མི་བྱེད་པ།། མི་ཡི་ནང་ནས་ཤི་འཕོས་ནས།། སླར་ཡང་ངན་འགྲོར་འགྲོ་བར་འགྱུར།། བསྐུལ་པ་བྱེ་བ་སྟོང་རྣམས་སུ།། ནམ་ཡང་སངས་རྒྱས་མཐོང་མི་འགྱུར ་ཞེས་གསུངས་སོ།། ཡང་དེ་ཉིད་ལས་འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས་བསྐྱེད་པ་འམ། བརྙས་པའི་སེམས་བསྐྱེད་པ་ཇི་ཙམ་དེ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ ་དེས་སེམས་ཅན་དམྱལ་བ་པ་རྣམས་སུ་གནས་པར་གོ་ཚོ་བཀྲི་བར་བྱའོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་ལ་སྒུར་པོ་བཏབ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་ལས་གཞན་གང་གིས་ཀྱང་ལྡེག་པར་ལྷུང་བར ་བྱེད་མི་ནུས་སོ།། འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་རྡོ་རྗེ་ཉིད་མ་གཏོགས་བོར་ཤིང་ངམ་བོང་པ་འམ་དེ་བྱུག་པ་འམ་རྡོ་བ་འམ་མཚོན་ཆོས་བཅག་པར་མི་ནུས་སོ།། འཇམ་དཔལ་དེ་བཞིན་དུ་བྱང་ཆུབ ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའ་ལ་སྐུར་པ་བཏབ་པ་མ་གཏོགས་པར་ལས་གཞན་གྱིས་ལྡོག་པར་ལྟུང་བར་བྱེད་མི་ནུས་སོ་ཞེས་གསུངས་སོ།། དད་པའི་སྟོབས་བསྐྱེད་པ་ལ ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང་། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཁྲོས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་བཙོན་ར་མུན་ནག་དག་ཏུ ་བཅུག་པ་བས།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཁྲོས་ཏེ་བྱང་ཆུབ་སེམས་དཔའ་ལ་རྒྱབ་ཀྱིས་ཕྱོགས་ཏེ་འདུག་ནས་མ་རུངས་པ་འདི་མི་བལྟའོ་ཞེས་ཟེར་ན་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་སྐྱེད་དོ།། ་འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་པ་ཞིག་ཛམྦུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱི་གདོག་པོ་ཐམས་ཅད་འཕྲོགས་པ་བས། གཞན་གང་གིས་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ཡང་རུང་བ་ལ་སྨྱུང་མ་འདི ་དེ་བས་ཆེས་སྡིག་པ་གྲངས་མེད་པར་སྐྱེད་དོ་ཞེས་གསུངས་སོ།། ཡང་དེ་ཉིད་ལས་འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་མཆོད་རྟེན་གངྒཱའི་ཀླུང་གི་བྱེ་མ་སྙེད་བ་ཤེས་པ ་བ་དང་བསྲེགས་པ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གིས་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་གནོད་སེམས་དང་ཐ་བ་དང་ཁྲོ་བའི་སེམས་སྐྱེད་དེ་གཤེས་པ་དང་མི་སྙན་པར ་སྨྲས་ནས་འདི་ནི་དེ་བས་ཆེས་སྡིག་པ་གྲངས་མེད་པར་སྐྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམས་ངེས་པར་འབྱུང་ལ། སངས་རྒྱས་ལ་མཆོད་རྟེན་རྣམས་དང་ལྷའི ་རིགས་ཐམས་ཅད་ཀྱིས་བདེ་བའི་ཡོ་བྱད་ཐམས་ཅད་འབྱུང་ངོ་།། བྱང་ཆུབ་སེམས་དཔའ་ལ་བསྟི་སྟང་མ་བྱས་ན་སངས་རྒྱས་ཐམས་ཅད་ལ་སྟི་སྟང་མ་བྱས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ལ་བསྟི་སྟང་བྱས་པ་ནི ་སངས་རྒྱས་ཐམས་ཅད་ལ་བསྟི་སྟང་བྱོས་པ་ཡིན་ནོ།། སངས་རྒྱས་ཐམས་ཅད་ལ་མཆོད་པ་བླ་ན་མེད་པས་མཆོད་པ་བྱེད་འདོད་པས་བྱང་ཆུབ་སེམས་དཔའ་རྣམས་མཆོད་པར་བྱའོ།། ཞེས་གསུངས་སོ།། དེ་མཆོད་པའི་རྣམ ་པར་སྨིན་པ་ནི་རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས། གང་ཞིག་ཆོས་དང་ལྡན་པ་ཡི།། ཆོས་སླུ་ངོ་དག་སྲུང་བྱེད་པ།། ངན་འགྲོ་རྣམས་ནི་ཀུན་སྤངས་ནས།། བརྒྱ་བྱིན་རྫུ་འཕྲུལ་ཆེན་པོར་འགྱུར།། ་ཚངས་པ་དགའ་ལྡན་འཐབ་བྲལ་དང་།། དབང་བྱེད་པར་ཡང་དེ་འགྱུར་རོ།། གལ་ཏེ་མིར་ནི་གྱུར་ན་ཡང་།། རྟག་ཏུ་འཁོར་ལོས་སྒྱུར་བར་འགྱུར།། ཚོང་དཔོན་དང་ནི་ཁྱིམ་བདག་འགྱུར།། རྟག་ཏུ་སྐྱིད་ཅིང་ནར་ཆེར ་འགྱུར།། ཇི་ལྟར་གངྒཱའི་བྱེ་སྙེད་ཀྱི།། བསྐལ་པ་དེ་སྙེད་རྟག་ཏུ་ཡང་།། འཇིགས་མིང་དྲན་པ་ཕུན་སུམ་ཚོགས།། བདེ་དང་ལྡན་ཞིང་གནོད་པ་མེད་ཅེས་གསུངས།། ཕན་པ་བྱེད་པ་དང་གནང་བ་བྱེད་པ་བསམ་པ ་འདི་བྱང་ཆུབ་སེམས་དཔའ་གང་གི་དབང་དུ་བྱས་ཤེ་ན།། སོ་སོའི་སྐྱེ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། དད་པའི་སྟོབས་སྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཇི་སྐད་དུ། འཇམ ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གི་སེམས་ཅན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་གཅིག་བཞིན་ལྷོའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། ་དེ་བཞིན་དུ་ལྷའི་གོས་རྣམས་བྱིན་པ་བས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞུན་གང་ཞིག་གིས་དགེ་བསྙེན་སྟོན་པ་གཞན་ལ་མི་བརྟེན་པ་དགེ་བ་བཅུའི་ལས་ཀྱི་ལམ་པ་ཞིག་ལ། འདིས་ནི་སངས་རྒྱས་བཅོམ་ལྡན་འདས ་ཀྱི་བསླབ་པ་ལ་བསླབས་པའོ་སྙམ་དུ་བསམ་ནས། ཉིན་ཅིག་ཟན་ཅིག་བྱིན་ན་འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ།། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དགེ་བསྙེན་སྟོན ་པ་གཞན་ལ་མི་རྟེན་པ་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་དག་ལ་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ཉིན་གཅིག་བཞིན་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་། ་དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་ཞིག་གི་དགེ་སློང་གཅིག་ལ་ཉིན་གཅིག་ཟན་ཅིག་བྱིན་ན། འདི་ནི་དེ་བས་བསོད་ནམས་གྲངས་མེད་པར་སྐྱེདོ་ཞེས་གསུངས ་པ་བཞིན་ནོ།། ངེས་པ་དང་མ་ངེས་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཀྱང་། འཇམ་དཔལ་ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ། གལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སེམས་ཅན་ཀུན་གྱི ་མིག་ཕྱུང་བར་གྱུར་ལ། ཡོངས་སུ་བརྟག་པ་ཉེ་བར་བཟུང་སྟེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་བྱམས་པའི་སེམས་ཀྱིསོན་དེ་དག་ཐམས་ཅད་ལ་མིག་དེ་དག་སྐྱེད་པ་བས། འཇམ་དཔལ ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་གི་ཐེག་པ་ཆེན་པོ་ལ་མོས་པའི་བྱང་ཆུབ་སེམས་དཔའ་ལ་དངོ་བའི་སེམས་ཀྱིས་ལྟ་ན། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་སྐྱེད་དོ།། འཇམ་དཔལ་རིགས ་ཀྱི་ལྡུམ་རིགས་ཀྱི་བུ་མོ་གང་ལ་ལས་ཕྱོགས་བཅུའི་སེམས་ཅན་བཙོན་རར་བཙུག་པ་ཐམས་ཅད་བཙོན་ར་ནས་བཏོན་ཏེ། འཁོར་ལོ་སྒྱུར་བའི་བདེ་བ་འམ་ཆིངས་པ་ཉིད་ཀྱི་བདེ་བ་ལ་བཀོད་པོ་བས།། འཇམ་དཔལ་རིགས ་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཞན་གང་གི་ཐེག་པ་ཆེན་པོ་ལ་མོས་པ་ལ་དང་པའི་སེམས་ཀྱི་ལྟ་བ་ཐོབ་པར་གྱུར་ཅིང་དེའི་སྔགས་པ་ཡང་བརྗོད་ན།། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པ་སྐྱེད་དོ་ཞེས ་གསུངས་སོ།། དེ་སྐད་དུ་སའི་སྙིང་པོའི་མདོ་ལས་ཀྱང་།། བཙུན་པ་བཅོམ་ལྡན་འདས་རྒྱལ་རིགས་དགེ་བ་འམ་བློན་པོ་དགེ་བ.ལམ་ཤོར་བ་དགེ་བ་འམ་དགེ་སྦྱོང་དགེ་བའམ་བྲམ་ཟེ་དགེ་བ་གང་ཞིག། གཞོན་སྲུང་བ་དང་། ་བདག་སྲུང་བ་དང་འཇིག་རྟེན་ཕ་རོལ་སྲུང་བ་དང་། བཅོམ་ལྡན་འདས་ཀྱི་བསྟན་པ་དང་། ཉན་ཐོས་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་ཡང་རུང་སྐྲ་བྲེགས་ནས་གོས་ངུར་སྨྲིག་གི ་ཚལ་བུ་བགོས་པ་ཡོངས་སུ་སྲུང་བ་དང་། ཉན་པ་དང་། མཆོད་པ་དང་། ཉན་ཐོས་ཐོས་ཀྱི་གཏམ་དང་། ཐེག་པ་ཆེན་པོའི་གཏམ་ཉན་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་གང་ཟག་ཚུལ་ཁྲིམས་དང ་ལྡན་པ་ཡོན་ཏན་གྱིས་ཕྱུག་པ་གྲོལ་བ་དང་། རིག་པའི་སྤོབས་པ་ཅན་དག་ལ། མཆོད་པ་དང་། དེ་དག་དང་ལྷན་ཅིག་ཏུ་དགའ་བ་དང་རྩེ་བ་དང་ཡོངས་སུ་འདྲི་བ་དང་ཡོངསུ་འདྲར་འཇུག་པ་དང་དེ་དག་ལས་མཉན ་ཅིང་བྱའོ་སྙམ་དུ་སེམས་ཤིང་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ། དེའི་སྡིག་པ་ཇི་ཙམ་ཞིག་འབྱུང་བར་འགྱུར།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་སྐྱེས་ལ། ་དེས་ཛོམྦུའི་གླིང་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དེ་རྣམས་ལ་དབུལ་བ་ཕུལ་བ་ཉི་མྱུ་གུང་གི་དུས་སུ་ཡང་དེ་བཞིན་ཕྱེ་མ་རེད་ཀྱི་དུས་སུ་ཡང་དེ་བཞིན་དབུལ ་ཞིང་། རྣམ་གྲངས་འདིས་ལོ་བརྒྱ་སྟོང་དུ་འདི་ལྟར་དབུལ་བ་ཕུལ་ན། འདི་ཇི་སྙམ་དུ་སེམས་མི་དེ་བསོད་ནམས་མང་དུ་བསྐྱེད་དམ། གསོལ་པ། བཙུན་པ་བཅོམ་ལྡན་འོངས་མི་དེ་བསོད་ནམས་ཀྱི་ཕུང་པོ ་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་སྐྱེད་དེ།། དེའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་བཞིན་གཤེགས་པ་མ་གཏོགས་པར་གཞན་གང་གིས་ཀྱང་ཚད་བཟུང་བར་ནུས་པ་མ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། རྒྱལ་རིགས་དགེ་བ་འམ་ཞེས་བྱ་བ་ནས་གོང་དུ་ཇི་སྐད་སྨོས་པའི་བར་དུ་དེ་བཞིན་དུ་སྦྱར་ཏེ། དེ་བསོད་ནས་ཀྱི་ཕུང་པོ་ཤིན་ཏུ་མང་དུ་སྐྱེད་པ་ནས། བསོད་ནམས་ཕུང་པོ་ཤིན་ཏུ་ཡེངས་པ་དང་ཤིན་ཏུ ་ཚད་མེད་པ་དང་ཤིན་ཏུ་གྲངས་མེད་པའི་བར་དུ་སྐྱེད་དོ།། གང་ཞིག་ལྔ་བརྒྱ་པ་ཐ་མ་ལ་ངའི་དམ་པའི་ཆོས་ཀྱི་ཚུལ་སྲུང་བ་དེ་ནི་བདག་གཞན་སྲུང་བ་དང་འཇིག་རྟེན་ཕ་རོལ་སྲུང་བ་དང་ངའི་བསྟན་པ་སྲུང་བ་དང་། ་ཉན་ཐོས་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་ཡང་རུང་སྐྲ་བྲེགས་ཏེ་གོས་ངུར་སྨྲིག་བགོས་པ་རྣམས་ཡོངས་སུ་བསྲུངས་པ་དང་། མི་འཚེ་བ་ནས་རང་གི་ལུས་འཁོར་གྱི་བར་དུ་འཕེལ་བར་བྱེད་པ་དང་། ངན་སོང་ཟད་པར ་བྱེད་པ་དང་། ལྷའི་གནས་འཕེལ་བར་བྱེད་པ་དང་། ཚེ་རིང་དུ་སྐྱོང་བ་དང་། རང་གི་ཉོན་མོངས་པ་དང་། གཞན་གྱི་ཉོན་མོངས་པ་རྣམས་སེལ་བ་དང་། རྫོགས་པའི་བྱང་ཆུབ་ཀྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག ་སྟོན་པ་དང་། ངན་སོང་ཐམས་ཅད་རྣམ་པར་སྤོང་བ་དང་། འཁོར་བ་ན་རིང་དུ་མི་འཁོར་བ་དང་། རྟག་ཏུ་དགེ་བའི་བཤེས་གཉེན་རྣམས་དང་སངས་རྒྱས་བཅོམ་ལྡན་འོངས་རྣམས་དང་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྣམས་དང་ཕྲད་ཅིང་། རྟག་ཏུ་དགེ་བའི་བཤེས་གཉེན་རྣམས་དང་མི་འབྲལ་བར་འགྱུར་རོ།། ཇི་ལྟར་བསམ་པའི་སངས་རྒྱས་ཀྱི་ཞིང་དུ་རིང་པོ་མི་ཐོག ་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། དེ་ནས་ལྷའི་དབང་པོ་ཐམས་ཅད་འཁོར་དང་བཅས་པ་ནས་ཤ་ཟའི་དབང་པོ་བར་དུ་འཁོར་དང་བཅས་པ་སྟན ་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་དེ་ལྟར་དང་མ་འོངས་པའི་དུས་ལྔ་བརྒྱ་པ་ཐ་མའི་བར་དུ་རྒྱལ་རིགས ་དགེ་བ་རྣམས་དང་ཁྱིམ་བདག་དགེ་བའི་བར་དག་དང་དེ་བཞིན་དུ་སྦྱར་ཏེ། དེ་ལྟར་དམ་པའི་ཆོས་སྲུང་བ་དང་དེ་ལྟར་དཀོན་མཆོག་གསུམ་གྱི་རིགས་འབར་བར་བགྱིད་པའི་རྒྱལ་རིགས་དགེ་བ་ནས་ཁྱིམ་བདག ་དགེ་བའི་བར་དེ་དག་ལ། བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ཀྱིས་ཀྱང་རྣམ་པ་བཅུའི་བར་གྱིས་བསྲུང་བར་བགྱི། ཡོངས་སུ་བརྐྱང་བྱར་བགྱི་འཕེལ་བར་བགྱིའོ།། བཅུ་གང་ཞེ་ན། དེའི་ཚེ་འཕེལ ་བོར་བགྱི་བ་དང་། ཚེའི་བར་ཆད་ཀྱང་ཆོས་ཀྱི་བཟློག་པར་བགྱི་བ་དང་། བྲོ་ནད་མ་མཆིས་པ་དང་། འཁོར་དང་ཆོས་ཀྱི་ཕུང་པོ་དང་། ལོངས་སྤྱོད་པ་དང་། དབང་ཕྱུག་དང་། སྙན་པ་དང་། དགེ ་བའི་བཤེས་གཉེན་རྣམས་དང་། ཤེས་རབ་ཕུན་སུམ་ཚོགས་པ་ཡང་འཕེལ་བར་བགྱི་སྟེ། བཅུ་པོ་དེ་དག་གིས་བསྲུང་བར་བགྱིའོ་ཞེས་རྒྱ་ཆེར་གསུངས་སོ།། དེ་ལྟར་ན་སར་མ་ཆུད་པ་རྣམས་ལ་ཡང་རྣམ་པར ་སྨིན་པ་འདི་རྒྱ་ཆེར་བལྟ་བར་བྱའོ།། སྤྱན་རས་གཟིགས་ཀྱི་མདོ་ལུས་ཀྱང་། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས།། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།། སུ་ཞིག་སྐོར་བ་བྱེད་པ ་ནི།། སྐྱེ་བ་དག་ནི་ཐམས་ཅོད་དུ།། བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ།། རླན་དང་ལྡན་ཞིང་བློ་གྲོས་ལྡན།། བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ནས་བཀའ་སྩལ་པ། སངས ་རྒྱས་སྲས་པོ་དེ་དག་ལ། མི་གང་མི་དགའ་བྱེད་པ་དེ།། ལྷ་དང་མི་ནི་སྤངས་ནས་སུ།། དེ་དག་སེམས་དམྱལ་སྤྱོད་ཡུལ་འགྱུར་ཞེས་རྒྱ་ཆེར་གསུངས་སོ།། གོང་མ་བཞིན་དུ་འདིར་ཡང་ཁྱད་པར་གྱི་རྒྱུ་གང་ཡང ་བསྟན་པར་མི་ནུས་ཏེ། དེ་དཔྱད་པས་ཆོག་གོ། ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས་ཀྱང་།། སྒྲིབ་པའི་སྒྲ་ནི་གནོད་པར་གསུངས་ཏེ། འཇམ་དཔལ་སྒྲིབ་པ་ཞེས་བྱ་བ་ནི། འདོད་ཆགས་སྒྲིབ་པ། ཞེ ་སྡང་སྒྲིབ་པ། གཏི་མུག་སྒྲིབ་པ། སྦྱིན་པ་སྒྲིབ་པ། ཚུལ་ཁྲིམས་སྒྲིབ་པ། བཟོད་པ་སྒྲིབ་པ། བརྩོན་འགྲུས་སྒྲིབ་པ། བསམ་གཏན་སྒྲིབ་པ། ཤེས་རབ་སྒྲིབ་པའོ།། དེ་བཞིན་དུ་སྦྱར་ཏེ། དེ་ཅིའི་ཕྱིར་ཞེ་ན། འཇམ ་དཔལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་སྦྱིན་པ་བྱིན་པའི་ཚེ་སེར་སྣ་ཅན་རྣམས་ལ་མ་དད་པར་བྱེད་དོ།། དེ་དག་མ་དད་པ་དེས་ཁོང་ཁྲོ་བའི་སེམས་བསྐྱེད་པས་ན། ཁོང་ཁྲོ་བའི ་ཐ་བའི་སྐྱོན་དེས་སེམས་ཅན་དམྱལ་བ་ཆེན་པོ་རྣམས་སུ་སྐྱེའོ།། དེ་དག་ཚུལ་ཁྲིམས་སྲུང་བའི་ཚེ་འཆལ་པའི་ཚུལ་ཁྲིམས་ཅན་ལོ་སྨོད་ཅིང་གཤེ་ལ་དེ་དག་གིས་མི་སྙན་པར་སྨྲའོ།། དེ་དོག་ལས་དེ་དག་གི་སྐྱོན་ཐོས ་ནས་སྐྱེ་བོ་མང་པོ་མ་དད་པར་བྱེད་དོ།། དེ་དག་མ་དད་པ་དེས་ན་ངན་འགྲོར་འགྲོ་བར་འགྱུར་རོ།། དེ་དག་བཟོད་པ་སྒོམ་པའི་ཚེ་བདག་ཅག་ནི་བཟོད་པ་དང་ལྡན་པ་ཡིན་དེ་དག་གཞན་ནི་གནོད་སེམས་ཀྱི་སེམས་དོང་ལྡན ་པ་ཡིན་ནོ་སྙམ་དུ་གཟོད་པའི་རྒྱོགས་པས་བག་མེད་པར་འགྱུར་ཏེ། བཟོད་པའི་རྒྱགས་པས་བག་མེད་པ་དེ་དག་བག་མེད་པའི་རྩ་བ་ལས་བྱུང་བའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་རོ།། དེ་དག་བརྩོན་འགྲུས་རྩོམ ་བའི་ཚེ་དགེ་སློང་འདི་དག་ནི་ལེ་ལོ་ཅན་དུ་གནས་པ་མངོན་པར་མི་རྩོན་པ་དད་པས་བྱིན་པ་ཡོངས་སུ་སྤྱོད་པ་སྟེ། འདི་དག་ནི་ཆུ་ཕོར་གང་གི་འོས་ཀྱང་མི་ཡིན་ནོ་སྙམ་དུ་བདག་ལ་བསྟོད་དེ། དེ་དག་བརྩོན་འགྲུས་བརྩོན ་པ་དེས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དེ་དག་ནི་བྱིས་པ་ཡིན་ནོ་ཞེས་པ་སྨྲའོ།། དེ་དག་བསམ་གཏན་མཉམ་པར་འཇོག་པའི་ཚེ་བསམ་གཏན་དང་སྙོམས་པར་འཇུག་པ་དེས་འདོད་པ་སྐྱེད་ཅིང་དེ་དག་འདི ་སྒྱུམ་དུ་སེམས་ཏེ། བདག་ཅག་ནི་ཏིང་འཛིན་ལ་གནས་པ་ཡིན་དགེ་སློང་འདི་དག་གཞན་ནི་སེམས་གཡེང་བར་གནས་པ་ཡིན་ཏེ། འདི་དག་ནི་སངས་རྒྱས་སུ་ག་ལ་འགྱུར་ཞེས་རྒྱ་ཆེར་རོ།། ཆོས་ཐམས་ཅད་འབྱུང་བྱ ་མེད་པར་བསྟན་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ལ་ལྟུང་བས་གླེང་ན་བྱང་ཆུབ་དང་རིང་བར་འགྱུར་རོ།། ལས་ཀྱི་སྒྲིབ་པ་ཡོངས་སུ་འཛིན་ཏོ།། ཕྲག་དོག་གིས་གླེང་ནི་བྱང་ཆུབ་དང་རིང་བར་འགྱུར་རོ།། སྤྱོད ་ལམ་གྱི་གླེང་ན་བྱང་ཆུབ་དང་རིང་བར་འགྱུར་རོ།། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ལ་དམན་པའི་འདུ་ཤེས་དང་བདག་ལ་རྒྱ་ཆེ་བའི་འདུ་ཤེས་བསྐྱེད་ན་བདག་སྨྲས་པ་དང་ལས་ཀྱི་སྒྲིབ་པ་ཡོངས་སུ་འཛིན ་ཏོ།། གལ་ཏེ་དེ་བྱང་ཆུབ་ཡོངས་སུ་མི་གཏོང་ན་འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ལ་གདམས་པ་དང་རྗེས་སུ་བསྟན་པའི་ཚེ་སྟོན་པའི་འདུ་ཤེས་ཉེ་བར་གཞག་སྟེ་གདམས་པར་རྗེས་རྗེས་སུ ་བསྟན་པར་བྱའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ལ་བརྙས་པར་ནི་མི་བྱའོ།། ལྷའི་བུ་ཇི་ལྟར་བྱང་ཆུབ་སེམས་དཔའ་ཅིག་ཤེས་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་འཆང་བ་དེ་ལྟ་བུ་ནི ་ནི་གང་ན་ཡོང་མོད་དོ་ཞེས་གསུངས་སོ།། བྱང་ཆུབ་ཏུ་སེམས་མ་སྐྱེད་པའི་སེམས་ཅན་བྱང་ཆུབ་ཀྱི་སྐལ་བ་ཅན་ལ་ཡང་བརྙས་པ་བཀག་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྟ་མོས་ཀྱང་ཅི་དགོས། དཔའ་བར ་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། བློ་གྲོས་བརྟན་པ་དེ་ལ་བྱང་ཆུབ་སེམས་སྐྱེད་པར་ལུང་བསྟན་པ་གང་ཞེ་ན། བློ་གྲོས་བརྟན་པ་འདི་ལ་གང་ཟག་ལ་ལ་ཞིག་འགྲོ་བ་ལྔའི ་འཁོར་བར་ཡང་ན་ནི་སེམས་ཅན་དམྱལ་བ་འམ་ཡང་ན་དུད་འགྲོའི་སྐྱེ་གནས་སམ་ཡང་ན་གཤིན་རྗེའི་འཇིག་རྟེན་ནམ་ཡང་ནི་ལྷ་འམ་ཡང་ན་མིར་སྐྱེས་པར་གྱུར་ལ། གང་ཟག་དེ་ཡང་དབང་པོ་རྣོ་བ་རྒྱ་ཆེན་པོ་ལ་མོས ་པ་ཡིན་ན། དེ་ལ་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏེ། སྐྱེས་བུ་གང་ཟག་འདི་ནི་བསྐལ་པ་འདི་སྙེད་བསྐལ་པ་བརྒྱ་ཕྲག་པ་འདི་སྙེད་བསྐལ་པ་སྟོང་ཕྲག་འདི་སྙེད་བསྐལ་པ་སྟོང་ཕྲག་འདི་སྙེད་བསྐལ་བ་བྱེ་བ ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་འདི་སྙེད་ན་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ། བློ་གྲོས་བརྟན་པ་དེ་ནི་བྱང་ཆུབ་ཏུ་སེམས་སྐྱེད་པར་ལུང་བསྟན་པ་ཞེས་བྱའོ།། ་དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འང་སྲུངས་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་དོང་སླན་ཆད་སེམ་ཅན་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ།། དེ་ཅིའི་ཕྱིར་ནི ་ནཱ། སེམས་ཅན་གང་ལ་བྱང་ཆུབ་ཡོངས་སུ་སྨིན་པའི་དབང་པོ་རྣམས་མཆིས་པ་དང་གང་ལ་མ་མཆིས་པ་འཚལ་བར་འཇུག་པ་དེ་བདག་ཅག་ལ་མ་མཆིས་པའི་སླད་དུ་སྷོ། བཅོམ་ལྡན་འདས་བདག་ཅག་ལ་འ་ཚལ ་བ་མ་མཆིས་པས་སེམས་ཅན་དེ་ལྟ་བུ་དག་ལ་དམན་པའི་འདུ་ཤེས་བསྐྱེད་ན། དེས་བདག་ཅག་སྨྲས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུངས་ལེགསོ་ལེགས་སོ།། ཚིག་འདི་ནི ་ལེགས་པར་སྨྲས་པའོ།། འོད་སྲུངས་ངས་དོན་གྱི་དབང་འདི་མཐོང་ནས་དགེ་སློང་དག་ང་འམ་ང་དང་འདྲ་བས་གང་ཟག་གིས་དྲེད་གཟུང་གི། གང་ཟག་གི་གང་ཟག་ལ་དྲོད་མི་གཟུང་། དགེ་སློང་དག་གང་ཟག་གིས ་གང་ཟག་ལ་དྲོད་གཟུང་ན་སྨྲས་པར་འགྱུར་བར་ཤེས་པར་གྱིས་ཤིག་ཅེས་ཁྱེད་ལ་དེ་ལྟ་བུའི་ཆོས་བསྟན་ཏེ། འོད་སྲུངས་བསྟན་པ་དེས་བྱང་ཆུབ་སེམས་དཔའ་འམ་ཉན་ཐོས་ཀྱིས་འདི་ནི་བྱང་ཆུབ་སེམས ་དཔའི་ཐེག་པ་པའི་གང་ཟག་ཡིད་དུ་འོང་ཞེས་སེམས་ཅན་ཐམས་ཅད་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ།། དེས་ན་དེར་བསྲུང་བར་བྱའོ་ཞེས་ཇི་སྐད་གསུངས་པ་བཞིན་ནོ།། གང་ལ་ངེས་པར་བྱང་ཆུབ་འཐོབ་པའི ་མཚན་མ་ཡོད་པ་དེ་ལ་བརྙས་པ་ཤིན་ཏུ་བསྲུང་བར་བྱ་སྟེ། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས། སཽ་དང་སོ་ཕག་ལས་ནི་བརྩིགས་པ་ཡི།། རྒྱལ་བའི་མཆོད་རྟེན་དགའ་བཞིན་བྱས་པ་དང་།། དྲི་ཕྱིར་ས་རྡུལ ་ཕུང་པོ་དག་ལས་ཀྱང་།། མྱ་ངན་དགོན་པ་དག་ཏུ་བྱས་པ་དང་།། བྱིས་པས་རྩེད་མོར་དེ་དང་དེ་དག་ཏུ།། གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག། བྱེ་མ་ལྔ་ནི་ཕུང་པོར་བྱས་པ་ཡང་།། དེ་རྣམས་ཀྱིས་ཀྱང་བྱང ་ཆུབ་ཐོབ་པར་འགྱུར་ཞེས་བྱ་བ་ནས་གང་གི་རྩིག་ངོས་གཟུགས་ཀྱི་རི་མོ་དག། བསོད་ན་མས་བརྒྱས་མཚན་ཡོངས་སུ་རྫོགས་པའི་སྐུ།། བདག་གིས་བྲིས་སམ་འདྲིར་བཅུག་ཀྱང་།། ་དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར།། སྐྱེ་བུ་དག་གོམ་འོན་ཏེ་གཞོན་ནུ་འང་རུང་།། གང་དག་ལ་ལ་དེ་ནི་སློབ་པའི་ཚེ།། རྩེད་མོ་དགའ་དང་བསང་བ་བྱེད་པ་ན།། རྩིག་ངོས་སེན་མོ་ཤིན་བུས་གཟུགས་བྲིས་པ།། ་དེ་དག་ཐམས་བྱང་ཆུབ་ཐོབ་འགྱུར་ཏེ་ཞེས་བྱ་བའི་བོར་དུའོ།། དེ་བཞིན་དུ་སྦྱར་ཏེ། བདེ་བར་གཤེགས་པ་རྣམས་ལ་མཆོད་པའི་ཕྱིར།། གང་དག་ལྕགས་ཀྱི་སིལ་ཁྲོལ་བརྡུང་བཅུག་དང་།། ཆུ་ལ་ལ་བརྡབས་དང ་ཐལ་མོས་བརྡབས་པ་དང་།། ཡིད་དུ་འོང་བཞིན་སྙན་པའི་གླུ་དབྱངས་དང་།། རིང་སྲེལ་དེ་དག་རྣམ་མང་མཆོད་བྱས་པ།། དེ་དག་ཐམས་ཅད་འཇིག་རྟེན་སངས་རྒྱས་འགྱུར།། བདེ་གཤེགས་རིབསྲེལ་ལ་ནི་ཅུང་ཟད་ཅི།། ་སྲིལ་སྙན་གཅིག་བརྡུངས་པ་ཡི་སྒྲ་ཕྱུང་ངམ།། མེ་ཏོག་ཅིག་ཙམཽ་གྱིས་ནི་མཆོད་པ་དང་།། བདེ་གཤེགས་གཟུགས་དང་རྩིག་ངོས་བྲིས་པ་ལ།། འཁྲུག་བཞིན་པ་ཡི་སེམས་ཀྱི་མཆོད་པ་དང་། དེ་དག ་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་།། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར།། ཡོངས་སུ་ཚངས་པ་འམ་ཐལ་མོ་ཡ་གཅིག་གམ།། ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་།། དེ་བཞིན་ལན་ཅིག་ལུས་ཀྱང ་བཏུད་པ་དང་།། གང་གི་རིང་བསྲེལ་གནས་པ་དེ་དག་ལ། གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས།། ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་།། དེ་དག་ཀུན་གྱི་བྱང་ཆུབ་མཆོག་འདི་ཐོབ།། དེ་ཚེ ་བདེ་བར་གཤེགས་པ་དེ་དག་ནི།། མྱ་ངན་འདས་སམ་ཡང་ན་བཞུགས་ཀྱང་རུང་།། སེམས་ཅན་གང་གིས་ཆོས་འདི་མིང་ཐོས་པ།། དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར་ཞེས་ཇི་སྐད་གསུངས་པ་བཞིན་ནོ།། སྙིང་རྗེ། ་ཆེན་པོའི་མདོ་ལས་ཀྱང་།། འདི་ལྟ་སྟེ་དཔེར་ན་ཉ་བ་མཆིལ་པ་ཐོགས་པས་ཉ་བཤོར་བའི་ཕྱིར་མཆིལ་པ་གཟན་མ་དང་བཅས་པ་མཚོ་ཆེན་པོར་བཅུག་ལ་དེ་ཅུག་པ་དེ་རྨིས་པར་གྱུར་ན། ཉ་དེ་མཚོ་ཆུའི་ནང་ན་འཕྱོ་ཡང་དེ ་སྲད་བུ་སྲ་བ་ཡུ་བ་སྐམ་ས་ལ་གཏུགས་པས་བརྟོད་པ་ཞེས་བརྗོད་པར་བྱ་སྟེ། ཉ་བ་མཆིལ་པོས་འཆོར་བ་འོངས་ནས་སྲད་བུ་ཐང་ཞེས་བྱེད་པ་ལས་ཉ་ཟིན་པར་ཤེས་ཏེ་དེས་སྲད་བུ་དྲངས་ནས་དེ་སྐམ་ལ་ཕྱུང་སྟེ། དགའ ་མགུར་སྤྱོད་དོ།། དེ་བཞིན་དུ་སེམས་ཅན་གང་དག་བཅོམ་ལྡན་འདས་ལ་དད་པའི་སེམས་ཀྱི་དགེ་བའི་རྩ་བ་བསྐྱེད་ན། ཐ་ན་དང་བའི་སེམས་གཅིག་སྐྱེད་ན་ཡང་སེམས་ཅན་དེ་དག་ཉེས་པར་བྱས་པའི་ལས་ཀྱི་སྒྲིབ་པས ་མི་ངལ་པོ་རྣམས་སུ་སྐྱེས་སུ་ཟིན་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་དང་བསྡུ་བའི་དངོས་པོའི་སྲད་བུས་སེམས་ཅན་དེ་དག་གཟུང་ནས་འཁོར་བའི་མཚོ་ཆུ་ལས་བཏོན་ཏེ་མྱ་ངན ་ལས་འདས་པའི་ཐང་ལ་འཇོག་གོ་ཞེས་གསུངས་སོ།། དེ་ལྟ་བས་ན་དེ་དག་ལ་སྟོན་པའི་འདུ་ཤེས་བསྐྱེད་པར་བྱའོ།། ཕ་རོལ་ཕྱུག་འཚལ་བའི་ཚེ་འདི་གསར་བུ་ཡིན་ཡང་། ་བྱང་ཆུབ་ཀྱི་སེམས་སྟོབས་བསྐྱེད་པས་ཕྱག་བྱ་བའི་འོས་ཡིན་ནོ་སྙམ་དུ་བསམ་ལ་ཡིད་ཀྱིས་ཕྱག་བྱས་ཏེ། དཔེར་ན་དྲ་བྱི་ལ་སྤྲིན་བྱང་ཆུབོ་སེམས་དཔའ་ཆེན་པོ་ཡིན་ཡང་གསར་བུ་འཕགས་པ་ནིར་བཟངས ་ལ་ལུས་ཐམས་ཅད་ཀྱི་གཏུགོས་ནས་ཕྱག་བྱས་པ་ལྟ་བུ་དང་ལྷག་པའི་བསམ་པ་བསྐུལ་པོ་ལ་སོགས་པ་ལས་ཀྱང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཐམས་ཅད་ལ་ཕྱག་བྱ་བར་གསུངས ་པ་ལྟ་བུ་ཡིན་ཏེ། འདི་ནི་ངེས་པའི་དོན་ཡིན་ནོ།། ཕྱག་བྱ་བ་དང་ཕྱག་བྱེད་པ་གཉིས་གཅིག་ལ་འདུ་བ་ཇི་ལྟར་མི་འགལ་ཞེ་ན། ཕན་ཚུན་ཕྱག་བྱ་བར་དམིགས་པའི་ཕྱིར་རོ།། ཉམས་སུ་བླངས་པ་མེད ་པས་བསོད་ནམས་མ་ཡིན་པར་ཡང་མི་འགྱུར་རོ།། ཅི་སངས་རྒྱས་རྣམས་ཀྱང་དེ་ལྟ་འམ་ཞེ་ན་མ་ཡིན་ཏེ། ཐུག་པ་མེད་པ་དང་གཅིག་དམའ་བར་འགྱུར་བའི་ཕྱིར་རོ།། འཕགོས་པར་རྣམ་པར་འཐག་པ་ཐམས ་ཅད་བསྡུས་པའི་མདོ་ལས་ཀྱང་གནོད་པ་གསུངས་ཏེ། འཇམ་དཔལ་དམ་པའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ནི་ཕྲའོ།། འཇམ་དཔལ་གང་ལ་ལ་དེ་བཞིན་གཤེགས་པས་གསུངས་པའི་ཆོས་ལས། ལ་ལ་ནི་བཟང ་འདུ་ཤེས་ལ་ལ་ངན་པར་འདུ་ཤེས་ན་དམ་པའི་ཆོས་སྤོང་བའོ།། དམ་པའི་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ཡིན་དགེ་འདུན་ལ་ངན་དུ་བརྗོད་པ་ཡིནོ།། འདི་ནི་རིགས་པའོ་འདི་ནི་མི་རིགས ་པའོ་ཞེས་ཟེར་ན་དམ་པའི་ཆོས་སྤོང་བ་ཡིན་ནོ།། ངས་འདི་ན་ཀུན་ཐོས་ཀྱི་ཐེག་པ་དང་ལྡན་པ་འམ་རང་སངས་རྒྱས་དང་ལྡན་པ་འམ་ཐེག་པ་ཆེན་པོ་དང་ལྡན་པར་ཆོས་ཐ་དད་པར་བསྟན་པ་གང་ཡང་མེད་ན། མི་བླུན་པོ ་དེ་དག་ངའི་ཆོས་འདི་ལ་འདི་ནི་ཉན་ཐོས་རྣམས་ལ་བཤད་པ་འདི་ནི་རང་སངས་རྒྱས་ལ་བཤད་པའོ་ཞེས་ཐ་དད་དུ་འབྱེད་དེ། དེ་ཐ་དད་པའི་འདུ་ཤེས་ཀྱི་དམ་པའི་ཆོས་སྤོང་བ་ཡིན་ནོ།། འདི་ནི་བྱང་ཆུབ་སེམས་དཔའི ་བསླབ་པོ་འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པ་མ་ཡིན་ནོ་ཞེས་ཟེར་ན་དམ་པའི་ཆོས་སྤོང་བ་ཡིན་ནོ།། ཆོས་སྨྲ་བ་ལ་སྤོབས་པ་ཡོད་དོ་ཞེ་འམ་སྤོབས་པ་མེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། ཆོས་ནི་ཆོས་མ ་ཡིན་པར་སྟོན་ཏོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། སངས་རྒྱས་འབྱུང་བ་མེད་པར་གཟུངས་ཐོབ་པ་མེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། ཆོས་སྨྲ་བའི་སྤྱོད་པ་ལ་སུན་འབྱིན་པ་ན་ཆོས་སློང་བ་ཡིན་ནོ།། ཆོས་སྨྲ ་བ་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། བག་མེད་པར་གླེང་ན་ཆོས་སྤོང་བ་ཡིན་ནོ།། སྤྱོད་ལམ་གྱི་གླེང་ན་ཆོས་སློང་པོ་ཡིན་ནོ།། སྤྱོད་པ་དང་ཚུལ་ཁྲིམས་ཉམས་པས་གླིང་ན ་ཆོས་སྤོང་བ་ཡིན་ནོ།། སྤོབས་པས་གོ་བར་མི་བྱེད་དེ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། ཆོས་རྣམས་ཀྱི་སྣང་བ་ལེགས་པར་མ་བཤད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན།། ཁོང་དུ་མ་ཆུད་པས་ཚིག ་དང་ཚིག་ཏུ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། ཡི་གེའི་མིང་གིས་དེ་བཞིན་གཤེགས་པའི་བཀའ་ལ་འཇུག་གོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་རྡོ་རྗེ་དང་མདོ་སྡེ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྦྱོང ་ཡིན་ནོ།། ཚིགས་སུ་བཅད་པ་དང་ཚིགས་སུ་བཅད་པ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། དོན་ལ་ལ་ལ་མོས་ཤིང་དོན་ལ་ལ་ལ་མ་མོས་སོ་ཞེས་ཟེར་ན་ཆེས་སྤོང་བ་ཡིན་ནོ།། ཆོས་འཆད་པའི་ཚེ ་གཏམ་གཞན་དུ་གྱུར་ན་ཆོས་སྤོང་བ་ཡིན་ནོ།། དཀྲུག་མ་བྱེད་ན་ཆོས་སྤོང་བ་ཡིན་ནོ།། ཀུན་ཏུ་རྟོག་པས་སྨྲ་ན་ཆོས་སྤོང་བ་ཡིན་ནོ།། འདི་ལ་སྤྱོད་འདི་ལ་མི་སྤྱོད་ཅེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། འདི་ནི་ལེགས ་པར་གསུངས་པ་འདི་ནི་ལེགས་པར་གསུངས་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ།། འདིས་ནི་སངས་རྒྱས་ཀྱི་གསུང་གི་དམ་ཚིག་སྨྲས་སོ་འདིས་ནི་སངས་རྒྱས་ཀྱི་གསུང་གི་དམ་ཚིག་མ་སྨྲས་སོ།། ཞེས ་ཟེར་ན་ཆོས་སྤོང་བ་ཡིན་ནོ།། འཇམ་དཔལ་དེ་ལྟར་ན་ཇི་ཙམ་དུ་ཅུང་ཟད་འགལ་བར་བྱེད་པ་དེ་ཙམ་དུ་ཆོས་སྤོང་བ་ཡིན་ནོ།། དགེ་སློང་ངམ་དགེ་སློང་མ་འམ། དགེ་བསྙེན་ནམ་དགེ་བསྙེན་མས་ཆོས་སྨྲ་བ་ལ་འདི་ནི ་འདི་འདྲའོ་ཞེས་སེམས་སམ་སྨྲ་ན་ཐམས་ཅད་དམ་པའི་ཆོས་སྤོང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའོ།། ཡང་དེ་ཉིད་ལས་གསུངས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ན་འགའ་ཞིག ་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་ཆོས་སྟོན་པར་བྱེད་པ་ན་འཁོར་དེ་ལོ་སེམས་ཅན་ཁ་ཅིག་སྤུ་ཟིང་ཞེས་བྱེད་དམ་ཁ་ཅིག་མཆི་མ་འབྱུང་བ་དེ་དག་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་མཐུས་གྱུར ་པ་ཡིན་ནོ།། དེ་ལ་སྐྱེས་བུ་བླུན་པོ་བྱང་ཆུབ་སེམས་དཔའ་མོ་ཡིན་པར་བྱང་ཆུབ་སེམས་དཔར་ཁས་ཆེ་བི་བྱང་ཆུབ་སེམས་དཔའ་སུན་འབྱིན་པ་ཆོས་རྐུ་བ་ཚུལ་འཆོས་པ་དེ་དག་འདི་སྐད་ཅེས་ཆོས་སྟོན་པ་རྣམས ་ལ་འདིས་ཅི་ཞིག་རྟོགསོ་ཞེས་ཟེར་བ་ལོ་སོགས་པ་ཡང་དེ་བཞིན་དུ་སྦྱར་ཏེ། གང་དག་བྱང་ཆུབ་སེམས་དཔའོ་རྣམས་ལ་བརྙས་པ་དེ་དག་ནི་སེམས་ཅན་དམྱལ་བ་ན་གནས་པ་མཐར་ཕྱིན་པར་ང་མི་སྨྲའོ།། དེ་ཅིའི ་ཕྱིར་ཞེ་ན། གང་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ལྔ་བརྙས་པ་དེ་ནི་སངས་རྒྱས་ལ་སྨོད་པ་ཡིན་ནོ།། དེ་ནི་ཆོས་སློང་བ་ཡིན་ནོ།། དེ་ནི་ཆོས་སྤོང་བ་ཡིན་ནོ།། དེ་ནི་དགེ་འདུན་ལ་བོ་ཤུང་བ་ཡིན་ནོ།། གང ་ཆོས་སྨྲ་བ་ལ་སྨོད་པོ་དེ་སངས་རྒྱས་ལ་མི་གུས་པ་ཡིན་ནོ།། གང་ཆོས་སྨྲ་བ་ལ་མི་གུས་པ་དེ་སངས་རྒྱས་མཐོང་བར་མི་འདོད་པ་ཡིན་ནོ།། གང་ཆོས་སྨྲ་བ་མཐོང་བར་མི་འདོད་པ་དེ་སངས་རྒྱས་ལ་མི་སྙན་པར ་བརྗོད་པ་ཡིན་ནོ།། གང་ཆོས་སྨྲ་བ་ལ་མི་སྙན་པར་བརྗོད་པ་དེ་སངས་རྒྱས་ཡོངས་སུ་གཏོང་བ་ཡིན་ནོ།། གང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཁོང་ཁྲོ་བའི་སེམས ་སུ་བྱེད་པ་ཡང་དེ་བཞིན་དུ་སྦྱར་རོ།། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབས་པ་གང་ཡིན་པ་དེ་ལ་མི་བླུན་པོ་དེ་དག་འདི་སྐད་དུ། ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བྱང་ཆུབ་སེམས་དཔས་བསླབ་པར་བྱ་བའི་ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང་།། དེ་དག་ཕ་རོལ་ཏུ་ཕྱིན་པ་གཞན་ལ་སུན་འབྱིན་པར་སེམས་ན། མ་ཕམ་པ་འདི ་ཇི་སྙམ་དུ་སེམོས། ཀ་ཤིའི་རྒྱལ་པོར་གྱུར་པས་ཕུག་རོན་གྱི་ཕྱིར་ཁྲལ་རང་གི་ཤ་བྱིན་པ་དེ་འཆལ་པའི་ཤེས་རབ་ཅན་ཡིན་ནུམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ངས་བྱང་ཆུབ་སེམས་དཔའ་ཀྱི་སྤྱོད་པ་སྤྱད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་གང་དག་བསྒྲུབས་པའི་དགེ་བའི་རྩ་བ་དེ་དག་གིས་གནོད་པར་གྱུར་ཏམ ་བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་ཁྱོད་ཀྱིས་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས།། བསྐལ ་པ་དྲུག་ཅུར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསྐལ་པ་དྲུག་ཅུར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བསྐལ་པ་དྲུག་ཅུར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསྐལ་པ་དྲུག་ཅུར་བསམ་གཏན་གྱི་ཕ་རོལ་ཏུ ་ཕྱིན་པ་དང་། བསྐལ་པ་དྲུག་ཅུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས་པ་དེ་ལ། མི་གཏི་མུག་ཅན་དེ་དག་འདི་སྐད་དུ། འདི་ལྟ་སྟེ། བྱང་ཆུབ་ནི་སྟོང་པ་ཉིད་ཀྱི་ཚུལ་དུ་གཙག་ཚུལ་བ་གཅིག་པ་ཡིན། ་ནོ་ཞེས་ཟེར་ན་དེ་དག་སྤྱོད་པ་ཡོངས་སུ་མ་དག་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་།། ལེའུ་བཞི་པའོ།། བམ་པོ་ལྔ་པ།། གནོད་པ་མདོ་ཙམ་ཟེ་ཤང་ཟིན་ཏེ། དེ་རྣམས་སྨྲ ་བར་བྱ་བའི་ཐབས་ནི་ལྷག་པའི་བསྣམ་པ་བསྐུལ་བའི་མདོ་ལོས།། ལས་དང་པོ་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གནོད་པ་རྣམ་པ་འདི་ལྟ་བུ་དྲུག་ཐོས་ནས་སྐྲག་སྟེ། ཡི་དམ་བླངས་པར་གསུངས་པ་དེ་བཞིན ་དུ་བྱའོ།། དེ་དག་གིས་ནི་འདི་སྐད་ཅེས་བཅོམ་ལྡན་འདས་དེང་སླན་ཆད་བདག་ཅག་དེ་བཞིན་ག་ཤེགས་པའི་སྤྱན་སྔར་ཡི་དམ་འདི་ལྟ་བུར་བཅའ་བར་བགྱིའོ།། བཅོམ་ལྡན་འདས་གལ་ཏེ་བདག་ཅག་གི་དང་སྲན་ཆད ་བྱང་ཆུབ་སེམས་དཔའི་ཐེག་པའི་གང་ཐིག་གི་ལྟུང་བ་མང་དམ་མི་མང་ཀྱང་རུང་སྟེ། གླེང་ན་བདག་ཅག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་བསླུས་པར་འགྱུར ་རོ།། བཅོམ་ལྡན་འདས་གལ་ཏེ་བདག་ཅག་གི་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ལ་བརྙས་སམ་དེ་ལ་མི་སྙན་པར་བརྗོད་པ་ན། བདག་ཅག་གི་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསླུས་པར་འགྱུར་རོ།། བཅོམ་ལྡན་འདས་གལ་ཏེ་བདག་ཅག་དེང་སླན་ཆད་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཁྱིམ་པ་འམ་རབ་ཏུ ་བྱུང་བ་ཡང་རུང་སྟེ། འདོད་པའི་ཡོན་ཏན་ལྔ་ལ་རྩེ་ཞིང་ཡོངས་སུ་སྤྱོད་པ་མཐོང་ནས་མ་དད་པར་བགྱིད་དམ་མ་རངས་པའི་སེམས་བསྐྱེད་དམ་མ་གུས་པའི་སེམས་བསྐྱེད་དམ་དེ་ལ་སྟོན་པར་འདུ་ཤེས་མ་བསྐྱེད་ནི ་བདག་ཅག་གི་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ།། བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་མཛའ་བཤེས་ཀྱི་ཁྱིམ་མམ། སློངས་མོ་སྟོར་བའི་ཁྱིམ་གྱི་རྒྱུད་བྱང་ཆུབ་སེམས་དཔའི ་ཐེག་པ་པའི་གང་ཟག་རྣམས་ཀྱི་ལུས་ལ་གནོད་པ་འམ་སེམས་ལ་གནོད་པ་བགྱིས་ན་བདག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ།། བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དང་སླན་ཆད་བྱང ་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་མཐོང་ན་ཡིད་དུ་མི་འོང་བ་གཅིག་ཙམ་ཞིག་སྨྲས་ན་ཡང་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ།། བཅོམ་ལྡན་འདས་གལ་ཏེ་བདག་ཅོག ་གིས་དེང་སླན་ཆད་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ལ་ཕྱག་མ་བགྱིས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ།། བཅོམ་ལྡན ་འདས་གལ་ཏེ་བདག་ཅག་གིས་དང་སླན་ཆད་བརྟུལ་ཞུགས་དེ་ཡང་དག་པར་བླང་བའི་སླད་དུ་རྒྱལ་སྲིད་ཐོབ་པ་འམ་ནོར་ཐོབ་པ་འམ་ལུས་དང་སྲོག་ཀྱང་ཡོངས་སུ་མ་བཏང་ན་བདག་ཅག་གིས་དེ་བཞིན་གཤེན ་པ་ལ་བསླུས་པར་འགྱུར་རོ།། བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དང་སླན་ཆད་ཐོས་ཀྱི་ཐེག་པ་འམ་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་ལ་བརྙས་ཏེ་བདག་ཅག་ནི་ཆེས་དྲག་གི། དེ་ལྟ་ནི་དེ ་ལྟར་མ་ཡིན་ནོ་སྙམ་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ།། བཅོམ་ལྡན་འདས་གལ་ཏེ་བདག་གིས་དང་སླན་ཆད་དམན་པའི་སེམས་དང་གདོལ་པ་དང་ཁྱེའི་སེམས་ལྟ་བུར ་གནས་པར་མ་བགྱིས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ།། བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དེང་སླན་ཆད་བདག་ལ་བསྟོད་ཅིང་གཞན་ལ་སྨད་ན་བདག་ཅག ་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ།། བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དང་སླན་ཆང་གནོད་སེམས་དང་། རྩོད་པའི་འཇིགས་བསྐུལ་མ་ཐག་ཏུ་དཔག་ཚད་བརྒྱར་མ་བྱོལ་ན ་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ།། བཅོམ་ལྡན་འདས་གལ་ཏེ་བདག་ཅག་གིས་དང་སླན་ཆད་བདག་ཉིད་ཚུལ་ཁྲིམས་དང་ལྡན་པར་ཁས་ཆེ ་འམ། མང་དུ་ཐོས་པ་དང་། སྦྱངས་པའི་ཡོན་ཏན་དང་ལྡན་པ་འམ་ཡོན་ཏན་གང་ཡང་རུང་བ་ཞིག་གིས་བདག་བརྗོད་ན་བདག་ཅག་གིས་དེ་བཞིན་གཤེགས་པ་ལ་བསླུས་པར་འགྱུར་རོ།། བཅོམ་ལྡན་འདས ་གལ་ཏེ་བདག་ཅག་གིས་དེང་སླན་ཆང་དགེ་བ་མི་སྤྱོམས་ཤིང་སྡིག་པ་མི་འཆབ་པར་མ་བགྱིས་ན་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བསླུས་པར་འགྱུར ་རོ་ཞེས་སྨྲས་པ་དང་། དེ་བཞིན་དུ་སྦྱར་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལས་ཀྱི ་སྒྲིབ་པ་སྤང་བར་འདོད་པས། ཇི་ལྟར་རིགས་ཀྱི་བུ་འདི་དག་གིས་བྱས་པ་དེ་བཞིན་དུ་ཡི་དམ་བཅའོ་ཞེས་གསུངས་པ་ལྟ་བུའོ།། ཆོས་ཐམས་ཅད་འབྱུང་བ་མེད་པ་བསྟན་པ་ལས་ཀྱང་། ཉིན་དང་མཚན་མོ་དེ ་བཞིན་ལན་གསུམ་དུ།། བྱང་ཆུབ་སེམས་དཔའ་རྣམས་ལ་མགོས་ཕྱག་འཚལ།། རྟག་ཏུ་འདོད་བཞིན་སྤྱད་པ་སྤྱོད་པ་ན།། དེ་དག་འཁྲུལ་པ་ཙམ་ཡང་མི་བཙལ་ལོ།། གང་ཚེ་འདོད་པའི་ཡོན་ཏན་ལྔ ་རྩེ་མཐོང་།། དེ་ལསྣ་འཁྲུལ་པ་ཅི་ཡང་མི་བཙལ་ཏེ། བྱང་ཆུབ་སྤྱོད་མཆོག་ཡོན་ཏན་མཐའ་ཡས་པ།། དེ་ལ་དེ་དག་རེ་ཤིག་རེ་སྙམ་བསམ།། རིགས་པའི་རིམ་དང་བྱ་བའི་རིམ་གྱིས་ནི།། རྒྱལ་བར ་འགྱུར་གྱི་ཐང་གཅིག་གི་མི་འགྱུར།། བསྐལ་པ་བྱེ་བ་ཁྲག་ཁྲིག་མང་ཞིག་ན།། དེ་དག་གོ་ཆ་འཇུག་འགྱུར་གཞན་དུ་མིན་ཞེས་གསུངས་སོ།། དེ་ཉིད་ལས་རིགས་ཀྱི་བུ་གང་དག་ལས་ཀྱི་སྒྲིབ་པ་འདི་ལྟ་བུས་གནོད ་པར་འགྱུར་བ་དེ་དག་གིས་བྱང་ཆུབ་སེམས་དཔའ་ཅིག་ཤོས་ཀྱི་བསླབ་པ་ཐམས་ཅད་ལོག་པར་བསྒྲུབ་པར་མི་བྱའི་དེའི་བྱ་བ་ཐམས་ཅད་ལ་མོས་པར་བྱས་ཏེ། འདི་སྙམ་དུ་སེམས་ཅན་གྱི་སྤྱོད་པ་ནི་ཤེས་པར་དཀའ ་བས་བདག་གིས་ཕ་རོལ་གྱི་སེམས་མི་ཤེས་སོ་སྙམ་དུ་སེམས་བསྐྱེད་པར་བྱའོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པས་དོན་གྱི་དབང་འདི་གཟིགས་ནས་གང་ཟག་གིས་གང་ཟག་གི་དྲོང་མོ་གཟུང་གི། ངའམ་ང ་དང་འདྲ་བས་གང་ཟག་གི་དྲོད་མི་གཟུང་ངོ་ཞེས་དེ་སྐད་ཆོས་སྟོན་ཏེ། རིགས་ཀྱི་བུ་གང་བསྲུང་བར་འདོད་པ་དེས་སུའི་སྤྱོད་པ་ལ་ཡང་རྣམ་པར་དབྱེ་བར་མི་བྱེད་དོ།། འདི་ནི་འདི་འདྲའོ་འདི་ནི་འདི་འདྲའོ་ཞེས་གཞན་ལ ་དཔྱས་པར་མི་བྱའོ།། སངྱས་ཀྱི་ཆོས་ལ་ཉིན་མཚན་དུ་ཆོས་ཀྱི་ཡོངས་སུ་དགའ་བའི་ཡིད་ཀྱི་བརྩོན་པར་བྱའོ་ཞེས་གསུངས་སོ།། དེ་སྐད་དུ་སའི་སྙིང་པོའི་མདོ་ལས་ཀྱང་། དེ་ནས་དེའི་མདོ་ལ་སེམས་ཅན་མཁྲ ་པ་བརྒྱ་སྟོང་མང་པོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་བཙུན་པ་བཅོམ་ལྡན་འདས་ཀྱུ ་སྤྱན་སྔར་སྨོན་ལམ་འདི་སྐད་འཚལ་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ཅག་ཡུན་རིང་པོར་ཇི་སྲིད་དུ་འཁོར་བཱ་ན་འཁོར་བ་འཁོར་བ་དེ་སྐྱིད་དུ། བཟོད་པ་མ་ཐོབ་པར་རྒྱལ་པོའི་གནས་འཐོབ་པར་མ་གྱུར་ཅིག། བློན ་པོའི་གནས་སུ་མ་གྱུར་ཅིག། གྲོང་ཁྱེར་གྱི་གཙོ་བོའི་གནས་སུ་མ་གྱུར་ཅིག། གྲོང་གི་གཙོ་བོའི་གནས་སུ་མ་གྱུར་ཅིག། གྲོང་བརྡལ་གྱི་གཙོ་བོའི་གནས་སུ་མ་གྱུར་ཅིག། མདུན་ན་འདོན་གྱི་གཙོ་བོའི་གནས་སུ་མ་གྱུར་ཅིག། ་ཤོར་བའི་གཙོ་བོའི་གནས་སུ་མ་གྱུར་ཅིག། དེད་དཔོན་གྱི་གཙོ་བོའི་གནས་སུ་མ་གྱུར་ཅིག། ཁན་པོ་གཙོ་བོའི་གནས་སུ་མ་གྱུར་ཅིག། དགེ་སྦྱོང་གཙོ་བོའི་གནས་སུ་མ་གྱུར་ཅིག། ཁྱིམ་བདག་གཙོ་བོའི་གནས་སུ་མ་གྱུར ་ཅིག། ཁབ་སོ་པའི་གེ་གཙོ་བོའི་གནས་སུ་མ་གྱུར་ཅིག། བདག་ཅག་བཟོད་པ་མ་ཐོབ་ཀྱི་བར་དུ་བདག་ཅག་གཞི་གང་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ། ལས་ཤིན་ཏུ་མི་བཟད་པ་འདི་ལྟ་བུ་འཕེལ ་པར་འགྱུར་བ། སེམས་ཅན་རྣམས་ཀྱི་བདག་པོའི་བར་གྱི་གནས་ངག་ཐམས་ཅད་དུ་ཐོབ་པར་མ་གྱུར་ཅིག་ཅེས་རྒྱ་ཆེར་གསུངས་སོ།། ཟླ་བ་སྒྲོན་མའི་མདོ་ལས་ཀྱང་། གཞོན་ནུར་གྱུར་པ་དེ་དག་ནི།། སྡིག་མི་བྱེད་པ་ཡོངས ་མེད་དེ།། ཕྱི་མའི་དུས་ན་དེ་དག་དང་།། ཁྱོད་ནི་སྟེན་པར་མ་བྱེད་ཅིག། སྨྲ་བ་དང་ནི་གཏམ་གྱིས་ལ།། དེ་དག་ལ་ནི་རི་མོར་གྱིས།། བྱང་ཆུབ་དམ་པ་དོན་གྱི་ཕྱིར།། ཞུམ་པ་མེད་པར་བཀུར་སྟི་གྱིས།། ལོ་གྲངས་དུ་ལོན་ཀུན ་དྲིས་ལ།། དེ་དག་རྒན་པར་གྱུར་ན་ཡང་།། དེ་ལ་རི་མོ་ལེགས་ཀྱིས་ལ་།། རྐང་པཱ་ལ་ཡང་མགོས་ཕྱག་ཚོལ།། བྱང་ཆུབ་སྙིང་པོ་རྣམས་ལྟས་ན།། དེ་དག་འཁྲུལ་བ་མི་བལྟའོ།། དེ་ལ་ཁོང་ཁྲོ་མི་སྐྱེད་ཅིང་།། རྟག་ཏུ ་བྱམས་པའི་སེམས་སུ་བྱ།། གང་གི་འཁྲུལ་པ་དྲི་མཐོང་ཡང་།། དེ་དག་ཉེས་པ་མི་བསྒྲག་སྟེ།། ཅི་འདྲ་བ་ཡི་ལས་བྱས་པ།། འབྲས་བུ་དེ་འདྲ་ཐོབ་པར་འགྱུར།། ཟླ་བའི་བཞིན་ནི་འཛུམ་བཞིན་དུ།། རྒན་རབས་དང་ནི ་གོསར་བུ་ལ།། རྟག་ཏུ་གསོང་པོར་སྨྲ་བ་དང་།། དེས་ཤིང་ང་རྒྱལ་བཅོམ་པར་བྱ།། གོས་རྣམས་དང་ནི་ཟས་དག་གིས།། དེ་དག་ལ་ནི་ཕན་གདགས་ཤིང་།། འདི་དག་ཐམས་ཅད་འདྲེན་འགྱུར་ཞེས།། དེ་ལྟར་ཁྱོད་ཀྱི་སེམས ་ཞོག་ཅིག་ཅེས་གསུངས་སོ།། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་གང་ཞིག་དང་པ་དང་གུས་པ་མི་བསྐྱེད་པ་དེས་བདག་ངན་འགྲོར་ལྟུང་བས་འཇིགས་པ་ལས་བསྲུང་བ་དང་ཚེ་འདི་དང་ཚེ་གཞན་ལ་མཆོག་ཏུ་དགའ་བ་མྱོང་བར ་བྱ་བ་དང་། རང་གི་སེམས་ཀྱི་རྙོག་པ་སངས་པ་དང་སེམས་དགེ་བ་དང་ལས་སུ་རུང་བ་ཐོབ་པར་བྱ་བའི་ཕྱིར་སྡོང་པོ་བཀོད་པའི་མེ་དོ་ལ། བཅོམ་ལྡན་འདས་འཕགས་པ་བྱམས་པས་འཕགས་པ་ནོར་བཟང་གི་ཕ་ཚོད་དུ ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཡོན་ཏན་ཇི་སྐད་བརྗོད་པ་བཞིན་དུ་བསྒོམ་པར་བྱ་སྟེ། འདིས་ནི་རྒ་དང་ནད་ཀྱི་མནར་པ་ཡི།། སྲོག་ཆགས་སྡུག་བསྔལ་བརྒྱ་ཡིས་གཙེས་པ་རྣམས།། སྐྱེ ་མྱ་ངན་འཇིགས་པས་གདུངས་མཐོང་ནས།། དེ་དག་དོན་དུ་སྙིང་རྗེའི་སེམས་ཀྱིས་སློད།། འགྲོ་བ་རྒྱུད་ལྔའི་འཁོར་ལོ་དཀྱིལ་འཁོར་དུ།། སྡུག་བསྔལ་འཁོར་བཱིནྡྷར་བའི་འགྲོ་མི་ཐོང་ནས།། སྡུག་བསྔལ་འཁྲུལ་འཁོར་འཁོར ་འཇོམས་པ་ཡི།། ཡེ་ཤེས་རྡོ་རྗེ་སྲ་བ་འདི་ཚོལ་ལོ།། འདོད་ཆགས་ཞེ་སྡང་རྩ་བ་སྡོང་ཚེར་མོ་ཅན།། ལྷ་ཆགས་རྩ་མང་ཡོངས་སུ་འཛིན་པ་ཡི།། སེམས་ཅན་ཞིང་ནི་ཡོངས་སུ་སྦྱང་པོའི་ཕྱིར།། ཤེས་རབ་གཤོལ ་བརྟན་བཟང་པོ་འདི་ཚོ་ལོ།། གཏི་མུག་མ་རིག་ཐིབས་པོའི་བསམ་པ་ཅན།། འགྲོ་བ་ཤེས་རབ་མིག་སྟོར་དམིགས་མེད་པ།། དེ་ལ་ཕྱོགས་བདེ་སྟོན་པའི་མཐུ་ཡོད་པའི།། འགྲོ་བའི་དེད་དཔོན་བཟང་པོར་འདི་འགྱུར་རོ།། ་བཟོད་པའི་གོ་བགོས་རྣམ་ཐར་བཞོན་པ་ཞོན།། ཤེས་རབ་རལ་གྲི་མྱ་ངན་དགྲ་འཇོམས་པས།། མི་འཇིགས་སྦྱིན་པའི་ཕ་དཔའ་བོར་གྱུར་པ་འདི།། འགྲོ་བ་རྣམས་ཀྱི་ལམ་སྟོན་འགྱུར་བ་ཡིན།། འདི་ནི་ཆོས་ཀྱི་གྲུ་རབ ་སྦྱོར་བ་སྟེ།། ཡེ་ཤེས་རྒྱ་མཚོའི་ལམ་ལ་བསླབས་པའོ།། ཞི་བ་རིན་ཆེན་མཆོག་གི་གླིང་སྐྱེལ་བ། འོདི་ནི་ཁམས་གསུམ་ས་མཚོའི་སྐྱེ་བ་འཛིན།། ཡེ་ཤེས་འོད་ཟེར་སྨོན་ལམ་དཀྱིལ་འཁོར་ཅན།། སེམས་ཅན ་ཀུན་གྱི་གནས་སུ་སྣང་བྱེད་པའི།། ཆོས་དབྱིངས་མཁའ་ལ་འོད་ཆེན་རབ་ལྡན་པར།། འདི་ནི་སངས་རྒྱས་ཉི་མར་འཆར་བར་འགྱུར།། བྱམས་པའི་དགའ་ལྡན་ཏིང་འཛིན་དང་བསིལ་བའི།། སེམས་ཅན་ཀུན་ལ ་སྙོམས་སེམས་འདི་བཟང་ལ།། དཀར་པོའི་ཆོས་ཀྱི་དཀྱིལ་འཁོར་ཡོངས་རྒྱས་པའི།། སངས་རྒྱས་ཟླ་བར་འདི་ནི་འཆར་བར་འགྱུར།། བསྒོམ་པའི་གཞི་རྟེན་བརྟན་ལ་རབ་གནས་པ།། བྱང་ཆུབ་སྤྱོད་པ་རིམ་གྱིས ་འཕགས་པ་བརྟེན།། ཆོས་ཀུན་རིན་ཆེན་འབྱུང་གནས་ལྡན་པ་ཡི།། ཡེ་ཤེས་རྒྱ་མཚོའི་མཆོག་ཏུ་འདི་འགྱུར་རོ།། བྱང་ཆུབ་སེམས་ཀྱི་ཀླུ་ཡིས་དབང་པོས་ཕྱུང་།། ཆོས་ཀྱི་དབྱིངས་ཀྱི་མཁའ་ལོ་མངོན་པར་འཕགས ་དཀར་པོའི་འབྲས་བྱའི་ལོ་ཏོག་འཕེལ་བྱེད་པའི།། འདི་ནི་འགྲོ་བར་ཆོས་སྤྲིན་ཆར་འབབས་འགྱུར།། དགེ་བའི་སྙིང་པོ་དྲི་བསུང་མུན་སེལ་བ།། བྱམས་པའི་སྣུམ་ཡོད་དྲན་པོའི་སྣོད་རྟེན་ལ།། དྲི་མེད་བྱང་ཆུབ ་སེམས་མེ་འོད་བཟོད་པའི།། ཆོས་ཀྱི་མར་མེ་འདི་ནི་འབར་བྱེད་འགྱུར།། བྱང་ཆུབ་སེམས་ནི་མེར་མེར་སྙིང་རྗེ་སྐ། བྱམས་པ་རྡོས་པ་མི་གཡོ་བསོམ་པ་མཁྲེགས།། བྱང་ཆུབ་ཡིན་ལག་མཐར་གྱིས་བྱུང་བ་ཡི།། ་སངས་རྒྱས་སྲས་སུ་འདི་ནི་ཡང་དག་སྐྱེ།། བསོད་ནམས་སྙིང་པོ་མངོན་པོར་འཕེལ་བར་བྱེད།། ཡེ་ཤེས་སྙིང་པོ་ཡོངས་སུ་སྦྱོང་བར་འགྱུར།། འདི་ནི་ཤེས་པའི་སྙིང་པོ་འཆར་བར་བྱེད། སྨོན་ལམ་ཇི་བཞིན ་སྙིང་པོ་ཡང་དག་བྱུང་།། སྙིང་རྗེ་བྱམས་པས་སྤྲུལ་པ་འདི་འདྲ་བ།། སེམས་ཅན་དགྲོལ་བློ་ཕན་པའི་བསམ་ལྡན་པ། རྣམ་དག་ཡིད་ཅན་འདི་ནི་ཅི་འདྲ་བ། དེ་འདྲའི་འགྲོ་བ་ལྷ་དང་མ ་བཅས་དཀོན།། འདི་འདྲའི་བསམ་པ་རབ་ཏུ་རྩ་བརྟན་པ།། འདི་འདྲའི་སྦྱོར་བ་བརྟན་པ་ས་རྣམ་འཕེལ་ཞིང་།། སྲིད་གསུམ་ཡོག་པར་བྱེད་པ་འདི་འདྲ་བའི།། ཡེ་ཤེས་འབྲས་ཅན་ཤིང་ཆེན་འབྱུང་བ་དཀོན།། འདི་ནི་ཡོན་ཏན ་ཀུན་གྲུབ་དོན་དུ་གཉེར།། ཆོས་རྣམས་ཐམས་ཅད་ཡོངས་སུ་དྲིས་པར་མོས།། ཐེ་ཚོམ་ཐམས་ཅད་རྣམ་པར་བསལ་དོན་དུ།། ལེ་ལོ་མྱེད་པར་བཤེས་གཉེན་ཐམས་ཅད་བསྟེན།། འདི་ནི་བདུད་ཀྱིས་བཀྲུག་མ་ཉོན་མོངས ་འཇོམས།། འདི་ནི་བལྟ་བའི་དྲི་མ་སྲེད་པ་སེལ།། འདི་ནི་འགྲོ་བ་ཐམས་ཅད་དགྲོལ་ལ་བརྩོན།། མཁས་པ་འདི་ནི་རྟག་ཏུ་ཁྱད་པར་ཚོལ།། ཡོན་ཏན་ལམ་ལ་མཱ་ནོར་འདི་གནས་པས།། འདི་ནི་ངན་སོང་ཐམས་ཅད ་སྦྱོད་བར་འགྱུར། མཐོ་རིས་ལམ་ཡང་ཉེ་བར་སྟོན་པར་འགྱུར།། ཐར་པའི་ལམ་དུ་འགྲོ་བ་འཛུད་པར་འགྱུར། འདི་ནི་རྒྱུད་ཀུན་གྱི་སྡུག་བསྔལ་སེལ།། འདི་ནི་འགྲོ་རྒྱུད་ཀུན་གྱི་བདེ་བ་སྟོབས།། འདི་ནི་སྲིད་པ་ཀུན ་གྱི་ཞགས་པ་འཐུབ།། སྲིད་པའི་འགྲོ་རྒྱུད་ཐམས་ཅད་སེལ་བར་འགྱུར་ཞེས་གསུངས་སོ།། དེ་ལྟར་བསྒོམས་པས་འདིས་གནོད་པ་རྣམ་པར་སྤངས་སླ་བར་འགྱུར་རོ།། དེ་སྐད་དུ་ལྷག་པའི་བསམ་པ་བསྐུལ་བའི ་མདོ་ལས་ཀྱང་།། གནོད་པ་རྣམ་པར་སྤང་བ་གསུངས་ཏེ། བྱམས་པ་བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཆོས་བཞི་དང་ལྡན་ན།། ཕྱི་མ་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིགས་པའི་ཚེ། མ་སྣད་ཅིང ་མ་སྨས་ལ་བདེ་བར་ཐར་པར་འགྱུར་རོ།། བཞི་གང་ཞེ་ན། བདགྲ་གྲི་འཁྲུལ་པ་ལ་སོ་སོར་རྟོག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟགས་གཞན་གྱི་ཉེས་པ་མི་གླེང་བ་དང་། མཛའ་བཤེས་ཀྱི་ཁྱིམ ་དུང་སློང་མོ་སྟེར་བའི་ཁྱིམ་ལ་མི་ལྟ་བ་དང་། ཡིད་དུ་མི་འོང་བའི་ཚིག་སློང་བ་སྟེ། བྱམས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཞེས་བྱ་བ་སྔ་མ་བཞིན་དུ། ཡང་བཞི་སྟེ། བཞི་གང་ཞེ་ན། ཐོས་པ་ཉུང་ངུའི ་སེམས་ཅན་ཡོངས་སུ་སྤང་བ་དང་། འཁོར་མི་བསྡུ་བ་དང་། བས་མཐའི་གནས་མལ་བསྟེན་པ་དང་། བདག་དུལ་བ་དང་ཞི་གནས་ཀྱི་རྣལ་འབྱོར་ལ་བརྩོན་པ་སྟེ་བཞི་པོ་དེ་དག་གོ་ཞེས་བྱ་བ་དང་། ཡང་དེ་ཉིད ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ཤེས་རབ་ཀྱི་སྟོབས་བསྐྱེད་པ་ཐོབ་པ་དང་། རྙེད་པ་དང་བཀུར་བསྟི་ཡོངས་སུ་སྤང་བ་དང་རྙེད་པ་དང་བཀུར་སྟིའི་ཉེས་པ་མཐོང་བར་བྱའོ།། དེ་བཞིན་དུ ་སྦྱར་ཏེ་འདུ་འཇི་ལ་དགའ་བོ་ཡོངས་སུ་སྤང་བ་དང་འདུ་འཛི་དགའ་བའི་ཉེས་པ་མཐོང་བར་བྱའོ།། སྨྲ་བ་ལ་དགའ་བ་ཡོངས་སུ་སྤོང་བ་དང་། སྨྲ་བ་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ།། གཉིད་ལ་དགའ་བ་ཡོངས ་སྤངས་པ་དང་གཉིད་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ།། ལས་ལ་དགའ་བ་ཡོངས་སུ་སྤང་བ་དང་ལྔས་ལ་དགའ་བའི་ཉེས་པ་མཐོང་བར་བྱའོ།། སྤྲོས་པ་ལ་དགའ ་བ་ཡོངས་སུ་སྤང་བ་དང་སྤྲོས་པ་ལ་དགའ་བའི་ཉེས་པ་མཐོང་བར་བྱ་སྟེ། དེ་བཞིན་དུ་སྦྱར་ཏེ། བྱམས་པ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྙེད་པ་དང་བཀུར་སྟི་ནི་འདོད་ཆགས་སྐྱེད་པ ་པ་ཡིན་པར་བརྟག་པར་བྱའོ།། རྙེད་པ་དང་བཀུར་སྟི་ནི་དྲན་པ་འཇོམས་པར་བྱེད་པར་བརྟག་པར་བྱའོ།། རྙེད་པ་དང་བཀུར་སྟི་ནི་རྙེད་པ་དང་མ་རྙེད་པས་ཁེངས་པ་དང་འདུད་པར་བརྟག་པར་བྱའོ།། རྙེད་པ ་དང་བཀུར་སྟི་ནི་གཏི་མུགོ་བསྐྱེད་པར་བརྟག་པར་བྱའོ།། རྙེད་པ་དང་བཀུར་སྟི་ནི་བདག་དོན་སྒྲུབ་པོས་ཁྱིམ་ལ་སེར་སྣ་བྱེད་པ་དང་ཆགས་པ་བྱེད་པར་བརྟག་པར་བྱའོ།། རྙེད་པ་དང་བཀུར་ཏི་ནི་གཡོ ་སྐྱེད་པར་བརྟག་པར་བྱའོ།། རྙེད་པ་དང་བཀུར་སྟི་ནི་འཕགས་པའི་རིགས་བཞི་ཡོངས་སུ་སྤོང་བས་ངོ་ཚ་མི་ཤེས་པོ་དང་། ཁྲེལ་མེད་པོ་སྐྱེད་པར་བརྟག་པར་བྱའོ།། རྙེད་པ་དང་བཀུར་སྟི་ནི་སདྲ ་རྒྱས་ཐམས་ཅད་ཀྱིས་མ་གནང་བར་བརྟག་པར་བྱའོ།། རྙེད་པ་དང་བཀུར་སྟི་ནི་ང་རྒྱལ་དང་རྒྱགས་པ་དང་དྲེགས་པ་སྐྱེད་པར་རྟག་པར་བྱའོ།། རྙེད་པ་དང་བཀུར་སྟི་ནི་བློ་མ་རྣམས་ལ་ཁྱད་དུ་གསོད་པར་བརྟག ་པར་བྱའོ།། རྙེད་པ་དང་བཀུར་སྟི་ནི་བདུད་ཀྱི་ཕྱོགས་ཡིན་པ་དང་གཅིག་ཏུ་བག་མེད་པའི་རྩ་བ་ཡིན་པ་དང་། རྙེད་པ་དང་བཀུར་སྟི་ནི་དགེ་བའི་རྩ་བ་འཕྲོག་པ་དང་། རྙེད་པ་དང་བཀུར་སྟི་ནི་གློག་དང་འཁོར་ལོ ་དང་ལྷོ་འབབ་པ་ལྟ་བུ་དང་། རྙེད་པ་དང་བཀུརརི་སྟོ་ནི་སྤགས་པ་མང་པོས་སྤགས་པ་དང་། མཛའ་བཤེས་ཀྱི་ཁྱིམ་དང་སློང་མོ་སྟེར་བའི་ཁྱིམ་དང་ལྟ་བ་དང་ཡིད་མི་བདེ་བ་སྐྱེད་པ་དང་། བློ་རྣམ་པར་འཁྲུག་པར་བྱེད་པ་དང་། ་རྙེད་པ་དང་བཀུར་སྟི་ནི་སྡུག་པའི་དངོས་པོ་རྣམ་པར་འགྱུར་བར་བྱེད་པའི་ཕྱིར་མྱ་ངན་སྐྱེད་པར་བྱེད་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་རྗེད་པར་བྱེད་དཀར་པོའི་ཆོས་ཉམ་ཚོང་བར་བྱེད་པ་དང་། རྙེད་པ་དང་བཀུར་སྟི་ནཱི ་ཡང་དག་པར་སྤོང་བ་བཞི་ཡོངས་སུ་ཉམས་པར་བྱེད་པ་དང་། རྫུ་འཕྲུལ་དངོ་མངོན་པོར་ཤེས་པ་ཡོངས་སུ་ཉམས་པར་བྱེད་པ་དང་། སྔར་བཀུར་སྟི་བྱེད་ལ་ཕྱིས་བཀུར་སྟི་མི་བྱེད་པར་བྱེད་པ་དང་། རྙེད་པ་དང་བཀུར་སྟི། ་ནི་མི་འཛའ་བ་དང་གནས་པར་བྱེད་པ་དང་མཛའ་བོ་སྤོང་བ་དང་། རྙེད་པ་དང་བཀུར་སྟི་ནི་ཕ་རོལ་འདྲིད་པས་སླད་འཚོང་མ་འདྲ་བ་དང་། རྙེད་པ་དང་བཀུར་སྟི་ནི་བསམ་གཏན་དང་ཚད་མེད་པ་ཡོངས་སུ་ཉམ་སྤོང་བ་དང ་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བར་བྱེད་པ་དང་། རྙེད་པ་དང་བཀུར་སྟི་ནི་ལྕེས་བྱིན་དང་ལྷག་སྤྱོད་ཀྱི་ཆོ་ག་དང་མཐུན་པར་བརྟག་པར་བྱའོ།། བྱམས་པ་བྱང་ཆུབ ་ང་བ་ཏུ་དང་གྶ་གྱུ་ན་འང་དགག་ཙུགས་སྣང་དང་བ་ཆུང་བར་བྱས་སངས་སུ་རྒྱུ་བ་ན་མ་བྱུར།། ་ཕྱིར་ཞེ་ན། བྱམས་པ་འདོད་པ་ཆུང་བ་ལ་སྐྱོན་འདི་ལྟ་བུ་འདི་ངག་མིང་པོའི་ཕྱིར་ཏེ། དེའི་སངས་རྒྱས་ཀྱི་ཆོས་རྣམས་ལ་བར་ཆད་མེད་པ་ཡིན། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ཡིད་བྱུང་བར་མི་འགྱུར་བ་ཡིན། ་ལྷོ་དང་མི་རྣམས་བསམ་པ་ཡོངས་སུ་དག་པོར་བྱ་བའི་ཕྱིར་གནས་པས་རྗེས་སུ་བསྲུང་བར་འོས་པ་ཡིན། ངན་འགྲོ་ལོག་པར་ལྟུང་བ་ཐམས་ཅད་ཀྱིས་སྐྲག་པ་མེད་པ་ཡིན། བསྡིགས་པ་དང་བྲལ་ཟིལ་གྱིས་མི་ནོན ་པ་ཡིན། བདུད་ཀྱི་ཡུལ་ལས་ཡོངས་སུ་གྲོལ་བསོ་མི་འཕྲོག་པ་ཡིན། སྡུག་བསྔལ་ཐམས་ཅད་ཀྱིས་མི་ཚུགས་པ་ཡིན། ལྷ་དང་མི་རྣམས་ཀྱི་མངོན་པར་འདོད་པར་བྱ་བ་ཡིན།། བསམ་གཏན་ལ་གོམས་པར ་བྱེད་བར་བྱང་པོར་གནས་པས་གསལ་བ་ཡིན།། གཡོ་དང་སྒྱུ་སྤངས་པ་དང་འདིང་བའི་ཡོན་ཏན་ལྔ་ལ་སྐྱོན་དུ་ལྟེ་བས་བག་ཡོད་པ་ཡིན། འཕགས་པའི་རིགས་ལ་གནོས་པས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ ་ཡོན། མཁས་པ་རྣམས་དང་ཚངས་པར་མཚུངས་པར་སྦྱོང་པོ་རྣམས་ཀྱིས་འདོད་པ་ཡིན་ཏེ། བྱམས་པ་ཕན་ཡོན་འདི་ལྟ་བུ་དག་ཤེས་ནས་བྱང་ཆུབ་སེམས་དཔའ་མཁས་པས་རྙིང་པ་དང་བཀུར་སྟི་ཐམས ་ཅད་སྤོང་བའི་ཕྱིར་ལྷག་པའི་བསམ་པས་འདོད་པ་ཆུང་བ་ལ་གནས་པར་བྱ་ཞིང་། འདོད་པ་ཆུང་བ་ལ་བསྟེན་པར་བྱའོ་ཞེས་བྱའོ།། འདུ་འཛི་ལ་དགའ་བའི་དབང་དུ་བྱས་ཏེ་གསུངས་པ། འདོད་ཆགས་སྤངས་ཤིང་ཞེ ་སྡང་རབ་སྤངསོ་ནས།། རྣལ་འབྱོར་ཅན་ནི་འདུ་འཛིར་མི་གནས་ཏེ།། དེ་ནི་དེ་ལ་གཞོལ་ཞིང་དེ་ལ་འབབ།། ཉེས་པས་དེས་ན་དགའ་བར་བྱེད་མི་འགྱུར།། རྒོད་དང་བཞང་གང་དེ་བཞིན་རྣམ་རྟོག་པ།། འདི་དག་ཐམས་ཅད ་འདུ་འཛི་རྣམས་ལས་བྱུང་།། སྙིང་པོ་མེད་པའི་འདུ་འཛི་སུ་བྱེད་པ།། དེ་ནི་ལང་ལོང་སྤྱོད་ཅིང་མ་བསྡམས་ཡིན།། བྱིས་པ་དག་ནི་འཇིག་རྟེན་སྨྲེ་ལ་དགའ།། བྱིས་པ་དེ་དག་མཆོག་གི་གཏམ་ལས་ཉམས།། ཞེ ་སྡང་འཕེལ་ཞིང་རྣམ་རྟོག་ཤས་ཀྱང་ཆེ། ཉེས་པ་དེས་ན་དེ་ལ་མི་ཆགས་སོ།། རིགས་པ་མ་ཡིན་སྨྲ་ལ་དགའ་བསྐྱེད་ནས།། དགེ་སློང་ཐོས་པ་རྣམས་པར་འཕེལ་མི་བྱེད།། དེ་ལྟ་བས་ན་མི་རིགས་སྨྲ་སྤོངས་ལ།། ་ཆེས་ལ་རྟག་ཏུ་དགའ་བ་འཐོབ་པར་གྱིས།། བྱང་ཆུབ་མངོན་པར་འདོད་ཕྱིར་ང་ཡིས་ནི།། རང་གི་ཡན་ལག་ལ་ནོ་སྟོང་སྙེད་དུ་བཏང་།། ཆོས་ཉན་པས་ནི་ང་ལ་དོམས་མང་ན།། དེ་དག་ཆོས་ཉན་པ་ལ་སྐྱོ་བར ་འགྱུར།། རིགས་མིན་སྨྲ་དང་དམ་པ་མ་ཡིན་སྤྲོ། རྣམ་པ་ཀུན་ཏུ་ཡོངས་སུ་སྤང་བར་བྱ།། བསྐལ་པ་བརྒྱ་ཕྲག་དུ་མར་གང་དཀོན་པ།། ཆོས་ཀྱི་དམ་པ་དེ་ལ་དགའ་སྐྱེད་ཅིག། ཡོན་ཏན་འདོད་པ་ནགས་ན ་གནས་པ་ཡིས།། རོལ་དག་གི་སྐྱོན་ལ་བརྟག་མི། བ་ག་ནི་ཁྱ་དཔག་ཤིས་མཆོག་ཅེས།། དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱའོ།། རྒྱགས་འདི་དག ་མེད་ཀུན་གྱི་རྩ་བ་སྟེ།། དགེ་སློང་དམན་ལ་བརྙས་པར་ཡོང་མི་བྱ།། བསྐལ་པ་གཅིག་གོས་ཟར་པ་ཐོ་མི་འགྱུར། ནི་འརླ་པ་འདི་ལ་ག་ཡིན་ཞེས་གསུངས་སོ།། དེ་ཉིད་ལས་སྨྲ་བ་ལ་དགར་བའི་དབུ ་དུ་བྱས་ཏེ་གསུངས་པ།། ཐོས་པས་རྨུགས་ནས་གུས་པར་མི་འགྱུར་ཏེ།། རྣམ་པར་འགྱེད་པའི་སླ་བ་རྣམས་ལ་ཆས། རྗེད་པར་གྱུར་ཞིང་ཤེས་བཞིན་མེད་པར་འགྱུར། ཟླ་བ་དགའ་བའི་ཞེས་པ་འདི་དག་གོ།། ་ནང་གི་སེམས་ལས་ཤིན་ཏུ་རིང་བར་འགྱུར། ལུ་ས~ཾ་དང་སེམས་ཀྱང་རབ་སྦྱངས་མ་ཡིན་འགྱུར།། ཁེངས་པ་དང་ནི་འདུད་པ་མ་ར།། སྨྲ་བ་ལ་དཀར་བའི་ཉེས་པའདེ་དག་ཀོ། བྱིས་པ་དམ་པའི་ཆོས་བསམ ་རབ་ཏུ་ཉམས།། སེམས་ནི་མི་མཉེན་ཤིན་ཏུ་རྩུབ་པར་འགྱུར།། ཞི་གནསོ་ལྷག་མཐོང་དག་དང་རབ་ཏུ་རིང་།། སྨྲ་ལ་དགའ་བའི་ཉེས་འདི་དག་འོ།། རྟག་ཏུ་བླ་མ་དག་གུས་པ་མིང་།། སྦགས་པའི་གཏམ་དག ་ལ་མ་དགའ་བ་སྙེད་། སྲིང་པོ་མེད་ལ་གནས་ཤིང་ཤེས་རབ་ཉམས།། སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། དེ་ནི་ལྔ་ཚོགས་རྣམས་ཀྱིས་མི་བཀུར་གྱི། དེ་ཚེ་དེ་ལ་འདོད་པ་ཡང་མི་སྐྱེད།། དེ་ནི་སོ་སོ་ཡང ་ངདག་རིགས་ལས་ཉམས།། སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ།། གང་དག་ལུས་ནི་མངོན་སུམ་མང་ཡོད་པ།། མཁས་པ་དེ་དག་གི་ནི་སྤྱོད་པར་འགྱུར།། དེ་ཡི་སྲོག་ནི་དོན་མེད་འགྱུར་བ་སྟེ། སྨྲ་ལ་དགའ་བའི ་ཉེས་པ་འདི་དག་གོ། བདག་ནི་བསྒྲུབས་ཉམས་ད་ནི་ཅི་བྱ་ཞེས།། འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད།། གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་འགྱུར།། སྨྲ་ལ་དགའ་ཉེ་བའི་ཉེས་པ་འདི་དག་གོ། རྩ་བསྐྱོད་བཞིན ་དུ་འགུལ་ཞིང་གཡོ་བ་སྟེ།། དོ་ནི་དེ་ལྟར་ཐེ་ཚོམས་འགྱུར་དུ་ངེས།། དེ་ནི་ནམ་ཡང་བློ་བརྟ་ནི་མི་འགྱུར་ཏེ།། སླུ་ལ་དགའ་བའི་ཉེས་པ་འདི་དག་གོ། གར་མཁན་ལྟད་མོའི་ཁྲོམ་ནད་འདུག་པ་ཞིག། དཔའ་བོ ་གཞན་གྱི་ཡོན་ཏན་བརྗོད་བྱེད་ལ།། བདག་ཉིད་བསྒྲུབ་ལས་ཉམས་པར་འགྱུར་བ་བཞིན།། སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ། དེ་ནི་གཡོ་ལྡན་ཡང་ཞིང་རེ་ཆད་འགྱུར།། ཕྱི་ཕྱིར་ཞིང་ནི་རྣམ་པར་འགྱེད་པ ་རྩོམ། འཕགས་པའི་དམ་པའི་ཆོས་ལས་རབ་ཏུ་རིང་།། སྨྲ་ལ་དགའ་བའི་ཉེས་པ་འདི་དག་གི། མཐུ་ཆུང་བསྟི་སྟང་གིས་ནི་དགར་འགྱུར་ཏེ།། མི་ཤེས་ལྡན་པ་འཁྲུག་ཅིང་རྣམ་པར་འགྱུར།། སྨྲེ་ལྟར ་དེ་ཡི་སེམས་ནི་གཡོ་བར་འགྱུར།། སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ་ཞེས་བྱ་བ་དང་། དེ་བཞིན་དུ་སྦྱར་ཏེ། ཡུན་རིང་དུས་ནས་སྨྲ་བ་ལ་དགར་བས་ན།། དེ་ནི་བདག་ཉིད་དགའ་བ་མི་ཐོབ་བོ།། ཚིག་གང ་དགའ་བ་མཐའ་ཡས་འཐོབ་འགྱུར་བ།། ཚིག་གཅིག་ཙམ་ཞིག་བསམས་ཀྱང་མཆོག་ཡིན་ནོ།། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད།། དགའ་བར་བྱ་བའི་རོ་ནི་ནང ་ན་འདུག། ཤུན་པ་ཟོས་ནས་མིས་ནི་བུ་རམ་རོ།། ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ།། ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ།། རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན།། དེ་ལྟ་བས་ན་སྨྲ་ལ་དགའ་སྤངས་ཏེ།། རྟག་ཏུ ་བག་ཡོད་བྱོས་ལ་དོན་སེམས་ཤིག། ཅེས་གསུངས་སོ།། གཉིད་ལ་དགའ་བའི་ཉེས་པའི་དབང་དུ་བྱས་ཏེ། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ།། དེ་ནི་གཏི་མུག་དྲ་བ་ཆེན་པོ་འཕེལ།། དེ་ནི་ལྟ་བ་རྙེད ་ནས་ཐེ་ཚོམ་འགྱུར།། དེ་ལ་ལྟ་གྱུར་གཞན་ཡང་མང་དུ་འབྱུང་།། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ།། དེ་ནི་ཤེས་རབ་ཤིན་ཏུ་ཉམ་ཆུང་འགྱུར།། དེ་ཡི་བློ་ཡང་ཡོངས་སུ་ཉམས་པར་འགྱུར། ་ཡེ་ཤེས་ལས་ནི་རྟག་ཏུ་མི་འདོད་དེ།། དེ་ནི་ཆོས་ལ་འདུན་པ་སྐྱེད་མི་བྱེད།། ཕྱིར་ཞིང་ཆོས་མ་ཡིན་ཏེ་ཉམས་འགྱུར།། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ།། མི་ཤེས་ལེ་ལོ་སྙོམས་ལས་ཤེས ་རབ་འཚལ།། དེ་ལ་མི་མ་ཡིན་པས་གླགས་རྙེད་དེ།། ནགས་ནི་གནས་པའི་ཚེ་ནོ་འཚེ་བར་འགྱུར།། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ།། དེ་ནི་དགེ་སེམས་རྟག་ཏུ་མི་འདོད་དེ།། དེ་ནི་ཆོས་ལ ་འདུན་པ་སྐྱེད་མི་བྱེད།། ཕྱིར་ཞིང་ཆོས་མ་ཡིན་པ་དེ་དགའ་འགྱུར།། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ།། དེ་ནི་རྨོངས་ཤིང་ཆོས་ལ་འདུན་པ་ཉམས།། བྱིས་པ་ཡོན་ཏན་ཀུན་ལས་ཡོངས་སུ་ཉམས།། ་དཀར་པོ་འཇོམས་ཤིང་མུན་པར་འགྲོ་བར་འགྱུར།། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ།། འཇིགས་པར་འགྱུར་ཞིང་སེམས་ཀྱང་རབ་ཏུ་ཞུམ།། དེ་ནི་རྟག་པར་མཆོག་ཏུ་དགའ་མི་འགྱུར།། གཉིད ་ཀྱི་ནོན་པ་ལུས་ཀྱང་ལྷོད་པར་འགྱུར། གང་ཞིག་རྨུགས་དང་གཉིད་ལ་དགའ་འགྱུར་བ།། བདག་ཉིད་མི་ཤེས་ལ་ལོ་ཅན་གྱུར་ནས།། བརྩོན་འགྲུས་སྟོབས་དང་ལྡན་ལ་ཕྲག་དོག་བྱེད།། བརྩོན་འགྲུས་ལྡན་པ་རྣམས ་ལ་མི་སྙན་སྨྲ།། ཞེས་བྱ་བ་དང་། དེ་བཞིན་དུ་སྦྱར་ཏེ། གང་ཞིག་སྡུག་བསྔལ་མུན་པ་ཀུན་འཇིགས་ཅིང་། ངན་སོང་ཡོངས་སྤོངས་རྩ་བར་གྱུར་པ་དང་།། སངས་རྒྱས་ཀུན་གྱིས་བསྔགས་པར་འགྱུར་བ་ཡི།། བརྩོན་འགྲུས ་འཕགས་པ་དེ་ལ་རྟག་ཏུ་བརྟེན།། ཞེས་གསུངས་སོ།། ལས་ལ་དགའ་བོའི་དབང་དུ་བྱས་ནས།། བླ་མས་བསྐུལ་ན་བཀུའ་བློ་མི་བདེ་ཞིང་།། རྗེས་སུ་བསྟན་པ་མཐུན་པ་འཛིན་མི་བྱེད་།། དེ་ནི་མྱུར་དུ་ཚུལ་ཁྲིམས་ཉམས ་པར་འགྱུར།། ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན།། ཁྱིམ་ན་གནས་པའི་ལས་རྣམས་རྟག་སེམས་པས།། དེ་ནི་རྟག་ཏུ་གདུང་བར་འགྱུར་བ་སྟེ།། བསམ་གཏན་དང་ནི་སྤོང་བ་དེང་མི་བྱེད།། ཉེས་པ་འདི་དག ་ལས་ལ་དགའ་བའི་ཡིན།། དེ་ཡི་འདོད་ཆགས་ཤས་ནི་ཆེ་བར་སྐྱེ།། དེ་ནི་རོ་བྲོ་རྣམས་ལ་ཆགས་ཤིང་ཞེ་ན།། དེ་ནི་ངན་དོན་ཙམ་གྱི་དགར་མི་འགྱུར།། ཉེས་པ་འདི་དག་ལས་ལ ་དགའི་བའི་ཡིན།། དེ་ནི་འཁོར་མང་པོ་ལ་དགའ་འགྱུར་ཏེ།། དེ་ཉམས་ན་ནི་ཤིན་ཏུ་སྡུག་བསྔལ་འགྱུར།། དེ་ནི་བོང་བུ་བཞིན་དུ་འདྲེ་བར་འགྱུར།། ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན།། དེ་བཞིན་དུ་སྦྱར་ཏེ། ཉིན ་དང་མཚན་མོ་སེམས་གཞན་མེད་པ་ནི།། ཟས་དང་གོས་ལ་རྒྱུན་དུ་སེམས་པར་བྱེད།། དེ་ནི་རྟག་ཏུ་ཡོན་ཏན་འདོད་མ་ཡིན།། ཉེས་པ་འདི་དགེ་ལས་ལ་དགའ་བའི་ཡིན།། དེ་ནི་འཇིག་རྟེན་པ་ཡི་བྱ་བ་འདྲི།། རོགས་པ་མིན།། ་པའི་སྨྲ་བ་རྣམས་ལ་དགའ།། རིགས་པའི་སྨྲ་ལ་དེ་ནི་དགའ་མི་འགྱུར།། ཉེས་པ་འདི་དག་ལས་ལ་དགའ་བའི་ཡིན།། དེ་བཞིན་དུ་སྦྱར་ཏེ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་བྱམས་པས་འདི་སྐད་ཅེས་གསོལ་ཏོ།། གང་དག་མཆོག་གི་ཆོས་ཡོངས་སུ་སྤངས་ནས་ལས་ངན་པ་རྣམས་བརྩོམ་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཤེས་རབ་ཤིན་ཏུ་ཆུང་ཞིང་ཤེས་རབ་རྣམ་པར་ཉམས་པར་འགྱུར ་བ་ལགས་སོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱམས་པ་དེ་དེ་བཞིན་ཏེ་ཇི་སྐད་སྨྲས་པ་དེ་བཞིན་ནོ།། ་གང་དག་མཆོག་གི་ཆོས་ཡོངས་སུ་སྤངས་ནས་ལས་ངན་པ་རྣམས་བརྩོམ་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་ཤེས་རབ་ཆུང་བར་འགྱུར་རོ།། བྱང་ཆུབ་བྱམས་པ་ཁྱོད་མོས་པར་བྱའོ་ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ།། ་གང་དག་ལ་བརྩོན་པ་མེད་པ་དང་། བསམ་གཏན་མེད་པ་དང་། སྤོང་བ་མེད་པ་དང་། ཁ་དོན་བྱ་བ་དང་མང་དུ་ཐོས་པ་ཡོངས་སུ་ཚོལ་བ་མེད་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ ་ཏུ་བྱུང་བ་མ་ཡིན་ནོ།། བྱམས་པ་དེ་བཞིན་གཤེགས་པའི་བསྟན་པ་ནི་བསམ་གཏན་དང་སྤོང་བས་རབ་ཏུ་ཕྱེ་བ། ཡེ་ཤེས་ཀྱིས་འདུས་བྱས་པ་ཡེ་ཤེས་ཀྱིས་མཉམ་པར་བཞག་པ། མངོན་པར་བརྩོན་པས་རབ་ཏུ་ཕྱེ་བ ་ཡིན་གྱི་ཁྱིམ་པའི་ལས་ཀྱི་མཐའ་དང་ཞལ་ཏ་བྱེད་པས་རབ་ཏུ་ཕྱེ་བ་ནི་མ་ཡིན་ནོ།། མི་རིགས་པ་ལ་བརྩོན་པ་དང་འཁོར་ལ་མངོན་པར་དགའ་བ་རྣམས་ཀྱི་ལས་ནི་འདི་ཡིན་ཏེ། འདི་ལྟར་ཞལ་ཏུ་བྱེད་པ་དང་འཇོག ་རྟེན་པའི་བྱ་བས་གཟིངས་པ་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདོད་པ་བསྐྱེད་པར་མི་བྱའོ།། བྱམས་པ་ཞལ་ཏ་བྱེད་པ་ལ་བརྩོན་པའི་བྱང་ཆུབ་སེམས་དཔས་གལ་ཏེ་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་རྣམས ་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་བཀང་ཡང་ངེས་མཉེས་པར་བྱས་པོར་མི་འགྱུར་རིམ་གྲོ་བྱས་པར་མི་འགྱུར་བསྟི་སྟེང་བྱས་པར་མི་འགྱུར་རོ།། དེ་བཞིན་དུ་སྦྱར་རོ།། དེ་ལ་ཞལ ་ཏ་བྱེད་པའི་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་ཡོངས་སུ་གང་བ་དེ་དག་གིས། ལུང་འབོགས་པ་དང་ཁ་ཏོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་གཅིག་ལ་རིམ་གྲོ་དང་བསྙེན་བཀུར ་བྱའོ།། ལུང་འབྲོག་པ་དང་ཁ་ཏོན་ལ་བརྣོན་པོའི་བྱང་ཆུབ་སེམས་དཔའ་འཛམ་བུའི་གླིང་གི་ཚད་རྒོད་ཀྱིས། ནང་དུ་ཡང་དག་འཇོག་ལ་མངོན་པར་བརྩོན་པའི་བྱང་ཆུབ་སེམས་དཔའ་ཅིག་ལ་རིམ་གྲོ་དང་བཀུར་སྟི་བྱའོ།། དེ་བཞིན ་དུསྦྱར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ལས་འདི་ནི་བྱ་དཀའ་བའི་ལས་ཡིན་ནོ།། བླ་མའོ་བླ་ན་མེད་པའོ་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའོ་མངོན་པར་འཕགས་པའོ།། ་བྱམས་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་བརྩོན་པར་འདོད་པ་དང་། བརྩོན་འགྲུས་ཙམ་པར་འདོད་པས་ཤེས་རབ་ལ་བརྩོན་པར་ཞེས་བྱའོ་ཞེས་གསུངས་སོ།། སྤྲོས་པ་ལ་དགའ་བའི་དབང་དུ་བྱས་ནས། དེས་ནི་མི ་ཁོམ་བརྒྱད་དང་རིང་མི་འགྱུར། དེ་ནི་ངལ་བ་ཕུན་ཚོགས་མཆོག་མི་འགྱུར།། དེ་ལ་གནོད་པ་འདི་དག་རྟག་འབྱུང་སྟེ།། སྨོས་སྤྱོད་དེ་ཡི་ཉེས་པ་དེ་དག་གོ།། དེ་བཞིན་དུ་སྦྱར་ཏེ། མཁས་པས་ཉེས་འདི་ཡང་དག་རིག་ནས་ནི།། ་སྤྲོས་པ་ཐམས་ཅད་ཡོངས་སུ་སྤང་བར་བྱ།། སྤྲོས་སྦྱོང་དག་ནི་གནོད་པ་རྙེད་པར་སླ།། དེ་ལྟ་བས་ན་སྤྲོས་ལ་གནས་མི་བྱ།། གང་ནི་སྤྲོས་པ་འམ་རྩོད་པ་ཡོད་པ་ལས།། དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག། གང་ན་ཉོན ་མོངས་ཡོད་པ་དེ་དག་ཏུ། ཡུད་ཙམ་ཞིག་ཀྱང་གནས་ཤིང་འདུག་མི་བྱ།། རང་བྱུང་དོན་འདོད་ཡོན་ཏན་འདོད་པ་རྣམས།། སྡང་བའི་སེམས་ཀྱིས་རྩོད་པར་མི་བྱེད་ཅིག། གང་གི་དོན་དུ་སྤྲོས་པ་འདི་འབྱུང་བ། ཁྱེད་ལ་ཞིང ་མེད་ཞིང་ལས་ཚོང་བྱ་མེད།། ཁྱེད་ལ་ཆུང་མ་བུ་དང་བུ་མོ་མེད།། ཁྱིམ་དང་གཉེན་གྱི་ཚོགས་ཀྱང་ཡོད་པ་མིན། བྲན་པོ་བྲན་མོ་མེད་ཅིང་དབང་ཕྱུང་མེད།། རབ་ཏུ་བྱུང་ནས་རྩོད་པར་མ་བྱེས་ཅིག། ཞི་ཞིང་རབ་ཏུ་ཞི་བས ་བསྟེན་པ་ཡི།། ངུར་སྨྲིག་གོས་དག་དད་པས་བླངས་ནས་ནི།། ཞི་ཞིང་རབ་ཞི་ཉེ་བར་ཞི་བར་བྱོས།། སྤྲོས་པ་རྣམ་པར་སྤོངས་ལ་བཟོད་པ་བསྐྱེད།། མི་བཟོད་སེམས་ནི་སྦྲུལ་གདུག་འདྲ་བར་སྲུང་། སྤྲོས་པ་སྤྱོད་པ་སེམས ་ཅན་དམྱལ་བ་དང་།། དུད་འགྲོ་གཤིན་རྗེའི་ཡུལ་དང་རིང་མི་འགྱུར།། དེ་ལྟ་བས་ན་བཟོད་དང་བརྩོན་འགྲུས་བསྐྱེད། དེ་བཞིན་དུ་སྦྱར་ཏེ། ཐེག་པའི་སྟོབས་འདི་ཡིས་ནི་དགའ་འགྱུར་ཞིང་།། ལས་ཀྱི་སྐྱོབ་པ་མ ་ལུས་བྱོང་ནས་ནི།། སྟོབས་དང་བཅས་ཤིང་གཞན་བཅས་བདུད་ཐུལ་ཅིག། བསྟན་པ་གང་ཡིན་དེས་ནི་བཟོད་པ་བསྐྱོད་ཅེས་གསུངས་སོ།། གནོད་པ་རྣམ་པར་སྤང་བ་མདོར་བསྟན་པས་བྱམས་པ་དེ་ལྟ་བས་ན་བྱང་ཆུབ ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཕྱི་མ་ལྔ་བརྒྱ་ཐ་མ་ལ་དམ་པའི་ཆོས་རྣམ་པར་འཇིག་པོའི་ཚེ།། མ་སྨད་ཅིང་མ་སྨས་ལ་བདེ་བར་ཡོངས་སུ་ཐར་པར་འདོད་པ་དང་ལས་ཀྱི་སྒྲིབ་པ་ཐམས ་ཅད་བྱང་བར་འདོད་པས།། འདུ་འཛི་མེད་པ་ལ་དགའ་བ་དང་དགོན་པ་དང་ནགས་དང་བས་མཐར་གནས་པ་ལ་བརྩོན་པར་བྱ་ཞིང་། མངོན་པར་མི་བརྩོན་པའི་སེམས་ཅན་ཡོངས་སུ ་སྤང་བ་དང་། བདག་གི་འཁྲུལ་པ་ལ་བལྟ་བ་དང་།། གཞན་གྱི་འཁྲུལ་པ་ལ་མི་བལྟ་བ་དང་། ཅང་མི་སྨྲ་བ་ལ་དགའ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་གསུངས་སོ།། འཕགས་པ ་དཀོན་མཆོག་སྤྲིན་ལས་ཀྱང་། གནོད་པ་རྣམ་པར་སྤང་པ་གསུངས་པ་ནི། ནམ་དེའི་དོན་གྲུབ་པར་གྱུར་གྱི་བར་དུ་བསོད་སྙོམས་ལ་སྤྱོད་དེ་གཞན་དུ་ན་གནས་གན་ཁྱི་ཟ་བ་འམ་པ་དྲུས་མ་འམ་དུད་འགྲོའི་སྐྱེ་གནས་སུ ་གཏོགས་པ་རང་བཞིན་གྱི་ངང་ཚུལ་དྲན་པའི་སྲོག་ཆགས་སམ། བུད་མེད་དང་སྐྱེས་པ་དང་ཁྱིའུ་དང་བུ་མོ་ཀྱལ་ཀ་བྱས་པའི་བསམ་པ་ཅན་དག་ཡོད་པ་འམ་སྨད་པའི་གནས་དེ་དག་ཐམས་ཅད་ནས་ཐམས་ཅད ་ཡོངས་སུ་སྦྱོང་ཞེས་བྱ་བ་སྟེ། འདིས་ནི་ཚེ་འདི་ལ་ཡང་གནོད་པར་འགྱུར་བ་རྣམ་པ་དེ་ལྟ་བུ་མ་སྤངས་ན་ལྟུང་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ།། འདི་ལྟ་བུ་ལ་སོགས་པའི་གནོད་པ་རྣམ་པར་སྤང ་བ་གང་ཡིན་དེ་ཀུན་གོང་གིས་འཐོབ་ཅེ་ན། འབྲས་བུ་མེད་པའི་བྱེད་སྤོང་བས། འདི་ལ་འབྲས་བུ་ནི་གཞན་གྱི་དོན་བྱ་བ་སྟེ། དེའི་དོན་དུ་གང་སྤྱོད་པར་མི་འགྱུར་བ་དོན་འབྲས་བུ་མེད་པ་ཡིན་པས་ཡོངས་སུ ་སྤང་བར་བྱ་བ་ཡིན་ཏེ། ཟླ་བ་སྒྲོན་མའི་མདོ་ལས། ལུས་ཀྱི་སྡོམ་པའི་སྐབས་ནས་ཇི་སྐད་དུ་ལག་པ་མི་རྒོད་ཅིང་རྐང་ལག་བསྡམས་པ་ཞེས་བྱ་བའི་བར་དུ་གསུངས་པ་ལྟ་བུའོ།། དེ་སྐད་དུ་ཆོས་བཅུ་པའི་མདོ་ལས། ་ཀྱང་། ལོག་པ་བསྐྱོད་པ་དང་རྐང་པ་བསྐྱོད་པ་དང་ཀུན་དུ་རྒྱུག་པ་དང་ཡོངས་སུ་རྒྱུག་པ་དང་མཆོང་བ་དང་རྒྱལ་བ་འདི་ནི་ལུས་ཀྱི་གནས་ངན་ལེན་ཞེས་བྱའོ་ཞེས་བསྟན་ཏོ།། འཕགས་པ་ཆོས་ཡང་དག་པར ་སྡུད་པའི་མདོ་ལས་ཀྱང་། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས་གཞན་གྱི་དོན་བྱ་བ་ལས་ལས་གཞན་མི་བྱེད་པ་དེ་ལྟ་བུ་གསལ་བར་ཡོངས་སུ་བསྟན་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི ་ལུས་ཀྱི་ལས་གང་ཅི་ཡང་རུང་། དོག་དང་ཡིད་ཀྱི་ལས་གང་ཅི་ཡང་རུང་། དེ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ལ་ལྦུ་བས་འཇུག་གོ། སྙིང་རྗེ་ཆེན་པོའི་དབང་དུ་འགྱུར་བའོ།། སེམས་ཅན་ལ་ཕན་པའི ་གནས་ཀྱི་རྒྱུའོ།། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ལྷགས་པའི་བསམ་པ་ལས་འབྱུང་ངོ་།། དེའི་ཕན་པའི་བསམ་པ་འདི་ལྟ་བུ་འགྱུར་ཏེ། གང་སེམས་ཅན་ཐམས་ཅད་ལྔ་ཕན་བྱ་སྒྲུབ་པ་དང ་བདེ་བ་སྒྲུབ་པའི་སྒྲུབ་པ་དེ་བདག་གིས་བསྒྲུབ་པོ་སྙམ་མོ།། དེ་བཞིན་དུ་སྦྱར་ཏེ། སྐྱེ་མཆེད་རྣམས་ལ་གྲོང་སྟོང་ལྟ་བུར་སོ་སོར་རྟོག་པ་སྒྲུབ་ཀྱང་སྐྱེ་མཆེད་ཡོངས་སུ་དོར་བ་ཡང་མི་འཚལ་ཞེས་གསུངས ་སོ།། འཕགས་པ་ན་མཁའ་མཛོད་ཀྱི་མདོ་ལས་ཀྱང་། འདི་ལྟ་སྟེ་དཔེར་ན་བུ་གནས་རླུང་འཇུག་པ་དེ་བཞིན་དུ་གང་དང་གང་ནས་སེམས་ལ་སྐྱོན་འ་བྱུང་བ་དེ་དང་དེ་ཉིད ་ནས་བདུད་ཀྱི་གླགས་རྙེད་དོ།། དེ་བས་ན་བྱང་ཆུབ་སེམས་དཔས་རྟག་ཏུ་སེམས་ལ་སྐྱོན་མེད་པར་བྱའོ།། དེ་ལ་སེམས་ལ་སྐྱོན་མེད་པ་ནི་འདི་ཡིན་ཏེ། འདི་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ ་ཉིད་ཡོངས་སུ་རྫོགས་པའོ་ཞེས་གསུངསོ།། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དེ་གང་ཞེ་ན། གང་འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་མི་གཏོང་བས་དངོས་པོ་ཐམས་ཅད་སྟོང་པ་ཉིད ་དུ་གོམས་པར་བྱེད་པ་འམ་གོམས་པར་བྱས་པ་སྟེ། དེ་ནི་གཙུག་ན་རིན་པོ་ཆེའི་མདོ་ལས་རྒྱ་ཆེར་བསྟན་ཏོ།། དེ་སྐད་དུ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། སྡིག་པ་མི་དགེ་བའི་ཆོས་རྣམས་སྤངས་པའི་ཕྱིར ་འདུན་པ་སྐྱེད་དོ་ཞེས་བྱ་བའི་སྐབས་དེ་ནོས། གང་ཏིང་ངེ་འཛིན་གྱི་ཕུང་པོ་ལ་གཡེང་བར་འགྱུར་བ་སེམས་གཡེང་བར་བྱེད་པ་འམ་གཞན་གང་ཡང་རུང་སྟེ། དེ་ནི་ཏིང་ངེ་འཛིན་གྱི་གཡེང་བ་ཞེས་བྱའོ་ཞེས་བྱ ་བནས་འདི་དག་ནི་སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་བྱའོ་ཞེས་བྱ་བའི་བར་དུ་གསུངས་སོ།། བསླབ་པ་ཀུན་ལས་བཏུས་པ་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནོད་པའི་རྣམ་པར་སྤང་བ་ཞེས ་བྱ་བ་སྟེ་ལེའུ་ལྔ་པའོ།། །། འབྲས་བུ་མེད་པའི་སྤྱོད་པ་རྣམ་པར་སྤང་བ་བཤང་ཟིན་ཏོ།། དེ་ཇི་ལྟར་འགྲུབ་ཅེ་ན། སྨྲས་པ། དེ་ཡང་རྟག་ཏུ་དྲན་པས་འགྲུབ་ཅེས་བྱའོ།། ་དྲན་པ་བཅུ་གཉིས་པོ་འདི་དག་ནི་འབྲས་བུ་མེད་པའི་སྤྱོད་པ་སྤོང་བར་འགྱུར་བ་སྟེ། འདི་ལྟར་དེ་བཞིན་གཤེགས་པའི་བཀའ་ལས་མི་འདར་བར་སྲུང་ཞིང་རྣམ་པར་སྨིན་པ་ལ་གུས་པར་བྱ་བའི་དྲན་པ ་དང་། ལུས་ཐམས་ཅད་མི་གཡོ་བའི་ངོ་བོ་ཉིད་དུ་གནས་པར་བྱ་བའི་དྲན་པ་དང་། སེམས་ཅན་གྱི་དོན་བྱ་བ་ན་ཡན་ལག་གང་མཁོ་བ་དེ་ལ་དྲན་པ་བརྟན་པས་བལྟས་ཏེ་མི་གཡོ་བར་བཞག་ལ་མོས་པས་གཞན ་གྱི་ཁ་ན་ལས་པར་བྱས་པས་བརྟན་པ་ཐམས་ཅད་ཀྱི་སྤྱོད་པོ་དྲན་པ་དང་། གསར་བུའི་འཇིགས་པ་དང་དགའ་སྟོན་ལ་སོགས་པ་དང་འབྲེལ་བས་གུས་པར་བྱ་བ་ལ་ལུས་བསྟོད་པའི་དྲན་པ་དང་། སྐྱོང་ལམ ་བཞི་བྱ་བ་ལ་དཔྱོད་པའི་དྲན་པ་དང་། སྐབས་སྐབས་སུ་སྤྱོད་ལམ་འཁྲུགས་པའི་སྲུང་བའི་ཕྱིར་སྤྱོད་ལམ་ཕུན་སུམ་ཚོགས་པར་བྱ་བ་ལ་བལྟ་བའི་དྲན་པ་དང་། སྨྲ་བའི་དུས་ལ་བབ་ན་པ་ན་མ་དད་པ་དང་། ་རྒོད་པོ་དང་། ཁྲོས་པ་དང་ཉེ་མགོན་གྱི་ཕྱོགས་སུ་ལྷུང་བ་ལ་སོགས་པའི་དབང་གིས་རྐང་ལག་དང་མགོ་དང་གདོང་གིས་འགྱུར་བ་ཤིན་ཏུ་མི་མཛེས་པར་འགྱུར་བ་སྡམས་པའི་དྲན་པ་དང་། ཉན་པ་ལ་བརྗོད་པར ་བྱ་བ་གང་ཡིན་པ་དེ་སྒྲ་ཇི་ཙམ་གྱིས་དོན་རྟོགས་པར་འགྱུར་བའི་སྒྲ་དེ་ལས་ལྷག་པར་སྨྲ་བར་མི་བྱ་བའི་དྲན་པ་དང་། སྐྱེ་གཞན་དོགས་པར་འགྱུར་བའི་ཉེས་པ་འབྱུང་ཞིང་མ ་བསླབ་པའི་སྐྱེ་བོ་དང་ཕྲད་དེ་ཉམ་ང་བ་ན་རང་གི་སེམས་དང་བར་བྱ་བ་དེ་ལ་བསྒྲིམ་པའི་དྲན་པ་དང་། སེམས་ནང་དུ་ལྷག་མཐོང་དང་ཞི་གནས་ཀྱི་ཀ་བ་ལ་རྟག་ཏུ་གདགས་པའི་དྲན་པ་དང་། ཡང་ནས་ཡང་དུ་སེམས ་ཀྱི་གནས་པ་ལ་སོ་སོར་བརྟག་པ་དྲན་པ་དང་། སྐྱེ་བོ་ཕལ་པོ་ཆེ་ཚོགས་ན་ཡང་ཕལ་ཆེར་མ་ཤོར་དུ་ཟིན་ཀྱང་ཇི་སྐད་བསྟན་པ་བཞིན་དུ་དྲན་པ་བསྲུང་བ་དེ་ལ་བསྒོམ་པའི་དྲན་པ་སྟེ། དེ་ལྟར་དྲན་པ་དེ་དག་གི་འབྲས་བུ ་མེད་པའི་སྤྱོད་པ་རྣམ་པར་སྤང་བ་འགྲུབ་བོ།། དྲན་པ་དེ་ཡང་ཤིན་ཏུ་གུས་ལས་འབྱུང་། དེ་ལས་གུས་པ་ནི་བྱ་བ་རྣམས་ལ་སྙིང་ནས་མངོན་དུ་ཕྱོགས་པར་ཏེ་ཁྱད་དུ་བསོད་པའི་གཉེན་པོ་ཡིན་ནོ།། གུས་པ་དེ་ནི་ཞི་བའི ་ཆེ་བ་དང་ཉིད།། ཤེས་པར་གྱུར་ན་བརྟུན་པས་སྐྱེ།། ཞི་བ་ཞེས་བྱ་བ་དེ་གང་ཞེ་ན། འཕགས་པ་བློ་གྲོས་མི་ཟད་པས་བརྟན་པའི་མདོ་ལས། ཞི་གནས་སུ་བརྟན་པ་གང་ཡིན་པ་སྟེ། དེ་ལ་ཞི་གནས་མི་ཟད་པ་གང་ཞེ ་ན། གང་སེམས་ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དང་། མི་གཡེང་བ་དང་། དབང་པོ་བསྡམས་པ་དང་། མི་ནོད་པ་དང་། མི་འཕྱར་བ་དང་། མུ་ཚོར་མི་སྨྲ་བ་དང་། མི་བརྟན་པ་མེད་པ་དང་། མི་གཡོ ་དང་། ངེས་པ་དང་། བསྲུངས་པ་དང་། ཅང་ཤེས་པ་དང་། ལས་སུ་རུང་བ་དང་། རྩེ་གཅིག་པ་དང་། གཅིག་པུར་དགའ་བ་དང་། འདུ་འཛི་རྣམ་པར་སྤོང་བ་དང་། དབེན་པ་ལ་དགའ་བ་དང་། ལུས་དབེན་པ་དང་། སེམས་བསླང ་པ་མེད་པ་དང་། དགོན་པ་ལ་ཕྱོགས་ཤིང་ཡིད་ལ་བྱེད་པ་དང་། སྡིག་པ་འདོད་པ་མ་ཡིན་པ་ནས་སྤྱོད་ལམ་བསྲུང་བའི་བར་དང་། དུས་ཤེས་པ་དང་། ཚོད་ཤེས་པ་དང་། རན་པ་ཤེས་པ་དང་། རིགས་པ་ཤེས་པ་དང་། མགུ ་སླ་བ་དང་། གོས་སླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཞི་བ་དེའི་ཚེ་བ་ཉིད་ཇི་ལྟ་བུ་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྐྱེད་ནུས་པ་སྟེ། འདི་ལྟར་མཉམ་གཞག་ཡང་དག་ཇི་བཞིན་དུ། ཤེས་པར་འགྱུར ་ཞེས་ཐུབ་པས་གསུངས།། ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཇི་སྐད་དུ། ཡིད་མཉམ་པར་བཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བར་འགྱུར་རོ།། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བས་བྱང་ཆུབ་སེམས ་དཔའ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་འཇུག་གོ་སྙམ་མོ།། དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ལ་ཏིང་འཛིན་གྱི་སྒོ་འདི་དང་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་འདི ་གྲུབ་པར་བྱའོ།། སྙམ་མོ།། དེ་སྙིང་རྗེ་ཆེན་པོ་དེས་བསྐུལ་བས་ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ལ་བསླབ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ།། དེ་ལྟ་བས་ན་བདག་གི་ཚུལ་ཁྲིམས་མི་གཡོ་བ་དང་མི་ལྷོད་པར་གནས་པར་བྱའོ་ཞེས་གསུངས་པ་ལྟ་བུའོ།། ཞི་བའི ་ཚེ་བའི་བདག་ཉིད་བདག་དང་གཞན་ངན་སོང་ལ་སོགས་པའི་སྡུག་བསྔལ་མཐའ་ཡས་པ་ལས་ཡང་དག་པར་འདའ་བ་དང་འཇིག་རྟེན་པ་དང་འཇིག་རྟེན་པ་ལས་འདས་པའི་བདེ་བ་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ ་ཕྱིན་པའི་བདག་ཉིད་འདི་རྟོགས་ནས། ཀུན་ཏུ་འབར་བའི་ཁྱིམ་གྱི་ནང་དུ་ཆུད་པ་ཆུ་བསིལ་བ་འདོད་པ་བཞིན་དུ་འདོད་པས་བརྟུན་པ་བསྒོམ་པར་བྱ་སྟེ། དེས་ན་བསླབ་པ་རྣམས་ལ་གུས་པར་འགྱུར་ཞིང་དེ་ལས་ཀྱང་དྲོན ་བི་ཉེ་བར་འཇོག་ལ་དྲན་པ་ཉེ་བར་གཞག་པས་ནི་འབྲས་བུ་མེད་པ་རྣམ་པར་སྤོང་བར་བྱེད་ཅིང་འབྲས་བུ་མེད་པ་སྤངས་པ་གང་ཡིན་པ་དེ་ལ་གནོད་པ་མི་འབྱུང་ངོ་།། དེ་ལྟ་བས་ན་ལུས་བསྲུང་བར་འདོད་པ་འ་དྲན་པའི ་རྩ་བ་བཙལ་ཏེ་རྟག་ཏུ་དྲན་པ་ཉེ་བར་གཞག་པར་བྱའོ།། དེ་བས་ན་དྲག་ཤུལ་ཅན་གྱི་བྱིན་པས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཁྱིམ་པའི་དབང་དུ་བྱས་ཏེ་གསུངས་པ། དེས་འབྲུའི་ཆང་དང་སྦྱར་བའི་ཆང ་མྱོས་པར་འགྱུར་བའི་བཏུང་བ་སྤོང་བར་བྱ་སྟེ། དེ་ར་རོ་བ་མེད་པ་དང་མྱོས་པ་མེད་པ་དང་འཁྲུལ་པ་མེད་པ་དང་ཚིག་མ་འཆལ་པ་དང་མི་འཕྱར་བ་དང་མི་རྒོད་པ་དང་མི་གཡེང་བ་དང་དྲན་པ་ཉེ་བར་གནས་པ་དང་ཤེས ་བཞིན་དང་ལྡན་པར་བྱའོ་ཞེས་གསུངས་སོ།། དེ་ཉིད་ལས་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ཏེ་དྲན་པ་དང་ཤེས་བཞིན་ནི་མི་གཡེལ་བའོ་ཞེས་གསུངས་སོ།། དེ་ལ་དྲན་པ་ནི་འཕགས་པ་གཙུག་ན ་རིན་པོ་ཆེའི་མེདོ་ལས། དྲན་པ་གང་གི་ཉོན་མོངས་པ་ཐམས་ཅད་འབྱུང་བ་མི་འགྱུར་བ་དང་། དྲན་པ་གང་གིས་བདུད་ཀྱི་ལས་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་དང་། དྲན་པ་གང་གིས་ལམ་ལོག་པ་དང་ལམ་ངན་པ ་མི་འགྲོ་བ་དང་། དྲན་པ་སྒོ་བ་ལྟ་བུ་གང་གིས་སེམས་དང་སེམས་ལས་བྱུང་བའི་ཆོས་མི་དགེ་བ་ཐམས་ཅད་ཀྱི་སྐབས་མི་འབྱེད་པ་འདི་ནི་ཡང་དག་པོའི་དྲན་པ་ཞེས་བྱའོ་ཞེས་གསུངས་སོ།། ཤེས་བཞིན་ན ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གསུངས་ཏེ། སྤྱོད་ན་ཡང་དག་སྤྱོད་དེ་ཞེས་རབ་ཏུ་ཤེས་སོ།། འགྲེང་ན་ཡང་བདག་འགྲེང་ངོ་ཞེས་རབ་ཏུ་ཤེས་སོ།། འདུག་ནི་ཡང་བདག་འདུག་གོ་ཞེས་རབ་ཏུ་ཤེས་སོ།། ། ་ཉལ་ན་ཡང་བདག་ཉལ་ལོ་ཞེས་རབ་ཏུ་ཤེས་སོ།། དེའི་ལུས་ཇི་ལྟ་ཇི་ལྟ་བུར་གནས་པར་འགྱུར་པ་དེ་ལྟ་དེ་ལྟ་བུར་རབ་ཏུ་ཤེས་སོ།། དེ་བཞིན་དུ་སྦྱར་ཏེ། དེ་འགྲོ་བ་དང་འོང་བ་ན་ཡང་ཤེས་བཞིན་དུ་སྤྱོད་པ ་ཡིན་ནོ།། ལྟ་བ་དང་། རྣམ་པར་ལྟ་བ་དང་བསྐུམ་པ་དང་མྱང་བ་དང་ཆོས་གོས་སྣམ་སྦྱར་དང་ཕྲེང་བ་དང་ལྷུང་བཟེད་དང་ཆོས་གོས་གྱོན་པ་དང་ཟ་བ་དདོང་འཐུང་བ་དང་འཆང་བ་དང་གཉིད་དང་སྙོམས་པ་གོསལ ་བ་དང་འོང་བ་དང་འགྲོ་བ་དང་འགྲེང་བ་དང་འདུག་པ་དང་གཉིད་ཀྱི་ལོག་པ་དང་། གཉིད་ཀྱིས་མ་ལོག་པ་དང་སྨྲ་བ་དང་ཅང་མི་སྨྲ་བ་དང་། ནང་དུ་ཡང་དག་འཛགས་པ་ཤེས ་བཞིན་དུ་སྤྱོང་ངོ་ཞེས་གསུངས་སོ།། ཚུལ་ཁྲིམས་ཀྱི་ཏིང་ངེ་འཛིན་འགྲུབ་པ་ཡིན་ཏེ། ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། ཉོན་མོངས་མེང་པའི་ཏིང་འཛིན་མྱུར་ཐོབ་སྟེ། འདི་ནི་ཚུལ་ཁྲིམས་རྣམ་ངག་ཕན་ཡོན ་ནོ་ཞེས་གསུངས་པ་ལྟ་བུའོ།། དེ་བས་ན་ཏིང་ངེ་འཛིན་གྱི་རྒྱུའི་སྦྱོར་བ་གང་ཅི་ཡིན་པ་དེ་དག་ནི་ཚུལ་ཁྲིམས་ཀྱི་ནང་དུ་འདུས་པར་ཤེས་སོ།། དེ་ལྟ་བས་ན་ཏོང་ངེ་འཛིན་ངོན་དུ་གཉེར་བས་དྲན་པ་དང་ཤེས ་བཞིན་གྱི་ངང་ཚུལ་ཅན་དུ་བྱའོ།། དེ་བཞིན་དུ་ཚུལ་ཁྲིམས་ངན་དུ་གཉེར་བས་ཀྱང་ཏིང་ངེ་འཛིན་ལོ་འབད་པར་བྱ་སྟེ། མདོ་དེ་ཉིད་ལས་ཏིང་ངེ་འཛིན་གྱི་ཕར་ཡོན་གྱི་སྐབས་ནས། དེ་ནི་ཆོ་ག་མེད་མ་ཡིན།། ་ཆོ་ག་དག་ལ་རབ་ཏུ་གནས།། སྤྱོད་ཡུལ་ལ་ནི་རྣལ་འབྱོར་པ།། སྤྱོད་ཅིང་སྤྱོད་ཡུལ་མ་ཡིན་སྤོང་།། ཡོངས་སུ་གདུང་བ་མེད་པར་གནས།། དབང་པོ་བསྲུང་ཞིང་བསྡམས་པ་ཡིན།། ཞེས་གསུངསོ།། ཚུལ ་ཁྲིམས་དང་ཏིང་ངེ་འཛིན་གཅིག་གི་གཅིག་ལ་འཕེལ་བར་བྱེད་པ་འདི་འང་གཉིས་ཀྱིས་སེམས་ཡོངས་སུ་སྦྱོང་བ་ཡོངས་སུ་འགྲུབ་པོ།། བྱང་ཆུབ་སེམས་དཔའི་བསླབ་པ་འདི་ནི་འདིར་ཟད་དེ།། འདི་ལྟ་སྟེ ་སེམས་ཡོངས་སུ་སྦྱོང་བའོ།། འདི་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། འཕགས་པ་དཀོན་མཆོག་སྦྱིན་ལས། སེམས་ནི་ཆོས་ཐམས་ཅད་ཀྱི་མངོན་དུ་འགྲོ་བ་སྟེ་སེམས་ཡོངས་སུ་ཤེས་ན་ཆོས་ཐམས ་ཅང་ཡོངས་སུ་ཤེས་པར་འགྱུར་རོ་ཞེས་བྱ་བ་དང་། ཡང་འཇིག་རྟེན་སེམས་ཀྱི་ཁྲིད་པ་སྟེ། སེམས་ཀྱིས་སེམས་ནི་མི་མཐོང་ངོ་།། དགེ་བ་འམ་འོན་ཏེ་མི་དགེ་བའི།། ལས་ནི་སེམས་ཀྱི་བསགས་པ་ཡིན།། ་སེམས་ནི་མགལ་མེ་བཞིན་དུ་འཁོར།། སེམས་ནི་རླབས་དང་འདྲ་བར་གཡོ།། སེམས་ནི་ནགས་ཀྱི་མེ་བཞིན་སྲེག། སེམས་ནི་ཆུ་ཆེན་བཞིན་དུ་སྐྱེད།། དེས་དེ་ལྟར་བརྟགས་པས་སེམས་ལ་དྲན་པ་ཉེ་བར ་གཞག་པར་གནས་ཏེ་སེམས་ཀྱི་དབང་དུ་མི་འགྲོའི་སེམས་དེའི་དབང་དུ་འགྲོའོ།། སེམས་དེའི་དབང་དུ་གྱུར་ན་ཆོས་ཐམས་ཅད་ལ་དབང་དུ་གྱུར་པ་ཡིན་ནོ་ཞེས་གསུངས་སོ།། ཆོས་ཡང་དག་པར་སྡུད་པའི ་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྣམ་པར་གནོན་པའི་བློ་གྲོས་ཀྱིས་ཀྱ་གསོལ་པ། ཆོས་ཆོས་ཞེས་བགྱི་ཆོས་གང་ལགས་པ་དེ་ནི་ཡུལ་ན་མི་གནས་ཕྱོགས་ན་མི་གནས་ཏེ་གཞན་དུ་ན་ཆོས་ནི་རང ་གི་སེམས་ལ་རགས་ལས་སོ།། དེ་ལྟ་བས་ན་བདག་གིས་ས་རང་གི་སེམས་ཤིན་ཏུ་བཟུང་བ་དང་། ཤིན་ཏུ་མཐར་གཏུགས་པ་དང་། ཤིན་ཏུ་ཐུལ་བ་དང་། ཤིན་ཏུ་མཉམ་པར་བརྩམ་པ་དང ་ཤིན་ཏུ་ཚུར་གཅད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་གང་ན་ཡོད་པ་དེ་ན་ཡོན་ཏན་དང་ཉེས་པ་རྣམས་ཡོད་ཀྱིས། སེམས་མེད་པ་ལ་ཡོན་ཏན་དང་ཉེས་པ ་མེད་དོ་སྙམ་ང་སྟེ། དེ་ལ་བྱང་ཆུབ་སེམས་དཔའ་ཉེས་པ་རྣམས་ལས་སེམས་བཟློག་ནས་ཡོན་ཏན་རྣམས་ལ་འཇུག་སྟེ། དེ་ལྟ་བས་ན་ཆོས་སེམས་ལ་རག་ལས་བྱང་ཆུབ་ནི་ཆོས་ལ་རག་ལས་ཤེས་བགྱིའོ།། ་བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་འཛིན་པ་ལགས་ཏེ། བདེ་བར་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ་ཞེས་གསུངས་སོ།། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། བྱང་ཆུབ ་སེམས་དཔའི་སྤྱོད་པ་ཐམས་ཅད་ནི་རང་གི་སེམས་ལ་བརྟེན་ཏོ།། སེམས་ཅན་ཐམས་ཅད་ཡོངས་སུ་སྨོན་པར་བྱ་བ་དང་གདུལ་བ་ནི་རང་གི་སེམས་ལ་བརྟེན་ཏོ།། དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་བདག ་འདི་སྙམ་དུ་སེམས་ཏེ། དགེ་བའི་རྩ་བ་ཐམས་ཅད་ཀྱིས་སེམས་རང་གི་སེམས་ཉེ་བར་བརྟན་པར་བྱའོ།། ཆོས་ཀྱི་སྤྲིན་རྣམས་ཀྱི་རང་གི་སེམས་ཡོངས་སུ་རླན་པར་བྱའོ།། སྒྲིབ་པར་འགྱུར་བའི་ཆོས ་རྣམས་ལས་རང་གི་སེམས་ཡོངས་སུ་སྦྱང་བར་བྱའོ།། བརྩོན་འགྲུས་ཀྱི་རང་གི་སེམས་བརྟན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ཡིན་ནོ།། དེ་བཞིན་དུ་དེ་ཉིད་ལས། འཕགས་པ་ནོར་བཟང་ལྷ ་མོ་སྒྱུ་མ་མཐོང་བས་སྐོམ་པར་གྱུར་པ་ལ། གྲོང་གི་ལྷ་མ་རིན་ཚུན་མིག་གིས་དྲི་མཐོང་བའི་དོན་དུ་ཇི་སྐད་རྗེས་སུ་བསྟན་ཏེ། རིགས་ཀྱི་བུ་ཁྱེད་ཀྱི་འཁོར་བའི་ཡུལ་ཐམས་ཅད་ལ་དགའ་བར་མི་གནས་པས ་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་བསྲུང་བ་ལ་བརྩོན་པར་གྱིས་ཤིག། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ལྷག་པར་དམིགས་པས་སེམས་ཀྱི་གྲོང་ཁྱེར་བརྒྱན་པ་ལ་བརྩོན་པར ་གྱིས་ཤིག། རིགས་ཀྱི་བུ་ཁྱོད་ཀྱི་ཕྲག་དོག་སེར་སྣ་དང་གཡོ་དང་བྲལ་བས་སེམས་ཀྱི་གྲོང་ཁྱེར་ཡོངསུ་སྦྱོང་བ་ལ་བརྩོན་པར་གྱིས་ཤིག། རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་ངེས་པར་རྟོགས ་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་གྱི་ཡོངས་སུ་གདུ་བ་རབ་ཏུ་ཞི་བར་བྱ་བ་ལ་བརྩོན་པར་གྱིས་ཤིག། རཱི་གས་ཀྱི་བུ་ཁྱོད་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཚོགས་ལ་བརྩོན་འགྲུས་ཆེན་པོའི་ཤུགས་རྣམ་པར་སྤེལ ་བས་སེམས་ཀྱི་གྲོང་ཁྱེར་རྣམ་པར་སྤེལ་བ་ལ་བརྩོན་འགྲུས་པར་གྱིས་ཤིག། རིགས་ཀྱི་བུ་ཁྱོད་ཀྱིས་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་དང་བསམ་གཏན་དང་། རྣམ་པར་ཐར་པ་དང་ཆོས་ཀྱི་གཞལ་མེད་ཁང ་ཡངས་པའི་རྣམ་པར་སྦྱོང་བ་ལ་དབང་སྒྱུར་བས་སེམས་ཀྱི་གྲོང་ཁྱེར་དང་གནས་ཀྱི་མཛོད་བརྒྱན་པ་དང་བསྲུང་བ་ལ་བརྩོན་པར་གྱིས་ཤིག། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི ་དཀྱིལ་འཁོར་ཡང་དག་པ་སྒྲུབ་པའི་ས་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཏུ་ཐོབ་པར་བཙལ་བས་སེམས་ཀྱི་གྲོང་ཁྱེར་སྣང་བ་ལ་བྱ་བ་ལ་བརྩོན་པར་གྱིས ་ཤིག། རིགས་ཀྱི་བུ་ཁྱོད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་འབྱུང་བའི་ཐབས་ཀྱི་ལམ་གྱིས་རང་གི་སེམས་ཀྱི་གྲོང་ཁྱེར་ཉེ་བར་བསྟན་པ་ལ་བརྩོན་པར་གྱིས་ཤིག། རིགས་ཀྱི་བུ་ཁྱོད་ཀྱི་བྱང་ཆུབ ་སེམས་དཔའ་ཀུན་ཏུ་བཟང་པོ་སྤྱད་པ་སྤྱོད་པའི་སྨོན་ལམ་མངོན་པར་བསྒྲུབ་པའི་སེམས་རྣམ་པར་དག་པས་སེམས་ཀྱི་གྲོང་ཁྱེར་གྱི་རབ་བརྟན་པ་མངོན་པར་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག། རིགས་ཀྱི་བུ་ཁྱོད་ཀྱི ་ཉོན་མོངས་པ་དང་བདུད་ཀྱི་རིགས་ཀྱི་སྡིག་པའི་གྲོགས་པོ་དང་བདུད་ཀྱི་འཁོར་གྱིས་མི་ཆོམ་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་རྒལ་དཀའ་བ་དང་མི་ཤིགས་པར་མངོན་པར་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག། རིགས་ཀྱི ་བུ་ཁྱོད་ཀྱི་བྱམས་པ་ཆེན་པོ་འགྲོ་བ་ཐམས་ཅད་ལ་རྒྱས་པར་དགང་བས་སེམས་ཀྱི་གྲོང་ཁྱེར་རབ་ཏུ་རྒྱས་པར་བྱ་བ་ལ་བརྩོན་པར་གྱིས་ཤིག། རིགས་ཀྱི་བུ་ཁྱོད་ཀྱིས་མི་དགེ་བའི་ཆོས་ཐམས་ཅད་ཀྱི་གཉེན་པོ་ཆོས ་ཀྱི་གདུགས་སྤངས་པ་བསྒྲུབས་པས་སེམས་ཀྱི་གྲོང་ཁྱེར་རབ་ཏུ་དགའ་བ་ལ་བརྩོན་པར་གྱིས་ཤིག། རིགས་ཀྱི་བུ་ཁྱོད་ཀྱི་ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་བསྟབས་པའི་ཕྱིར་སེམས་ཀྱི་གྲོང་ཁྱེར་གྱི་སྒོ་དབྱེ་བ་ལ ་བརྩོན་པར་གྱིས་ཤིག། རིགས་ཀྱི་བུ་ཁྱོད་ཀྱི་མི་དགེ་བའི་ཆོས་ཀྱི་རྒྱུད་ཐམས་ཅད་མི་སྲིད་པར་བྱ་བས་སེམས་ཀྱི་གྲོང་ཁྱེར་རབ་ཏུ་མཁྲེག་པར་མངོན་པར་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག། རིགས་ཀྱི་བུ་དེ་ལྟར་སེམས ་ཀྱི་གྲོང་ཁྱེར་རྣམ་པར་དྲག་པ་ལ་བྱ་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཐམས་ཅད་བསྒྲུབ་པ་འཐོབ་པར་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཀྱི་གྲོང་ཁྱེར་ཡོངས་སུ་དག་པའི་བྱང་ཆུབ ་སེམས་དཔའ་དཔའ་དེའི་མདུན་ནི་སངས་རྒྱས་མཐོང་བར་བྱ་བ་ལ་སྒྲིབ་པ་འམ་ཆོས་མཉན་པར་བྱ་བ་ལ་སྒྲི་བ་པ་འམ་སྒྲིབ་པ་ཐམས་ཅང་མི་གནས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལྟ་བས་ན་སེམས་ཡོངས ་སུ་སྦྱང་བར་བྱ་བ་དེ་ཉིད་བྱང་ཆུབ་སེམས་དཔའི་བསླབ་པོ་ཡིན་ནོ།། ཞེས་བྱ་བ་འདི་རྣམ་པར་གནས་པ་ཡིན་ནོ།། མི་གཡོ་བའི་སེམས་དང་ལྡན་པ་དེ་ནི་ཕྱི་རོལ་གཡོ་བ་བཟློག་པར་གྱུར་པ་དེའི་ཚེ་དེའི་ཡིས། ་སོ་མོས་ནི་ཞི་ལས་མི་གཡོ་འགྱུར། ཤེས་བཞིན་མེད་པའི་གཞན་གྱི་དབང་དུ་གྱུར་ཅིང་བརྗོད་ངས་པ་ནི་འདོད་པའི་དམིགས་པ་ལྔས་གཞན་དུ་ཁྲིད་པའི་ཕྱིར་སེམས་གཡོ་བར་འགྱུར་རོ།། གང་གི་ཚེ་དྲན་པ་དང་ཤེས ་བཞིན་དང་ལྡན་ཞིང་ཕྱི་རོལ་དུ་གཡོ་བ་བཟློག་པར་གྱུར་པ་དེའི་ཚེ་དེའི་དབང་དུ་གྱུར་པས་དམིགས་པ་གཅིག་ལ་བཏགས་པས་ཇི་སྲིད་དུ་འདོད་པ་དེ་སྲིད་དུ་གནས་ལ། དེ་ལས་སྔ་མ་བཞིན་དུ་ཕན་ཡོན་རྒྱ་ཆེར་འབྱུང་།། ། ་དང་པོ་ཡིན་དུ་ཟིན་ཀྱང་སེམས་ཅན་གྱི་དོན་བཟོད་པ་ཉིད་དེ་དང་བར་བྱེད་པའི་ཕྱིར་རོ།། ཇི་ལྟ་ཞེ་ན། ཀུན་དུ་མི་རྒོད་འཇམ་པ་དང་། རན་ཅིང་མཉེན་པར་སྨྲ་བ་ཡིས།། སྐལ་ཅན་སྐྱེ ་འདུན་པར་འགྱུར།། གཟུང་བར་འོས་པའང་སྐྱོ་བར་འགྱུར།། འདི་ལྟ་སྟེ། སེམས་ཅན་འདུན་པར་བྱ་བ་དེ་ཉིད་བྱང་ཆུབ་སེམས་དཔའི་བྱ་བ་ཡིན་ཏེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་འཕགས ་པ་མཐོང་དགས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཅི་ནས་སེམས་ཅན་རྣམས་ཀྱི་མཐོང་མ་ཐག་ཏུ་དགའ་བར་འགྱུར་བ་དེ་ལྟ་དེ་ལྟར་བསྒྲུབ་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང ་ཆུབ་སེམས་དཔའི་བགྱི་བ་གཞན་མ་མཆིས་ཀྱི་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བར་བྱས་ཏེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་པའི་ཆོས་ཡང་དག་པ་སྤྱོད་པ་ལགས་སོ་ཞེས་གསུངས་པ་ལྟ་བུའོ།། ་དེ་ལྟ་མ་བྱས་ན་ཅི་ཉེས་ཤེ་ན་སྨྲས་པ། དེ་ནི་གཟུང་འོས་མ་ཡིན་ན།། ཐལ་བས་གཡོགས་པའི་མེ་བཞིན་དུ།། འཇིག་རྟེན་རྒྱལ་བའི་མྱུ་གུ་བརྙས་སེམས་ཅན་དམྱལ་ལ་སོགས་པར་སྲེག། སྔར་ཇི་སྐད་དུ་བསྟན་པ་ཡིན་ནོ།། ། ་གང་གི་ཕྱིར་དེ་ལ་བརྙས་པ་དེ་ཉིད་གནོད་པ་ཡིན།། དེ་ཕྱིར་རྒྱལ་བས་སྡོམ་པའི་མདོར།། གང་གིས་སེམས་ཅན་མ་དང་འགྱུར།། དེ་ནི་བསྒྲིམས་ཏེ་རྣམ་སྤང་ཞེས།། དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ།། ཇི་སྐད་དུ ་བྱང་ཆུབ་སེམས་དཔའི་ཡང་དག་པར་སྤྱོད་པ་དེ་གང་ཞེ་ན། བྱང་ཆུབ་སེམས་དཔའ་གང་གི་ཕྱིར་དེ་ལ་སེམས་ཅན་རྣམས་མ་དད་བར་འགྱུར་བའི་གནས་མ་ཡིན་པར་མི་སྤྱོད། ཡུལ་མ་ཡིན་པར་མི་སྤྱོད། དུས་མ་ཡིན་པར ་མཽ་སྨྲ་བ་ཡིན། དུས་མི་ཤེས་པ་མ་ཡིན། ཡུལ་མི་ཤེས་པ་མ་ཡིན། ཚོང་མི་ཤེས་པ་མ་ཡིན་ཏོ། དེ་སེམས་ཅན་རྗེས་སུ་བསྲུང་བ་དང་བདག་གི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྤྱོད་པ་ཕུན་སུམ ་ཚོགས་ཤིང་འཇུསྨྲ་སྨྲ་བ་དང་། ངལ་བུས་སྨྲ་བ་དང་། འདུ་འཛི་མི་མང་བ་དང་། རབ་ཏུ་དབེན་པ་ལ་མངོན་པར་ཕྱོགས་པ་དང་། བཞིན་གྱི་མདོངས་རབ་ཏུ་དང་བ་ཡིན་ཞེས་གསུངས་པ་ལྟ་བུའོ།། དེ་བས་ནི་ཆོས་ཡང ་དག་པར་སྡུད་པའི་མདོ་ལས་ཀྱང་། གང་སེམས་ཅན་སྲུབ་པ་དེ་ཚུལ་ཁྲིམས་སྲུང་བ་ཡིན་ནོ་ཞེས་བསྟན་ཏོ།། ཚུལ་འདིས་ན་དོགས་པར་འགྱུར་བའི་བུད་མིང་དང་ལྷན་ཅིག་ཏུ་དབེན་པའི་གནས་ལ་སོགས་པར་གནས ་བར་མི་བྱའི།། ཞེས་འཇིག་རྟེན་བསྲུང་བ་མཛད་པར་གྱུར་ཏོ།། དེ་ལྟར་ན་ལོངས་སྤྱོད་པའི་བ་ཆུ་འམ་ཐང་ལ་གཅིན་དང་ཕྱི་ས་དང་མཆིལ་མ་དང་རྣག་ལ་སོགས་པ་སྨད་པ་རྣམས་དབེན་ཡང་རུང་མི་དབེན་ཡང་རུང ་སྟེ་ལྷ་དང་མིའི་སེམས་བསྲུང་བའི་ཕྱིར་མི་འདོར་རོ།། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་ཀྱང་། ལྐོག་ཏུ་ལྷ་ག་མར་བྱས་ཏེ་ལྷག་མ་མི་ཟ་བ་དག་ལ་བྱིན་ན་ཡི་དགས་ཀྱི་འགྲོ་བར་འགྱུར་རོ་ཞེས་གསུངས།། ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཀྱང་། མ་དད་པ་སྤང་བའི་ཕྱིར་མདུན་དུ་སོ་ཤིང་བཟའ་བར་མི་བྱ་མཆིལ་མ་དོར་བར་མི་བྱའོ་ཞེས་གསུངས་སོ།། གུས་པ་དང ་འཛེམ་པའི་བྱ་བའི་ཆོ་ག་འདི་ནི་ཚངས་པ་མཚུངས་པར་སྤྱོད་པ་ཉི་ཚེ་ལ་བྱ་བ་མ་ཡིན་གྱི་ཐམས་ཅད་དུ་བྱ་བར་བལྟོའོ།། མདོ་འདིར་ནི་དེ་དག་གི་མདུན་དུ་བྱས་ན་ཉེས་པ་ཤིན་ཏུ་ལྕི་བའི་འཇིགས་པ་བསྟན་པའི ་ཕྱིར་ཚངས་པ་མཚུངས་པར་སྤྱོད་པའི་ཆེད་དུ་བསྟན་པ་ཡིན་ཏེ། ཇི་ལྟར་འདི་ཉིད་ལས་སྒྲ་དྲག་པོ་མི་བྱའོ་ཞེས་གསུངས་པའི་ཆོ་ག་འདི་ཉི་ཚེ་མ་ཡིན་པ་བཞིན་ནོ།། དེ་སྐད་དུ། ཚངས་པས་ཞུས་པའི་མདོ་ལས ་ཀྱང་། བག་སར་བཞིན་དུ་བྱའོ་ཞེས་གསུངས་སོ།། དེ་བཞིན་དུ་སོ་སོར་ཐར་པ་ལས། འཇིག་རྟེན་མ་དང་པར་བྱེད་པར་བསྟན་པ་བརྟགས་ཏེ་བསལ་བར་བྱའོ།། དེ་ལ་རེ་ཞིག་ཁྭ་བཀང་བ་དང་སྒྲར་བཅས་དང ་ཁ་གདངས་ནས་ནི་བཟའ་མོ་བྱ།། རྐང་པ་བརྐྱང་སྟེ་མི་འདུག་ཅིང་།། ལག་པ་མཉམ་དུ་མི་མཉེའོ།། དེ་བཞིན་དུ་རང་གིས་ཀྱང་བརྟགས་པ་དང་། མཐོང་བ་དང་ཐོས་པས་འཇིག་རྟེན་མ་དང་པོར་འགྱུར ་བ་བསྲུང་བར་བྱའོ།། །། བམ་པོ་དྲུག་པ། མ་དང་པར་བྱེད་པའི་ཚིག་སྦེང་བ་ནི་སླ་སྟེ་དྲན་པ་བསྐུལ་བ་ཙམ་གྱི་ཕྱིར་བསྟན་པར་བྱའོ།། འཕགས་པ་བློ་གྲོས་རྒྱ ་མཆིས་ཞུས་པའི་མདོ་ལས། ཚིག་ཞུམ་པ་མེད་པ་ཡིན། ཚིག་སུབ་སུབ་པོ་མེད་པ་ཡིན། ཚིག་ནོག་ནོག་པོ་མེད་པ་ཡིན། འབར་བར་བྱེད་པའི་ཚིག་མེད་པ་ཡིན། ཅོ་འདྲི་བའི་ཚིག་མེད་པ་ཡིན། འདོད་ཆགས ་ཀྱི་རྗེས་སུ་ཆགས་པའི་ཚིགས་མེད་པ་ཡིན། ཕལ་པའི་ཚིགས་མེད་པ་ཡིན། ཀུན་ཏུ་མ་བསྲུངས་པའི་ཚིག་མེད་པ་ཡིན། གནོད་སེམས་འབར་བའི་ཚིག་མེད་པ་ཡིན། འཐབ་པ་དང་རྩོད་པ་དང་། འགྱེད ་པའི་ཚིག་མེད་པ་ཡིན། ཐོབ་ཀྱི་འཇལ་བའི་ཚིག་མེད་པ་ཡིན། ཚིག་འགྱུར་བ་མེད་པ་ཡིན། ཚིག་མི་བརྟན་པ་མེད་པ་ཡིན། མུ་ཚོར་སྨྲ་བའི་ཚིག་མེད་པ་ཡིན། གར་གྱི་ལྗང་མོ་པ་ལྟ་བུའི་ཚིག་མེད་པ ་ཡིན། ངོར་སྐུར་པ་འདེབས་པའི་ཚིག་མེད་པ་ཡིན་ནོ་ཞེས་གསུངས་སོ།། འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་། ཞི་བའི་བློ་གྲོས་བྱང་ཆུབ་སེམས་དཔའི་ངག་ནི། ཆགས་པ་འམ ་སྡང་བ་འམ། རྨོངས་པ་འམ། ཉོན་མོངས་པ་འམ། ཐོགས་པ་འམ་ཉེ་བར་ཐོགས་པ་འམ། རང་གི་ཕྱོགས་བསྟོད་པའི་ཚིག་གམ། གཞན་གྱི་ཕྱོགས་ཚར་གཅང་པོའི་ཚིག་གམ། བདག་བསྟོད་པ་ལ་རྗེསུ ་ཆགས་པའི་ཚིག་གམ། གཞན་གྱི་བསྟོང་པ་ལ་བར་དུ་གཅོད་པའི་ཚིག་གམ། ཁ་འོག་ཏུ་ལུས་འཁྲུས་པར་མི་བྱེད་པའི་ཚིག་གམ། མངོན་པའི་ང་རྒྱལ་གྱིས་བརྡ་སྤྲོད་པའི་ཚིག་མི་འབྱིན་ཞེས་བྱ་བ་ལ་སོགས ་པ་གསུངས་སོ།། འཕགས་པ་སྲ་བཅུའི་མདོ་ལས་ཀྱང་། ངག་གླང་དག་ཡིད་དུ་མི་འོང་བས་སྙིང་ན་བར་བྱེད་ཅིང་གདུང་བར་བྱེད་པ་དང་། བདག་གི་རྒྱུད་དང་བཞིན ་གྱི་རྒྱུད་མ་རུངས་པར་བྱེད་པའི་ཚིག་གི་རྣམ་པ་དེ་ལྟ་བུ་སྤངས་ཏེ། ངག་འདི་འཇམ་པ་དང་མཉེན་པ་དང་། ཡིད་དུ་འོང་བ་དང་། རྫུན་མ་ཡིན་པ་དང་། རྣར་སྙན་པ་དང་། སྙིང་དུ་སྡུག་པ་དང་། གྲོང ་ཁྱེར་བ་དང་། སྐྱེ་བོ་མང་པོ་ཡིད་དུ་འོང་བ་དང་། ཡོད་དགའ་བར་བྱེད་པ་དང་། ཡིད་ཚིམ་པར་བྱེད་པས་བདག་གི་རྒྱུད་དང་གཞན་གྱི་རྒྱུད་དང་བར་བྱེད་པ་དང་། ལན་ལེགས་པར་གློན་པའི་ཚིག་དང་། ་དུས་སུ་སྨྲ་བ་དང་། ཡང་དག་པར་སྨྲ་བ་དང་། ཆོས་སྨྲ་བ་དང་། རིགས་པ་དང་སྨྲ་བ་དང་། འདུལ་བ་སྨྲ་བ་དེ་ལྟ་བུའི་ཚིག་བརྗོད་དོ།། དེ་ཐ་ན་བཞེང་གང་དུ་བྱ་བའི་ཚིག་ཡོངས་སུ་སྤང་བར་བྱ་བ་ཡང ་ཡོངས་སུ་སྤོང་ན། ཚིག་གི་གཞན་རྣམ་པར་གཡེང་བར་ལྟ་ཅི་སྨོས་ཞེས་བྱ་བའི་བར་དུ་གསུངས་སོ།། འཕགས་པ་ན་མཁའ་མཛོད་ཀྱི་མདོ་ལས་ཀྱང་།། བླ་མའི་ངག་མི་གཅོག་པ་དང་ཕ་རོལ་གྱི ་ཚིག་མི་ཟློག་པས་ཚིག་བཟུང་བར་འོས་པར་འགྱུར་རོ་ཞེས་གསུངས་སོ།། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ན་མཁའ་མཛོད་ཀྱིས་གསོལ་པ་ལས་ཀྱང་། བྱང ་ཆུབ་སེམས་དཔས་གང་གི་སེམས་ཅན་རྣམས་ལ་གནོད་པར་འགྱུར་བའི་ཚིག་དེ་སྨྲ་བ་མི་བགྱིའོ།། གང་གིས་གཞན་ལྔ་གདུང་པར་འགྱུར་བའི་ཚིག་དེ་སྨྲ་བར་མི་བགྱིའོ།། བྱང་ཆུབ་སེམས་དཔས་གང ་གེ་ཞེན་གྱི་འཚལ་བར་མི་འགྱུར་བའི་ཚིག་དེ་སྨྲ་བར་མི་བགྱིའོ།། གང་གཞན་གྱི་དོན་མ་ལགས་པ་དང་། དོན་མ་མཆིས་པའི་ཚིག་དེ་སྨྲ་བར་མི་བགྱི་འོ།། གང་སེམས་ཅན་རྣམས་ཀྱི་སྙིང་ལ་མི་འབབ ་པ་དང་། འཁོར་གོ་བ་མ་ལེགས་པ་དང་། རྣར་མི་སྙན་པའི་ཚིག་དེ་སྨྲ་བར་མི་བགྱིའོ་ཞེས་གསུངས་སོ།། མདོར་ན་གཞན་དད་པར་མི་འགྱུར་བ་བསྲུང་བར་བྱ་བར་འཕགས་པ་བློ་གྲོས་རྒྱ་མཚོས ་ཞུས་པའི་མདོ་ལས་བསྟན་ཏེ། གཞན་ཡང་ཐེག་པ་ཆེན་པོ་སྤྱད་པར་འགྱུར་བུའི་ཆོས་གཅིག་སྟེ། བདག་གི་འཁྲུལ་པ་ལ་རྟོག་པས་སེམས་ཅན་ཐམས་ཅད་རྗེས་སུ་བསྲུང་བའོ་ཞེས་བྱའོ།། ་གང་གིས་སེམས་ཅན་ཐམས་ཅང་སྲུང་བར་བྱེད་པ་འདི་ནི་བདག་ལུས་སྲུང་བ་སྟེ། ཅི་ནས་གཞན་དག་གི་མ་རུངས་པར་མི་འགྱུར་བ་དང་ཅི་ནས་གཞན་དག་མ་རུང་པར་མི་འགྱུར་བའོ།། གཞུང་རྒྱས་པ་འདིའི ་དོན་བསྡུས་པ་འདི་ནི་བྱང་ཆུབ་སེམས་དཔས་ཡིད་ཀྱི་རྟག་ཏུ་གཟུང་བར་བྱ་སྟེ། ཤིན་ཏུ་ངེས་ཤིང་རབ་དད་དང་། བརྟན་ཞིང་གུས་བཅས་ཞེ་སར་བཅས། ངོ་མཚར་ལྡན་ཞིང་འཇིགས་བཅས་དང་། ཞི ་ཞིང་གཞན་དགའ་བྱེད་ལ་བརྩོན།། ཕན་ཚུན་མི་མཐུན་བྱིས་པ་ཡི།། འདོད་པ་རྣམས་ཀྱིས་མི་སྐྱོ་ཞིང་།། ཉོན་མོངས་སྐྱེས་པ་འདི་དག་གི། སེམས་འདི་ཡིན་སྙམ་བརྩེག ་ལྡན་དང་། ཁ་ན་མ་ཐོ་བ་མེད་དངོས་དང་།། བདག་དང་སེམས་ཅན་བྱས་ནས། སྤྲུལ་པ་བཞིན་དུ་ང་མེད་པར།། ཡིད་ནི་རྟག་ཏུ་བཟུང་བ.རོ་བྱ་ཞེས་བྱ་བའོ།། འདི་བདག་བསྲུང་བ་འདི་དེ་ཙམ་དུ་ཟད་ངམ་ཞེ་ན་མ ་ཡིན་ནོ།། འོ་ན་ཅི་ཞེ་ན། སྨན་དང་གོས་ལ་སོགས་བཅས་པས།། དེ་ལ་སྨན་ནི་རྣ་མ་པ་གཉིས་ཏེ། གཏན་དུ་བའི་སྨན་དང་ན་བའི་རྐྱེན་སྨན་ནོ།། དེ་ལ་གཏན་དུ་བའི་དབང་དུ་བྱས་ཏེ། འཕགས་པ་དཀོན ་མཆོག་སྤྲིན་ལས་བསོད་སྙོམས་དེ་ལས་ཆ་གཅིག་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་སྤྱིར་བཞག་གོ། གཉིས་པ་ནི་སྡུག་བསྔལ་བ་རྣམས་ཀྱི་སྤྱིར་བཞག་གོ།། གསུམ་པ་ནི་སེམས་ཅན་ལོག་པར་ལྟུང་བ ་རྣམས་ཀྱི་སྤྱིར་བཞག་གོ། ཆ་བཞི་པ་ནི་བདག་ཟའོ།། དེ་ཟ་བ་ན་འདོད་ཆགས་མེད་པར་ཟ་སྟེ་ཆགས་པར་མ་ཡིན་བསྐམ་པར་མ་ཡིན་ཞེན་པར་མ་ཡིན་གྱི་གཞན་དུ་ནཱ་ཇི་ཙམ་དུ་ལུས་གནས་པར་འགྱུར་བ་དང་འཚེ ་བར་བྱ་བའི་ཕྱིར་ཟ་སྟེ། ཇི་ལྟར་ཧ་ཅང་ཡང་ཉམས་དམའ་བ་དང་ཧ་ཅང་ལུས་ལྕི་བར་མི་འགྱུར་བ་དེ་ལྟར་ཟའོ།། དེ་ཅིའི་ཕྱིར་ཞེ་ན། ཧ་ཅང་ཡང་ཉམས་དམས་ན་ནི་དགེ་བའི་ཕྱོགས་ལ་རྒྱབ་ཀྱིས་བལྟས་པར ་འགྱུར་རོ།། ལུས་ཧ་ཅང་ཡང་ལྕིས་ནུ་ན་གཉིད་ཀྱིས་ནོན་པར་འགྱུར་རོ།། དེ་བས་ན་བསོད་སྙོམས་དེ་ཟོས་ནས་དགེ་བའི་ཕྱོགས་ལ་མངོན་དུ་ཕྱོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སྷོ། ་འཕགས་པ་རིན་ཆེའི་ཕུང་པོ་ལས། དེས་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་དུ་བསོད་སྙོམས་སྤྱོད་པ་ན་ཆོས་ཀྱི་གོ་ཆ་བགོས་ལ་བསོད་སྙོམས་སྤྱད་པར་བྱའོ།། དེ་ལ་ཆོས་ཀྱི་གཽ་ཆ་གང་ཞེ་ན། མིག་གིས་ཡིད་དུ ་འོང་བའི་གཟུགས་རྣམས་མཐོང་ན་རྗེས་སུ་ཆགས་པར་མི་བྱའོ།། ཡིད་དུ་མི་འོང་བའི་གཟུགས་རྣམས་མཐོང་ན་ཁོང་ཁྲོ་བར་མི་བྱའོ།། དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་པ་ཡིད་དུ་འོང་བ་དང་ཡིད་དུ་མི་འོང ་བ་རྣམས་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བར་མི་བྱའོ།། དབང་པོ་ཤིན་ཏུ་བསྡམས་པ་དང་མིག་མི་གཡེང་བ་དང་གཉའ་ཤིང་གོང་ཙམ་དུ་བལྟ་བ་དང་དུལ་བ་དང་ཅང་ཤེས་ཀྱི་སེམས་དང་སྔོན་ཡིད་ལ་བྱེད་པའི ་ཆོས་མི་འདོར་བ་དང་ཟང་ཟིང་གིས་མ་འབུགས་པའི་རྒྱུད་ཀྱིས་བསོད་སྙོམས་སྤྱདེ་པར་བྱའོ།། མཐར་ཆགས་སུ་བསོད་སྙོམས་བླང་བར་བྱའོ།། གང་ནས་བསོད་སྙོམས་རྙེད་པ་དེང་རྗེས་སུ་ཆགས་པར་མི་བྱའོ།། ། ་གང་ནས་མ་རྙེད་པ་དེར་ཡང་ཁོང་ཁྲོ་བར་མི་བྱའོ།། ཁྱིམ་བཅུར་བླངས་པ་ལས་ཁྱིམ་བཅིག་པ་ལས་བསོད་སྙོམས་མ་རྙེད་ན་ཡང་ཡོངས་སུ་མི་ཆད་པར་མི་བྱ་བའི། དེ་འདི་སྙམ་དུ་བྲམ་ཟེ་དང་ཁྱིམ་བདག ་འདི་དག་ནི་བྱ་བ་མང་བ་དག་ཡིན་པས་དེ་དག་གིས་བདག་ལ་སྨྱོན་པར་ངེས་པ་མེད་དེ་དག་བདག་ལ་སེམས་པ་ཡང་ངོ་མཚར་ཆེན་བསོད་སྙོམས་སྦྱིན་པ་ལྟ་སྨོས་ཀྱང་ཅི་དགོས ་སྙམ་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། དེས་དེ་ལྟར་ཡོངས་སུ་ཡིད་ཆད་པ་མེད་པར་བསོད་སྙོམས་སྤྱད་པར་བྱའོ།། སེམས་ཅན་གང་དག་དེའི་མིག་ལམ་དུ་སྣང་བར་གྱུར་པ་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ ་དང་ཐ་ན་དུང་འགྲོའི་སྐྱེ་གནས་སུ་འོང་བ་དེ་དག་ལ་ཡང་བྱམས་པ་དང་སྙིང་རྗེའི་སེམས་བསྐྱེད་པར་བྱའོ།། ཇི་ནས་ཀྱང་སེམས་ཅན་གང་དག་བདག་གི་མིག་ལམ་དུ་སྣང་བར་གྱུར་པ་འམ་བསོད་སྙོམས་སྦྱིན་པ ་དེ་དག་མཐོ་རིས་སུ་འགྲོ་བར་འགྱུར་པ་དེ་ལྟར་བྱའོ།། དེ་ལྟར་བརྩོན་པར་བྱའོ།། ངེས་བསོད་སྙོམས་ངན་ནམ་བཟང་ཡང་རུང་བླངས་ཏེ། གྲོང་དང་གྲོང་ཁྱེར་རམ་གྲོང་རྡལ་འདི་ན་བདག་གི་བསོད་སྙོམས་འདི ་ལ་བགྲོ་བཤའ་བྱ་དགོས་པའི་སེམས་ཅན་དབུལ་པོ་སུ་ཡོད་སྙམ་དུ་ཕྱོགས་བཞི་ཀུན་ཏུ་བལྟ་བར་བྱའོ།། གལ་ཏེ་སེམས་ཅན་དབུལ་པོ་ཞིག་མཐོང་ན་དེས་བསོད་སྙོམས་དེ་ལ་བགོ་བཤའ་བྱའོ།། ་གལ་ཏེ་སེམས་ཅན་དབུལ་པོ་མ་མཐོང་ན་ངེས་འདི་ལྟར་བདག་གི་མིག་ལོམ་དུ་སྣང་བར་མི་གྱུར་ཏེ། མི་སྣང་བའི་སེམས་ཅན་དེ་དག་ལ་བསོད་སྙོམས་ཀྱི་ཐོག་མའི་ཆ་སྐལ་སྦྱིན་གྱིས་བྱིན་པ་ལེན་པ་དག་ཡོངས ་སུ་སྤྱོད་ཅིག་སྙམ་དུ་སེམས་བསྐྱེད་ལ། དེ་བསོད་སྙོམས་དེ་ཁྱེར་ཏེ། དགོན་པའི་གནས་དེར་སོང་ལ་ལྷུང་བཟེད་དང་ལག་པ་བཀྲུས་ཏེ། དགེ་སྦྱོང་གི་སྤྱོད་པ་ཆོ་ག་དང་ལྡན་པའི་སྤྱོད་པས་བཟང་པོས་བྱིན་གྱིས་བརླབས ་ལ་དེས་སྐྱིལ་མོ་ཀྲུང་བཅས་ཏེ་བསོད་སྐོམ་དེ་བཟའ་བར་བྱའོ།། དེ་བཞིན་དུ་སྦྱར་ཏེ། ཟས་ཟོས་ནས་འདི་སྙམ་དུ་ལུས་འདི་ལ་སྲིན་བུའི་རིགས་བརྒྱད་ཁྲི་ཡོད་པ་དག་འདིའི་མཐུས་བདེ་བར་གནས་པར་གྱུར་ཅིག། ད་ལྟ་ནི་འདི ་དག་ཟང་ཟིང་གིས་བསྡུ་བར་བྱའོ།། བྱང་ཆུབ་ཐོབ་ནས་ནི་ཆོས་ཀྱིས་བསྡུ་བར་བའོ་སྙམ་དུ་སེམས་བསྐྱེད་པར་བྱའོ།། གལ་ཏེ་དེའི་ཉུང་བར་གྱུར་ན་དེས་འདི་སྙམ་དུ་ཁ་ཟས་ཉུང་བས་ནི་བདག་གི་ལུས་ཡང་དག་པར ་འགྱུར་བ་སློང་བ་བཟོད་པར་འགྱུར་བདག་གི་གཤད་ཅི་འབྱུང་བ་ཉུང་བར་འགྱུར་བདག་ལ་དད་པས་བྱིན་པ་ཆུང་པོར་འགྱུར་བདག་གིས་ལུས་ཡང་བ་དང་སེམས་ཡང་བར་འགྱུར། བདག་རྨུགས་པ་དང་གཉིད་ཆུང ་བར་འགྱུར་རོ་སྙམ་དུ་སེམས་བསྐྱེད་པར་བྱའོ།། དེ་བཞིན་དུ་སྦྱར་ཏེ། གལ་ཏེ་དེས་བསོད་སྙོམས་ཡང་ཞིག། རྙེད་ནི་དེ་ལ་ཡང་རན་པར་བཟའ་བར་བྱའོ།། དོར་བའི་ཆོས་ཉིད་དུ་ཡང་བྱ་སྟེ། བསོད་སྙོམས་དེ་ལས ་རྡོ་ལེབ་གང་ཡང་རུང་བའི་སྟེང་དུ་གཏོར་ལོ་འདི་སྙམ་དུ་གཅན་གཟོན་དང་བྱའི་ཚོ་གས་གང་ལ་ལ་ཟང་ཟིང་གི་ཟས་འདོད་པ་བྱིན་ནས་ལེན་པ་དེ་དག་བྱིན་པའི་སྦྱིན་པ་བྱིན་པ་འདི་ལ་ཟེ་ཞིག་སྙམ་དུ་སེམས་བསྐྱེད་པར་བྱའོ། ་ཞེས་གསུངས་སོ།། ཡང་བཀའ་སྩལ་པ། དུས་ཁྭ་ཟས་བཟང་པོ་རྣམས་ལ་རོ་བྷཱ་བའི་འདུ་ཤེས་ཐམས་ཅད་དུ་བསྐྱེད་པར་མོ་བྱུག།། ངོས་འདི་ལྟར་བདག་གིས་གངོས་བུ ་ལྟ་བུ་དང་ལུས་དང་སེམས་གཙང་མར་བྱའི་ཁ་ཟས་ཀྱི་ལུས་གཙང་མར་ནི་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཟས་བཟང་པོ་ཇི་སྙེད་ཅིག་ཟོས་ཀྱང་དེ་ཐམས་ཅད་ནིནོ་ཐ་མར་རྣག་ཏུ་ཟག་གོ།། ཐ་མར་མི་མཐུན་ནོ།། ་མཱམར་དཱི་ང་བའོ།། དེ་ལྟ་བས་ན་བདག་གིས་ཟས་བཟང་པོ་འདོད་པ་མི་བྱའོ་སྙམ་དུ་བསླབ་པར་བྱའོ་དེ་བཞིན་དུ་སྦྱར་རོ།། དེས་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་ལ་སྐྱེས་པ་བསོད་སྙོམས་སྟེར་གྱི་བུད ་མེད་ནི་མ་ཡིན་ནོ་ཞེ་འམ། བདག་ལ་བུད་མེད་བསོད་སྙོམས་སྟེར་གྱི་སྐྱེས་པ་ནི་མཱ་ཡིན་ནོ་ཞེ་འམ། བདག་ལ་ཁྱིའུ་བསོད་སྙོམས་སྟེར་གྱི་བུ་མོ་ནི་མེ་ཡིན་ནོ་ཞེ་འམ། བདག་གིས་བཟང་པོ་ལ་བུ་མོ་བསོད ་སྙོམས་སྟེར་གྱི་ཁྱིའུ་ནི་མ་ཡིན་ནོ་ཟླའམ། བདག་གིས་བཟང་པོ་རྙེད་ཀྱིས་ངན་པ་ནི་མ་ཡིན་ནོ་ཞེ་འམ། བདག་གིས་བསྟི་སྟང་དུ་བྱས་ནས་རྙེད་ཀྱིས་བསྟི་སྟང་མ་བྱས་པར་ནི་མ་ཡིན་ཞེ་འམ། བདག་གིས་བདེ ་ཐུག་ཏུ་རྙིང་ཀྱོ་ཤོ་ཟང་བར་ནི་མི་ཡིན་ནོ་ཞེ་འམ། བདག་ལ་སྐྱེས་པ་དང་བུད་མེད་དང་། ཁྱེའུ་དང་བུ་མོས་སུ་བར་འགྱུར་རོ་ཞེ་འམ། ཕྱིན་མ་ཐག་ཏུ་བང་གི་ལཾ་སེམས་པར་འགྱུར་རམ། བདག་སྡོང་དགོས་པར་འགྱུར ་རས་ཤིན་ཏུ་བརྡེགས་པ་རྙེད་པར་འགྱུར་རམ། བདག་གིས་བཟང་པོའི་རོ་སྣ་ཚོགས་དང་ལྡན་པ་རྙེད་པར་འགྱུར་གྱི་དབུལ་པོའི་ཟས་ལྟ་བུ་ངན་པ་ནི་རྙེད་པ་མ་ཡིན་ནོ་སྙམ་དུ་དེས་མི་དགའ་བ་ཡིད་ལ་བྱེད་པ་ཐམས ་ཅད་བསྐྱེད་པར་མི་བྱའོ།། དེ་བཞིན་དུ་སྦྱར་ཏེ། སེམས་ཅན་ཕལ་ཆེ་རི་ནི་རོ་ལ་བཱརྐ་མེ་སྟེ་ཟས་ཀྱི་ཕྱིར་སྡིག་པའི་ལས་རྣམས་བྱས་ནས་སེམས་ཅན་དམྱལ་བར་སྐྱེའོ།། གང་དག་ཆོག་ཤེས་པོ་མི་བརྐམ་པ ་མ་ཞེན་པོ་རོ་ལ་མི་གདུང་བ་ལྕེའི་དབང་པོ་ཚིག་ཤེས་པ་ཟས་ངན་ངོམ་ཇི་ཙམ་གྱིས་ཀྱང་འཚོ་བ་དེ་དག་ནི་ཤྲཱི་འཕོས་ཏེ་ཤི་བིའི་དུས་བྱས་ནས་མཐོ་རིས་སུ་སྐྱེ་བར་འགྱུར་ལྷ་དང་མི་རྣམས་ཀྱི་ནང་དུ་བདེ་འགྲོར ་འགྲོ་བར་འགྱུར་ལྷར་སྐྱེས་ནས་བདུད་རྩི་ཟ་བར་འགྱུར་རོ།། འོད་སྲུངས་དེ་ལྟར་ན་བསོད་སྙོམས་སྤྱོད་པའི་དགེ་སློང་གིས་རོ་ལ་སྲེད་པ་ཟློག་སྟེ། སེམས་ངེས་པར་སེམས་པས་ལྒད་ཟན་ཞག་བདུན་ལེན་པ་ཟ ་ཡང་ཡིད་ཆད་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ལུས་གསོ་བ་དང་འཕགས་པའི་ལམ་གྱི་ཚོགས་བསགས་པའི་དོན་དུ་བདག་གི་ཟས་བཟའོ་སྙམ་པའི་ཕྱིར་རོ།། དེ་བཞིན་དུ་སྦྱར་ཏེ། འོད་སྲུངས་གལ་ཏེ ་སྤྲིན་འདུས་ཤིང་ཆར་འབབ་སྟེ། བསོད་སྙོམས་སྤྱོད་པའི་དགེ་སློང་བསོད་སྙོམས་ལ་འཇུག་མི་ནུས་པའི་དུས་ཀྱི་ཚེ། བྱམས་པའི་ཟས་ཀྱི་གོ་བགོས་ཏེ། ཆོས་སེམས་པ་ཡིད་ལ་བྱེད་པ་ལ་གནས་ཞག ་གཉིས་སམ་ཞག་གསུམ་ཞིག་ཟན་ཆད་ན། འདི་ལྟར་ཡི་དགས་གཤིན་རྗེའི་འཇིག་རྟེན་པ་ཉེས་པར་བྱེད་པའི་ལས་བྱས་པ་གང་དག་ལོ་བརྒྱར་ཡང་མཆིལ་མའི་ཐལ་བ ་འགའ་བཟར་མི་རྙེ་པ་དག་ཀྱང་ཡོད་དེ། དེ་ལྟ་བས་ན་བདག་ཚུལ་བཞིན་དུ་ཆོས་སེམས་པ་ལ་གནས་པས། ལུས་ཉམ་ཆུང་བ་འམ་སེམས་ཉམ་ཆུང་པོ་སྐྱེད་པར་མི་བྱ་སྟེ། དཀྲིས་པ་དང་སྙོམས་པས་ཇི ་མི་སྙམ་པར་བྱའོ།། འཕགས་པའི་ལམ་བསྒོམ་པ་ལ་བརྩོན་འགྲུས་རྒྱན་མི་འཆད་པར་བྱའོ་སྙམ་དུ་འདུ་ཤེས་བསྐྱེད་པར་བྱའོ།། དེ་བཞིན་དུ་སྦྱར་ཏེ། ཁྱིམ་གང་ན་བསོད་སྙོམས་གཅེང་མ་བྱེད་པའི་ཁྱིམ་དེར ་སྟན་ལ་འདུག་སྟེ་བསོད་སྙོམས་གཙང་མ་བྱེད་མ་ཟིན་གྱི་བར་དུ་ཆོས་ཀྱི་གཏམ་བརྗོད་པར་བྱའོ།། དེ་ནས་བསོད་སྙོམས་དེ་བླངས་ལ་སྟན་ལས་ལངས་ཏེ་འགྲོ་བར་བྱའོ།། འོད་སྲུངས་བསོད་སྙོམས་སྤྱོད་པའི ་དགེ་སློང་གིས་འཁོར་བར་མི་བྱ་ཁ་གསགོ་མི་བྱ་ཚུལ་འཆོས་པར་མི་བྱའོ།། དེ་ལ་འཁོར་པོ་གང་ཞེ་ན། གང་གཞན་དག་ལ་ཚིག་འདི་སྐད་སྨྲ་བ་སྟེ། བདག་གི་བསོད་སྙོམས་ནི་ངན་པའོ་བདག་གི་བསོད ་སྙོམས་ནི་རྩུབ་པའོ།། བདག་གིས་སྔོན་འདི་ལྟོ་བུ་དང་མ་འདྲངས་པར་མ་ཟོས་སོ།། བདག་གི་བསོད་སྙོམས་ནི་སྐྱེ་བོ་མང་པོ་དང་ཐུན་མོང་དུ་བྱས་སོ།། བདག་གིས་ཉུང་ཞིག་ཟོས་ཏེ་བདག་མ་འདྲངས ་བས་བདག་གིས་ལུས་ཉམ་ཆུང་ངོ་ཞེས་བྱ་བ་སྟེ་འདི་ལྟར་འཁོར་བའི་མཚན་མ་གང་ཅི་ཡང་རུང་བ་འདི་ལྟ་བུ་འདི་ནི་སེམས་ཀྱི་ཚུལ་འཆོས་པ་ཞེས་བྱ་སྟེ། དགེ་སློང་བསོད་སྙོམས་སྦྱོང་བས་དེ་དག་ཐམས་ཅད་མི ་བྱའོ།། གང་ལྷུང་བཟེད་དུ་འོང་པ་ངན་ཀྱང་རུང་བཟང་ཡང་རུང་མང་ཉུང་ཡང་ཡ་རུང་མང་ཡང་རུང་གཙང་ཡང་རུང་མི་གཙང་ཡང་རུང་སྟེ་བཟའ་བར་བྱའོ།། ཡོངས་སུ་གདུང་བ་མེད་པ་དང་། བསྡམ་པ་ཡོངས་སུ་དག ་པ་དག་པ་དང་ཆོས་ངེས་པར་སེམས་པ་མང་བ་དང་། ལུས་གསོ་བ་དང་འཕགས་པའི་ལམ་ཉེ་བར་བསྟན་པའི་ཕྱིར་དེས་བསོད་སྙོམས་བཟའ་བར་བྱའོ་ཞེས་བྱ་བའོ།། དེ་སྐད་དུ་དྲག་ཤུལ་ཅན་གྱིས་བྱིན་པས་ཞུས ་པའི་མདོ་ལས་ཀྱང་། གང་ལྔ་ལ་བསོད་སྙོམས་བླངས་ཏེ། བདག་དང་གཞན་གྱི་དོན་རྫོགས་པར་བྱེད་ནུས་ན་ངས་བྱང་ཆུབ་སེམས་དཔའ་མགྲོན་དུ་འགྲོ་བར་གནད་དོ་ཞེས་གསུངས།། དེ་ལྟར་རེ་ཞིག་རྟོག་ཏུ་བའི་སྨན ་གྱིས་ལུས་བསྲུང་བར་བྱ་བ་ཡིན་ནོ།། དེ་ལ་ཡང་ཉ་དང་ཤས་ནི་མ་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལོས་བཀག་པའི་ཕྱིར་རོ།། འདི་ལྟར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ ་ཐམས་ཅད་མི་བཟའོ་ཞེས་བཤང་ངོ་།། དེ་བཞིན་དུ་སྦྱར་ཏེ། འཁྲུལ་པ་དང་ནི་གཉེན་བཤེས་དང་། ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར།། འབྱུང་པོ་རྣམས་ནི་དངང་འགྱུར་བས། རྣལ་འབྱོར་ཅན་གྱིས་ཤ་མི་བ.རལ ་ཤ་རྣམས་དང་ནི་སྒྲོག་བཙོང་དང་།། རྒྱུང་དག་རྣམ་པ་སྒྲ་ཚོགས་དང་།། ཀེའུ་དང་སྒྲོག་སྒྱུ་དེ་བསྦྱིན་དུ།། རྣལ་འབྱོར་ཅན་གྱི་རྟག་ཏུ་སྲུང་།། འབྲུ་མར་གྱིས་ཀྱང་བྱུག་པ་སྤང་། ་ཁྲི་ལ་བརྟེན་པའི་སེམས་ཅན་རྣམས།། བུ་ག་བུ་གར་འཇིག་འགྱུར་ཕྱིར།། ཁྲི་ལ་ཉལ་བར་མི་བྱའོ།། དེ་བཞིན་དུ་སྦྱར་ཏེ། ཁེ་ཡི་ཕྱིར་ན་སེམས་ཅན་བསོད།། ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད།། དེ་དག་གཉི་ག་སྡིག ་ལས་ཅན།། ངུ་འབོང་བྱེད་ལ་སོགས་པར་བཙོ།། གང་གིས་ཐུབ་པའི་ཚིག་འདས་ཏེ།། བསམ་པ་ངན་པས་ཤ་ཟ་ནོ།། འཇིག་རྟེན་གཉིས་ནི་བཤིག་པའི་ཕྱིར།། ཤཱཀྱའི་བསྟན་ལས་བརྟུལ་ཞུགས་བླངས། ཤིན ་ཏུ་མི་བཟང་དམྱལ་བར་ཡང་།། སྡིག་པའི་ལས་ཅན་དེ་དག་འདོང་།། མྱ་རུངས་ངུ་འབོད་ལ་སོགས་སུ།། ཤ་ཟ་དེ་དག་བཅཝོ་པར་འགྱུར།། རྣམ་གསུམ་དག་པའི་ཤཱ་རྣམས་ནི།། མ་བརྟགས་པ་དང་མ་བསླངས་དང ་མ་བསྐུལ་བ་ཡོང་ཡོང་མེད་པས།། དེ་བས་ཤྭ་ནི་མི་བཟའོ།། རྣལ་འབྱོར་ཅན་གྱིས་ཤ་མི་བཟའ།། དྲི་དང་སངས་རྒྱས་དག་གིས་བཤང་།། སེམས་ཅན་གཅིག་ལ་གཅིག་ཟ་བ།། ཤ་ཟླ་དག་གི་རིགསུ་སྐྱེ།། དྲི་མི ་ཞིམ་ཞིང་སྨད་པ་དང་།། སྨྱོན་པ་རྣམས་སུ་སྐྱེ་བར་འགྱུར།། གདོལ་པོ་སྨེ་ཤ་ཅན་རིགས་དང་།། བཙོ་བླག་མཁན་དུ་ཡང་ཡང་སྐྱེ།། མཁའ་འགྲོ་རིགས་ཀྱི་སྐྱེ་གནས་དང་།། ཤ་ཟའི་རིགས་སུ་སྐྱེ་བར་འགྱུར།། ་མི་ཡི་ཐ་མ་དེ་དག་ནི།། སྲིན་དང་བྱི་ལའི་མུངལ་དུ་སྐྱེ།། གླང་པོ་རྩལ་དང་སྦྱིན་ཆེན་དང་།། མྱ་ངན་འདས་དང་སོར་ཕྲེང་དང་།། ལང་ཀར་གཤེགས་པའི་མདོ་ལྔས་ཀྱང་།། དུས་ནི་ཤ་ཡང་རྣམ་པར་སྤངས།། སངས ་རྒྱས་བྱང་ཆུབ་སེམས་དཔའ་དང་།། ཉན་ཐོས་རྣམས་ཀྱིས་སྨད་པ་ལ།། ངོ་མི་ཚེ་བར་ཟ་བ་ནི།། རྟག་ཏུ་སྨོན་པར་སྐྱེ་བར་འགྱུར།། ཤ་ལ་སོགས་པ་སྤང་བའི་ཕྱིར།། བྲམ་ཟེའི་རིགས་དང་རྣལ་འབྱོར་ཅན།། ཤེས ་རཱབ་ཅོན་དང་ནོར་ལྡན་པར།། དེ་དག་རྣམས་ནི་སྐྱེ་བར་འགྱུར།། མཐོང་དང་ཐོས་དང་དོགས་པ་ཡིསན་རྣམས་ཐམས་ཅད་རྣམ་པར་སྨད།། ཤ་ཟན་རིགསོ་སུ་སྐྱེས་པ་ཡིས།། རྟོག་གི་པ་རྣམོས་མི་ཤེས་སོ།། ་ཇི་ལྟར་འདོད་ཆགས་ཐར་པ་ལ།། བར་ཆད་བྱེད་པར་འགྱུར་བ་བཞིན།། དེ་ལྟར་ཤེ་དང་ཆང་ལ་སོགས།། བར་ཆད་བྱེད་པར་འགྱུར་བའོ།། མ་འོངས་པ་ཡི་དུས་ན་ནི།། ཤ་ཟ་གཏི་མུག་སྨྲ་བ་དག། ཤ་ནི་སྡིག་མེད་རུང ་བའོ་ཞེས།། སངས་རྒྱས་རྣམས་ཀྱི་བཤད་ཅེས་ཟེར།། ཟས་ལ་སྨན་དང་འདྲ་བ་དང་། བུ་ཡི་ཤ་དང་མཚུངས་པ་ཡང་། རན་པ་དང་ནི་མཱི་འཕྲོད་པར།། རྣལ་འབྱོར་ཅན་གྱི་ཟས་ལ་སྦྱོང་།། སེང་གེ་དག་དང་སྐྲག ་རྣམས་དང་།། ཝ་ལ་སོགས་དང་འགྲོགས་འགྱུར་བར།། ངས་ནི་བྱམས་པས་གནས་པ་ལ།། རྟག་པར་རྣམ་པ་ཀུན་ཏུ་སྨད།། ཐར་པའི་ཆོས་དང་འགལ་བའི་ཕྱིར།། མི་རྣམས་དངོང་བར་འགྱུར་བའི་ཤ།། དེ་ཕྱིར ་བཟ་བཱར་མཱི་བྷཱ་སྟྭཾ།། འདྲི་ནི་འཕགས་པའི་རྒྱལ་མཚན་ནོ་ཞེས་གསུངས་སོ།། ཡེ་ཤེས་ལྡན་ཀ་འུ་ལས།། ཤ་ཟ་བ་གླང་འབྱུང་བ་དེ་ནི་དོན་ཆེན་པོ་བསྒྲུབ་པའི་ཕྱིར་ཉེས ་པ་མེད་དེ། དེ་ལ་འདི་སྐད་དུ། དགེ་སློང་འདི་ནི་འཆི་བའི་དུས་བགྱིས་ན། ཛམྦྷའི་གླིང་དུ་ཏིང་འཛིན་སྒྲ་ཡང་ནི།། སེམས་རྣམས་ལེ་རྟག་ཏུ་ནུབ་པར་འགྱུར།། འདིས་གསོས་པས་ནི་ཏིང་འཛིན་རྣམས་ཀྱང་ཐོག། ་ཅེས་གསུངས་སོ།། དེ་ནི་སྙིང་རྗེ་ཆེན་པོ་ལ་མངོན་པར་བརྩོན་པ་སྟེ། དེ་ལ་བྱམས་པ་མེད་དུ་མི་དོགས་པས་ཉེས་པ་མེད་དོ།། འཕགས་པ་དཀོན་མཆོག་སྦྱིན་ལས། དུར་ཁྲོད་པས་ཤཱུ་དང་འབགས་པ་མེད་པར་བྱ ་ཞེས་གསུངས་པ་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་རང་བཞིན་ཅན་གྱི་སེམས་ཅན་གྱི་དོན་དུ་བསྟེན་པའི་ཕྱིར།། འདུ་ལྟ་བ་ལས་དེ་ལ་རྣམ་པ་གསུམ་ཡོངས་སུ་དག་པ་ཟོས་ན་སྤོང་བའི་བར་ཆུད་དུ་མི་འགྱུརརོ ་ཞེས་གང་གནང་བ་དེ་ནི་ཡོངས་སུ་སྤངས་པས་དག་པར་ལྟ་བ་རྣམས་ཀྱི་མངོན་པའི་ང་རྒྱལ་བསེལ་བ་དང་། སྐལ་བ་ཡོད་ཀྱང་དེ་ལ་ཆགས་པས་བསྟན་པ་ལ་འཇུག་མི་ནུས་པ་སྤངས་པའི་ཕྱིར་རོ།། དྲི་སྐད་དུ་ཡང ་ཀར་གཤེགས་པའི་མདོ་ལས་ཀྱང་། བསྟན་པ་བརྗོད་པ་དེ་དང་དེ་ལས་བསླབ་པའི་གཞི་རིམ་པར་བཅའ་བ་སྐས་ཀྱི་རྡང་བུ་བྲེ་བའི་ཚུལ་དུ་རྣམ་པ་གསུམ་བཅས་ནས་དེའི་ཚོད་དུ་བྱས་པ་རྣམས་བཀག་སྟེ་དེ་ནས ་རང་ཤི་བའི་བཅུའི་ཤ་ཡང་བཀག་གོ་ཞེས་གསུངས་སོ།། རྟག་ཏུ་པའི་སྨན་བཤད་ཟིན་ཏོ།། ན་བའི་གསོས་སྨན་ཡང་བརྗོད་པར་བྱ་བ་ཉིད་དོ།། བདག་གི་དོན་དང་ཚངས་པར་སྤྱོད་པ་གནས་པར་བྱ་བའི་ཕྱིར་ཉན་ཐོས་ཀྱི་འདུལ ་བ་ལས་ཀྱང་། ལྷུང་བཟེད་དང་ཆོས་གོས་ཀྱང་བཙོད་ལ་ལུས་གཟུང་བར་གསུངས་ན།། སྐྱེ་བོ་དཔག་ཏུ་མེད་པ་ཡོངས་སུ་བསྒྲུབ་པའི་རྒྱུ་བྱང་ཆུབ་སེམས་དཔའི་ལུས་ལྟ་ཅི་སྨོས་ཏེ། དལ་བའི་དགའོ་བ་ཕུན་སུམ་ཚོགས ་པ་འདི་ལྟ་བུ་ནི་རྙེད་པར་དཀའོ།། དེ་རབ་ཏུ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་དྲོང་དེར་བདག་ཉིད་སྨན་ལ་ཉེ་བར་སྦྱོར་བར་བསྟན་ཏོ།། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། དེ་ནམ་ཚོང་བཟང་བར ་གྱུར་པ་དེའི་ཚེ། ཉི་ཚེད་ཡོད་དམ་མེད་ཀྱང་རུང་སྟེ། དེ་དོག་གིས་ལུས་གསོ་བའི་ཡོ་བྱད་འདི་ལྟ་སྟེ། མཱར་རམ། འབྲུ་མུར་རོམོ། སྦྲང་རྩི་འམ། བུ་རམ་ནཱ་མ། རྩ་བའི་ཁུ་བ་འམ། སྡོང་པོའི་ཁུ་བ་བམ?། འབྲས་བུའི ་ཁུ་བ་དེ་ལྟ་བུ་དག་བཟར་མི་རུང་སྟེ། གཞན་ཟ་བ་མཐོང་ནས་ཡང་ཁོང་ཁྲོ་བའི་སེམས་དང་འཇུངས་པའི་སེམས་ཀྱང་མི་སྐྱེད་དོ།། ཡང་གལ་ཏེ་ཟས་ཕྱིས་མི་ལེན་པའི་བྱང་ཆུབ་སེམས་དཔའ་དེ་ཇི་ལྟ་བུའི་ནད་ཀྱི ་སྲོག་གི་བར་ཆད་དུ་འགྱུར་བ་འམ། དགེ་བའི་ཕྱོགས་ཀྱི་བར་ཆད་དུ་འགྱུར་ཏེ། ན་ཚབས་ཆེན་དེས་འགྱོད་པ་མེད་ཅིང་ཐེ་ཚོམ་མེད་པར་བྱས་ལ་དེ་སྨན་ཡིན་པར་སེམས་ཉེ་བར་གཞག་སྟེ་སྤྱད་པར་བྱའོ་ཞེས་གསུང ་སོ།། གོས་ཀྱི་ལོངས་སྤྱད་ཀྱིས་སྦྱོར་བ་ནི་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་བསྟན་ཏེ། ངོ་ཚ་ཞིང་འཛེམ་པས་ཁྲེལ་ཡོད་པས་དཀྲི་བ་དང་། ཤུ་སྦྲང་དང་སྦྲང་བུ་དང ་རླུང་དང་ཉི་མ་དང་སྡིག་སྦྲུལ་གྱིས་རེག་པར་འགྱུར་བས་གཡོ་བོ་དང་། དགེ་སྦྱོང་གི་རྟགས་བསྟན་པ་དང་། ངུར་སྨྲིག་དེ་དག་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་སྙམ་ནས་མཆོད ་རྟེན་གྱི་ཕྱིར་ཡང་དག་པ་ར་བཟུང་བར་བྱ་བ་དང་། དེ་དག་ནི་ཡིད་བྱུང་བ་དང་འདོད་ཆགས་དང་བྲལ་བས་ཁ་དོག་བསྒྱུར་བ་ཡིན་གྱི། འདོད་ཆགས་ཀྱིས་ཁ་དོག་བསྒྱུར་བ་མ་ཡིན་པ་དང་། འདི་དག་ནི་ཉེ་བར ་ཞི་བ་དང་མཐུན་པ་ཡིན་གྱི་ཉོན་མོངས་པོ་འབར་བ་དང་མཐུན་པ་མ་ཡིན་པ་དང་། ངན་སྨྲིག་འདི་དག་གིས་དཀྲིས་ཤིང་གཡོགས་ནས་སྡིག་པ་ལས་ལྡོག་པར་བྱ་བ་ངོ་ང་། ལེགས་པར་བྱ་བའི་ལས་བྱ་བ་དང་། ་ཆོས་གྲོས་ཀྱིས་ཚ་བར་སྦྱོར་བ་ལ་བརྩོན་པ་མ་ཡིན་པ་དང་། དུཅུ་སྨྲིག་འདི་དག་འཕགས་པའི་ལམ་གྱི་ཚོགས་དང་མཐུན་པ་ཡིན་པ་ཤིས་ནས་སྐད་ཅིག་གཅིག་ལ་ཡང་རྙོག་པ་དང་འགྲོགས་པར་མི་བྱཱ་བཱར ་ངུར་སྨྲིག་རྣམས་བཅང་བར་བྱ་བ་སྟེ་ཞེས་གསུངས་སོ།། འདི་ལ་ཆད་པ་ནི་རིན་པོ་ཆེའི་ཕུང་པོའི་མདོ་ལས། འོད་སྲུངས་ཉི་ཚེའི་གང་དག་ལྷོད་ཅིང་ཡང་དག་པར་མི་སྡོམ་པ་དང་དགེ་སྦྱོངས་གི་ཡོན་ཏན་གྱི་ཆོས ་འདི་དག་ལས་ཉམས་པ་ལུས་ལ་ངུར་སྨྲིག་འཆང་བར་རྣམས་ནི་དེ་ལ་གུས་པ་མི་སྐྱེད་ངོ་།། འོད་སྲུངས་དེ་ལ་དགེ་སྦྱོང་གི་ཁ་དོག་དང་གཟུགས་ཅན་ཞེས་བྱ་བའི་ཉི་ཚེ་བའི་སེམས་ཅན་དམྱལ་བ་ཡོད་དེ། འོད་སྲུངས་ཉི་ཚེ་བའི ་སེམས་ཅན་དམྱལ་བ་དེར་དགེ་སྦྱོང་གི་གཟུགས་སུ་གྱུར་བཞིན་དུ་གོས་འབར་པ་དོག་དང་མགོ་བྲར་བ་ངག་དང་ལྷུང་བཟེད་འབར་བ་དག་དང་སྟན་འབར་བ་དོག་དང་མལ་ཆ་འབར་བ་དག་གནོད་པ་བྱེད་དེ། དེ་དག་གི་ལོངས ་སྤྱོད་དང་ཡོངས་སུ་སྤྱད་པ་གང་ཙོ་ཡོད་པ་དེ་ཐམས་ཅང་འབར་རབ་ཏུ་འབར་ཏེ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ལ་དེ་མེ་ལྕེ་གཅིག་ཏུ་གྱུར་ཏེ། དགེ་སྦྱོང་གི་ཁ་དོག་དང་གཟུགས་ཀྱིས་གནོད་པ་དེ་དག་མྱོང་བར་འགྱུར་རོ།། ་ཞེས་གསུངས་སོ།། འཕགས་པ་དཀོན་སྤྲིན་གྱི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་བླ་གྲབ་མེད་པ་ལ་ལུས་ན་འམ་ལུས་ཀྱིས་མི་ནུས་པར་གྱུར་ན་ངེས་གཙུག་ལག་ཁང་དུ་གནས་ཏེ། འདི་སྙམ་དུ་ཉོན་མོངས ་པའི་གཉེན་པོའི་ཕྱིར་དེ་བཞིན་གཤེགས་པའི་ཡོན་ཏན་པས་སྦྱངས་པའི་ཡོན་ཏན་བཅས་ཏེ་ཅི་ནས་ཀྱང་བདག་གཙུག་ལག་ཁང་ན་གནས་བཞིན་དུ་ཉོན་མོངས་པ་རྣམས་སྤོང་བར་འདོད་པ་སྟེ་དུ་ལྷུར་བྱ་སྟེ།། ་གཙུག་ལག་ཁང་དེ་ལ་ཡང་ཆགས་པར་མི་བྱའོ་སྙམ་དུ་སེམས་བསྐྱེད་དོ།། དེ་འདི་ལྟར་སེམས་ཏེ་སྦྱིན་པའི་བདག་པོ་རྣམས་ལ་ཕན་གདགས་པར་བྱ་བའི་བདག་ཅག་གིས་བདག་ཉིད་གསོ་བར་ནི་མི་བྱའོ་སྙམ ་མོ་ཞེས་གསུངསྨྲ་སོ།། ཡང་དེ་ཉིད་ལས་ལ་དུ་དག་ཉུལ་བ་ན་ཐོ་གཡས་པས་ཉལ་བར་བྱེད་དེ་རྐང་པའི་སྟེད་དུ་རླུང་པ་བཞག་ནས། སྒྲསྣ་ཆོས་གོས་དག ་གིས་ཤིན་ཏུ་ཡོངས་སུ་གཡོས་ཤིང་། དྲན་པ་ང་ནས་བཞིན་དང་ལྡན་བསྙེན་དུ་སྣང་བའི་འ་ཤེས་དང་སྲུང་བའི་འདུ་ཤེས་སུ་ཉལ་པོར་བྱེད་དེ་གཉིད་ཀྱི་བདེ་བ་ལ་ཆགས་པ་མི་བྱེད། གཉིས་པ ་བདེ་བ་ལ་ཡང་མ་ཆགས་ཏེ། གཞན་དུན་དེ་དག་ཇི་ཙམ་དུ་འབྱུང་བ་ཆེན་པོ་རྣམས་གནས་ཤིང་འཚོ་བའི་ཕྱིར་ཉལ་བར་བྱེད་པ་ལ་རྟག་ཏུ་རྒྱུན་མི་འཆང་བ་ཡང་དགེ་བའི་ཕྱོགསོ་ལ་མངོན་པར་དུ ་ཕྱོགས་པ་ཡིན་ན་ཞེས་གསུངས་སོ།། ཕྱོགས་འདྲེས་ཡོངས་སུ་སྦྱང་བ་ཐམས་ཅད་སེམས་ཅན་དྷ་ཀྱི་དོན་དུ་ཟིན་གྱི་བོརློབ་པར་བྱ་སྟེ། དུས་ན། བདག་ལ་སྲེད་པས་ལོངས་སྤྱད་ན།། ཉོན་མོངས ་ཐོཅས་པའི་ལྟུང་བར་འགྱུར།། ཟླ་བ་སྒྲོན་མོའི་མདོ་ལས་ཇི་སྐད་དུ། དེ་དག་ཁྭ་ཟས་རོ་ཞིམ་བསོད་པ་དག། རྙེད་ནས་རྣལ་འབྱོར་མི་བརྩོན་བྲི་ཞིང་འཐུང་།། དེ་དག་ལ་ནི་ཛྙཱས་དེ་གདུག་པར ་འགྱུར།། ཟི་ལང་ཕྲུ་གུས་པད་རྩེ་མ་འི་ཀྲུས་བཞིན། ཞེས་གསུངས་པ་ལྟེ་བུའོ།། འཕགས་པ་རིན་པོ་ཆེ་ཐུང་པོའི་མེད་ལོས་ཀྱང་། བཅོམ་ལྡན་འདས་ཀྱིས་དད་པས་བྱིན་པ་ཡོངས་སུ ་བསྟན་པ་དང་། དེ་ནས་འཁོར་དེ་ཉིད་ནས་རྣལ་འབྱོར་སྤྱོད་པའི་དགེ་སློང་ཉིས་བརྒྱས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་རབ་ཏུ་ངུས་ཏེ་མཚོ་མ་ཟག་ཅིང་ཚིག་འདི་སྐད་ཅེས་བཅོམ་ལྡན་འདས་བདག་ཅག ་ནི་གུམ་ཡང་རུང་སྟེ་འབྲས་བུ་མ་ཐོབ་ཀྱི་བར་དུ་དད་པས་སྩོལ་བའི་བསོད་སྙོམས་གཅིག་ཙམ་ཡང་ཡོངས་སུ་སྤྱད་པར་མི་བགྱིའོ་ཞེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ ་དག་ལེགས་སོ་ལེགས་སོ།། ངོ་ཚ་ཤེས་པ་དང་འགྱོད་པ་དང་ལྡན་པ་དང་འཇིག་རྟེན་ཕ་རོལ་དུ་ཁ་ན་མ་ཐོ་བས་འཇིགས་པར་ལྟ་བ་རྣམ་པ་འདི་ལྟ་བུ་དག་གིས་གསུང་རབ་འདི་མཛེས་སོ།། འོད་སྲུངས་ངས ་དགེ་སློང་གཉིས་ལ་དད་པས་བྱིན་པ་གནང་སྟེ། གཉིས་གང་ཞེ་ན། ལྡན་པ་དང་གྲོལ་བའོ།། དགེ་སློང་དག་དགེ་སློང་ལྡན་པ་རྣལ་འབྱོར་སྤྱོད་པ་དེར་བསྟན་པ་ལ་ཞུགས་པ་འདུ་བྱེད་ཐམས་ཅད་མི་རྟག་པར ་མཐོང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བར་རིག། ཆོས་ཐམས་ཅད་ལ་བདག་མེད་པར་མོས་མྱ་ངན་ལས་འདས་པ་ཞི་བར་རྟོགས་པོ་ནི་རི་རབ་ཙམ་གྱི་ཁྱམ་དག་གིས་དད་པས་བྱིན་པ་ཡོངས་སུ་སྤྱད་ཀྱང ་དེའི་ཡོན་ཏན་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ།། སྦྱིན་པ་པོ་དང་སྦྱིན་བདག་གང་དག་ལས་དད་པས་བྱིན་པ་ཡོངས་སུ་སྤྱད་པ་དེ་ལས་དེ་དག་གི་བསོད་ནགས་ཀྱི་རྣམ་པར་སྨིན་པ་འབྱོར་པ་ཆེན་པོ་དང ་ཕན་ཡོན་ཆེན་པོར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་རྣམས་ལས་གང་བྱམས་པའི་སེམས་ལ་སྙོམས་པར ་འཇུག་པ་དེ་མཆོག་ཡིན་པའི་ཕྱིར་རོ།། འོད་སྲུངས་དགེ་སློང་གང་ཞིག་སྦྱིན་པོ་པོ་དང་སྦྱིན་བདག་གི་ཆོས་གོས་དང་བསོད་སྙོམས་དང་མལ་ཆུ་དང་ཡོད་བྱུད་རྣམས་ཡོངས་སུ་སྤྱད་ནས་སེམས་རྣམ་པར་གྲོལ་བ ་ཚད་མེད་པ་ལ་སྙོམས་པར་འཇུག་པ་ན་སྦྱིན་པ་པོ་དང་སྦྱིན་བདག་དེའི་རྣམ་པར་སྨིན་པོ་ཡ་ང་ཆུང་མེད་པར་ཤེས་པར་བྱའོ།། འོད་སྲུངས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇི་ག་རྟེན་གྱི་ཁམས་ན་ཡོད་པའི་རྒྱ ་མཚོ་ཆེན་པོ་རྣམས་ནི་ཡོངས་སུ་ཟད་པར་འགྱུར་ཡང་སྲིད་ཀྱི་དེའི་བསོད་ནམས་ཀྱི་རྒྱུ་མཐུན་པ་ནི་ཡོངས་སུ་ཟད་པར་གང་ཡང་མི་འགྱུར་རོ་ཞེས་གསུངས་སོ།། དེ་ལྟར་བསོད་ནམས་འགྲོ་བར་རྩོམ་མམ་ཟས་ཟ་བར ་རྩོམ་པ་ན། སྦྱིན་པ་པོ་ཕན་བདེགས་པ་དང་། ལུས་ཀྱི་སྲིན་བུ་བསྡུ་བ་དང་། སེམས་ཅན་ཐམས་ཀྱི་དོན་གྲུབ་པ་སྟེ་གནས་གསུམ་ལ་དྲན་པ་ཉེ་བར་གཞག་དམ་པའི་ཆོས་ཡོངས་སུ་བཟུབ་དང་། དེ་བཞིན ་གཤེགས་པའི་བཀའ་བསྒྲུབ་པ་དང་། བྱ་བ་ཐམས་ཅད་ལ་དྲན་པ་དེང་ལྡན་པར་བྱའོ།། ལ་སོགས་པ་ཞེས་བྱ་བ་ནི་གསང་བསྔགས་རྣམས་ཀྱིས་ཀྱང་ཡོངས་སུ་བསྲུང་བར་བྱའོ།། དེ་ལ་ཐོག་མར་རེ་ཞིག་དཀྱིལ ་འཁོར་དང་དམ་ཚིག་གི་ཕྱིར། དམ་ཚིག་གསུམ་གྱི་རྒྱལ་པོ་ལས་བྱུང་བའི་རིགས་སྔགས་འདི་བརྗོད་པར་བྱའོ།། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་བི་ར་ཛཱི་བི་ར་ཛཱི། མ་ཧཱ་བི་ར་ཛཱི། སཱ་ཏཱ་སཱ་ཏ། སཱ་རཱ་ཏེ་སཱ་ར་ཏེ། ་ཏཱ་ཡཱི་ཏཱ་ཡི། བི་དྷ་མ་ཧཱ་ཏཱི། སམྦ་བྷན་ཛ་ནཱི། ཏརྨ་ཏཾ། སིདྡྷ་ཨ་གྲི་ཏཱཾ་སྭཱ་ཧཱ། འདིས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ།། ཡང་ན་དེ་བཞིན་གཤེགས་པའི་སྙིང་པོ་བརྒྱ་སྟོང་བཟླས་ནི་འཇིག་རྟེན་པ ་དིང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་ཞུགས་པར་འགྱུར་རོ།། དེ་གང་ཞེ་ན། ན་མསྟྲཻ་ཡ་དྷི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏཱཾ་ཨ་པྲ་ཏི་ཧ་ཏཱ་བཱཔྟི་དྷརྨ་ཏཱ་པཱ་ལི་ནཱཾ། ཨ་སྭ་མ་ས་མ། ས་མཱནྟ་ཏོ་ནནྟ་བཔྟི་ཤཱ་ས་ནི། ་ཧཱ་ར་ཧ་རཱ། སྨ་ར་སྨ་ར་ཎ། བ་ག་ཏ་རཱ་ག་བུདྡྷ་དརྨ་ཏི། སཱ་ར་ས་ར་སེ་མ་བ་ལ། ཧ་ས་ཧཱ་ས། ཏྲ་ཡཾ་ཏྲ་ཡ། བྷ་ག་ཝན་མི་ཧཱི་བ་ར་ལཀྵ་ཎ། ཛྭ་ལ་ཛཱ་ལི་ན་སཱ་གེ་རེ་སྭཱ་ཧཱ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་སྐུ་ཡིན་ཏེ་འདི་ལ་གུས་པ་བླ་ན་མེད་པར་བྱའོ།། འདིས་ལས་དང་པོ་པ་དག་ཀྱང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་པ་བྱེད་པར་འགྱུརརོ།། འདི་ཉིད་བདུད་ལ་སོགས་པ་དང་མ་རུངས་པ ་ཐམས་ཅད་ལས་སྲུང་བར་བྱེད་པའི་མཆོག་ཡིན་ནོ།། ཐལ་མོ་བརྡབས་པ་འམ། ཐལ་བ་འམ། ཡུངས་ཀར་རམ། ཆུ་འམ་ལྟ་བ་འམ། ཡིད་ཀྱིས་ཀྱང་མཚམས་གཅོད་པར་བྱེད་དོ།། ནད་ཀྱི་བཏབ་ན་སྨན ་ནམ་ཆུ་ལ་སྔགས་ཀྱིས་བཏབ་སྟེ་བཏུང་ངོ་།། ཡང་མཆོད་རྟེན་ནམ་སྐུ་གཟུགས་སམ་དམ་པའི་ཆོས་ཀྱི་གླེགས་བམ་ལ་སེམས་ཀྱི་མེ་ཏོག་སེམས་མཉམ་པར་བཞུག་སྟེ་དབུལ ་ཞིང་ཟླ་བ་ཕྱེད་སྦྱོར་བ་བྱས་ན་ནུད་ཆེན་པོ་དག་ལས་ཐར་བར་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔེའ་ལ་དམིགས་པ་དང་སེམས་ཅན་ཐམས་ཅད་ལ་དམིགས་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར ་འདོད་པའི་སེམས་ཀྱི་བཟང་པོ་སྤྱོད་པ་སྔོན་དུ་བྱས་པས་བཟླས་བརྗོད་བྱའོ།། ཆོ་ག་འདི་ནི་ཆོ་ག་དེའི་མཇུག་ནས་འབྱུང་ངོ་།། དམ་ཚིག་གསུམ་གྱི་བཟླས་བརྗོད་བྱེད་པས་ནི་ཁྲུས་མུ་བྱས་ཀྱང་ཉེས་པ་མེད་དོ།། ་ལྷག་མ་དང་མི་གཙད་པས་ཀྱང་ཉེས་པ་མེད་དོ།། ཕྱག་རྒྱ་འདྲ་བ་དག་མི་བཟའོ་མི་འགོ་མོ་ཁྲི་ལ་ཉལ་བར་མི་བྱའོ།། ཆང་མི་བཏུང་ངོ་།། མོས་པས་སྦྱོང་པོའི་བསླབ་པའི་གཞི་དོག་ལས་མི་གཡོ་བ་དང་ཐེ ་ཆོམ་མེང་ན་སྔོན་དང་ཚུལ་ངན་པར་གྱུར་ཀྱང་འགྲུབ་བོ།། མཁས་སམ་མི་མཁས་ཀྱང་རུང་སྟེ་ངེས་པར་འགྲུབ་བོ།། དེ་སྐད་དུ་དེ་ཉིད་ལས། གང་ཞིག་བྱང་ཆུབ་སེམས་བརྟན་ཞིང་། བློ་གྲོས་ཆགས་པ་མེད ་པ་དང་། ཐེ་ཚོམ་དག་ཀྱང་བ་མི་བྱེད་པ། ངེས་འདི་ངེས་པར་འགྲུབ་པར་འགྱུར་ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་བརྟེན་པ་ནི་འདིར་སོ་སོ་སྐྱེ་བོའི་སེམས་སྟོབས་དང་ལྡན་པར་ངེས་པར་བྱ་བའི་ཕྱིར ་གསུངས་ཀྱི་སར་ཆུད་པའི་དབང་དུ་བྱས་པ་ནི་མ་ཡིན་ཏེ། འདི་ལྟར་དེ་ཉིད་ལས། སླར་དབྱུང་བར་བྱ་བ་དང་། སྣང་བར་བྱ་བ་ཐོབ་པར་འདོད་པ་དང་། མུན་པ་ཆེན་པོའི་ཁྲོད་ནས་སྣང་བར་འཇུག་པར་འདོད་པ་དང་། ་ལོག་པར་ལྟུང་བས་ལྷག་པར་བསྒྲུབ་པར་བྱའོ་ཞེས་གསུངས་སོ།། དེ་བཞིན་དུ་བདགེ་ལྟ་བུ་བསོད་ནམས་ཆུང་ངུ་ལོ་འགྲུབ་པར་གྲཝ་ལ་འགྱུར་ཞེས་སེམས་ཞུས་པ་བཀག་གོ།། ས་ལ་གྲན་ས་པ་ངན་འགྲོ་ལས ་ཤིན་དུ་འོངས་པ་སྤྲོ་བའི་རླབས་མང་པོ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བསགས་པ་ལ་ནི་གོང་དུ་སྨོས་པའི་ཉེས་པ་འདི་མི་སྲིད་ངོ་།། འདི་ལ་མ་ཤེས་ནས་སྔགས་རྣམས་ཡི་གེ་ལྷག་པར་བརྗོད་ཀྱང ་ཉེས་པ་མེད་དོ།། ཉུངས་ཀྱང་ཉེས་པར་མི་འགྱུར་རོ།། ཆོ་ག་ཉམས་ཀྱང་ཉེས་པར་མི་འགྱུར་རོ།། འོན་ཀྱང་དད་པའི་ཤུགས་དང་བྱང་ཆུབ་ཀྱི་སེམས་ཀྱི་ཤུགས་དང་། རང་གི་དོན་དོར་བའི་ཤུགས་བརྩན ་བར་བྱས་ཏེ། རྣམ་པར་མི་བརྟག་པར་བརྗོད་ན་གདོན་མི་ཟ་བར་འདི་ཉིད་ལ་བྱང་ཆུབ་སེམས་དཔའ་མཐོང་བ་དང་ཅི་འདོད་པ་ཡང་འགྲུབ་པར་འགྱུར་རོ།། ཡང་ན་རྡོ་རྗེ་འཛིན་ཐམས་ཅད་ཀྱི་སྔགས་འདིས ་བསྲུང་བར་བྱའོ།། ན་མསྟཻ་ཡ་དྷཱི་ཀཱ་ནཱཾ་ཏ་ཐཱ་ག་ཏཱ་ནཱ། སརྦ་བཛྲ་དྷ་རཱ་ཎཱཾ། ཨཽ་ཙིཎྜ་ལཱཾ་ཙཎྜཱ་ལཱ། ཙ་ལ་ཙ་ལ། བཛྲ་བཛྲ་ཤནྣ་ནཱ་ཤནྣ་ནཱ། ཕ་ལ་ན་ཕ་ལ་ན། ཏ་ར་ཏ་ར། མཱ་ར་མཱ་ར། བཛྲ་ད་ལ། སྥོ་ཊ་ལེ་སྥོ་ཊ་ལ། ལི ་ཁར་ས་མནྟ་བཛྲཱ། ཛཱ་ལ་ནཱ་ཛྙཱ་ན། ས་མྦྷ་སྠཱ། ཨཱ་གྲྀ་ཨ་གྲཱ་ཤ་ས་ཀཱརྨྨ་ར་དྷུ་སྨྱ་། སྱཱ་ཏཱ་མ~ཾ་སྭཱ་ཧཱ། འདི་བརྟེན་པ་ཙམ་ཀྱིས་བགྲོགས་དང ་རྣམ་པར་ལོག་འདྲེན་ཐམས་ཅད་མི་འོང་ངོ་།། ལྷ་དང་ཀླུ་ལ་སོགས་པ་ཐཱམ་སྡེ་ཅད་ཀྱིས་མི་བཟོད་དོ།། བཟའ་བ་དང་བཏུང་བ་དང་མེལ་ཆེ་དང་མཆོད་པའི་ཡོ་བྱད་རྣམས་ཀྱང་སྔགས་ཆུ་འམ་བལྟ་བ་འམ་ཡིད་ཀྱི ་བསྲུང་།། ཡང་ན་མི་གཡོ་བའི་སྙིང་པོས་དེ་ཐམས་ཅད་བྱའོ།། དེ་ནི་འདི་ཡིན་ཏེ། ན་མཿས་མན་ཏ་བཛྲ་ཎཱཾ་ཏཱ་ཊ། ཨ་མོ་གྷ་ཙཎྜ། མ་ཧོ་རོ་ཥཱ་ཎ་སྥོ་ཊ་ཡ་དྲོ། ཧཱུཾ་བྷཱུ་མྱ་ཡ་བྷྲ་མེ་ཡ། ཧཱུ~ཾ་མཱ་ཏྲ་ཊཱ། ཧཱུཾ་མཱཾ་ཨཽ་བཱ ་ན་ད་དྭེ་ཏེ་ཛོ་མཱ་ལི་ནི་སྭཱ་ཧཱ། འདིས་ཁམ་དང་པོ་ལཱ་ལཱན་བརྒྱད་སྔགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨན་གྱི་རྒྱལ་པོ་ཉིད་དུ་བསམ་ཏེ་བཟོའོ།། དུག་གཞིའི་བཾ་ནི་འདི་ལྟ་སྟེ། ཨཱི་ལི་མ ་ད་ཏེ། ཨི་ལཱི་མཻ་ད་ཏེ། ཨི་ལི་མི་ལི་མི་ཏྲ་ཏེ་ཏི་ལི་ཏཱི་ལི་མིདྦ་ཏི། བུམ་བེ་དུམ?་བྷེ། དུ་མཱུ་པཱུ་ལི་ཡཾ། དྲུ་མ་ཧཻ། དུསྟེ་སེ། ཏ་གི་ཀཾ། ཏ་ཀ་ར་ཎཱི། མ་མ་མེ་མ་མ་རེ་ཎེ། ཀཥྐ་རེ། ཀ་ཤྭཱ་ར་མུ་ག་ཏེ། ཨཱི་ལི་མཾ ་ཨི་ལ་ཏི་ལི་མེ། ཨ་གྷེ། ཨ་གྷ་ནཱ་གྷ་ནེ། ཨི་ལཱི་ཡེ། ཨི་ལི་ཨི་ལཱི་ཡཻ། མི་ལི་མི་ལཱི་ཡེ། ཨ་ག་ཨི་ཡ། ཨ་པ་ཨི་ཡེ། ཤྭ་ཏེ། ཤྲ་ཏི་ཏུ་ཎ་ཌེ། ཨ་ནཱ་ནུ་ར་ག་ཏེ། ཨ་རུ་རུ་ག་ཀཾ། ཊཾ་ཨཽ། བ་ཤ ་ནི་ཀེ་ཏ་ནི་སྭཱ་ཧཱ། གང་ཞིག་རིག་སྔགས་འདི་ལན་ཅིག་ཐོས་པས་ཀྱང་དེ་ལ་སྦྲུལ་མི་ཟའོ།། དེའི་ལུས་ལ་དུག་གིས་མི་ཚུགས་སོ།། སྦྲུལ་འཆ་གླང་དོ་ལ་ཟ་བ་དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚོལ་པ་བདུན ་དུ་འགས་སོ།། སུ་རིག་སྔགས་འདི་འཆང་བ་དེ་ལ་ཇི་སྲིད་འཚོའི་བར་དུ་སྦྲུལ་མི་ཟའོ།། དེའི་ལུས་ལ་དུག་གིས་མི་ཚུགས་སོ་གསང་སྔགས་ཀྱི་ཚིག་འདི་དག་སྦྲུལ་གྱི་མདུན་དུ་གདོན་པར་མི་བྱའོ།། དེ་ཅིའི ་ཕྱིར་ཞེ་ན། སྦྲུལ་འཆི་བར་འགྱུར་བའི་ཕྱིར་རོ།། འདི་ལཱུ་སྟེ། ཨི་ལྀ་ལ་ཙི་ལ་ལ། ཙག་ཀོ་བག་ཀོ། ཀོ་ཌཱ་ཀི་ཌེ་ཏི། ཀུ་ར་ཊ། རུ་ཀུ་ར་ཌེ་ཏི། པོ་ཌཱ་བ་ཌེ་ཏི། པུ་རུ་ཎ། པུ་རུ་ཌེ་ཧི། ནཱི་ཀུ་རུ་ཌཱ། ནི་ཀུ ་རུ་ཌེ་ཏི། མུ་ར་ཌྷཾ། མུ་རུ་ཌེ་ཏི། ནི་མ་མུ་རུཾ་ཌཱ། ནི་མ་མུ་རུ་ཊཱི་ཏི། པུ་རུ་ཌེ། ཕུང་ཊ་ར་ཧེ། ཕུང་ཊ་ར་ཧེ། ཕུང་ཊ་ད་ཥན་ཌ་ར་ཧེ། ཕུང་ཊད་ཌན་ཌཱ་ར་ཧི། སརྦ་ར་ཧེ། སརྦ་རྡ་ད་ན་ར་ཧཾ། ཨང་ཚེ། ཨད་ཚ་ལ། ་ཨང་ཚ་ལེ། ཚ་ལ་བི་ཤ་ཤཱ་ཏེ། ཤི་ཏ་བད་ཏེ་ལེ། མ་ཏ་ལེ། ཧ་ལེ་ཧཱ་ལཾ། ཧ་ལ་ཧ་ལ། ཧ་ལ་ལེ། ཨི་ལ་ལ། ཀེ་པ་ཙཱ་ལེ། མི་ལ་ལི། ཏན?་ཌི་ཌཱ་ན་ཏཱི། ཏྲ་ཊ་ཏ་ཊ། སྥུ་ཊེ་སྥུ་ཊ། ཕཊ་ཕཊ་སྭཱ་ཧཱ། དགེ ་སློང་དག་དེ་ལྟར་ན་དུག་སེལ་གྱིས་འབྱུང་པོ་འདུས་པ་ཐམས་ཅད་ལ་རིག་སྔགས་བརྗོད་པ་དེ་དག་ཐམས་ཅད་ནི་དེ་བཞིན་ནོ།། གཞན་མ་ཡིན་དེ་བཞིན་ནོ་ཡང་དག་པའོ།། བདེན་པའོ།། མ་ནི་ར་བའོ།། ་ཕྱིན་ཅི་མ་ལོག་པའོ།། དུག་འདི་མི་འདུག་པར་གྱུར་ཅིག། སྦྱིན་པར་བྱེད་པའི་གན་དུ་སོང་ཞིག། འཛིན་པའི་གན་དུ་སོང་ཞིག། མེའི་ནང་དུ་སོང་ཞིག། ཆུའི་ནང་དུ་སོང ་ཞིག། ཐང་ལ་སོང་ཞིག། ཀ་པཱའི་ནང་དུ་སོང་ཁྲིག། རྩིག་པའི་ནང་དུ་སོང་ཞིག། ན་མཁའ་ལ་སོང་ཞིག། སཱིའི་ནང་དུ་སོང་ཞིག། ཞི་བར་གྱུར་ཅིག་སྭཱ་ཧཱ། རྐུན་པོ་ལ་སོགས་པ་བཟློག་པའི་ཕྱིར་འོད་པར་ཅན ་བཟླས་པར་བྱའོ།། པཱ་ཏཱ་ཀྲ་མ་སི། པ་རཱ་ཀྲ་མ་སི། ཨུ་དཱ་ཡ་མ་སི། ནཻ་ར་མ་སི། ཨརྐ་མཱ་སི། མརྐ་མ་སི། ཨུརྨཱ་མ་སི། བརྞྞ་མ་སི། གུལ་མ་མ་སི། ཙཱི་པ་ར་མྲ་སཱི། མ་ཧཱ་ཙཱི་བ་མ་སོ། ཨནྠ་ནཱ་མ ་ན་སི་སྭཱ་ཧཱ། ལྷ་མོ་འོད་ཟེར་ཅན་བདག་ལམ་དུ་སྐྱོབས་ཤིག། ལམ་ལོག་པ་ལས་སྐྱོབས་ཤིག། བདག་སྐྱེ་བོའི་འཇིགས་པ་ཤེས་སྐྱོབས་ཤིག། བདག་རྒྱལ་པོའི་འཇིགས་པ་ལས་སྐྱོབས་ཤིག། ་བདག་རྐུན་པོའི་འཇིགས་པ་ལས་སྐྱོབས་ཤིག། བདག་ཀླུའི་འཇིགས་པ་ལས་སྐྱོབས་ཤིག། བདག་གླང་པོ་ཆེའི་འཇིགས་པ་ལས་སྐྱོབས་ཤིག། བདག་སེང་གེའི་འཇིགས་པ་ལས་སྐྱོབསོ་ཤིག། བདག ་སྟག་གི་འཇིགས་པ་ལས་སྐྱོབས་ཤིག། བདག་སྦྲུལ་གྱི་འཛེགས་པ་ལས་སྐྱོབས་ཤིག། བདག་མེའི་འཇིགས་པ་ལས་སྐྱོབས་ཤིག། བདག་ཕྱིར་རྒོལ་བ་དང་གྲོགས་པོ་ངན་པ་ཐམས་ཅད་ལས་སྐྱོབས་ཤིག། ་འཁྲུག་པ་དང་མ་འཁྲུག་པ་དང་། ཉམས་པ་དང་མ་ཉམས་པ་དག་ཏུ་ཡང་བདག་ལ་སྲུང་ཤིག། བདག་ལ་སྲུང་ཤིག་སྲུངས་ཤིག། འདི་ལྟ་སྟེ། ཨཱ་ལེ་ཏཱ་ལི། ཀོ་ལེ་ཨ་ལེ། ཀི་ལི་ཨངྒ་ཚིད?་ཏེ། བདག་ལ ་འཚོ་བ་དང་འཇིག་པ་དང་། ནད་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།། ལྷ་མོ་འོད་ཟེར་ཅན་གྱི་སྙིང་པོ་བརྗོད་པར ་བྱའོ།། འདི་ལྟེ་སྟེ། ཨོཾ་བ་ལ་ཏཱ་ལི། བ་རཱ་ལི། བ་རཱ་ཧ་མུ་ཁི། སརྦ་དུ་ཥྛིནྡ་ནི་བཱ་རཱ་ཡ། བན་དྷ་བན་དྷ་བནཽ་དྷ་མུ་ཁི་ཛམ་བྷ་ཡ། སྱཱཾ་བྷ་ཡ། མོ་ཧ་ཡཽ་སྭཱ་ཧཱ། ཨོཾ་མཱ་རཱི་ནྱེ་སྭཱ་ཧཱ། ཨོཾ་བ་ར་ལེ་བ་དཱ་ལེ། བཱ་རཱུ་ཧ་མུ ་ཁི་སརྦ་དུཥྚན། བན་དྷ་བན་དྷ་སྭཱ་ཧཱ། འཇིགས་པ་ཐམས་ཅད་ལས་སྲུང་པོའི་ཕྱིར། རིག་སྔགས་འཆང་བའི་སྡེ་སྣོད་ལས་འབྱུང་བའི་རིགས་ཚེ་རབས་མཐའི་ཡས་པ་དྲན་པར་འགྱུར་བའི་རྒྱུ་མཐུ་ཆེ་བ་ཡི་གེ་ལྔ ་བཅུ་རྩ་བདུན་པོ་འདི་ལ་ཡང་སྦྱར་བར་བྱའོ།། འདི་ལྟ་སྟེ། ཨེ་ཊ་ཌ་བ་ཌ་ཊེ། ན་ཌ་ཌེ། ཀུ་ནི་ཌ་ཌཾ། ཊ་ཀེ་ཐ་ཀེ། ཐཾ་ར་ཀེ་ཋ་ཀེ། ཨུ་རུ་མ་ཏྲི། རུ་རུ་མ་ཏི། ཏུ་རུ། ཧི་ལི་མི་ལི། སརྠ་ཉ་ཙ་བི་པ་དག་ག། ན་མོ་སྱབ་བེ། ་སཾ་བུད་དྷ་ཎཱི། སིདྡྷན་དུ་མེ་མན་ཏྲ་པ་དྲྀ་སྭཱ་ཧཱ། འདི་ནི་བདག་ལུས་བསྲུང་བ་སྟེ། སྨན་དང་གོས་ལ་སོགས་བཅས་པས་ཀྱང་སེམས་ཅན་གྱི་དོན་བྱེད་པའི་དྲན་པ་སྔར་བྱས་ལ་བྱའོ།། བདག་ལ་སྲེད་པས་ལོངས ་སྤྱོད་ན། ཉོན་མོངས་བཅས་པའི་ལྟུང་བར་འགྱུར་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔས་ཐམས་ཅད་སེམས་ཅན་ཐམས་ཅད་ལ་གཏང་བ་དེ་ལ། གལ་ཏེ་བརྗེད་ནས་གཞན་གྱིས་རྫས ་བདག་གསོ་བའི་སྲེད་པས་སྤྱད་ན་ཉོན་མོངས་པ་ཅན་གྱི་ལྟུང་བར་འགྱུར་རོ།། སྲུང་ཇི་སྟེ་སྐྱེད་པ་ནི་མེད་ལ་གཞན་ལ་ཆགས་སམ་སེམས་ཅན་གྱི་བྱ་བ་བརྗེད་ནས་སྤྱོད་ན་ཉོན་མོངས་པ་ཅན་མ་ཡིན་པའི་ལྟུང་བར་འགྱུར་རོ།། གཞན ་གྱིས་རྫས་སུ་འདུ་ཤེས་ལ་བདག་གི་ཕྱིར་སྤྱོང་ན་བརྐུས་དཔའི་ལྟུང་བར་འགྱུར་རོ།། རིན་ཐུང་ཚང་ན་སོ་སོར་ཐར་པ་ལྔས་ཕམ་པར་འགྱུར་རོ།། བདག་པོ་དང་བཅས་པའི་ལོངས་སྤྱོད་རྣམས་ཀྱི་བདག་པོ་དང་བཅས་པའི་ལུས ་བསྲུང་ངོ་སྙམ་པས་སྤྱད་ན་ཉེས་པ་མང་དེ། བྲན་རྟག་ཏུ་རྗེ་བོའི་ལས་བྱེད་པ་གང་གིས་འཚེ་བ་བདག་གི་རྫས་ཡོད་པ་ནི་མ་ཡིན་ནོ།། ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་ཅི་བྱ་བ་ཐོབ ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔས་ཟན་ལྟ་བུར་བྱའོ་ཞེས་གསུངས་སོ།། ཤིན་ཏུ་རྗེ་བོའི་དོན་ལྔ་བརྩོན་པའི་བྲན་གྱིས་རྗེ་བོ་ནས་པ་ལ་སོགས་པས་སྐྱེ་བའི་བློ་ཅན་གྱིས་གནང་བ་མེད་པར་སྤྱད་ཀྱང་ཉེས་པ་མེད་དོ།། ་དེ་ལྟར་སྤྱོད་པོའི་བྱང་ཆུབ་སེམས་དཔའི་ཐད་དུ་འགའ་ཞིག་གི་དེ་ཁོ་ན་ཉིད་མ་རིག་པར་མ་དད་པར་བྱ་བ་མི་རིགས་ཏེ། གཏོང་བའི་སེམས་ངོ་མཚར་ཆེན་པོ་ཅན་ཡོངས་སུ་མི་ཤེས་པའི་ཕྱིར་རོ།། ཚུལ་འདི་ལ་ནི་འགའ་ཞིག ་གི་ཐེ་ཚོམ་བྱ་བར་མི་རིགས་སོ།། ཐམས་ཅད་བཏང་བ་ནི་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པས་གོང་དུ་བཤད་པ་ཡིན་ནོ།། དྷེ་ལྟར་ན་ལུས་བསྲུང་བ་ནི་སེམས་ཅན་གྱི་དོན་ཉིད་དུ་བསྟན་པ་དེ་གསལ་བར་རྟོགས་པར་བྱ་བའི ་ཕྱིར་རིགས་པ་འདི་གསལ་བར་བྱས་སུ་ཟས་ཀྱི་རང་གར་བྱས་པ་ནི་མ་ཡིན་ནོ།། བསླབ་པ་ཀུན་ལས་བཏུས་པ་ལས་ལུས་བསྲུང་བའི་ལེའུ་སྟི་དྲུག་པའོ།། །། དེ་ལྟར་རེ་ཞིག་ལུས་ར་བསྲུང ་བར་རིག་པར་བྱའོ།། ལོངས་སྤྱོད་བསྲུང་བ་བརྗོད་པར་བྱ་སྟེ། ལེགས་སྤྱད་དག་ལ་བརྩམ་པར་བྱ།། ཐམས་ཅད་ལ་ཡང་ཚོང་རིག་བྱ།། དེ་ལྟར་བསླབ་པའི་གཞི་འདི་ལས།། དེ་ཡི་ལོངས་སྤྱོད་བསྲུང་མི་དཀའ།། དྲག་ཤུལ ་ཅན་གྱིས་ཞུས་པ་ལས་ཀྱང་ཤིན་ཏུ་བརྟགས་ཏེ་ལོས་བྱེད་པ་དང་ལོགས་པར་བྱ་བའི་ལས་བྱེད་པ་ཞེས་བསླབ་པའི་གཞི་གསུངས་པས་ལོངས་སྤྱོད་རྣམས་བཞག་ཉེས་པ་དང་མ་བརྟགས་པ་དང་གཡེལ་བ་བཀག་པ་གྲུབ ་པ་ཡིན་ནོ།། ཞི་གནས་ཀྱི་སྒྲུབས་ནས་ཀྱང་ཚེད་ཤེས་པ་དང་རིགས་པ་ཤེས་པ་གསུངས་ཏེ། དེས་ན་གང་འདི་ལོངས་སྤྱོད་ཆུང་ངུ་དང་ངན་པས་ཀྱང་དགོས་པ་འགྲུབ་པ་ལྟ་ན་བདག་གམ་གཞན་དག་གིས་ཀྱང་རུང་སྟེ། ལོངས་སྤྱོད ་མང་པོ་དང་བཟང་པོ་ཆུད་གཟོན་པ་ལ་ཡལ་བར་མི་དོར་བ་དེ་གྲུབ་པ་ཡིན་ནོ།། དེ་བས་ན་དྲག་ཤུལ་ཅན་གྱིས་ཞུས་པའི་མཽདོ་ལས་ཀྱང་། བུ་དང་ཆུང་མ་དང་བྲན་པོ་དང་བྲན་མོ་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་རྣམས་ཡང ་དག་པར་ཡོངས་སུ་སྦྱང་བ་ཞེས་གསུངས་ཏེ། ཅི་ནས་ཀྱང་བདག་དང་གཞན་གྱི་བྱང་ཆུབ་ཀྱི་ཕྱོགས་དང་ཐོས་པ་ལ་སོགས་པའི་བར་ཆུད་དུ་འགྱུར་བའི་གཏོང་བ་འམ་མི་གཏོང་བ་ག ་ག་མི་བྱའོ།། སེམ་ཅན་གྱི་དོན་ལ་ནུས་པ་ཆེ་བ་འམ་ནུས་པ་མཚུངས་པའི་བྱང་ཆུབ་སེམས་དཔའི་ལྷག་པ་འམ། མཚུངས་པའི་དགེ་བའི་བར་ཆད་བྱེད་པའི་གཏོང་བ་དང་། མི་གཏོང་བ་མི་བྱ་བ་གྲུབ་པ་ཡིན་ནོ།། འདི་ལས་དགོངས་ནུས ་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས་ཀྱང་བསྟན་ཏེ། ཤ་རིའི་བུ་བྱང་ཆུབ་སེམས་དཔའི་ཁྱིམ་གྱིས་གནས་ནས་མངོན་པར་བྱུང་བ་བྱང་ཆུབ་ཀྱི་ཡན་ལག་མངོན་པར་བརྩོན་པ་གང་ཡིན་པ་དེས་ཇི་ལྟར་སྦྱིན་པ་སྦྱིན ་བོར་བྱ། སྦྱིན་པ་ཇི་ཙམ་ཞིག་སྦྱིན་པར་བྱ། སྦྱིན་པའི་རང་བཞིན་ཅི་འདྲ་བ་ཞིག་སྦྱིན་པར་བྱ། དེ་བཞིན་དུ་སྦྱར་ཏེ། ཆོས་སྦྱིན་པ་དང་ཆོས་ཀྱི་སྦྱིན་བདག་ཏུ་བྱའོ།། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའི་ཁྱིམ་པ ་པ་གློང་གིས་སངས་རྒྱས་ཀྱི་ཞིང་གྲྀངྒཱའི་ཀླུང་གི་བྱེ་མ་སྙེད་དག་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ། དྲི་བཞིན་གཤེགས་པ་དགྲ་བཅོམ་པ་ཡོང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་བས། ་ཤཱ་རིའི་བུ་རབ་ཏུ་བྱུང་བར་གྱུར་པའི་བྱང་ཆུབ་སེམས་དཔའ་གང་ཞིག་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་བསྟན་ན་འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་དེ། ཤཱ་རིའི་བུ་དེ་བཞིན་གཤེགས་པས ་ནི་རབ་ཏུ་བྱུང་བས་ཟང་ཟིང་གི་སྦྱིན་པ་བྱ་བར་མ་གནང་ངོ་།། དེ་བཞིན་དུ་སྦྱར་ཏེ། ཤཱ་རིའི་བུ། གང་གི་ལྷུང་བཟེད་དུ་འོངས་པ་ལྷུང་བཟེད་དུ་ཆུད་པའི་རྙེད་པར་གྱུར་ཆོས་དང་མཐུན་པ་ཆོས་ཀྱི་རྙེད་པར་གྱུར་ན། ངེས ་ཚངས་པ་མཚུངས་པར་སྤྱད་པ་རྣམས་དང་ཐུན་མོང་དུ་བཟའ་བར་བྱའོ།། གལ་ཏེ་ལ་ལ་ཞིག་འོངས་ནས་ལྷུང་བཟེད་དམ་ཆོས་གོས་སློང་ལ། གལ་ཏེ་སངས་རྒྱས་ཀྱིས་གནང་བའི་ཆོས་གོས་གསུམ་ལས་ལྷག་པར ་གྱུར་ན་ཇི་ལྟར་བཏང་བ་བཞིན་དུ་སྦྱིན་པར་བྱའོ།། གལ་ཏེ་དེ་ཆོས་གོས་ཉུང་བར་གྱུར་ན་གང་ལ་བརྟེན་ཏེ་ཚངས་པར་སྤྱོད་པ་ལ་གནས་པ་དེ་ནི་ཡོངས་སུ་བཏང་བྱར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས ་པོས་ཆོས་གསུམ་བཏང་བར་མི་བྱའོ་ཞེས་གསུངས་པའི་ཕྱིར་རོ།། ཤཱ་རིའི་བུ་ག་ལ་ཏེ་བྱང་ཆུབ་སེམས་དཔས་ཆོསོ་གོས་གསུམ་ཡོངས་སུ་བཏང་སྟེ། སློང་བ་པོ་གཙོ་བོར་བྱེད་པོར་འགྱུར་ན་ངས་འདོད་པ་ཆུང་བ ་བསྟན་པ་མ་ཡིན་ནོ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔསོ་ཁྱིམ་གྱི་གནས་ནས་མངོན་པོར་བྱུང་ངེས་ཆོས་ལ་བསྙེན་པར་བྱ་སྟེ། དེས་དེ་ལ་མངོན་པར་བརྩོན་བྱར་བྱའོ།། གཞན་དུ་ན་སེམས་ཅན་གཅིག་བསྒྲེ་བའི ་ཕྱིར་སེམས་ཅན་གྱི་ཚོགས་ཆེན་པོ་དང་། སེམས་ཅན་ངོས་ཀྱང་བྱང་ཆུབ་སེམས་དཔའི་བསམ་པ་ཡོངས་སུ་སྦྱང་བར་བྱ་བའི་བར་ཆད་དུ་བྱས་པས། དོན་ཚོན་པོ་དམ་པར་བྱསས་འགྱུར་རོ།། དེ་བས་ན་དགེ ་བའི་ཕྱོགས་རྒྱ་ཆེན་པོ་རྣམ་པར་སྤངས་པས་མ་བསྲུངས་པ་ཞེས་བྱའོ་ཞེས་གསུངས་སོ།། དེ་ལྟར་རེ་ཞིག་བཏོང་བ་བཀག་གོ།། མི་གཏོང་བ་དགག་པ་ནི། འཕགས་པ་བློ་གྲོས་རྒྱ་མཚོས ་ཞུས་པའི་མདོ་ལས་ཀྱང་། ཐེག་པ་ཆེན་པོའི་བར་དུ་གཅོད་པའི་རྙེད་པ་མང་པོ་ཇི་སྐད་གསུངས་པ་ལྟ་བུའོ།། བདག་གིས་ཆོ་གར་བསྟན་པ་གང་ཡིན་པ་དེ་བྱང་ཆུབ་སེམས་དཔས་གཞན་ལ་ཡང་སྒྲུབ་པར་བྱའོ་ཞེས་བྱ་བར་ཅི ་མ་ངོན་ཞེ་ན། འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་བསྟན་པའི་ཕྱིར་ཏེ། གཞན་གྱི་བྱ་བ་བྱ་ཞིང་རང་གི་བྱ་བ་ཡོངས་སུ་བཏང་བར་བྱའོ་ཞེས་གསུངས་པ་ལྟ་བུའོ།། དེ་སྐད་དུ་དྲི་མོ་མེད་པར་གྲགས་པས་བསྟན ་པའི་མདོ་ལས་ཀྱང་། འཁོར་བའི་འཇིགས་པས་སྐྲག་པས་ཅི་ལ་བརྟེན་པར་བྱ།། སྨྲས་པ། འཇིགས་འཇོམ་དཔལ་འཁོར་བའི་འཇིགས་པས་སྒྲོག་པའི་བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ཆེ་བ་ཉིད་ལ་བརྟེན་པར་བྱའོ། ་སྨྲས་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་གནས་པར་འདོད་པས་ཇི་ལྟར་གནས་པར་བྱ། སྨྲས་པ། སངས་རྒྱས་ཀྱི་ཆེ་བ་ཉིད་ལ་གནས་པར་འདོད་པས་སེམས་ཅན་ཐམས་ཅད་མཉམ་པ་ཉིད་ལ་གནས་པར་བྱའོ།། སྨོས་པ། ་སེམས་ཅན་ཐམས་ཅད་མཉམ་པ་ཉིད་ལ་གནས་པར་འདོད་པས་གནས་པས་གང་དུ་གནོས་པར་བྱ། སྨྲས་པ། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བ་ལ་གནས་པར་བྱ་བའི་བར་དུ་གསུངས་སོ།། དེ་སྐད་དུ་ཆོས་ཡང་དག ་བར་སྡུད་པ་ལས། བྱང་ཆུབ་སེམས་དཔའ་དེད་དཔོན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་སེམས་ཅན་ཐམས་ཅད་བྱང་ཆུབ་པར་འཚལ་བར་བགྱི་སྟེ་བདག་ཉིད་ནི་མ་ལགས་སོ་ཞེས་བྱ ་བ་ནས། བཅོམ་ལྡན་འདས་འདི་ནི་ཆོས་ཡང་དག་པར་བརྗོད་པ་ལགས་སོ་ཞེས་བྱ་བའི་བར་དུ་གསུངས་སོ།། བཏང་བས་དེའི་རང་གི་དོན་བྱ་བ་མེད་པར་གྲུབ་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་དོན་ཉམས་པས་འཇིགས་པའི ་ཕྱིར་སྐལ་བ་མེད་པའི་སེམས་ཅན་ལ་རང་གི་ཁུར་ཁྲུས་འཆི་བར་མི་བྱེད་དོ།། གོང་དུ་སེམས་ཅན་གྱི་དོན་ཉམས་པར་མ་མཐོང་བ་དེར་རང་གོས་བྱས་སམ་གཞན་གྱི་འགྲོ་བ་ལ་ཕན་པར་སྤྱད་པར་བྱེ་བྲག་ཅི་ཡོད་ན། དེ ་བྱང་ཆུབ་སེམས་དཔའ་གཞན་གྱི་དགེ་བ་གྲུབ་པའི་ཕྱིར། རང་གི་དགེ་བོ་མི་འདོར། ཙི་སྟེ་བདག་ངན་འགྲོའི་སྡུག་བསྔལ་གྱིས་འཇིགས་ན་ཅིག་ཤོས་ཀྱང་སྡུག་བསྔལ་དེ་ཉིད་ཀྱིས་འཇིགས་སོ།། ཇི་སྟེ་དེ་སྡུག་བསྔལ ་པོས་བདག་ལ་གནོད་པ་མེད་དོ་སྙམ་དུ་ཡལ་བར་འདོར་ན་གོང་དུ་སྨོས་པའི་མདོ་རྣམས་ལས་འབྱུང་བ་བཞིན་ཉེས་པ་དང་བཅས་པར་འགྱུར་རོ།། ཡང་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་བཞི་པོ་འདི ་ངག་ནི་བྱང་ཆུབ་སེམས་དཔའ་ལྟར་བཙོས་པའོ་ཞེས་བྱ་བ་ལས་བརྩམས་ཏེ། བདག་གིས་བདེ་བ་དོན་དུ་གཉེར་བ་ཡིན་ཏེ་སེམས་ཅན་གྱི་སྡུག་བསྔལ་བསལ་བ་དོན་དུ་གཉིར་བ་མ་ཡིན་པོ་ཞེས་གསུངས་སོ།། དེ་ལྟ ་བས་ན་དྲག་ཤུལ་ཅན་གྱིས་ཞུས་པའི་ཚུལ་ལྟར་སྔ་མ་བཞིན་དུ་བདག་ལ་སྨད་པར་བྱའོ།། བྱང་ཆུབ་སེམས་དཔའི་བསླབ་པ་འདི་ནི་ཆོས་ཡང་དག་པར་སྡུད་པའི་མདོ་ལས། འཕགས ་པ་བརྩོན་པ་མེད་ཀྱིས་ཇི་སྐད་བསྟན་པ་ལྟ་བུ་སྟེ། རིགས་ཀྱི་བུ་སྒྲུབ་པ་ལ་གནས་པར་ཇི་ལྟར་རིགས་པར་བྱ། སྨྲས་པ། གང་སེམས་ཅན་རྣམས་ལ་ལོག་པར་མི་སྒྲུབ་པ་ཇི་ལྟ་བུ། སྨྲས་པ། གྲང་སེམས་ཅན་རྣམས ་ལ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་མི་འདོར་བའོ།། རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པ་ཆེན་པོ་གང་ཡིན། སྨྲས་པ། གང་ལུས་དང་སྲོག་དང་དགེ་བའི་རྩ་བ་ཐམས་ཅད ་སེམས་ཅན་ཐམས་ཅད་ལ་སྦྱིན་ཞིང་ལན་དུ་ཕན་འདོགས་པར་རེ་བ་ཡང་མེད་པའོ།། སྨྲས་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་གང་ཡིན། སྨྲས་པ། གུང་ཐོག་མ་ཁོ་ནར་སེམས་ཅན་ཐམས་ཅད ་བྱང་ཆུབ་པར་འདོད་ཀྱི་བདག་ནི་མ་ཡིན་པའི་ཞེས་བྱ་བའོ།། ཡང་དེ་ཉིད་ལས། སྙིང་རྗེ་ཆེན་པོ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ཀྱི་རྩ་བའོ་ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའ་དོན་དུ་གཉེར ་བོ་གང་ཡང་རུང་བས་དོན་དུ་གཉེར་བར་བྱ་བ་ཡིན་པའི་ཕྱིར་ན། གང་གིས་སྦྱིན་པ་པོ་ཡོན་གནས་ཆེན་པོས་དོན་ཆེན་པོ་སྦྱིན་པ་ལས་བསོད་ནམས་ཀྱི་རྒྱ་མཚོ་ཕུང་པོ་ཆེན་པོ་སྣང་བར་འགྱུར་བ་འདི་ནི་གདོན་མི་ཟ་བར ་བཅོམ་ལྡན་འདས་ཀྱིས་བཟློག་པར་བྱ་བ་མ་ཡིན་པ་དང་། གདོན་མི་ཟ་བར་བསྟན་ཏོ་ཞེས་བྱ་བ་ཡང་ངེས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཕོངས་པས་འཆིང་བ་འབའ་ཞིག་ཏུ་ཟད་དོ།། རབ་ཏུ་ཞི་བ་རྣམ་པར་ངེས་པའི ་ཆོ་འཕྲུལ་གྱི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ལོ་སྟོང་གི་འགོད་པ་གང་ཡིན་པ་དེ་དག་ཐམས་ཅད་བསྡོམས་ཏེ། དགེ་སློང་གིཅིག་ལ་བྱིན་པར་གྱུར་ཅིང་། དེ་བཞིན་དུ་ཐམས་ཅད་དགེ་སློང་ཐམས་ཅད་སོ་སོར ་བྱིན་པར་གྱུར་ལ། གང་ཡང་ལུང་འབོག་པ་དང་ཁ་ཏོན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་གུས་པ་དང་བཅས་པ་ཆོས་འདོད་པ་ཞིག་གིས་དད་པས་བྱིན་པ་ཆེན་པོ་ལ་འོས་པ་བླངས་ཏེ། འདི་ལྟར་སྦྱིན་པ་འདིས་བདག ་གོས་ཆོས་ཡོངས་སུ་བཙལ་བརྩམ་མོ་སྙམ་དུ་སེམས་བསྐྱེད་ན། དགེ་བའི་རྩ་བ་འདི་ལ་བཏང་བར་བྱ་བའི་ཆོས་ཡོངས་སུ་བཏང་བ་ངེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་གང་བསྟན་པ་དེ་ནི་ཁྱིམ་གྱི་བདེ་བ་ལ་ཆགས་པའི ་དབང་དུ་བྱས་ནས་གསུངས་པ་སྟེ། སྔར་བསྟན་པའི་ཚུལ་གྱིས་ཉེས་པ་ཅི་ཡང་མེད་དོ།། ལོངས་སྤྱོད་སྲུང་བ་མདོ་ཙམ་བསྟན་ཟིན་ཏོ།། བསོད་ནམས་བསྲུང་བ་བརྗོད་པར་བྱ་སྟེ། དེ་ལ། རང་དོན་རྣམ་སྨིན་སྦེད་སྤངས་པས།། ་དགེ་བ་ཀུན་བསྲུངས་པར་འགྱུར།། སྲེད་མེད་ཀྱི་བུས་ཞུས་པ་ལས་ཇི་སྐད་དུ། དེ་རྒྱལ་སྲིད་ཀྱི་ཕྱིར་ཚུལ་ཁྲིམས་མི་སྲུང་། མཐོ་རིས་ཀྱི་ཕྱིར་མ་ཡིན། བརྒྱ་བྱིན་གྱི་ཕྱིར་མ་ཡིན། ཚངས་པའི་ཕྱིར་མ་ཡིན། ལོངས ་སྤྱོད་ཀྱི་ཕྱིར་མ་ཡིན། དབང་ཕྱུག་གི་ཕྱིར་མ་ཡིན།། གཟུགས་ཀྱི་ཕྱིར་མ་ཡིན། ཁ་དོག་གི་ཕྱིར་མ་ཡིན། སྙན་པའི་ཕྱིར་མ་ཡིན་ནོ།། དེ་བཞིན་དུ་སྦྱར་རོ།། དམྱལ་བའི ་འཇིགས་པས་འཇིག་པ་ཚུལ་ཁྲིམས་སྲུང་བ་མ་ཡིན། དེ་བཞིན་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱིས་འཇིགས་སྐྲག་པས་ཚུལ་ཁྲིམས་བསྲུང་བ་མོ་ཡིན་ཏེ། གཞན་དུ་ན་སངས་རྒྱས་ཀྱི་ཚུལ་ལ་དགོད ་པའི་ཕྱིར་ཚུལ་ཁྲིམས་བསྲུང་བ་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བོ་གྲུབ་པ་དང་བདེ་བ་དོན་དུ་གཉེར་བས་ཚུལ་ཁྲིམས་བསྲུང་ངོ་།། ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ལྟ་བུའི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ཆོས ་བཅུ་ལས་ཡོངས་སུ་ལྔས་མོངས་སུ་ཉམས་པར་མི་འགྱུར་རོ།། བཅུ་གང་ཞེ་ན། འདི་ལྟ་སྟེ་འཁོར་ལོས་སྒྱུར་བའི་རྒྱུ་ལ་སྲིད་ལས་ཡོངས་སུ་མི་ཉམས་ཏེ་དེ་ལ་ཡང་དག་པར་བག་ཡོད་ཅིང་བྱང་ཆུབ་འདོད་པ་ཡིན། བརྒྱ་བྱིན ་ལས། ཡོངས་ཡུ་མི་ཉམས་ཏེ་དེ་ལ་ཡང་བག་ཡོད་ཅིང་བྱང་ཆུབ་འདོད་པ་དང་། སངས་རྒྱས་མཐོང་བར་འདོད་པོ་ཡིན། དེ་བཞིན་དུ་ཚངས་པ་དང་། སངས་རྒྱས་མཐོང་བ་མི་ཕྱེད་པོ་ཐོབ་པ་དང་། ཆོས་ཉམས་པོ་ལས ་ཡོངས་སུ་མི་ཉམས་པ་ནས་ཇི་ལྟར་ཐོས་པའི་ཆོས་བསྒྲུབ་པ་ལ་ནན་ཏན་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ཡིད་དམ་གྱི་བར་ལས་ཡོངས་སུ་མི་ཉམས་པ་དང་། སྤོབས་རྒྱུན་མི་འཆད་པ་དང་། དགེ་བའི་ཆོས ་ཐམས་ཅད་དོན་དུ་གཉེར་བ་དང་། བསམ་གཏན་ལས་ཡོངས་སུ་མི་ཉམས་པའོ།། དེ་བཞིན་དུ་སྦྱར་ཏེ། དེ་ལྟར་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་རྣམས་ཀྱིས་རྟག་ཏུ ་ཕྱག་བྱས་པ་ཡིན། ཀླུ་རྣམས་ཀྱིས་རྟག་ཏུ་བསྔགས་པ་ཡིན། གནོད་སྦྱིན་རྣམས་ཀྱིས་རྟག་ཏུ་ཕྱག་བྱས་པ་ཡིན། དྲི་ཟ་རྣམས་ཀྱིས་རྟག་ཏུ་མཆོད་པ་ཡིན། ཀླུའི་དབང་པོ་དང་ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱིས་རྟག་ཏུ ་བརྗོད་པ་ཡིན། བྲམ་ཟེ་དང་རྒྱལ་རིགས་དང་ཚོང་དཔོན་དང་ཁྱིམ་བདག་རྣམས་ཀྱི་རྟག་ཏུ་གསོལ་པོ་ཡིན། མཁས་པ་རྣམས་ཀྱི་རྟག་ཏུ་འགྲོ་བར་བྱ་བ་ཡིན། སངས་རྒྱས་རྣམས་ཀྱིས་རྟག་ཏུ་དགོངས་པ་ཡིན། ལྷ་དང ་བཅས་པའི་འཇིག་རྟེན་གྱིས་སྟོན་པ་དང་མཚུངས་པར་བཀུར་བ་ཡིན། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཡིན་ནོ།། དེ་བཞིན་དུ་སྦྱར་རོ།། འགྲོ་བ་བཞིར་མྱི་འགྲོ་བའི་ཞེས་གསུང་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་མ་གཏོགས་པར་མི་ཁོམས་པའི་འགྲོ་བར་མི་འགྲོ་བ་དང་། སངས་རྒྱས་མེད་པའི་ཞིང་གིས་འགྲོ་བར་མྱི་འགྲོ་བ་དང་། ལོག་པར་ལྟ་བ་ཅན་གྱི་རིགས་སུ་སྐྱེ་བའི་འགྲོ་བར་མི་འགྲོ་བ ་དང་། ངན་འགྲོའི་འགྲོ་བ་ཐམས་ཅད་དུ་འགྲོ་བའོ་ཞེས་གསུངས་པ་ལྟ་བུའོ།། དེ་ལྟར་སྔར་བཏང་བའི་བསོད་ནམས་ཉོན་མོངས་པའི་དབང་གིས་ཡང་ལེན་པ་བསྲུང་བར་བྱའོ། བསོད་ནམས་བྱིན་པའི་བསོད་ནམས་གང ་ཡིན་པ་དེ་ལས་གཞན་གྱི་དོན་ལས་མ་གཏོགས་པ་རྣམ་པར་སྨིན་པ་མི་འདོད་པས་བྱའོ།། གཞན་ཡང་བསོད་ནམས་བསྲུང་བར་འདོད་པས། འགྱོད་པར་ཡང་ནི་མི་བྱ་སྟེ། དྲག་ཤུལ ་ཅན་གྱིས་ཞུས་པའི་མདོ་ལས་ཇི་སྐད་དུ། བྱིན་ནས་འགྱོད་པའི་སེམས་བསྐྱེད་པར་ནི་མི་བྱའོ་ཞེས་གསུངས་པ་ལྟ་བུ་སྟེ། མཇུག་མཐུ་ཆུང་བར་བྱས་པས་མཐུ་ཆུང་བར་འགྱུར་ཏེ། འགྱོད་པས་སྡིག་པ་ཟད་པ་བཞིན་དུ་བསོད་ནམས ་ཀྱང་ཟད་པར་འགྱུར་བར་དགོངས་པའོ།། བྱས་པར་གྱུར་ཀྱང་བསྒྲགས་མི་བྱ། བཅོམ་ལྡན་འདས་ཀྱི་རྣམ་གྲངས་དུ་མར་དགེ་བ་མི་སྤྱོམས་པ་དང་། སྡིག་པ་བཤགས་པ་གསུངས་སོ།། དེ་ལ་ཡིད་མི་བདེ་བའི་ཕྱིར་སྡིག་པ་ནི ་བཤགས་པས་ཟེང་བར་འགྱུར་རོ།། བསོད་ནམས་ནི་དེ་ལྟར་ཟད་པར་མི་འགྱུར་ཏེ་ཡིད་བདེ་བའི་ཕྱིར་ཡང་མི་ཟད་དེ། སེམས་ཅན་གྱི་དོན་གྱི་ཕྱིར་ཟང་ཟིང་མེད་པའི་སེམས་ཀྱིས་བསྒྲགས་པ་ནི་ཉེས་པ་མེད་དེ། དཀོན་མཆོག་སྤྲིན ་ལས་ཇི་སྐད་དུ།། སྨན་པའི་དཔེས་བདག་ལ་བསྟོད་པ་ཉེས་པ་མེད་པར་བསྟན་པ་ལྟ་བུའོ།། ཡོང་བསོད་ནམས་བསྲུང་བར་འདོད་པས། རྙེད་དང་བཀུར་སྟིས་འཇིགས་བྱ་ཞིང་། ཁེངས་པ་རྟག་ཏུ་སྤང་བར་བྱ། བྱང་ཆུབ་སེམས ་དབར་དང་བྱ་ཞིང་།། ཆོས་ལ་ཡིད་གཉིས་སྤང་བར་བྱ།། འདི་ནི་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པའི་དགེ་བའི་ཆོས་སྐྱེས་ཤིང་བྱུང་བ་རྣམས་ཡོངས་སུ་ཟད་པར་འགྱུར ་ཏེ་དགེ་བའི་ཆོས་དེ་དག་གི་རྒྱས་པར་མི་འགྱུར་རོ།། བཞི་གང་ཞེ་ན། འདི་ལྟ་སྟེ། མངོན་པའི་ང་རྒྱལ་གྱིས་འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་ཚོལ་བ་དང་། རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཞེན་པས་ཁྱིམ་ལ་ལྟ་བ་དང་། ་བྱང་ཆུབ་སེམས་དཔའ་ལ་རྣམ་པར་སྣང་ཞིང་སྐུར་པ་འདེབས་པ་དང་། མ་ཐོས་པ་དང་མ་ཟིན་པའི་མདོ་སྡེ་རྣམས་སྤོང་བ་ཞེས་བསྟན་ཏོ།། འཕགས་པ་ཐམས་ཅད་སོད་པར་སྨྲ་བ་རྣམས་ཀྱི་གཞུང་ལས་ཀྱང་། དགེ་སློང་དག ་དགེ་སློང་གི་འདི་ལྟར་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཡན་ལག་ཐག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་སེམས་དང་བར་བྱེད་པ་ལ་ལྟོས། བཙུན་པ་དེ་ལྷ་ལགས་སོ།། དགེ་སློང་དག་དགེ་སློང་འདིས་ས་ཇི་ཙམ་ཞིག་ནོན་པའི ་འོག་དབུག་ཚད་བརྒྱད་ཁྲི་བཞི་སྟོང་ན་གསེར་གྱི་འཁོར་ལོ་ལ་ཐུག་པའི་བར་ན་བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ། དགེ་སློང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ཡོངས་སུ་སྤྱད་པར་འགྱུར་རོ་ཞེས་བྱ་བ་ནས། ་དེ་ནས་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དོ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་དགེ་སློང་གི་དགེ་བའི་རྩ་བ་དེ་ལྟ ་བུར་ཆེ་བར་གསུངས་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་དེ་དག་གང་བསྲབས་པ་དང་ཡོངས་སུ་བྱ་བ་དང་ཡོངས་སུ་ཟད་པར་འགྱུར། ཉེ་བར་འཁོར་ཇི་ལྟར་ཚངས་པ་མཚུངས་པར་སྤྱོད་པ་ལ་རྨ་བྱུང་བ་དང་རྨས་པར་བྱས ་པ་དེ་ལྟ་བུ་ནི་ངས་མ་མཐོང་སྟེ། ཉེ་བར་འཁོར་དེས་དགེ་བའི་རྩ་བ་ཆེན་པོ་འདི་དག་བསླབས་པ་དང་ཡོངས་སུ་བྱུང་བ་དང་ཡོངས་སུ་ཟད་པར་འགྱུར་རོ།། ཉེ་བར་འཁོར་དེ་ལྟ་བས་ན་ཅི ་ནས་འགལ་བ་ལ་ཡང་སེམས་ཀྱིས་གནོད་པར་མི་བྱ་ན་རྣམ་པར་ཤེས་པ་དང་བཅས་པའི་ལུས་ལྟ་སྨོས་ཀྱང་ཅི་དགོས་ཞེས་འདོན་ཏོ།། འཕགས་པ་འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ཀྱང་། ཁོང་ཁྲོ་བ་ཁོང་ཁྲོ་བ ་ཞེས་བྱ་བ་ནི་བསྐལ་པ་བརྒྱར་བསགས་པའི་དགེ་བའི་རྩ་བ་འཇོམས་པས་དེའི་ཕྱིར་ཁོང་ཁྲོ་བྲོ་ཞེས་གསུངསོ།། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། མཆིན་མོའི་ལྷ་མོ་སེམས་ཅན་ཀུན་སྐྱོབ་པའི་དཔལ་གྱིས ་སྔོན་གྱི་རྟོགས་པ་བརྗོད་པ་ལུས་ཀྱང་བསྙད་པ་ལས་ཀྱང་། དེ་དག་ཕན་ཚུན་བརྙས་པའི་མི་དགེ་བའི་རྩ་བ་འདུས་པས་ཚེའི་ཚད་ལས་ཀྱང་ཉམས་པར་འགྱུར། ཁ་དོག་དང་སྟོབས་དང་བདེ་བ་ལས་ཀྱང་ཡོངས་སུ་ཉམས ་པར་འགྱུར་ཞེས་གསུངས་སོ།། འདི་ནི་བརྒྱ་ལམ?་ན?་ཡང་ཁེངས་པར་མི་བྱེའོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རྟག་ཏུ་ཞེས་བརྗོད་དོ།། རྙེད་པ་དང་བཱ་ཀུཪྵ་སྟྲི་ནི་ཇི་སྟེ་ན་ཁས་བླང་བར་བྱ་སྟེ། དཀོན་མཆོག་སྤྲིན་ལྔས་ཇི ་སྐད་དུ་། དེ་ལ་བྱང་ཆུབ་སེམས་དཔས་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་ཐོབ་ན་ཡང་ལེན་ཏོ།། དངོས་པོ་རན་པ་ཞིག་ཐོབ་ན་ཡང་ལེན་ཏོ།། དེ་ཅིའི་ཕྱིར་ཞེ་ན། དེ་འདི་ལྟར་སེམས་ཏེ་སེམས་ཅན་འདི་དག་ནི་སེར ་སྣ་ཅན་བརྐམ་པ་འདོད་པས་བཀོལ་བ་འཇུངས་པ་ཡིན་ཏེ། རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་ཆུའི་ཕུང་པོ་ཆེན་པོས་ནོན་པ་བཞིན་དུ་འཁོར་བའི་རྒྱ་མཚོར་འབྱུང་ནུབ་བྱེད་པ་དེ་དག་ལ་ཡུནི་པོར་དོན་དང་ཕན་པ་དང་བདེ་བར ་འགྱུར་རོ་སྙམ་སྟེ། དེ་བླངས་ནས་བདག་གིར་མི་བྱེད་ཆགས་པའི་སེམས་མི་བསྐྱེད་དོ།། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་སངས་རྒྱས་དང་ཆོས་དུང་དགེ་འདུན་ལ་ཡང་བྱ་བ་བྱེད་དོ།། སེམས་ཅན ་སྡུག་བསྔལ་བ་རྣམས་ལ་ཡང་ཕྱིན་པར་འདོད་དོ།། སྦྱིན་པའི་བདག་པོ་དེ་ཡང་གཟེངས་བསྐྱོད་པ་དང་ཤིན་ཏུ་དགའ་བར་བྱེད་དོ་ཞེས་གསུངས་པོ་ལྟ་བུའོ།། དེ་བཞིན་དུ་དེ་ཉིད་ལས། སྦྱིན་པ་དེས་ཁེངས་པར ་ཡི་ང་མི་འགྱུར་ཞེས་གསུངས་སོ།། ཡང་དེ་ཉིད་ལས། གལ་ཏེ་ཡང་རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་ཞིག་བྱུང་ཡང་དེས་ཁེངས་པར་མི་འགྱུར་ང་རྒྱལ་མི་སྐྱེ་རྒྱགས་པ་མི་སྐྱེ ་སྟེ་དེ་འདི་སྙམ་དུ་སེམས་སོ།། རིང་པོར་མི་ཐོགས་པར་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་འདི་སུ་ལ་ཉེ་བར་གནས་པ་དང་། སུ་དག་གིས་ཉེ་བར་གནས་པར་བྱས་པ་དང་། གྲོགས་པ་དང་སྒྲ་དང་ཚིགས ་སུ་བཅད་པ་ཞིག་ཉེ་བར་གནས་པ་འདི་གསུམ་གང་ཡང་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་ན་དེ་ལ་མཁས་པའི་རང་བཞིན་ཅན་སུ་ཞིག་མི་རྟག་ཅིང་མི་གནས་པའི་ཆོས་མི་བརྟན་པ་ཡིད་བརྟན་དུ་མི་རུང ་པ་དག་ལ་དགའ་བའི་སེམས་བསྐྱེད་པ་འམ། ཁེངས་པར་འགྱུར་བ་འམ། ང་རྒྱལ་དང་རྒྱགས་པས་དྲེགས་པར་འགྱུར་སྙམ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྙེད་པ་དང ་བཀུར་སྟི་དང་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་རྣམས་ལ་དྲན་པོ་ཤིན་དུ་ཉེ་བར་གཞག་ཅིང་གནས་སོ་ཞེས་གསུངས་སོ།། གཞན་ཡང་དམན་པའི་ཡིད་ཀྱིས་གླུདོལ་བུ་ལྟ་བུར་འཇིག་རྟེན་ན་སྤྱོད་པ་ཡིན།། ་རྟག་ཏུ་རྒྱུན་མི་འཆད་པར་བསོད་སྙོམས་སློང་བའི་འདུ་ཤེས་ཉེ་བར་བཞག་པས་དམན་ཞིང་དམན་པའི་ཡིད་ཀྱིས་ང་རྒྱལ་དང་རྒྱགས་པ་དང་དྲེགས་པ་དང་བྲལ་བ་རྣམས་ཡིན་ནོ་ཞེས་གསུངས་སོ།། ཡང་གསུངས་པ། ་རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་མངོན་པར་བྱུང་སྟེ་རབ་ཏུ་བྱུང་ནས་བདག་གི་གྲོགས་པོ་དང་བློན་པོ་དང་གཉེན་པ་ཤེས་དང་སྣག་གི་གཉེན་མཚམས་ལ་ཤྲཱི་བ་དང་འདྲའོ་ཞེས་ང་རྒྱལ་བཅོམ ་བ་ཡིན། བདག་གི་གཟུགས་མི་སྡུག་པར་ཁས་བླངས་ཤིང་བདག་གི་གོས་ཁ་དོག་མི་སྡུག་པ་བགོས་ཏེ་ཚུལ་གཞན་དུ་བསྒྱུར་རོ་ཞེས་ང་རྒྱལ་བཅོམ་པ་ཡི་ནི། སྦྲང་པོའི་རྒྱུ་སྦྲང་པོའི་ཕྱིར་མགོ་བླུགས་ཤིང་ལགུ་ན ་ལྷུང་བཟེད་ཐོགས་ནས་གྲོང་ནས་གྲོང་དུ་འགྲོའོ་ཞེས་ང་རྒྱལ་བཅོམ་པ་ཡིན། བདག་དེལ་བུ་དང་འདྲ་བར་དམའ་བ་དམའ་བའི་སེམས་ཀྱི་བསོད་སྙོམས་ཀྱི་ཕྱིར་འགྲོ་ཞེས་ང་རྒྱལ་བཅོམ་ཡིན། བདག་ནི་བསོད ་སྙོམས་པ་སྟེ་བདག་གི་འཚོ་བ་གཞན་ལ་རག་ལས་སོ་ཞེས་ང་རྒྱལ་བཅོམ་པ་ཡིན། བརྙས་པའི་བསོད་སྙོམས་ངན་དོན་ལེན་ཏོ་ཞེས་ང་རྒྱལ་བཅོམ་པ་ཡིན། བདག་གིས་སློབ་དཔོན་དང་བླ་མ་དང་སྦྱིན་པའི་གནས་རྣམས ་མཉེས་པར་བྱ་དགོས་སོ་ཞེས་ང་རྒྱལ་བཅོམ་པ་ཡིན། བདག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་འདི་ལྟ་སྟེ་ཆོ་ག་དང་སྤྱོད་ཡུལ་དང་ཀུན་སྤྱོད་པ་དེ་དང་དེས་མགུ་བར་བྱའོ་ཞེས་ང་རྒྱལ་བཅོམ་པ་ཡིན། སངས ་རྒྱས་ཀྱི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱའོ་ཞེས་ང་རྒྱལ་བཅོམ་པ་ཡིན། སེམས་ཅན་ཁྲོས་པ་དང་གནོད་སེམས་རྣམས་ཀྱིས་ནང་ནི་བཟོད་པ་མངོ་བོར་བྱའོ་ཞེས་ང་རྒྱལ་བཅོམ་པ་ཡིན་ནོ་ཞེས་གསུངསོ།། ་བམ་པོ་བདུན་པ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། དེ་ལུས་ཡོངསུ་དག་པ་ཡིན་ཏེ། ལུས་མཚན་གྱིས་ལེགས་པར་བརྒྱན་པ་དང་། ལག་པ་དང་རྐང་པ་འཛེམ་ཞིང་གཉེན་པ་དང་། ་བསོད་ནམས་ཀྱི་རྒྱུ་མཐུན་པའི་ཤིན་དུ་རྣམ་པར་ཕྱེ་བ་དང་། དབང་པོ་མ་ཚང་བ་མེད་པ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ཡང་། གཟུགས་ཀྱི་རྒྱུགས་ཤིང་དྲེགས་པ་ཡིན་ཏེ། ་ལུས་ཆེ་བའི་ཚུལ་དང་ལྡན་པ་མ་ཡིན་ནོ།། དེ་ཆོས་གཟུང་བར་བྱ་བའི་ཕྱིར་སེམས་ཅན་ཅི་ཙམ་དུ་དམན་པ་གཟུགས་མ་ཚང་བ་རྣམས་ལ་ཡང་འདུད་དོ་རབ་ཏུ་འདུད་དོ་ཞེས་གསུངསོ།། ཡང་དེ་ཉིད་ལས་བཅོམ་ལྡན ་འདས་འདི་ལྟ་སྟེ། དཔེར་ན་གང་གི་ཚེ་རྒྱུ་མཚོ་ཆེན་པོ་མཆིས་པར་གྱུར་པ་དེའི་ཆོ་གཞལ་བའི་ཕྱོགས་ན་མཆིས་པར་འགྱུར།། དེ་གཞོལ་བའི་སྲང་དུ་ཆུ་ཀླུང་ཐམས་ཅད་དང ་ཆབ་ཡིག་དང་འབབ་ཆུ་ཐམས་ཅད་ཚེགས་ཆུང་ངུས་དེར་འབབ་བོ།། བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ང་རྒྱལ་མ་མཆིས་པ་བླ་མོ་དང་སྦྱིན་གནས་ལ་གུས་པ་ཡང་ཚེགས་ཆུང་ངུས་ཆོས་ཐོབ་མོའི་སྒོ་རྣམས་རྣ ་བའི་དབང་པོ་ལ་གླགས་པར་འགྱུར་ཞིང་དྲན་པ་ལ་ཡང་གནས་པར་འགྱུར་རོ།། བཅོམ་ལྡན་འདས་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ང་རྒྱལ་གྱིས་ཁོངས་ང་རྒྱལ་གྱིས་རེངས་པར་གྱུར་ཏེ། བླ་མ་དང་སྦྱིན་གནས་རྣམས་ལ ་ཀུན་དུ་མི་འདུད་ཅིང་འདུད་པར་མི་བགྱིད་ལ་རབ་ཏུ་མི་འདུད་ན། བཅོམ་ལྡན་འདས་ཀྱེ་མའོ་བྱང་ཆུབ་སེམས་དཔའ་འདི་ནི་ང་རྒྱལ་གྱི་ལྕགས་ཀྱུས་ཟིན་པར་རིག་པར་བགྱིའོ་ཞེས་གསུངས་སོ།། འཕགས་པ་འཇིག་རྟེན་ལས ་འདས་པའི་ལེའུ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་བཅུ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ང་རྒྱལ་གྱི་ལས་སོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། བླ་མ་དང་སྦྱིན་གནས་དང་སློབ་དཔོན་དང་ཕ་མ་དང་དགེ ་སྦྱོང་དང་བྲམ་ཟེ་དང་ཡང་དག་པར་སོང་བ་དང་ཡང་དག་པར་ཞུགས་པ་རྣམས་ལ་མི་གུས་པ་ནི་ང་རྒྱལ་གྱི་ལས་སོ།། ཆོས་སྨྲ་བ་དང་། ཁྱད་པར་ཅན་གྱི་ཆོས་ཁོང་དུ་ཆུད་པ་དང་། ཆོས་རྒྱལ་ཆེན་པོ་སྟོན་པ་དང་། ཐེག་པ ་ཆེན་པོ་ལ་ཞུགས་པ་དང་འབྱུང་བའི་ལམ་གྱི་ཚུལ་ཤེས་པ་དང་གཟུངས་དང་མདོ་སྡེ་ལ་ཤིན་ཏུ་བྱ་བ་རྣམས་ལ་མི་འདུད་དེ། ཁེངས་ཤིང་འགྱིང་ལ་ཆོས་དང་ཆོས་སྨྲ་བ་ལ་གུས་པ་མི་སྐྱེད་ཅིང་སྲི་ཞུ་དང་ཞེས་མི་བྱེད་པ་ནི་ང ་རྒྱལ་གྱི་ལས་སོ།། ཆོས་མཉན་པ་དང་ཡང་དག་པའི་གཏམ་བྱ་བར་འདུག་པ་ན། ཆོས་ཀྱི་ཤུགས་རྒྱ་ཆེན་པོ་སྐྱེས་ཀྱང་ལ་ལ་ཞིག་འདི་ལ་དད་པ་སྐྱེས་པར་འགྱུར་དུ་འོང་སྙམ་སྟེ་ཆོས་སྨྲ་བ་ལ་ལེགས་སོ་ཞེས་བྱ་བ ་སྦྱིན་པར་མི་བྱེད་པ་ནི་ང་རྒྱལ་གྱིས་ལས་སོ།། མངོན་པའི་ང་རྒྱལ་བསྐྱེད་ནས་བདག་གཟེང་བསྟོད་ཅིང་ཕ་རོལ་ཏུ་གསོད་པ་དང་བདག་ཤེས་པ་ལ་མི་འཇུག་ཅིང་སེམས་ཀྱི་ངེས་པར་སེམས་པ་མི་སྐྱེད་པ་ནི་ང་རྒྱལ་གྱི་ལསོ།། ་ལྷག་པའི་ང་རྒྱལ་བསྐྱེད་ནས་ཤེས་ཤིང་རྟོགས་བཞིན་དུ་བསྔགས་པར་འོས་པའི་གང་ཟག་རྣམས་ཀྱི་བསྔགས་པ་དང་འཆབ་པ་དང་མི་སྙན་པར་བརྗོད་ཅིང་གཞན་གྱི་ཡོན་ཏན་བསྔགས་པས་ཡིད་མི་དགའ་བར་འགྱུར་པ་ནི ་ང་རྒྱལ་གྱི་ལསོ།། འདི་ནི་ཆོས་སོ་འདི་ནི་འདུལ་བའོ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ཡིན་ནོ་ཞེས་བྱ་བར་ཡང་ཤེས་ལ།། གང་ཟག་ལ་ཞེ་སྡང་ཞིང་ཆོས་ལ་ཞེ་སྡང་བ་དང་དམ་པའི་ཆོས་སྤོང་བ ་གཞན་དག་ཀྱང་རྩོད་དུ་འཇུག་ཅིང་ལྡོག་པར་བྱེད་པ་ནི་ང་རྒྱལ་གྱིས་ལས་སོ།། སྟན་མཐོན་པོ་འདོད་པ་དང་གཅེས་ཏེ་ལས་སུ་མི་བསྐོ་བའི་ཆོས་ཚོལ་བ་དང་གཞན་གྱི་རིམ་གྲོ་བྱ་བར་སྡོང་ཅིང་མངོན་པར་དགའ་བ་དང ་གནས་རྟན་རྒན་པོ་ཚངས་པར་སྤྱོད་པ་ཡུན་རིང་དུ་སྤྱད་པ་རྣམས་ལ་མི་ལྡང་ཞིང་མི་བསུ་བ་དང་བསྙེན་བཀུར་མི་བྱེད་པ་ནི་ང་རྒྱལ་གྱི་ལསོ།། བཞིན་ཁྲོ་གཉེར་ཅན་དུ་བྱས་ཤིང་མི་འཛུམ་པ་དང་། ་ཚིག་འཇམ་ཞིང་མཉེན་པ་མེད་ལ་རྟག་ཏུ་ཁེངས་པའི་སེམས་ཀྱི་གྲགས་བལྟ་སྐབས་ཚོལ་བ་ནི་ང་རྒྱལ་གྱི་ལས་སོ།། མངོན་པའི་ང་རྒྱལ་ཅན་དུ་ལྷུང་ཞིང་མཁས་པའི་གན་དུ་མི་འགྲོ་མི་བསྟེན་མི་བརྟན་བསྙེན་བཀུར་མི་བྱེད ་ཡོངས་སུ་མི་འདྲི་ཞིང་དགེ་བ་ནི་ཅི་མི་དགེ་བ་ནི་ཅི། ཅི་བྱས་ན་ཡུན་རིང་པོའི་དོན་དང་ཕན་པ་དང་བདེ་བར་འགྱུར། ཅི་བྱས་ན་ཡུན་རིང་པོར་གནོད་པ་དང་མི་ཕན་པ་དང་མི་བདེ་བར་འགྱུར་ཞེས་མི་འདྲི་སྟེ། དེ་རྨོངས་ཏེ་ལས་ཆེས ་རྨོངས་པར་གྱུར་ནས་གཏི་མུག་གི། བློང་ཞིང་ང་རྒྱལ་གྱི་བརྒྱལ་ཏེ་འབྱུང་བ་མི་མཐོང་བ་ནི་ང་རྒྱལ་གྱི་ལས་སོ།། མངོན་པའི་ང་རྒྱལྕི་ཟིལ་གྱིས་ནོན་པས་སངས་རྒྱས་འབྱུང་བ་མཉེས་པར་མི་བྱེད་པ་དང་སྔོན་གྱི་དགེ་བའི་རྩ་བ་ཟད་པར ་བྱེད་པ་དང་གསར་དུ་མི་སྐྱེད་པ་དང་། བཤད་པར་མི་བྱ་བ་འཆད་པ་དང་འཐབ་མོ་བྱེད་ཅིང་རྩོད་པ་མང་བར་འགྱུར་ཏེ། འདི་ལྟ་བུའི་ཆོས་ལ་གནས་པས་འདོད་རྒྱལ་ཆེན་པོར་ལྷུང་བའི་གནས་སུ་གྱུར་ཀྱང་། བྱང་ཆུབ་ཀྱི ་སེམས་ཀྱི་སྟོབས་སྐྱེད་པས་དབང་ཕྱུག་ཐོབ་པར་འགྱུར་ཡང་། དེས་བསྐལ་པ་བརྒྱ་སྟོང་དུ་སངས་རྒྱས་འབྱུང་བ་ཡང་མི་མཐོང་ན་ཆོས་ཉན་པར་ལྷ་ག་ལ་འགྱུར་ཏེ་འདི་ནི་ང་རྒྱལ་གྱི་ལས་བཅུ་པའོ།། ཀྱེ་རྒྱལ་བའི་སྲས ་བྱང་ཆུབ་སེམས་དཔའ་དག་གི་ང་རྒྱལ་གྱི་ལས་བཅུ་པོ་དེ་ལྟ་བུ་དེ་དག་ཡོངས་སུ་སྤངས་ནས། ཡེ་ཤེས་ཀྱི་ལས་བཅུ་ཐོབ་པར་འགྱུར་རོ་ཞེས་གསུངས་ཏེ། དེ་ཉིད་ལས་སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པ་ཞེས་ཡེ་ཤེས ་ཀྱི་ལས་ལེགས་པར་བཤད་དོ།། འཕགས་པ་ཡུལ་འཁོར་སྐྱོང་གྲི་ཞུས་པའི་མདོ་ལས་ཀྱང་། རྨོངས་པ་དེ་དག་ང་རྒྱལ་དབང་གིས་ནི།། ངན་སོང་ས་དང་མི་ཁོམ་སྐྱེ་བ་དང་། དབུལ་དང་དམན་པའི་རིགས་སུ་སྐྱེ་བ་དང་། ་དམུས་ལོང་མདོག་ངན་མཐུང་ཉི་ཆུང་ཉིད་འཛིན་བྱེད། ཅེས་གསུངས་སོ།། ཆོས་ཡང་དག་པར་སྡུད་པ་ཐམས་ཅད་ལས་ཀྱང་། སེམས་ཅན་གྱི་ཞིང་ནི་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཞིང་སྟེ། སངས་རྒྱས་ཀྱི ་ཞིང་གང་ལས་སངས་རྒྱས་ཀྱི་ཆོས་རྣམས་འཐོབ་པར་འགྱུར་བ་དེ་ལ་ལོག་པར་བསྒྲུབ་པ་མི་རིགས་སོ།། སྙམ་མོ།། དེ་ཡང་འདི་སྙམ་དུ་ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་ཐམས་ཅད་ནི་སེམས་ཅན་ལ་བརྟེན་ནས་འབྱུང་། ་ཉེས་པར་སྤྱད་པ་ལ་བརྟེན་ནས་ནི་ངན་སོང་རྣམས་འབྱུང་ངོ་།། ལེགས་པར་སྤྱད་པ་ལ་བརྟེན་ནས་ནི་ལྷ་དང་མིར་འགྱུར་རོ་སྙམ་མོ་ཞེས་གསུངསོ།། དེ་བས་ན་དཀོན་མ་ཚིག་ཏུ་ལ་ལའི་གཟུགས་ལས་ཀྱང་། ཀྱེ་རྒྱལ ་སྲས་དག་འོད་ལ་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ལ་ཐོག་མ་ཉིད་དུ་སེམས་རྣམ་པ་བཅུ་བསྐྱེད་དེ། རྣམ་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ཕན་པའི་སེམས་དང་། བདེ་བའི་སེམས་དང་། ་བརྩེ་བའི་སེམས་དང་། གཉེན་པའི་སེམས་དང་། སྡུག་པའི་སེམས་དང་། ཕན་གངག་པའི་སེམས་དང་། ཀུན་དུ་སྲུང་བའི་སེམས་དང་། སྙོམས་པའི་སེམས་དང་། སློབ ་དཔོན་གྱི་སེམས་དང་། སྟོན་པའི་སེམས་དང་། སེམས་རྣམ་པ་བཅུ་པོ་འདི་དག་བསྐྱེད་དོ་ཞེས་གསུངས་སོ།། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། བདག་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་སློབ་མར ་ཁས་ལེན་པ་ལ་གནས་ཤིང་སེམས་ཅན་གཞན་དག་ཀྱང་སློབ་མར་ཁས་ལེན་པ་ལ་བཞག་གོ་སྙམ་དུ་དབུགས་དབྱུང་བ་རྙེད་དོ།། དེ་བཞིན་དུ་སྦྱར་ཏེ། རྣམ་པར་འདུད་པ་དང་རབ་ཏུ་འདུད་པ་ལ་གཞག་གོ་སྙམ་དུ་དབུག་དབྱུང་བ་རྙེད ་ཅེས་གསུངས་སོ།། དེ་ལ་རྣམ་པར་འདུད་པ་དང་རབ་ཏུ་འདུད་པ་ནི་སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པ་ཉིད་དོ།། དེ་བཞིན་དུ་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་། སངས་རྒྱས་ཀྱི་ཞིང་ཡོངས ་སུ་དག་པར་སྐྱེ་བར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་སྟོན་པ་ལྟར་གཅེས་པར་བྱེད་ཅེས་གསུངས་སོ།། སྟན་གདིང་བ་དང་རྐང་པ་འཁྲུ་བ་ལ་སོགས་པའི་ལས་བྱེད་པ་ན་ཡང་འཇིག་རྟེན་དད་པར་འགྱུར་བ་བསྲུང་བའི་ཕྱིར ་སེམས་ཀྱི་གཙེས་པ་དང་གུས་པར་བསམ་པ་གོམས་པར་བྱའོ།། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་གསུངས་ཏེ། དེས་སེང་གེའི་ཁྲི་ཆེན་པོ་དེ་ལ་འདུག་མ་ཐག་ཏུ་སྐྱེ་བོ་མང་པོ་དེ་དག་མངོན་དུ་ཕྱོགས་པར ་འགྱུར་ཏེ་ཐལ་མོ་སྦྱར་ནས་རྒྱལ་པོ་དེ་ལ་ཕྱག་འཚལོ།། དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱིས་དཀྱིལ་འཁོར་རབ་ཏུ་སྒྲོགས་པ་དེས་སློང་མོ་བ་དེ་དག་མཐོང་བའི་མདོ་དེའི་རྒྱུས་ཆེས་དགའ་བར ་འགྱུར་གྱི། བསྐོལ་པ་ཚད་མེད་པའི་མཐས་ཀླས་པར་ཞེས་བྱ་བ་ནས། གནས་གཙང་མའི་ལྷའི་རྣམ་པར་ཐར་པ་ཞི་བའི་བདེ་བ་ལ་གནས་པ་ཐོབ་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུའོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས ་བུ་སྲིད་པ་ལ་སྤྱོད་པ་ཕ་མ་དང་ཕུ་ནུ་དང་བུ་སྲིང་དང་མཛའ་བོ་དང་བློན་པོ་དང་གཉེན་བཤེས་དང་བུ་དང་བུ་མོ་དང་ཆུང་མ་དང་ཡུན་རིང་མོ་ཞིག་ཏུ་བྲལ་བ་འབྲོག་དགོན་པར་འཁྱམ་ཏེ། དེ་དག་མཐོང་བར་འདོད་པ་ལས་དེ་དག་དང ་ཕྲད་ན་དེ་དག་མཐོང་བས་མི་ངོམས་ཤིང་དགའ་བ་དང་ཆགས་པ་ཆེན་པོ་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་རྒྱལ་པོ་ཆོས་ཐམས་ཅད་ཀྱི་ང་རོའི་གདུགས་ཀྱི་དཀྱིལ་འཁོར་རབ་ཏུ་སྒྲོགས་པས་སློང་མོ་པ་དེ་དགྲ ་མཐོང་བར་གྱུར་པའི་མོད་ལ་དགའ་བའི་ཤུགས་ཆེན་པོ་སྐྱེས་སོ།། སེམས་ཀྱི་དགའ་བའི་རོ་བདེ་བ་དང་ལྡན་པར་གྱུར་ཏོ།། སེམས་སྤྲོ་བའི་ཤུགས་རབ་ཏུ་བྱུང་ངོ་ཞེས་བྱ་བ་ནས། སློང་མོ་བ་དེ་དག་ལ་བུ་གཅིག ་པའི་འདུ་ཤེས་སྐྱེད་པའི་ཕྱིར་རོ།། ཕ་མིའི་འདུ་ཤེས་དོང་སྦྱིན་པའི་གནས་ཀྱི་འདུ་ཤེས་དང་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང་། དཀོན་པའི་འདུ་ཤེས་དང་། དཀའ་བ་བྱེད་པའི་འདུ་ཤེས་དང་། གཅེས ་སྤྲས་བྱེད་པའི་འདུ་ཤེས་དང་། ཕན་འདོགས་པ་དམ་པའི་འདུ་ཤེས་དང་། བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའི་འདུ་ཤེས་དང་། མཁན་པོའི་འདུ་ཤེས་དང་། སྟོན་པའི་འདུ ་ཤེས་སྐྱེད་པའི་ཕྱིར་ཏེ་ཞེས་བྱ་བའི་བར་དུ་གསུངས་སོ།། དེ་ལྟ་བུའི་ཐབས་གཞན་མེད་ན་སེམས་ཅན་གྱི་གྱེན་དུ་འགྲོ་བ་དང་རིམ་གྲོ་བྱེད་པའི་ཚེ་ཐམས་ཅད་དུ་གཏང་བ་དྲན་པར་བྱ་སྟེ། བདག་གིས་ལུས་འདི་ནི ་འདི་དག་དག་ཡིན་གྱི། བདོག་བདེ་བའི་དོན་དུ་ས་བྱི་དོར་བྱེད་པ་དང་བསྐུ་བ་ལ་སོགས་པ་བྱེད་པ་བཞིན་དུ་འདི་ལ་ཅི་དགར་སྤྱོད་ཅིག་སྙོམ་དུ་བསམས་སོ།། ཡང་ན་ཇོ་བོ་མི་དགོའ་བས་འཇིགས་པ་དེ་དགའ་བར ་འདོད་པས་དེས་བསྒོ་བ་སྒྲུབ་པ་ལྟར་ཡིད་ལ་བྱའོ།། རྟེན་གཞན་མེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་རིམ་གྲོ་མཛད་པ་ཡང་དགེ་སློང་ནད་པས་ཉམས་སུ་བླངས་སོ།། དགེ་སློང་གི་བྱ་བ་རྒྱས་པ་ལས་འདི་སྐད ་སྐད་དུ། བཅོམ་ལྡན་འདས་ཀྱིས་བཀུའ་སྩོལ་པ། དགེ་སློང་མ་འཇིགས་ཤིག། དགེ་སློང་ངས་ཁྱོད་ཀྱི་རིམ་གྲོ་བྱའོ།། དགེ་སློང་ཁྱེད་ཀྱི་གོས་རྣམས་ཚུར་བྱིན་ཅིག་ངས་བཀྲུའོ།། དེ་སྐད་ཅེས་བཀའ་སྩལ ་པ་དང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དགེ་སློང་ནད་པ་འདིའི་གོས་མི་གཙང་པོས་འབགས་པ་རྣམས་མི་བཀྲུ་བར་གསོལ། ་བཅོམ་ལྡན་འདས་བདག་གིས་བཀྲུ་བར་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་དགེ་སློང་འདིའི་གོས་རྣམས་ཁྲུས་ཤིག། དེ་བཞིན་གཤེགས་པས་ནཱ་ཆུ ་བླུགས། དེ་ནུས་ཚེ་དང་ལྡན་པ་ཀུན་དགའ་བོས་ནི་དགེ་སློང་ནད་པ་དེའི་གོས་བཀྲུས་སོ།། བཅོམ་ལྡན་འདས་ཀྱིས་ནི་ཆུ་ཐུགས་སོ།། དེ་བཞིན་དུ་སྦྱར་ཏེ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ ་སློང་ནད་པ་དེ་ཤིན་དུ་ལེགས་པར་བླངས་ཏེ་ཕྱི་རོལ་དུ་ཕྱུང་ནས་བཀྲུས་སོ།། བཅོམ་ལྡན་འདས་ཀྱིས་ནི་ཆུ་ཐུགས་སོ་ཞེས་གསུངས་པ་བཞིན་ནོ།། ཡང་སྨྲས་པ། གང་དག་མགུ་བས་ཆེ་ཉིད་དང་། མ་མགུས་མི ་བཟང་རྒུད་འགྱུར་བ།། དེ་དག་སྲོག་ཀྱང་ཡོངས་བཏང་ནས།། མགུ་བར་བྱ་བར་རིགས་པ་ཡིན།། གང་དག་མགུ་བྱས་མང་པོ་རྣམས།། གྲུབ་དེ་སེམས་ཅན་འདི་དག་ཉིད།། འཇིག་རྟེན་ན་ནི་སེམས་ཅན་ལས།། གྲུབ ་པའི་ཞིང་གཞན་ཡོད་མ་ཡིན།། འདི་དག་ཡིད་བཞིན་ནོར་བུ་དང་།། བུམོ་བཟང་འདོད་འཇོའི་བ་དང་ནི།། བླ་མ་དང་ནི་ལྷ་འདྲ་བ།། དེས་ན་འདི་དག་མགུ་བར་བྱ།། གཞན་ཡང་གཡོ་མེད་གཉེན་གྱུར་ཅིང་། ཕན་པ ་དཔག་མིད་མཛད་རྣམས་ལ།། སེམས་ཅན་མགུ་བྱ་མ་གཏོགས་པར།། གཞན་གང་ཞིག་གིས་ལེན་ལོན་འགྱུར།། རལ་པའི་ནང་གནས་སེམས་ཅན་རྣམས།། འབད་པས་གཡོ་བ་མེད་པར་ནི།། ཇི་ལྟར་བཞེད་བཞིན ་མགུན་པས་སྨྲ།། དབུ་སུས་བབྱུང་བར་གྱུར་བ་ཡིན།། གང་བྷྲི་སྐུ་གཏང་མན་མུ་ལ་གྱུ་བྲལ།། དེ་ལ་བྱས་པས་ལན་ལྡན་བྱེད་འབྱུང་ག། སྭཱ་ནཱ་གན་ནྡན་བྱུད་ཀྱང་དུ་དག་ལ། ་ལེགས་པ་ཐམས་ཅད་རབ་ཏུ་སྤྱད་པར་བྱ་བ། རེ་ཊཱིག་བདག་གི་རྗེར་གྱུར་ཉིད་ཀྱང་ནི།། གང་ཕྱིར་རང་གི་སྐུ་ལ་མོ་གཟིགས་པ།། རྗེ་བ་དེ་དང་དེ་ལ་ཇི་ལྟར་བདག། ང་རྒྱལ་བྱེད་ཅིང་བྲན་གྱི་དངོས་མི་བྱེད།། གང་དོག་བདེ་བས་ཐུ ་རྣམས་དགྱེས་འགྱུར་ཞིང་།། གང་ལ་གནོད་ན་མི་དགྱེས་འབྱུང་འགྱུར་བ།། དེ་དག་དགའ་བས་ཐུབ་དབང་ཀུན་དགྱེས་ཤིང་།། དེ་ལ་གནོད་བྱས་ཐུབ་ལ་གནོད་པར་བྱས།། ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ།། འདོད་པ ་ཀུན་གྱིས་ཡིད་བདར་མི་འགྱུར་བ།། དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང་།། ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ།། དེ་བས་བདག་གིས་འགྲོ་ལ་གནོད་བྱས་པས།། ཐུགས་རྗེ་ཆེ་ཀུནྡ་མི་དགྱེས་གྱུར་པ་གང་།། ་སྡིག་དེ་དེ་རིང་སོ་སོར་བཤགས་བགྱི་ཡིས།། མི་དགྱེས་གང་ལས་དེ་ཐུབ་བཟོད་པར་གསོལ།། དེ་བཞིན་གཤེགས་རྣམས་མཉེས་པར་བགྱིད་སླད་དེང་།། བདག་ཉིད་ཀུན་གྱིས་འཇིག་རྟེན་བྲན་དུ་མཆི།། འགྲོ་བ་མང་བདག ་འདིའི་མགོ་ལ་རྡོག་བསྣུན་ནམ།། ཡང་ན་གསོད་པར་བྱེད་བཟོད་འཇིག་རྟེན་མགོན།། འགྲོ་བ་འདི་ཀུན་ཐུགས་རྗེའི་བདག་ཅན་དེས།། བདག་ཏུ་མཇེད་པ་འདི་ལ་ཐེ་ཚོམ་མེད།། སེམས་ཅན་ངོ་བར་མཐོང་བ་འདི་དག་ནི།། མགོན ་དེ་དག་ཉིད་ནི་ཕྱིར་གྲཝས་སྤྱི་བྷྱ།། འདི་ཉིད་དེ་བཞིན་གཤེགས་པ་མས་བྱེད་ཡིན།། རང་དོན་ཡང་དག་སྒྲུབ་བྱེང་འདི་ཉིད་ཡིན།། འཇིག་རྒྱུན་སྡུག་བསྡུབ་སེལ་བའང་འདི་ཉིད་དེ།། དེས་ན་བདག་ཉིད་རྟག་ཏུ་དེ་ཉིད་བྱ།། དབེནན ་རྒྱལ་པོའི་མོ་གོང་འགིལ་ཞོག། སྐྱེ་བ་མེད་ལྕེ་གནོད་བྱེང་ཀྱང་།། སྐྱེ་བོ་མགོ་རླུང་རིང་པོ་དག། ནུས་ཀྱང་སླར་ཡང་གནད་མི་བྱེད། འདི་ལྟད་དུ་གཅིག་ས་ཡིན་གྱི།། རྒྱལ་པོའི་མཧཱ་སྣརུབསྭཱ་དེ་ཡི་མཐུ།། དེ་བཞིན་གནོད་བྱུ ་ཉམ་ཆུང་བ།། འགའ་ཡང་ཁྱད་དུ་གསད་མི་བྱ།། ཇི་ལྟར་དམྱལ་བའི་སྲུང་མ་དང་།། ཐུགས་རྗེ་ལྷུན་རྣམས་དེ་ཡི་དཔུང་།། དེ་ལ་དམངས་ཀྱི་རྒྱལ་གཏུམ་བཞིན།། སེམས་ཅན་རྣམས་ནི་མགུ་བར་བྱ།། རྒྱལ་པོ་ལྟ་ཞོག ་ཟོས་ན་ཡང་།། སེམས་ཅན་མི་མིགུ་བྱས་པོ་ཡིས།། མྱོང་པོར་འགྱུར་བ་གང་ཡིན་པ།། དམྱལ་བའི་གནོད་པ་དེས་བྱེད་དམ།། རྒྱལ་པོ་ལྕེ་ཞིག་མགུ་ན་ཡང་།། སེམས་ཅན་མགུ་ལས་བྱུང་བ་ཡི།། ཐོབ་པར་གྱུར་པ་གང་ཡིན ་བ།། སངས་རྒྱས་ཉིད་སྦྱིན་མི་སྲིད་དོ།། སེམས་ཅན་མགུ་བ་ལས་བྱུང་བའི།། མ་འོངས་སངས་རྒྱས་འགྲུབ་ལྔ་ཞོག། ཚེ་འདི་ཉིད་ལ་དཔལ་ཆེན་དང་།། དྲུགས་དང་སྒྱིད་གྱུར་ཅིག་མ་མཐོང་།། མཛེས་པ་ཉིད་དང་ནད ་མེད་དང་།། རབ་དགའ་ཡུན་རིང་འཚེ་བ་དང་།། འཁོར་ལོས་སྒྱུར་བའི་བདེ་རྒྱས་ནི།། འཁོར་ཚེ་བཟོད་པས་ཐོབ་པར་བྱེད།། བྱམས་སེམས་ལྡན་ལ་མཆོད་བྱ་ག་།། དེ་ནི་སེམས་ཅན་ཆེ་བ་ཉིད།། སངས་རྒྱས་དང ་བའི་བསོད་ནམས་གང་།། དེ་ནི་སངས་རྒྱས་ཆེ་བ་ཉིད།། དེ་ལྟ་བས་ན་ཟླ་བ་སྒྲོན་མའི་མདོ་ལས་ཀྱང་། བྱམས་པས་བསྒོམས་པའི་འབྲས་བུ་བརྗོད་དེ།། མཆོད་པ་ཚད་མེད ་རྣམས་མང་ཇི་སྙེད་པ།། ཞིང་ནི་བྱེ་བ་ཁྲག་ཁྲིག་གཏམས་སྙེད་དུ། སྐྱེས་བུ་མཆོག་ལ་མཆོད་པ་དེ་བྱས་པས།། བྱམས་པའི་སེམས་ལ་གྲངས་དང་ཆར་མི་ཕོད་ཞེས་བྱའོ།། དེ་ལྟ་བས་ན་སྦྱིན་པའི་གནས་ཆེན་པོ་དེ་ལྟ་བུ་དག ་ལ་ཁེངས་པ་རྟག་ཏུ་སྤང་བར་བྱ། ཁེངས་པ་འདི་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་བྱུང་བའི་ཕྱིར་དེ་ལ་མི་འཇུག་པར་སྒྲིམ་པར་བྱ་སྟེ། དཀོན་མཆོག་སྦྱིན་ལས་ཇི་སྐད་དུ། རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བྲལ་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གཅིག་པོ་ལྐོག་ཏུ་སོང་སྟེ་རབ་ཏུ་དབེན་པར་གནས་ཤིང་། འདི་ལྟར་བདག་ནི་མ་འདྲེས་པར་གནས་པ་སྟེ། བདག་ནི་རབ ་ཏུ་དབེན་པ་གནས་པའོ།། བདག་ནི་དེ་བཞིན་གཤེགས་པའི་ཆོས་འདུལ་བ་ལ་ཞུགས་པའོ།། དགེ་སློང་ངམ་བྲམ་ཟེ་གཞན་གང་ཡིན་པ་དག་ནི་ཀུན་ཀྱང་འདྲེས་པས་གནས་པ། འདུ་འཛི་མང་བ་དེ་བཞིན་གཤེགས་པའི་ཆོས ་འདུལ་བ་ལས་ཉམས་པའོ་སྙམ་དུ་སེམས་མི་སྐྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་བྲལ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ།། ཡང་དེ་ཉིད་ལས་འདི་ལ་བྱང་ཆུབ་སེམས ་དཔའ་བརྩོན་འགྲུས་རྩོམ་པ་ན་བརྩོན་འགྲུས་དེའི་རོ་མྱང་བར་མི་བྱེད་དེ། བརྩོན་འགྲུས་དེས་གཞན་ལ་མི་སྨོས་བདག་ལ་མི་བསྟོད་དོ།། དེ་འདི་སྙམ་དུ་ཤེས་རབ་དང་ལྡན་པའི་རང་བཞིན་ཅན་སུ་ཞིག་བདག་གི་ལས་ལ་བརྩོན ་པས་གཞན་ལ་སྨོད་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་དེ་ལྟར་ནི་བྱང་ཆུབ་སེམས་དཔའ་བསྙེམས་པ་མེད་པའི་བརྩོན་འགྲུས་ཅན་ཡིན་ནོ་ཞེས་གསུངས་སོ།། བསོད་ནམས་བསྲུང་བ་མདོར་སྨྲས་པ་ནི་རདི་ཡིན་ཏེ། བྱང་ཆུབ ་ཏུ་ཡོངས་སུ་བསྔོ་བ་གང་ཡིན་པའོ།། ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟེན་པའི་མདོ་ལས། དགེ་བའི་རྩ་བ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་འགའ་ཡོང་ཟད ་པར་མི་འགྱུར་རོ།། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་ཆུའི་ཐིགས་པ་རྒྱ་མཚོ་ཆེན་པོར་ལྷུང་བ་ནི་བསྐལ་པའི་མཐར་མ་ཐུག་བར་དུ་བར་མ་དོར་ཟད་པ་མེད་དོ་ཞེས་གསུངས་སོ།། བསླབ་པ་ཀུནྡ་ལས་བཏུས་པ་ལས་ལོངས ་སྤྱོད་དང་བསོད་ནམས་བསྲུང་བའི་ལེའུ་སྐྱེ་བདུན་པའོ།། ། ལུས་ལ་སོགས་པ་གསུམ་བསྲུང་བ་བཤད་ཟིན་ཏེ། དེ་ནི་དག་པ་བརྗོད་པར་བྱའོ།། ཅིའི་དོན་དུ་ཞེ་ན། ལུས་ནི་རྣམ ་པར་སྦྱངས་བྱས་ན།། ཕན་པའི་ལོངས་སྤྱོད་འགྱུར་བ་སྟེ།། འབྲས་ཆེན་ལེགས་པར་ཚོས་པ་དང་།། གཟེགས་མེད་ལུས་ཅན་ཕྲན་པ་འདྲ།། འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོལས་ཇི་སྐད་དུ། གང ་ཡང་གྲོང་ཁྱེར་ཆེན་པོ་དག་གི་དུར་ཁྲོད་ཆེན་པོ་སྲོག་ཆགས་བརྒྱ་སྟོང་དུ་མས་གང་བར་གྱུར་པ་དེར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བདག་གི་ལུས་ཆེན་པོ་ཤི་ཞིང ་དུས་ལས་འདས་པར་སྟོན་ཏོ།། དེར་ཡང་སེམས་ཅན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེ་དག་གི་ཇི་ཙམ་འདོད་པར་ཤ་ཟོས་ནས་ཆའི་མཐར་ཕྱིན་ཏེ་འཆི་བའི་དུས་སུ་གྱུར་ཅིང་ཤི་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ ་སྐྱེ་བ་དང་། དེ་དག་གི་ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་རྒྱུར་འགྱུར་བ་གང་ཡིན་པ་དེ་ཡང་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་ཡོངས་སུ་དག་པའི་ཕྱིར་ཏེ། སེམས་ཅན་གང་དག་གི་བདག་འཆི་བའི་དུས་སུ ་གྱུར་བའི་ཤ་ཟོས་པ་དེ་དག་ལ་ཉིད་མཐོ་རིས་སུ་སྐྱེ་བ་ནས་ཡོངས་སུ་མྱ་ངན་ལས་འདའ་བའི་བར་གྱི་རྒྱུར་གྱུར་ཅིག་ཅེས་གང་གི་ཡུན་རིང་པོ་ནས་སྨོན་ལམ་བཏབ་སྟེ་ཚུལ་ཁྲིམས་དང་ལྡན་པ་དེའི་བསམ་པ་གྲུབ་པ་དང་དོན་དུ་གཉེར ་བ་གྲུབ་པ་དང་སྨོན་ལམ་གྲུབ་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ།། ཡང་དེ་ཉིད་ལས་དེ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བས་ན་མཐོང་བས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་དོ།། ཐོས་པ་དང་རེག་པས་ཀྱང་སེམས་ཅན་རྣམས་ཀྱི་དོན ་བྱེད་དོ།། ཞི་བའི་བློ་གྲོས་འདི་ལྟ་སྟེ་དཔེར་ན་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས་རྩི་ཐམས་ཅད་བསྡུས་ཏེ་རྩིའི་ཤིང་མང་པོ་ལས་བུ་མོའི་གཟུགས་བཟང་ཞིང་མཛེས་པ་ལྔ་ན་སྡུག་པ་ལེགས་པར་བྱས་ཏེ་ལེགས་པར་ཟིན་ཅིང ་ལེགས་པར་བྱི་དོར་བྱས་པ་དེ་འོང་ངམ་འགྲོ་བ་འམ་འགྲེང་ངམ་འདུག་གམ་ཉལ་ཡང་རྟོག་པ་མེད་ཅིང་རྣམ་པར་རྟོག་པ་མེད་དོ།། དེར་ནད་པ་གང་བཙུན་པ་བཙུན་པ་རྒྱལ་པོ་རྣན་ཆེན་འམ་རྒྱལ་པོའི་བུ་འམ་ཚོང་དཔོན་ནམ་ཁྱིམ་བདག་གམ ་བློན་པོ་འམ་རྒྱལ་ཕྲན་གང་དག་འོང་བ་དེ་དག་སྨན་པའི་རྒྱལ་པོ་འཚེ་བྱེད་ཀྱི་སྨན་གྱི་བུ་མོ་དེ་དང་སྤྱད་ནས་དེ་དང་ཕྲད་མ་ཐག་ཏུ་ནང་ཐམས་ཅད་བྱང་སྟེ་ནད་མེད་ཅིང་བདེ་བ་ལས་ཉམས་པ་མེད་པར་འགྱུར་རོ།། ཞི་བའི་བློ་གྲོས་སྨན ་པ་གཞན་ལ་མེད་པའི་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱི་འཇིག་རྟེན་གྱི་ནོང་གསོ་པའི་ཤེས་པ་ལ་བལྟོས། ཞི་བའི་བློ་གྲོས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡང་སེམས་ཅན་བུ་མེད་དང་སྐྱེས་པ་ཁྱེའུ ་དང་བུ་མོ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཡོངས་སུ་གདུངས་པ་ཇི་སྙེད་པ་དེ་དག་གིས་ལུས་ལ་རེག་ན། རེག་མ་ཐག་ཏུ་དེ་དག་གི་ཉོན་མོངས་པ་ཐམས་ཅད་སེལ་བར་འགྱུར་རོ།། ལུས་ཡོངས་སུ་གདོང་པ་དང་བྲལ ་བར་ཡང་ཤེས་སོ།། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་ཤིན་ཏུ་ཡོངས་སུ་དག་པའི་ཕྱིར་རོ་ཞེས་གསུངས་སོ།། དེའི་དོན་དུ་ལུས་སྦྱང་བར་བྱའོ།། གཞན་ཡང་ཇི་ལྟར་ལོ་ཏོགས་བཅས ་ཁེབས་ན། ནད་ཀྱི་ཞུམ་ཞིང་ངེ་རྒྱས་མི་འགྱུར།། དེ་ལྟར་སངས་རྒྱས་མྱུ་གུ་ཡང་།། ཉོན་མོངས་ཁེབས་ན་རྒྱས་མི་འགྱུར།། གཉེན་པོས་བསལ་ན་འཕེལ་བར་འགྱུར་ཞེས་བྱ་བར་དགོངས་པའོ།། ལུས་ཀྱི་དག་པ ་གང་ཞེ་ན། སྡིག་དང་ཉོན་མོངས་རྣམ་སྦྱོང་ཡིན།། རྫོགས་སངས་རྒྱས་ཀྱི་གསུངས་ཚུལ་དུ།། འབྲང་བ་མེད་ན་ངན་སོང་འགྲོ། དེ་ལ་སྡིག་པ་སྦྱང་བ་ནི་ཆོས་བན ་བསྟན་པའི་མདོ་ལས་བསྟན་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོར་བར་འགྱུར་ཏེ། བཞི་གང་ཞེ་ནི། འདི་ལྟ་སྟེ། རྣམ་པར ་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། ཉེས་པ་ལས་ཟློག་པའི་སྟོབས་དང་། རྟེན་གྱི་སྟོབས་སོ།། དེ་ལ་རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་སྤྱོད་པ་དེ་ལ་འགྱོད ་པ་མེང་པོ་ཡིན་ནོ།། དེ་ལ་གཉེན་པོ་ཀུན་ཏུ་སྤྱོད་པ་ནི་མི་དགེ་བའི་ལས་བྱས་ནས་ཀྱང་དགེ་བའི་ལས་ཤིན་ཏུ་བརྩོན་པའོ།། དེ་ལ་ཉེས་པ་ལས་ཟློག་པའི་སྟོབས་ནི་སྡོམ་པོ་ཡང་དག་པར་བླངས་པས་མི་ཕྱེད་པའི་སྡོམ་པ ་ཐོབ་པའོ།། དེ་ལ་རྟེན་གྱི་སྟོབས་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ། དེ་སྟོབས་དང་ལྡན་པ་ལ་བརྟེན་པས་སྡིག་པས་ཟིལ་གྱིས་གནོན་པར་མི ་ནུས་སོ།། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་འདི་དག་དང་ལྗོན་ན་སྡིག་པ་བསགས་པ་ཟིལ་གྱིས་ནོན་པར་འགྱུར་རོ་ཞེས་བྱ་བའོ།། དེ་ལ་རྣམ་པར་སྨོད་པ་ཀུན་ཏུ་སྤྱོད་པ་ཇི ་ལྟར་བསྒོ་བར་བྱ་ཞེ་ན། གསེར་འོད་དམ་པའི་མདོ་ལས་ཇི་སྐད་བསྟན་པ་ལྟ་བུ་སྟེ། སངས་རྒྱས་རྐང་གཉིས་དམ་པ་དག། ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས།། གང་དག་ཕྱོགས་བཅུའི་འཇིག་རྟེན་ན།། ཞུགས ་བདག་ལ་དགོངས་སུ་གསོལ།། བདག་གི་སྔན་ཆད་སྡིག་པའི་ལས།། ཤིན་ཏུ་མི་བཟང་གང་བགྱིས་པ།། སྟོབས་བཅུའི་སྤྱན་སྔར་མཆིས་ནས་ནི།། དེ་དག་ཐམས་ཅད་བཤགས་པར་བགྱི།། ཕ་མ་དག་ཏུ་མི་འཛིན ་དང་།། སངས་རྒྱས་རྣམས་སུ་མི་འཛིན་དང་།། དགེ་བ་དག་ཏུ་མི་འཛིན་པས།། སྡིག་པ་བདག་གིས་གང་བགྱིས་དང་།། ཕྱུག་པའི་རྒྱགས་པས་དྲེགས་པ་དང་།། རིགས་དང་ལོངས་སྤྱོད་རྒྱགས་པ་དང་།། གཞོན་པའི ་རྒྱགས་པས་དྲེགས་པ་ཡིས།། བདག་གིས་སྡིག་པ་གང་བགྱིས་དང་། ཉེས་པའི་དམིགས་སུ་མ་མཐོང་བས།། ཉེས་པ་བགྱིས་པའི་ལས་དང་ནི།། ཉེས་པར་བསགས་ཤིང་ཉེས་སྨྲས་པའི།། སྡིག་ལས་བདག་གིས ་གང་བགྱིས་དྲང་།། བྱིས་པའི་བློ་ཡི་འཇུག་པ་དང་།། མི་ཤེས་མུན་པའི་སེམས་དང་ནི།། སྡིག་པའི་གྲོགས་པོའི་དབང་གྱུར་དང་།། ཉོན་མོངས་རྣམ་པར་འཁྲུག་སེམས་དང་།། རྩེད་མོ་དགའ་བའི་དབང་ཉིད་དང་། ་མྱ་ངན་དང་ནི་ནང་དབང་དང་།། ནོར་གྱི་མི་ཆོག་ཉེས་པ་ཡིས།། བདག་གིས་སྡིག་པ་གང་བགྱིས་དང་།། འཕགས་མིན་སྐྱེ་བོ་འདྲེ་བ་དང་།། ཕྲག་དོག་སེར་སྣ་སྒྱུ་དང་ནི།། གཡོ་དང་དབུལ་བའི་ཉེས་པ་ཡིས།། བདག ་གིས་སྡིག་པ་གང་བགྱིས་དང་།། ཕོངས་དང་རྒུད་པའི་དུས་ཀྱི་ཚེ།། འདོད་པ་རྣམས་ཀྱི་འཇིགས་རྒྱུ་དང་།། ཕྱུག་པ་མ་ཡིན་གྱུར་པ་ཡིས།། བདག་གི་སྡིག་པ་གང་བགྱིད་དང་། ་གཡོ་བའི་སེམས་ཀྱི་དབང་ཉིད་དང་།། འདོད་དང་ཁོང་ཁྲོའི་དབང་དག་དང་།། བཀྲེས་དང་སྐོམ་གྱིས་ཉེན་པ་ཡིས།། བདག་གིས་སྡིག་པ་གང་བགྱིས་དང་།། བཟའ་བ་དག་དང་བཏུང་བ་དང་།། བུད་མེད་རྒྱུ་དང་གོས་ཀྱི་ཕྱིར ་ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས།། བདག་གིས་སྡིག་པ་གང་བགྱིས་དང་།། ལུས་དང་ངག་དང་ཡིད་ཀྱིས་སྡིག། ཉེས་སྤྱད་རྣམས་པ་གསུམ་བསགས་ནི།། འདི་འདྲའི་ཚུལ་གྱིས་གང་བགྱིས་པ།། དེ་དག་ཐམས ་ཅད་བདག་འཆགས་སོ།། སངས་རྒྱས་རྣམས་དང་ཆོས་རྣམས་དང་།། དེ་བཞིན་ཉན་ཐོས་རྣམས་ལ་ཡང་།། གུས་པ་མ་ལགས་གང་བགྱིས་པ།། དེ་དག་ཐམས་ཅད་བདག་འཆགས།། གང་ཡང་རང་སངས་རྒྱས་རྣམས ་དང་།། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་།། གུས་པ་མ་ལགས་བགྱིས་པ་དང་།། དེ་དག་ཐམས་ཅད་བདག་འཆགས་སོ།། དམ་ཆོས་སྨྲ་བ་རྣམས་ལ་ཡང་།། གུས་པ་མ་ལགས་བགྱིས་པ་དང་།། ཆོས་ལ་གུས་པམ་བགྱིས ་བ། དེ་དག་ཐམས་ཅད་བདག་འཆགསོ།། བདག་གིས་རྟག་དུ་མི་ཤེས་པས།། དམ་པའི་ཆོས་ནི་སྤང་པ་དང་།། ཕ་མ་རྣམས་ལ་མ་གུས་གང་།། དེ་དག་ཐམས་ཅད་བདག་འཆགས་སོ།། བླུན་པོ་དང་ནི་བྱིས་པ་དང་།། ་འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་དྲེགས་པས་བསྒྲིབ་བགྱིས་པ།། དེ་དག་ཐམས་ཅད་བདག་འཆགས་སོ།། བདག་གི་ཕྱོགས་བཅུའི་འཇིག་རྟེན་དུ།། སྟོབས་བཅུ་རྣམས་ལ་མཆོད་པར་བགྱི།། བདག་གིས་ཕྱོགས ་བཅུའི་སེམས་ཅན་རྣམས།། སྡུག་བསྔལ་ཀུན་ལས་གྲངོན་པར་བགྱི།། སེམས་ཅན་བསམ་གྱིས་མི་ཁྱབ་ཀུན།། ས་བཅུ་ལ་ནི་དགོད་པར་བགྱི།། ས་བཅུ་ལ་ནི་གནས་ནས་ཀྱང་། ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག། ཇི་སྲིད ་སྡུག་བསྔལ་རྒྱ་མཚོ་ལས།། དེ་ཀུན་མཐར་གྱི་ནུས་སྲིད་དུ།། སེམས་ཅན་རེ་རེའི་ཕྱིར་ཡང་ནི།། བསྐུལ་པོ་བྱེ་བར་སྤྱད་པར་བགྱི།། གསེར་འོང་དམ་པ་ཞེས་བགྱི་བ།། ལས་རྣམས་ཐམས་ཅད་བྱང་བགྱིད་པ།། ཟབ་མོ་དག ་ནི་སྟོན་པ་འདི།། སེམས་ཅན་དེ་དག་བསྟན་པར་བགྱི།། གང་གི་བསྐལ་པ་སྟོང་རྣམས་སུ།། སྡིག་པ་ཤིན་ཏུ་མི་བཟང་བགྱིས།། ལན་ཅིག་རབ་ཏུ་བཤགས་པ་ཡིས།། དེ་དག་ཐམས་ཅད་བྱང་བར་འགྱུར།། གང་གིས ་ལས་ཀྱི་སྒྲིབ་པ་རྣམས།། མྱུར་དུ་ཡང་དག་ཟད་འགྱུར་བ།། གསེར་རྣམ་པ་དགེ་པ་ཡི།། བཤགས་པ་འདི་དག་བཤགས་ནས་ནི།། རིན་ཆེན་འབྱུང་གནས་མཆོག་བཅུ་པོ།། ས་བཅུ་ལ་ནི་གནས་པར་བགྱི།། སངས་རྒྱས ་ཡོན་ཏན་སྣང་བར་བགྱི།། སྲིད་པའི་མཚོ་ལས་བསྒྲལ་བར་བགྱི།། སངས་རྒྱས་རྒྱ་མཚོ་ཆུ་བོ་དང་།། ཡོན་ཏན་རྒྱ་མཚོ་ཟབ་མོ་དེ།། སངས་རྒྱས་ཡོན་ཏན་བསམ་ཡས་ཀྱིས།། ཐམས་ཅད་མཁྱེན་དུ་རྫོགས་པར ་བགྱི།། ཏིང་འཇན་བརྒྱ་ཕྲག་སྟོང་རྣམས་དང་།། གཟུངས་རྣམས་བསམ་གྱིས་མི་ཁྱབ་དང་།། དབང་སྟོབས་བྱང་ཆུབ་ཡན་ལག་གས།། སྟོབས་བཅུ་དམ་པར་འགྱུར་བར་བརྒྱ། ་དགོངས་པའི་ཐུགས་ཀྱི་སངས་རྒྱས་རྣམས།། བདག་ལ་རྣམ་པར་གཟིགས་སུ་གསོལ།། ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི།། ནོངས་པར་རབ་ཏུ་གཟུང་དུ་གསོལ།། བདག་གི་བསྐལ་པ་བརྒྱ་རྣམས་སུ།། སྔན་ཆད་སྡིག ་པ་གང་བགྱིས་པ།། དེ་ཕྱིར་བདག་ནི་མྱ་ངན་སེམས།། ཕོངས་དང་མྱ་ངན་འཇིགས་པས་གཟིར།། སྡིག་པའི་ལས་ལ་འཇིགས་པར་བགྱི།། ཡིད་ནི་རྟག་ཏུ་དམན་པར་གྱུར།། གང་དང་གང་དུ་སྤྱད་བགྱིས་པ།། བདག་ནི་གང ་དུའང་དགའ་མ་མཆིས།། སངས་རྒྱས་ཐམས་ཅད་ཐུགས་རྗེ་ལྡན།། འགྲོ་བ་ཀུན་གྱི་འཇིགས་སེལ་པས།། ནོངས་པར་རབ་ཏུ་གཟུང་དུ་གསོལ།། འཇིགས་པ་དག་ལས་བདག་ཐར་མཛོད།། བདག་གི་ཉོན་མོངས་ལས ་རྣམས་ཀྱི།། དྲི་མ་དེ་བཞིན་གཤེགས་པས་སོལ།། སངས་རྒྱས་རྣམས་ཀྱི་བདག་ལ་ནི།། སྙིང་རྗེའི་ཆུ་ཡིས་བཀྲུ་བར་གསོལ།། སྡིག་པ་ཐམས་ཅད་བཤགས་པར་བགྱི།། སྔོན་ཆད་བདག་གིས་གང་བགྱིས་དང་། ་ད་ལྟར་བདག་གི་སྡིག་པ་དང་།། དེ་དག་ཐམས་ཅད་བདག་འཆགས་སོ།། ནོངས་པར་བགྱིས་པའི་ལས་རྣམས་ཀུ་ནི།། སླན་ཆད་མི་བགྱིད་བསྡམ་པར་བགྱི།། བདག་གིས་ནོངས་པར་བགྱིས་པ་གང་།། སྡིག་དེ་བཅབ་པར ་མི་བགྱིའོ།། ལུས་ཀྱི་ལས་ནི་རྣམ་གསུམ་དང་།། ངག་གི་རྣམ་པ་བཞི་དག་དང་།། ཡིད་ཀྱི་རྣམ་པ་གསུམ་པོ་རྣམས།། དེ་དག་ཐམས་ཅད་བདག་འཆགས་སོ།། ལུས་ཀྱི་བགྱིས་དང་ངག་གི་ལས།། ཡིད་ཀྱི་རྣམ་པར ་བསམས་པ་དང་།། ལས་རྣམས་བཅུ་པོ་བགྱིས་པ་དག། དེ་དག་ཐམས་ཅད་བདག་འཆགས་སོ།། མི་དགེ་ལས་བཅུ་སྤངས་ནས་སུ།། དགེ་བ་བཅུ་པོ་བསྟེན་བགྱིས་ཏེ།། ས་བཅུ་ལྔ་ནི་བདག་གནས་བགྱི།། སྟོབས ་བཅུ་མཆོག་ཏུ་འགྱུར་བར་བགྱི།། བདག་གིས་སྡིག་པའི་ལས་གང་དག། མི་འདོད་འབྲས་བུ་ཐོབ་བགྱིད་པ།། སངས་རྒྱས་སྤྱན་སྔར་མཆིས་ནས་ནི།། དེ་དག་ཐམས་ཅད་བཤགས་པར་བགྱི།། འཛམྦུའི་གླིང་འདིར་གང ་དག་དང་།། འཇིག་རྟེན་ཁམས་ནི་གཞན་དག་ཏུ།། གླང་རྣམས་དགེ་བའི་ལས་བགྱིད་པ།། དེ་དག་ཀུན་ལ་ཡི་རང་ངོ་།། ལུས་དང་ངག་དང་ཡིད་ཀྱིས་ཀྱང་།། བདག་གི་བསོད་ནམས་གྲང་བསྒྲུབས་པ།། བདག་ནི ་དགེ་བའི་རྩ་བ་ངེས།། བྱང་ཆུབ་མཆོག་ལ་རིག་པར་བགྱི།། སྲིད་མཚོ་ཉམ་ངུར་བྱིས་པའི་བློ་ཡིས་ནི།། ཤིན་ཏུ་མི་བཟང་སྡིག་པ་གང་བགྱིས་པ།། སྟོབས་བཅུ་མངའ་བའི་སྤྱནྡ་སྔར་མཆིས་ནས་ནི།། སྡིག་པ་དེ ་ཀུན་སོ་སོར་བཤགས་པར་བགྱི།། སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང་།། འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར།། ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས།། བདག་གིས་སྡིག་པ་གང་བསགས་དེ་འཆགསོ།། ། ་བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང་།། སྡིག་པའི་གྲོགས་དང་ཕྲད་པ་ཉམ་ང་དང་།། སྲིད་པ་ཉམ་ང་འདོད་ཆགས་ཉམ་ང་དང་།། ཞེ་སྡང་གཏི་མུག་མུན་པ་ཉམ་པ་དང་།། དལ་བ་ཉམ ་ང་དུས་ཀྱིས་ཉམ་ང་དང་།། བསོད་ནམས་བསྒྲུབ་པ་ཉམ་པ་དག་གིས་ཀྱང་།། རྒྱལ་བ་ཡང་དག་མངོན་སུམ་མཆིས་ནས་ནི།། སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི་ཞེས་གསུངས་སོ།། ཁྱད་པར་དུ་ནི་བྱང་ཆུབ་སེམས ་དཔའི་ལྟུང་བ་ལྕི་བ་དང་ཡང་བ་རྣམས་བཤགས་པ་ནི་འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས་གསུངས་པ་གང་ཡིན་པའོ།། ལྟུང་བ་ལྕི་བ་ཡང་གང་ཡིན་ཞེ་ན། སྤྱིར་དེ་ལས་གསུངས་པ་ནི། ཉེ་བར་འཁོར་གལ་ཏེ ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱུང་ལ། གང་ཞེ་སྡང་དང་ལྟུང་བ་གང་ཡིན་པ་ནི་གཅིག་བྱུང་ན་བྱང་ཆུབ་སེམས་དཔའི ་ཐེག་པ་བརྩན་པར་བྱ་ན།། དེ་གཉིས་ལས་གང་ཞེ་སྡང་དང་ལྡན་ན་ལྟུང་བ་དེ་ནི་ཤིན་ཏུ་ལྕེའོ།། དེ་ཅིའི་ཕྱིར་ཞེ་ན། ཉེ་བར་འཁོར་ཞེ་སྡང་གིས་ནཱི་སེམས་ཅན་ཡོངས་སུ་བཏོང་བར་བྱེད་ལ། འདོད་ཆགས་ནི་སེམས ་ཅན་སྡུད་པར་བྱེད་པའི་ཕྱིར་རོ།། ཉེ་བར་འཁོར་དེ་ལ་ཉོན་མོངས་པ་གང་སེམས་ཅན་སྡུད་པར་འགྱུར་བ་དེ་ལ་ནི་བྱང་ཆུབ་སེམས་དཔའ་འཛེམ་པའང་མེད་འཇིགས་པ་ཡང་མེད་དོ།། དེ་བཞིན་དུ་སྦྱར་ཏེ། ཉེ་བར་འཁོར་དེ་ལྟ་བས ་ན་ཁྱོད་ལ་འདོད་ཆགས་དང་ལྡན་པའི་ལྟུང་བ་ཐམས་ཅད་ནི་ལྟུང་བ་མ་ཡིན་པར་བཤད་དོ་ཞེས་བྱའོ།། འདི་ལ་དགོངས་པ་གླང་ཞེ་ན། སེམས་ཅན་སྡུད་པ་ཉིད་དེ་སྔར་བྱེ་བྲག་ཏུ་བྱས་པའི་ཕྱིར་རོ།། བསྟན་པ་འདི་ནི་ལྕུག་པ ་བསམས་པ་དང་སྙིང་བརྩེ་བ་དང་ལྡན་པ་ལས་ཡིན་ཏེ། དེ་ཉིད་ལས་དེ་མ་ཐག་ཏུ་ཉེ་བར་འཁོར་དེ་ལ་གང་ཐབས་ལ་མི་མཁས་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་འདོད་ཆགས་དང་ལྡན་པས་འཇིགས་ཀྱི་ཞེ་སྡང་དང ་ལྡན་པས་ནི་མ་ཡིན་ནོ།། ཉེ་བར་འཁོར་བྱང་ཆུབ་སེམས་དཔའ་གང་དག་ཐབས་མཁས་པ་དེ་དག་ནི་ཞེ་སྡང་དང་ལྡན་པའི་ལྟུང་བས་འཇིགས་ཀྱི་འདོད་ཆགས་དང་ལྡན་པས་ནི་མ་ཡིན་ནོ་ཞེས་གསུངས་སོ།། ཐབས་མཁས ་པ་ཡང་གང་ཞེ་ན། གང་དག་ཤེས་རབ་དང་སྙིང་རྗེ་གཉིས་ཀྱིས་སེམས་ཅན་གཏོང་བས་ལས་ཟློག་པའོ།། གཉི་ག་ལྟར་ཡང་སེམས་ཅན་གཏོང་བར་འགྱུར་ཏེ། ཤེས་རབ་གཅིག་པུས་ན་སྡུག་བསྔལ་སྟོང་པ་ཉིད་དུ ་ཁོང་དུ་ཆུད་པའི་ཕྱིར་དང་། སྙིང་རྗེ་གཅིག་པུས་ནི་ཉོན་མོངས་པའི་དབང་གིས་རིང་པོ་མི་ཐོགས་པར་སྙིང་རྗེ་ཉམས་པར་འགྱུར་བའི་ཕྱིར་རོ།། ཐབས་ལ་མཁས་པའི་མདོ་ལས་ཀྱང་།། རིགས་ཀྱི་བུ་དཔེར་ན། ་གསང་སྔགས་དང་རིག་སྔགས་འཛིན་པའི་མི་རྒྱལ་པོས་བཟུང་སྟེ། ཐག་པ་ལྔའི་བཅིངས་པས་བཅིངས་སུ་ཟིན་ཀྱང་དེ་གང་གིས་ཚེ་གསང་སྔགས་དང་རིག་སྔགས་ཀྱི་སྟོབས་སྐྱེད་པ་གཅིག་གིས་བཅིངས་པ་ཐམས ་ཅད་བཏུབས་ཏེ་འགྲོའོ།། རིགས་ཀྱི་བུ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་གང་གི་ཚེ་འདོད་པའི་ཡོན་ཏན་ལྔ་ལས་དགའ་བར་མྱོང་ཞིང་དེ་དག་དང་ཡང་ལོང་དུ ་གྱུར་པར་གནས་ཀྱང་གང་གི་ཚེ་འདོད་པར་གྱུར་པ་དེའི་ཚེ་ཤེས་རབ་ཀྱི་སྟོབས་བསྐྱེད་པ་དང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་གཅིག་གིས་འདོད་པའི་ཡོན་ཏན་ཐམས་ཅད་བཅོམ་ནས་ཚངས་པའི་འཇིག་རྟེན་དུ་སྐྱེའོ་ཞེས་གསུངས ་སོ།། ཞེ་སྡང་ལ་ཡང་དེ་ལྟར་ཅིའི་ཕྱིར་འདོད་པར་མི་བྱེད་ཅེ་ན།། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་དང་སྙིང་རྗེ་དང་བྲལ་ན་ཐབས་ཉིད་མི་སྲིད་པའི་ཕྱིར་རོ།། ཡང་ན་གཞན་གྱི་དོན་གྲུབ་པ་རང་གིས ་དོན་ལྔས་ཤིན་ཏུ་ལྕི་བར་ལྷག་པར་མོས་པ་ན། ཁྲོ་བཱི་ལ་གནས་པས་ཀྱང་གཞན་ལ་རྗེས་སུ་བསྟན་ནས།། གདུང་པ་སྔོན་དུ་འགྲོ་བས་དེ་མ་ཐག་ཏུ་ཕྱིན་ཆད་མི་བྱེད་པའི་སྡོམ་པ་འཐོབ་བོ།། གནོད་པ་ལས་བཟློག ་པའི་ཕྱིར་ཁྲོས་པ་ལ་ཉེས་པ་ཅི་ཡོད།། སྐབས་ཕྱེ་ན་དེའི་བག་ཆགས་གསོས་པར་འགྱུར་བས་སྙིང་རྗེ་ཉམས་པའི་ཉེས་པར་འགྱུར་རོ།། དེ་བཅད་ན་རྩེ་བ་འཆང་པོར་འགྱུར་རོ།། ཞེས་འོག་ནས་བསྟན་པར་བྱའོ།། ་གལ་ཏེ་སེམས་ཅན་དེ་ལ་ཕན་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཉམས་པས་སེམས་ཅན་གྱི་དོན་ཆེན་པོའི་རྒྱུན་ཉམས་པར་འགྱུར་རོ།། འཕགས་པ་བདེན་པ་པོའི་ལེའུ་འདི་དཔེས་སྙིང་རྗེ་ལ་གནས་པ ་ཡིན་པར་རིག་པར་བྱའོ།། དེར་ཧ་ཅང་སྙིང་རྗེ་བ་བཀག་པ་གང་ཡིན་པ་དེ་ནི་འཇིག་རྟེན་གྱི་དོན་ལ་མཁས་པས་འཇིག་རྟེན་འདུན་པར་བྱ་བའི་ཕྱིར་རོ།། ཟློག་ན་ཡང་གལ་ཏེ་ཕན་པར་འདོད་པའི་བྱང་ཆུབ་སེམས་དཔའ ་ལ་ཁོང་ཁྲོ་བར་གྱུར་ན། དེ་བཞི་ཡང་བྱང་ཆུབ་སེམས་དཔའ་མ་ཡིན་པར་འགྱུར་ཞིང་གཉི་ག་ལ་གནོད་པར་འགྱུར་རོ།། འདོད་ཆགས་ཀྱང་ཉེས་པ་ཡིན་ཏེ། འདོད་པ་དག་ལ་བརྟེན་པའི་མི།། ལྡིངས་འགྱུར་པ ་མ་གསོད་པར་འགྱུར།། འདོད་བསྟེན་ཚུལ་ཁྲིམས་ལྡན་པ་འང་གསོང་།། དེས་ན་ཆགས་པ་རྟག་ཏུ་སྤངས་པར་བྱ་ཞེས་བསྟན་ཏེ། བདག་བདེ་བ་ཆགས་པས་ནི་གཞན་གྱི་སྡུག་བསྔལ་ཡལ་བར་འདོར་བ་མཐོང་ཞེ་ན། ་གང་གཞན་གྱི་སྡུག་བསྔལ་དུ་མ་གོམས་པ་དེ་ལ་ནི་མཐོང་བ་བདེན་ཏེ། གང་ཤིན་ཏུ་གོམས་པ་དེ་ལ་ནི་ཉེས་པ་གཉི་ག་མི་འབྱུང་ངོ་།། ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། ཀུན་དགའ་བོ་འདི་ལྟ་སྟེ། དཔེར་ན་འདི་ལ ་སྐྱེས་བུ་ལ་ལ་ཞིག་རྐང་པ་ནས་སྤྱི་བོའི་བར་དུ་འབར་བར་འགྱུར་ཏེ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པ་དེ་ལ། སྐྱེས་བུ་ལ་ལ་ཞིག་དེར་ཉེ་བར་འོངས་ཏེ། འདི་སྐད་དུ་ཀྱེ་སྐྱེས་བུ་ཚུར་ཤོག། ལུས་ལ་མེ་འབར་བ་མ ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་རྩེས་ཤིང་དགའ་བར་གྱིས་དགའ་མགུར་སྤྱོད་ཅིག་ཅེས་ཟེར་ན་ཀུན་དགའ་བོ་འདི་ཇི་སྙམ་དུ་སེམས། སྐྱེས་བུ་དེ་ལུས་ལ་མ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང ་ཕྲད་ཅིང་ལྡན་པར་འགྱུར་ཏེ་རྩེ་བ་དང་དགའ་བ་དང་དགའ་མགུར་སྤྱོད་པར་བྱེད་དམ། ཀུན་དགའ་བློས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ཀུན་དགའ་བོ་ཡོངས་སུ་བརྟག་པ་བཟུང་སྟེ་སྐྱེས་བུ་དེ་ལུས་ལ་མེ་འབར་བ་མ་ཞི་བར་འདོད་པའི་ཡོན་ཏན་ལྔ་དང་ཕྲད་ཅིང་ལྡན་པར་འགྱུར་ཏེ། རྩེ་བ་དང་དགའ་བ་དང་དགའ་མགུར་སྤྱོད་དུ་ཟིན་ཀྱང་དེ ་བཞིན་གཤེགས་པ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤོང་པོ་ན་སེམས་ཅན་རྣམས་ངན་སོང་གསུམ་གྱི་སྡུག་བསྔལ་བར་གྱུར་ཅིང་དབུལ་བ་དག་མཐོང་ནས་ཡིད་བདེ་བ་འམ་སེམས་དགའ་བར་མ་བྱུང་ངོ་ཞེས་རྒྱས་པར ་གསུངས་པ་ལྟ་བུའོ།། འཇིག་རྟེན་ཡང་བུ་གསལ་ཤིང་ལ་བསྐྱོན་པ་མཐོང་ན་པ་མ་རང་གི་ཚུལ་དང་མཐུན་བིར་སྙིང་རྗེ་བའི་དབང་གིས་རང་གི་བདེ་བ་ལ་མི་ཆགས་པར་སྣང་ངོ་།། དབེན་པ་ཞིག་ཏུ་བྱས་ན་ཁྱོད་ཡོད་པ་འམ། ་མགོ་གཙང་ངམ་རིགས་དང་ཆོས་དང་རྒྱལ་མཚན་གྱིས་བསྲུངས་པ་ལ་ཡང་རླུང་སྟེ་འདོད་པ་ལ་ལོག་པ་གཡེམ་པར་མཱི་འགྱུར་རོ།། སེམས་ཅན་གྱི་དོན་དུ་འགྱུར་བ་སེམས་ཅན་ལ་ཡང་མི་གནང་པོ་སྒྲུབ་ན་ཉེས་པ་མེད་དོ།། ་ཡང་དག་པར་ཚངས་པར་སྤྱོད་པ་རྣམས་ནི་དོན་བྱས་པའི་ཕྱིར་དེ་དག་ལ་མ་སྲིད་ལ་སོགས་པ་བཞིན་དུ་རིང་དུ་སྤངས་ཤིང་མཆོད་ངོ་།། དེ་ལྟ་ན་ནི་དགེ་སློང་དགས་ཀྱང་བྱ་བར་འགྱུར་རོ།། དེ་ལྟ་མ་ཡིན་ཏེ། དེ་བཞིན་དུ ་ཚངས་པར་སྤྱོད་པའི་རྣམ་པས་བདག་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་རོ།། དེ་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། དེས་དུས་དང་དུས་མ་ཡིན་པ་བཏང་སྙོམས་བྱའོ་ཞེས་གསུངས་སོ།། ཅི་སྟེ་དེ་ལས་སེམས་ཅན ་གྱི་དོན་དུ་གྱུར་པ་ལྷག་པ་མཐོང་ན་བསླབ་པ་དབུལ་ལོ།། བསྐལ་པ་མང་པོར་གོམས་པས་བདག་ཉིད་དུ་གྱུར་པའི་སྙིང་རྗེ་ཆེན་པོ་དང་ཐབས་ལ་མཁས་པ་ལ་སོགས་པ་ཡོངས་སུ་རྫོགས་པའི་དགེ་བའི་རྩ་བ་ཅན་གྱི་བྱང་ཆུབ་སེམས ་དཔའ་རྣམས་ལ་འདོད་ཆགས་ཀྱི་བར་དུ་གཅོད་པར་བྱེད་པར་འགྱུར་རམ་ཅི་འདི་ནི་མི་སྲིད་པ་ཉིད་དོ།། ཐབས་ལ་མཁས་པའི་མདོ་ལས་ཀྱང་བསྟན་ཏེ། བྲམ་ཟེའི་ཁྱེའུ་སྐར་མ་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་ཚངས་པར་སྤྱོད ་པའི་དབང་དུ་བྱས་ནས་དེས་གོམ་པ་བདུན་ལ་གནས་ཏེ་སྙིང་རྗེ་སྐྱེས་ནས་བདག་གི་བརྟུལ་ཞུགས་འདི་བཤིག་སྟེ། སེམས་ཅན་དམྱལ་བར་སོང་བར་གྱུར་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་མྱོང་བར་བཟོད་ཀྱི། ་བུད་མེད་འདི་ཤེར་འོང་གི་བདེ་བར་གྱུར་ཅིག་ཅེས་རིགས་ཀྱི་བུ་བྲམ་ཟེའི་ཁྱེའུ་སྐར་མུ་དེ་སླར་ལོག་སྟེ་བུད་མེད་དེ་ལ་ལག་པ་གཡས་པ་ནས་བཟུང་ནས་སྲུ་མོ་ཁྱོད་ཅི་འདོད་པ་བྱས་ལོངས་ཤིགས་ཅེས་དེ་སྐད་སྨྲས་སོ།། ་དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་ང་འདོད་པ་ངན་པ་དང་ལྡན་པའི་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པས་ཀྱང་བསྐལ་པ་ཁྲིར་འཁོར་བ་ཕྱིར་བསྙིལ་ཏེ་སྤངས་པར་གྱུར་ཏོ།། རིགས་ཀྱི་བུ་སེམས་ཅན་གང་དག་སེམས་ཅན ་དམྱལ་བར་སྨྲ་བར་འགྱུར་བ་དེས་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ཚངས་པའི་འཇིག་རྟེན་དུ་སྐྱེས་པ་ལ་ལྟས་ཞེས་གསུངས་སོ།། ཡང་དེ་ཉིད་ལས། གལ་ཏེ་བྱང་ཆུབ ་སེམས་དཔའ་སེམས་ཅན་གཅིག་གི་དགེ་བའི་རྩ་བ་སྐྱེ་བར་འགྱུར་བ་ལྟ་ན། ལྟུང་བ་ཇི་ལྟ་བུ་བྱུང་བས་བསྐུལ་བ་བརྒྱ་སྟོང་དུ་སེམས་ཅན་དམྱལ་བར་འཚེ་བར་འགྱུར་བ་དེ་འགྲོ་བའི་ལྟུང་བ་བྱུང་ཡང་། བཅོམ་ལྡན་འདས ་བྱང་ཆུབ་སེམས་དཔའ་ལྟུང་བ་བྱུང་བ་དང་སེམས་ཅན་དམྱལ་བའི་སྡུག་བསྔལ་དེ་ལ་སྤྲོ་བ་ཉིད་དུ་བགྱིས་ཏེ། སེམས་ཅན་གཅིག་པ་དེའི་དགེ་བའི་རྩ་བ་ཡོངས་སུ་བྲི་བར་ནི་མི་བགྱིའོ་ཞེས་གསུངས་སོ།། ཡང་དེ་ཉིད་ལས། ་རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་བརྒྱ་ལ་ལ་ལ་ཞིག་ཏུ་སྡིག་པའི་གྲོགས་པོའི་དབང་གིས་ཉེས་པ་བྱུང་ན་དེ་འདི་ལྟར་སློབ་སྟེ། གལ་ཏེ་བདག་གི་ཕུང་པོ་འདི་དག་གི་ཡོངས་སུ་མྱ་ངན་ལས་འདུའ ་བར་བྱ་ན་ནི་བདག་གི་སེམས་ཡོངས་སུ་གདུང་བ་དང་ལྡན་པར་ཡང་གྱུར་གྱིས་འདི་ལྟར་བདག་གིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕྱི་མའི་མཐའི་མུར་ཐུག་པར་གནས་པ་དེ་ལྟ་བུའི་གོ་ཆ་བགོས་ལ། བདག་གིས ་སེམས་ལ་གདུང་བར་ནི་མི་བྱའི། ཇི་སྟེ་ཇི་ལྟར་འཁོར་བར་འཁོར་འགྱུར་བ་དེ་ལྟ་དེ་ལྟར་སེམས་ཅན་ཡོངས་སུ་སྨིན་པར་བགྱིའོ།། ལྟུང་པོ་འདི་ཡང་ཆོས་བཞིན་དུ་གསོ་བར་བྱའོ།། ཕྱིས་ཉེས་པ་མི་བྱའོ་སྙམ་དུ་སེམས་སོ།། ་རིགས་ཀྱི་བུ་ཡོངས་སུ་བརྟགས་པར་བཟུང་ན་གལ་ཏེ་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་རྩ་བའི་ལྟུང་བ་བཞི་པོ་ཐམས་ཅད་ཞིག་པར་གྱུར་ཀྱང་། ཐབས་ལ་མཁས་པ་འདིས་སེལ་བར་བྱེད་པ་ལྟ་ན། བྱང་ཆུབ་སེམས ་དཔའ་ལ་ལྟུང་བར་མི་འགྱུར་བར་ང་སྨྲའོ་ཞེས་གསུངས་སོ།། འདི་ནི་དཀོན་མཆོག་སྤྲིན་ལས་ཀྱང་གསལ་བ་ཉིད་དེ། མཚམས་མེད་པར་བྱེད་པར་འདོད་པའི་མི་གསད་པར་གནང་བའི་ཕྱིར་རོ།། ཉན་ཐོས་ཀྱི་འདུལ་བ ་ལས་ཀྱང་། རྩ་བའི་ལྟུང་བའི་གནས་ཉིད་ལ་སྙིང་རྗེ་བས་རི་དགས་ལ་སོགས་པ་བཏང་བས་ཉེས་པ་མེད་པར་གསུངས་སོ།། གང་བྱང་ཆུབ་སེམས་དཔའ་འདོད་ཆགས་སྐྱེས་ནས་བདེ་འགྲོ་ཐོབ་པ་འདི་ནི་འདོད་ཆགས་ཡོན་ཏན ་ཅན་ཡིན་ཏེ་ཁྲོ་བ་ནི་དེ་ལྟ་མ་ཡིན།། འཕགས་པ་ཐབས་མཁས་པའི་མདོ་ལས་ཇི་སྐད་དུ་བྱང་ཆུབ་སེམས་དཔའ་དགའ་བྱེད་ལ་བུ་མོ་དཔལ་ཡོན་ཅན་གྱི་མཆོག་ཆགས་པར་གྱུར་པའི་དབང་དུ་བྱས་ནས། དགའ ་བྱེད་སྨོན་ལམ་ཕྱི་ཕྱིར་འདེབས་པ་ནི། བུད་མེད་གང་དག་ཆགས་སེམས་ཀྱིས་ལྟ་བ། དེ་ནི་བུད་མོད་ལུས་ཀྱང་ཡོངས་སུ་སྤངས་ཏེ། སྐྱེས་བུ་ཡང་པའི་སེམས་ཅན་གྱུར་པར་ཤོག། གང་གིས་སེམས་ཅན ་གཞན་དག་དམྱལ་འགྲོ་བ།། དེས་ནི་དཔའ་བོ་དག་ལ་ཆགས་བསྐྱེད་ན།། མཐོ་རིས་འགྲོ་ཞིང་སྐྱེས་པ་ཉིད་འགྱུར་བ། དེ་ཡི་ཡོན་ཏན་འདི་འདྲ་ཀུན་དགའ་ལྟོས།། དེ་བཞིན་དུ་སྦྱར་ཏེ། སུ་ཞིག་རྩི་རྒྱལ་གྲགས་པ་ཆེན ་པོ་ཡི།། བྱང་ཆུབ་སེམས་དཔའ་རྣམས་ལ་ཞེ་སྡང་སྐྱེད།། དེ་དག་ཉོན་མོངས་ལས་ཀྱང་བདེ་སྦྱིན་ན།། དེ་ལ་བཀུར་སྟི་བྱེད་པ་སྨོས་ཅི་དགོས་ཞེས་གསུངསོ།། དེ་ལྟར་སེམས ་ཅན་གྱི་དོན་གྱི་ཐབས་གཞན་མེད་ན། འདོད་ཆགས་ལས་བྱུང་བའི་ཉེས་པ་ཡང་ཉེས་པ་མ་ཡིན་པར་བཤད་དོ།། ཐབས་ལ་མཁས་པའི་མདོ་ལས་ཀྱང་། སླད་འཚོང་མ་ལྟར་དོན་བྱས་ནས་བྱང་ཆུབ་སེམས་དཔའ་བཏང ་སྙོམསུ་བྱེད་དེ་སེམས་ཅན་དེ་འདོར་རོ་ཞེས་རྒྱས་པར་གསུངས་སོ།། ས་ཐོབ་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་པ་ལ་འདི་བསམ་པར་བྱའི་གཞན་ལ་ནི་མ་ཡིན་ནོ།། དེ་ལྟར་ཞར་ལ་འོངས་པོ་ཡིན་ཏེ་རེ་ཞིག་བཞག་གོ།། ་དེའི་ཕྱིར་ཞེ་སྡང་གི་སྐབས་དབྱེ་བར་མི་བྱའོ།། ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང་། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པའི་ལྟུང་བ་གཉིས་ཏེ། གཉིས་གང་ཞེ་ན། ་འདི་ལྟ་སྟེ། ཞེ་སྡང་དང་ལྡན་པ་དང་། གཏི་མུག་དང་ལྡན་པའོ།། དེ་བཞིན་དུ་སྦྱར་ཏེ། ཤཱ་རིའི་བུ་དེ་ལ་བྱང་ཆུབ་སེམས་དཔའ་དང་པོས་ཐོག་མའི་ལྟུང་བ་སྡེ་བཅུ་ལས་ལྕི་བ་རྣམས་བཤགས་པར་བྱའོ།། ལྟུང ་བ་ཡོད་པ་སྡེ་ལྔ་ལས་ལྕི་བ་རྣམས་བཤགས་པར་བྱའོ།། ཤཱ་རིའི་བུ་བུད་མེད་ཀྱི་ལོག་པ་ནས་འཛིན་པ་དང་། མིག་གིས་བལྟ་བ་དང་། གནོད་སེམས་ཀྱང་ལྟུང་བ་སྟེ་གང་ཟག་གཅིག་གམ་གཉིས་ལ་ཡང་བཤེགས ་པར་བྱའོ།། བྱང་ཆུབ་སེམས་དཔའ་མཚམས་མེད་པ་ལྔ་དང་ལྡན་པའི་ལྟུང་བ་དང་། བུད་མེད་ལས་ལྟུང་བ་བྱུང་བ་དང་ལག་པ་ལས་ལྟུང་བ་བྱུང་བ་དང་། ཁྱེའུ་ལས་ལྟུང་བ་བྱུང་བ་དང་། མཆོད་རྟེན་ལས་ལྟུང་བ་བྱུང་བ་དང་། ་དགེ་འདུན་ལས་ལྟུང་བ་བྱུང་བ་དང་། དེ་ལས་གཞན་པའི་ལྟུང་བ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་སུམ་ཅུ་རྩ་ལྔ་ལ་གཅིག་པོས་ཉིན་མཚན་དུ་བཤགས་པར་བྱའོ།། དེ་ལ་ལྟུང་བ་བཤགས་པ་ནི་འདི་ལྟ་སྟེ། བདག ་མིང་འདི་ཞེས་བགྱི་བ་སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ ་ལ་ཕྱག་འཚལོ།། རྡོ་རྗེ་སྙིང་པོས་རབ་ཏུ་འཇོམས་པ་ལ་ཕྱག་འཚ་ལོ།། རིན་ཆེན་འོད་འཕྲོ་ལ་ཕྱག་འཚ་ལོ།། ཀླུ་དབང་གི་རྒྱལ་པོ་ཕྱག་འཚལོ།། དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ།། དཔལ་དགྱེས་ལྔ་ཕྱག ་འཚོལ་ལོ།། རིན་ཆེན་མེ་ལ་ཕྱག་འཚལ་ལོ།། རིན་ཆེན་ཟླ་འོད་ལ་ཕྱག་འཚལོ།། མཐོང་བ་དོན་ཡོད་ལ་ཕྱག་འཚལ་ལོ།། རིན་ཆེན་ཟླ་བ་ལ་ཕྱག་འཚལ་ལོ།། དྲི་མ་མེད་པ་ལ་ཕྱག་འཚལོ།། དཔས་བྱིན ་ལ་ཕྱག་འཚལོ།། ཚངས་པོ་ལ་ཕྱག་འཚལོ།། ཚངས་པས་བྱིན་ལ་ཕྱག་འཚལ་ལོ།། ཆུ་ལྷ་ལ་ཕྱོག་འཚལོ།། ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ།། དཔལ་བཟང་ལ་ཕྱག་འཚལ་ལོ།། ཙན་དན ་དམྱལ་ལ་ཕྱག་ནས་སོ།། ཀུན་བརྗིད་མ་སྨྲ་ལ་ས།། འོད་དབུལ་ཕྱུ་འམལ་ལོ།། མྱུ་དཱན་མེད་པའི་ད་སྨྲ་བྱུག་འཚལ་ལོ།། སྲུང་ང། ་ཀྱི་བུ་ལ་ཕྱག་འཚལ་ལོ།། མེ་ཏོག་དཔལ་ལ་ཕྱག་འཚོལ་ལོ།། དེ་བཞིན་གཤེགས་པ་ཚངས་པའི་འོད་ཟེར་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་པདྨའི་འོད་ཟེར ་རྣམ་པར་རོལ་པས་མངོན་པར་མཁྱེན་པ་ལ་ཕྱག་འཚལ་ལོ།། ནོར་དཔལ་ལ་ཕྱག་འཚལོ།། དྲན་པའི་དཔལ་ལ་ཕྱག་འཚལ་ལོ།། མཚན་དཔལ་ཤིན་ཏུ་ཡོངས་སུ་བསྒྲགས་ལ་ཕྱག་འཚལ་ལོ།། དབང་པོ་ཏོག ་གི་རྒྱལ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། གཤིན་ཏུ་རྣམ་པར་གནོན་པའི་དཔལ་ལ་ཕྱག་འཚལ་ལོ།། གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ།། རྣམ་པར་གནོན་པས་གཤེགས་པ་ལ ་ཕྱག་འཚལ་ལོ།། ཀུན་ནས་སྣང་བ་བཀོད་པའི་དཔལ་ལ་ཕྱག་འཚལོ།། རིན་ཆེན་པདྨོས་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་རིན་པོ་ཆེའི་པདྨ་ལ་རབ་ཏུ་བཞུགས་ཏེ་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་དག་ལ་སོགས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་འཇིག་རྟེན་གྱི ་ཁམས་ཅད་ན་བཞུགས་ཏེ་འཚོ་ཞིང་གཞེས་པའི་སངས་རྒྱས་བཅོམ་ལྡན་དེ་དག་བདག་ལ་དགོངས་སུ་གསོལ། བདག་གི་སྐྱེ་བ་འདྲི་དང་སྐྱེ་བ་གཞན་དང་ཐོག་མ་མཆིས་པའི་སྐྱེ་བ་ནས་འཁོར་བར་འཁོར་བ་ན། ་སྡིག་པའི་ལས་བགྱིས་པ་དང་། བགྱིད་དུ་སྐུལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང་། མཆོད་རྟེན་གྱི་དང་དགེ་འདུན་གྱི་དང་། ཕྱོགས་བཞིའི་དགེ་འདུན་གྱི་ནོར་ཕྲོག་པ་དང་། འཕྲོག་ཏུ་སྩལ་བ་དང ་འཕྲོག་པ་ལ་རྗེས་སུ་ཡི་རུང་བར་གྱུར་པ་དང་། མཆིམས་མ་མཆིས་པའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་བགྱིད་པ་ལ་རྗེས་སུ་ཡི་རང་བར་གྱུར་པ་དང་། མི་དགེ་བ་བཅུའི་ལས་ཀྱི་ལམ་བཟུང་སྟེ་སྤྱོད་པ་དང་སྦྱོང ་དུ་སྤྲུལ་བ་དང་རྗེས་སུ་ཡི་རང་བར་གྱུར་པ་དང་། ལས་ཀྱི་སྒྲིབ་པ་གང་གིས་སྒྲིབས་ཏེ་སེམས་ཅན་དམྱལ་བར་མཆི་བ་འམ། དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་ཡུལ་དུ་མཆི་བ་དང་། ཡུལ་མཐའ་འཁོབ་ཀྱི་ཀློ་ཀློ ་རྣམས་སུ་སྐྱེ་བར་འགྱུར་བ་འམ། ལྷ་ཚེ་རིང་པོར་སྐྱེ་བ་འམ། དབང་པོ་མ་ཚང་བར་འགྱུར་པ་དང་། ལོག་པར་ལྟ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་འབྱུང་བ་མཉེས་པར་མི་བགྱིད་པའི་ལས་ཀྱི་སྒྲིབས་པ་དེ ་ཐམས་ཅད་། ཡེ་ཤེས་སུ་གྱུར་པ་སྤྱན་དུ་གྱུར་པ། དབང་དུ་གྱུར་པ་ཚད་མར་གྱུར་ཏེ་སངས་རྒྱས་བཅོམ་ལྡན་འདས་མཁྱེན་ཅིང་གཟིགས་པ་དེ་དག་གི་སྤྱན་སྔར་སོ་སོར་བཤགས་སོ།། མཐོལ་ལོ།། མི་འཆག། ་སླན་ཆད་ཀྱང་སྡོམ་པར་བགྱིའོ།། སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ལ་དགོངས་སུ་གསོལ།། གང་བདག་གིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་ཐོག་མ་མ་མཆིས་པའི་སྐྱེ་བ་ནས་འཁོར ་བའི་ཚེ་ན། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟན་ཚངས་གཅིག་ཙམ་སྦྱིན་པ་སྩལ་བ་དང་། ཚུལ་ཁྲིམས་བསྲུང་བར་གྱུར་པ་དང་། བདག་གིས་ཚོངས་པར་སྤྱོད་པར་གནས་པའི་དགེ་བའི་རྩ་བ་དང་། གངང་དག ་གིས་སེམས་ཅན་ཡོངས་སུ་སྨོན་པར་གྱིས་པའི་དགེ་བའི་རྩ་བ་དང་། གང་བདག་གིས་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་དང་། གང་བདག་གིས་བླ་ན་མེད་པའི་ཡེ་ཤེས་ཀྱི་དགེ་བའི་རྩ་བ་དེ་ཐམས་ཅད་གཅིག་ཏུ་བསྡུས ་གཅིག་ཏུ་སྲུངས་བཙལ་ཏེ་མངོན་པར་བསྡུས་ནས། བླ་མའི་ཡང་བླ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ།། ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྔོས ་པ་དང་། ཇི་ལྟར་མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་བསྔོ་བར་འགྱུར་བ་དང་། ཇི་ལྟར་དེ་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་ཡོངས་སུ་བསྔོ་བ་བཞིན་དུ་བདག་གིས་ཀྱང་ཡོངས ་སུ་བསྡུའོ།། སྡིག་པ་ཐམས་ཅད་སོ་སོར་བཤགས་སོ།། བསོད་ནམས་ཐམས་ཅད་ཀྱི་རྗེས་སུ་ཡི་རང་ངོ་།། སངས་རྒྱས་ཐམས་ཅད་ལ་གསོལ་བ་གདབ་བོ།། བདག་བླ་ན་མེད་པའི་ཡེ་ཤེས་སུ་གྱུར་ཅི་གེ། མི་མཆོག་རྒྱལ ་བ་གང་དག་ད་ལྟར་བཞུགས་པ་དང་། གུད་དག་འདས་པ་ངག་དང་དེ་བཞིན་གྲང་མ་བྱོན།། ཡོན་ཏན་བསྔགས་པ་མཐའ་ཡས་རྒྱ་མཚོ་འདྲ་ཀུན་ལ།། ཐལ་མོ་སྦྱར་བར་བགྱིས་ཏེ་སྐྱབས་སུ་ཉེ་བར་མཆི།། བྱང་ཆུབ་སེམས་དཔའ་གང ་དག་སྙིང་རྗེའི་སྟོབས་ལྡན་ཞིང་།། དཔའ་བོ་སེམས་ཅན་རྣམས་ལ་ཕན་ཕྱིར་སྦྱང་བྱེད་པ།། དེ་དག་རྣམས་ཀྱིས་སྐྱབས་མེད་སྡིག་བྱེད་བདག་ལ་སྐྱོབས།། བྱང་ཆུབ་སེམས་དཔའ་དེ་དག་རྣམས་ལ་བདག་སྐྱབས་མཆི།། ཤཱ་རིའི་བུ་འདི ་ལྟར་བྱང་ཆུབ་སེམས་དཔས།། སངས་རྒྱས་སུམ་ཅུ་སོ་ལྔ་འདི་དག་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་སོང་བའི་ཡིད་ལ་བྱེད་པས་སྡིག་པ་ཐམས་ཅད་རྣམ་པར་དག་པར་བྱའོ།། དེ་ད་ལྟར་སྡིག་པ་ཐམས་ཅད ་རྣམ་པར་དག་པས།། སེམས་ཅན་རྣམས་ཐར་པར་བྱ་བའི་ཕྱིར་དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཞལ་ཉེ་བར་སྟོན་ཏོ།། དེ་བཞིན་དུ་སྦྱར་བྱིས་པ་སོ་སོའི་སྐྱེ་བོ་འཁྲུལ་པ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཚིག་འབྲུ་སྣ ་ཚོགས་ཀྱི་རྣམས་པ་ཉེ་བར་སྟོན་ཀྱང་ཆོས་ཀྱི་དབྱིངས་ལས་མི་གཡོའོ་དེ་བཞིན་དུ་སྦྱར་རོ།། བྱང་ཆུབ་སེམས་དཔས་ཉིན་མཚན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་མཚན་འཛིན་པ་དང་ཡོངས་སུ་བརྗོད་པ་དང་། ཕུང་པོ ་གསུམ་པོའི་ཆོས་ཀྱི་རྣམ་གྲངས་ཀློག་པས་ལྟུང་བ་འགྱོད་པ་ལས་འབྱུང་བ་དང་། ཏིང་འཛིན་ཀྱང་ཐོབ་པ་གང་ཡིན་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཐམས་ཅད་ཀྱི་ལྟུང་བ་འགྱོད་པའི་གནས་རྣམ་པར་སྦྱང་བར་མི ་ནུས་སོ་ཞེས་གསུངས།། རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པ་བཤཱད་ཟིན་ཏོ།། གཉེན་པོ་ཀུན་དུ་སྤྱོད་པ་བཤད་པར་བྱ་སྟེ། དེ་ལ་མདོ་སྡེ་ཟབ་མོ་ལ་བརྟེན་པས ་སྡིག་པ་ཟད་པར་འགྱུར་ཏེ། རྡོ་རྗེ་གཅོད་པ་ལས་ཇི་སྐད་དུ། རབ་འབྱོར་རིགས་ཀྱི་བུ་དམ་རིགས་ཀྱི་བུ་མོ་གང་དག་འདི་ལྟ་བུའི་མདོ་སྡེ་ཚིག་འདི་དག་ལེན་པ་དང་། འཛིན་པ་དང་ཀློ་ག་པ་དང་ཀུན་ཆུབ་པར་བྱེད་པ་དེ་དག་ནི་མནར ་བར་འགྱུར་ཤིན་ཏུ་མནར་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་སེམས་ཅན་དེ་དག་གི་ཚེ་རབས་སྔ་མའི་མི་དགེ་བའི་ལས་ངན་སོང་དུ་སྐྱེ་བར་འགྱུར་བ་དང་མཐུན་པ་བྱས་པ་གང་དག་ཡིན་པའི་ཚེ་རབས་སྔ ་མའི་མི་དགེ་བའི་ལས། དེ་དག་ཚེ་འདི་ལ་མནར་བས་བྱང་བར་འགྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཀྱང་ཐོབ་པར་འགྱུར་རོ་ཞེས་གསུངས་སོ།། སྟོང་པ་ཉིད་ལ་མོས་པས་ཀྱང་སྡིག་པ་དག་པར་འགྱུར་ཏེ། དེ་བཞིན ་གཤེགས་པའི་གསང་བའི་མཛོད་ཀྱི་མདོ་ལས། འོད་སྲུངས་གང་གི་ཕ་ཡང་ཡིན་ལ། རང་སངས་རྒྱས་ཀྱང་ཡིན་པ་དེ་དག་སྲོག་བཅད་ན་དེ་ནི་སྲོག་གཅོད་པ་དེའི་ནང་ནས་མ་རུངས་པའོ།། འདི་ལྟ་སྟེ། དཀོན་མཆོག ་གསུམ་གྱི་དཀོར་བརྐུ་ན་འདི་ནི་མ་བྱིན་པར་ལེན་པའི་ནང་ན་མ་རུངས་པའོ།། འདི་ལྟ་སྟེ་མ་ཡང་ཡིན་ལ་དགྲ་བཅོམ་པ་ཡིན་པ་དེ་ལ་ལོགས་པར་སྤྱད་པ་འདི་ནི་འདོད་པ་ལ་འོག་པར་སྦྱོང་བ་རྣམས་ཀྱི་ནང་ན་མ་རུངས་པའོ།། ། ་འདི་ལྟ་སྟེ་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་འདི་ནི་བརྫུན་དུ་སྨྲ་བའི་ནང་ནས་མ་རུངས་པའོ།། འདི་ལྟ་སྟེ། འཕགས་པའི་དགེ་འདུན་ལ་མི་སྙན་པ་བརྗོད་པ་འདི་ནི་ཕྲ་མའི་ནང་ན་མ་རུངས་པའོ།། འདི་ལྟ ་སྟེ་འཕགས་པ་རྣམས་ལ་གནོད་པ་འདི་ནི་ཚིག་རྩུབ་པོའི་ནང་ན་མ་རུངས་པའོ།། འདི་ལྟ་སྟེ་ཆོས་འདོད་པ་རྣམས་རྣམ་པར་གཡེང་བར་བྱེད་པ་འདི་ནི་ཚིག་བཀྱིལ་བའི་ནང་ན་མ་རུངས་པའོ།། འདི་ལྟ་སྟེ་མཚམས་མེད ་པ་བྱེད་པར་ཤོམ་པ་འདི་ནི་གནོད་སེམས་ཀྱི་ནང་ན་མ་རུངས་པའོ།། འདི་ལྟ་སྟེ་ཡང་དག་པར་སོང་བ་རྣམས་ཀྱི་རྙེད་པ་འཕྲོག་པའི་སེམས་འདི་ནི་བརྣབ་སེམས་རྣམས་ཀྱི་ནང་ན་མ་རུངས་པའོ།། འདི་ལྟ་སྟེ་ལྟ་བས ་གཟོངས་པ་འདི་ནི་ལོག་པར་ལྟ་བའི་ནང་ན་མ་རུངས་པ་སྟེ། འོད་སྲུངས་འདི་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་ནི་ཁ་ན་མ་ཐོ་བ་དང་བཅས་པའོ།། འོད་སྲུངས་གལ་ཏེ་སེམས་ཅན་གཅིག་ཅིག་མི་དགེ་བ་བཅུའི ་ལས་ཀྱི་ལམ་ཁ་ན་མ་ཐོ་བ་ཆེན་པོ་དང་བཅས་པ་འདི་དག་དང་ལྡན་པར་གྱུར་ལ། དེ་ཡང་དེ་བཞིན་གཤེགས་པས་རྒྱུ་དང་རྐྱེན་དུ་ལྡན་པའི་ཆོས་སྟོན་པ་ལ་འཇུག་སྟེ། འདི་ལ་བདག་གམ། སེམས་ཅན་ནམ། ་སྲོག་གམ། གང་ཟག་གམ། གང་བྱེད་པ་འམ། གང་མྱོང་བ་ནི་གང་ཡང་མེད་དོ་སྙམ་ནས། ཆོས་ཐམས་ཅད་ནི་བྱས་པ་མེད་པ་དང་། མངོན་པར་འདུས་བྱས་པ་མེད་པ་དང་། སྒྱུ་མ་ལྟ་བུའི་ཆོས་ཉིད་དང་། ་ཀུན་ནས་ཉོན་མོངས་པའི་ཆོས་ཉིད་དང་། རང་བཞིན་གྱིས་འོད་གསལ་བའི་ཆོས་ཉིད་ལ་འཇུག་ཅིང་། ཆོས་ཐམས་ཅད་གདོང་མ་ནས་དག་པར་ཡིད་ཆེས་ཏེ་མོས་ན། སེམས་ཅན ་དེ་ངན་སོང་དུ་འགྲོ་བར་ང་མི་སྨྲའོ་ཞེས་གསུངས་སོ།། ལས་ཀྱི་སྒྲིབ་པ་རྣམ་པར་དག་པའི་མདོ་ལས་ཀྱང་། འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་གང་གི་ལྟུང་བ་ལ་ལྟུང་བ་མ་ཡིན་པར་མཐོང་བ་དང་འདུལ་བ ་མ་ཡིན་པ་ལ་འདུལ་བར་མཐོང་བ་དང་། ཀུན་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བར་མཐོང་བ་དང་། འཁོར་བའི་ཁམས་ལ་མྱ་ངན་ལས་འདས་པའི་དབྱིངས་སུ་མཐོང་བ་དེས་ལས་ཀྱི་བསྒྲིབ་པ་རྣམ་པར་དག་པ་ཐོབ ་བོ་ཞེས་གསུངས་སོ།། དམ་ཚིག་གསུམ་གྱི་རྒྱལ་པོ་ལས་ཀྱང་། སྡིག་པའི་གཉེན་པོ་ཀུན་ཏུ་སྤྱད་པར་གསུངས་ཏེ། མིག་བཙུམས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དམིགས་པའི་སེམས་ཀྱིས་ཡི ་གྲེ་བརྒྱ་པ་ལན་སྟོང་ཕྲག་བརྒྱད་བཟླས་བརྗོད་བྱས་ནས། མིག་བཙུམས་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར།། སྡིག་པ་དོང་བྲལ་བར་འགྱུར་རོ།། ཡང་ན་མཆོད་རྟེན་ལ་སྐོར་བ་བྱེད ་ཅིང་སྟོང་ཕྲག་བརྒྱད་བཟླས་པོར་བྱའོ།། སྐུ་གཟུགས་དང་དམ་པའི་ཆོས་ཀྱི་གླགས་བམ་གང་ཡང་རུང་བ་ཞིག་མདུན་དུ་བཞག་ནས་ཀྱང་སྟེ་བསྐོར་ཞིང་ལན་སྟོང་བཟླས་པར་བྱེ་སྟེ་བསྐོར་ཞིང་ལན་སྟོང་བཟླས་ཆོ་ག་ནི ་འདི་ཉིད་དོ་ཞེས་གསུངས་སོ།། སྐུལ་བྱེད་མའི་གཟུངས་ལས་ཀྱང་། ཇི་སྲིད་དུ་སྡིག་པ་བྱང་བའི་མཚན་མ་མཐོང་པ་དེ་སྲིད་དུ་བཟླས་བརྗོད་བྱ་སྟེ། མི་རྨི་ལམ་ནུ་ཟས་ངན་པ་སྐྱུག་པ་དང་། ཞོ་དང་འོ་མ་ལ་སོགས་པ་འཐུང ་བ་དང་། སྐྱུག་པ་དང་། ཉི་མ་དང་ཟླ་བ་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། མེ་འབར་བ་དང་མ་ཧེ་དང་མི་ནག་པོ་ཐུབ་པ་དང་། དགེ་སློང་དང་དགེ་སློང་མའི་དགེ་བའི་དུན་མཐོང་བ་དང་། འོ་མ་འབྱུང་བའི་ཤིང ་དང་། གླང་པོ་དང་ཁྱུ་མཆོག་དང་། རི་དང་སེང་གེའི་ཁྲི་དང་ཁང་བཟང་གི་སྟེང་དུ་འཛེག་པ་དང་། ཆོས་ཉན་པར་རྨིས་ནི་སྡིག་པ་དང་བྲལ་བར་འགྱུར་ཏེ། སྡིག་པ་བྱུང་བར་ཤེས་པར་བྱའོ་ཞེས་གསུངསོ།། དེ་བཞིན ་གཤེགས་པས་གཟུངས་ཀྱི་ལེའུ་ལས་ཀྱང་གཉེན་པོ་ཀུན་ཏུ་སྤྱོད་པ་གསུངས་ཏེ། དཔེར་ན་མི་ཞིག་ངན་སྐྱུགས་ཀྱི་རེག་པ་ལས་ལེགས་པར་བཀྲུས་ཏེ་ཁྲུས་བྱས་ནས་སྤོས་ཀྱི་བྱུག་ན། དེའི་དྲི་དྲ་བ་མེད་ཅིང་བྲལ་བར ་འགྱུར་རོ།། དེ་བཞིན་དུ་མཚམས་མེད་པ་ལྔ་བྱས་པའི་སྲོག་དེ་བྱང་བར་འགྱུར་རོ།། གང་ཡང་མི་དགེ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ལ། དེ་བཞིན་གཤེགས་པ་ལ་དད་པ་རྙེད་ནས་དེ་བཞིན་གཤེས་པ་དེའི ་སྐུ་གཟུགས་བྱེད་ན་དེའི་སྡིག་པ་ཡང་མི་མངོན་པོར་འགྱུར་རོ།། བྱེ་བྲག་ཏུ་ནི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་དང་། བྱེ་བྲག་ཏུ་ནི་ཁྱིམ་གྱི་གནས་ནས་འབྱུང་བ་ཚུལ་ཁྲིམས་དང་ལྡན་པའི་སྡིག་པ་བྱང་བར་འགྱུར ་@ཞེས་གསུངས་སོ།། མེ་ཏོག་བརྩེགས་པའི་གཟུངས་ལས་ཀྱང་གསུངས་ཏེ། སེང་གེ་རྣམ་པར་རྩེ་བ་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པར་སྤངས ་རྒྱས་ལ་ལོ་གཅིག་གམ་ལོ་བརྒྱ་འམ་ལོ་སྟོང་ཡང་རུང་སྟེ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཡང་དག་པར་ཟིན་པ་གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར། ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་མེ་ཏོག་འགའ་དབུལ་ལམ། ཆུ་སྙོམ་པ་གང་ཙམ་འཐོར་རམ། བྱུག་པའི་ཐེག་ལེ་འདྲི་འམ། མེ་ཏོག་ཉལ་ཉིལ་ཕྱག་གམ། བྱུག་པ་འབུལ་ལམ། ་སྤྲོས་འབུལ་ལམ།། བདུག་སྤོས་འབུལ་ལམ། མར་མེ་འབུལ་ཏེ་ཕུལ་ནས་དགའ་བའི་སེམས་ཀྱི་གོམས་པའི་གར་སྟབས་དགའ་བོར་ཏོ། སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ།། ཞེས་སྨྲ་བ་དེ་དག་ནི ་སེང་གེ་རྣམ་པར་རྩེ་བ་བསྐལ་པར་རམ་བསྐལ་པ་བརྒྱ་འམ་བསྐལ་པ་སྟོང་དུ་འམ་བསྐལ་པ་བརྒྱ་ཕྲག་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་འགྱུར་བ་དེའི་གནས་མིང་དྲོ་ཞེས་གསུངས་སོ།། སྨན་གྱི ་བླ་བཻ་ཌཱུརྱའི་འོད་ཀྱི་མདོ་ལས་ཀྱང་། གང་དག་ཡང་བསླབ་པའི་བཞི་ལྔ་པོ་དག་འཛིན་པ་དང་། གང་དག་བསླབ་པའི་གཞི་བཅུ་པོ་དག་འཛིན་པ་དང་། གང་དག་བྱང་ཆུབ་སེམས་དཔའི་སྡོམ་པ་བསླབ་པའི ་གཞི་བཞི་བརྒྱ་པོ་དག་འཛིན་པ་དང་། ཁྱིམ་གྱི་གནས་ནས་བྱུང་བའི་དགེ་སློང་གང་དག་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་པོ་དག་འཛིན་པ་དང་། དགེ་སློང་ས་གང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དག་འཛིན་པ་སྟེ། གང ་ངག་ཇི་ལྟར་ཡོངས་སུ་བཟུང་བའི་བསླབ་པའི་སྡོམ་པའི་དེ་དག་གི་ནང་ནས་བསླབ་པའི་གཞི་གང་ཡང་རུང་བ་ཞིག་ལས་ཉམས་པར་གྱུར་ཏེ། ངན་འགྲོ་ངན་སོང་གི་འཇིགས་སྐྲགས་པ་དེ་དག་བཅོམ་ལྡན་འདས་དེ་བཞིན་པཤེགས ་པ་སྤྱན་གྱི་བླ་བཻ་ཌཱུརྱའི་འོད་དེ་ལ་མཆོད་པ་རྣམ་པ་སྣ་ཚོགས་བྱེད་ན། དེ་དག་ལ་ངན་སོང་གསུམ་གྱི་སྡུག་བསྔལ་མེད་པར་ཤེས་པར་བྱའོ།། བུད་མེད་གང་ངག་ལ་ལ་བུ་བཙའ་བོའི་དུས་ན་སྡུག་བསྔལ་མ་རུངས་པ་དྲག་པོ་བྱུང་བ་དེས ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་མུཪྻའི་འོད་དེ་ལ་མཆོད་ན་དེ་མྱུར་དུ་ཡོངས་སུ་ཐར་པར་འགྱུར། བུ་ཡང་ཡན་ལག་ཡོངས་སུ་ཆུང་བར་བཙའ་ཞིང་གཟུགས་བཟང་བ་དང་མཛེས་པ་དང་། བལྟ་ན་སྡུག་པ ་དང་། དབང་པོ་རྣོ་བ་དང་། བློ་དང་ལྡན་པ་དང་། ནད་མེད་ཅིང་གནོད་པ་ཉུང་བར་འགྱུར་རོ།། དེ་ལ་མི་མ་ཡིན་པས་མདངས་འཕྲོག་པར་མི་ནུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ ་སྩལ་པ། ཀུན་དགའ་བོ་གང་གི་ཕྱིར་དེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་ཡོན་ཏན་བརྗོད་པར་ཁྱོད་དང་དམ་ཡིད་ཆེས་སམ། ཡང་ནི་ཁྱེད་རང་སངས་རྒྱས་ཀྱི་སྤྱོད་ཡུལ་ཟབ་མོ་འདི་ལ ་ཡིད་གཉིས་སམ་སོམ་ཉི་འམ། ཐེ་ཚོམ་ཟ་བ་དེ་མེད་དམ། དེ་ནས་བཅོམ་ལྡན་འདུས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན ་འདས་བདག་དེ་བཞིན་གཤེགས་པས་གསུངས་པའི་ཆོས་རྣམས་ལ་ཡིད་གཉིས་སམ་སོམ་ཉི་འམ་ཐེ་ཚོམ་འཚལ་བ་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པ་རྣམས་ལ་སྐུ་དང་གསུངས་དང་ཐུགས ་ཀྱི་བདག་ཀུན་ཏུ་སྤྱོད་པ་ཡོངས་སུ་མ་དག་པ་མི་མངའ་བའི་སླད་དུའོ།། བཅོམ་ལྡན་འདས་བདུགས་དང་དགུང་ཟླ་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་གཉིས་ནི་དོགས་ལ་ལྟུང་བ་ཡང་གདའ། རིའི་རྒྱལྔ་པོ་རི་རབ་ནི་གནས་ནས་འཕོ ་ཡང་གདའི་སངས་རྒྱས་རྣམས་ཀྱི་བཀའ་ནི་གཞན་དུ་མི་འགྱུར་ལགས་སོ།། བཙུན་པ་བཅོམ་ལྡན་འདས་དེ་ལྟར་ལགས་ཀྱིས་ཀྱང་། སེམས་ཅན་དད་པའི་དབང་པོ་དང་བྲལ་བ་དག་མཆིས་ཏེ། སངས་རྒྱས་རྣམས་ཀྱི ་སངས་རྒྱས་ཀྱི་སྤྱོད་ཡུལ་འདི་ཐོས་ན་དེ་དག་འདི་སྙམ་དུ་སེམས་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་མཚན་འདི་དྲན་པ་ཙམ་གྱིས་ཇི་ལྟར་ཤིན་ཏུ་ཡོན་ཏན་དང་ཕན་ཡོན་དུ་འགྱུར་སྙམ་ནས་དེ་དག་མི་དད་ཅིང་ཡིད ་ཡིད་མི་ཆེས་ཏེ་སྤོང་བས་ཡུན་རིང་པོར་གནོད་པ་དང་ཡིད་མི་བདེ་བ་དང་རྣམ་པར་ལྟུང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དེའི་མཚན་སུའི་རྣ་ལམ་དུ ་གྲག་པར་གྱུར་པ་དེ། ངན་འགྲོ་དྲན་སོང་དུ་འགྲོ་བར་འགྱུར་བ་ནི་གནས་མེད་དོ་གོ་སྐབས་མ་ཡིན་ནོ།། ཀུན་དགའ་བོ་སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ནི་ཡིད་ཆེས་པར་དཀའོ།། ཀུན་དགའ་བོ་ཁྱོད་དང་ཅིང་ཡིད ་ཆེས་པར་གྱུར་པ་དེ་ནི། དེ་བཞིན་གཤེགས་པའི་མཐུ་ཡིན་པར་བལྟའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་གཅིག་གིས་ཐོགས་པོ་རྣམས་མ་གཏོགས་པར་འདི་ཉན་ཐོས་དང་རང་སངས་རྒྱས་ཐམས ་ཅད་ཀྱི་ས་མ་ཡིན་ནོ་ཞེས་གསུངས་སོ།། ཡང་དེ་ཉིད་ལས་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་ལ་ཉེ་བར་གནས་ཏེ། ལོ་གཅིག་གམ་ཟླ་བ་གསུམ་དུ ་བསླབ་པའི་བཞི་རྣམས་འཛིན་ཅིང་། གང་དག་གི་བསམ་པ་འདི་ལྟ་བུས། བདག་གིས་དགེ་བའི་རྩ་བ་འདིས་ནུབ་ཕྱོགས་གང་ན་དེ་བཞིན་གཤེགས་པ་ཚེ་དཔག་མེད་བཞུགས་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ ་སྐྱེ་བར་ཤོག་ཅིག་ཅེས་སྨོན་ལམ་དེ་ལྟ་བུ་བཏབ་པ་དག་ལས། གང་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་དེའི་མཚན་ཐོས་པར་གྱུར་པ་དེ་དག་འཆི་བའི་དུས་ཀྱི་ཚེ་བྱང་ཆུབ་སམས ་དཔའ་བརྒྱད་རྫུ་འཕྲུལ་གྱིས་ལྷག་ནས་ལམ་སྟོན་པར་འགྱུར་ཏེ། དེ་དག་དེར་པདྨ་ཚོན་ཁ་དོག་སྣ་ཚོགས་པ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ།། གང་ལ་ལ་ངག་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་དག་ནི། དེར་སྐྱེས ་ནས་སྔོན་གྱི་དགེ་བའི་རྩ་བ་དེ་ཟད་པར་མི་འགྱུར་ཞིང་ངན་འགྲོར་འགྲོ་བར་མི་འགྱུར་རོ།། དེ་ནས་ཤི་འཕོས་ནས་མིའི་འཇིག་རྟེན་འདིར་གླིང་བཞི་པའི་དབང་ཕྱུག་འཁོར་ལོ་སྒྱུར་བའི ་རྒྱལ་པོར་འགྱུར་ཏེ། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་འགོད་པར་འགྱུར་རོ།། ཡང་གཞན་དག་ནི་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་ངག་ཏུ་སྐྱེ་བར་འགྱུར། ་བྲམ་ཟེ་ཤིང་སྣ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་དང་། ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དག་དང་། ནོར་དང་འབྲུ་དང་མཛོད་དང་བང་བ་མང་པོ་འབྱོར་པའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་ཏེ། གཟུགས ་ཕུན་སུམ་ཚོགས་པ་དང་། གཡོག་ཕུན་སུམ་ཚོགས་པ་དང་། དཔའ་བ་དང་བརྟུལ་ཕོད་པ་དང་ཆེན་པོ་ཆེ་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་པར་འགྱུར་རོ།། བུད་མདོ་གང་གིས་དེ་བཞིན་གཤེགས་པ་དེའི ་མཚན་ཐོས་ཤིང་བཟུང་བ་དེའི་བུད་མེད་ཀྱི་དངོས་པོ་ཐ་མ་ཡིན་པར་ཤེས་པར་བྱའོ་ཞེས་གསུངས་སོ།། །། བམ་པོ་བརྒྱད་པ། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང ་གི་ཡོན་ཏན་བཀོད་པའི་རྒྱན་ལས་ཀྱང་། ཡེ་ཤེས་བླ་མ་འོད་ཀྱི་ཏོག། དེ་བཞིན་སྨོན་ལམ་བློ་གྲོས་དང་།། དབང་པོ་ཞི་དང་འཇམ་དབྱངས།། བདག་ནི་གུས་པར་ཕྱག་འཚལ་ལོ།། སུ་ཞིག་བྱང་ཆུབ་སེམས ་དཔའ་འོད་དག་གི་མིང་འཛིན་པ་བུད་མེད་ཀྱི་དངོས་པོར་མི་འགྱུར་རོ་ཞེས་གསུངས་སོ།། གཉེན་པོ་ཀུན་ཏུ་སྤྱད་པ་མངོན་པར་བསྟན་ཟིན་ཏོ།། ད་ནི་ཉེས་པ་ལས་བཟློག་པའི་སྟོབས་བརྗོད་པར་བྱ་སྟེ། འཕགས་པ་སའི ་སྙིང་པོའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། སྲོག་གཅོད་པ་སྤོང་བའི་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན་ཏེ། སྐྲག་པར་མི་བྱེད་འཁྲུགས་པར་མི་བྱེད་སྤུ་ཟིང་ཞིས་འགྱུར ་བར་མི་བྱེད་དོ།། དེ་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་དེ་དང་དེ་སྲོག་གཙང་སྤོང་བའི་འཁོར་ལོ་དེས་སྔོན་གྱི་མཐའི་མུ་ནས་འགྲོ་བ་ལྔའི་འཁོར་ལོར་ཞུགས་ཤིང་འཁོར་བའི་ཆུ་བོར་ཁྱེར་ནས། སྲོག་གཅོད་པའི་རྒྱུས ་ལུས་དང་ངག་དང་ཡིད་ཀྱི་ལས་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པ་དང་ཆོས་ཀྱི་སྒྲིབ་པ་བྱས་པ་དང་བྱེད་དུ་བཅུག་པ་དང་རྗེས་སུ་ཡི་རང་བ་གང་ཡིན་པ་ཐམས་ཅད་འཇོམས་ཏེ། མ་ལུས་པ་རྣམ་པར་སྨིན་པར ་མི་འགྱུར་བའི་བར་དུ་བྱེད་དོ།། དེ་ལ་རིགས་མཐུན་པའི་ལྷ་དང་མི་རྣམས་དགའ་བར་འགྱུར་རོ།། ནད་མོད་པ་དང་ཚེ་རིང་བར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི། ་སྲིད་འི་ཚེའི་བར་དུ་བྱིན་པར་ལེན་པ་སྤངས་པར་གྱུར་ཅིང་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་ལ་གཞན་ལ་འགྲན་པ་མེད་པ་དང་འཁྲུག་པ་མེད་པ་རང་གི་རྙེད་པས་ཆོག་ཤེས་ཤིང་། ཆོས་མ་ཡིན་པའི ་ལོངས་སྤྱོད་མི་འདོད་དོ།། དགེ་བའི་རྩ་བ་ངེས་མ་བྱིན་པར་ལེན་པའི་རྒྱུ་ལས་བྱུང་བའི་བར་གྱི་ལས་ཀྱི་སྒྲིབ་པ་འཇོམས་སོ།། རབ་ཏུ་འཇོམས་སོ།། མ་ལུས་པ་རྣམ་པར་སྨིན ་པར་མི་འགྱུར་བའི་བར་དུ་བྱེད་དོ།། དེ་བཞིན་དུ་སྦྱར་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་རང་གི་མི་མཐུན་པའི་ཕྱོགས་མི་དགེ་བ་རྣམས་འཇོམས་པར་གསུངས་སོ།། དེ་སྐད་དུ་ཟླ་བ་སྒྲོན་མའི་མདོ་ལས་ཀྱང ་གནོད་སེམས་སྤངས་པས་སྡིག་པ་ཟད་པར་འགྱུར་བ་འབྱུང་སྟེ། ཇི་སྐད་དུ། འདི་ནི་ཡང་དག་མ་ལགས་པར།། བྱིས་པ་རྣམས་ཀྱིས་མཚང་བྲུ་དང་།། སྤྱོད་པས་དག་ནི་བཟོད་བགྱི་སྟེ། སྨད་པ་འང་འདྲེན་པ་དང་དུ ་བླང་།། བྱང་ཆུབ་སེམས་དཔས་གཞན་དག་ལ།། བདག་གིས་གནོད་སེམས་བསྐྱེད་པ་དང་།། སྔན་ཆད་བདག་གི་སྡིག་པའི་ལས།། བགྱིས་པ་རྣམས་ནི་སྦྱང་བར་བགྱི་ཞེས་གསུངས་པ་ལྟ་བུའོ།། ཉེས་པ་ལས ་བཟློག་པའོ་སྟོབ་ས་བཤད་ཟིན་ཏོ།། རྟེན་གྱི་སྟོབས་བརྗོད་པར་བྱ་སྟེ། འདི་ཕག་གི་རྟོགས་པ་བརྗོད་པ་དཔེར་བྱའོ།། གང་དག་སངས་རྒྱས་སྐྱབས་དོང་བ། དེ་དག་ངན་འགྲོར་འགྲོ་མི་འགྱུར།། མི་ཡི་ལུས ་ནི་སྤངས་ནས་སུ།། དེ་དག་ལྔ་ཡི་ལུས་ཐོབ་བོ་ཞེས་གསུངས་ཏེ། དེ་བཞིན་དུ་ཆོས་དང་དགེ་འདུན་གྱི་དབང་དུ་བྱས་ཏེ་གདོན་ཏོ།། འཕགས་པོ་བྱམོས་པའི་རྣམ་པར་ཐར་པ་ལས་ཀྱང་། བྱང་ཆུབ་ཀྱི་སེམས་ཀྱི་སྡིག ་རྣམས་པར་དག་པ་གསུངས་ཏེ། ཉེས་པ་བྱས་པ་ཐམས་ཅད་བསྲེགས་པས་སྲེག་པའི་བསྐལ་པའི་མེ་ལྟ་བུའོ།། མི་དགེ་བའི་ཆོས་ཐམས་ཅད་ཟད་པར་བྱེད་པས་སའི་འོག་ལྟ་བུའོ།། དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ ་འདི་ལྟ་སྟེ་དཔེར་ན་དངུལ་ཆུའི་རིགས་གསེར་དུ་སྣང་བ་ཞེས་བྱ་བ་ཡོད་དེ། དེ་ནི་སྲང་ཅིག་གིས་ཀྱང་ལྕགས་སྲང་སྟོང་གསེར་དུ་འགྱུར་རོ།། དངུལ་ཆུ་སྲོང་གཅིག་པོ་དེ་ནི་ལྕགས་སྲུང་སྟོང་པོ་དེས་ཟད་པར་བྱ་བ་འམ ་ལྕགས་སུ་བསྒྱུར་བར་མི་ནུས་སོ།། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དངུལ་ཆུའི་ཁམས་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང་ཡེ་ཤེས་ཀྱི་བཟུང་བ་གཅིག་གི་ལས་དང་ཉོན་མོངས་པའི ་སྒྲིབ་པའི་ལྷག་ས་ཐམས་ཅད་ཟད་པར་བྱས་ཏེ། ཆོས་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་ཏུ་བྱེད་ཀྱང་། ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་དངུལ་ཆུའི་ཁམས་གཅིག་པོ་དེ་ནི་ལས ་དང་ཉོན་མོངས་པའི་ལྕགས་ཐམས་ཅོད་ཀྱིས་ཀྱང་ཀུན་ནས་ཉོན་མོངས་པར་བྱ་བ་འམ། ཟད་པར་མི་ནུས་སོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མར་མེ་གཅིག་གིས་ཁྱིམ་མཱམ་ཁང་བུ་ཇི་ལྟ་བུར་བཅུག་ཀྱང་རུང་སྟེ ་བཅུག་མ་ཐག་ཏུ་ལོ་སྟོང་དུ་བསགས་པའི་མུན་པ་ཡང་རྣམ་པར་སེལ་ཅིང་སྣང་བར་བྱེད་དོ།། དེ་བཞིན་དུ་ཐམས་ཅད་མཁྱེན་པའི་མར་མེ་གཅིག་གིས་ཀྱང་སེམས་ཅན་གྱི་བསམ་པའི་ཐིབས་པོ་མ་རིགས་པའི ་མུན་པ་དང་ལྡན་པ་ཇི་ལྟ་བུ་ཡང་རུང་བར་ཞུགས་ན་ཞུགས་མ་ཐག་ཏུ་བསྐལ་པ་བརྒྱ་སྟོང་བརྗོད་དུ་མེད་པར་བསགས་པའི་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་མུན ་པ་ཐམས་ཅད་རྣམ་པར་སེལ་ཅིང་ཡེ་ཤེས་ཀྱི་སྣང་བ་སྐྱེད་།། རིགས་ཀྱི་བུ་འདི་ལྔ་སྟེ་དཔེར་ན་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་ཙང་པན་ཐོགས་པའི་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ་གཞན་གྱི་གནོད ་པར་བྱ་བའི་འཇིགས་པ་མེད་།། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཆེན་པོའི་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་ཅོད་པ་ན་ཐོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། ངན་སོང ་དང་དོན་འགྲོས་གནོད་པ་བྱ་བའི་འཇིགས་པ་མེད་དོ་ཞེས་བྱའོ།། འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང་། ཉེ་བོར་འཁོར་འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས ་དཔའ་གལ་ཏེ་སྔ་དྲོའི་དུས་ནས་ལྟུང་བ་བྱུང་ཡང་། ཕྱི་དྲོའི་དུས་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི ་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མིང་ངོ་།། གལ་ཏེ་ཕྱི་དྲོའི་དུས་ན་ལྟུང་བ་བྱུང་ཡང་། ཕྱི་ཕྱེད་ཀྱི་དུས་ན་ཐམས་ཅད་མཁྱེན་པའི་སེམས་ཅན་དང་མི་འབྲལ་བར་གནས་ཏེ། ཇི་ལྟར་ན་ཐེག་པ་ཆེན་པོ་ལ་ཡང ་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོའི་མཐའ་མེད་དོ།། གལ་ཏེ་ཕྱི་ཕྱེད་ཀྱི་དུས་ན་ལྟུང་བ་བྱུང་ཡང་སྲོང་ལ་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན ་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ།། གལ་ཏེ་སྲོང་ལ་ལྟུང་བ་ཡང་ནམ་ཕྱེད་ན་ཐམས་ཅད་མཁྱེན་པའི་སེམས་པ་ང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ།། གལ་ཏེ་ནམ་ཕྱེད ་ནི་ལྟུང་བ་བྱུང་བ་ནི་ཡང་ཐོ་རངས་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོའི་མཐའ་མེང་།། ། ་བར་འཁོར་དེ་ལྟ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་རུང་བ་ཡིན་ནོ།། དྲི་ལ་བྱང་ཆུབ་སེམས་དཔའ་འགྱོད་པ་ཀུན་ནས་ལྡང་བ་དེ་སྐྱེས ་ན་ཧ་ཅང་མི་དགའ་བར་མི་བྱའོ།། ཉེ་བར་འཁོར་དེ་ལ་གལ་ཏེ་ཉན་ཐོས་པོའི་གང་ཟག་ལ། ལྟུང་བ་ཡང་དང་ཡང་བྱུང་ན། ཉན་ཐོས་ཀྱི་ཐེག་པ་པའི་གང་ཟག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ཉམས་པར་བྱེད་དོ ་ཞེས་གསུངས་སོ།། བསླབ་པ་ཀུན་ལས་བཏུས་པ་ལས་སྡིག་པ་སྦྱང་བའི་ལེའུ་སྟེ་བརྐྱང་བའོ།། །། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགསོ།། ་དེས་ན་དེ་ལྟར་རྒྱུན་མི་འཆང་པར་སྡུག་བསྔལ་མང་པོ་དང་ལྡན་པའི་ཚུལ་ཁྲིམས་སྐྱེ་བ་བསྲུང་ཞིང་དེ་ལྟར་ལས་ཀྱི་སྒྲིབ་པའི་གླེགས་སེལ་བ་དེས་ཉོན་མོངས་པ་རྣམ་པར་སྦྱོང་བ་ལ་འབང ་བར་བྱའོ།། དེ་ལ་ཐོག་མར་རེ་ཞིག་བཟོད་བྱ། མི་བཟོད་པ་ནི་སྐྱོ་བ་སྲན་མི་ནུས་པའི་ཕྱིར་ཐོས་པ་ལ་སོགས་པ་ལ་བརྟེན་པ་ཉམས་པར་འགྱུར་ཞིང་། ཐོས་པ་དང་མི་ལྡན་པས་ནི་བསམ་གཏན་གྱི་ཐབས་དང་ཉོན ་མོངས་པ་རྣམས་པར་སྦྱོང་བའི་ཐབས་ཀྱང་མི་ཤེས་ཏེ། དེ་བས་ན་སྐྱེ་བ་མེད་པར། ཐོས་པ་བཙལ་བར་བྱ། ཤེས་སུ་ཟིན་ཀྱང་འདྲེན་མར་སྤྱོད་པས་མཉམ་པར་བཞག་དཀའ་བར་འགྱུར་ཏེ། དེའི་ཕྱིར་དེ་ནས་ནགས ་སུ་གནས་པར་བྱ། དེར་ཡང་རྣམ་པར་གཡེང་བ་ཞི་བར་བྱ་བ་ལ་མི་བརྩོན་པས་སེམས་མཉམ་པར་འཇོག་པར་མི་འགྱུར་བས། མཉམ་པར་བཞག་པའི་འབྲས་བུ་ནི་ཉོན་མོངས་པ་སྦྱོང་བ་མ་གཏོགས་པ་ཅི་ཡང་མེད ་མེང་བས་དེའི་ཕྱིར། མི་སྡུག་ལ་སོགས་སྒོམ་པར་བྱ། དེ་ལྟར་འདི་དག་ནི་རེ་ཞིག་ཉོན་མོངས་པ་སྦྱོང་བ་བསྟན་པའི་ཚིག་གོ། དེ་ནི་བཤད་པ་བརྗོད་དོ།། དེ་ལ་བཤད་པ་ནི། ཆོས་ཡང་དག་པར་སྡུད་པའི་མདོ་ལས ་སྡུག་བསྔལ་དོང་དུ་ལེན་པའི་བཟོད་པ་དང་ཆོས་ལ་ངེས་པར་སེམས་པའི་བཟོད་པ་དང་གཞན་གྱི་གནོད་པར་བྱས་པ་ལ་ཇི་མི་སྙམ་པའི་བཟོད་པའོ་ཞེས་རྣམ་པ་གསུམ་གསུངས། དེ་ལ་སྡུག་བསྔལ་ཉམས་སུ་ལེན ་བའི་བཟོད་པའི་མི་མཐུན་པའི་ཕྱོགས་ནི། སྡུག་བསྔལ་གྱིས་འཇིགས་པ་ཉིད་མི་འདོད་པ་བྱུང་བ་དང་ཕྲད་པ་དང་། རང་གི་བདེ་བ་ལ་མངོན་པར་ཆགས་པ་ཉིད་འདོད་པའི་གེགས་བྱེད་པ་དང་ཕྲད་པ་སྟེ། དེ་དག་ལས ་ཡིད་མི་བདེ་ཞིང་། དེ་ལས་ནི་སྡང་བ་འམ་ཞུམ་པ་ཉིད་དོ།། དེ་བས་ན་ཟླ་བ་སྒྲོན་མའི་མདོ་ལས་ཀྱང་། བདེ་བ་ལ་མི་ཆགས་པ་དང་། སྡུག་བསྔལ་ལ་མི་སྐྱོ་བའོ་ཞེས་གསུངས་སོ།། དཀོན་མཆོག་སྤྲིན་གྱི་མདོ་ལས ་ཀྱང་། གང་ནང་གི་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་དེ་དག་བཟོད་ཅིང་དང་དུ་ལེན་ཏོ་ཞེས་གསུངས་སོ།། འཕགས་པ་དྲག་ཤུལ་ཅན་གྱི་ཞུས་པ་ལས་ཀྱང་། ་ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་ཁྱིམ་པས་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པས་འཇིག་རྟེན་གྱི་ཆོས་བརྒྱད་ལ་མཉམ་པ་ཉིད་ཐོབ་པར་བྱའོ།། དེས་ལོངས་སྤྱོད་རྙེད་དམ་ཆུང་མ་དང་བུ་རྙེད་དམ་ནོར ་དང་འབྲུ་དང་རྫས་རྙེད་ཀྱང་ཁེངས་པར་ཡང་མི་བྱའོ།། ཐམས་ཅད་མ་འབྱོར་ཡང་དེ་ཞུམ་པར་ཡང་མི་བྱ་ཡི་མུག་པར་ཡང་མི་བྱའོ།། དེས་འདི་ལྟར་བརྟག་པར་བྱ་སྟེ། འདུས་བྱས་ཐམས་ཅད་ནི་སྒྱུ་མའི་རྣམ་པ ་ལྟ་བུ་རྣམ་པར་བསྒྲུབས་པས་སོ་སོར་ཉེ་བར་གནས་པའི་མཚན་ཉིད་དོ།། འདི་ལྟ་སྟེ། ཕ་མ་དང་ཆུང་མ་དང་བྲན་དང་ལས་བྱེད་པ་དང་ཞོ་ཤས་འཚོ་བ་དང་མཛའ་ཤེས་དང་བློན་པོ་དང་ཉེ་དུ་དང་སྣག་གི་གཉེན ་མཚམས་དེ་དག་ནི་ལས་ཀྱི་རྣམ་པར་སྨིན་པས་གྲུབ་པ་ཡིན་ཏེ། བདག་དབང་བ་མ་ཡིན་ལ་ང་ཡང་འདི་དག་གི་མ་ཡིན་ནོ་ཞེས་གསུངས་སོ།། གཞན་ཡང་གལ་ཏེ་བཅོས་སུ་ཡོད་ན་ནི ་དེ་ལ་མི་དགའ་བྱ་ཅི་དགོས།། དེ་སྟེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགའ་བྱས་ཅི་ཕན།། བཅོས་ཀྱང་ཡིད་མི་བདེ་ན་ནི།། ཁྲོ་བས་རྒྱལ་བ་འཐད་པ་འམ།། ཞུམ་པའི་ཕྱིར་ན་སྒྲོ་ཉམས་པས།། རྒུད་པ་ཆེན་པོས་ཟིན་པར ་འགྱུར།། དེ་ལ་ཡང་དང་ཡང་སེམས་པས།། ཚེ་ཡང་ཐུང་བར་འགྱུར་བ་ཡིན།། དེ་ལྔ་བས་ན་གོམས་པ་ལས།། གནོད་པ་བཞིན་དུ་དོན་མེད་སྤངས།། ཡིད་མི་བདེ་བ་སྤང་བ་ཡང་ཇི་ལྟར་གོམས་པར་བྱ་ཞེ་ན། ཡང་བ། ་དང་སྙི་བའི་སེམས་སྤངས་པ་ལས་ཏེ། དྲག་ཤུལ་ཅན་གྱི་ཞུས་པ་ལ་ཇི་སྐད་དུ། ཤིང་བལ་གྱི་བདའ་བྱ་ལྟ་བུའི་སེམས་དང་བྲལ་བར་བྱའོ་ཞེས་གསུངས་པ་ལྟ་བུའོ།། འཕགས་པ་སྡོང་པོ་བཀོད་པ་ལས་ཀྱང་། བུ ་མོ་ཁྱོད་ཀྱི་ཉོན་མོངས་པ་ཐམས་ཅད་གཞོམ་པའི་ཕྱིར་ཐུབ་པར་དཀའ་བའི་སེམས་བསྐྱེད་པར་བྱའོ།། མངོན་པར་ཞེན་པ་ཐམས་ཅད་གཞིག་པའི་ཕྱིར་གཞན་གྱིས་མི་ཐུབ་པའི་སེམས་བསྐྱེད་པར་བྱའོ།། མི་མཐུན ་པའི་བསམ་པ་ཅན་གྱི་སེམས་ཅན་རྒྱ་མཚོའི་ཀློང་འཁྱིལ་ལྟ་བུ་བབ་པ་རྣམས་ལ་མི་འཁྲུག་པའི་སེམས་བསྐྱེད་པར་བྱའོ་ཞེས་གསུངས་སོ།། གོམས་པར་གྱུར་ན་དཀའ་བ་ཅུང་ཟད་ཀྱང་མེ་ངོ་།། འདི་ལྟར་རེ་ཞིག ་ཤིན་ཏུ་བླུན་པ་ཁུར་ཚྭ་བ་དང་ཉ་པ་དང་ཞིང་པ་ལ་སོགས་པ་དག་ཀྱང་སྡུག་བསྔལ་ལ་གོམས་པ་ལས་འབྲས་བུ་ཤིན་ཏུ་ཆུང་ངུ་དང་ལྡན་པའི་དངོས་པོ་ལ་ཡང་ཡུན་རིང་པོ་ནས་སྨད་དུ་གྱུར་པའི་མཚན་མ་ཅན་གྱི་སེམས་འཁྲང་བ། ་སྒྱིད་ལུག་པས་ཟིལ་གྱི་མི་ནོན་ན། འཁོར་བའི་བདེ་བ་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་བདེ་བ་ཐམས་ཅད་དང་བླ་ན་མེད་པའི་གོ་འཕང་ཐོབ་པའི་འབྲས་བུ་ཅན་གྱི་ལས་ལ་སྨོས་སུ་ཡོད་དམ་ཅི། འདི་ལྟར་ཕལ་པ་དག ་ཀྱང་ཅུང་ཟད་གནོད་པ་བྱེད་པ་བདག་གི་ཉེས་པར་བྱས་པས་བཅོམ་ཞིང་རང་ཉིད་འཆི་བ་རྣམས་ལ་བརྡེག་པའི་ཆེད་དུ། དྲག་ཏུ་བརྡེག་པ་མྱོང་ཡང་གཡུལ་དུ་འཇུག་ན། དུས་ཤིན་ཏུ་རིང་པོར་གནོད་པ་བྱེད་པ་དཀའ་བས ་བསྒྲུབས་པའི་དགེ་བའི་ནོར་བག་ཙམ་བརྐུ་བའི་རྐུན་པོ་དམྱལ་བ་ཉིད་ཀྱི་གསད་སར་གསད་བྱའི་གཤེད་མར་གྱུར་པ་སྲིད་པའི་བཙོན་རའི་སྲུང་མར་ངེས་པར་འབྱུང་བའི་ལམ་གྱི་ཕྱིར་ཕྱོགས་མ་རུང་བའི་བྱིད་པ་རྗེས་སུ་མཐུན ་པ་འདྲ་ཡང་གནོད་པ་དྲག་པོ་བྱེད་པ་གནོད་པ་མ་བྱས་པོར་དགྲར་གྱུར་པ། ཐོག་མ་མེད་པའི་བསྐལ་པ་ནས་དམ་དུ་འབྲེལ་བའི་ཤ་འཁོན། ཉོན་མོངས་པའི་དགྲ་རྣམས་ལ་གཞོམ་པར་སྤྲོ་བ་འམ་སྡུག་བསྔལ་བཟོད ་པར་གོ་ཇི་ལྟར་མི་འགྱུར་ཏེ། ས་གསུམ་ལས་རྣམ་པར་རྒྱལ་བར་བྱ་བའི་ཕྱིར་ཆས་ཤིང་བདུད་ཀྱི་རི་ཁྲོད་པའི་བདག་པོས་ཟིན་པའི་འགྲོ་བ་གཞན་ཡང་བཙོན་རཾ་ལས་ཐར་བར་བྱ་བའི་ཕྱིར་གཡུལ་ངོར་ཞུགས་པ ་ནི་ཁྱད་པར་དུ་ཡང་འགྱུར་བ་ཁོ་ནའོ།། དེ་ལ་སྡུག་བསྔལ་ཆུ་ངུ་ལ་གོམས་པར་བྱ་བ་སྔོན་དུ་བཏང་ན། དཀའ་བ་དང་ཤིན་ཏུ་དཀའ་བ་ལ་ཡང་གོམས་པ་འགྲུབ་སྟེ། དཔེར་ན་གོམས་པའི ་དབང་གིས་སེམས་ཅན་ཐམས་ཅད་སྡུག་བསྔལ་བ་བདེ་བར་འདུ་ཤེས་པ་དེ་བཞིན་དུ་སྡུག་བསྔལ་འབྱུང་བ་ཐམས་ཅད་ལ་བདེ་བར་འདུ་ཤེས་ཉེ་བར་བཞག་པར་གོམས་པས་བདེ་བའི་འདུ་ཤེས་ཉིད་དུ་ཉེ་བར་གནས་པར ་འགྱུར་རོ།། འདིའི་རྒྱུ་མཐུན་པའི་འབྲས་བུ་ནི་ཆོས་ཐམས་ཅད་བདེ་བས་ནོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པ་ཡིན་ནོ།། ཡབ་དང་སྲས་མཇལ་བའི་མདོ་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་བདེ་བས་ནོན་པ ་ཞེས་བགྱི་བའི་ཏིང་ངེ་འཛིན་མཆིས་ཏེ། ཏིང་ངེ་འཛིན་དེ་ཐོབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམིགས་པའི་དངོས་པོ་ཐམས་ཅད་ལ་བདེ་བའི་ཚོར་བ་ཤྲ་སྟག་མྱོང་བར་འགྱུར་ཞིང་སྡུག་བསྔལ་གྱི ་ཚོར་བ་མི་མྱོང་ལ་སྡུག་བསྔལ་ཡང་མ་ལགས། བདེ་བ་ཡང་མ་ལོགས་པ་ཡང་མི་མྱོང་སྟེ། སེམས་ཅན་དམྱལ་བའི་གནོད་པས་གནོད་པར་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བོར་གནས་པ་དང་། མིའི་གནོད ་པས་གནོད་པར་བགྱིས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པ་དང་། ལག་པ་བཅད་དམ་རྐང་པ་བཅད་དམ། རྐང་ལག་བཅད་དམ། རྣ་བ་འམ། རྣ་བ་དང་སྣ་གཏུབས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར ་འགྱུར་བ་དང་། སྤ་ལྕག་གིས་གཞུས་སམ། སྤ་ལྕུག་ཕྱེད་ཚལ་ལམ། ལྕག་གི་གཞུས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང་། བཙེན་རར་བཅུག་གམ། ལྕག་སྒྲོག་དང་ཤིང་སྒྲོག་དུ་བཅུག་གམ ་བཙོན་ཆ་དམ་པོ་ལ་རྒྱས་བཏབ་བམ། བྱིས་པའི་གཙུག་ཕུང་ལྟར་བཅིངས་སམ། དུགས་ཀྱི་གནོད་ལྷར་བདུགས་སམ། པུ་རམ་ཤིང་བརྡུངས་པ་ལྟར་སྲུངས་སམ། འདམ་བུ་བཅོམ་པ་ལྟར་བཅོམ་མམ། འབྲུ་མར ་གྱི་མར་མེ་འབར་བར་བྱས་སམ། མར་གྱི་མར་མེ་དང་ཞོ་བསྐོལ་བ་ལྟར་འབར་བར་བྱས་ཀྱང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང་། མིའི་ནང་དུ་བོར་རམ། སེང་གེའི་ཁར་བསྟབས་སམ། དེ་བཞིན་དུ ་སྦྱར་ཏེ། སྐམ་རིམ་བྱི་བ་ལྟ་དྲིལ་ཏམ། བྱི་བོའི་ཆད་པ་ལྟ་བུས་བཅད་དམ། ཉེས་པ་བྱུང་བ་ལྔར་བསྒྲགས་སམ། ཀ་ཥ་པ་ན་ཙམ་དུ་གཏུབས་སམ། འབྲས་ཕྱེ་བཙོས་པ་ལྟར་བཙོས་སམ། གླང་པོ་ཆེ་རྣམས་ཀྱིས ་བཅོམ་ཡང་བདེ་བའི་འདུ་ཤེས་ཉེ་བར་གནས་པར་འགྱུར་བ་དང་། མིག་ཕྱུང་ངམ། གསལ་ཞིང་གི་རྩེ་མོ་ལ་བཞག་གམ། གསང་བའི་གནས་སུ་ཁྲིད་དེ་རྣམ་པོ་ཐམས་ཅད་དུ་མགོ་བཅད་ཀྱང་བདེ་བའི་འདུ་ཤེས ་བར་གནས་པར་འགྱུར་ཏེ་བདེ་བ་ཡང་མ་ལགས་མི་བདེ་བ་ཡང་མ་ལགས་པའི་འདུ་ཤེས་རྣམས་པ་ཐམས་ཅད་དུ་མི་འབྱུང་ངོ་།། དེ་ཅིའི་སླད་དུ་ཞེ་ན་འདི་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོ་དེས། ཡུནི་རིང་པོ ་ནས་སྦྱང་བ་སྤྱོད་བྱའི་ཚེ། སྨོན་ལམ་འདི་ལྟར་བཏབ་སྟེ་གང་གིས་བདག་ལ་ཁ་ཟས་བྱིན་པ་དེ་དག་ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག། གང་གིས་བདག ་ལ་རིམ་གྲོ་བྱས་པ་དང་བཀུར་སྟི་བྱས་བྱ་དང་སྟི་སྟང་བྱས་པ་དང་མཆོད་པ་བྱས་པ་དེ་དག་ཐམས་ཅད་ཀྱང་། ཉེ་བར་ཞི་བའི་བདེ་བ་ཐོབ་པར་གྱུར་ཅིག། གང་ཡང་བདག་ལ་གཤེ་བར་བྱེད་པ་དང་མི་བདེ ་བར་བྱེད་པ་དང་བརྡེགས་པ་དང་མཚོན་གྱི་བློ་དེ་བསྔོ་བ་དང་རྣམ་པ་ཐམས་ཅད་དུ་སྲོ་གཅོད་པའི་བར་དུ་བྱེད་པ་དེ་དག་ཐམས་ཅད་ཀྱང་བྱང་ཆུབ་སེམས་ཀྱི་བདེ་བ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པོར་རྫོགས་པའི ་བྱང་ཆུབོ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེ་ཡིད་ལ་བྱེད་པ་དེ་དག་ནི་དང་ལྡན་ཞིང་། དེ་ལྟ་བུའི་ལས་དང་དེ་ལྟ་བུའི་སྨོན་ལུམ་དང་ལྡན་པས་སེམས་ཅན་ཐམས་ཅད་རྗེས་སུ ་སེང་བའི་བདེ་བའི་འདུ་ཤེས་ལ་རྟེན་ཅིང་བསྙེན་ལ་བསྒོམ་ཞིང་མང་དུ་བྱེད་དེ། དེ་ལས་དེའི་རྣམ་པར་སྨིན་པས་ཆོས་ཐམས་ཅད་ལ་བདེ་བས་ནོན་པ་ཞེས་བྱ་བའི་ཏིངངེ་འཛིན་རབ་ཏུ་ཐོབ་བོ།། གང་གི་ཚེ་བྱང་ཆུབ ་སེམས་དཔའ་ཆོས་ཐམས་ཅད་ལ་བདེ་བས་ནོན་པའི་ཏིང་ངེ་འཛིན་ཐོ་བ་པར་གྱུར་པ་དེའི་ཚེ་བདུད་ཀྱི་ལས་ཐམས་ཅད་ཀྱིས་མི་འཕྲོགས་ཤིང་མི་འཁྲུགས་པར་འགྱུར་རོ་ཞེས་རྒྱས་པར་གསུངས་སོ།། སྦྱོར་བ་འདི་ནི ་གཏོང་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། བྱ་བར་དཀའ་བའི་སྤྱོད་པ་ཐམས་ཅད་བསྒྲུབ་པ་དང་། བཟོད་པ་ཐམས་ཅད་རྟེན་པར་བྱེད་པ་དང་། བརྩོན་འགྲུས་ཐམས་ཅད་ལ་ནུར་བ་མེད་པར་བྱེད་པ་དང་། བསམ ་གཏན་དང་། ཤེས་རབ་ཀྱི་ཡན་ལག་གི་ཚོགས་ཐམས་ཅད་ལ་སྦྱོར་བ་ཡིན་ནོ་ཞེས་གསུངས་སོ།། དེ་ལྟ་བས་ན་རྟག་ཏུ་དགའ་བར་བྱ་སྟེ། ཟླ་བ་སྒྲོན་མའི་མདོ་ལས། གུས་དང་བཅས་ཤིང་ཡིད་ནི་རྟག་དགའ་བར་འགྱུརརོ།། ་ཞི་བའི་ལྟ་བ་ལ་ནི་རྟག་ཏུ་གནས་པར་འགྱུར་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཀྱང་གསུངས་པ། དེ་ལ་དགའ་བ་ཆེན་པོ་གང་ཞེ་ན། གང་སངས་རྒྱས་ཀྱིས་ཆོས ་རྣམས་དྲན་པ་དང་རྗེས་སུ་དྲན་པ་དང་དགེའ་བ་དང་། དད་པ་དང་མཆོག་ཏུ་དགའ་བ་དང་སེམས་མ་གོང་བ་ཞིང་མི་རྫི་བ་དང་སྲེད་པ་མེད་པ་དང་། འདོད་པའི་དགའ་བ་ཐམས་ཅད་གཏོང་བ་དང་། ཆོས་ཀྱི་དགའ་བ་ཐམས ་ཀྱེ་རྟེན་དང་སེམས་རབ་ཏུ་དགའ་བ་དང་། ལུས་རབ་ཏུ་སིམ་པ་དང་། སངས་རྒྱས་ལ་དགའ་ཞིང་ཡིད་འཕར་བ་དང་། དེ་བཞིན་གཤེགས་པའི་སྐུ་ལ་དགའ་ཞིང་མོས་པས་མཚན་དང་དཔེ་བྱུང་བཟང་པོའི ་རྐྱེན་ཚོལ་བ་ལ་མཁས་པ་དང་། དགེ་བའི་ཆོས་མཉན་པས་མི་སྐྱོ་བ་དང་། དེ་ཁོ་ནའི་ཆོས་ལ་བརྟེན་པའི་ནན་ཏན་དང་། དགའ་བ་དང་མགུ་བ་རངས་པ་དང་རབ་ཏུ་དགའ་བས་ཆོས་ལ་མོས་པ་དང་། རྟག་ཏུ་རྒྱུན ་མི་འཆད་པར་སེམས་ཅན་རྣམས་ལ་ཁོང་ཁྲོ་བ་མེད་པའི་བློ་དང་། སངས་རྒྱས་ཀྱི་ཆོས་ཚོལ་བ་ལ་འདུན་པ་དང་། ཆོས་ལ་འདུན་པ་དེ་ཡང་མི་འདོར་བ་དང་། སངས་རྒྱས ་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་ཤིང་རྣམ་པར་གྲོལ་བ་དང་། ཉི་ཚེ་བའི་ཐེག་པ་དང་མ་འདྲེས་པའི་སེམས་བསྐྱེད་པ་དང་། སེར་སྣ་མེད་པས་མ་ཞུམ་པར་སེམས་བསྐྱེད་པ་དང་། ནོར་གང་སེམས་ཀྱི་སྦྱིན་འདོད་པ་དེ་སྦྱིན་ཞིང་བྱིན་ནས ་འཁོར་གསུམ་དག་པར་ཡོངས་སུ་སྦྱངས་པ་དང་། སྦྱིན་པ་ལ་དགའ་བ་དང་། ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་རྟག་ཏུ་རུང་བ་དང་། ཚུལ་ཁྲིམས་འཆོལ་བ་རྗེས་སུ་འཛིན་ཅིང་བྱམས་པོ་དང་། བདག་གི་ཚུལ་ཁྲིམས ་ཡོངས་སུ་དག་པ་དང་། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་ཤིན་ཏུ་འདས་པར་དབུགས་འབྱིན་པ་དང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ལ་བསྔོ་བ་དང་། བརྟན་ཞིང་མི་ཕྱེད་པ་དང་། ཕ་རོལ་གྱིས་ངན ་པར་བརྗོད་པ་དང་ངན་པར་སྨྲས་པའི་ཚིག་གི་ལམ་ལ་ཁོང་ཁྲོ་བ་མེད་པའི་སེམས་ཉིད་དང་། བཟོད་ཅིང་ངེས་པ་དང་། ང་རྒྱལ་མེད་པ་དང་། བླ་མ་ལ་འདུད་ཅིང་རིམ་གྲོ་བྱེད་པ་དང་། རྟག་ཏུ་བཞིན་འཛུམ་པ་དང་། ཁྲོ ་གཉེར་མེད་པ་དང་། སྔོན་དུ་གསོང་པོར་སྨྲ་བ་དང་། ཚུལ་འཆོས་པ་མེད་པ་དང་། ཁ་གསག་མེད་པ་དང་། ཐོབ་ཀྱིས་འཇལ་བ་མེད་པ་དང་། བསམ་པ་དག་པ་དང་། སེམས་ལ་བརླང་བ་མེད་པ་དང་། གྱ་གྱུ་མིང ་པ་དང་། ཐམས་ཅད་ལ་ལེགས་པར་བལྟ་བ་དང་། སྐྱོན་མེད་པར་ལྟ་བ་དང་། ལྟུང་བ་མི་གླེང་བ་དང་། ཡང་དག་པར་དགའ་བར་འགྱུར་བའི་ཆོས་ཀྱི་རྗེས་སུ་འཇུག་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ ་ལྟར་ཕངས་པར་འཛིན་པ་དང་། ཆོས་རྣམས་ལ་བདག་བཞིན་དུ་ཕངས་པར་འཛིན་པ་དང་། དེ་བཞིན་གཤེགས་པ་པ་ལ་སྲོག་བཞིན་དུ་ཕངས་པར་འཛིན་པ་དང་། བླ་མ་ལ་ཕ་མ་བཞིན་དུ་ཕངས་པར་འཛིན་པ་དང་། ་སེམས་ཅན་རྣམས་ལ་བུ་བཞིན་དུ་ཕངས་པར་འཛིན་པ་དང་། མཁན་པོ་དང་སློབ་དཔོན་ལ་སངས་རྒྱས་བཞིན་དུ་ཕངས་པར་འཛིན་པ་དང་། ནན་ཏན་ལ་ཡན་ལག་གི་དམ་པ་མགོ་བཞིན་དུ་ཕངས་པར་འཛིན་པ་དང་། ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྐང་ལ་བཞིན་དུ་ཕངས་པར་འཛིན་པ་དང་། ཆོས་སྨྲ་བ་རྣམས་ལ་རིན་པོ་ཆེ་ཐམས་ཅད་བཞིན་དུ་ཕངས་པར་འཛིན་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཡིད་བཞིན་གྱི་ནོར་བུ་བཞིན ་ཕངས་པར་འཛིན་པ་དང་། རྗེས་སུ་བསྟན་པ་ལ་དགའ་བའི་རྩེད་མོ་བཞིན་དུ་ཕྱུངས་པར་འཛིན་པ་དང་། ཆོག་ཤེས་པ་ལ་ནད་མེད་པ་བཞིན་དུ་ཕངས་པར་འཛིན་པ་དང་། ཆོས་ཚོལ་བ་ལ་སྨན་བཞིན་དུ་ཕངས་པར ་འཛིན་པ་དང་། སྐུལ་ཞིང་དྲན་པར་བྱེད་པ་ལ་སྨན་པ་བཞིན་དུ་ཕོངས་པར་འཛིན་པ་སྟེ། དེ་ལྟར་གང་དབང་པོ་ཐམས་ཅད་ལ་དབང་པོ་མ་གོང་པ་འདི་ནི་དགའ་བ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་འདི་ལ་བསླར་བའི་བྱང་ཆུབ་སེམས་དཔའ་རྣམས་ནི། འཕགས་པ་སྤྲིན་ཆེན་པོའི་མདོ་ལས། སེམས་ཅན་དམྱལ་བའི་འགྲོ་བ་ལ་དགའ་བར་ཡང་འགྱུར་བ་དང་། སེམས ་ཅན་དམྱལ་བའི་འགྲོ་བ་ལ་སེམས་ཤིང་རྟག་ཏུ་བསམ་པ་གཏོང་བའི་ངང་ཚུལ་ཅན་དུའང་འགྱུར་བ་དང་། སེམས་ཅན་དམྱལ་བའི་ཚོང་རྡལ་གྱི་ཚོང་པར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་འཐོབ་པ་མི་གཏོང ་པར་ཡང་འགྱུར་བ་དང་། སེམས་ཅན་དམྱལ་བའི་མེ་ལ་སེམས་རྒྱས་པར་འགྱུར་ཞེས་གསུངས་པའི་ཚིག་འདིས་རྒྱན་པར་བྱེད་དོ།། སྡུག་བསྔལ་དང་དུ་ལེན་པར་བཟོད་པ་བཤད་ཟིན་ཏོ།། འཕགས་པ་བློ་གྲོས་རྒྱ ་ས་ཞུས་པའི་མདོ་ལས་ཀྱང་བཟོད་པ་རྣམ་པ་གསུམ་གསུངས་ཏེ། བློ་གློས་རྒྱ་མཚོ་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པར་སེམས་སྐྱེད་པ་རིན་པོ་ཆེ་དེ་ལྟར་བསྐྱེད་ནས། འཕགས་པ་མ་ཡིན ་ལ་ཁྲིམས་འཆལ་པའི་སེམས་ཅན་རྣམས་སམི། བདུད་རྣམས་སམ། བདུད་ཀྱི་རིས་ཀྱི་ལྷོ་རྣམས་སམ། བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་སམོ། བདུད་ཀྱི་ཕོ་ཉ་རྣམས་ཀྱི་གཙེས་སམ་བསྐྱོད་དམ་དུ ་སྐྱོང་ངམ། དཀྲུགས་སམ་ཀུན་ཏུ་དཀྲུགས་སམ། བསྡོགས་སམ་བརྡེག་ཀྱང་། བྱང་ཆུབ་བསམ་པ་བསྐྱེད་པ་དེ་ལས་མི་ཕྱེད་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཐར་པར་བྱེད་པའི་སྙིང་རྗེ་ཆེན་པོས། ་བརྩོན་འགྲུས་བརྩམས་པ་ལས་མི་ཕྱེད་པ་དང་། དཀོན་མཆོག་གསུམ་གྱིས་རིགས་མི་འཆདང་བར་བྱ་བ་ལ་བརྩོན་པ་ལས་མི་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྒྲུབ་པའི་དགེ་བའི་རྩ་བ་ལ་སྦྱོར ་བ་ལས་མི་ཕྱེད་པ་དང་། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་འགྲུབ་པའི་བསོད་ནམས་ཀྱི་ཚོགས་བསྔགས་པ་ལས་མི་ཕྱེད་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་མངོན་པར་བསྒྲུབ་པར་བརྩོན་པ་ལས་མི ་ཕྱེད་པ་དང་། ལུས་དང་སྲོག་འདོར་ཞིང་དམ་པའི་ཆོས་ཡོངས་སུ་འཛིན་པར་མངོན་པར་བརྩོན་པ་ལས་མི་ཕྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་ལ་མངོན་པར་བརྩོན་ཞིང་བདག་བདེ་བ་ལ་མི ་ཚོགས་པ་ལས་མི་ཕྱེད་པ་སྟེ། དེ་དེ་ལྟར་ལྷག་པའི་བསམ་པ་ཕུན་སུམ་ཚིགས་པར་གྱུར་པས། སེམས་ཅན་ཐམས་ཅད་ཀྱི་ཅོ་དྲིས་ཀྱང་བཟོད་། ཐིང་སླད་བྱས་པ་དང་། སྨད་པ་དང་། བཤུང་བ་བྱས་ཀྱང་བཟོད ་སེམས་ཅན་ཐམ་ཅད་ཀྱིས་མཚང་བྲུས་སམ་སྐྱེས་སམ། བསྡིགས་སམ། ངན་དུ་བརྗོད་དམ། ངན་དུ་སྨྲས་པའི་ཚིག་གི་ལམ་ཡང་བཟོད། སེམས་ཅན་ཐམས་ཅད་ཀྱི་གནོད་པ་ཡང་བརྗོད། སེམས་ཅན་ཐམས་ཅད ་ཀྱི་ཁུར་ཡང་བཟོད། སྒྲོ་ལས་ཀྱང་སྐྱོ་བ་མོད། ཞུམ་པ་མེད། ཀུན་ཏུ་ཞུམ་པ་མེད། སྒྱིད་ལུག་པ་མེད། ཡིད་ཆད་པ་མེད། སྟོབས་ཉེ་བར་སྟོན་པར་བྱེད། མཐུ་སྐྱེད་པར་བྱེད་ཅིང་བརྩོན་འགྲུས་རྩོམ་ལ། ་བརྟུལ་བས་རྟུལ་བར་བྱེད་དེ་སྤྲོ་བ་བསྐྱེད་ཅིང་རྨོངས་པའི་སེམས་མི་འཛིན་ཏོ།། མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ་དང་། བརྡེག་ཀྱང་སླར་མི་བརྡེག། ཁྲོས་ཀྱང་སླར་མི་ཁྲོ། ་གཤེ་བ་ལ་སླར་མི་གཤེ་བ་སྟེ། དེ་ལྟར་སེམས་འགྲང་བའི་གོ་ཆ་གྱོན་ནོ།། འདི་ལྟ་སྟེ་ཐེག་པ་ཆེན་པོའི་མདོ་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ཐེག་པའོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་ནི་རྒྱུན་གྱི ་རྗེས་སུ་འགྲོ་བ་དག་གོ། བདག་ནི་རྒྱུན་ལས་ལྡོག་པར་རྩོལ་བར་འདོད་པའོ།། སེམས་ཅན་དེ་དག་ནི་ཕན་ཚུན་མི་མཐུན་པ་དག་གོ། བདག་ནི་སེམས་ཅན་ཐམས་ཅད་ཀྱི་མི་མཐུན་པ་སྤང་བའི་ཕྱིར་གོ་ཆ་བགོས་པའོ།། ་སེམས་ཅན་དེ་དག་ནི་གནོད་སེམས་ལ་དཔའ་བུ་དག་གོ།། བདག་བཟོད་པ་དང་ངེས་པས་ཡོངས་སུ་ཚོལ་བའོ།། སེམས་ཅན་དེ་དག་ནི་གཅིག་ལ་གཅིག་འདྲིད་ཅིང་ཡོངས་སུ་འདྲིད་པ་གནས་པ་དག་གོ།། བདག་ནི ་ཤེས་རབ་ཀྱིས་ངོམས་པ་ཡོངས་སུ་ཚོལ་བའོ།། གལྱཱ་ཏེ་ཕྱོགས་བཅུའི་རབ་ཏུ་དབྱེ་བས་རབ་ཏུ་ཕྱེ་བའི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད། རལ་གྲི་དང་ཤག་ཏེ་དང་མདུང་ཐུང་དང་མཚན་རྩེ་གཉིས་པ་ལ ་སོགས་པ་ལག་ན་ཐོགས་ཏེ་བདགི་ཕྱི་བཞིན་འབྲང་ཡང་ས་ཕྱོགས་གང་དུ་འགྲེང་ངམ་འདུག་གམ་འཆག་གམ་ཉལ་ངམ་ཡང་རུང་སྟེ་བྱང་ཆུབ་ཀྱི་སེམས་སྐྱེ་བར་འགྱུར་བ་དང་། སྦྱིན་པའི་སེམས ་སམ། ཚུལ་ཁྲིམས་ཀྱི་སེམས་སམ། བཟོད་པའི་སེམས་སམ། བརྩོན་འགྲུས་ཀྱི་སེམས་སམ། བསམ་གཏན་གྱི་སེམས་སམ། ཤེས་རབ་ཀྱི་སེམས་སམ། ཐོས་པའི་དགེ་བའི་རྩ་བའི་སེམས་སྐྱེ་བར་འགྱུར་བའི ་ས་ཕྱོགས་དེར་བདག་གིས་ལུས་རྒྱུ་ཤུག་གི་ལོ་མའི་བརྒྱ་ཆ་ཙམ་དུ་བཏུབས་སམ་རྣམ་པར་གཏོར་རམ། རྣམ་པར་བཅོམ་མམ། སེམས་ཅན་དེ་དག་ཐམས་ཅད་ལས་གཞན་མི་བྱེད་པར་རྒྱུན་དུ་གཤེ་འམ། བསྡིགས ་སམོ། སྨོད་དམ། བཤུང་ངམ། ཚིག་ངན་པ་དང་། ངག་རྩུབ་པོ་སྨྲ་བར་གྱུར་ཀྱང་བདག་གི་སེམས་ཅན་འགའ་ལ་ཡང་འཁྲུག་པའི་སེམས་བསྐྱེད་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་མཐའ་ནས་འཁོར་བ་ཚད་མེད ་པར་བྱས་ཏེ། གང་དུ་བདག་གི་ལུས་འདི་སེམས་ཅན་དམྱལ་བར་སོང་ངམ། དུད་འགྲོའི་སྐྱེ་གནས་སུ་སོང་ངམ། གཤིན་རྗེའི་འཇིག་རྟེན་དུ་སོང་ངམ། མི་གྱུར་ཀྱང་རུང་སྟེ། འདོད་པའི་ཟས་ཀྱི་དྲི་མས་དྲི་མ་ཅན་དུ ་གྱུར་ནོས་ཆོས་ཐོས་པ་དང་མི་ལྡན་ཞིང་། ཡ་ང་བའི་འཚེ་བའི་སྤྱོད་ཡུལ་དོན་མེད་པས་འཚོ་བ་ཅན་དུ་འགྱུར་ཏོ།། ཡན་ལག་དང་ཉིང་ལག་རྣམ་པ་བརྒྱར་གཤགས་ཤིང་གཏུབས་ཏེ་ཕྱེ་ཞིང་ཕྲལ་ལ་བྱ་བ་རྣམ་པ་མང་པོ ་བྱེས་ཀྱང་བདག་གི་གཞི་དེ་ལས་བདག་གི་དོན་བྱས་ཀྱི། གཞན་གྱི་དོན་མ་བྱས་ཀྱིས་གལ་ཏེ་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཕྱི་མ་མཐར་བདག་གི་ལུས་གཤགས་གཏུབས་རྣམ་པར་གཏོར་རྣམ་པར་བཅོམ་པ ་དེ་ལྟ་བུར་ཀྱང་བདག་གི་ཐམས་ཅད་མཁྱེན་པ་ཡོངས་སུ་མི་ཏོང་ངོ་།། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ་།། དགེ་བའི་ཆོས་འདོད་པ་ཡོངས་སུ་མི་བཏང་ངོ་།། དེ་ཅིའི་ཕྱིར ་ཞེ་ན། ལུས་གཏུབས་པའི་ལུས་ཀྱི་གནོད་པ་འདི་ཐམས་ཅད་ཀྱི་ནི་སེམས་ཅན་དམྱལ་བའི་སྔག་བསྔལ་གྱི་རྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྨྱིའི་བར་དུ་ཡང་མི་བཟོད་དོ།། བདག་ནི་སེམས་ཅན་དམྱལ་བར་གནས་པས ་སྤྲོའི་བདག་གི་སངས་རྒྱས་ཀྱིས་ཆོས་བཏང་བར་ནི་མི་བྱའོ།། དེ་བཞིན་དུ་སྦྱར་ཏེ། གང་གི་གཞི་ལས་གནོད་སེམས་བྱུང་བའི་ཆོས་དེ་བདག་གིས་སྤང་བར་བྱའོ་སྙམ།། ཆོས་དེ་གང་ཞེ་ན། འདི་ལྟ་སྟེ་ལུས་ལ་དག ་བ་དང་གནས་པ་དང་ལུས་ལ་ཆགས་པ་སྟེ། ལུས་བཏང་ན་གནོད་སེམས་ཀྱང་གཏོང་ངོ་།། བློ་གྲོས་རྒྱ་མཚོ་དེ་ལྟར་ཆོས་འགྲང་བ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས ་ཅད་ཀྱི་གནོད་པ་བཟོད་དོ་མི་སྐྱོ་མི་ཁྲོའོ།། དེ་བཞིན་དུ་སྦྱར་ཏེ། བློ་གྲོས་རྒྱ་མཚོ་དེ་ལ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར།། ་བློ་གྲོས་རྒྱ་མཚོ་ཇི་ལྟར་ན་ཐོབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་ལུས་གཅོད་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་བསྒོམ་ཡོངས་སུ་རྫོགས་པར་འགྱུར་ཞེ་ནོ། གང་ལུས་འདོར་བ་དང་ལུས་ཡོངས་སུ་གཏོང ་བློ་དང་ལུས་ལ་མི་ལྟ་བ་འདི་ནི། དེའི་སྦྱིན་ཕ་རོལ་ཏུ་ཕྱིན་པའོ།། གང་ལུས་གཅོད་པ་ན་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱེད་པ་དང་། ཚོར་བ་རྣམས་ཀྱིས་མི་འཕྲོག་པ་འདི་ནི་དེའི་ཚུལ་ཁྲིམས་ཀྱི་ཕ ་རོལ་ཏུ་ཕྱིན་པའོ།། གང་ལུས་ཡོངས་སུ་གཅོད་པ་ན་གང་དག་དེའི་ལུས་གཅོད་པ་དེ་དག་ཉིད་རབ་ཏུ་ཐར་བར་བྱ་བའི་ཕྱིར་བཟོད་ཅིང་སེམས་ཀྱི་རྨ་འབྱིན་ཏེ། བཟོད་པའི་སྟོབས་ཉེ་བར་སྟོན་པ་འདི་ནི་དེའི་བཟོད་པའི ་ཕ་རོལ་ཏུ་ཕྱིན་པའོ།། བརྩོན་འགྲུས་གང་གིས་ཐམས་ཅད་མཁྱེན་པ་དེ་ལ་འདོད་པ་མྱི་འདོར་ཞིང་སེམས་ཀྱི་སྟོབས་བསྐྱེད་པ་ཡང་རབ་ཏུ་འཛིན་ལ། འཁོར་བའི་རྗེས་སུ་ཡང་འབྲང་ཞིང་དགེ་བའི་རྩ་བརྩམ་པ་ཡང་། ་རྩོམ་པ་འདི་ནི། དེའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ལུས་རྣམ་པར་འདོར་བ་ན་ཐམས་ཅད་མཁྱེན་པ་སེམས་བསྐྱེད་པ་རིན་པོ་ཆེ་དེ་མི་བརྗེད་ཅིང་བྱང་ཆུབ་ཉིད་ལ་ལྟ་བ་དང་། ཞི་བ་དང་རབ་ཏུ་ཞི་བ་ལ་སོ ་སོར་རྟོག་པ་འདི་ནི་དེའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ།། གང་ལུས་གཅོད་པ་ན་ལུས་ལ་རྩཝ་དང་རྩིག་པ་དང་ཤིང་དང་རྡོ་དང་མིག་ཡོར་ལྟ་བུར་སོ་སོར་རྟོག་ཅིང་། ལུས་ལ་སྒྱུ་མའི་ཆོས་ཉིད་དུ་འཇུག་པ་དང་ཡང ་དག་པར་ན་མི་རྟག་པ་ཉིད་དང་། ཡང་དག་པར་ནི་སྡུག་བསྔལ་བ་ཉིད་དང་། ཡང་དག་པར་ནི་བདག་མེད་པ་ཉིད་དང་། ཡང་དག་པར་ན་ཞི་བ་ཉིད་དུ་ལུས་ལ་རྟོག་པ་འདི་ནི། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ་དེ་བཞིན་དུ་སྒྱུར་ཏེ། གཞན་ཡང་དྷེ་འདི་སྙམ་དུ་སེམས་ཏེ། སེམས་ཅན་དེ་འདི་ནཱི་ལཱི་ལོ་རྒྱུན་དགེ་བའི་ཆོས་དང་བྲལ་བ་སྟེ། དེ་ནི་བདག་ལ་མཚང་གླུ་ཞིང་གཤེ་བའོ།། བདུན ་ནི་བརྩོན་འགྲུས་བརྩམ་པར་བྱ། དགེ་བའི་རྩ་བ་ཡོངས་སུ་བཙལ་བརྩོན་པ་ལ་མི་ངོམས་པར་བྱ་སྟེ། སེམས་ཅན་འདི་བྱང་ཆུབ་ཀྱི་སྙིང་པོར་སྦུར་ཇེ་འདུག་པར་བྱས་ལ། ཕྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་མངོན་པར་རྫོགས་པར་འཚང་བརྒྱ་བར་བྱའོ་སྙམ་དུ་དེ་ལྟར་གོ་ཆ་གྱོན་པ་འདི་ནི། དེའི་བརྩོན་འགྲུས་ཕ་རོལ་ཏུ་ཕྱིན་པའོ།། དེ་བཞིན་དུ་སྦྱར་ཏེ། སེམས་ཅན་མ་དུལྟ་བ། མ་ཞི་བ། མཱ་སྦས་པ། ་ཉོ་བར་མི་ཞི་བ། འདི་ལྟ་བུ་འདི་དག་གི་དོན་དུ་བདག་གི་གོ་ཆ་ཆེན་པོ་བགོས་ཏེ། འདི་ལྟར་སེམས་ངེས་པར་སེམས་སུ་གཞུག་གོ་སྙམ་པ་འདི་ནི། དེའི་བསམ་གཏུན་གྱི་ཕ་རོལ་ཏུ་ཕྱིན་པའོ།། དེ་བཞིན་དུ་སྦྱར་ཏེ།། ་བདག་ནི་ཆོས་ཉིད་ལ་བརྟེན་པར་བྱའོ་སྙམ་ནས། དེ་ལཱ་ག་ཤྱེ་བ་དང་ཁྲོ་བ་སུ་ཡིན་ཞེས་དེས་ཡོངས་སུ་ཚོལ་བ་ན་གང་གཤེ་བ་དང་ཁྲོ་བའི་ཆོས་དེ་མི་དམིགས་སོ།། དེ་བདག་དང་གཞོན་མི་དམིགས་པས་དམིགས་པར ་ལྟ་བ་དང་བྲལ་བར་བཟོད་པ་འདི་ནི། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་སོ།། བཅོམ་ལྡན་འདས་མ་ལས་ཀྱང་གསུངས་ཏེ། འདི་ལྟར་བདག་གི་སེམས་ཅན་ཐམས་ཅད་ཀྱིས་རྩོད་པ་དོར་བར་བྱ་བ ་ཡིན། བདག་ཉིད་རྩོད་པར་བྱེད་དམ། བདག་གང་སྨྲ་བ་ལ་ཡང་སླར་སྨྲ་ན་ནི། བདག་གི་མ་རྙེད་པ་དང་ཉེས་པ་རྙེད་པར་འགྱུར་རོ།། ཇི་ལྟར་བདག་ནི་སེམས་ཅན་ཐམས་ཅད་ཀྱི་ཟམ་པ་ལྟ་བུར་བྱས་ན། བདག་གཞན་ལ ་ཁྱོད་ཅེས་བྱ་བའི་ཚིག་གམ་ཚིག་རྩུབ་པོ་སྨྲ་བར་བྱ་བ་འམ། འདི་ནི་བདག་གིས་སྨྲ་བར་བྱ་སྟེ། འཐབ་པ་དང་རྩོད་པའི་ནང་དུ་བདག་གི་བེམ་པོ་ལྟ་བུ་དང་། ལུག་ལྟར་ལྐུགས་པ་ལྟ་བུར་བྱའོ།། གཞན་གྱིས་ངན་དུ ་བརྗོད་པའི་ཚིག་ལ་ཐོས་ན་སེམས་ཀྱི་ཀུན་དུ་གནོད་སེམས་སུ་མི་བྱའོ།། བདག་གིས་གཞོན་དག་ལ་གང་གཞན་གྱིས་ཉེས་པ་གཞན་སྐྱེད་ན་དེ་ནི་བདག་ལ་ལེགས་པ་མ་ཡིན་བདག་གི་ཆ་མ་ཡིན་ནོ།། གང་བདག་གི ་གཞན་དག་གི་ཉེས་པ་གཞན་མཉན་པར་བསམ་པ་དེ་ནི་བདག་གི་ཆ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བདག་གི་བསམ་པ་རྣམ་པར་འཁྲུག་པར་མི་བྱའོ།། འདི་ལྟར་བདག་གིས་ནི་སེམས་ཅན་ཐམས་ཅད་བདེ་བར ་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་བྱ་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱ་སྟེ། མྱ་ངན་ལས་འདས་པར་བྱ་བ་ཡིན་ན། དེ་ལ་བདག་གནོད་སེམས་སུ་བྱེད་དམ ་ཤིན་དུ་ཉེས་པ་བྱས་ཀྱང་གཞན་དག་ལ་གནོད་སེམས་མི་བྱ་བ་ཡིན་ན་དེ་ལ་བདག་གཏི་མུག་ཏུ་འགྱུར་རམ། འདི་ནི་བདག་གིས་བྱ་བའི་ཆ་ཡིན་ཏེ། བརྟུལ་བ་བརྟན་པར་བརྟུལ་བར་བྱའོ།། སྲོག་གི་བར་ཆད ་བྱེད་ཀྱང་དངག་གིས་འཁྲུགས་པར་མི་བྱའོ།། བདག་གི་ཁྲོ་གཉེར་ཅན་གྱི་བཞིན་དབྱུང་བར་མི་བྱའོ་ཞེས་དེ་ལྟར་སེམས་བསྐྱེད་དོ།། ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའི་སོ ་སོར་ཐར་པ་ལས་ཀྱང་། སེམས་ཅན་གྲོང་དག་ཁྲོས་པ་དེ་དག་ལ་དབུགས་འབྱིན་ཏོ་ཡིད་ཕེབས་པར་བྱེད་དོ་བཟོད་པ་གསོལ་ལོ་རྗེས་སུ་མཐུན་པར་བྱེད་དོ་ཆོས་ཀྱིས་ཚིམ་པར་བྱེད་དོ་ཞེས་གསུངས།། བསླབ་པ་ཀུན ་ལས་བཏུས་པ་ལས་བཟོད་པའི་ལེའུ་སྟེ་དགུ་པའོ།། །། དེ་ལྟར་བཟོད་པ་ལ་གནས་ནས་ཐོས་པ་ལ་བརྩོན་འགྲུས་རྩོམ་ཏེ། གཞན་དུ་ནུ་དེའི་ཐོས་པ་ཆུང་ཟླ་བ་ཉིད་དུ་འགྱུར་ཏེ། ་ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། ཇི་སྙེད་ཆོས་རྣམས་མང་པོ་ཆུབ་བྱས་ཀྱང་།། ཐོས་པས་རྒྱགས་ནས་ཚུལ་ཁྲིམས་མི་བསྲུང་བ།། ཚུལ་ཁྲིམས་འཆལ་པ་ངན་འགྲོར་གང་འགྲོ་བ།། དེ་ལ་མང་དུ་ཐོས་པས་སྒྲིབ་མི ་ནུས་ཞེས་གསུངས་པ་ལྟ་བུའོ།། མྱུང་དུ་ཐོས་པའི་བསྔགས་པ་ནི་སྲོང་མེད་ཀྱི་བུས་ཞུས་པའི་མདོ་ལས་གསུངས་ཏེ། འདི་ལྟར་རིགས་ཀྱི་བུ་ཐོས་པ་དང་ཝཱནྡ་ན་ཤེས་རབ་འབྱུང་བར་འགྱུར་རོ།། ཤེས་རབ་ལྡན་ན ་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ།། ཉོན་མོངས་པ་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ་ཞེས་བྱ་བའོ།། དེ་ལས་ཡང་དྲང་སྲོང་ཆེན་པོ་བླ་མའི་སྐྱེས་པའི་རབས་རྒྱ་ཆེར་མཛད་ནས་གསུངས་ཏེ། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པ་བསམ་པ་ཕུན་སུམ་ཚོགས་པ་གུས་པ་དང་བཅས་པ་རྣམས་ལ་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དག་ཞལ་ཉེ་བར་སྟོན་ཏོ་ཆོས་ཀྱང་ཐོས ་པར་མཛད་དོ།། དྲི་མ་མེད་པའི་གཟི་བརྗིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདོད་པ་རྣམས་ལ་ནི་ཆོས་ཀྱི་གཏེར་རི་སུལ་དང་ཤིང་གི་ནང་དུ་བཅུག་པ་དང་ཆོས་ཀྱི་གླེག་བམ་དུ་གྱུར་པ་མཐའ་ཡས་པ་དག ་ཀྱང་ལག་མཐིལ་དུ་གནས་པར་འགྱུར་རོ།། དྲི་མ་མེད་པའི་གཟི་བརྗིད་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འདོད་པ་རྣམས་ལ་སྔོན་སངས་མཐོང་བའི་ལྷ་རྣམས་སྤོབས་པ་ཉེ་བར་སྒྲུབ་པོ།། དེ་བཞིན་དུ་སྦྱར་ཏེ། ཚེ་ཡོངས ་སུ་ཟད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷ་རྣམས་ཚེ་དང་སྟོབས་ཉེ་བར་སྒྲུབ་བོ།། དེ་དག་སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་ལྷའི་བྱིན་གྱིས་བརླབས་ཀྱིས་འདོད་ན་ལོ་སྟོང་དུ་ཡང་གནས་སོ།། དེ ་བཞིན་དུ་སྦྱར་ཏེ། བསྐལ་པ་འམ་བསྐལ་པའི་ལྷག་མ་ནས་ཇི་ཙམ་དུ་འདོད་པ་དེ་ཙམ་དུ་གནས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་གུས་སྐྱེད་པ་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས ་རྣམས་རྒ་བོ་ཡང་སེལ་བར་མཛད་དོ།། ནད་ཀྱང་སེལ་བར་མཛད་དོ།། དྲན་པ་ཉེ་བར་སྒྲུབ་པོ།། རྟོགས་པ་དང་བློ་གྲོས་སྤོབས་པ་ཡང་ཉེ་བར་སྒྲུབ་པོ།། དེ་བཞིན་དུ་སྦྱར་ཏེ། ལྟ་བར་གྱུར་པ་ཡང་སེལ་ཏོ།། ་ཡང་དགུ་པའི་ལྟ་བ་ཡང་ཉེ་བར་སྒྲུབ་བོ།། དྲི་མ་མེད་པའི་གཟི་བརྗིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་གུས་པ་རྣམས་ལ་ཕ་རོལ་གྱི་གནོད་པའི་འཇིགས་པ་ཐམས་ཅད་། ་མི་འབྱུང་ངོ་།། དྲི་མ་མེད་པའི་གཟི་བརྗིད་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐོས་པའི་ཚོགས་ལ་མཁས་པ་ལ་མངོན་པར་བརྩོན་པར་བྱའོ་ཞེས་གསུངས་སོ།། ཐོས་པའི་རྣམ་པ་ཇི་ལྟ་བུ་བྱང་ཆུབ ་སེམས་དཔའི་འདུལ་བ་ལ་བསྔགས་ཤེ་ན། འཕགས་པ་བློ་གྲོས་མི་ཟས་ཞུས་པའི་མདོ་ལས། ཐོས་པའི་རྣམ་པ་ནི་བརྒྱད་ཅུ་སྟེ། འདི་ལྟ་སྟེ། འདུན་པའི་རྣམ་པ་དང་། བསམ་པའི་རྣམ་པ་དང་། ལྷག་པའི་བསམ་པའི ་རྣམ་པ་དང་། སྦྱོར་བའི་རྣམ་པ་དང་། དགེ་བའི་བཤེས་གཉེན་གྱི་རྣམ་པ་དང་། ང་རྒྱལ་མེད་པའི་རྣམ་པ་དང་། བག་ཡོད་པའི་རྣམ་པ་དང་། རི་མོར་བྱེད་པའི་རྣམ་པ་དང་། མཐུན་པའི་རྣམ་པ་དང་། བཀའ་བློ་བདེ་བའི་རྣམ་པ ་དང་། བསྙེན་བཀུར་བྱེད་པའི་རྣམ་པ་དང་། རྣ་བླགས་ཏེ་ཉན་པའི་རྣམ་པ་དང་། ཡིད་ལ་བྱེད་པའི་རྣམ་པ་དང་། མི་གཡེང་བའི་རྣམ་པ་དང་། གནས་པའི་རྣམ་པ་དང་། རིན་པོ་ཆེར་འདུ་ཤེས་པའི་རྣམ་པ་དང་། སྨན ་ང་འདུ་ཤེས་པའི་རྣམ་པ་དང་། ཉོན་མོངས་པའི་ནད་ཐམས་ཅད་ཞི་བར་བྱེད་པའི་རྣམ་པ་དང་། དྲན་པའི་སྣོད་ཀྱི་རྣམ་པ་དང་། ཤེས་པ་རྟོགས་པའི་རྣམ་པ་དང་། བློ་གྲོས་འདོད་པའི་རྣམ་པ་དང་། བློ་ལ་འཇུག ་བའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ལ་མི་ངོམས་པར་ཉན་པའི་རྣམ་པ་དང་། གཏོང་བ་སྦྲེལ་བའི་རྣམ་པ་དང་། དུལ་ཞིང་ཅང་ཤེས་པའི་རྣམ་པ་དང་། མང་དུ་ཐོས་པའི་ལ་རྟེན་པའི་རྣམ་པ་དང་། གུས་པར་དགའ ་བར་མྱོང་བར་བྱེད་པའི་རྣམ་པ་དང་། ལུས་བདེ་བའི་རྣམ་པ་དང་། སེམས་དགའ་བའི་རྣམ་པ་དང་། མི་སྐྱོ་བར་ཉན་པའི་རྣམ་པ་དང་། དོན་ཉན་པའི་རྣམ་པ་དང་། ཆོས་ཉན་པའི་རྣམ་པ་དང་། ནན་ཏན་ཉན་པའི་རྣམ་པ་དང་། ་གཞན་གྱི་བསྟན་པ་ཉན་པའི་རྣམ་པ་དང་། ཆོས་མ་ཐོས་པའི་ཉན་པའི་རྣམ་པ་དང་། མངོན་པར་ཤེས་པ་ཉོན་པའི་རྣམ་པ་དང་། ཐེག་པ་གཞན་ལ་འདོད་པ་མེད་པའི་རྣམ་པ་དང་། ཕ་རོལ་ཏུ་ཕྱིན་པ་ཉན་པའི་རྣམ་པ ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཉན་པའི་རྣམ་པ་དང་། བསྡུ་བའི་དངོས་པོ་ཉན་པའི་རྣམ་པ་དང་། ཐབས་མཁས་པའི་ཉན་པའི་རྣམ་པ་དང་། ཚངས་པའི་གནས་པ་ཉན་པའི་རྣམ་པོ་དང་། དྲན་པ་དང་ཤེས ་བཞིན་ཉན་པའི་རྣམ་པ་དང་། སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ་དང་། མི་སྐྱེ་བ་ལ་མཁས་པ་ཉན་པའི་རྣམ་པ་དང་། མཱི་སྤྱུག་པའི་རྣམ་པ་དང་། རྣམམ་པའི་རྣམ་ལ་དང་ན་ཅི་ཟེ་ལ་སྲུང་བའི་རྣམ་པ་དང་། མི་རྟག་པ ་པ་ཉན་པའི་རྣམ་པ་དང་། སྡུག་བསྔལ་བའི་རྣམ་པ་དང་། བདག་མེད་པའི་རྣམ་པ་དང་། ཞི་བའི་རྣམ་པ་དང་། སྟོང་པ་ཉིད་ཀྱི་རྣམ་པ་དང་། མཚན་མ་མེད་པའི་རྣམ་པ་དང་། སྨོན་པ་མེད་པའི་རྣམ་པ ་དང་། མངོན་པར་འདུ་མྱི་བྱེད་པའི་རྣམ་པ་དང་། དགེ་བ་མངོན་པར་བྱེད་པའི་རྣམ་པ་དང་། བདེན་པས་བྱིན་གྱིས་བརླབས་པའི་རྣམ་པ་དང་། ཆུད་མི་བཟན་པའི་རྣམ་པ་དང་། རང་དབང ་གི་རྣམ་པ་དང་། བདག་གི་སེམས་བསྲུང་བའི་རྣམ་པ་དང་། བརྩོན་འགྲུས་མི་གཏོང་བའི་རྣམ་པ་དང་། ཆོས་ལ་ངེས་པར་རྟོག་པའི་རྣམ་པ་དང་། ཉོན་མོངས་པའི་གཉེན་པོའི་རྣམ་པ་དང་། བདག་གི་ཕྱོགས་སྲུང་བའི ་རྣམ་པ་དང་། ཕ་རོལ་གྱི་ཕྱོགས་དང་ཉོན་མོངས་པ་ཚར་གཅོད་པའི་རྣམ་པ་དང་། ནོར་བདུན་ལ་བརྟན་པའི་རྣམ་པ་དང་། དབུལ་བ་ཐམས་ཅད་ཚར་གཅོད་པའི་རྣམ་པ་དང་། མཁས་པས་བསྔགས་པའི་རྣམ་པ་དང་། ་མཁས་པས་མངོན་པར་དགའ་བའི་རྣམ་པ་དང་། འཕགས་པས་ཀུན་ཤེས་པའི་རྣམ་པ་དང་། འཕགས་པ་མ་ཡིན་པ་རྣམས་མོས་པར་བྱེད་པའི་རྣམ་པ་དང་། བདེན་པ་མཐོང་བའི་རྣམ་པ་དང་། ཕུང་པོའི་ཉེས ་པ་སྤངས་པའི་རྣམ་པ་དང་། འདུས་བྱས་ཀྱི་ཉེས་པ་ཡོངས་སུ་འཇལ་བའི་རྣམ་པ་དང་། དོན་ལ་བརྟེན་པའི་རྣམ་པ་དང་། ཆོས་ལ་བརྟེན་པའི་རྣམ་པ་དང་། ཡེ་ཤེས་ལ་བརྟན་པའི་རྣམ་པ་དང་། ངེས་པའི ་དོན་གྱི་མདོ་སྡེ་ལ་བརྟེན་པའི་རྣམ་པ་དང་། སྡིག་པ་ཐམས་ཅད་མི་བྱ་བའི་རྣམ་པ་དང་། བདག་དང་གཞན་ལ་ཕན་པའི་རྣམ་པ་དང་། ལེགས་པར་བྱས་པའི་ལས་ཀྱི་རྣམ་པ་དང་། མི་འགྱོད་པའི་རྣམ་པ་དང་། ་བྱེ་བྲག་ཏུ་འགྲོ་བའི་རྣམ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་རྣམ་པ་སྟེ། འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོས་པའི་རྣམ་པ་བརྒྱད་ཅུ་ཞེས་གསུངས་སོ།། ཡང་དེ་ཉིད་ལས་གསུངས་པ། ་གང་ཆོས་ཀྱི་ཚོགས་ལ་སྦྱོར་བ་དེ་ནི་དེའི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ།། དེ་ལ་ཆོས་ཀྱི་ཚོགས་སུ་སྦྱོར་བ་གང་ཞེ་ན། གང་འདི་ནི་དོན་ཉུང་བ་དང་བྱ་བ་ཉུང་བ་དང་སྨྲ་བ་ཉུང་བ་དང་ཡོ་བྱད་ཉུང་བ་དང་སྲོད་དང་ཐོ་རངས་ལ་མི ་ཉལ་ཞིང་རྣལ་འབྱོར་ལ་བརྩོན་པས། ཐོས་པའི་དོན་ལ་རྟོགས་པ་དང་། ཡང་དང་ཡང་ཚོལ་བ་དང་། སེམས་ལ་རྙོག་པ་མེད་པ་དང་། སྒྲིབ་པ་རྣམས་གནོན་པ་དང་། ལྟུང་བ་རྣམས་ལས་འབྱུང་བ་ཤེས་ཤིང་འགྱོད་པ ་པ་མེད་པ་དང་ཀུན་ནས་ལྡང་བ་མེད་པ་དང་། ནན་ཏན་སྙིང་པོར་བྱེད་པ་དང་། ཆོས་ལ་གཞོལ་བ་དང་། ཆོས་ལ་འབབ་པ་དང་། ཆོས་ལ་འབབ་པ་དང་། མཐུ་དང་ལྡན་པ་དང་། ཡེ་ཤེས་ཚོལ་བ་ལ་མགོ་དང་གོས་ལ་མེ་འབར ་བ་ལྟ་བུ་དང་། དེ་ལ་མ་ཆགས་པར་གནས་པ་དང་། ཚུལ་ཁྲིམས་ལ་མི་ལྷོད་པ་དང་། བརྩོན་པ་མི་གཏོང་བ་དང་། བྱེ་བྲག་ཏུ་འགྲོ་བ་དང་། འདུ་འཛི་ལ་མི་དགའ་བ་དང་། གཅིག་པུ་དགའ་བ་དང་། དགོན་པ་ལ ་མངོན་པར་ཕྱོགས་ཤིང་ཡིད་ལ་བྱེད་པ་དང་། འཕགས་པའི་རིགས་ཀྱི་ཆོ་ག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་ལས་མི་གཡོ་བ་དང་། ཆོས་ཀྱི་དགའ་བ་ལ་དགའ་ཞིང་མོས་པ་དང་། འཇིག་རྟེན་པའི་སྔགས་དྲན ་དྲན་པར་མི་བྱེད་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཚོལ་བ་དང་། དྲན་པ་ཉམས་པ་མེད་པ་དང་། དོན་རྟོགས་པའི་རྗེས་སུ་འགྲོ་བ་དང་། བློ་གྲོས་ཀྱི་ལམ་དང་མཐུན་པ་དང་། ་བརྟན་པས་སྡོམ་པ་དང་། རྐྱེན་གྱིས་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་དང་། ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པས་བརྒྱན་པ་དང་། ཡེ་ཤེས་ཀྱི་རྗེས་སུ་འགྲོ་བ་དང་། ལྷུར་བྱེད་པ་དང་། མི་ཤེས་པ་སེལ་བ་དང་། མ་རིགས་པ ་དང་། གཏི་མུག་གི་མུན་པ་དང་རབ་རིབ་ཀྱི་མུན་པས་ཆོད་པ་བསལ་བ་དང་། ཤེས་རབ་ཀྱི་མིག་རྣམ་པར་དག་པ་དང་། བློ་ཤིན་ཏུ་རྣམ་པར་དག་པ་དང་། བློ་རྒྱ་ཆེ་བ་དང་། བློ་མ་ཞུམ་པ་དང་། བློ་མ་འགྱེས་པ་དང་། ་མངོན་སུམ་དུ་ཤེས་པ་དང་། ཡོན་ཏན་གཞན་ལ་རག་མ་ལས་པ་དང་། བདག་གི་ཡོན་ཏན་མི་བསྙེམས་པ་དང་། གཞན་གྱི་ཡོན་ཏན་ཀུན་ལ་བརྗོད་པ་དང་། ལེགས་པར་བྱ་བའི་ལས་བྱེད་པ་དང་། ལས་ཀྱི་རྣམ་པར ་སྨིན་པར་དང་འགལ་བར་མི་བྱེད་པ་དང་། ལས་ཡོངས་སུ་དག་པའི་ཡེ་ཤེས་འདི་ནི། བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་མི་ཟད་པ་ཞེས་གསུངས་སོ།། ཅི་མཉན་པར་བྱ་ཞེ་ན། བཅོམ ་ལྡན་འདས་ཀྱི་ཡེ་ཤེས་ཤིན་ཏུ་རྒྱས་པའི་མདོ་ལས། དོན་དང་བཅས་པའི་བསྟན་ཆོས་རྣམས་བསླབ་པར་བྱའོ།། དོན་མེད་པ་རྣམས་ཡོངས་སུ་སྤངས་པར་བྱའོ།། འདི་ལྟ་སྟེ་འཇིག་རྟེན་རྒྱང་པན་པའི་བསྟན་བཅོས ་རྣམས་དང་། ཚང་བའི་ཚུལ་གྱིས་བསྟན་བཅོས་རྣམས་དང་། བྱང་སྙམ་གྱི་བསྟན་བཅོས་རྣམས་དང་། སྨྲ་བ་རིགས་པའི་བསྟན་བཅོས་རྣམས་དང་། གཞོན་ནུ་རྩེ་བའི་བསྟན་བཅོས་རྣམས་དང་། རྨུགས་བྱེད་ཀྱི་རིག་པའི་བསྟན ་བཅོས་རྣམས་སོ།། དེ་བཞིན་དུ་སྦྱར་ཏེ། དེ་ལས་གཞན་པ་གང་ཅི་ཡང་རུང་སྟེ། རྣམ་པར་ཐར་པ་དང་མི་མཐུན་པའི་བསྟན་བཅོས་ཤེས་པ་རྨོངས་པར་འགྱུར་བ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག ་པར་ཞུགས་པས་སྤང་བར་བྱའོ་ཞེས་གསུངས་སོ།། དེ་ལྟར་ཐོས་པ་དང་ལྡན་པར་སེམས་སྦྱོང་བའི་ཕྱིར་དགོན་པར་གནས་པར་བྱའོ།། དྲག་ཤུལ་ཅན་གྱིས་ཞུས་པ་ལས། བསམ་པ་ཕུན་སུམ་ཚོགས་པ་མ་ཡིན་པ་ལ་ཡང ་ཁྱིམ་གནང་བ་ཇི་ལྟར་ཡིན་ཞེ་ན། འབད་པ་དང་ལྡན་མི་ནུས་པའི་ཕྱིར་རོ།། འོ་ན་གཞན་གྱི་ཆུང་མ་ལ་ཡང་ལྟུང་བ་མེད་པར་འགྱུར་རོ།། དེ་ནི་མ་ཡིན་ཏེ། དེ་དག་ལ་མི་ནུས་སུ་ཟིན་ཀྱང་རང་བཞིན་གྱི་སྐྱོན་དུ་འགྱུར་བའི ་ཕྱིར་རོ།། ཁྱིམ་དུ་གནས་པའི་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར་རོ།། བསླབ་པ་ཀུན་ལས་བཏུས་པ་ལས། བརྩོན་འགྲུས་ཀྱི་ལེའུ་སྟེ་བཅུ་པའོ།། །། དེ་ལྟར་དྲག་ཤུ་ལ་ཅན ་གྱིས་ཞུས་པའི་ཚུལ་གྱིས་ཁྱིམ་གྱིས་སྐྱོན་རྣམས་བསྒོམས་ཏེ་དགོན་པ་ལ་གནས་པར་བྱའོ་ཞེས་བྱ་བར་གནས་སོ།། ཇི་སྐད་དུ་ཟླ་བ་སྒྲོན་མའི་མདོ་ལས། འདོད་པ་དག་ནི་རབ་ཏུ་སྟེན་བྱེད་ཅིང་། བུ་དང་ཆུང་མ་ངག་ལས ་སྲེད་བསྐྱེད་ནས། སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་དེ། ནམ་ཡང་བླ་མེད་བྱང་ཆུབ་མཆོག་མི་འཐོབ།། གང་དག་འདོད་པ་ཅི་སྐམ་མེ་བཞིན་སྤོང་།། བུ་དང་ཆུང་མ་ངག་ལ་སྲེད ་སྤངས་ནས།། ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་བྱུང་།། དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ།། གང་གི་ཁྱིམ་ན་གནས་པར་བྱེད་བཞིན་དུ།། བྱང་ཆུབ་དམ་པ་མཆོག་འདི་འཐོབ་པ་ཡི།། སངས་རྒྱས་གང་དག ་སྔོན་ཆད་མ་བྱུང་སྟེ། མ་འོངས་པ་ནའང་མི་འབྱུང་གནས་པ་མེད།། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས།། དབེན་པ་འདོད་དེ་དགོན་པར་གནས་བྱེད་པ། ཉོན་མོངས་སྤངས་ནས་བདུད་ནི་བཅོམ་ནས་སུ ་བྱང་ཆུབ་བརྡུ་ལ་མེད་འདུས་མ་བྱས་འཚང་རྒྱ།། དེ་བཞིན་དུ་སྦྱར་ཏེ། རབ་ཏུ་བྱུང་ནས་ཆོས་སྤྱོད་ཅིང་འདྲ་བ། ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་། མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱི་ནི། ཁྱུ་མཆོག་རྒྱལ ་ལོ་བསྙེན་བཀུར་བྱས་མི་འགྱུར།། གང་ཞིག་བྱང་ཆུབ་རབ་ཏུ་འདོང་བྱེད་ཅིང་།། འདུས་བྱས་ངན་ལས་ཡིད་བྱུང་སེམས་ཅན་གྱི།། དོན་དུ་དགོན་པར་ཕྱོགས་ཏེ་གོམ་བདུན་པོར།། འདི་ནི་དགེ་བས་བསོད་ནམས་ཁྱད ་པར་འཕགས་ཞེས་གསུངས་སོ།། གལ་ཏེ་སྐལ་བ་མི་འདྲི་བའི་སེམས་ཅན་ལ་རྗེས་སུ་ཆགས་པ་དང་འཁོར་འདོད་པ་དང་རྙེད་པ་ལ་སོགས་པ་འདོད་པས་དབེན་པའི་ཕྱོགས་ན་སྡོད་ན། དེའི་ཕྱིར་འདི་ལས་གསུངས་པ ་འདི་དག་བདག་ལ་གནོད་སེམས་ལྡན་པ་ཞེས། མཁས་པ་བྱིས་པ་རྣམས་དང་རྩོད་མི་བྱེད། བསྟི་སྟང་བྱས་ཏེ་བྱིས་པ་ཡོངས་སུ་སྤོང་།། བྱིས་པའི་ཆོས་ལ་འདྲིས་པར་ཡོངས་མི་བྱེད།། བྱིས་པ་ཇི་སྲིད་ཡུན་རིང་ལེགས་བསྟན ་ཀྱང་།། དེ་དག་ཕྱིར་ཞིང་མི་མཛའ་འགྲུས་འགྱུར་ཞེས།། བྱིས་པའི་ངོ་བོ་ཉིད་ཀྱིས་རྒྱུས་ཤེས་ནས། མཁས་པ་བྱིས་པ་དག་དང་བརྟེན་མི་བྱེད། བྱིས་པ་རང་བཞིན་ངོ་བོ་ཐ་དད་དེ། སོ་སོའི་སྐྱེ་བོ་རྣམས་ལ་མཛའ་མེད ་ཅེས།། བྱིས་པའི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཤེས་ནས། མཁས་འདིར་བྱིས་པ་རྣམས་ལ་ཡིད་མི་སྟོན།། ཆོས་དང་མཐུན་པའི་ཚིག་གི་སྨྲས་གྱུར་ཀྱང་།། ཁྲོ་དང་ཞེ་སྡང་ཡིད་མི་ཆེས་པ་དག། རབ་ཏུ་སྨྲ་སྟེ་འདི་ནི་བྱིས་པའི ་ཆོས།། དོན་དེ་རྣམ་པར་ཤེས་ནས་ཡིད་མི་སྟོན།། བྱིས་པ་རྣམས་ནི་བྱིས་པ་དག་དང་མཚུངས།། དཔེར་ན་ངན་སྐྱུགས་དང་ནི་ངན་སྐྱུགས་བཞིན། མཁས་པ་རྣམས་ནི་མཁས་དང་ལྷན་ཅིག་སྟེ། མར་དང་མར་གྱི་ཉིང་ཁུར ་མཚུངས་པ་བཞིན་ཞེས་བྱའོ།། དེ་སྐད་དུ་ཡང་དེ་ཉིད་ལས། གང་དག་དགའ་དང་མི་དགའ་ཅུང་ཟད་མེད། གང་དག་ནགས་དང་རི་སུལ་ལ་དགའ་བ།། དེ་དག་མི་ཡི་འཇིག་རྟེན་རྟག་རབ་བདེ།། དགེ་སྦྱོང་ཉིད་ཀྱི་རབ་བདེ ་མྱོང་བར་འགྱུར།། གང་དག་བདག་གིར་བྱེད་པ་ཅི་ཡང་མེད།། གང་དག་ཡོངས་འཛིན་རྣམ་པ་ཀུན་ཏུ་མེད།། བསེ་རུ་ལྟ་བུར་འཇིག་རྟེན་འདིར་གནས་པ། དེ་དག་ན་མཁའ་ལ་ནི་རླུང་ལྟར་འགྲོ། གང་དག་འཇིག ་རྟེན་ལ་ནི་ཡིད་མི་ཆགས།། དེ་དག་མི་ཡི་འཇིག་རྟེན་རབ་ཏུ་བདེ།། དགའ་དང་མི་དགའ་ལ་ནི་ཆགས་མེད་པ།། དེ་དག་འདི་ནི་རྟག་ཏུ་སེམས་རླུང་འདྲ།། གང་དག་མི་སྡུག་དེ་ཕྲད་སྡུག ་བསྔལ་ཏེ། གང་དག་སྡུག་དེ་དང་བྲལ་སྡུག་བསྔལ་ཡིན།། མཐའ་དེ་གཉི་ག་རབ་ཏུ་སྤངས་ནས་སུ།། མི་གང་ཆོས་ལ་དགའ་བ་དེ་དག་བདེ་ཞེས་གསུངས་སོ།། ཡང་དེ་ཉིད་ལས། ཉེས་པའི་ཆོས་མེད་ཐམས་ཅད་སྤངས ་ནས་སུ།། རྣལ་འབྱོར་ཅན་ནི་རྟག་ཏུ་བྱེད་པ་ཉུང་།། རྣལ་འབྱོར་ཅན་བརྩོན་ནམ་ཡང་རྩོན་པ་མེད།། དགོན་པར་གནས་པ་དེ་ཡི་ཡོན་ཏན་འདི།། དེ་ནི་རྟག་ཏུ་འདུས་བྱས་ཡིད་འབྱུང་འགྱུར།། དེ་ནི་འཇིག་རྟེན་ཅི་ལ་འང་འདོད་པ ་མེད། ཟག་པ་དག་ནི་རྣམ་པར་འཕེལ་མི་འགྱུར།། ནགས་ན་གནས་པཱདཱ་ཡི་ཡོན་ཏན་འདི། དེ་ནི་ནམ་ཡང་རྩོད་པར་མི་འགྱུར་ཏེ།། རྟག་ཏུ་ཞི་ཞིང་དགའ་ལ་དབེན་པར་རྒྱུ།། ལུས་དང་ངག་དང་ཡིད་ཀྱང་རབ ་བསྡམས་འགྱུར།། དགོན་པར་གནས་པ་འདི་ལ་ཡོན་ཏན་མང་།། དེའི་ཐར་པའི་རྗེ་སུ་མཐུན་པ་ཡིན།། དེ་ནི་རྣམ་གྲོལ་ཞི་བ་མྱུར་རྟོགས་བྱེད།། ནགས་ན་གནས་ཤིང་རྣམ་གྲོལ་སྟེན་བྱེད་ན།། དགོན་གནས་དེ ་ལ་ཡོན་ཏན་འདི་ཀུན་འབྱུང་ཞེས་གསུངས་སོ།། ཡང་དེ་ཉིད་ལས། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤོངས་ལ།། རྟག་ཏུ་དབེན་ཞིང་ནགས་ཁྲོད་བསྟན་པར་གྱིས།། བས་རུ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས།། རིང ་བོར་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར་ཞེས་གསུངས་སོ།། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་ཀྱང་། སྐྱོན་གྱིས་གཟིངས་པ་མཐའ་ཡས་ལྡན་པའི་ཁྱིམ་སྤངས་རྟག་ཏུ་ནོར་མི་ལྟ།། དེས་ཤིང ་ཡོན་ཏན་ལྡན་པ་དེ་དག་དགོན་པར་དགའ་ཞིང་དབང་པོ་དུལ། དེ་དག་གང་དུའང་བུད་མེད་རྣམས་དང་སྐྱེས་པ་དག་དང་འདྲིས་མི་བྱེད།། བས་ལྟར་གཅིག་པུར་གནས་ཤིང་བསམ་པ་དྲི་མེད་དག་ལ་དྲི་མ་བྲལ།། དེ་དག ་བ་པ་རྣམས་ཀྱིས་དགའ་བར་མི་འགྱུར་མ་ཐོབ་ཡིད་ཞུམ་མེད། འདོད་པ་ཆུང་སྟེ་ངན་ངོམ་ཙམ་ལ་དགའ་ཞིང་སྒྲ་དང་ཚུལ་འཆོས་སློངས།། སེམས་ཅན་དོན་ཕྱིར་བརྩོན་འགྲུས་ཡིད་ལྡན་དུལ་བ་ལ་ཡང་གནས། ་སངས་རྒྱས་ཡེ་ཤེས་དོན་གཉེར་བསམ་གཏན་བརྩོན་འགྲུས་ཡོན་ཏན་ཕ་རོལ་ཕྱིན།། ལུས་དང་དེ་བཞིན་སྲོགལ་མི་ལྟེ་སྡུག་པའི་རྩ་ལག་རྣམས་སྤངས་ཏེ།། བསམ་པ་རྡོ་རྗེ་ལྟ་བུར་རབ་བརྟན་རྟག་ཏུ་བྱང་ཆུབ་ལམ་ལ ་སྦྱོར། ལུས་ནི་དུམ་བུ་དུམ་བུར་བཅད་ཀྱང་དེ་དག་སེམས་ལ་གཡོ་བ་མེད།། ཐམས་ཅད་མཁྱེན་ཉིད་རེ་བ་ཕྱིར་ཞིང་བརྩོན་འགྲུས་ཤིན་ཏུ་བརྟན་འདིར་རྩོམ་ཞེས་གསུངས་སོ།། དྲག་ཤུལ་ཅན་གྱི་ཞུས་པ་ལས་ཀྱང། ་བདག་ནི་སེམས་ཅན་དང་འདྲེ་བར་མི་བྱའོ།། བདག་གིས་སེམས་ཅན་གཅིག་གི་དགེ་བའི་རྩ་བ་སྐྱེད་པར་མི་བྱའོ་ཞེས་བྱ་བ་སོགས་པ་གསུངས་སོ།། གལ་ཏེ་ཐོས་པ་དང་ལྡན་པ་དལ་བ་ཕུན་སུམ་ཚོགས་པ་འདི་རྙེད་ནས ་རྙེད་པ་ལ་སོགས་པ་ཆགས་པའི་སེམས་མི་སྦྱོང་ནཱ་དེ་ནི་ལཱུ་དང་བཅས་པའི་འཇིག་རྟེན་ལ་སླུ་བ་གཅིག་པུར་འགྱུར་རོ།། འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུང ་འདི་ལྟ་སྟེ་དཔེར་ན་མྲི་ལ་ལ་ཞིག་ནྱ་མཚོའི་ཆུ་ཆེན་པོས་ཁྱེར་ལ་ཆུས་སྐོམ་བཞིན་དུ་འཆི་བའི་དུས་བྱེད་པ་བཞིན་དུ་འོད་སྲུངས་འདི་ན་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཆོས་མང་པོ་བླངས་ཏེ་ཀུན་ཏུ་ཆུབ་པར་བྱས་ཀྱང་། འདོད ་ཆགས་ལ་སྲེད་པ་ཡི་སེལ་ཞེ་སྡང་ལ་སྲེད་པ་མེ་སེལ་གཏི་མུག་ལ་སྲེད་པ་མི་སེལ་བ་དེ་དག་ནི་ཆོས་ཀྱི་རྒྱ་མཚོ་ཆེན་པོས་ཁྱེར་ལ། ཉོན་མོངས་པའི་སྐོམ་པས་འཆི་བའི་དུས་བྱེད་པར་འགྱུར་ཏེ། ངན་འགྲོར་འགྲོ་བར་འགྱུརརོ ་ཞེས་གསུངས་སོ།། དེ་ལྟ་བས་ན་གདོན་མི་ཟ་བར་དགོན་པ་ལ་གནས་པར་བྱའོ།། གནས་དེ་ལྟ་བུ་དག་ནི། འཕགས་པ་དཀོན་སྤྲིན་ལས་ཀྱང་། གནས་གང་དག་ན་བསོད་སྙོམས་བླང་བའི་སྤྱོད་ཡུལ་དང་ཧ་ཅང་ཡང ་མི་རིང་ཧ་ཅང་ཡང་མི་ཉེ་བ་དང་། གནས་གང་དག་ན་ཆུ་དང་ཞིང་རྙོག་མ་མེད་པ་གཙང་ཞིང་དྲི་མ་མེད་པ་ཚོགས་ཆུང་བ་ཡོད་པ་དང་། གནས་གང་དག་ན་ཤིང་ཕུན་སུམ་ཚོགས་པ་མེ་ཏོག་ཕུན་སུམ་ཚོགས་པ་འབྲས ་བུ་ཕུན་སུམ་ཚོགས་པ་ལོ་མ་ཕུན་སུམ་ཚོགས་པ། གཅན་གཟན་ཁྲོ་བ་མེད་པ་ཕུག་དང་ལྡན་པ་སྨན་གཤོང་དང་ལྡན་པ་ཐག་ཐུག་མིང་པ་འགྲོ་ན་བདེ་བ་གཉིས་སུ་མེད་པའི་གནས་དེ་འདྲ་བ་དག་ན་གནས་སོ།། ་དེ་གནས་དེ་དག་ན་གནས་ཤིང་། གང་དེས་སྔོན་བླངས་པ་དང་སྔོན་ཐོས་པ་དེ་ཉིད་ལན་གསུམ་དུ་སྒྱུ་ཧ་ཅང་མི་ཆེ་ཧ་ཆང་མི་ཆུང་པ་དང་། དབང་པོ་མི་རྒོད་ཅིང་ཕྱི་རོལ་ཏུ་མ་སོང་བའི་སེམས་དང་དད་པས་ཉེ་བར་འཚ་ཞིང ་ཚིག་ཉེ་བར་བཟུང་སྟེ། མཚན་མར་འཛིན་ཅིང་གཉིད་ཀྱིས་མེ་ལོག་པར་ཁ་དོན་བྱེད་དོ།། གོལ་ཏེ་དགོན་པ་པའི་དྲུང་དུ་རྒྱལ་པོ་འམ་བློན་པོ་འམ་དེ་མ་ཡིན་པ་གཞན་བྲམ་ཟེ་འམ་རྒྱལ་རིགས་སམ་གྲོང་བ་འམ ་ཡུལ་མི་དག་འོངས་ནི། དེས་དེ་དག་ལ་གུས་པར་ལེགས་པར་འོངས་སོ་ཞེས་བརྗོད་པར་བྱ་སྟེ། དེས་རྒྱལ་པོ་ཆེན་པོ་ཇི་ལྟར་སྟན་བཏིང་བ་ལ་བཞུགས་ཤིག་ཅེས་དེ་སྐད་བྱས་ནས་གལ་ཏེ་འདུག་ན་གཉིས་ཀ་ཡང ་འདུག་པར་བྱའོ།། དེ་སྟེ་མི་འདུག་ན་ཡང་གཉིས་ག་མི་འདུག་པར་བྱའོ།། གལ་ཏེ་དབང་པོ་རྒོད་པར་གྱུར་ན་རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་ཕྱོགས་ན་དགེ་སློང་དང་བྲམ་ཟེ་རྣམས་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན ་དང་ལྡན་པ་མང་དུ་ཐོས་པ་དག་མི་རྒོད་དང་སྐེའུ་རྣམས་ཀྱིས་མྱ་གཙེས་པར་གནས་པ་དེ་ནི་རྙེད་པ་ལེགས་པར་རྙེད་དོ་ཞེས་བསྟན་པོར་བྱའོ།། དྷི་སྟེ་བརྟན་ཞིང་དུལ་བ་དབང་པོ་རབ་ཏུ་ཞི་བ་ཞིག་ཡིན་ཏེ་ཆོས་བསྟན ་པར་རུང་ན་དེ་ལ་ཆོས་སྣ་ཚོགས་བསྟན་པར་བྱའོ།། དེ་སྟེ་ཆོས་སྣ་ཚོགས་བསྟན་པ་ལ་མ་དགའ་ན་དེ་ལ་སྐྱོ་བ་དང་མཐུན་པའི་ཆོས་བསྟན་པར་བྱའོ།། དེ་སྟེ་སྐྱོ་བ་དང་མཐུན་པའི་ཆོས་བསྟན་པ་ལ་མི་དགའ་ན་དེ་ལ་དེ ་བཞིན་གཤེགས་པའི་ཆེ་བའི་རྒྱུ་ཆེ་བ་དག་བསྟན་པར་བྱའོ།། བྲམ་ཟེ་དང་རྒྱལ་རིགས་དང་གྲོང་བ་དང་ཡུལ་མི་དག་འོངས་ན་ཡང་ཅི་རིགས་པར་བྱ་བ་དག་བྱའོ།། མང ་པས་ཆོས་ཉན་པ་རྣམས་ཀྱི་སེམས་མགུ་བར་བྱེད་ནུས་པ་ཡིན་ཏེ། སེམས་ཅན་དེ་དག་ཀྱང་དེ་ལྟ་དགའ་བ་དང་ད་པ་ར་ས་པ་འཐོབ་པར་འགྱུར་རོ་ཞེས་གསུངས། ་ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང་། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་ལ་གནས་པས་ཇི་ལྟར་བདག་ཅིའི་ཕྱ ་ཏོ། འདི་ན་མེ་བྱང་བ་མ་སྦས་པ་མ་ཞི་པ་མ་དུལ་བ་མི་འགྲུས་པ་རབ་ཏུ་མི་བརྩོན་པ། འདི་སཱ་ས་དང་སྟེས་རྐུན་དང་གདོལ་པ་དག་ཀྱང་མཽང་དུ་གནས་ཎྜེ ་ལྡན་པ་མ་ཡིན་པས། གང་གི་ཕྱིར་བདག་དགོན་པ་ལ་གནས་པ་འདི་ལྟ་སྟེ། དགེ་སྦྱོང་གི་ཡོ་ཡོསུ་རྣམ་དུ་རྟག་པར་བྱའོ།། དེ་བཞིན་དུ་སྦྱར་ཏེ། ཁྱིམ་པ ་རབ་ཏུ་བྱུང་བ་དགོན་པ་ན་གནས་པས་བདག་ཅིའི་ཕྱིར་དགོན་པར་འོངས་སྙམ་དུ་མརྟག་པར་བྱ་སྟེ། དེས་ཡོང་ཇིགས་ཤིང་སྤགས་པའི་ཕྱིར་དབེན་པར་འོངས ་འདུ་འཛིས་འཇིགས་ཤིང་སྐྲག་གོ། འགྲོགས་པས་འཇིགས་ཤིང་སྐྲ་གོ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་འཇིགས་ཤིང་སྐྲགོ། ང་རྒྱལ་དང་རྒྱགས་པ་དང་དྲེགས་པས་འཇིགས་ཤིང་སྐྲག་གོ།། ཆགས་པ་དང་ཕྲག ་དོག་དང་སེར་སྣས་འཇིགས་ཤིང་སྐྲག་གོ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱས་འཇིགས་ཤིང་སྐྲག་གོ། ཕུང་པོའི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ། ཉོན་མོངས་པའི་བདུད་ཀྱིས་འཛེགས་ཤིང་སྐྲག་གོ། འཆི ་བདག་གི་བདུད་ཀྱིས་འཇིགས་ཤིང་སྐྲག་གོ།། ལྒང་བུའི་བདུད་ཀྱིས་འཇིག་ཤིང་སྐྲག་གོ། མི་རྟག་པ་ལ་རྟག་པར་ཕྱིན་ཅི་ལོག་པས་འཇིགས་ཤིང་སྒེག་གོ། སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲགོ།། ་བདག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ། མི་གཙང་བ་ལ་གཙང་བར་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག་གོ། སེམས་དང་ཡིད་དང་རྣམ་པར་ཤེས་པས་འཇིག་ཤིང་སྐྲག་གོ། སྲེད་པས་འཇིག ་ཤིང་སྐྱུག་གོ། འཁོར་བས་འཇིགས་ཤིང་སྐྲག་གོ།། སྒྲིབ་པ་དང་ཆོད་པ་དང་ཀུན་ནས་ལྗང་བས་འཇིགས་ཤིང་སྐྲག་གོ།། འཇིགས་ཚོགས་ལ་ལྟ་བས་འཇིགས་ཤིང་སྐྲག་གོ། བདག་ཏུ་འཛིན་པ་དང་བདག་གིར་འཛིན ་པས་འཇིགས་ཤིང་སྐྲག་གོ། རྒོད་པས་འཇིགས་ཤིང་སྐྲག་གོ། འགྱོད་པ་དང་ཐེ་ཚོམ་གྱིས་འཇིགས་ཤིང་སྐྲ་གོ། སྡིག་པའི་གྲོགས་པོས་འཇིགས་ཤིང་སྐྲག་གོ། རྙེད་པ་དང་བཀུར་སྟིས་འཇིགས་ཤིང་སྐྲག་གོ།། ་མི་དགེ་བའི་བཤེས་གཉེན་གྱིས་འཇིགས་ཤིང་སྐྲག་གོ། མ་མཐོང་བར་མཐོང་ངོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ། མ་ཐོས་པར་ཐོས་སོ་སྙམ་དུ་འཛིན་པས་འཇིགས ་ཤིང་སྐྲ་གོ། མ་དྲན་པར་དྲན་ནོ་སྙམ་དུ་འཛིན་པས་འཇིགས་ཤཱིང་སྐྲག་གོ།། བྱེ་བྲག་མ་ཕྱེད་པར་བྱེ་བླག་ཕྱེད་དོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲག་གོ། མི་ཤེས་པར་ཤེས་སོ་སྙམ་དུ་འཛིན་པས་འཇིགས་ཤིང་སྐྲགོ།། ་དགེ་སྦྱོང་གི་དྲི་མས་འཇིགས་ཤིང་སྐྲག་གོ། གཅིག་ལ་གཅིག་གནོད་པར་སེམས་པས་འཇིགས་ཤིང་སྐྲག་གོ། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང་གཟུགས་མེད་པའི་ཁམས་ཀྱིས་འཇིགས་ཤིང་སྐྲག་གོ།། ་སྲིད་པོའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་བ་དང་སྐྱེ་བས་འཇིགས་ཤིང་སྐྲག་གོ། སེམས་ཅན་དམྱལ་བ་དེང་དུད་འགྲོའི་སྐྱེ་གནས་དང་ཡི་དགས་ཀྱི་ཡུལ་དུ་འགྲོ་བས་འཇིགས་ཤིང་སྐྲག་གོ། མི་ཁོམ་པས་འཇིགས ་ཤིང་སྐྲག་གོ། མདོར་ན་མི་དགེ་བའི་ཆོས་ཐམས་ཅད་ཡིད་ལ་བྱེད་པས་འཇིགས་ཤིང་སྐྲག་སྟེ། བདག་དེ་ལྟ་བུའི་འཇིགས་ཤིང་སྐྲག་པས་འཇིགས་ནས་དགོན་པར་འོངས།། དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག ་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་འབྱུང་བ་འཇིགས་ཤིང་སྐྲག་ནས་དགོན་པ་ལ་གནས་པས་འདི་ལ་གང་ཅུང་ཟད་འཇིགས་པ་སྐྱེ་བ་དེ་དག་ཐམས་ཅད་ནི་བདག་ཏུ་འཛིན་པ་ལས་སྐྱེས་སོ།། བདག་ཏུ་མངོན ་བར་ཆགས་པ་དང་། བདག་ཏུ་ཡོངས་སུ་འཛིན་པ་དང་། བདག་གི་གཞི་དང་བདག་ཏུ་འདུ་ཤེས་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང་། བདག་ཏུ་ལྟ་བ་དང་། བདག་གི་གནས་དང་། བདག་ཡོངས་སུ་རྟོག་པ་དང་། ་བདག་སྲུང་བ་ལས་སྐྱེས་ཏེ། གལ་ཏེ་བདག་དགོན་པ་ལ་གནས་ལ་བདག་ཏུ་འཛིན་པ་ཡོངས་སུ་མ་སྤངས་བདག་ཏུ་མངོན་པར་ཆགས་པ་དང་། བདག་ཏུ་ཡོངས་སུ་འཛིན་པ་དང་། བདག་གི་གཞི་དང་། བདག་ལ་སྲེད་པ་དང་། ་བདག་ཏུ་འདུ་ཤེས་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང་། བདག་ཏུ་ལྟ་བ་དང་། བདག་གི་གནས་དང་། བདག་ཏུ་ཡོངས་སུ་རྟོག་པ་དང་། བདག་སྲུང་བ་ཡོངས་སུ་མ་སྤངས་ན་ནི། བདག་དགོན་པ་ལ་གནས་པ་དོན་མེད་པར ་འགྱུར་རོ་སྙམ་དུ་བསླབ་པར་བྱ་སྟེ། བདག་ཏུ་འདུ་ཤེས་པ་ལྕེ་ནི་དགོན་པ་ལ་གནས་པ་གནས་པ་མེད་དོ།། གཞན་དུ་འདུ་ཤེས་པ་ལ་ཡང་མེད་དོ།། དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག་དགོན་པ་ལ་གནས་པ་ཞེས་བྱ་བ་ནི་ཆོས་ཐམས ་ཅད་ལ་མི་རྟེན་པར་གནས་པའོ།། ཆོས་ཐམས་ཅད་ལ་མི་འཛིན་པར་གནས་པའོ།། མཚན་མ་ཐམས་ཅད་ལ་མི་ཆགས་པར་གནས་པའོ།། དེ་བཞིན་དུ་སྦྱར་ཏེ། གཟུགས་ཐམས་ཅད་ལ་མི་རྟེན་པར་གནས་པའོ།། སྒྲ་དང་དྲི་དང ་རོ་དང་། རེག་པ་ཐམས་ཅད་ལ་མི་བརྟེན་པར་གནས་པའོ།། ཆོས་ཐམས་ཅད་མཉམ་པ་ཉིད་དང་མི་འགལ་བར་གནས་པའོ།། སེམས་ཤིན་ཏུ་ཞི་བས་ཤིན་ཏུ་སྦྱངས་པར་གནས་པའོ།། འཇིགས་པ་ཐམས་ཅད་སྤངས་པས ་མི་འཇིགས་པར་གནས་པའོ།། ཉོན་མོངས་པ་ཐམས་ཅད་ལས་རྣམ་ར་པར་གྲོལ་བས་ཆུ་བོ་ལས་བརྒལ་བར་གནས་པའོ།། བརྟན་པར་གནས་པའོ།། ངན་ངོམ་གྱི་ཆོས་ཤེས་པར་འཛིན ་ཅིང་འདོད་པ་ཆུང་བས་འཕགས་པའི་རིགས་རྣམས་ལ་རབ་ཏུ་དགའ་བར་གནས་པའོ།། དགང་སླ་ཞིང་གསོ་སླ་བས་ཆོག་པར་འཛིན་པར་གནས་པའོ།། ཤེས་རབ་ཀྱི་ཕྱིར་ཚུལ་བཞིན་ལ་སྦྱོར་བས་ཐོས་པ་ལ་གནས་པའོ།། ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མི་མེད་པ་དང་སྨོན་པ་མེད་པ་ལ་སོ་སོར་རྟོགས་པས་ཐར་པར་གནས་པའོ།། བཅིངས་པ་བཅད་པས་རྣམ་པར་གྲོལ་བར་གནས་པའོ།། རྟེན་ཅིང་འབྲེལ་བར་འབྱུང་བ་དང་མཐུན ་བས་མ་དུལ་བ་རྣམས་ཉེ་བར་ཞི་བར་གནས་པའོ།། ཤིན་ཏུ་རྣམ་པར་དག་པས་བྱ་བ་བྱས་པར་གནས་པའོ།། ཁྱིམ་བདག་འདི་ལྟ་སྟེ་དཔེར་ན། དགོན་པ་ལ་རྩཝ་དང་ཤིང་གྲེལ་པ་དང་ནགས་ཚལ་གནས་ཀྱང་འཇིགས་པ ་མེད་ཅིང་མི་སྐྲག་སྐྲག་པར་མི་འགྱུར་རོ།། ཁྱིམ་བདག་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རབ་ཏུ་བྱུང་བ་དགོན་པ་ལ་གནས་པས་ཀྱང་ལུས་རྩཝ་དང་ཤིང་གིལ་པ་དང་སྨན་དང་རྩིག་པ་དང་ཤིང་དང་མིག་ཡོས་ལྟ་བུ་དང་སྒྱུ་མ་དང ་མཚུངས་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། འདི་ལ་སུ་ཞིག་འཇིགས་པར་འགྱུར་འདི་ལ་སུ་ཞིག་སྐྲག་པར་འགྱུར་སྙམ་པའི་སེམས་བསྐྱེད་པར་བྱའོ།། དེས་འཇིགས་ཤིང་སྐྲག་པར་ལྟ་ན། འདི་ལྟར་ལུ་ས་འདི ་ལ་ནི་བདག་གམ་སེམས་ཅན་ནམ་སྲོག་གམ་སྐྱེ་བ་འམ་གསོ་བ་འམ་སྐྱེས་བུ་འམ་གང་ཟག་གམ་ཤེད་ལས་སྐྱེས་པ་འམ་ཤེད་བུ་མེད་དེ། འདི་ལྟར་འཇིགས་པ་ཞེས་བྱ་བ་འདི་ནི། ཡང་དག་པ་མ་ཡིན་པ་ཀུནྡ་བརྟག་པ ་དེ་ལ་བརྟག་པར་བྱའོ་སྙམ་དུ་ལུས་ལ་ཚུལ་བཞིན་དུ་བརྟག་པར་བྱའོ།། དེས་ཇི་ལྟར་དགོན་པ་ལ་རྩཝ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚུལ་གནས་པ་རྣམས་ངའི་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡང་ངའི ་མེད་པ་ཡོངས་ཡོངས་སུ་འཛིན་པ་མེད་པས་ཆོས་ཐམས་ཅད་དགོན་པ་ཉིད་དོ་སྙམ་དུ་ཤེས་ནས་ཉེ་བར་བསྒྲུབས་ཏེ་གནས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དགོན་པ་ལ་གནས་པ་ནི་ཉོན་མོངས་པ་གཅོད་པ་སྟེ་ངའི་བ་མེད ་བ་སྟེ་ཡོངས་སུ་འཛིན་པ་མེད་པའོ།། དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་སངས་རྒྱས་ཀྱི་དགོན་པ་ལ་གནས་པར་བཀའ་སྩལ་པར་ཤེས་ནས་དགོན་པ་ལ་གནས་པར ་བྱ་སྟེ། དེར་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།། དགེ་བའི་རྩ་བ་ལས་ཉེ་བར་བརྟན་ནས། ཕྱིས་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་དང་ཕོ་བྲང་འཁོར་དག་ཏུ་ཞུགས་ཏེ ་ཆོས་བསྟན་པར་བྱའོ།། དེ་བཞིན་དུ་སྦྱར་ཏེ། ཁྱིམ་བདག་གེལ་ཏེ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ལུང་དང་ཁ་ཏོན་ནོད་པའི་ཕྱིར་ཚོགས་ཀྱི་ནང་དུ་འཇུག་ན་ངེས་དེར་གུས་པ་དང་བཅས་པར་བྱ་སྟེ། སློབ ་དཔོན་དང་མཁན་པོ་རྣམས་དང་། གནས་བརྟན་དང་བར་མ་དང་དགེ་སློང་གསར་བུ་རྣམས་ལ་ཞེས་དང་བཅས་པར་བྱའོ་ཚུལ་མཁས་པར་བྱའོ།། སྙོམས་ལས་མེད་པར་རང་གིས ་བྱས་པ་དང་གཞན་ལ་གདུང་བ་མེད་པར་བྱའོ།། དེས་བསྙེན་བཀུར་ལ་གདུ་བར་མི་བྱའོ།། དེས་འདིར་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷ་དང་བཅས་པའི ་འཇིག་རྟེན་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ་དང་། ལྷ་དང་མི་དང་ལྷ་མིན་དུ་བཅས་པས་མཆོད་པ། སྦྱིན་གནས་སུ་གྱུར་པ་དེ ་ཡང་སེམས་ཅན་ཐམས་ཅད་ལྟ་གང་ལས་ཀྱང་རིམ་གྲོར་བྱ་བ་བྱདག་གིར་མི་མཛད་ན། བདག་ཅུག་མཱ་བསླབ་པ་སློབ་འདོད་པ་རྣམས་ལ་ལྟ་ཅི་སྨོས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ལ་བསྙེན་བཀུར ་བྱའི། གང་ལས་ཀྱང་བསྙེན་བཀུར་བྱ་བ་བདག་གིར་མི་བྱའོ་སྙམ་དུ་བརྟག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཁྱིམ་བདག་དགེ་སློང་བསྙེན་བཀུར་ལྔ་སྦུ་བ་ནི་ཡོན་ཏན་གྱི་ཆོས་རྗེ་སྐུ་སུ་གཟུང་བ་ཆུང་གཟོན ་བ་ཡིན་ཏེ། ངེས་གང་དག་སྡུད་པ་དེ་དག་ཀྱང་འདི་སྙམ་དུ་སེམས་ཏེ། བདག་ཅག་ནི་བསྙེན་བཀུར་གྱི་ཕྱིར་སྡུད་ཀྱི་ཆོས་ཀྱི་ཕྱིར་ནི་མ་ཡིན་ནི་སྙམ་མོ་ཞེས་གསུངས་སོ།། ཡང་དེ་ཉིད་ལས། ཁྱིམི་བདག ་གལ་ཏེ་བྱང་ཆུབ་སེམས་དཔའ་དགོན་པ་པ་ཆོས་ཉན་པར་འདོད་དམ། མཁན་པོ་དང་སློབ་དཔོན་ལྟ་བར་འདོད་ན། ནང་དྲི་བའི་ཕྱིར་གྲོང་གི་གནས་སུ་འོངས་ནས། དེས་རྒོངས་སུ་སྔར་ལྡོག་བྱར་བྱ་བའི་ཕྱིར་འགྲོ་བའི ་སེམས་བསྐྱེད་པར་བྱའོ།། དེ་གལ་ཏེ་ལུང་ནོད་པ་དང་ཁ་ཏོན་བྱ་བ་གཞན་ལ་རག་ལས་བཙུག་ལག་ཁང་ན་གནས་ན་ཡང་། དེས་དགོན་པ་ལ་གཞོལ་བའི་སེམས་ཀྱིས་གང་དངོས་པོ་ཐམས་ཅད་ལ་དགོན་པ ་འདུ་ཤེས་པ་དང་ཆོས་ཚོལྟ་བས་མི་ངོམས་པ་དེ་ཉིད་དགོན་པ་ལ་གནས་པ་ཡིན་ནོ་སྙམ་དུ་བསམ་པར་བྱའོ་ཞེས་གསུངསོ།། འཕགས་པ་རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང་། གལ་ཏེ་དགེ་སློང་དགོན་པ་པ་འབྲས ་བུ་མ་ཐོབ་པ་སོ་སོའི་སྐྱེ་བོའི་དྲུང་དུ་སྡིག་སྦྲུལ་དང་གཅན་གཟན་གཏུམ་པོ་དག་འོངས་ནི། དེས་དེ་ལ་འཇིགས་པ་དང་སྐྲག་པར་མི་བྱའོ།། དེས་འདི་སྙམ་དུ་བདག་ཐོག་མ་ཉིད་ནས་ལུས་དང་སྲོག་བྱོར་ཏེ་དགོན་པའི་གནས ་སུ་འོངས་ཀྱི་འདི་ལ་བདག་གིས་འཇིགས་པར་མི་བྱ་སྐྲག་པར་མི་བྱའི།། བྱམས་པའི་སེམས་བསྐྱེད་པར་བྱ་ཞེ་སྡང་རྣམ་པར་སྨད་པར་བྱ་འཇིགས་པ་སྤང་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ།། གལ་ཏེ་དེ་ལྟར་བྱ ་སྦྲུལ་དང་གཅན་གཟན་དེ་དག་གི་སྲོག་གཅོད་ཅིང་ཟ་ན་ཡང་ངེས་འདི་སྙམ་དུ་གཅན་གཟན་འདི་དག་ལ་བདག་གི་ཟང་ཟིང་ཙམ་གྱི་ཚིམ་པར་བྱེད་མི་ནུས་ཀྱི། དེ་དག་གིས་བདག་གི་ཤ་ཟོས་ནས་བདེ་བ་ལ་རེག་པར ་གནས་པར་འགྱུར་ལ། བདག་གིས་ཀྱང་སྙིང་པོ་མེད་པའི་ལུས་ལུས་སྡོང་པོ་བླང་བར་འགྱུར་བ་ནི་བདག་གིས་རྙེད་པ་ལེགས་པ་རྙེད་དོ།། དེ་བཞིན་དུ་སྦྱར་ཏེ། ་གལ་ཏེ་དགོན་པའི་གནས་དེ་ན་པ་ནི་མི་མ་ཡིན་པ་འོངས་ན་མདོག་སྡུག་ཀྱང་རུང་མི་སྡུག་ཀྱང་རུང་། དེ་ལ་ཆགས་པར་མི་བྱ་ཁོང་ཁྲོ་བར་མི་བྱའོ།། གལ་ཏེ་སྔོན་སངས་རྒྱས་མཐོང་བའི་ལྷ་དག་དགེ་སློང་དགོན་པོ་པཱི ་དྲུང་དུ་འོངས་ཏེ་དྲི་བ་ཡོངས་སུ་འདྲི་ན། དེ་ལ་དགེ་སློང་དགོན་པ་པོ་དེས་ཇི་ལྟར་ཐོས་པ་བཞིན་དུ་ལྕེ་དེ་དག་ལ་ཆོས་བཤད་པར་བྱའོ།། ཅི་སྟེ་ལྷ་དེ་དག་ཟབ་མོའི་དྲི་བ་ཡོངསུ་དྲིས་ཏེ་དགེ་སློང་དགོན་པ་པ་དེས ་ལན་མོ་ཐེབས་པ་ལྟ་ན། དེས་ང་རྒྱལ་མེད་པར་བྱས་ལ་འདི་སྐད་ཅེས་མ་བསླབས་པ་ལ་བརྙསྟ་པར་མི་བྱ་སྟེ་སངས་རྒྱས་ཀྱི་བསྟོན་པ་ལ་ལུང་ནོད་ནས་འབད་དེ་ཁོང་དུ་མ་ཆུད་པའི་ཆོས་རྣམས་ཁོང་དུ་ཆུད་པར ་གྱུར་པ་དེའི་ཚེ་དེའི་དུས་ན་དྲིས་པ་ཐམས་ཅད་ཀྱི་ལན་གདབ་པར་བྱའོ།། བདག་ནི་ཆོས་ཉན་པ་ཡིན་གྱིས་ཁྱོད་སྤོབས་པར་གྱིས་ཤིག་ཅེས་བརྗོད་པར་བྱ་སྟེ། འོད་སྲུངས་དགེ་སློང་དགོན་པ་བས་དེ་ལྟར་ལྷ་དེ་དག ་ལ་གོ་བར་བྱའོ།། དེ་བཞིན་དུ་སྦྱར་ཏེ། དགོན་པའི་གནས་དེ་ན་གནས་པ་དེས་རྩཝ་དང་ཤིང་གེལ་བ་དང་སྨན་དང་ནགས་ཚལ་དེ་དག་ཇི་ལྟར་འབྱུང་བ་དང་ཇི་ལྟར་འཇིག་པར་འགྱུར་བ་དང་། ཇི་ལྟར་ཕྱི་རོལ་གྱི ་དངོས་པོ་འདི་དག་བདག་པོ་མེད་པ། གཡོ་བ་མེད་པ། བྱེད་པ་མེད་པ། རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་གི། རྒྱུ་དང་རྐྱེན་མ་ཚང་ན་མི་འབྱུང་བ་སྟེ། འདི་ལ་དོན་དམ་པར་སྐྱེ་བ་དང་འགག་པའི་ཆོས་གང་ཡང་མེད་དོ་སྙམ་དུ ་མཚན་མ་གཟུང་བར་བྱའོ་ཞེས་འབྱུང་ངོ་།། ཡང་གསུངས་པ། དེ་དགོན་པའི་གནས་དེ་ན་གནས་པ་ན་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། འདི་ལྟར་བདག་ནི་ལམ་རིང་པོ་ནས། འདིར་འོངས་ལ་གཅིག་པུ་གཉིས་སུ་མེད ་བ་སྟེ། ལེགས་པར་བྱས་པ་འམ་ཉེས་པར་བྱས་པ་བསྐུལ་བའི་གྲོགས་ནི་གང་ཡང་མེད་ཀྱི།། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་སངས་རྒྱས་བཅོམ་ལྡན་འདས་གང་དག་གི་སེམས་ཀྱིས་བསམས་པ་ཤེས ་པ་ངག་ཡོད་དེ། བདག་དགོན་པའི་གནས་ན་གནས་ལ་མི་དགེ་བའི་སེམས་ཀྱི་དབང་དུ་སོང་ན་དེ་དག་དཔང་དུ་འགྱུར་རོ།། བདག་ལམ་རིང་པོ་ནས་འོངས་ཤིང་གཅིག་པུ་གཉིས་སུ་མེད་དེ། རྟེན་པ་མེད་བདག་གི། ་མེད་ཡོངས་སུ་འཛིན་པ་མེད་ལ། གལ་ཏེ་འདོད་པ་ལ་རྣམ་པར་རྟོག་པས་རྣམ་པར་རྟོག། གནོད་སེམས་ཀྱི་རྣམ་པར་རྟོག་པས་རྣམ་པར་རྟོག། འཚེ་བའི་རྣམ་པར་རྟོག་པས་རྣམ་པར་རྟོག་གམ། མི་དགེ་བ་གཞན་ལ ་རྣམ་པར་རྟོག་པས་རྣམ་པར་རྟོག་པར་གྱུར་ན། བདག་འདུ་འཛི་དང་འདུ་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་དང་། བྱེ་བྲག་མེད་པར་འགྱུར་ཏེ། བདག་གི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་རྣམས་ལ་བསླུས ་པར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མི་མཉེས་པར་བྱས་པར་འགྱུར་གྱིས། ཅི་ནས་ཀྱང་བདག་ལ་ལྷ་རྣམས་འཕྱ་བར་མི་འགྱུར་བ་དང་། སངས ་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དགྱེས་པར་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་གསུངསོ།། དགོན་པ་བརྗོད་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་གཅིག་པའོ།། ། ་དེ་ལྟར་དགོན་པ་ལ་གནས་ནས་མཉམ་པར་བཞག་པ་ལ་སྦྱར་བར་བྱ་སྟེ། བཅོམ་ལྡན་འོངས་མ་ལས། དེ་སེམས་ཅན་དེ་དག་གི་དོན་དུ་བསམ་གཏོན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་སྤྱོད་པས་སེམས་གཡེང་བར་མི་འགྱུར་རོ།། ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་མ་གཡེང་བ་ལི་ནི་འཇིག་རྟེན་པའི་བསམ་གཏན་བསྐྱེད་པའང་དཀོན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས།། དེ་ལྟ་བས་ན་བདག་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་མི་གཡེང་བར་བྱའོ་སྙམ་དུ་སེམ་སོ་ཞེས་གསུངས་སོ།། ཡང་དེ་ཉིད་ལས། རབ་འབྱོར་གཞན་ཡང་། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཅི་ལ་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་བསམ་གཏན་ལ ་རྣམས་པར་འཇུག་སྠཱ། དེ་མུག་གིས་གཟུགས་རྣམས་མཐོང་ཡང་མནན་མ་ས་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ།། གླང་གི་ཕྱིར་མིག་གི་དབང་པོ་སྡུམ་པས་མ་བསྡམས་པར་གནས་ཏེ་དྲན ་སེམས་དང་ཡིད་མི་བདེ་བ་དང་སྡིག་པ་མི་དགེ་བའི་ཆོས་གཞན་ལྔ་ཡང་སེམས་རྗེས་སུ་འཇུག་པ་དེ་དག་སྡོམ་པར་བྱེད་མིག་གི་དབང་པོ་སྲུང་བར་བྱེད་དོ།། དེ་བཞིན་དུ་རྣ། བཱས་སྒྲ་ཐོས་པ་དང་། སྣས་དྲི་ཚོར་བ ་དང་། ལྕེ་སཱ་རོ་མྱོང་བ་དང་། ལུས་ཀྱིས་རེག་བྱ་ལ་རེག་པ་དང་། སྒྱིད་ཀྱིས་ཚྭས་རྣམྦུ་པར་རིག་ཕྱིན་མཚན་མར་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པོ་ཡིན་ནོ།། གང་གི་ཕྱིར་ཡིད་ཀྱི་དབང་པོ་སྡོམ་པས་མི་བསྡམས ་ཏེ་སྡིག་པ་མི་དག་པའི་ཆོས་རྣམས་ལྔ་རྗེས་སུ་འཇུག་པ་དེ་དགུ་སྡོམ་པར་བྱེད་ཡིད་ཀྱི་དབང་པོ་སྲུང་བར་བྱེད་དོ།། དེ་འགྲོ་འམ་འགྲེང་དམོ་འདུག་གམ་ཉལ་ལམ་སྨྲ་འམ་མི་སྨྲ་ཡང་རུང་སྟེ། མཉམ་པར་བཞག ་པར་གནས་པ་དང་ཞི་བར་གནས་པ་མི་འདོར་རོ།། དེ་ལག་པ་མི་རྒོད་པ་དང་། རྐང་པ་མི་རྒོད་པ་དང་། མུ་ཙོཙིར་མི་སྨྲ་བ་དང་། ཚིག་འཆལ་པ་མེད་པ་དང་། དབང་པོ་མི་གཡེང་བ་དང་། མི་རྒོད་པ་དང་། ཡབ་ཡབ ་པོ་མ་ཡིན་པ་དང་། ག་བུ་ལུམས་ཅན་མ་ཡིན་པ་དང་། ལུས་འཁྲུལ་པ་མེད་པ་དང་། སེམས་འཁྲུལ་པ་མེད་པ་དང་། ལུས་ཞི་བ་དང་། ངག་ཞི་བ་དང་། སེམས་ཞི་བ་དང་། དབེན་ཡང་རུང་མི་དབེན་ཡང ་རང་སྒྲ་སྤྱོད་ལམ་བནོས་པ་མེད་པ་ཡིན་ནོ།། དེ་བཞིན་དུ་སྦྱར་ཏེ། ཆོག་ཤེས་པ་དང་། གས་སྨྲ་བ་དང་། དགང་སྲ་བ་དང་འགྲོགས་ན་བདེ་བ་དང་། ཆོ་ག་དང་སྤྱོད་ཡུལ་བརྡ ་བ་དང་། འདུ་འཛིའི་ནང་ན་ཡང་སྤྱོད་ཡུལ་དབེན་པ་དང་། རྙེད་པ་དང་མ་རྙེད་པ་ལ་ཡང་མཉམ་ཞིང་འགྱུར་བ་མེད་པ་ཡིན། ཁེངས་པ་མེད་ཅིང་འདུག་པ་མེད་པ་ཡིན། དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་བ་དང་བསྟོད ་པ་དང་སྨད་པ་དང་། སྙན་པ་དང་མི་སྟོན་པ་དང་། འཚེ་བ་དང་འཆི་བ་དང་ཡང་མཉམ་ཞིང་འགྱུར་བ་མེད་པ་ཡིན། ཁེངས་པ་མེད་ཅིང་འདུད་པ་མེད་པ་ཡིན། དེ་བཞིན་དུ་དགྲ་དང་མཛའ་བོ་དང་། ཡིད་དུ་འོང་བ་དང་ཡིད་དྲི ་མི་འོངས་པ་དང་། འཕགས་པ་དང་འཕགས་པ་མ་ཡིན་པ་དང་། སྒྲ་དང་གཟུགས་སྡུག་པ་དང་མི་སྡུག་པ་རྣམས་ལ་ཡང་མཉམ་ཞིང་འགྱུར་བ་མེད་པ་ཡིན། ཁེངས་པ་མེད་ཅིང་འདུད་པ་མེད་པ་ཡིན། རྗེས་སུ་ཆགས ་པ་དང་མི་མཐུན་པ་དང་བྲལ་བ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་ཞིང་བྱུང་བ་མེད་པ་དང་རྫོགས་པ་མེད་པ་དང་། མངོན་དུ་གྲུབ་པ་མེད་པར་མཐོང་བའི་ཕྱིར་རོ་ཞེས་རྒྱ་ཆེར ་གསུངས་སོ།། དེ་ལ་ཡིད་ཞུམ་ན་དགའ་བ་བསྒོམ་པས་གཟེང་བསྟོད་པར་བྱའོ།། རྒོད་པར་གྱུར་ན་མི་རྟག་པ་ཡིད་ལ་བྱ་བས་རབ་ཏུ་ཞི་བར་བྱའོ།། གཉི་གའི་གཉེན་པོའི་དོན་དུ་ནི། འཕགས་པ་ཡུལ་འཁོར་སྐྱོང་གི ་ས་དྨ་བ་དན་པ་ཙྪ། ས་རྒྱས་དུག་ན་ན་པ་དྨ་ནང། བ་རྒྱསྦྱ་བན་འབྱུང་བང་ཀྟ། དུ་པས་པངས་པ་ནང་པ་ལ།། འང་ཐུགས ་བཱར་སྨྲིས་ཞེས་གྱུ་ས་སྟེ། དྭེ་གཱ་མྨཱ་དུ། དི་སྒྱུ་། ལམྦྷ་བྷྱམ་མ་ནས་པ་རྒྱུག་ན།། འདི་ན་དྲུག་ཏུ་སྡུག་པ་རྣམས་ཅད་དྲུང་།། མྱུང་དུ་འཕྲུལ་བ.རའི་མི་འགྱུར ་ཡང་མེད། ཕ་རོལ་ཕྱིན་དང་སྱ་དང་སྟོབས་རྣམས་ལ། རྟག་ཏུ་བརྩོན་པར་གྱིས་ཞིག་འདོད་པོར་གྱིས།། རྡུལ་མེང་བྱང་ཆུབ་སངས་རྒྱས་མ་གྱུར་པའོ།། བརྩོན་འགྲུས་ནམ་ཡང་ཉམས་པར་གྱུར་ཏ་རེ་ཞེས་གསུང ་ས། འཕགས་པོ་རྒྱ་ཆེ་རོལ་པའི་མདོ་ལས་ཀྱང་། སྲིད་གསུམ་རྒྱུ་དང་ནད་ཀྱི་སྡུག་བསྔལ་འབྲར།། འདི་ནི་འཆི་མདོ་རབ་འབར་མགོན་མེད་པ།། སྲིད་ལས་འབྱུང་བ་ལ་འགྲོ་བ་རྟག་ཏུ་རྨོངས།། བུམ་པར ་ཆུད་པའི་བུང་བྷ་འཁོར་དེ་བཞིན་སྲིང་གསུམ་མི་བརྟན་སྟོན་ཁིའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་ཁར་ལ་ལྷ་དང་མཚུངས།། འགྲོ་བའི་ཚེ་འགྲོ་བ་ན་མཁའི་གློག་འདྲ་སྟེ། རི་གཟར་འབབ་ཆུ་ལྟ་བུར་མྱུར ་མི་གྱོགས་འགྲོ། སྲིང་སྲེད་མ་རིག་དབང་གིས་སྐྱེ་བོ་རྣམས།། མི་དང་ལྷ་གནས་ངན་སོང་ལམ་གསུམ་པོ།། འགྲོ་བ་ལྔ་པོ་དག་ཏུ་མེ་མཁས་འཁོར།། དཔེར་ན་རྫ་མཁན་འཕང་ལོ་འཁོར་བ་བཞི ་བརྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་། དྲི་ཞིམ་རོ་མཆོག་རེག་པ་བདེ་བྱེད་པ།། དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོགས། དཔེར་ན། རྔོན་པའི་རྙི་ལ ་སྤྲེའུ་ཐོགས་པ་བཞིན།། འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང་།། འཇིགས་བཅས་རྟགས་ཏུ་དགྲ་བྱེད་ཉོན་མོངས་བཅས།། རལ་གྲི་སོ་འདྲ་དུག་སྡོང་ལོ་མཚུངས།། ངན་སྐྱུགས་སྣོད་ལྟར་འཕགས་པའི ་སྐྱེ་བོས་སྤངས།། འོད་ནི་ཡོན་ཏན་འཇིགས་བཅས་ཉོན་མོངས་བཅས།། རྟག་ཏུ་དྲན་པ་བརྗེད་བྱེད་མུན་པ་བྱེད།། རྟག་ཏུ་འཇིགས་པའི་རྒྱུད་བྱེད་སྡུག་བསྔལ་རྩེ།། སྲིད་པའི་སྲེད་པ་འཁྲི་ཤིང་འཕེལ་བར་བྱེད།། ། ་ཇི་ལྟར་མི་འབར་འོབས་ནི་འཇིགས་བཅས་པ།། དེ་ལྟ་འདོད་འདི་འཕགས་པའི་སྐྱེ་བོས་རིགས།། འདོམ་རྫབ་ཆེ་འདྲ་རལ་གྲི་གཤེད་གནས་འདྲ།། རལ་གྲིའི་སོ་ལ་སྦྲང་རྩིས་བསྐུས་དང་མཚུངས།། ཇི་ལྷོར ་སྦྲུལ་གྱི་མགོ་དང་ངན་སྐྱུག་སྣོད།། དེ་ལྟར་འདོད་འདི་མཁས་པ་རྣམས་ཀྱི་རིག། བྱ་ཤ་ཁམ་བུ་འདྲ་ཞིང་གསལ། ཤིང་འདྲ།། རོ་ལ་ཁྱི་ལྟར་དགྲ་དང་བཅས་པ་ཡིན།། འདོད་པའི་ཡོན་ཏན་འདི་དག ་ཆུ་ཟླ་འདྲ། གཟུགས་བརྙན་མཚུངས་ཤིང་བྲག་ཅེ་འདྲ་བ་དང་།། མིག་ཡོར་འདྲེ་ཞིང་གར་ལ་ལྷ་འདྲ་དང་།། རྨི་ལམ་མཉམ་པར་འཕགས་པའི་སྐྱེ་བོས་རིག། འདོད་པའི་ཡོན་ཏན་སྐད་ཅིག་ཡམ་བརླ།། ་སྒྱུ་མ་སྨིག་རྒྱུ་འདྲ་ཞིང་བརྫུན་པ་ཅན།། ཆུ་བུར་དབུ་བ་ལྟ་བུར་ཡང་དག་མིན།། ཡོངས་སུ་བརྟགས་ལས་བྱུང་བར་མཁས་པས་རྟོགས།། ན་ཆོད་ཐོག་མར་གཟུགས་མཆོག་འཛིན་པའི་ཚེ།། གདུས་ཤིང་སྡུག་འདོད་འདི་ནི ་བྱིས་པའི་སྤྱོད།། རྒ་ནཱ་སྡུག་བསྔལ་གཟི་བརྗིད་ལུས་བཅོམ་ནས།། རྣམ་པར་སྤོང་སྟེ་རི་དགས་རླུང་སྐམ་བཞིན།། ནོར་བུ་དམ་པ་རྫས་མང་སྟོབས་ལྡན་ཚེ།། ཕངས་ཤིང་སྡུག་འདོད་འདི་ནི་བྱིས་པའི་སྤྱོད།། ནོར ་ཉམས་སྡུག་བསྔལ་བར་ནི་གྱུར་པའི་ཚེ།། རྣམ་པར་སྤོང་སྟེ་མི་ཡི་འབྲོག་སྟོང་བཞིན།། ཇི་ལྟར་མེ་ཏོག་ཤིང་དང་འབྲས་བཅས་ཤིང་།། དེ་ལྟར་སྦྱིན་འདོད་མི་ལ་དགའ་བར་བྱེད།། ནོར་ཉམས་རྒ་བས་ཉེན་ཅིང་སྤོང་བྱེད་པ།། ་དེ་དག་དགའ་བར་མི་འགྱུར་བྱ་རྒོད་བཞིན།། རྫས་ལྡན་གཟུགས་མཆོག་ལྡན་ཚེ་དཔོན་པོ་བཞིན།། ཕྲད་ན་སྡུག་ཅིང་དབང་པོ་དགའ་བར་བྱེད།། རྒ་ན་སྡུག་བསྔལ་ཉེན་ཙོང་ནོར་ཟད་པ།། དེ་ཚེ་འདོད་པར་མི་འགྱུར་འཆི་། ་བདག་བཞིན།། རྒ་བས་རྒ་བྱོས་ན་ཚེད་ཡལ་གྱུར་ན།། སྡོང་པོ་གནམ་ལྕགས་ཀྱིས་ནི་བཅོམ་པ་བཞིན།། རྒ་བས་འཁོགས་ན་འཇིགས་བཅས་ཁང་རུལ་འདྲ།། རྒ་བས་འབྱུང་བ་ཐུབ་པ་མྱུར་དུ་སྨྲོས།། བུད་མེད་སྐྱེས ་པའི་ཚོགས་རྣམས་རྒ་བས་སྐོམས།། འཁྲི་ཤིང་ས་ལའི་གནས་ལ་རླུང་དམར་བཞིན།། རྒ་བས་བརྩོན་འགྲུས་རྩལ་དང་ཤུགས་འཕྲོག་སྟེ།། དཔེར་ན་སྐྱེས་བུ་འདམ་དུ་བྱིང་པོ་བཞིན།། རྒ་བས་ག་ཟུགས་སྐྱུག་གཟུགས ་ནི་མི་སྡུག་བྱེད།། རྒ་བས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་འཕྲོག། རྒ་བས་བདེ་བ་འཕྲོག་ཅིང་རྙས་པར་བྱེད།། རྒ་བས་འཆི་བྱེད་རྒ་བས་མདངས་ཀྱང་འཕྲོག། ནད་བརྒྱ་མང་དང་ནད་ཐིབས ་སྡུག་བསྔལ་གྱིས།། འགྲོ་བ་གཙེས་མི་ཡི་རི་དགྲས་བཞིན།། རྒ་དང་ནཱ་བས་བཅོམ་པའི་འགོ་ལྷོ་ལ།། སྡུག་བསྔལ་ལས་ནི་འབྱུང་བ་མྱུར་ཤོད་ཅིག། དཔེར་ན་དགུན་སྨད་རླུང་དང་ཁ་བ་ཆེ།། རྩི་ཤིང་ལེགས་པ ་ནགས་སྨན་མདངས་ཀྱང་འཕྲོག། དེ་ལྟར་ནད་འདི་འགྲོ་བའི་མདངས་འཕྲོགས་ཅིང་།། དང་གཟུགས་དང་སྟོབས་ནི་ཉམས་པར་བྱ།། ནོར་འབྲུ་ནོར་ཆེན་ཐ་མར་ཟད་པར་བྱེད།། ནད་ནི་རྟག་ཏུ་འགྲོ་བ་རྙས་པར ་བྱེང་།། གནོད་པ་བྱེད་ཅིང་སྡུག་བསྔལ་བྱར་བྱེད།། ཡོངས་སུ་གདུང་བྱེད་མཁའ་ལྔས་ཉི་མ་བཞིན།། འཆི་དང་འཕོ་དང་འཆི་འཕོ་དུས་བྱེད་པ།། ཕྱངས་ཤིང་སྤྲུག་པའི་སྐྱེ་བོ་རྟག་ཏུ་བྲལ། ཕྱིར་མི་འོང་ཞིང་ཕྲད ་པོར་འགྱུར་བ་མ་ཡིན།། ཤིང་ལས་ལོ་འབྲུལ་འདྲ་ཞིང་རླུང་རྒྱུན་མཚུངས།། འཆི་བ་དབང་ཡོད་པ་དག་དབང་མེད་བྱེད།། འཆི་བ་འཕྲོག་བྱེད་ཆུ་བོས་ཤིང་དེ་དེ་བཞིན།། མི་ནི་གཉིས་མིན་གྲོགས་མེད་གཅིག ་པུ་འགྲོ། རང་ལས་འབྲས་བུ་ལྡན་པས་དབང་ཡང་མེད། འཆི་བས་སྲོག་ཆགས་བརྒྱ་ཕྲག་མང་འཛིན་ཏེ། འབྱུང་པོའི་ཚོགས་ལ་རྒྱ་མཚོའི་ཆུ་སྲིན་བཞིན།། ཀླུ་ལ་མཁའ་ལྡིང་གླང་ཆེན་སེང་གེ་འདྲ།། རྩ་མི་འབྱུང ་པོའི་ཚོགས་ལ་མེ་དང་མཚུངས། ཞེས་གསུངས་སོ།། རྒྱལ་པོལ་གདམས་པའི་མདོ་ལས་ཀྱང་། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ།། སྙིང་པོ་དང་ལྡན་པ། མ་ཞིག་པ། ་མ་གས་པ།། འཕན་མེད་པ། ཤིན་ཏུ་མཁྲིས་པ་གཅིག་ཏུ་སྟུག་པོ་བཞི། གནམ་ལ་རེག་ཅིངས་རློག་སྟེ།། རྩ་དང་ཤིང་གེལ་བ་དང་ཡལ་ག་དང་ལོ་མ་ཐམས་ཅད་དང་། སེམས་ཅན་སྲོག་ཆགས་འབྱུང ་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་ལས་ནི།། མགྱོགས་པས་འབྲོས་པ་འམ། སྟོབས་ཀྱིས་བཟློག་པའམ།། ནོར་གྱིས་བཟློག་པ་འམ།། རྫས་དང་སྔགས་སྨན་རྣམས་ཀྱིས་བཟློག་པར་སླ་བ་ནི་མ ་ཡིན་ནོ།། རྒྱལ་པོ་ཆེན་པོ་དེ་བཞིན་དུ། འཇིགས་པ་ཆེན་པོ་བཞི་པོ་འདི་དག་འོང་སྟེ། དེ་དག་ལས་མགྱོགས་པས་འབྲོས་པ་འམ། སྟོབས་ཀྱིས་བཟློག་པ་འམ། ནོར་གྱིས་བཟློག་པ་འམ། རྫས་དང ་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ།། བཞི་གང་ཞེ་ན། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒུད་པའོ།། རྒྱལ་པོ་ཆེན་པོ་རྒ་བ་ནི་དར་ལ་བབ་པ་འཇོམས་ཤིང་འོང་། ནང་ནི་ནང ་མེད་པ་འཇོམས་ཤིང་འོང་། རྒུང་པ་ནི་ཕུན་སུམ་ཚོགས་པ་འཇོམས་ཤིང་འོང་། འཆི་བ་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལས་ནི་མགྱོགས་པས་འཕྲོལ་པ་འམ། སྟོབས་ཀྱིས་བཟློག་པ་འམ། ་ནོར་གྱིས་བཟློག་པ་འམ། རྫས་དང་སྔགས་དང་སྨན་རྣམས་ཀྱི་ཞི་བར་སླ་བ་མ་ཡིན་ནོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་རི་དགས་ཀྱི་ཚོགས་ཀྱི ་ནང་ན་བཞུགས་ནས་རི་དགས་བཟུང་སྟེ་ཇི་ལྟར་འདོད་པ་བཞིན་དུ་བྱ་བ་བྱེད་དོ།། རི་དགས་དེ་ནི་དེ་ནི་སྟོབས་པོ་ཆེའི་ཁ་མི་ཟད་པས་བཟུང་བས་དབང་མེད་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་བཞིན་དུ་འཆི་བདག ་གྲི་གསལ་ཤིང་གིས་ཟུག་སྟེ། རྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། གཤིས་ནི་འཇིག། ཚིགས་ནི་འབྱེ་བྲལ། ཤ་དོང་ཁྲག་ནི་བསྐམས། ལུས་ནི་ནང ་ཀྱིས་གདངས། སྐོམ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོ་བ། ལས་ནི་མི་ནུས། མཐུ་ནི་མེད། ཁ་མ་ཆུ་དང་སྣབས་དང་གཅིན་དང་ངན་སྐྱུགས་ཀྱིས་ནི་ལུས་ལ་སོགོས། མིག་དང་རྣ་བ་དང ་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་དག་ནི་འགག། སྐྱིགས་བུ་ནི་འབྱུང་། སྒྲ་ངར་ངར་པོ་ནི་འཐོན། སྨན་པས་ནི་བོར། སྨན་དང་ཁ་ཟས་དང་བཟའ་བ་དང་ཐུག་པ་ཐམས་ཅད་ཀྱིས་ནི་ཀྲེས་ལ་བོར་ཏེ། འགྲོ་བ ་གཞན་དག་ཏུ་འགྲོ་བར་མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་རྒ་བ་དང་ན་བ་དང་། འཆི་བའི་འཁོར་བའི་རྒྱུད་ངུ་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ནི་ལུས། གཤིན་རྗེའི་མིས་ནི་འཇིག་སྐྲག ་བྱུར་གྱི་དབང་དུ་ནི་སོང་།། དབུགས་རྒྱུ་བ་ནི་འཆང།། ཁ་དང་སྣ་ནི་གདངས་སོ་ནི་གཙིགས། སྦྱིན་པ་སྦྱིན་ནོ་ཞེས་དེ་སྐད་གསོལ་བ་ནི་འདེབས། ལས་ཀྱི་སྲིད་པ་ནས་ཡང་སྲིད་པ་ལ་ནི་འཇུག། གཅིག་པུ་གཉིས་སུ ་མེད་ཅིང་གྲོགས་ནི་མེད་དེ། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་དུ་ནི་འགྲོ། སྐྱེས་ཆེན་པོ་ནི་འདེབས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྟུང་། ཁྲོད་སྟུག་པོར་ནི་འཇུག། དགོན་པ་ཆེན་པོར ་ནི་འགྲོ། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། གཡུལ་ངོ་ཆེན་པོར་ནི་འཇུག། གདོན་ཆེན་པོས་ནི་ཟིན། ནམ་མཁའ་ལ་ནི་འཚལ། ཕ་མ་དང་ཕུ་ནུ་དང ་སྲིང་མོ་དང་བུ་དང་པུ་མོས་ནི་བསྐོར། དབུགས་ནི་འཆད། ནོར་བཱ་གོ་བ་ཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་མ་ཀྱི་ཧུད་ཕ་ཀྱི་ཧུད་བུ་ཞེས་ནི་ཟེར། སྐྲ་ནི་ཞིག་ཏེ། སྦྱིན་པ་དང་དཀའ་ཐུབ་དང་ཆོས་འབའ་ཞིག་གྲོགས་སུ་གྱུར ་པ་ན་ཆོས་མ་གཏོགས་པ་སྐྱབས་གཞན་མེད། མགོན་གཞན་མེད་གནས་གཞན་མེད་དཔུང་གཉེན་གཞན་མེད་དོ།། རྒྱལ་པོ་ཆེན་པོ་དེའི་ཚེ་དོའི་དུས་ན། ཆོས་ནི་གླིང་དང་གནས་དང་མགོན་དང་སྟོན་པར་འགྱུརརོ།། ་རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། གྲང་བས་ཉེན་པ་ལ་མེ་དང་། མེས་རབ་ཏུ་གདུངས་པར་གྱུར་པ་མི་གསོད་པ་དང་ཚ་བ་ཉེན་པ་ལ་བསིལ་བ་དང་། འགྲོན་པོ་ངལ་བ་ལ་གྲིབ་མ་དང་། རླུང་བསིལ་བ་དང་། ་ལམ་དུ་ཞུགས་པ་ལ་གཞོན་པ་དང་། ཉལ་བ་ལ་མལ་འཇམ་པོ་དང་། སྐོམ་པ་ལ་ཆུ་གྲང་མོ་དང་། ཤིན་ཏུ་བཀྲེས་པ་ལ་ཟས་བཟང་པོ་དང་། མྱ་ངན་གྱི་ནོན་པ ་ལ་དབུགས་འབྱིན་པ་དང་། གདུངས་པ་ལ་སིམ་པར་བྱེད་པ་དང་། དགོན་པར་ལམ་སྟོར་བ་ལ་ལམ་མཚོན་པར་བྱེད་པ་དང་། ནད་ཀྱིས་བཏབ་པ་ལ་སྨན་པ་དང་སྨན་དང་ནད་གཡོག་བྱེད་དང་། ཆུས་ཁྱེར་བི་ལ ་གཟིངས་དང་། འདམ་དུ་བྱིང་བ་ལ་འཇུས་དང་། རྒལ་དཀའ་བ་ལ་ཟམ་པ་དང་། ཉམ་ང་བ་ལ་འབབ་སྟེགས་དང་། མུན་ཁུང་ན་སྒྲོན་མེ་དང་། རྒྱ་མཚོ་ཆེན་པོ་ལ་གྷ་དང་། ལྷག་པས་ཉེན་པོ་ལ་རླུང་མེད ་པའི་གནས་དང་། ཡུལ་གཞན་དུ་སོང་བ་ལ་ལམ་རྒྱགས་དང་། དབུལ་པོ་ལ་ནོར་དང་། བྱེད་པར་འདོད་པ་ལ་གྲོགས་དང་། གཅད་པར་འདོད་པ་ལ་ལག་ཆ་དང་། གཞིག་པར་འདོད་པ་ལ་རྡོ་རྗེ་དང་། གཡུལ ་དོར་ཞུགས་པ་ལ་གོ་ཚྭ་དང་། འཇིགས་པྲ་ལ་སྟོབས་དང་ལྡན་པའི་གྲོགས་དང་། འཐབ་པ་ལ་དཔུང་གཉེན་དང་དོག་པ་ལ་གོ་འབྱེད་པ་དང་། མུ་གེ་ལ་ནོར་དང་ལྡན་པ་དག་མགོན་དང་སྐྱབས་དང་གནས་དང ་རྟེན་དུ་འགྱུར་བ་དེ་བཞིན་དུ། རྒྱལ་པོ་ཆེན་པོ་འཆི་བདག་གི་གསལ་ཤིང་གིས་ཟུག་སྟེ། རྒྱགས་པ་དང་ནི་བྲལ། མགོན་ནི་མེད།། སྐྱབས་ནི་མེད་། དཔུང་གཉེན་ནི་མེད། གཤིས་ནི་འཇིག། ཚིགས་ནི་འབྱེ། ་འབྲལ། ཤ་དང་ཁྲག་ནི་སྐམས། ལུས་ནི་ནད་ཀྱིས་གདུངས། སྐོམ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོག། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང་སྣརུབས་དང་གཅིན་དང་ངན་སྐྱུགས་ཀྱིས་ནི་ལུས་ལ་གོས ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་དག་ནི་འགག། སྐྱིགས་བུ་ནི་འབྱུང་། སྒྲ་ངར་དྲར་པོ་ནི་འཐོན། སྨན་པས་ནི་བོར། སྨེན་དང་ཟས་དང་བ་འཐུང་བ་ཐམས་ཅད་ཀྱིས་ནི་ཀླས་ལ་བོར་ཏེ། འགྲོ་བ ་གཞན་དག་ཏུ་འགྲི་བར་མལ་གྱི་ཐ་མ་ལ་ནི་ཉལ། ཐོག་མ་མེད་པའི་སྐྱ་བོ་དང་རྒ་བ་དང་འཆི་བའི་འཁོར་རྒྱུད་དུ་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལུས། གཤིན་རྗེའི་མིས་ནི་འཇིགས་སྐྲག། བྱུར་གྱི་དབང་དུ་ནི་སོང ་དབུགས་རྒྱུ་བ་ནི་འཆང། ཁ་དང་སྣ་ནི་གདུངས། སོ་ནི་གཙིགས། སྨྱོན་པ་ནི་སྦྱིན་ནོ་ཞེས་དེ་སྐད་གསོལ་བ་འདེབས། ལས་ཀྱི་སྲིད་པ་ཡང་སྲིད་པ་ལ་ནི་འཇུག། གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད་དེ། ་འཇིག་རྟེནི་འདི་ནི་འདོར། འཇིག་རྟེན་ཕ་རོལ་ཏུ་ནི་འགྲོ། སྐྱབས་ཆེན་པོ་ནི་འདོབས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྟུང་། ཁྲོང་སྟུག་པོར་ནི་འཇུག། དགོན་པ་ཆེན་པོར་ནི་འགྲོ།། རྒྱ་མཚོ ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ་བ་ན་ཆོས་མ་གཏོགས་པར་མགོན་གཞན་མེད་སྐྱབས་གཞན་མེད། དཔུང་གཉེན་གཞན་མེད་དོ།། རྒྱལ་པོ་ཆེན་པོ ་ནི་དེའི་ཚེ་དེའི་དུས་ན་གླིང་ཆེན་པོ་དང་གནས་དང་མགོན་དང་སྐྱབས་དང་དཔུང་གཉེན་དང་སྟོན་པར་འགྱུར་རོ།། རྒྱལ་པོ་ཆེན་པོའི་དེའི་ཚེ། འདྲི་སྙམ་དུ་སེམས་ཏེ། ཀྱི་ཧུང་གང་དུ ་འགྲོ་བར་འགྱུར། ཕྱོགས་གར་འགྲོ་བར་འགྱུར། གང་དུ་ཡོངས་སུ་འཛིན་པར་བྱེད་པར་འགྱུར། བདག་གི་མར་ནི་སུ་ཞིག་འགྱུར་སྙམ་བྱ་ལས། དེས་སེམས་ཅན་དམལ་བར་སྐྱེ་བར་མཐོང་བར་འགྱུར་ན། འདི་ལྟ ་སྟེ། མནར་མེད་པ་དང་། ཚ་བ་དང་། རབ་ཏུ་ཆེ་བ་ལ་སོགས་པའི་སེམས་ཅན་དམྱལ་བ་རྣམས་སུ་ལོ་མང་པོ་ལོ་བརྒྱ་ཕྲག་མང་པོ་ལོ་བརྒྱ་སྟོང་ཕྲག་མང་པོར་སྡུག་བསྔལོ་ཆེན་པོ་སྡུག་བསྔལ་མི་བཟད་པ ་དྲག་པ་རྩུབ་པ་ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ། ཇི་སྲིད་དུ་སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཟད་ཅིང་བྱེད་པར་མ་གྱུར་པ་དེ་སྲིད་དུ་འཆི་བའི ་དུས་བྱེད་པར་མི་འགྱུར་རོ།། དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་མཐོང་བར་གྱུར་ན། འདི་ལྟ་སྟེ། རྒྱ་མཚོ་ཆེན་པོའི་ནང་དུ་ཉ་རློན་དང་ཉ་རློན་མེད་ལ་སོགས་པ་སྲོག་ཚོགས་གཅིག་གིས་གཅིག་བསོད་བྷཱུ ་དང་འཆེ་བ་དང་དབང་མེད་པར་སྐྱེའོ།། བདག་ཡི་དགས་ཀྱི་གནས་སུ་སྐྱེ་བར་མི་འགྱུར་རིམ་སྙམ་ན། འདི་ལྟ་སྟེ། མ་མིང་པོ་དང་ལོ་བརྒྱ་ཕྲག་མང་པོ་དང་ལོ་བརྒྱ་སྟོང་ཕྲག་མང་པོར་ཆུའི་སྒྲ་ཡང ་ཐོས་ན་མཐོང་བ་ལྟ་ཅི་སྨོས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལྟ་བས་ན་ཁྱོད་ཀྱི་མི་རྟག་པར་བལྟ་ཞིང་ཟད་པ་དང་དྲེངས་པར་བལྟ་བར་བྱ་སྟེ་འཆི་བས་འཇིགས་སྐྲག་པར་བྱའོ།། ཆོས་ཀྱི་རྒྱལ་སྲིད་གྱིས་ཤིག། ་ཆོས་མ་ཡིན་པས་ནི་མི་བྱའོ།། ཁྱོད་ཆོས་དང་མཐུན་པར་གྱིས་ཤིག་ཆོས་མ་ཡིན་པ་དང་མཐུན་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ལུས་འདི། འདི་ལྟར་ལེགས་པར་ཡོངས་སུ་བསྲུངས ་ལེགས་པར་ཡོངས་སུ་བཙོས་པ་ཡང་འཆི་བའི་དུས་བྱེད་པར་འགྱུར་རོ།། ཡོན་ཏན་ཐམས་ཅད་དང་ལྡན་ཞིང་ཤིན་ཏུ་ཡུན་རིང་པོར་བཟའ་བ་དང་། བཅའ་བ་དང་མྱང་བ་དང་ངོམས་པར་འགྱུར་པ་བསོད་པ་གཙང་མ་མང ་པོས་ཚིམ་པར་བྱས་ཏེ་བསྐྱེད་བསྐྱེད་པ་ཡང་ཐ་མའི་མཽལ་ན་འདུག་པའི་ཚེ། སྨན་པས་བོར་ཞིང་སྨན་དང་ཁ་ཟས་དང་བཟའ་བ་དང་ཐུག་པས་ཀླེས་ལ་བོར་ནས་བཀྲེས་པ་དང་སྐོམ་པས་ཉེན་ཅིང་ཡིད་མི་བདེ་བར ་འཆི་བའི་དུས་བྱེད་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་ཀྱིས་ལུས་བཀྲུས་ཤིང་བསྐུས་ཏེ་བདུགས་པས་བསྒོས་མེ་ཏོག་དྲི་ཞིམ་པོས་བསྒོས་ཀྱང་། གདོན་མི་ཟ་བར་དུས་སུ་རང་བཞིན་གྱིས་ལྷན་ཅིག ་སྐྱེས་པའི་དྲི་ངོ་བར་འགྱུར་རོ།། རྒྱལ་པོ་ཆེན་པོ་འདི་ལྟར་གོས་ཀ་ཤི་ཀ་དང་། སྲིན་བལ་དང་དུ་ཀུ་ལ་དང་། དང་དང་ལོ་མ་དང་། བལ་དང་གོས་རས་ལ་སོགས་པའི་བྱེ་བྲག་གི་གཡོག་ཀྱང་ཐ་མའི་མལ ་ན་འདུག་པའི་ཚེ། སྣུམ་རྣམ་པ་མང་པོ་དང་ཆུས་རེག་ཅིང་གོས་དྲི་མ་ཅན་གོན་ཞིང་འཆི་བའི་དུས་བྱེད་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་དེ་ལྟར་བུད་མེད་ཀྱི་ནང ་ན་འདུག་བཙུན་མོའི་འཁོར་གྱི་ན་ན་འདུག་སྟེ། པུད་མད་ཀྱི་ཚོགས་ཀྱི་བསྐོར་ཅིང་གར་དང་གླུ་དང་རོལ་མོ་སིལ་སྙན་བྱེད། ཕེག་རྡོབ་པི་བང་དང་གླིང་བུ་ལན། རྫུ་བརྡུང་ཞིང་ཡིང་བདེ་བར་རྩེ་དགའ་ཞིང་དགའ ་མགུར་སྤྱོད་པ་ཡང་འཆི་བས་འཇིགས་སྒེག་ནས་ཤིན་ཏུ་ཡིད་མི་བདེ་ཞིང་འཆི་བའི་དུས་བྱེད་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལྟར་ཁྱོད་ཀྱི་ཁྱིམ་གྱི་ནང་ན་སྤོས་དྲི་ཞིམ་པོའི་བསྐུ་བས་ནི་བསྐུས། གཏན་པ་ནི ་བཅུག། སྐར་ཁུང་ནི་ལེགས་པར་བཅད། བྱུགས་པ་མང་པོས་ནི་བྱུག། འབྲུ་མར་དྲི་ཞིམ་པོ་དང་ལྡན་པའི་མར་མེ་ནི་འབར། དར་གྱི་ལྔ་ལྡིང་མང་པོ་ནི་བྲེས། མེ་ཏོག་དྲི་ཞིམ་པོའི་སིལ་མ་མེང་པོས་ནི་ཆལ་བར ་བཀང་། པོག་པོར་ནཱས་ནི་བདུགས། ཁྲིའི་རྩ་བ་གསེར་དང་དངུལ་དང་བཻ་ཌཱུརྱ་ལས་ནི་བྱས་པ་ཏི་ཀ་དང་། དྲིའུ་རྡོག་གི་སྟན་དང་། སྟེན་ནང་ཚངས་ཅན་དང་། ཟ་འོག་གི་སྟན་དང་། ཡུལ་ཀ་ལིང་ཀ་པའི ་སྟན་དང་། སྟེང་དུ་གདིང་བ་དང་། དེའི་སྟེང་དུ་གདིང་པར་ནི་བཀབ། གཡས་གཡོན་དུ་དར་མར་པོའི་སྔས་ནི་བཞག་པའི་ཁྲི་ལ་ཉལ་བ་ཡང་བྱ་རོག་དང་བྱ་རྒོད་དང་ཝ་དང་རོ་དང་། ཤ་དང་རུས་པ་དང་སྐྲ ་དང་ཁྲག་དང་ཞག་དང་ཆུ་སེར་དང་རྣག་གནས་མཆོག་ཏུ་འཇིགས་སུ་རུང་བའི་ངུར་ས་ཆེན་པོར་བོར་ནས་ལུས་གཡོ་བ་མེད་ཅིང་ས་ལ་ཉལ་དུ་གདོན་མི་ཟའོ།། རྒྱལ་པོ་ཆེན་པོ་འདི་ལྟར་ཡང་ཁྱོད་གླང་པོ་ཆེའི་བྱ་ལ་ཁ ་འམ་རྟའི་རྒྱབ་བམ་ཤིང་རྟ་ལ་ཞོན་ཏེ། དུང་དང་རྔ་དང་མཁར་རྔ་དང་། རོལ་མོའི་སིལ་སྙན་གྱི་བྱེ་བྲག་ལེན་པ་དང་། གདུགས་དང་རྒྱལ་མཚན་དང་པ་དན་དང་རྣམ་པར་རྒྱལ་བའི་བ་དན་ནི་བསྒྲེང་། བསིལ ་ཡབ་ནོར་བུའི་ཡུ་པ་ཅན་དང་། རྔ་ཡབ་དང་ཤིང་ཏཱ་ལ་ལས་བྱས་པ་ནི་གཡོབ་ཅིང་། གླང་པོ་ཆེ་དང་རྟ་པ་དང་དཔུང་བུ་ཆུང་ངུ་མ་ནི་ཕྱི་བཞིན་འབྲང་། རྒྱལ་བུ་དང་བྲམ་ཟེ་བསླབ་པ་ཕོག་པའི་བློན་པོ་དང་མདུན ་ནན་འདོན་པ་དང་སྐྱེ་བོ་ཐལ་མོ་སྦྱར་བ་བརྒྱ་སྟོང་དུ་མས་ནི་ཕྱག་བྱ་ཞིང་རྒྱལ་བས་སྤྱོན་ཅིག་ཅེས་སྙན་པ་བརྗོད་དེ་ཕྱིར་འབྱུང་མྱོང་བ་ཡང་རིང་པོ་མི་ཐོགས་པར་གཡོ་བ་མེད་ཅིང་མལ་དུ་ཤི་ནས་མི་བཞིས ་བཏེག་སྟེ། ཕ་དོང་མ་དང་ཕུ་ནུ་དང་སྲིང་མོ་དང་ཆུང་མ་དང་བུ་ཕེཾ་དང་བུ་མོ་དང་བྲན་ཕོ་དང་བྲན་མོ་དང་། ལས་བྱུད་པ་དང་། ཞོ་ཤས་འཚོ་པཱ་དང་། ཚལ་ཟ་བ་དང་། བློན་པོ་དང་། གྲོང་ཁྱེར་པའི ་སྐྱེ་བོ་དག་མྱ་ངན་གྱི་དབང་དུ་སོང་སྟེ། ལག་པ་བཏེག་ནས་བྲང་བརྡུང་ཞིང་མཆོག་ཏུ་སྙིང་རྗེ་བར། ཀྱི་ཧུད་བུ་ཀྱི་ཧུད་མགོན་པོ་ཀྱི་ཧུད་ཕུ་བོ་ཀྱི་ཧུད་ཇོ་བོ་ཞེས་ངུ་ཞིང་། ཞམ་རིང་བ་དང་གྲོང་ཁྱེར་བའི ་སྐྱེ་བོ་དག་གི་འཇིགས་པ་དང་བཅས་པར་མཐོང་སྟེ། གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོར་བྱུང་ནས། སའི་འོག་ཏུ་བཅུག་གས། འབྲོག་དགོན་པར་སཱའི་ནང་དུ་བཅུག་ཀྱང ་བྱ་རོག་དང་བྱ་རྒོད་དང་ཝ་ལ་སོགས་པསོ་ཤ་ཟོས་ཤིང་། རུས་པ་དེ་དག་མེས་བསྲེགས་སམ་ཆུས་བསྐུར་རིམ་སའི་འོག་ཏུ་བཅུག་ཀྱང་རླུང་དང་ཉི་མ་དང་ཆར་བས་ཕྱེ་མར་བྱས་ཏེ། ཕྱོགས་ཕྱོགས་སུ ་གཏོར་ཞིང་རྡོ་ཉིད་དུ་རུལ་བར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་འདི་བཞིན་དུ་འགྱུར་རོ།། རྒྱལ་པོ་ཆེན་པོ་འདུ་བྱེད་ཐམས་ཅད་ནི་དེ་ལྟར་མི་རྟག་པ་དེ་ལྟར་མི་བརྟེན་པ་ཞེས ་རྒྱ་ཆེར་གསུངས་སོ།། དེ་ལ་ཉོན་མོངས་པ་གཙོར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམས་ཏེ། དེ་དག་གི་ནཱང་ནས་གང་ལ་མཆོག་ཏུ་གནོད་པར་བྱེད་པའི་གཉེན་པོ་གང་ཡིན་པ་དེ་ཐོག་མར་བསྒོམ་ཞིང ་དྲིའི་གཞི་ཡོང་ཡོངས་སུ་སྦྱང་བར་བྱའོ།། དེ་ལ་རེ་ཞིག་འཕགས་པ་དཀོན་མཆོག་སྤྲིན་ལས། དེ་འདོད་ཆགས་ཀྱི་གཉེན་པོ་ལ་བརྟེན་ཅིང་འདོད་ཆགས་སྐྱེ་བའི་རྐྱེན་རྣམས་ཡོངས་སུ་སྤོང་ངོ་།། འདོད་ཆགས ་ཀྱི་གཉེན་པོ་དེ་ནི་གང་འདོད་ཆགས་སྐྱེ་བའི་རྐྱེན་དེ་དག་གང་ཞེ་ན། མི་སྡུག་པ་བསྒོམ་པ་ནི་འདོད་ཆགས་ཀྱི་གཉེན་པོའོ།། ཡུལ་གྱི་བཟང་མོ་ནི་འདོད་ཆགོས་སྐྱེ་བའི་རྐྱེན་ནོ།། མི་སྡུག་པ་བསྒོམ་པ་དེ་ཡང ་གང་ཞེ་ན། འདི་ལྟ་སྟེ་ལུས་འདི་ལ་སྒྲ་དང་སྤུ་དང་སེན་མོ་དང་སོ་དང་རྡུལ་དང་། དྲི་མ་དང་། པགས་པ་དང་ཤ་དང་རུས་པ་དང་རྒྱུས་པ་དང་རྩཝ་དང་མཁལ་མ་དང་སྙིང་དང་མཆིན་པ་དང་གྲོ་བ་དང་རྒྱུ་མ་དང་གཉེ་མ་དང་ཐ ་བ་དང་སུལ་མངས་དང་ལོང་གཱ་དང་མཚར་པོ་དང་ཕྱི་ས་དང་མཆིལ་མོ་དང་རྡུལ་དང་སྐབས་དང་ངར་སྐབས་དང་ཞག་དང་ཆུ་སེར་དང་རྐང་དང་ཚིལ་དང་མཁྲིས་པ་དང་བད་ཀུན་དང་རྣག་དང་ཁྲག་དང་གླང་པ་དང་གླང་རྒྱས ་དང་གཅིན་དག་ཡོད་དེ། དངོས་པོ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཡོངས་སུ་རྟོགས་པའི་རང་བཞིན་ཅན་ཡིན་ཏེ་ཡོངས་སུ་རྟོག་པའི་རུང་བཞིན་ཅན་དེའི་སྙམ་དུ་བྱིས་པ་བླུན་པོ་མི་བསལ་བ་མི་མཁས་པ་དེ་ཡང ་དངོས་པོ་འདི་དག་ཤེས་ནས་འདོད་ཆགས་ཀྱི་སེམས་མི་སྐྱེ་ན་ཤེས་རབ་དང་ལྡན་པའི་རང་བཞིན་ཅན་ལྟ་སྨོས་ཀྱང་ཅི་དགོས་སྙམ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་སྡུག་པ་མང་དུ་བསྒོམ་པ་ཡིན་ནོ་ཞེས ་གསུངས་སོ།། བཅོམ་ལྡན་འདས་མ་ལྔས་ཀྱང་། གཞན་ཡང་བྱང་ཆུབ་སེམསྟེ་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། ལུས་འདི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེསོ།། ། ་རབ་འབྱོར་འདི་ལྟ་སྟེ་དཔེར་ན་བ་ལང་གི་བཤིན་པ་འམ་པ་ལང་གི་བཤན་པའི་སློབ་མས་བ་ལང་བས་དེ་གྲི་རྣོན་པོས་བག་གཞིར་གཽ་ཤེགས་ནས་འགྲེང་ངམ་འདུག་སྟེ་སོ་སོར་རྟོག་གོ། རབ་འབྱོར་དེ་བཞིན ་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཡང་། ལུས་འདི་ལ་ཡོད་པ་ནི་སའི་ཁམས་དང་ཆུའི་ཁམས་དང་མེའི་ཁམས ་དང་རླུང་གི་ཁམས་སོ་ཞེས་ལུས་འདི་ལ་ཁམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ་ཞེས་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཆུན་པའི་རྫིང་། འབྲས་སཱ་ལུ་དང་། ་འབྲུ་དང་། ཏིལ་དང་། འབྲས་དང་། མོན་སྲན་སྡེའུ་དང་། མོན་སྲན་གྲེའུ་དང་། ནས་དང་། མོ་དང་། སྲན་ཆུང་དང་། ཡུངས་ཀར་དང་། འབྲུ་སྣ་ཚོགས་ཀྱིས་གང་བ་དེ་དག་ལ། སྐྱེས་བུ་མིག་དང་ལྡན་པས་བརྟགས ་ན། འདི་ལྟར་འདི་དག་ནི་འབྲས་སཱ་ལུའོ།། འདི་དག་ནི་འབྲུའོ།། འདི་དག་ནི་ཏི་ལོ།། འདི་དག་ནི་འབྲས་སོ།། འདི་དག་ནི་མོན་སྲན་རྫ་།། དི་དག་ནི་མོན་སྲན་གྲོ། འདི་དག་ནི་ནས་སོ།། འདི་དག་ནི་གྲྀའོ།། འདི་དག་ནི་སྲན་ཆུང་ངོ་།། ་འདི་དག་ནི་ཡུངས་ཀར་རོ་ཞེས་བྱ་བར་ཤེས།། རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་པ་ན། ལུས་འདི་ལ་རྐང་མཐིལ་ཡན་ཆད་ཀླང ་རྒྱས་མན་ཆད་སེན་མོ་དང་སྤུ་དང་པགས་པ་ལ་ཐུག་པ་མི་གཅིང་བ་རྣམ་པར་སྣ་ཚོགས་ཀྱིས་གང་སྟེ། ལུས་འདི་ལ་ཡོད་པ་ནི་སྒྲ་དང་སྤུ་ནས་ཀླད་པ་དང་ཀླང་རྒྱས་དང་མིག་གི་རྡུ་མ་དང་རྣ་ལྤགས་ཀྱི་བར་དག ་གོ་ཞེས་སྣ་མ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ།། དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ངུར་ཁྲོད་དུ་སོན་སྟེ། དུར་ཁྲོད་དུ་བོར་བའི་རོའི་གནས་སུ་བསྐྱལ་བ། ཤི་ནས ་ཞག་གཅིག་ལོན་པ་འམ། ཤི་ནས་ཞག་གཉིས་ལོན་པ་འམ། ཤི་ནས་ཞག། སུམ་པའམ། ཤི་ནས་ཞག་བཞི་ལོན་པ་འམ། ཤི་ནས་ཞག་ལྔ་ལོན་པ་འམ། རྣམ་པར་བམ་པའམ། རྣམ་པར་བསྔོས་པ ་འམ། རྣམ་པར་རྣགས་པ་འམ། རྣམ་པར་འབུས་བཤིག་པའི་རོ་སྣ་ཚོགས་མཐོང་ན། དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ནོ།། དེ་ལྟ་བུའི་ཆོས་ཅན་ནོ།། ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི ་ཡང་དེ་དང་སྦྱར་རོ།། རབ་འབྱོར་དེ་ལྟ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དེ་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་སོ།། དེ་བཞིན་དུ་སྦྱར་ཏེ། གཞན ་ཡང་གང་གི་ཚེ་ཤི་བའི་རོ་དུར་ཁྲོད་དུ་བོར་བ། ཤི་ནཱས་ཞག་དྲུག་ལོན་པ་འམ། ཤི་ནས་ཞག་བདུན་ལོན་པོ་འམ། བྱ་རྙོག་གི་གཏོགས་པ། ནེའུ་ལེ་འམ། བྱ་རྒོད་དམ། ཁྱི་འམ། ཅི་སྤྱང་ངམ། ་དེ་ལས་གཞན་པ་སྲོགས་ཆགས་རྣམ་པ་སྣ་ཚོགས་ཀྱིས་ཟ་བ་མཐོང་ན་དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ཅན། དེ་ལྟ་བུའི་ཆོས་ཅན་ནོ།། ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ཡ་ང་དེ་དང་སྦྱརརོ།། ་དེ་བཞིན་དུ་སྦྱར་ཏེ། གཞན་ཡང་གང་གི་ཚེ་ཤི་བའི་རོ་དུར་ཁྲོད་དུ་བོར་ན། རྣམ་པར་ཟོས་པ། མི་གཙང་བ། དྲི་ང་བུ་མཐོང་ན། དེ་ལུས་འདི་ཡང་དེ་དང་སྦྱར་རོ།། ཞེས་བྱ་བ་སྔ ་མ་བཞིན་ནོ།། གཞན་ཡང་གང་གི་ཚེ། དུར་ཁྲོད་ན་ཀེང་རུས་དང་། ཤ་དང་ཁྲག་ར་རི་ཆགས་པ་ཆུ་རྒྱུས་ཟད་བྲེང་ཐོགས་པ་མཐོང་ན། དེ་ལུས་འདི་ཡང་དེ་དང་སྦྱར་རོ། ཞེས་བྱ་བ་སྟེ་མེ་བཞིན་ནོ།། གཞན ་ཡང་གང་གི་ཚེ། དུར་ཁྲོད་ན་ཀེང་རུས་སུ་གྱུར་པ་ཤ་ཁྲ་ག་ར་རི་དང་ཆུ་རྒྱུས་མེད་པ་མཐོང་ན། དེ་ལུས་འདི་ཡང་ཞེས་བྱ་བ་སྔ་མ་བཞིན་ནོ།། གཞན་ཡང་གང་གི་ཚེ་དུར་ཁྲོར་ན་རུས་པ་ཕྱོགས་དང་ཕྱོགས ་མཚམས་སུ་འཐོར་བ་འདི་ལྟ་སྟེ། རྗེ་ངར་གྱི་རུས་པ་ཡང་གཞན་ན། བརླའི་རུས་པ་ཡང་གཞན་ན། འདོང་མོ་ཡང་གཞན་ན། སྦྲུལ་ཚིགས་ཀྱང་གཞན་ན། རྩིབ་མ་ཡང་གཞན་ནུ། མཛད་ཚིགས་ཀྱང ་གཞན་ནུ། དཔུང་པའི་རུས་པ་ཡང་གཞན་ན་འདུག་པ་མཐོང་ན། དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ཅན་ནོ།། དེ་ལྟ་བུའི་ཆོས་ཅན་ནོ།། ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ཡང ་དེ་དང་སྦྱོར་རོ།། དེ་བཞིན་དུ་སྦྱར་ཏེ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། དུར་ཁྲོར་ན་རུས་པ་ལོ་དུ་མ་ལོན་པ ་རླུང་དང་ཉི་མས་གདུངས་པས་དཀར་བ་དུད་ལྟ་བུར་མཐོང་ན། དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ནོ།། དེ་ལྟ་བུའི་ཆོས་ཅན་ནོ།། ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ཡང་དེ་དང་སྦྱར་རོ།། རབ་འབྱོར། ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན། དུར་ཁྲོད་ན་རུས་པ་ལོ་དུ་མ་ལོན་པ་ཐི་བའི་མདོག་ལྟར་སྔོ་བ། སོབ་སོབ་པར་གྱུར་པ་ཟེགས་པ་ས་ལ་རྡུལ་དང ་མཚུངས་ཤིང་མཉམ་པར་གྱུར་པ་མཐོང་ན། དེ་ལུས་འདི་ཡང་དེ་ལྟ་བུའི་རང་བཞིན་ནོ།། དེ་ལྟ་བུའི་ཆོས་ཅན་ནོ།། ཆོས་ཉིད་འདི་ལས་མ་འདས་པའོ་ཞེས་ལུས་འདི་ཡང་དེ་དང་སྦྱོར་རོ་ཞེས་གསུངས་སོ།། འདི་ནི་རེ ་ཞིག་འདོད་པ་ཆགས་ལ་ཀུན་ཏུ་སྤྱོད་པའི་གཉེན་པོ་མདོར་སྡུས་པའོ།། ཞེ་སྡང་གི་གཉེན་པོ་ནི་བྱམས་པ་དང་མི་སྡུག་པའི་སེམས་ཅན་མི་མཐོང་བ་འམ་དེ་དང་ལྷན་ཅིག་ཏུ་ཟས་ལ་སོགས་པ་དོན་ཅིག་པས་དགའ་བ ་སྐྱེའོ།། དེ་ལ་གཞན་ལ་བདེ་བ་འདོད་པ་དང་ནོན་དུ་གཉེར་བ་དང་མོས་པ་དང་མངོན་པར་དགའ་བ་ནི་བྱམས་པ་སྟེ། འདོད་པ་ལ་འདོད་ཆགས་དང་ལན་དུ་ཕན་འདོགས་པའི་རྒྱུ་དག་ལས་ཉོན་མོངས་པ་ཅན་མ་ཡིན ་བོའི་ཆགས་པ་ཞེས་བྱ་བའི་ཐ་ཚིག་གོ། དེ་ནི་རྣམ་པ་གསུམ་སྟེ། འཕགས་བློ་གྲོས་མི་ཟད་པའི་མདོ་ལས། སེམས་ཅན་ལ་དམིགས་པའི་བྱམས་པ་ནི་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས ་ཀྱིའོ།། ཆོས་ལ་དམིགས་པའི་བྱམས་པ་ནི་སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ།། དམིགས་པ་མེད་པའི་བྱམས་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞེས་གསུངས་སོ།། ཡང་སངས་རྒྱས་ལ་དམིགས་པ་དང་། བྱང་ཆུབ་སེམས་དཔའ་ལ་དམིགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་ལོ་དམིགས་པ་དང་། སེམས ་ཅན་ལ་དམིགས་པའོ།། དེ་ལ་སེམས་ཅན་ལ་དམིགས་པ་ནི་གང་ཐོག་མར་སྙིང་དུ་སྡུག་པའི་སེམས་ཅན་ལ་ཕན་པ་དང་བདེ་བ་ཉེ་བར་བསྒྲུབ་པར་བསམ་པ་གོམ་པར་བྱེད་ཅིང་དེ་དང་མཐུན་པའི་བྱམས་པ་ཉེ་བར ་བསྒྲུབ་པ། དེའི་འོག་ཏུ་འདྲེས་པ་རྣམས་ལའོ།། དེའི་འོག་ཏུ་ཐ་མལ་པ་རྣམས་ལའོ།། དེའི་འོག་ཏུ་ཉེ་འཁོར་བ་རྣམས་ལའོ།། དེའི་འོག་ཏུ་རང་གི་གློང་ན་གནས་པ་རྣམས་ལྔའོ།། དེ་བཞིན་དུ་གཞན་གྱི་གྲོང ་པ་ནས་ཕྱོགས་གཅིག་གི་བར་དུ་མོས་པར་བྱས་ནས་རྫོགས་པར་བྱས་ཏེ་གནས།། ཕྱོགས་བཅུར་ཡང་དེ་བཞིན་ནོ།། སངས་རྒྱས་ལ་སོགས་པ་ལ་དམིགས་པ་ལྔ་ནི་སྦྱོར་བ་འདྲི་མེད་དེ། དེ་ནི་རྡོ་རྗེ་རྒྱལ་མཚན ་ཀྱི་ཡོངས་སུ་བསྔོ་བ་ལས། དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་ན། གཟུགས་ཡིད་དུ་འོང་བ་འམ་ཡིད་དུ་མི་འོང་བ་གང་ཇི་སྙེད་ཅིག་མཐོང་བ་དང་། དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཡིད ་དུ་འོང་བ་འམ། ཡིད་དུ་མི་འོང་ཁ་ན་མ་ཐོ་བ་མེད་པ་དག་ལ་བདེ་བ་རྒྱ་ཆེ་བ་འོད་གསལ་བ་འམ། གང་གི་ཡིད་བདེ་བ་སྐྱེ་བ་དང་།། དགའ་བ་འབྱུང་བ་དང་། མཆོག་ཏུ་དགའ་བ་གནས་པ་དང་། མགུ་བ་འབྱུང་བ་དང ་ཡིད་མི་བདེ་བ་ལྡོག་པ་དང་། སེམས་དགེ་བ་འབྱུང་བ་དང་། སེམས་ལས་སུ་རུང་བར་འགྱུར་བ་དང་། བསམ་པ་གཉེན་པར་འགྱུར་བ་དང་། དབང་པོ་རབ་ཏུ་ཚིམ་པར་འགྱུར་བའི་བདེ་བ་མྱོང་བ་ནི། སངས་རྒྱས ་ཐམས་ཅད་ལ་འདི་ལྟར་ཡོངས་སུ་བསྔོ་སྟེ། ཡོངས་སུ་བསྔོ་བ་འདིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་བས་ཀྱང་སངས་རྒྱས་ཀྱི་གནས་པའི་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྗོན་པར་གྱུར་ཅིག། སོངས ་རྒྱས་ཀྱི་ཏིང་ངེ་འཛིན་གྱི་བདེ་བ་ཚུངས་པ་མེད་པས་ལེགས་པར་ཟིན་པར་གྱུར་ཅིག། སངས་རྒྱས་ཀྱི་བདེ་བ་མཐའ་ཡས་པས་རྒྱ་ཆེར་བརྟན་པར་གྱུར་ཅིག། སངས་རྒྱས་ཀྱི་རྣམ་པར་ཐར་པའི་བདེ་བ་ཚད་མེད་པ་དང ་ལྡན་པར་གྱུར་ཅིག། སངས་རྒྱས་ཀྱི་ཆོ་འཕྲུལ་གྱི་བདེ་བ་དཔག་ཏུ་མེད་པས་ལེགས་པར་ཟིན་པར་གྱུར་ཅིག། སངས་རྒྱས་ཀྱི་གནས་པ་ཆགས་པ་མེད་པའི་བདེ་བ་བསམ་གྱིས་མི་ཁྱབ་པས་ལེགས་པར་ཡོངས ་སུ་ཟིན་པར་གྱུར་ཅིག། སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་གྱུར་པའི་བདེ་བ་བསྙེན་པར་དཀའ་རྒྱུན་མི་འཆད་པར་གྱུར་ཅིག། སངས་རྒྱས་ཀྱི་སྟོབས་ཀྱི་བདེ་བ་དཔག་ཏུ་མེད་པས་ཤིན་ཏུ་བདེ་བར་གྱུར་ཅིག། ཚོར་བ ་ཐམས་ཅད་ཞི་བ་མི་སྐྱེ་བའི་བས་འགྱུར་བ་མེད་པར་བདེ་བར་གྱུར་ཅིག། དེ་བཞིན་གཤེགས་པའི་ཆགས་བྱ་མེད་པར་གནས་པར་རྟག་ཏུ་མཉམ་པར་བཞག་པ་གཉིས་ཀུན་ཏུ་མི ་སྤྱོད་པས་རྣམ་པར་མི་འཁྲུག་པར་བདེ་བར་གྱུར་ཅིག། བྱང་ཆུབ་སེམས་དཔས་དེ་ལྟར་དགེ་བའི་རྩ་བ་དེ་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་བསྔོས་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་བསྔོ། ་སྟེ། གང་འདི་བསམ་པ་ཡོངས་སུ་རྫོགས་པ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ལྷག་པའི་བསམ་པ་ཡོངས་སུ་མ་དག་པ་རྣམས་ཡོངས་སུ་དྲུག་པར་བྱ་བ་དང་། ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་མ་རྫོགས་པ་ཡོངས་སུ་རྫོགས་པར་བྱེ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱོད་པ་རྡོ་རྗེ་ལྟེ་བུའི་གནས་སུ་བྱ་བ་དང་། ཐམས་ཅད་མཁྱེན་པ་ལས་ཕྱིར་མི་ལྡོག་པའི་གོ ་ཆ་རྒྱུན་མི་གཅད་པ་དང་། བྱང་ཆུབ་ཀྱི་སྒོའི་དགེ་བའི་རྩ་བ་རྣམས་བསྐྱེད་པ་དང་། འགྲོ་བ་ཐམས་ཅད་ལ་མཉམ་པོ་ཉིད་དུ་གནས་པའི་སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བ་དང་། བྱང་ཆུབ་སེམས ་དཔེའི་གནས་པ་ཐམས་ཅད་རྟོག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་དབང་པོ་ཐམས་ཅད་མངོན་པར་ཤེས་པ་རྣོ་བར་བྱ་བ་དང་། བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་དུ ་རེག་པར་བྱ་བའི་ཕྱིར་ཡོངས་སུ་བསྟིའོ།། དེ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་དགེ་བའི་རྩ་བ་ཡོངས་སུ་བསྔོས་ནས། སངས་རྒྱས་ཀྱི་བསྟན་པ་ལ་སྤྱོད་པ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས ་ཅད་ལ་དགེ་བའི་རྩེ་བ་དེ་འདི་ལྟར་ཡོངས་སུ་བསྔོ་སྟེ། སེམས་ཅན་གང་ལི་ལ་དག་ས་གལ་གཏོག་པ་སྲིད་དུ་སངས་རྒྱས་ཀྱི་སྒྲ་ཉན་པ་འོམ། ཆོས་ཀྱི་སྒྲ་ཉན་པ་འམ། འཕགས་པའི་དགེ་འདུན་ལ་བསྙེན ་བཀུར་བྱེད་པ་དེ་དག་གི་དགེ་བའི་རྩ་བ་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ།། སངས་རྒྱས་རྗེས་སུ་དྲན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། ་རྗེས་སུ་དྲན་པ་ལ་སྦྱོར་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། འཕགས་པའི་དགེ་འདུན་ལ་གུས་པར་བྱ་བའི་ཕྱིར་ཡོངས་སུ་བསྡུའོ།། སངས་རྒྱས་མཐོང་བ་དང་མི་འབྲལ་བར་བྱ་བོའི་ཕྱིར་ཡོངས་སུ་བསྔོའོ།། ། ་སེམས་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྡུའོ།། སངྱས་ཀྱི་ཆོས་རབ་ཏུ་རྟགས་པར་བྱ་བོའི་ཕྱིར་ཡོངས་སུ་བསྔོའོ།། ཡོན་ཏན་དཔག་ཏུ་མེད་པ་བསྒྲུབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། ་མངོན་པར་ཤེས་པ་ཐམས་ཅད་ཀྱི་དགེ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། ཆོས་ལ་ཡི་ལ་ཡིད་གཉིས་ཟློག་པའི་ཕྱིར་ཡོངས་སུ་བསྔོའོ།། ཇི་ལྟར་སངས་རྒྱས་ཀྱི ་བསྟན་པ་ཞུགས་པ་རྣམས་དང་ཉན་ཐོས་དང་རང་སངས་རྒྱསྐུ་རྣམས་ལ་བསྒོ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་དགེ་བའི་རྩ་བ་དེ་ཡོངས་སུ ་བསྔོ་སྟེ། གང་འདི་སེམས་ཅན་དམྱལ་བའི་ལམ་ལས་རྣམ་པར་ལྡོག་པའི་ཕྱིར་ཡོངས་སུ་བསྔོའོ།། དྲུད་འགྲོའི་སྐྱེ་གནས་རྣམ་པར་གཅད་པའི་ཕྱིར་ཡོངས་སུ་བསྔོའོ།། གཤིན་རྗེའི་འཇིག་རྟེན་ཉེ་བར་གཅད་པའི ་བདེ་བའི་ཕྱིར་ཡོངས་སུ་བསྔོའོ།། དོན་སོང་མ་ལུས་ཐམས་ཅད་ཀྱི་འགྲོ་བར་སྐྱེ་བ་རྣམ་པར་གཅད་པའི་ཕྱིར་ཡོངས་སུ་བསྔོའོ།། དེ་བཞིན་དུ་སྦྱར་ཏེ། སེམས་ཅན་དེ་དག་བླ་ན་མེད་པའི་བྱང་ཆུབ་ལ་མོས་པ ་རྣམ་པར་སྤེལ་བའི་ཕྱིར་ཡོངས་སུ་བསྔོའོ།། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཀྱི་ལྷག་པའི་བསམ་པ་ཐོབ་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་སྤོང་བའི་ཕྱི་ཡོངསུ ་བསྔོའོ།། ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིན་ཏུ་བདེ་བ་གྲུབ་པར་བྱ་བའི་ཕྱིར་ཡོངས་སུ་བསྒོའོ།། སེམས་ཅན་ཐམས་ཅད་ཤིན་ཏུ་རྣམ་པར་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། སེམས་ཅན་ཐམས་ཅད ་ཡེ་ཤེས་མཐའ་ཡས་པ་རྟོགས་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། དེ་བཞིན་སྦྱར་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པ་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་ཕན་པ ་དང་བདེ་བའི་སེམས་དང་ལྡན་པ་དང་། དེ་བཞིན་དུ་སྦྱར་ཏེ། འགྲོ་བ་ཐམས་ཅད་ཡོངས་སུ་བསྒྲུབ་པའི་ཡིད་དང་ལྡན་པ་དང་། དགེ་བའི་རྩ་བ་རྟག་ཏུ་བརྩོན་པ། རྒྱགས་པ་དང་བག་མེད་པ་བཟློག་པ་དང་། དེ་བཞིན། ་དུ་སྦྱར་ཏེ། ཉོན་མོངས་པ་ཐམས་ཅད་ལ་རྒྱབ་ཀྱིས་ཕྱོགས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྗེས་སུ་སློབ་པའི་སེམས་དང་ལྡན་པ། ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་དང་ཞེ་མ་འགྲིས་པ། ཡེ་ཤེས ་ཀྱི་སོ་ལ་བརྟེན་པ། མཁས་པ་དང་འགྲོགས་པར་དགའ་བ་དང་། དེ་བཞིན་དུ་སྦྱར་ཏེ། བུང་བ་ལྟར་དགེ་བའི་རྩ་བ་བསོགས་པ། འགྲོ་བ་ཐམས་ཅད་ལས་སྐྱོབ་པའི་རྒྱུད་དང་ལྡན་པ། འདུས་བྱས་ཐམས་ཅད་ལ ་མངོན་པར་ཞེན་པ་མེད་པ་དེའི་གོས་དང་ཟས་དང་ན་བའི་གསོས་སྨན་དང་ཡོ་བྱད་དང་། འོང་བ་དང་། འགྲོ་བ་དང་། ལུས་ཀྱི་བསྙེན་བཀུར་དང་འདུག་པ་ལ་སོགས་པ་སྟེན་པའི་གནས་ལ་འཇུག་པའི་ལས་དང ་སྤྱོད་ལམ་གྱི་གནས་དང་། སྤྱོད་ལམ་རྣམ་པར་མི་འཁྲུགས་པ་དང་། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དང་། ལེགས་པར་སྤྱོད་པ་དང་། དབང་པོ་དྲུག་སྡོམ་པ་དང་། རང་གི་ལུས་གཡོག ་པོ་དང་། མཉེ་བ་དང་། བཀྲུ་བའི་ལས་དང་། ཟོས་པ་དང་། འཆོས་པ་དང་། མྱངས་པ་དང་། བསྐུམ་པ་དང་། རྨྱང་བ་དང་། ལྟ་བ་དང་རྣམ་པར་ལྟེ་བ་དང་། གཉིད་ཀྱིས་ལོག་པ་དང་། གཉིད་ཀྱི་མ་ལོག ་པ་དང་། རང་གི་ལུས་སུ་གཏོགས་པའི་བསྙེན་བཀུར་གང་ཅི་ཡང་རུང་བ་སྟེ་དེ་ཐམས་ཅད་ཡོངས་སུ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ ་ནས་རང་གི་བ་རྣམས་དང་དེ་ལས་གཞན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ལ་འབྲས་ཆེན་ཕོ་གསུམ་གང་ངམ་ཟན་ཚངས་གཅིག་ཙམ་ཡོངས་སུ་གཏོང་བ་ཡང་སྐྱེ་བ་དེ་དང་དེ་དག་ཏུ་དེ་དག་ཉིད་ལ་ཕན་པ་དང་དེ་ཉིད ་ཡོངས་སུ་དགྲོལ་བའི་ཕྱིར་དེ་ཐམས་ཅད་ཡོངས་སུ་བསྔོའོ།། སེམས་ཅན་དེ་དག་དུད་འགྲོའི་སྐྱེ་གནས་དེ་དང་སྡུག་བསྔལ་གྱི་ཕུང་པོ་དེ་ཉེ་བར་ལེན་པ་དེ་དང་སྡུག་བསྔལ་གྱི་ཕུང་པོ་དེ་དང་། སྡུག་བསྔལ་གྱི ་པ་དང་། སྡུག་བསྔལ་ཉེ་བར་བསགས་པ་དེ་དང་། སྡུག་བསྔལ་གྱི་གཞི་དེ་དང་མངོན་པར་འདུ་བྱེད་པ་དེ་དང་། སྡུག་བསྔལ་གྱི་གཞི་དེ་དང་། སྡུག་བསྔལ་གྱི་རྩེ་བ་དེ་དང་། སྡུག་བསྔལ་གྱི་གནས་དེ ་ལས་རྣམ་པར་བཟློག་པའི་ཕྱིར་ཡོངས་སུ་བསྔོའོ།། དེ་ལ་དམིགས་པས་སེམས་ཅན་ཐམས་ཅད་ལ་དམིགས་པར་བྱེད་དོ།། སེམས་ཅན་རྣམས་མངོན་དུ་བྱེད་དོ།། ཡིད་ལ་བྱེད་དོ།། འདི་ལྟ་སྟེ། ཐམས ་ཅད་མཁྱེན་པ་ཉིད་དུ་ཡོང་སུ་བསྔོ་བར་བྱེད་པས་དགེ་བའི་རྩ་བ་དེ་ལ་སྔོན་དུ་འགྲོ་བར་བྱེད་དོ།། བྱང་ཆུབ་ཏུ་སེམས་བསྐྱེད་པས་རབ་ཏུ་འཛིན་ཏོ།། དགེ་བའི་རྩ་བ་དེ་ལ་སྦྱོར་རོ།། འཁོར་བའི་དགོན་པ ་ལས་རྣམ་པར་བཟློག། སངས་རྒྱས་ཀྱི་བདེ་བ་བསྒྲིབ་པ་མེད་པ་མངོན་དུ་བྱེད་དོ།། འཁོར་བའི་རྒྱ་མཚོ་ལས་འབྱིན་ཏོ།། སངས་རྒྱས་ཀྱིས་ཆོས་དང་ལྡན་པའི་བྱམས་པས་ཁྱབ་པར་བྱེད་དོ་ཞེས་བྱ་བ་ལ་སོགས ་པ་གསུངས་སོ།། གསེར་འོད་དམ་པ་ལྔས་གསུངས་པའི་བྱམས་པ་དང་སྙིང་རྗེའི་སྙིང་པོ་ཅན་གྱི་ཚིགས་སུ་བཅད་པ་འདི་དག་གུས་པ་ཐམས་ཅད་ཀྱི་བསམས་ཏེ་ཐ་ན་ཚིགས་གྱིས་ཀྱང་བསྒོམ་པར་བྱའོ།། ་གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི།། སངས་རྒྱས་ཀྱི་ཆོས་དང་ལྡན་པའི།། ངན་སོང་སྡུག་བསྔལ་གཱ་ཤིན་རྗེའི་སྡུག་བསྔལ་དང་།། དབུལ་བའི་སྡུག་བསྔལ་སྡུག་བསྔལྀ་ཞི་བར་ཤོག། རྩཝ་བོ་ཆེའི ་སྒྲ་སྐད་འདི་ཡིས་ནི།། འཇིག་རྟེན་ཕོངས་པ་ཐམས་ཅད་ཞི་གྱུར་ཅིག། ཇི་ལྟར་ཐུབ་དབང་འཇིགས་མེད་འཇིགས་ཞི་ལྟར།། སེམས་ཅན་འཇིགས་མེའི་ཇིགས་དང་བྲེལ་བར་ཤོག། ཇི་ལྟར་འཁོར་བར་ཀུན ་མཁྱེན་ཐུབ་དབང་པོ།། འཕགས་པའི་ཡོན་ཏན་ཀུན་དང་ལྡན་པ་ལྟར།། སྐྱེ་དགུའི་ཏིང་འཛིན་བྱང་ཆུབ་ཡན་ལག་གི། ཡོན་ཏན་ལྡན་ཞིང་ཡོན་ཏན་རྒྱ་མཚོར་གྱུར།། རྔ་བོ་ཆེ་ཡི་སྒྲ་སྐྱེད་འདི་ཡིས་ནི།། སེམས ་ཅན་ཐམས་ཅད་ཚངས་པའི་དབྱངས་ལྡན་འགྱུར།། སངས་རྒྱས་བྱང་ཆུབ་དམ་པ་མཆོག་རི་གཤོག། ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་གྱུར་ཅིག། བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག། འགྲོ་ལ་ཕན་ཕྱིར་ཆོས ་ཀྱང་སྟོན་གྱུར་ཅིག། ཉོན་མོངས་འཇོམས་འགྱུར་སྡུག་བསྔལ་སེལ་བར་ཤོག། འདོད་ཆགས་ཞེ་སྡང་གཏི་མུག་ཞི་གྱུར་ཅིག། སེམས་ཅན་གང་དག་ངན་སོང་སར་གནས་ཏེ། རུས ་པ་དང་ནི་ལུས་གདུང་བར་འབར་བ། དེ་དག་རྗེ་ཆེན་བསྒྲགས་པས་ཐོས་གྱུར་ནས།། སངས་རྒྱས་ཕྱག་འཚལ་ལོ་ཞེས་ཚིག་སྨྲ་ཤོག། སེམས་ཅན་ཀུན་གྱིས་སྐྱེ་བ་བརྒྱ་དག་དང་། སྐྱེ་བ་སྟོང་ཕྲག་བྱེ་བར་སྐྱེ་དྲན ་ཤློ་ག། ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིག། དེ་དག་གི་ནི་རྒྱ་ཆེན་གསུང་ཐོས་ཤོག། རྔ་བོ་ཆེའི་སྒྲ་སྐད་འདི་ཡིས་ནི།། སངས་རྒྱས་རྣམས་དང་རྟག་ཏུ་འགྲོགས་རྙེད་གྱུར།། སྡིག་པའི་ལས་རྣམས་རྣམ་པར ་སྟོང་པར་ཤོག། བྱ་བ་དགེ་བ་རྣམས་ནི་སྤྱོད་གྱུར་ཅིག། དེ་བཞིན་དུ་སྦྱར་ཏེ། ཞིང་རྣམས་ཀུན་ན་སྲོག་ཆགས་ཐམས་ཅད་ཀྱང་།། འཇིག་རྟེན་དག་ན་སྡུག་བསྔལ་ཀུནི་ཞིར་གྱུར།། སེམས་ཅན་དབང་པོ་མ་ཚང། ་ཡན་ལག་ཉམས། དེ་ཀུན་ད་ལྟར་དབང་པོ་ཚོང་བར་ཤོག། གང་དག་ནད་བཏབ་ཉམ་ཆུང་ལུས་ཉམས་དང་། ཕྱོགས་བཅུ་དྲུག་ན་སྐྱབས་མེད་གྱུར་པ་རྣམས། དེ་ཀུན་མྱུར་དུ་ནད་ལས་ཐར་གྱུར་ཅིག། ནང ་མེད་སྟོབས་དང་དབང་པོ་རྙེད་པར་ཤོག། གང་དག་རྒྱལ་པོ་ཆོམ་རྐུན་ཤོར་བས་བསྡིག་གསང་འོས།། སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡིས་ཕོངས་གྱུར་པ།། སེམས་ཅན་ཉམ་ཐག་གྱུར་ཅིང་སྡུག་བསྔལ ་དེ་དག་ཀུན།། འཇིགས་མཆོག་མི་ཟད་བརྒྱ་པོ་དེ་ལ་ས་ཐར་གྱུར་ཅིག། གང་དག་བརྡེག་ཅིང་བཅིངས་དང་བཅིངས་པས་གཟིར།། ཕོངས་པ་སྣ་ཚོགས་དག་ན་གནས་གྱུར་ཅིང་།། ཉོན་མོངས་སྟོང་ཕྲག་དུ་མས ་དཀྲུག་ནས་ཀྱང་།། འཇིགས་པ་མི་བཟད་མྱ་ངན་སྣ་ཚོགས་རྙེད། དེ་དག་ཐམས་ཅད་བཅིངས་ལས་གྲོལ་གྱུར་ཅིག། མནར་བ་དག་ནི་བརྡེག་ལས་ཐར་པར་ཤོག། གསོད་བྱ་རྣམས་ཀྱང་སྲོག་དང་ལྡན་གྱུར་ཅིག། ་ཕོངས་གྱུར་ཐམས་ཅད་འཇིགས་པ་མེད་པར་ཤོག། སེམས་ཅན་གང་དགྲ་བཀྲེས་སྲེད་སྐོམ་གྱིས་གཟིར།། དེ་དག་ཟས་སྣོམ་སྣ་ཚོགས་རྙེད་པར་ཤོག། ལོང་བས་གཟུགས་རྣམས་སྣ་ཚོགས་མཐོང་གྱུར་ཅིག། ་འོན་པས་ཡིད་འོང་སྒྱུ་རྣམས་ཐོས་པར་ཤོག། གཅེར་བུ་རྣམས་ཀྱིས་སྣ་ཚོགས་གོས་རྙེད་གྱུར།། སེམས་ཅན་དབུལ་པོས་གཏེར་རྣམས་རྙེད་པར་ཤོག། ནོར་བུ་རིན་ཆེན་སྣ་ཚོགས་མིང་པོ་ཡིས།། སེམས ་ཅན་ཐམས་ཅད་བདེ་བ་དང་ལྡན་པར་ཤློག། ཡང་སྡུག་བསྔལ་ཚོར་བས་གནོད་མ་གྱུར།། སེམས་ཅན་ཐམས་ཅད་བལྟ་ན་སྡུག་པ་དང་།། གཟུགས་བཟང་མཛེས་ཤིང་ཚུལ་དུ་ཤིས་པར་ཤོག། རྟག་ཏུ་པདྨ ་བ་དུ་མ་བསོགས་གྱུར་ཅིག། ཡིད་ཀྱིས་ཟས་སྐོམ་རབ་འབྱོར་བསོད་ནམས་དག། བསམས་མ་ཐག་ཏུ་དེ་དག་གྲུབ་གྱུར་ཅིག། རྫ་རྔ་ཕྲག་རྔ་པི་བང་སྒྲ་སྙན་དང་། ཆུ་མིག་མ་ཚེ་འུ་དང་རྫིང་པུ་ལྟེང་ཀ་དག། གསེར ་གྱི་པདྨ་ཨུཏྤལ་པདྨ་ཅན།། ཟས་སྐོམ་གོས་མུ་ཏིག་ནོར་བུ་དབྱིག། རྒྱན་གསེར་རིན་ཆེན་སྣ་ཚོགས་བཻ་ཌཱུརྱ། དེ་དག་བསམ་མ་ཐག་ཏུ་གྲུབ་གྱུར་ཅིག། དེ་བཞིན་དུ་སྦྱར་ཏེ། འཇིག ་རྟེན་གང་ནའང་སྡུག་བསྔལ་སྒྱུ་མ་འབྱུང་། སེམས་ཅན་གཅིག་ཀྱང་མི་འཕྲོང་མཐོང་མ་གྱུར།། དེ་དག་ཐམས་ཅད་ཁ་དོག་རྒྱ་ཆེན་དང་།། ཕན་ཚུན་དུ་ནི་འོང་བྱེད་གྱུར་པ་ཤོག། མི་ཡི་འཇིག་ཎྜི་ན་ཕུན་སུམ ་ཚོགས་གང་ཡོད།། དེ་དག་བསམ་པས་སྐྱེ་བར་དེ་དག་གྱུར།། བསམ་པ་ཐམས་ཅད་བསམས་མ་ཐག་ཏུ་ཡང་།། བསོད་ནམས་འབྲས་བུ་ཡོངས་སུ་རྫོགས་པར་ཤོག། སྤོས་དང་ཕྲེང་བ་དག་གྲུབ་བྱུག་པ་དང་། ་གོས་དང་ཕྱེ་མ་མེ་ཏོག་སྣ་ཚོགས་དག། ལྗོང་ཤིང་དག་ལས་དུས་གསུམ་འབབ་པར་ཤོག། སེམས་ཅན་མཐའ་དག་ལེན་ཅིང་དགར་གྱུར་ཅིག། དེ་བཞིན་གཤེགས་པ་བསམ་ཡས་ཐམས་ཅད་དང་། རྫོགས ་པའི་བྱང་ཆུབ་སེམས་དཔའ་ཉིན་ཐོས་དང་།། རྡུལ་བྲལ་དྲི་མེད་བརྟན་པའི་ཆོས་ལ་ཡང་།། ཕྱོགས་བཅུ་རྣམས་སུ་མཆོད་པ་བྱེད་པར་ཤོག། འགྲོ་བ་དམའ་བ་ཐམས་ཅད་སྦྱོང་གྱུར་ཅིག། མི་ཁོམ་བརྒྱད་པོ་དག་ལྔས ་འདས་པར་ཤོག། དལ་པོའི་རྒྱལ་པོ་ཐོབ་གྱུར་ཅིག། རྟག་ཏུ་སངས་རྒྱས་འགྲོགས་པ་ཐོབ་པར་ཤོག། དེ་བཞིན་དུ་སྦྱར་ནི། རྟོག་ཏུ་མཐོན་པོའི་རིགས་སུ་སྐྱེ་བར་ཤོག། ནོར་དང་འབྲུ་ཡི་མཛོད་རྣམས་འབྱོར་གྱུར་ཅིག། ་སྙུན་དང་གྲགས་དང་གཟུགས་དང་ཁ་དོག་གིས། བསྐུལ་པ་དུ་མར་ལེགས་པར་བརྒྱན་པར་ཤོག། བུད་མེད་ཐམས་ཅད་རྟག་ཏུ་ཕོར་གྱུར་ཏེ། དངུའ་ཞིང་བརྟུལ་ཕོད་མཁས་ཤིང་གསལ་བར་ཤོག། དེ་དག ་ཀུན་དུ་བྱང་ཆུབ་ཕྱིར་སྤྱོད་གྱུར།། ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་ཤོག། ཕྱོགས་བཅུ་དག་ན་རིན་ཆེན་ཤིང་དབང་དྲུང་།། སངས་རྒྱས་བདེར་བཞུགས་རིན་ཆེན་ཤིང་དབང་དྲུང་།། སངས་རྒྱས་བདེ་བཞུགས་རིན་ཆེན ་བཻ་ཌཱུརྱའོ།། ཁྲི་ལྀ་བཞུགས་པ་དག་ནི་མཐོང་གྱུར་ཅིག། ཆོས་བསྟན་པ་ཡང་དེ་དག་གིས་ཐོས་ཤོག་ཅེས་བྱའོ།། །། བམ་པོ་བཅུ་པ། གཏི་མུག་གི་ཕྲ་རྒྱས་ཀྱི་གཉེན་པོ་ནི་རྟེན་ཅིང་འབྲེལ་པ ་འབྱུང་བ་ལ་ལྟ་བའོ།། དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ནི། སཱ་ལུ་ལྡང་བའི་མདོ་ལས་བསྟན་པ་སྟེ། དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲེལ་པ་གང་ཞེ་ན། གང་འདྲི་མ་རིག་པའི་རྐྱེན་གྱིས ་འདུ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱི་རྒ་ཤི་ཞེས་བྱ་བའི་བར་དུའོ།། གལ་ཏེ་མ་རིག་པ་མ་གྱུར་ན་འདུ་བྱེད་ཀྱང་མི་མངོན་ཞིང་།། དེ་བཞིན་དུ་སྐྱེ་བ་མང་བྱུང་དུ་ཟིན་ན་རྒ་ཤིའི་བར་དུ་ཡང་མི་མངོན་པ ་ཞིག་འོན་ཀྱང་མ་རིག་པ་ཡོད་པ་ལས་འདུ་བྱེད་རྣམས་མངོན་པར་འགྲུབ་པར་འགྱུར་བ་ནས་སྐྱེ་བ་ཡོད་པ་ལས་སཽ་རྒ་ཤིའི་བར་དུ་མངོན་པར་འགྱུར་རོ།། དེ་ལ་མ་རིག་པ་ཡང་འདི་སྙམ་དུ་བདག་གི་འདུ་བྱེད་རྣམས ་མངོན་པར་སྒྲུབ་པོ་སྙམ་དུ་མཱི་སེམས་སོ།། འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ཅག་ནི་མ་རིག་པས་མངོན་པར་སྒྲུབས་སོ་སྙམ་དུ་མི་སེམས་པ་ནས།། དེ་བཞིན་དུ་སྐྱེ་བ ་ཡང་འདི་སྙམ་དུ་བདག་གི་རྒ་ཤི་མངོན་པར་སྒྲུབ་པོ་སྙམ་དུ་མི་སེམས་ཤིང་། རྒ་ཤི་ཡང་འདི་སྙམ་དུ་བདག་ནི་སྐྱེ་བས་མངོན་པར་བསྒྲུབ་སོ་སྙམ་དུ་མི་སེམས་པའི་བར་དུའོ།། འོན་ཀྱང་མ་རིག་པ་ཡོད་པ་ལས ་འདུ་བྱེད་རྣམས་མངོན་པར་འགྲུབ་ཅིང་འབྱུང་བར་འགྱུར་བ་ནས། དེ་བཞིན་སྐྱེ་བ་ཡོད་པ་ལས་རྒ་ཤིའི་བར་དུ་མངོན་པར་འགྲུབ་ཅིང་འོ་བྱུང་བར་འགྱུར་ཏེ། དེ་ལྟར་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་དང་འབྲེལ ་པར་བལྟའོ།། གང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་པ་ཇི་ལྟར་བལྟ་ཞེ་ན། ཁམས་དྲུག་འདུས་བྱས་པའི་ཕྱིར་ཏེ། ཁམས་དྲུག་པོ་གང་དག་འདུས་པའི་ཕྱིར་ཞེ་ན། འདི་ལྟ་སྟེ། སེ་དང་ཆུ་དང་མེ་དང ་རུང་དང་ནུ་མཁའ་དང་རྣམ་པར་ཤེས་པའི་ཁམས་འདུས་པ་ལས་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་དང་འབྲེལ་པར་བལྟའོ།། དེ་ལ་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་སའི་ཁམས་གང་ཞེ་ན། ་ཀོང་འདི་འདུས་ནས་ལུས་ཀྱི་སྲ་བའི་དངོས་པོ་མངོན་པར་འགྲུབ་པར་བྱེད་པ་འདི་ནི་སའི་ཁམས་ཞེས་བྱའོ།། གང་ལུས་སྡུད་པའི་བྱ་བ་བྱེད་པ་འདི་ནི་ཆུའི་ཁམས་ཞེས་བྱའོ།། གང་ལུས་ཀྱི་ཟོས་པ་དང་འཐུང ་པ་དང་འཆོས་པ་དང་མྱངས་པ་དང་། འཇུ་བར་བྱེད་པ་འདི་ནི་མེའི་ཁམས་ཞེས་བྱའོ།། ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པ་འདི་ནི་རླུང་གི་ཁམས་ཞེས་བྱའོ།། གང་ལུས་ཀྱིས་ནང་དུ་སྦུབས་ཡོད་པར་བྱེད ་བ་འདི་ནི་ནམཁའི་ཁམས་ཞེས་བྱའོ།། གང་མཛོང་ཁྱིམ་གྱི་ཚུལ་དུ་ལུས་ཀྱི་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པརའི་སྒྲུབ་པར་བྱུང་བ་རྣམ་པར་ཤེས་པ་ལྔའི་ཚོགས་སུ་གཏོགས་པ་དང་། རིག་པ་དང་བཅས་པོའི ་ཡིད་ཀྱི་རྣམ་པར་ཤེས་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།། རྐྱེན་འདི་དག་མེད་པར་ལུས་སྐྱེ་བར་མི་འགྱུར་གྱི་ནམ་ནིང་གི་སའི་ཁམས་ཚང་ཞིང་དེ་བཞིན་དུ་ཆུ་དང་མ་དང་རླུང་དང་ན་མཁའ་དང ་རྣམ་པར་ཤེས་པའི་ཁམས་རྣམས་ཀྱང་ཚང་བར་འགྱུར་ལྔ། ཐམས་ཅད་འདུས་པ་དེ་ལས་ལུས་མངོན་པར་འགྲུབ་པར་འགྱུར་རོ།། དེ་ལས་སའི་ཁམས་ཀྱང་འདི་སྙམ་དུ་བདག་གི་ལུས་ཀྱི་སྲའི་དངོས་པོ་མངོན ་པབར་སྒྲུབ་པོ་སྙམ་དུ་མི་སེམས་སོ།། ཆུའི་ཁྱམས་ཀྱང་འདི་སྙམ་དུ་བདག་གི་ལུས་སྡུད་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། མེའི་ཁམས་ཀྱང་འདི་སྙམ་དུ་བདག་གི་ལུས་ཀྱིས་ཟོས་པ་དང་འཐུང་བ་དང ་འཆོས་པ་དང་མྱངས་པ་རྣམས་འཇུ་བར་བྱའོ་སྙམ་དུ་ནི་མི་སེམས།། རླུང་གི་ཁམས་ཀྱང་འདི་སྙམ་དུ་བདག་གི་ལུས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། ན་མཁའི་ཁམས་ཀྱང་འདི ་སྙམ་དུ་བདག་གིས་ལུས་ཀྱི་ནང་སྐབས་ཡོད་པར་བྱའོ་སྙམ་དུ་མི་སེམས་སོ།། རྣམ་པར་ཤེས་པའི་ཁམས་ཀྱང་འདི་སྙམ་དུ་བདག་གིས་ལུས་ཀྱི་མིང་དང་གཟུགས་མངོན་པར་བསྒྲུབ་བོ་སྙམ་དུ་མི ་སེམས།། ལུས་ཀྱང་འདི་སྙམ་དུ་བདག་གི་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་མོད་ཀྱི། འོན་ཀྱང་རྐྱེན་འདི་དག་ཡོད་ན་ལུས་སྐྱེ་བར་འགྱུར་རོ།། དེ་ལ་སའི་ཁམས་ནི་བདག་མ་ཡིན། སེམས་ཅན་མ་ཡིན། ་སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤེད་ལས་སྐྱེས་པ་མ་ཡིན། ཤིང་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་མ་ཡིན། གཞན་སུ་ཡི་ཡང་མ་ཡིན་ནོ།། དེ་བཞིན་དུ་སའི་ཁམས ་ང་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་ཀྱང་བདག་མ་ཡིན། སེམས་ཅན་མ་ཡིན། སྲོག་མ་ཡིན། སྐྱེ་བ་པོ་མ་ཡིན། ཤིང་ལས་སྐྱེས་པ ་མ་ཡིན། ཤེད་བུ་མ་ཡིན། བུད་མེད་མ་ཡིན། སྐྱེས་པ་མ་ཡིན། མ་ནིང་མ་ཡིན། ང་མ་ཡིན། བདག་མ་ཡིན། གཞན་སུའི་ཡང་མ་ཡིན།། དེ་ལ་མ་རིགས་པ་གང་ཞེ་ན། ཁམས་དྲུག་པོ་འདི་དག་ཉིད་ལ་གང་གཅིག ་བུར་འདུ་ཤེས་པ་དང་། རིལ་པོར་འདུ་ཤེས་པ་དང་། རྟག་པར་འདུ་ཤེས་པ་དང་། བརྟན་པར་འདུ་ཤེས་པ་དང་། ཐེར་ཟུག་ཏུ་འདུ་ཤེས་པ་དང་། བདེ་བར་འདུ་ཤེས་པ་དང་། བདག་ཏུ་འདུང་ཤེས་པ་དང་། སེམས ་ཅན་དང་། སྲོག་དང་། སྐྱེ་བ་པོ་དང་། གསོ་བ་པོ་དང་། སྐྱེ་སུ་དང་གང་ཟག་ཏུ་འདུ་ཤེས་པ་དང་ཤིང་ལས་སྐྱེས་པ་དང་ཤེད་བུར་འདུ་ཤེས་པ་དང་། ང་ཞེས་བྱ་བ་དང་བདག་གི་ཞེས་བྱ་བར་འདུ་ཤེས་པ་སྟེ། འདི་ལྟ་བུ ་ལ་སོགས་པ་མི་ཤེས་པ་རྣམ་པ་སྣ་ཚོགས་པ་འདི་ནི་མ་རིག་པ་ཞེ་བྱའོ་དེ་ལྟར་མ་རིག་པ་ཡོད་པས་ཡུལ་རྣམས་ལ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་འཇུག་སྟེ། དེ་ལ་ཡུལ་རྣམས་ལ་འདོད་ཆགས་དང་ཞེ་སྡང་དང་གཏི ་མུག་གང་ཡིན་པ་འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ།། དངོས་པོ་སོ་སོར་རྣམ་པར་རིག་པ་ནི་རྣམ་པར་ཤེས་པའོ།། རྣམ་པར་ཤེས་པ་དང་ལྷན་ཅིག་བྱུང་བ་ཉེ་བར་ལེན་པའི་ཕུང་པོ་བཞི་པོ་འདི་དག་ནི ་མིང་དང་གཟུགས་སོ།། མིང་དང་གཟུགས་ལ་བརྟེན་པའི་དབང་པོ་རྣམས་ནི་སྐྱེ་མཆེད་དྲུག་གོ།། ཆོས་གསུམ་འདུས་པ་ནི་རེག་པའོ།། རེག་པ་མྱོང་བ་ནི་ཚོར་བའོ།། ཚོར་བ་ལ་ཞེན་པ་ནི་སྲེད་པའོ།། སྲེད་པ་འཕེལ་བ་ནི་ལེན ་བའོ།། ལེན་པ་ལས་སྐྱེ་བ་ཡང་སྲིད་པ་སྐྱེ་བའི་ལས་ནི་སྲིད་པའོ།། རྒྱུ་དེ་ལས་ཕུང་པོ་འབྱུང་བ་ནི་སྐྱེ་བའོ།། སྐྱེས་ནས་ཕུང་པོ་ནི་སྨིན་པ་ནི་རྒ་བའོ།། རྒས་ནས་ཕུང་པོ་འཇིགས་པ་ནི་འཆི་བའོ།། འཆི་བ་ན་རྨོངས་པ་མངོན ་པ་མངོན་པར་ཆགས་པ་དང་བཅས་པའི་ནང་གི་ཡོངས་སུ་གདུང་བ་ནི་མྱ་ངན་ཏོ།། མྱ་ངན་ལས་འབྱུང་བའི་ཚིག་ཏུ་སྨྲ་བ་ནི་སྨྲེ་སྔགས་འདོན་པའོ།། རྣམ་པར་ཤེས་པ་ལྔའི་ཚོགས་དང་ལྡན་པའི་མི་བདེ་བ་མྱོང་བ་ནི་སྡུག་བསྔལ ་ལོ།། ཡིད་ལ་བྱེད་པ་དང་ལྡན་པ་ཡིད་ཀྱི་སྡུག་བསྔལ་ནི་ཡིད་མྱི་བདེ་བའོ།། གཞན་ཡང་འདི་ལྟ་བུ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ནི་འཁྲུག་པ་ཞེས་བྱའོ་ཞེས་དེ་བཞིན་དུ་སྦྱར་ཏེ། ་དེ་ལ་མུན་པ་ཆེན་པོའི་ཕྱིར་མ་རིག་པའོ།། མངོན་པར་འདྲེ་བྱེད་པའི་ཕྱིར་འདུ་བྱེང་རྣམས་སོ།། རྣམ་པར་རིག་པའི་ཕྱིར་རྣམ་པར་ཤེས་པའོ།། རྟེན་པའི་ཕྱིར་མིང་དང་གཟུགས་སོ།། སྐྱེ་བའི་སྒོའི་ཕྱིར་སྐྱེ་མཆེད་དྲུག་གོ།། རིག་པའི ་ཕྱིར་རེག་པའོ།། མྱོང་བའི་ཕྱིར་ཚོར་བའོ།། སྐོམ་པའི་ཕྱིར་སྲིད་པའོ།། ཉེ་བར་ལེན་པའི་ཕྱིར་ལེན་པའོ།། ཡང་སྲིད་པ་སྐྱེད་པའི་ཕྱིར་སྲིད་པའོ།། ཕུང་པོ་འབྱུང་བའི་ཕྱིར་སྐྱེ་བའོ།། ཕུང་པོ་སྨོན་པའི་ཕྱིར་རྒ་བའོ།། འཇིགས ་པོའི་ཕྱིར་འཆི་བའོ།། ངན་བྱེང་པའི་ཕྱིར་མྱ་ངན་ཏོ།། ཚིགཱ་གཱི་སྐྱེ་བའི་ཕྱིར་སྨྲེ་སྔགས་འདོན་པའོ།། ལུས་ལ་གནོད་པའི་ཕྱིར་སྡུག་བསྔལ་ལོ།། སེམས་ལ་གནོད་པའི་ཕྱིར་ཡང་མི་བདེའོ།། ཉོན་མོངས་པོའི་ཕྱིར་འཇུག་པའོ།། ་གཞན་ཡང་དེ་ཁོ་ན་མི་རྟོགས་ཤིང་ལོག་པར་རྟོགས་པའི་མིའི་བྲེས་པ་ནཱི་མི་རིག་པའོ།། དེ་ལྟར་མ་རིག་པ་ཡོད་ན་འདུ་བྱེང་རྣམ་པ་གསུམ་མངོན་པར་འགྲུབ་སྟེ། བསོད་ནམས་སུ་ཉེ་བར་འགྲོ་བ་དང་། བསོད་ནམས་མ་ཡིན ་བར་ཉེ་བར་འགྲོ་བ་དང་། མི་གཡོ་བར་ཉེ་བར་འགྲོ་བ་སྟེ། འདི་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱའོ།། བསོད་ནམས་སུ་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་ནས་སུ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ ་ཉིད་དུ་འགྱུར། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་བསོད་རྣམས་མ་ཡིན་པར་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ལས་མི་གཡོ་བར ་ཉེ་བར་འགྲོ་བའི་རྣམ་པར་ཤེས་པ་ཉིད་དུ་འགྱུར་ཏེ་འདི་ནི་འདུ་བྱེད་ཀྱི་རྐྱེན་གྱི་རྣམ་པར་ཤེས་པ་ཞེས་བྱའོ།། མིང་དང་གཟུགས་ཀྱང་དེ་བཞིན་ནོ།། མིང་དང་གཟུགས་རྣམ་པར་འཕེལ་བས་སྐྱེ་མཆེད་དྲུག་གི་སྒོ་ནས་བྱ་བ་བྱེད ་པ་རྣམས་འབྱུང་སྟེ་དེ་ནི་མིང་དང་གཟུགས་ཀྱི་རྐྱེན་གྱི་སྐྱེ་མཆེད་དྲུག་ཅེས་བྱའོ།། སྐྱེ་མཆེད་དྲུག་པོ་དག་ལས་རེག་པའི་ཚོགས་དྲུག་འབྱུང་སྟེ། དེ་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱའོ།། ཇི་ལྟ་བུར་རེག་པ ་འབྱུང་བ་དེ་ལྟར་བུ་ཚོར་བ་འབྱུང་སྟེ་དེ་ནི་རིག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ།། ཚོར་བའི་བྱེ་བྲག་དེ་དག་མྱོང་བ་དང་མངོན་པར་དགའ་བ་དང་ལྷག་པར་ཞེན་པ་དང་། ལྷག་པར་ཞེན་ནས་འདུག་པའི་དེའི་ཚོར་བ ་རྐྱེན་གྱིས་སྲེད་པ་ཞེས་བྱའོ།། མྱེད་པ་དང་མངོན་པར་དགའ་བ་དང་ལྷག་པར་ཞེན་པ་དང་ལྷག་པར་ཞེན་ནས་འདུག་པ་ལྔ་བདག་སྐྱུག་པའི་ངོ་བོ་དང་བདེ་བའི་ངོ་བོ་དང་འབྲལ་བར་མ་གྱུར་ཅིག། སྙམ་དུ་མི་གཏོང་པ་དང་ཕྱིར ་ཞིང་དོན་དུ་གཉེར་བ་འདི་ནི་སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་བྱའོ།། དེ་ལྟར་དོན་དུ་གཉེར་བ་ན་ཡང་སྲིད་པ་སྐྱོད་པའི་ལས་ངང་ལུས་དང་ངག་དང་ཡིད་ཀྱིས་ཀུན་ནས་སློང་བ་དེ་ནི་ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་བྱའོ།། ། ་ལས་དེ་ལས་སྐྱེས་པའི་ཕུང་པོ་ལྔ་རྣམས་འགྲུབ་པ་གང་ཡིན་པ་དེ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་བྱའོ།། སྐྱེས་ནས་མངོན་དུ་གྲུབ་པའི་ཕུང་པོ་རྣམས་ཀྱི་འཕེལ་བ་དང་ཡོངས་སུ་སྨིན་པ་ལས ་འཇིགས་པར་འགྱུར་བ་དེ་ནི་སྐྱེ་བའི་རྐྱེན་གྱི་རྒ་ཤི་ཞེས་བྱའོ།། དེ་བཞིན་དུ་སྦྱར་ཏེ། དེ་ལྟར་རྟེན་ཅིང་འབྲེལ་པོར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི་གཅིག་གི་རྒྱུ་གཅིག་གཅིག་གི་རྐྱེན་གཅིག། རྟག་པ་མ ་ཡིན་མི་རྟག་པ་མ་ཡིན། འདུས་བྱས་མ་ཡིན། འདུས་མ་བྱས་མ་ཡིན། རྒྱུ་མེང་པ་མ་ཡིན་རྐྱེན་མེད་པ་མ་ཡིན། མྱོང་བ་ཡོད་པ་མ་ཡིན། ཟས་པའི་ཆོས་མ་ཡིན། འཇིག་པའི་ཆོས་མ་ཡིན། འགོག་པའི་ཆོས་མ་ཡིན་ཏེ། ་ཐོག་མ་མེད་པའི་དུས་ནས་ཞུགས་པ་རྒྱུན་མ་ཆད་པར་རླུང་གི་རྒྱུན་བཞིན་རྗེས་སུ་ཞུགས་མོད་ཀྱི། འོན་གང་ཡན་ལག་བཞི་པོ་འདི་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དེ་བསྡུ་བར་བྱ་བའི་རྒྱུར ་འགྱུར་རོ།། བཞི་གང་ཞེ་ན། འདི་ལྟ་སྟེ། མ་རིག་པ་དང་སྲེད་པ་དང་ལས་དང་རྣམ་པར་ཤེས་པའོ།། དེ་ལ་རྣམ་པར་ཤེས་པ་ནི་ས་བོན་གྱིས་རང་བཞིན་གྱིས་རྒྱུ་བྱེད་དོ།། ལས་ནི་ཞིང་གི་རང་གི་རང་བཞིན་གྱི་རྒྱུ་བྱེདདོ།། ། ་མ་རིག་པ་དང་སྲེད་པ་ནི་ཉོན་མོངས་པའི་རང་བཞིན་གྱི་རྒྱུད་བྱེད་དོ།། དེ་ལ་ལས་དང་ཉོན་མོངས་དག་ནི་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱེད་དོ།། སྲེད་པ་ནི་ས་བོན་རྣམ་པར་ཤེས་རླན་པར་བྱེད་དོ།། མི་རིག ་བཱ་ནི་ས་བོན་རྣམ་པར་ཤེས་པ་འདེབས་ཏེ་རྐྱེན་དེ་དག་མེད་ནུས་ས་བོན་རྣམ་པར་ཤེས་པ་མངོན་པར་འགྲུབ་པར་མི་འགྱུར་རོ།། དེ་ལ་ལས་ཀྱང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པའི་ཞིང་གི་བྱ་བ་བྱའོ་སྙམ་དུ ་མི་སེམས་སོ།། སྲེད་པ་ཡང་འདི་སྙམ་དུ་བདག་གིས་ས་བོན་རྣམ་པར་ཤེས་པ་བརླན་པར་བྱའོ་སྙམ་དུ་མི་སེམས་སོ།། མ་རིག་པ་ཡང་འདི་སྙམ་དུ་བདག་གི་ས་བོན་རྣམ་པར་ཤེས་པ་གདབ་པོ་སྙམ་དུ་མི་སེམས་སོ།། ་སྲ་བོན་རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གི་བསྐྱེད་དོ་སྙམ་དུ་མི་སེམས་ཏེ་འོན་ཀྱང་ས་བོན་རྣམས་པར་ཤེས་པ་ལས་ཀྱི་ཞིང་ལ་བརྟེན་པ་སྲེད་པའི་བརླན་གྱིས་བརླན་པ་མ་རིག་པས་བཏབ་པ ་སྐྱེ་བ་ན། སྐྱེ་བའི་གནས་ཉིང་འཚམས་སྦྱར་བ་མའི་མངལ་དེ་དང་དེར་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་འགྲུབ་སྟེ། མིང་དང་གཟུགས་ཀྱི་མྱུ་གུ་དེ་ཡང་བདག་གིས་མ་བྱས་གཞན་གྱིས་མ་བྱས་གཉི་གས་མ ་བྱོས་དབང་ཕྱུག་གི་མ་བྱས་དུས་ཀྱིས་མ་བསྒྱུར་རང་བཞིན་ལས་མ་བྱུང་བྱེད་པ་ལྔ་རག་ལས་པ་མོ་ཡིན་རྒྱུ་མེད་པ་ལས་ཀྱང་མ་སྐྱེས་པ་སྟེ། འོན་ཀྱང་ཕ་མ་ཕྲད་པ་དང་དུས་དང་ལྡན་པ་དང་རྐྱེན་གཞོན་ཚོགས་ན་བདག ་པོ་མེད་པ་འཛིན་པ་མེད་པ་ནམ་མཁའ་དང་མཚུངས་པ། སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་སྐྱེ་གནས་སུ་ཉིང་འཚམས་སྦྱོར་བ་མའི་མངལ་དེ་དང་དེར་མྱོང་བ་དང་ལྡན་པའི་ས ་བོན་རྣམ་པར་ཤེས་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་བསྒྲུབ་བོ།། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་ནི་རྒྱུ་ལྔ་ལས་བྱུང་སྟེ། ལྔ་གང་ཞེ་ན། མིག་ལ་བརྟེན་པ་དང་གཟུགས་དང་སྣང ་བ་དང་ན་མཁའ་དང་དེ་བསྐྱེད་པའི་ཡིད་ལ་བྱེད་པ་ཡང་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་།། དེ་ལ་མིག་ནི་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱེད།། གཟུགས་ནི་མིག་གི་རྣམ་པར་ཤེས་པ་དམིགས་པའི། ་བྱ་བ་བྱེད་དོ། སྣང་བས་ནི་མངོན་པའི་བྱ་བ་བྱེང་ངོ་།། ན་མཁའ་ནི་མི་སྒྲིབ་པའི་བྱ་བ་བྱེད་དོ།། དེ་སྐྱེད་པའི་ཡིད་ལ་བྱེད་པས་ནི་སེམས་པའི་བྱ་བ་བྱེད་ངོ་།། རྐྱེན་དེ་དག་མེད་ན་མིག་གི་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་གྱི།། ་ནནོམ་ནང་གི་སྐྱེ་མཆེད་མིག་མ་ཚང་བར་མ་གྱུར་ལྔ། དྲི་བཞིན་དུ་གཟུགས་དང་སྟོང་པ་དང་ན་མཁའ་དང་དེ་སྐྱེད་པའི་ཡིད་ལ་བྱེད་པ་དག་ཀྱང་མ་ཆུང་བར་མ་གྱུར་ཏེ། ཐམས་ཅད་འདུས་པ་དེ་ལས་མིག་གི་རྣམ་པར ་ཤེས་པ་འབྱུང་བར་འགྱུར་རོ།། དེ་ལ་མིག་ནི་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། གཟུགས་ཀྱང་འདི་སྙམ་དུ་མི་སེམས་བདག་གིས་མིག་གི་རྣམ་པར ་ཤེས་པའི་དམིགས་པའི་བྱ་བ་བྱའོ་སྙམ་དུ་མི་སེམས་སོ།། སྣང་བ་ཡང་འདི་སྙམ་དུ་བདག་གིས་རྣམ་པར་ཤེས་པའི་མངོན་བྱེ་བ་བྱའོ་སྙམ་དུ་མི་སེམས་སོ།། ནམཁའ་ཡང་འདི་སྙམ་དུ་བདག་གིས་མིག་གི་ནས ་བར་ཤེས་པའི་མི་སྒྲིབ་པའི་བྱ་བ་བྱའོ་སྙམ་དུ་མཱི་སེམས་སོ།། དེ་བསྐྱེད་པའི་ཡིད་ལ་བྱེད་པ་ཡང་འདི་སྙམ་དུ་བདག་གིས་མིག་གི་རྣམ་པར་ཤེས་པའི་སེམས་པའི་བྱ་བ་བྱའོ་སྙམ་དུ་མྱི་སེམས་སོ།། མྱིག་གི་རྣམ ་བར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་རྐྱེན་འདི་དག་གིས་བསྐྱེད་དོ་སྙམ་དུ་མི་སེམས་ཏེ། འོན་ཀྱང་རྐྱེན་འདི་དག་ཡོད་པ་ལས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ།། དེ་བཞིན་དུ་དབང་པོ་ལྷག་མ་རྣམས ་ལ་ཡང་ཅི་རིགས་སུ་བྱའོ།། དེ་ལ་ཚྭས་གྲོང་ཡང་འཇིག་རྟེན་འོང་ནས་འཇིག་རྟེན་ཕ་རོལ་ཏུ་མི་འཕོ་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པར་ཡང་ཡོད་དོ།། དེ་བཞིན་དུ་སྦྱར་ཏེ། ་འདི་ལྟ་སྟེ་དཔེར་ནཱ་རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ་བཞིན་གྱི་གཟུགས་བརྙན་སྣང་བ་ཡང་བཞིན་མི་ལོང་གི་དཀྱིལ་འཁོར་དུ་མ་འཕོས་མོས་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་བཞིན་དུ ་མངོན་པར་ཡང་ཡོད་དོ།། དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི་འཕྱོས་པ་མེད་ལ་གཞན་དུ་ཡིད་མ་སྐྱེས་ཏེ། རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པར་ཡང་ཡོད་དོ།། འདི་ལྟ ་སྟེ་དཔེར་ན། ཟླ་བའི་དཀྱིལ་འཁོར་ནི་དཔག་ཚང་བཞི་ཁྲི་ཉིས་སྟོང་ནས་འགྲོ་སྟེ། འོན་གྱིང་སྣོད་ཆུང་ངུ་ཆུས་གང་བར་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་བ་ཡང་ཟླ་བའི་དཀྱིལ་འཁོར་མི་གནས་དེ་ནས ་མ་འཕོས་ཏེ། སྣོད་ཆུང་ངུ་ཆུས་གང་བའི་ནང་དུ་སོང་བ་ཡང་མེད་མོད་ཀྱི་རྒྱུ་དང་རྐྱེན་མ་ཚང་བར་མེད་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་མངོན་པ་ཡང་ཡོད་དོ།། དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི ་འཕོས་པ་མེད་ལ། གཞན་སུ་ཡང་མ་སྐྱེས་མོད་ཀྱི་རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར་ལས་ཀྱི་འབྲས་བུར་མངོན་པར་ཡང་ཡོད་དེ། འདི་ལྟ་སྟེ་དཔེར་ན། མེ་ནི་རྒྱུ་དང་རྐྱེན་མ་ཚད་ན་མི་འབར་གྱི་རྒྱུ་དང་རྐྱེན་ཆགས་པ་ལས ་འབའོ།། དེ་བཞིན་དུ་བདག་པོ་མེད་པའི་ཆོས་བདག་གི་མེད་པའི་ཆོས་བདག་གི་མེད་པ་འཛིན་པ་མེད་པ་ན་མཁའ་དང་མཚུངས་པ་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དག་ལ་རྒྱུ་དང་རྐྱེན་རྣམས་མཆིང་བ་མེད་པའི་ཕྱིར ་སྐྱེ་བའི་གནས་ཉིད་འཚམས་སྦྱོར་བ་མའི་མངལ་དེ་དང་དེར་ས་བློན་རྣམ་རྣམ་པར་ཤེས་པ་ལས་དང་ཉོན་མོངས་པ་རྣམས་ཀྱིས་བ་སྐྱེད་པ་མིང་དང་གཟུགས་ཀྱི་མྱུ་གུ་མངོན་པར་སྒྲུབ་བོ།། དེ་ལ་ནང་གི་རྟེན་ཅིང ་འབྲེལ་པར་འབྱུང་བ་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། རྒྱོ་ཆུང་ངུ་ལས་འབྲས་བུ་ཆེན་པོར་འབྱུང་བ་དང་། དེ་དང་འདྲ་བའི་རྒྱུད་དུའོ།། ཇི་ལྟར ་རྟག་པར་མ་ཡིན་ཞེ་ན། གང་གི་ཕྱིར་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་གཞན་ལ་སྐྱེ་བའི་ཆར་གཏོགས་པ་རྣམས་ཀྱང་གཞན་ཏེ། ཐ་མ་འཆི་ཕུང་པོ་རྣམས་ཀྱང་གཞན་ལ་སྐྱེ་བའི་ཆར་གཏོགས་པ་རྣམཐོས་ཀྱང་གཞན། ་ཏེ། མ་མ་འཆི་བའི་ཕུང་པོའི་རྣམས་ཀྱང་འགག་ལ་དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་ཀྱང་འབྱུང་བས་དེའི་ཕྱིར་རྟག་པར་མ་ཡིན་ནོ།། ཇི་ལྟར་ཆད་པར་མ་ཡིན་ཞེ་ན། ཐ་མའི་འཆི་བའི་ཕུང་པོ་རྣམས ་འགག་པ་ལས་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་རྣམས་འབྱུང་བ་མ་ཡིན་མ་འགག་པ་ལས་ཀྱང་མ་ཡིན་གྱི་ཐ་མ་འཆི་བའི་ཕུང་པོ་རྣམས་ཀྱང་འབྱུང་བས་འགགས་ལ་དེ་ཉིད་ཀྱི་ཚེ་སྐྱེ་བའི་ཆར་གཏོགས ་པའི་ཕུང་པོ་རྣམས་སྲང་མདའི་མཐོང་མུན་བཞིན་དུ་འབྱུང་བར་འགྱུར་ཏེ་དེའི་ཕྱིར་ཆད་པ་མ་ཡིན་ནོ།། ཇི་ལྟར་འཕོ་བར་མ་ཡིན་ཞེ་ན། སེམས་ཅན་གྱི་རིས་མི་འདྲ་བ་ནས་སྐལ་བ་མཉམ་པའི་སྐྱོབ་སྐྱེ་བར་མངོན་པར་འགྲུབ། ་པ་དེའི་ཕྱིར་འཕོ་བར་མ་ཡིན་ནོ།། ཇི་ལྟར་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོར་འབྱུང་ཞེ་ན། ལས་ཆུང་ངུ་བྱས་པ་ལས་འབྲས་བུ་ཆེན་པོའི་རྣམ་པར་སྨིན་པ་མྱོང་སྟེ་དེའི་ཕྱིར་རྒྱ་ཆུང་ངུ་ལས་འབྲས་བུ་ཆེན་པོའི་མངོན ་པར་འགྲུབ་པོ།། ཇི་ལྟར་མྱོང་བར་འགྱུར་བའི་ལས་བྱས་པ་དེ་ལྟ་བུར་མྱོང་བར་འགྱུར་བའི་རྣམ་པར་སྨིན་པོ་མྱོང་བས་དེའི་ཕྱིར་དེ་དང་འདྲ་བའི་རྒྱུད་དུའོ།། བཙུན་པ་ཤཱ་རིའི་བུ་རྟེན་ཅིང་འབྲེལ་པར་འབྱུང་བ་བཅོམ་ལྡན ་འདས་ཀྱིས་ཡང་དག་པར་གསུངས་པ་འདི་གང་ལ་ལ་ཞིག་གིས་ཡང་དག་པའི་ཤེས་རབ་ཀྱིས་འདི་ལྟར་ཡང་དག་པའི་ཇི་ལྟ་བ་བཞིན་དུ་རྟག་པར་རྒྱུན་ཏུ་སྲོག་མེད་པ་དང་སྲོག་དང་བྲལ་བ་དང་། ཇི་ལྟ་བུ་ཉིད་དང་། ་མ་ནོར་བ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་དང་། ཐོགས་པ་མེད་པ་དང་། དམིགས་པ་མེད་པ་དང་། ཞི་བ་དང་། འཇིགས་པ་མེད་པ་དང་། མི་འཕྲོག ་པ་དང་། མི་ཟད་པ་དང་། རྣམ་པར་མ་ཞི་བའི་རང་བཞིན་དུ་མཐོང་བ་དང་། མེད་པ་དང་། གསོག་དང་། བསོ་བ་དང་། སྙིང་པོ་མེད་པ་དང་། ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག ་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི། ཅི་བདག་སྔོན་གྱི་དུས་ན་བྱུང་བ་ཞིག་གམ་འོན་ཏེ་མ་བྱུང་བ་ཞིག་སྙམ་དུ་སྔོན་གྱི་མཐའ་ལ་མི་རྟོག་གོ། མ་འོངས་པའི་དུས་ན་ཅི ་འགྱུར་ཅི་ལྟ་བུར་འགྱུར་ཞེས་མ་འོངས་པའི་མཐའ་ལ་མི་རྟོག་གོ།། འདི་ཅི་ཞིག་འདི་ཅི་ལྟ་བུ་ཞིག་ཅི་ཞིག་ཡོད་ཅིར་འགྱུར་སེམས་ཅན་འདི། གང་ནས་འོངས་འདི་ནས་ཤི་འཕོས་ནས་གང་དུ་འགྲོ་བར་འགྱུར་ཞེས་དེ ་ལྟར་བྱུང་བ་ལ་ཡང་མི་རྟོག་གོ་ཞེས་བྱ་བའོ།། འཕགས་པ་ས་བཅུ་པའི་མདོ་ལས་ཀྱང་། དེ་ལ་མ་རིག་པ་དང་སྲེད་པ་དང་ལེན་པ་ནི་ཉོན་མོངས་པའི་ལམ་གྱི་རྒྱུན་མི་འཆད་པའོ།། འདུ་བྱེད་དང་སྲིད་པ་ནི་ལུས་ཀྱི་ལམ ་གྱི་རྒྱུན་མ་ཆད་པའོ།། ལྷག་མ་རྣམས་ནི་སྡུག་བསྔལ་གྱི་ལམ་གྱི་རྒྱུན་མི་འཆད་པར་རབ་ཏུ་རྣམ་པར་ཕྱེའོ།། དེ་བཞིན་སྦྱར་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་གང་ཡིན་པ་དེ་ནི་སྔོན་གྱི་མཐའ་ལ ་བལྟོས་པའོ།། རྣམ་པར་ཤེས་པ་ནས་ཚོར་བའི་བར་དེ་ནི་ད་ལྟར་བྱུང་བ་ལ་བལྟོས་པའོ།། སྲེད་པ་ནས་སྲིད་པ་ཞེས་བྱ་བའི་བར་དེ་ནི་ཕྱི་མའི་མཐའ་ལ་བལྟོས་པ་སྟེ། དེ་ཕན་ཆུད་ཡང་དེ་དག་རབ་ཏུ་འབྱུང་ངོ་།། དེ་བཞིན་དུ་སྦྱར ་ཏེ། དེ་འདི་སྙམ་དུ་སེམས་ཏེ། ལྡན་པ་ལས་ནི་འདུས་བྱས་འབྱུང་ངོ་བྲལ་བ་ལས་ནི་འདུས་བྱས་མི་འབྱུང་ངོ་།། ཚོགས་པ་ལས་ནི་འདུས་བྱས་འབྱུང་ངོ་ཚོགས་པ་ལས་ནི་མི་འབྱུང་ངོ་།། མ་ལ་དེ་ལྔས་བདག་གི་འདུས ་བྱས་ཉེས་པ་མང་པོའི་སྐྱོན་ཆགས་པ་འདི་ལྟ་བུ་འདི་ཤེས་པར་བྱས་ལ། འདུ་བ་འདི་དང་ཚིགས་པ་འདིའི་རྒྱུན་གཅད་པར་བྱའོ།། སེམས་ཅན་ཡོངས་སུ་སྨིན་པར་བྱའི་ཕྱིར་འདུ་བྱེད་རྣམས་ཤིན་ཏུ་ཞི་བར་བྱ་བ་ཐོབ་པར ་ཡང་མི་བྱའོ་སྙམ་མོ་ཞེས་གསུངས་ཏེ། འདི་ནི་གཏི་མུག་སྦྱང་བ་མདོར་བསྡུས་པའོ།། བསླབ་པ་ཀུན་ལས་བཏུས་པ་ལས། སེམས་ཡོངས་སུ་སྦྱང་བའི་ལེའུ་སྟེ་བཅུ་གཉིས་པའོ།། ། ་དེལྟར་སེམས་ལས་སུ་རུང་ནས་དྲན་པ་ཉེ་བར་གཞག་པ་ལ་འཇུག་སྟེ། དྭེ་ལི་མི་སྡུག་པའི་སྒྲུབས་ནས་ལུས་དྲན་པ་ཉེ་བར་གཞག་པ་བཤད་ཟིན་ཏོ།། དེ་ཉིད་དབྱེ་བ་བག་ཙམ་གྱིས་ཆོས་ཡང་དག་པར་སྣང་པའི་མདོ ་ལས་གསུངས་ཏེ། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་འདི་ལྟར་ལུས་འདི་ནི་རྐང་པ་དང་། རྐང་སོར་དང་། བྱིན་པ་དང་། བརླ་དང་། སྐུ་ངོ་དང་། ལྟོ་བ་དང་། ལྟེ་བ་དང་། སྒལ་ཚིགས་དང་། སྙིང་དང་། ་རྩིབ་ལོགས་དང་། སོགས་པ་དང་། ལག་པ་དང་། ལག་ངར་དང་། དཔུང་པ་དང་། ཐལ་གོང་དང་། མཇིད་པ་དང་། འགྲམ་པ་དང་། དཔྲལ་བ་དང་། མགོ་དང་། མགོའི་ཐོད་པ་འདུས་པ ་ཙམ་སྟེ། ལས་འབྱུང་བའི་བྱེད་པ་པོས་བསགས་པ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་ཀུན་ཏུ་རྟོག་པ་དང་། རྣམ་པར་རྟོག་པ་ཐ་དད་པ་བརྒྱ་སྟོང་གི་གནས་སུ་གྱུར་པའོ།། འདིར་ཁྱམས་ཀྱི་རྫས་མང་པོ ་འདུས་པ་ནི་འདི་ལྔ་སྟེ། སྟ་དང་སྤུ་དང་སེན་མོ་དང་སོ་དང་རུས་པ་དང་ལྤགས་པ་དང་ཤ་དང་ཤའི་པྲི་དང་རྒྱུས་པ་དང་ཚིལ་དང་ཞག་དང་ཆུ་སེར་དང་མཆེར་པ་དང་གཅིན་དང་ཕྱི་ས་དང་ཕོ་བ་དང་ལོང་ཀ་དང་ཁྲག ་དང་སྣབས་དང་མཁྲིས་པ་དང་རྣག་དང་མཆིལ་མ་དང་ཀླངད་རྒྱས་རྣམས་ཏེ། དེ་ལྟར་རྫས་མང་པོ་འདུས་པ་ཡིན་ན། འདི་ལ་ལུས་ཞེས་ཇི་སྐད་དུ་བྱ་སྙམ་དུ་ལུས་དྲན་པ་ཉེ་བར་འཇོག་གོ། དེ་སོ་སོར་རྟོག་པ་ན་འདི་སྙམ ་དུ་སེམས་ཏེ། ལུས་འདི་ནི་ནམ་མཁའ་དང་མཚུངས་སོ་སྙམ་ནས་དེ་ལུས་ལ་ན་མཁའ་ལྟར་དྲན་པ་ཉེ་བར་འཇོགོ། དེ་ཐམས་ཅད་ན་མཁའ་ལྟར་མཐོང་ངོ་།། དེ་ལུས་ཡོངས་སུ་ཤེས་པའི་ཕྱིར་ཡང་གང་དུ་ཡང་དྲན ་པ་མི་འཇིག་གོ། རྣམར་མི་འཇུག་གོ་རྣམ་པར་མི་འཕྲོ་བའོ་ཞེས་བྱ་བའོ།། ཡང་གསུངས་པ། ལུས་འདི་ནི་སྔོན་གྱི་མཐའ་ནས་ཀྱང་མ་འོངས། ཕྱི་མའི་མཐར་ཡང་མི་འགྲོ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ ་ཡང་མི་གནས་ཏེ། གཞན་དུ་ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་ལས་བྱུང་བ། བྱེད་པ་པོ་དང་ཚོར་བ་པོ་མེད་པ། ཐོག་མ་དང་ཐ་མ་དང་དབུས་མེད་པ། རྩ་བ་གནས་པ་མེད་པ། བདག་པོ་མེད་པ་ངའི་བ་མེད་པ་ཡོངས ་སུ་འཛིན་པ་མེད་པ་སྟེ། ཚོགས་ཞེས་བྱ་བ་དང་ལུས་ཞེས་བྱ་བ་དང་ལོངས་སྤྱོད་ཅེས་བྱ་བ་དང་གནས་ཞེས་བྱ་བ་དང་རྟེན་ཞེས་བྱ་བ་དང་ཚང་ཞེས་བྱ་བ་དང་། སྐྱེ་མཆེད་ཅེས་བྱ་བ་ནི་བློ་བུར་གྱི་ཐ་སྙད་རྣམས་ཀྱི་ཐ ་སྙད་བཏགས་པའོ།། ལུས་འདི་ནི་སྙིང་པོ་མེད་པ་སྟེ། ཕ་མའི་ཁུ་བ་དང་ཁྲག་ལས་བྱུང་བ་མི་གཙང་བ་རུལ་པ་རང་བཞིན་གྱི་དྲི་མི་ཞིམ་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པ་དང་སྦྲིང ་ལུག་པའི་རྐུན་པོས་དཀྲུགས་པ། རྟག་ཏུ་འཇིག་པ་འབྲུལ་པ་བྲལ་བ་རྣམ་པར་འཐོར་བ་རྣམ་པར་འཇོམས་པའི་ཆོས་ཅན། ནད་ཐ་དད་པ་བརྒྱ་སྟོང་གི་ཚང་ངོ་སྙམ་དུ་ལུས་ལ་དྲན་པ་ཉེ་བར་འཇོག་གོ་ཞེས་བྱ་བ་འོ།། ། ་འཕག་པ་གཙུག་ན་རི་ནོ་ཆེའི་མདོ་ལས་ཀྱང་། ཀྱེ་མའོ་ལུས་འདི་ནི་མི་རྟག་པའི་རྣམ་པ་སྟེ་རིང་པོར་མི་གནས་ཐ་མརཱ་འཆི་བ་ཡིན་པར་ཤེས་ནས་ལུས་ཀྱི་ཕྱིར་མི་མཐུན་པའི་འཚེ་བ་མི་སྤྱོད་ཅིང་སྙིང་པོ་ལོན་ཏོ།། ། ་དེ་སྙིང་པོ་གསུམ་ལེན་ཏེ། གསུམ་གང་ཞེ་ན། ལུས་ཀྱི་སྙིང་པོ་དང་། ལོངས་སྤྱོད་ཀྱི་སྙིང་པོ་དང་། འཚོ་བའི་སྙིང་པོའོ།། དེ་ལུས་མི་རྟག་གོ་སྙམ་ནསོ་སེམས་ཅན་ཐམས་ཅད་ཀྱི་བྲན་དང་སློབ་མར་ཁས་བླངས ་ཏེ་ཙཱི་བྱའོ་ཅོག་ལ་འབད་པ་ཡི། ལུས་མི་རྟག་གོ་སྙམ་ནས་ལུས་ཀྱི་ཉེས་པ་ཡོན་པོ་དང་གཡོ་དང་ཚུལ་ཆོས་པ་ཐམས་ཅད་མི་བྱེད་དོ།། ལུས་མི་རྟག་གོ་སྙམ་ནས་སྲོག་ལ་བག་མི་རྟོན་པར ་འགྱུར་ཏེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་དོ།། ལུས་མི་རྟག་གོ་སྙམ་ནས་ལོངས་སྤྱོང་ལ་སྲེད་ཅིང་ཆགས་པར་མི་བྱེད་དེ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་པ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས།། ་དཔེའི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་བསྒོམ་པ།། བདག་གི་ལུས་དེ་ལ་སེམས་ཅན་ཐམས་ཅད་ཀྱི་ལུས་ཉེ་བར་འདོགས་ཤིང་བདག་གི་སེམས་ཅན་ཐམས་ཅད་ཀྱི་ལུས་སངས་རྒྱས་ཀྱི་སྐུའི ་ནས་ལ་གནས་པར་བྱའོ་སྙམ་སྟེ། ཇི་ལྟར་དེ་བཞིན་གཤེགས་པའི་སྐུ་ཟག་པ་མེད་པ་ལྟར་རང་གི་ལུས་ཀྱི་ཆོས་ཉིད་ལ་ཡང་དེ་བཞིན་དུ་བརྟག་གོ།། དེ་ཟག་པ་མེད་པའི་ཆོས་ལ་མཁས་པས་སེམས་ཅན་ཐམས་ཅད ་ཀྱི་ལུས་ཀྱང་དེའི་མཚན་ཉིད་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཁྱིམ་བདག་དཔའ་བྱིན་གྱིས་ཞུས་པ་ལས་ཀྱང་འདི་ལྟ་སྟེ་སུས་འདི་མཐར་གྱི་འཇིག་པ་དང་རྡུལ་ཕྲ་རབ་བསགས་པ་དང་ཁོང ་སྐྱོང་དུ་ག་ཅན་དང་བུ་ག་དགུ་དང་སྒྲའི་ཁུང་བུ་ནས་ཟག་པ་དང་། གྲོག་མཁར་ལྟར་སྦྲུལ་གདུག་པའི་གནས་སུ་གྱུར་པ་དང་། མ་སྐྱེས་དགྲིའི་སྤྲེའུ་ལྟེར་གྲོགས་ལ་འཁུ་བ་དང་། བེ་ཤེས་གཉེན་ངན་པ་ལྟར་འདྲིད ་བདག་ཉིད་ཅན་དང་། དབུ་བྱ་རྡོས་པ་ལྟར་རང་བཞིན་གྱིས་ཉམ་ཆུང་བ་དང་། ཆུའི་ཆུ་བུར་ལྟར་བྱུང་ནས་འཇིག་ཅིང་འཇུ་བ་དང་། སྨིག་རྒྱུ་ལྟར་སླུ་བའི་བདག་ཉིད་ཅན་དང་། ཆུ་ཤིང་ལྟར་བཤིག་ན་སྙིང་པོ་མེད་པ་དང་། ་རྒྱུ་མ་ལྟ་བུར་སྨྲ་བའི་བདག་ཉིད་ཅན་དང་། རྒྱལ་པོ་ལྷུར་བསྒོ་བླག་མང་བ་དང་། དགྲ་ལྟར་གླགས་ལྟ་བ་དང་། ནུན་པོ་ལྟར་ཡིད་བརྟན་དུ་མི་རུང་བ་དང་། གཤེད་མ་ལྟར་རྗེས་སུ་ཆགས་པ་མེད་པ་དང་། མི་འཛུ ་བཱི་ལྟར་མི་ཕན་པར་འདོད་པ་དང་། གསོད་པ་ལྟར་ཤེས་རབ་ཀྱི་སྲོག་གི་བར་ཆད་བྱེད་པ་དང་། གླིང་སྟོང་ལྟར་བདག་དང་བྲལ་བ་དང་རྫུ་མཁན་གྱི་སྐྱེད་ལྟར་མཐར་འཇིག་པ་དང་། རྫང་ལྟར་མི་གཙང་བ་སྣ་ཚོགས ་ཀྱི་ཡོངས་སུ་གང་བ་དང་། སྦྲང་མྱའི་སྨོད་ལྟར་མི་གཙང་བ་ཟག་པ་དང་། དེ་བཞིན་དུ་སྦྱར་ཏེ། རྨ་ལྟར་བསྐྱོང་མི་བཟོད་པ་དང་། ཟུག་རྔུ་ལྟར་གནོད་པའི་བདག་ཉིད་ཅན་དང་། ཁང་སྙིང་ལྟར་བཅོས་ལེགས་བྱ ་ཞིང་བསྟན་པོ་དྲུང་། གྱུ་རྙིང་ལྟར་བཅྡོཾས་ལྕགས་བྱ་ཞིང་སྤྱད་པ་དང་། བུམ་པ་སྡོ་མ་བཏིང་བ་ལྟར་ནན་ཏན་གྱིས་བག་བྱ་དགོས་པ་དང་། དེ་བཞིན་དུ་སྦྱར་ཏེ། ཆུ་འགྲམ་གྱི་ཤིང་རྟར་གཡོ་ཞིང་འགུལ་བ་དང་། ་ཆུ་ཆུང་ཆེན་པོའི་རྒྱུན་ལྟར་མཐར་པའི་ཆ་བའི་རྒྱ་མཚོ་ལ་ཐུག་པ་དང་། གློ་བུར་བའི་ཁྱིམ་ལྟར་སྡུག་བསྔལ་ཐམས་ཅད་ཀྱི་གནས་སུ་གྱུར་པ་དང་། མགོན་མེད་པའི་གནས་ཁང་ལྟར་ཡོངས་སུ་གཟུང་བ་མེད་པ་དང ་བཙོན་སྲུངས་ལྟར་གསུག་གི་བསྒྲུབ་པར་བྱ་དང་། དེ་བཞིན་དུ་སྦྱར་ཏེ། བྱིས་པ་ཆུང་ངུ་ལྟར་རྟག་ཏུ་ཡོངས་སུ་བསྐྱང་དགོས་པའོ་ཞེས་གསུངས་སོ།། ཡང་གསུངས་པ། འདི་ལྟར་མི ་གཙང་ཕུང་པོའི་ལུས་ལ་ནི།། གཟུགས་ཀྱི་ང་རྒྱལ་ཅནྡ་གང་ག་ཅེས་འཛིན་པ།། བྱིས་པའི་བློ་ཅན་དེ་ནི་མངོན་བཞིན་དུ།། མི་ཤེས་ངན་སྐྱུགས་བུམ་པ་ཐོགས་ཤིང་འགྲོ། དེ་ཡི་སྣས་ནས་རྣག་རྣམ་པ་འཛག། ཁ ་ནས་དྲི་མི་ཞིམ་པ་རྟག་ཏུ་འབྱུང་།། སྐྱེ་བོ་ཁ་འགྲན་མིག་ནི་སྲིན་བུ་བཞིན།། དེ་ལ་སུ་ཞིག་ཆགས་ཤིང་གཅེས་པར་བྱེད།། དཔེར་ན་བྱིས་པ་སོལ་བ་ཐོགས་ནས་སུ།། འདི་ནི་དཀར་པོར་བྱ་ཞེས་བདར་བྱེད་ཀྱང་། ་དཀར་པོའི་དངོས་པོར་མི་འགྱུར་ཟད་པོར་འགྱུར།། ཕྱི་བློ་ཕྱིན་ཅི་ལོག་ཏུ་མངོན་པར་རློམ།། དེ་ལྟར་མི་གང་གཙང་སྒྲའི་བློ་གྲོས་ལྡན།། ང་ཡིས་ལུས་འདི་གཙང་མར་ཞེས་བྱ་ཏེ།། བསྐུས་ཕྱིས་འབབ་སྟེགས ་བརྒྱར་མི་ཁྲུས་བྱས་ཀྱང་།། འཆི་བདག་དབང་གིས་ཟང་འགྱུར་གཙང་མི་འགྱུར།། བྱང་ཆུབ་སེམས་དཔའ་དེ་ལྟར་ལུས་ལ་འཇིགས་པ་དང་།། བུ་ག་དགུའི་སྒོ་ནས་འཇོག་པར་རྟག་པོར་བྱ་བ་ནས་བྱང་ཆུབ ་སེམས་དཔོའི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་བཞི་སྟོང་གི་གནས་སུ་བརྟག་པར་བྱ་བའི་བར་དུའོ།། དེ་བཞིན་དུ་སྦྱར་ཏེ། བྱང་ཆུབ་སེམས་དཔའི་ལུས་ལ་སྤྱང་ཀི་དང་ཅི་སྤྱང་དང་ཁྱི་དང་རྔོན་ཤེ ་པ་བཱ་དང་གཞན་གྱི་ཟས་སུ་བརྟག་པར་བྱ། བྱང་ཆུབ་སེམས་དཔའ་ལུས་ལ་རུས་པ་དང་རྒྱུས་པའི་བོང་རེག་སྐྱེལ་པས་འཁྲུལ་འཁོར་ལྟ་བུར་བརྟག་པར་བྱ། བྱང་ཆུབ་སེམས་དབུས་ཟླས་དང་སྐོམ་ལས་བྱུང ་བ་སྟེ་རང་གི་ཁ་ན་ལས་པ་མ་ཡིན་པར་བརྟག་པར་བྱའོ།། ཞེས་ཏེ་རྒྱ་ཆེར་ནི་དེ་ཉིད་ལས་ཤེས་པར་བྱའོ།། ཚོར་བ་དྲན་པ་ཉེ་བར་གཞག་པ་ནི། རེ་ཞིག་འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཇི་སྐད་དུ། ་རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པ་བསྒོམ་པ་ནི་ཚོར་བ་ལ་བདེ་བར་གནས་པའི་སེམས་ཅན་རྣམས་སྙིང་རྗེ་ཆེན་པོ་ཐོབ་པར་འགྱུར།། ་དེ་འདི་ལྟར་གང་ལ་ཚོར་བ་མེད་པ་དེ་ནི་བདེ་བ་ཡིན་ནོ་ཞེས་སློབ་སྟེ། དེས་སེམས་ཅན་ཐམས་ཅད་ཀྱི་ཚོར་བ་སྤང་བའི་ཕྱིར་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་བསྒོམ་མོ།། ་དེ་སེམས་ཅན་རྣམམས་ཀྱི་ཚོར་བ་འགོག་པའི་ཕྱིར་གོ་ཆུ་བགོས་ཀྱང་བདག་གི་ཚོར་བ་འགོག་པར་ཡང་མྱི་བྱེད་དོ།། དེས་ཚོར་བ་གང་ཧཱུཾ་མྱོང་ཡང་ཚོར་བ་དེ་དག་ཐམས་ཅད་སྙིང་རྗེ་ཆེན་པོས་ཡོངས་སུ་བཟུང ་ཞིང་མྱོང་བར་བྱེད་དོ།། དེ་ནམ་བདེ་བའི་ཚོར་བ་མྱོང་བའི་ཚེ་ན་འདོད་ཆགས་ལ་སྤྱོད་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་རྙེད་དེ་བདག་གི་འདོད་ཆགས་ཀྱི་བག་ལ་ཉལ་བ་ཡང་ཡོངས་སུ་སྤང་ངོ་།། ནམ་སྡུག ་བསྔལ་གྱི་ཚོར་བ་མྱོང་བའི་ཚེ་ན་ཞེ་སྡང་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དེ་བདག་གི་ཞེ་སྡང་གི་བག་ལ་ཉལ་ཡང་རབ་ཏུ་སྤོང་ངོ་།། ནམ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ ་ཡིན་པའི་ཚོར་བ་མྱོང་བའི་ཚེ་ན་གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་རྙེད་དེ་བདག་གི་གཏི་མུག་གི་བག་ལ་ཉལ་ཡང་རབ་ཏུ་སྤོངངོ་།། བདེ་བའི་ཚོར་བ་རྗེས་སུ་ཆགས་པར་མི་འགྱུར་ཏེ་རྗེས་སུ་ཆགས་པར ་ལེགས་པར་འཇོམས་པར་ཡང་བྱེད་དོ།། སྡུག་བསྔལ་གྱི་ཚོར་བ་ལ་ཁོང་ཁྲོ་བར་ཡང་མི་འགྱུར་ཏེ། ཁོང་ཁྲོ་བ་ལེགས་པར་འཇོམས་པར་ཡང་བྱེད་དོ།། སྡུག་བསྔལ་བ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་ལ་མ་རིག་པ ་དང་ལྡན་པར་མི་འགྱུར་ཏེ་མ་རིག་པ་ལེགས་པར་འཇོམས་པར་ཡང་བྱེད་དོ།། དེས་ཚོར་བ་གང་ཅི་མྱོང་བ་དེ་དག་ཐམས་ཅད་ཀྱང་མི་རྟག་པར་ཤེས་ཤིང་མྱོང་བར་བྱེད་དོ།། སྡུག་བསྔལ་དུ་ཤེས་ཤིང་མྱོང་བར་བྱེད་དོ།། བདག ་མེད་པར་ཤེས་ཤིང་མྱོང་བར་བྱེད་དོ།། དེ་བདེ་བའི་ཚོར་བ་ལ་ནི་མི་རྟོག་པར་ཤེས་པར་འགྱུར་རོ།། སྡུག་བསྔལ་གྱི་ཚོར་བཱ་ལ་ནི་ཟུག་རྔུར་ཤེས་པར་འགྱུར་རོ།། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚེར ་བ་ལ་ནི་ཞི་བར་ཤེས་པར་འགྱུར་རོ།། དེ་ལྟར་གང་བདེ་བ་དེ་ནི་མི་རྟག་པའོ།། གང་སྡུག་བསྔལ་བ་དེ་ནི་སྡུག་བསྔལ་བ་ཉིད་དོ།། གང་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་དེ་ནི་བདག་མེད་པའོ།། ཞེས་བྱ་བ ་ལ་སོགས་པ་གསུངས་པ་བཞིན་ནོ།། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། སྡུག་བསྔལ་གྱིས་ཚོར་བས་རེག་ན་ངན་སོང་དང་མི་ཁྱོམས་པར་སྐྱེས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེད་དོ།། དེ་བཞིན་དུ ་སྦྱར་ཏེ། ཚོར་བ་ནི་མངོན་པར་ཞེན་པའོ།། ཚོར་བ་ནི་ཡོངས་སུ་འཛིན་པའོ།། ཚོར་བ་ནི་ཉེ་བར་ལེན་པའོ།། ཚོར་བ་ནི་དམིགས་པའོ།། ཚོར་བ་ནི་ཕྱིན་ཅི་ལོག་གོ། ཚོར་བ་ནི་རྣམ་པར་རྟོག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས ་སོ།། ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་།། ཚོར་བ་མྱོང་བར་རབ་བསྟན་པ།། ཚོར་བ་ལས་གཞན་ཚོར་བ་བོ།། གུད་ན་ཡོད་པ་མ་ཡིན་ན།། གང་གི་དེ་ནི་ཚོར་བར་འགྱུར།། བྱང་ཆུབ་ཅི་འདྲ་དེ་བཞིན་དུ།། ཞི་ཞིང ་དགུ་ལ་འོད་གསལ་བར།། ཚོར་བ་འདི་ལ་མཁས་པ་རྣམས།། དྲན་པ་དེ་ལྟར་ཉེ་བར་གཞག་ཅེས་གསུངས་སོ།། འདི་ནི་ཚོར་བ་དྲན་པ་ཉེ་བར་གཞུག་པ་མདོར་བསྡུད་པའོ།། སེམས་དྲན་པ་ཉེ་བར་གཞག་པ་ནི་འཕགས་པ་དཀོན ་མཆོག་བརྩེགས་པ་ལས་ཇི་སྐད་དུ།། དེ་ལྟ་འདི་ལྟར་སེམས་ཡོངསུ་ཚོལ་ཏེ། འདོད་ཆགས་པར་འགྱུར་པ་འམ་ཞེ་སྡང་བར་འགྱུར་པ་འམ་གཏི་མུག་པར་འགྱུར་བའི་སེམས་དེ་གང་ཡིན། ཅི་འདས་པ་འམ་མུ་འོངས་པ་འམ ་ད་ལྟར་བྱུང་བ་ཞིག་ཡིན། དེ་ལ་སེམས་འདས་པ་གང་ཡིན་པ་དེ་ནི་ཟད་པའོ།། མ་འོང་བ་གང་ཡིན་པ་དེ་ནི་མ་ཕྱིན་པའོ་ད་ལྟར་བྱུང་བ་ནི་གནས་པ་མིང་ངོ་སྙམ་མོ།། འོད་སྲུངས་སེམས་ནི་ནང་ན་ཡང་མེད་ཕྱི་རོལ་ན་མེད་གཉི ་ག་ན་ཡང་མེད་ཅིང་མི་དམིགས། འོད་སྲུངས་སེམས་ནི་གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ། རྟེན་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པའོ།། འོད་སྲུངས་སེམས ་ནི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ།། ལོག་པར་ཞུགས་པའི་འདུ་ཤེས་ལས་ཆོས་རྣམས་འབྱུང་བ་མ་གཏོགས་པར། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གཟིག་མི ་གཟིགས་གཟིགས་པར་མི་འགྱུར་བ་གང་ཡིན་པ་དེའི་རྒྱུ་བ་ཅི་འདྲ་བར་རིག་པར་བྱ་ཞེ་ན། འོད་སྲུངས་སེམས་ནི་རྒྱུ་མ་དང་མཚུངས་ཏེ་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པས་སྐྱེ་བ་རྣམ་པ་མང་པོ་ཡོངས་སུ་འཛིན་ཏོ།། དེ་བཞིན ་དུ་སྦྱར་ཏེ། འོད་སྲུངས་སེམས་ནི་འབབ་རུའི་རྒྱུན་དང་མཆུ་ངས་ཏེ་མི་གནས་པ་སྐྱེས་ནས་འཇིག་ཅིང་ངེས་པའོ།། འོད་སྲུངས་སེམས་ནི་རླུང་དང་མཚུངས་ཏེ་རིང་དུ་འགྲོ་ཞིང་གཟུངས་དུ་མེད་པར་རྒྱུའོ།། འོད་སྲུངས་ནི་མར་མེའི ་འོད་འཕྲོ་བ་དང་མཚུངས་ཏེ་རྒྱུ་དང་རྐྱེན་ལས་འབྱུང་བའོ།། འོད་སྲུངས་སེམས་ནི་ནོ་མཁའ་དང་མཚུངས་ཏེ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའོ།། འོད་སྲུངས་སེམས་ནི་གློག་དང་མཚུངས་ཏེ་སྐད་ཅིག་ཏུ་འཇིག་ཅིང་མི་གནས ་པའོ།། དེ་བཞིན་དུ་སྦྱར་ཏེ། འོད་སྲུངས་སེམས་ནི་སྡུག་བསྔལ་ཐམས་ཅད་སྐྱེད་པའི་ཕྱིར་མི་མཛའ་བ་དང་མཚུངས་སོ།། འོད་སྲུངས་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་འཇིག་པར་བྱེད་པའི་ཕྱིར་བྱེ་མའི་ཁང་པ་དང ་མཚུངས་སོ།། འོད་སྲུངས་སེམས་ནི་སྡུག་བསྔལ་བ་བདེ་བར་འདུ་ཤེས་པའི་ཕྱིར་ཉའི་མཆིལ་པ་དང་མཚུངས་སོ།། འོད་སྲུངས་སེམས་ནི་བདག་མེད་པ་ལ་བདག་ཏུ་འདུ་ཤེས་པའི་ཕྱིར་རྨི་ལམ་དང་མཚུངས་སོ།། འོད་སྲུངས་སམས ་ནི་མི་གཙང་བ་ལ་གཙང་བར་འདུ་ཤེས་པའི་ཕྱིར་སྦྲང་མ་སྔོན་པོ་དང་མཚུངས་སོ།། འོད་སྲུངས་སེམས་ནི་གནོད་པ་རྣམ་པ་མང་པོ་བྱེད་པས་ཕྱིར་རྒོལ་བ་དང་མཚུངས་སོ།། འོད་སྲུངས་སེམས་ནི་རྟག་ཏུ་ཀླན་ཀ་ཚོལ་བའི་ཕྱིར ་གནོད་སྦྱིན་བདག་མངངས་འཕྲོག་པ་དང་མཚུངསོ།། འོད་སྲུངས་སེམས་ནི་རྟག་ཏུ་གླགས་ལྟེ་བས་དགྲ་དང་མཚུངས་སོ།། འོད་སྲུངས་སེམས་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་དང་ལྡན་པས་རྟག་པར་མཐོ་དམན་ཅན་ནོ།། ་འོད་སྲུངས་སེམས་ནི་དགེ་བའི་རྩ་བ་ཐམས་ཅད་རྐུ་བས་ཆོམ་རྐུན་དང་དང་འདྲའོ།། འོད་སྲུངས་སེམས་ནི་གཟུགས་ལ་དགའ་བས་ཕྱི་བྱི་ཞི་ལྔའི་མིག་དང་མཚུངས་སོ།། འོད་སྲུངས་སེམས་ནི་རྗེས་སུ་སྒྲ་ལ་དགའ་བསྟེ་གཡུལ་གྱི་རྔ ་དང་མཚུངས་སོ།། འོད་སྲུངས་སེམས་ནི་ཕག་མི་གཙང་བའི་དྲི་ལ་དགའ་བ་བཞིན་དུ་དྷི་ལ་དགའོ།། འོད་སྲུངས་སེམས་ནི་རོ་ལ་དགའ་ཞིང་ཟས་ཀྱི་ལྷག་མ་ཟ་བའི་བྲནཱ་མོ་དང་མཚུངས་སོ།། འོད་སྲུངས་སེམས་ནི་རེག་བྱ་ལ་དག ་བས་སྦྲང་མ་འབྲུ་མར་གྱི་སྣོད་ལ་ཆགས་པ་དང་མཚུངས་སོ།། འོད་སྲུངས་སེམས་ནི་ཀུན་ཏུ་བཙལ་ཀྱང་མི་རྙེད་དོ།། གང་མི་རྙེད་པ་དེ་ནི་མི་དམིགས་པའོ།། གང་མི་དམིགས་པ་དེ་ནི་འདས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ ་མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་ནོ།། གང་འདས་པ་ཡང་མ་ཡིན་མ་འོངས་པ་ཡང་མ་ཡིན་ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་དུས་གསུམ་ལས་ཡང་དགུ་པར་འདས ་བྱའོ།། གང་དུས་གསུམ་ལས་ཡང་དག་པར་འདས་པ་དེ་ནི་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འཕགས་པ་གཙུག་ན་རིན་པོ་ཆེའི་མདོ་ལས་ཀྱང་། དེ་སེམས་ཀུན་ཏུ ་ཚོལ་བས་ན་སེམས་ནང་ན་ཡང་དག་པར་རྗེས་སུ་མི་མཐོང་། སེམས་ཕྱི་རོལ་ན་ཡང་དག་པར་རྗེས་སུ་མི་མཐོང་། སེམས་ཕྱི་ནང་ན་ཡང་དག་པར་རྗེས་སུ་མི་མཐོང་། ཕུང་པོ་རྣམས་ལ་ཡང་སེམས་ཡང་དག་པར་རྗེས ་སུ་མི་མཐོང་ངོ་།། ཁམས་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། སྐྱེ་མཆེད་རྣམས་ལ་ཡང་སེམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། དེས་སེམས་ཡང་དག་པར་རྗེས་སུ་མི་མཐོང་བས། སེམས ་གང་ལས་བྱུང་ཞེས་སེམས་ཀྱི་རྒྱུ་ཚོལ་ཞིང་དེ་འདི་སྙམ་དུ་སེམས་ཏེ། དམིགས་པ་ཡོད་པ་ལས་སེམས་འབྱུང་བར་འགྱུར་རོ་སྙམ་མོ།། དེ་ཡང་འདི་སྙམ་དུ་སེམས་ཏེ། ཅི་དམིགས་པ་དེ་ཡང་གཞན་ལ་སེམས་དེ ་ཡང་གཞན་ནམ། འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན་འོན་ཏེ་དམིགས་པ་ཡང་གཞན་ལ་སེམས་དེ་ཡང་གཞན་ན་ནི། སེམས་དེ་གཉིས་སུ་འགྱུར་རོ།། འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས ་ཡིན་ན་ནི་སེམས་ཀྱིས་སེམས་དེ་ཉིད་ཇི་ལྟར་མཐོང་བར་འགྱུར་ཏེ། སེམས་ཀྱིས་སེམས་མཐོང་བར་མི་རུང་ངོ་།། འདི་ལྟ་སྟེ་དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱི་རལ་གྲིའི་སོ་དེ་ཉིད་གཅད་པར་མི་ནུས་པ་དང་སོར་མོའི་རྩེ་མོ་དེ་ཉིད་ཀྱིས་དེ་ཉིད་ལ་རེག་པར ་མི་ནུས་པ་དེ་བཞིན་དུ་སེམས་དེ་ཉིད་ཀྱིས་ཀྱང་སེམས་དེ་ཉིད་མཐོང་བར་མི་ནུས་སོ་སྙམ་མོ།། དེ་བཞིན་དུ་སྦྱར་ཏེ། རིགས་ཀྱི་བུ་གཞན་ཡང་གང་མགྱོགས་པ་རབ་ཏུ་མགྱོགས་པ་མི་གནས་པར་རྒྱུ་བ་སྤྲེའུ་དང་རླུང་འདྲ་བ ་འབབ་ཆུའི་རྒྱུན་དང་འབྲུ་མར་གྱི་མར་མེ་འདྲ་བ། རྒྱང་རིང་པོར་འགྲོ་བ། ལུས་མེད་པ། ཡུལ་ལ་བསྐམ་པ། སྐྱེ་མཚང་དྲུག་ལ་སྤྱོད་པ། གཞན་དང་གཞན་གྱི་ཤེས་པ་དང་ལྡན་པའི་སེམས། གནས་པ། རྩེ་གཅིག་པོ། མི ་འཕྲོ་བ། རྣམ་པར་མི་འཕྲོ་པ། ཞི་གནས་ལ་རྩེ་གཅིག་པ། གླཡེང་བ་མྱེད་པ་འདི་ནི་སེམས་གནས་པའོ་ཞེས་གསུངས་སོ།། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཀྱང་། བདག་གི་རྣམ་པར་བསྒྲུབ ་པབཔར་བྱ་བ་ལ་བརྩོན་པར་བྱ་སྟེ་སེམས་ཀྱི་ཆོས་ཉིད་འདི་ཡང་མི་འདོར་རོ་སྙམ་མོ།། དེ་ལ་སེམས་ཀྱི་ཆོས་ཉིད་ནི་གང་རྣམ་པར་བསྒྲུབ་པ་ནི་གང་ཞེ་ན། སེམས་ནི་སྒྱུ་མ་ལྟ་བུ་སྟེ་འདི་ལ་གང་ཡང་སྦྱིན་པ་མེད་པ་དེ། ་ནི་སེམས་ཀྱི་ཆོས་ཉིད་ཅེས་བྱའོ།། གང་ཡང་བདོག་པ་ཐམས་ཅད་ཡོངས་སུ་བཏང་སྟེ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡོངས་སུ་དག་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བ་འདི་ནི་རྣམ་པར་བསྒྲུབ་པ་ཞེས་བྱའོ་ཞེས། ་བྱ་བ་ལ་སོགས་པ་གསུངས་སོ།། ཆོས་རྗེས་སུ་དྲན་པ་ནི་རེ་ཞིག་དེ་ཉིད་ལས་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པ་ནི་གང་ལས་སངས་རྒྱས་ཀྱི་ཆོས ་མེད་པ་དང་། གང་ལས་བྱང་ཆུབ་མེད་པ་དང་། གང་ལམ་མེད་པ་དང་། གླེང་ལས་ཐར་པ་མེད་པ་དང་། གང་ལས་ངེས་པར་འབྱུང་བ་མེད་པའི་ཆོས་དེ་གང་ཡང་མི་མཐོང་ངོ་།། དེས་ཆོས་ཐམས་ཅད་འབྱུང་བར་ཤེས་ནས ་སེམས་ཅན་རྣམས་ལ་སྒྲིབ་པ་མེད་པར་ཤེས་པར་བྱ་བའི་ཕྱིར་སྙིང་རྗེ་ཆེན་པོའི་ཏིང་འཛིན་གྱི་སྒོ་ཐོབ་པར་འགྱུར་རོ།། དེས་ཆོས་ཐམས་ཅད་དང་ཉོན་མོངས་པ་ཐམས་ཅད་ལ་ཡང་སྒྱུ་མར་འདུ་ཤེས་པ་འཐོབ་སྟེ། ཆོས ་འདི་དག་ནི་ཉོན་མོངས་པ་མེད་པ་སྟེ་འདི་དག་ནི་ཉོན་མོངས་པ་དང་བཅས་པ་མ་ཡིན་པའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་ངེས་པའི་དོན་ལ་རྟོན་པ་སྟེ། ཉོན་མོངས་པ་རྣམས་ནི་ཆོགས་མེད། ཕུང་པོར་གྱུར་པ་མེད། ་འདོད་ཆགས་ཀྱི་དངོས་པོ་མེད། ཞེ་སྡང་གི་དངོས་པོ་མེད། གཏི་མུག་གི་དངོས་པོ་མེད་པ་སྟེ། ཉོན་མོངས་པའི་ངོ་བོ་ཉིད་གང་ཡིན་པ་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱང་དེ་ཡིན་ནོ་ཞེས་དེ་ལྟར་དྲན་པ་ཉེ་བར་འཇོག་གོ་ཞེས་གསུངས ་སོ།། འཕགས་པ་གཙུག་ན་རིན་པོ་ཆེ་ལོས་ཀྱང་། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་གཞག་པ་ལ་གནས་པ་འདི་སྙམ་དུ་སེམས་ཏེ། སྐྱེ་བ་ན་ཆོས ་རྣམས་ཁོ་ན་སྐྱེ། འགག་པ་ན་ཆོས་རྣམས་ཁོ་ན་འགག་སྟེ། འདི་ལ་བདག་གམ་སེམས་ཅན་ནམ་སྲོག་གམ་སྐྱེ་བ་པོ་འམ་གསོ་བ་འམ་སྐྱེས་བུ་འམ་གང་ཟག་གམ་ཤེད་ལྔས་སྐྱེས་པ་འམ་ཤེང་བུ་འམ་གླང་སྐྱེ་བ་འམ་རྒ་བ ་འམ་འཆི་བ་འམ་འཕོ་བ་འམ་སྐྱེ་བར་འགྱུར་པ་གང་ཡང་མེད་དོ།། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དོ།། གལ་ཏེ་བསྒྲུབས་ན་ནི་འགྲུབས། གལ་ཏེ་མ་བསྒྲུབས་ན་ནི་མི་འགྲུབ་སྟེ། དགེ་བ་ཡང་རུང་མི་དགེ་ཡང་རུང་མི ་གཡོ་བ་ཡང་རུང་ཇི་ལྟ་བུར་བསྒྲུབས་པར་དེ་ལྟ་བུར་འགྲུབ་མོད་ཀྱི། ཆོས་རྣམས་ལ་སྒྲུབ་པར་བྱེད་པ་ཡང་མེད་ལ། ཆོས་རྣམས་རྒྱུ་མེད་པར་ཡང་གི་ང་ཡང་མི་སྐྱེའོ།། སྙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངསོ།། ་སོ།། ཡང་དེ་ཉིད་ལས། དེ་གང་ཅུང་ཟད་ཆོས་ཟབ་མོ་ལ་སོ་སོར་རྟོག་ཀྱང་ཐམས་ཙ་དུ་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པ་དེ་ཡང་མི་འདོར་ཞེས་གསུངས་སོ།། འཕགས་པ་རྒྱ་ཆེ་རོལ་པ ་ལས་ཀྱང་། འདུ་བྱེད་མི་བརྟག་བརྟན་པ་མ་ཡིན་ཏེ། རྫུ་སོ་མ་བཏང་ལྟ་བུར་འཇིག་པའི་བདག། གཞན་གྱི་རྫས་ནི་བརྙན་པོ་བྱས་དང་མཚུངས།། བྱེ་མའི་གྲོང་ཁྱེར་ལྟ་བུར་རིང་མི་ཐོགས།། འདུ་བྱེད་འདི་དག ་འཇིག་པའི་ཆོས་ཚོན་ཏེ། དབྱེར་གྱི་ཞལ་ཞལ་ཇི་ལྟར་འགོགས་པ་བཞིན། ཆུ་ངོགས་བྱེ་མ་ཡོད་པ་འདྲ་བ་སྟེ།། རྐྱེན་ལ་རིག་ལོས་རང་བཞིན་ཉམ་ཆུང་བ།། འདུ་བྱེད་མར་མིའི་འོད་འཕྲོ་འདྲ་བ་སྟེ། མྱུར་དུ ་ཞིང་འགག་པའི་ཆོས་ཅན་ཡིན། རླུངས་དང་མཚུངས་པར་རིང་དུ་མི་གནས་ལ། སྦུ་བ་ལྟ་བུར་ཉམ་ཆུང་སྙིང་པོ་མེད།། འདུ་བྱེད་གཡོ་བ་མེད་ཅིང་སྟོང་པ་སྟེ། བརྟགས་ན་ཆུ་ཤིང་དག ་གི་ཕུང་པོ་འདྲ། སྒྱུ་མ་ལྟ་བུ་སེམས་ནི་རྨོངས་པར་བྱེད། ལག་བཅངས་སྟོང་པས་བྱིས་པ་འབྲིང་དང་མཚུངས། འདུས་བྱས་གྱུར་པ་ཐམས་ཅད་རྒྱུ་དག་དང་། རྐྱེན་རྣམས་ཀྱིས་ནི་རབ་ཏུ་འབྱུང་བ་སྟེ། གཅིག ་གིས་གཅིག་རྒྱུ་བྱས་ཏེ་བརྟེན་ནས་བྱུང་། བྱིས་པའི་སྐྱེ་བོས་འདི་འདྲ་འདི་མ་རྟོགས།། དཔེར་ན་གྲེས་མ་མུན་ཇེ་རྟེན་བྱོས་ལེ། བརྩལ་བའི་སྟོབས་ཀྱི་ཐེག་པར་འགྱུར་བ་དང་། ཟོ་ཆུན་རྒྱུད་མོ་འཁོར་ལོ་བཅས། ་པ་ཡང་། དེ་དག་རེ་རེ་འགྲུབ་པར་འགྱུར་བཱ་མེད།། དེ་ལྟར་སྲིད་པའི་ཡན་ལག་ཀུན་གྲུབ་པ། གཞན་དང་གཞན་ཚོགས་པ་ལ་བརྟེན་ནས་ནི། དེ་དག་སོ་སོར་རེས་འགྲུབ་པ་ནི། སྔོན་གྱི་མཐའ་དང་ཕྱི་མའི ་མཐའ་མི་དམིགས།། ས་བོན་ཡོད་ནཱ་མྱུ་གུ་ཇི་བཞིན་ཏེ།། ས་བོན་གང་ཡིན་དེ་ཉིད་མྱུ་གུ་མིན།། དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ།། དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ།། མ་རིག་པ་ནི་འདུ་བྱེད་རྐྱེན་ཡིན་ཏེ།། འདུ་བྱེད ་དེ་ཡང་ཡང་ངག་ཉིད་དུ་མེད།། མ་རི་ག་པ་དང་འདུ་བྱེད་དེ་དག་ཀྱང་།། རང་བཞིན་སྟོང་སྟེ་གཡོ་བ་མེད་པ་ཡིན།། རྒྱ་ལས་རྒྱ་ཡི་འབུར་ནི་སྣང་མོད་ཀྱི།། རྒྱ་དེ་འཕོས་པར་དམིགས་པའང་ཡོང་མ་ཡིན།། དེ་ལ་དེ་མེད ་གཞན་ལས་མ་ཡིན་ཏེ།། དེ་ལྟར་འདུས་བྱས་རྟག་མེད་ཆད་པ་མེད།། མིག་དང་གཟུགས་ལ་བརྟེན་པ་བྱས་ནས་སུ།། མིག་གི་རྣམ་པར་ཤེས་པ་འདིར་བྱུང་ཡང་།། མིག་ནི་གཟུགས་ལ་བརྟེན་པ་མ་ཡིན་ལ།། གཟུགས་ཀྱང ་མིག་ལ་འཕོ་བ་ཡོད་དམ་ཡིན།། འདི་དག་བདག་མེད་མི་སྡུག་ཆོས་ཅན་ཡང་།། དེ་དག་བདག་དང་སྒྲོག་པར་བརྟགས་པ་སྟེ།། ནོར་པ་ཡང་དག་མ་ཡིན་བརྟགས་ཡིན་ཡང་།། དེ་ལ་མིག་གི་རྣམ་པར་ཤེས་པ་འབྱུང་།། ་རྣམ་པར་ཤེས་པ་འགགས་ནས་བྱུང་གྱུར་ཏེ།། མཁས་པས་སྐྱེ་དང་འཇིག་པ་རྣམ་པར་མཐོང་།། གང་དུ་མ་སོང་གང་ནས་འོངས་པ་མིན།། རྣལ་འབྱོར་པས་ནི་སྟོང་པ་སྒྱུ་ལྟར་མཐོང་།། དཔེར་ན་གཙུབས་ཤིང་དུང་ནི་གཙུབས ་གཏན་དང་།། ལག་པས་བསྩོལ་བ་བྱས་པ་གསུམ་ཚོགས་པ། དེ་ལས་བརྟེན་ནས་མེ་ནི་འབྱུང་འགྱུར་ཏེ།། བྱུང་ནུས་རིང་པོར་མི་ཐོགས་འགགས་པར་འགྱུར།། དེ་ནས་མཁས་པ་ལྔ་ལས་བརྟགས་བྱས་ཏེ། འདི་ནི་གང་ནས ་འོངས་ལ་གར་སོང་ཞེས།། ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བརྟགས་བྱས་ན།། དེ་ནི་འོང་བ་འམ་འགྲོ་བ་མི་དམིགས་སོ།། ཕུང་པོ་ངག་དང་སྐྱེ་མཆེད་ཁམས་རྣམས་ཀྱི།། རྐྱེན་ནི་མ་རིག་པ་དང་སྲེད་དང་ལས།། ་དེ་དག་ཚོགས་པ་སེམས་ཅན་ཞེས་བརྗོད་ཀྱང་།། དེ་ནི་དམ་པའི་དོན་དུ་དམིགས་སུ་མེད། ཅེས་བྱ་བ་ལ་སོགས་པ་གསུངས་སོ།། བསླབ་པ་ཀུན་ལས་བཏུས་པ་ལས་དྲན་པ་ཉེ་བར་གཞག་པའི་ལེའུ་སྟེ། བཅུ་གསུམ་པའོ།། ། ་དྲན་པ་ཉེ་བར་གཞག་པ་བཤད་ཟིན་ཏོ།། དེ་ལྟར་སེམས་འོས་སུ་གྱུར་ནས་ཡང་སྟོང་པ་ཉིད་ལ་འཇུག་པར་བྱ་སྟེ། གང་ཟག་སྟོང་པ་ཉིད་ནི་དེ་ལྟར་ཤིན་ཏུ་གྲུབ་པ་ཡིན་ནོ།། དེ་ཅིའི་ཕྱིར་རྩ་བ་ཆད་པས ་ཉོན་མོངས་ཐམས་ཅད་ཀུན་ཏུ་མི་འབྱུང་ངོ་།། འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཇི་སྐད་དུ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ཤིང་རྩ་བ་ནས་བཅད་ན་ཡན་ལག་དང་ལོ་མོ་དང་གལ་ག་ཕྲ་མོ ་མས་ཅད་སྐམས་པར་འགྱུར་རོ།། ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞིན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ།། སྟོང་པ་ཉིད་བསྒོམ་པའི ་ཕན་ཡོན་ནི་མུ་མེང་།། རེ་ཞིག་ཟླ་བ་སྒྲོན་མིའི་མདོ་ལས་ཇི་སྐད་དུ། དེ་ནི་ནམ་ཡང་བདེ་གཤེགས་རྣམས་ཀྱི་བསླབ་མི་འདོར།། དཔའ་བོ་དེ་ནི་ནམ་ཡང་བུད་མེད་དབང་མི་འགྲོ།། དེ་ནི་བདེ་གཤེགས་རྣམས་ཀྱི་བསྟན ་བ་རྙེད།། དེ་ནི་ཆོས་ཀྱི་རང་བཞིན་རབ་ཏུ་ཞི་བཱ་ཤེས། དེ་འདིར་རིང་པོར་མི་ཐོག་རྐང་གཉིས་དབང་པོར་འགྱུར།། དེ་ནི་བདེ་བ་སྦྱིན་པར་བྱེད་པའི་སྨན་པར་འགྱུར།། དེ་ནི་སྡུག་བསྔལ་རྣམས་ཀྱི་ཟུག་རྔུ་ཀུན་ཏུ་འབྱིན།། དེ་ནི ་ཆོས་ཀྱི་རང་བཞིན་རབ་ཏུ་ཞི་བ་ཤེས།། མི་ཡི་ཟླ་བ་དེ་ནི་བཟོད་པའི་སྟོབས་ཀྱིས་འཕགས།། དེ་ནི་རྡོ་དབྱུགས་ངག་གིས་བསྣུན་ཀྱང་འཁྲུག་མི་འགྱུར།། དེ་ནི་ཡན་ལག་ཉིད་ལག་བཅད་ཀྱང་འཁྲུག་མི་འགྱུར།། ་དེ་ནི་ཆོས་ཀྱི་རང་བཞིན་རབ་ཏུ་ཞི་བ་ཤེས།། དེ་ནི་ནམ་ཡང་ངན་འགྲོར་སྐྱེ་བར་འགྱུར་བ་མ་ཡིན།། རྟག་ཏུ་གཟུགས་ནི་མཛེས་ཤིང་མཚན་དང་ལྡན་པར་འགྱུར།། དེས་ནི་རྟག་ཏུ་མངོན་ཤེས་ལྔ་པོ་འདི་དག་བསྒོམ།། ་དཔའ་དེ་འདིར་རྟག་བདེ་གཤེགས་རྣམས་ཀྱི་མདུན་ན་གནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བཅོམ་ལྡན་འདས་མ་ལས་ཀྱང་། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས ་ཀྱི་སྐུ་ཡོངས་སྨྲ་བསྒྲུབ་པར་འདོད་པ་དང་། སྐྱེ་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་པར་འདོད་པ་དང་། སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པ་དང་བྱང་ཆུབ་ཀྱི་སེམས་ཆུད་མི་ཟ་བ་དང་བྱུང ་སེམས་དཔའི་སྤྱོད་པ་མི་བརྗེད་པ་ཐོབ་པར་འདོད་པ་དང་། སྡིགས་པའི་གཉེན་དང་སྡིག་པའི་གླེགས་པོ་ཐམས་ཅད་ཡོངས་སུ་སྦྱང་བར་འདོད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དགེ་བའི་བཤེས་གཉེན ་ཐམས་ཅད་མཉེས་པར་བྱ་བར་འདོད་པ་དང་། བདུད་ཀྱི་རིས་ཀྱི་ལྷ་ཐམས་ཅད་འདུལ་བར་འདོད་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བར་འདོད་པ་དང་། ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་ཐོབ་པར་འདོད་པས་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་ལ་བསླབ་པར་བྱའོ།། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུ་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དེ་དག་བདག་གི་བསྔགས་པ་བརྗོད ་ངོ་སྙམ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།། ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་གཅིག་གིས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམ ་གངྒཱའི་ཀླུང་གི་བྱེ་མ་སྙེད་འདའ་བར་འདོད་པ་དང་། དེ་བཞིན་དུ་སྦྱར་ཏེ། ཕྱོགས་བཅུ་ཐམས་ཅད་འདའ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེན་གསུངས་སོ།། ་དེ་ལ་ཇི་ལྟར་ཆོས་ཐམས་ཅད་བདག་མེད་ཀྱང་ལས་དང་འབྲས་བུར་འབྲེལ་པ་མི་འགལ་བ་དང་། རང་བཞིན་མེད་ཀྱང་ཇི་ལྟར་མཐོང་བཞིན་པའི་ཆོས་ཐམས་ཅད་མི་འགྲལ་བ་དེ་ལྟར་ནི། ཡབ་དང་སྲས་མཇལ་བའི་མདོ ་ལས་བསྟན་ཏེ། རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཁམས་དྲུག་པ། རེག་པའི་སྐྱེ་མཆེད་དྲུག་པ། ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་པའོ།། རྒྱལ་པོ་ཆེན་པོ་སྐྱེས་བུ་འདི་ནི་ཁམས་དྲུག་པ་ཞེས་གང་སྨྲས་པ་དེ་ཅི་ལས ་བརྟེན་ཏེ་སྨྲས་ཤློ་ན། རྒྱལ་པོ་ཆེན་པོ་ཁམས་དྲུག་ནི་འདི་དག་གོ།། དྲུག་གང་ཞེ་ན། འདི་ལྟ་སྟེ། སའི་ཁམས་དང་།། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནཱ་མཁའི་ཁམས་དང་། རྣམ་པར་ཤེས ་པའི་ཁམས་སོ།། རྒྱལ་པོ་ཆེན་པོ་དེ་དག་ནི་ཁམས་དྲུག་སྟེ། སྐྱེས་བུ་འདི་དག་ནི་ཁམས་དྲུག་པའོ་ཞེས་གང་ངས་སྨྲས་པ་དེ་ནི་དེ་ལ་རྟེན་ཏེ་སྨྲས་སོ།། སྐྱེས་བུ་འདི་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་སྨྲས་པའི།། ་ནི་ཅི་ལས་བརྟེན་ཏེ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་རེག་པའི་སྐྱེ་མཆེད་དྲུག་ནི་འདི་དག་སྟེ། དྲུག་གང་ཞེ་ན། གཟུགས་རྣམས་ལ་ལྟ་བའི་ཕྱིར་མིག་རེག་པའི་སྐྱེ་མཆེད་དང་། སྒྲ་རྣམས་ལ་ཉན་པའི་ཕྱིར་རྣ་བར་རེག་པའི་སྐྱེ ་མཆེད་དང་། དྲི་རྣམས་ལ་སྡོམ་པའི་ཕྱིར་སྣ་རེག་པའི་སྐྱེ་མཆེད་དང་། རོ་རྣམས་ལ་མྱེང་བའི་ཕྱིར་ལྕེ་རེག་པའི་སྐྱེ་མཆེད་དང་། རེག་བྱབྱོ་རྣམས་ལ་རེག་པའི་ཕྱིར་ལུས་རེག་པའི་སྐྱེ་མཚད་དང་། ཆོས་རྣམས་རྣམ་པར་ཤེ ་པའི་ཕྱིར་ཡིང་རེག་པའི་སྐྱེ་མཆེད་ངོ་།། རྒྱལ་པོ་ཆེན་པོ་དེ་དག་ནི་རེག་པའི་སྐྱེ་མཆེད་དྲུག་སྟེ། སྐྱེས་བུ་འདི་དག་ནི་རེག་པའི་སྐྱེ་མཆེད་དྲུག་པའོ་ཞེས་གང་ངས་སྨྲས་པ་དེ་ནི་དེ་ལ་བརྟེན་ཏེ་སྨྲས་སོ།། རྒྱལ་པོ་ཆེན་པོ་སྐྱེས ་བུ་འདི་ནི་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་པའོ་ཞེས་སྨྲས་པ་དེ་ཅི་ལས་རྟེན་ཏོ་སྨྲས་ཤེ་ན། རྒྱལ་པོ་ཆེན་པོ་ཡིད་ཀྱི་ཉེ་བར་སྤྱོད་པོ་བཅོ་བརྒྱད་ནི་འདི་དག་སྟེ། བཅི་བརྒྱད་གང་ཞེ་ན། འདི་ལ་མིག་གིས་གཟུགས་མཐོང་ན ་ཡིད་བདེ་བ་དང་ཡིད་མི་བོད་བ་དང་བཏང་སྙོམས་སུ་འགྱུར་བར་གཟུགས་ལ་ཉེ་བར་སྦྱོང་ངོ་།། དེ་བཞིན་དུ་ན་བ་ལ་སོགས་པ་ཡང་བརྗོད་པར་བྱའོ།། རྒྱལ་པོ་ཆེན་པོ་དེ་ལ་གང་དག་ཡིད་བདེ་བར་ཉེ་བར་སྤྱོད་པ་དྲུག། ་དང་། གང་དག་ཡིད་མི་བདེ་བར་ཉེ་བར་སྤྱོད་པ་དྲུག། གང་ངག་བཏང་སྙོམས་སུ་ཉེ་བོར་སྦྱོང་པ་དྲུག་པོ་དེ་དག་གཅིག་ཏུ་བསྡུས་ནས་ཡིད་ཀྱི་ཉེ་བར་སྤྱོད་པ་བཅོ་བརྒྱད་དུ་འགྱུར་རོ།། དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆེན ་བཽ་ནང་གི་སའི་ཁམས་གང་ཞེ་ན། གུང་ཙི་ཡཱང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་སྲ་བ་དང་མཁྲང་བའི་རྣམ་པ་དང་ཉེ་བར་གྱུར་པ་དང་ཟིན་པའོ།། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། སྐྲ་དང་སྤུ་དང་། ་སེན་མོ་དང་ཞེས་བྱ་བ་ལ་སོགས་པའོ།། རྒྱལ་པོ་ཆེན་པོ་ཕྱི་རོལ་གྱི་སའི་ཁྲིམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ཕྱི་རོལ་གྱི་སྲ་བ་དང་མཁྲང་བའི་རྣམ་པ་དང་། ཉེ་བར་མ་གྱུར་པ་དང་མ་ཟིན་པ་འདི་ནི་ཕྱི་རོལ་གྱི་སའི ་ཁམས་ཞེས་བྱའོ།། རྒྱལ་པོ་ཆེན་པོ་དེ་ལ་ནང་གི་སའི་ཁམས་འབྱུང་བའི་ཚེ་གང་ནས་ཀྱང་མི་འོངས། འགག་པའི་ཚེ་གང་དུ་ཡང་བསོགས་པར་མི་འགྱུར་རོ།། རྒྱལ་པོ་ཆེན་པོ་བུད་མེད་ནང་དུ་བདག་ནི་བུད་མེད་དོ་ཞེ ་རྟོག་པའི་དུས་དེ་ཡོད་དེ།། དེ་ནང་དུ་བུད་མེད་ཅེས་བརྟགས་ནས་ཕྱི་རོལ་དུ་སྐྱེས་པ་ལ་སྐྱེས་པ་ཞེས་རྟོག་གོ། དེ་ཕྱི་རོལ་དུ་སྐྱེས་པ་ཞེས་བརྟགས་ནས་ཆགས་པར་གྱུར་ཏེ་ཕྱི་རོལ་གྱི་སྐྱེས་པ་དང་ཕྲད་པར་འདོད་དོ།། ་སྐྱེས་པ་ཡང་ནང་དུ་སྐྱེས་པ་ཞེས་རྟོག་སྟེ་དེ་ནང་དུ་བདག་ནི་སྐྱེས་པ་ཞེས་བརྟགས་ནས་ཕྱི་རོལ་ཏུ་བུད་མེད་ལ་བུད་མེད་ཅེས་རྟོག་གོ།། ཕྱི་རོལ་ཏུ་བུད་མེད་ལྟ་བུད་མེད་ཅེས་བརྟོགས་ནས་ཚོགས་པར་གྱུར་ཏེ། ཕྱི་རོལ་གྱི ་བུད་མེད་དང་ཕྲད་པར་འདོད་དོ།། ཕྲད་པར་འདོད་པས་ཕུང་པོར་འགྱུར་རོ།། ཕྲད་པའི་རྐྱེན་གྱི་མེར་མེར་པོ་སྐྱེ་བར་འགྱུར་བའི་དུས་ངོ་ཡོད་དོ།། རྒྱལ་པོ་ཆེན་པོ་ང་ལ་ཀུན་ཏུ་རྟོག་པ་གང་ཡིན་པ་དང་། ཀུན་ཏུ་རྟོག་པ་པོ ་གང་ཡིན་པ་དེ་གཉིས་ཀ་ཡང་མེད་དོ།། བུད་མྱེད་ལ་ནི་བུད་མེད་དོ།། སྐྱེས་པ་ལ་ནི་སྐྱེས་པ་མེད་དོ།། དེ་ལྟར་མེད་ཅིང་ཡང་དག་པར་མ་ཡིན་པར་ཀུན་ཏུ་རྟོག་པ་སྐྱེ་སྟེ་ཀུན་ཏུ་རྟོག་པ་དེ་ཡང་ངོ་བོ་ཉིད་ཀྱི་མེད་དོ།། ཀུན་ཏུ་རྟོགས ་བ་ཇི་ལྟ་བ་བཞིན་དུ་ཕྲད་པ་དང་མེར་མེར་པོ་ཡང་ངོ་བོ་ཉིད་ཀྱིས་མེད་དོ།། གང་ངོ་བོ་ཉིད་ཀྱིས་མེད་པ་དེ་ཇི་ལྟར་སྨྲ་བ་སྐྱེད་པར་འགྱུར།། རྒྱལ་པོ་ཆེན་པོ་དེ་ལྟར་ཀུན་ཏུ་རྟོག་པ་ཤེས་པར་བྱས་ནས་སྲ་བ་ཉིད་རྟོག་བུར་བྱ ་སྟེ། ཅི་ནས་སྲུ་བ་ནི་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོད་པར་ཤིས་པར་བྱའོ།། རྒྱལ་པོ་ཆེན་པོ་འདི་ལྟར་གང་ལུས་འདི་དུར་ཁྲོད་ཀྱི་མཐེར་འགྱུར་བའི་དུས་དེ་ཡོད་དེ། དེའི་སླུ་བ་དེ་འཇིག་ཅིང་འགག་པར་འགྱུར་དྭའི་ཆེ། ཤཱར ་ཕྱོགསུ་མི་འགྲོ། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། སྟོང་དང་འོག་དང་། ཕྱོགས་མཚམས་རྣམས་སུ་ཡང་མི་འགྲོ་སྟེ། རྒྱལ་པོ་ཆེན་པོ་ན་གི་སའི་ཁམས་ནི་དཾ་ལྟར་བལྟའོ།། རྒྱལ་པོ་ཆེན་པོ་འཇིག ་རྟེན་གནས་པ་འདི་ན་མཁར་གྱུར་པ་ལ། ཚངས་པའི་གཞལ་མཽད་ཁང་རིན་པོ་ཆེ་སྐུ་བདུན་གྱི་རྒྱུ་ལས་གྲུབ་པ་ལ་གནས་པའི་དུས་དེ་ཡོད་དེ། རྒྱལ་པོ་ཆེན་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་།། གཞུན ་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་རིན་པོ་རིན་པོ་ཆེ་སྣ་བདུན་གྱི་རྒྱུ་ལས་གྲུབ་པ་བྱུང་ཡང་། རྒྱལ་པོ་ཆེན་པོ་དེའི་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་།། ཁོར་ཡུག་དང་ཁོར་ཡུག་ཆེན་པོའི་རི ་རྡོ་རྗེའི་རྒྱུ་ལས་གྲུབ་པ་སླུ་ཞིང་བརྟན་ལ་ལྷུན་སྟུག་པ་རྣམས་གནས་པར་གྱུར་ཀྱང་དེ་དག་གི་སྲ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་།། རིའི་རྒྱལ་པོ་རི་རབ་དང་། གཉའ་ཤིང ་འཛིན་དང་། མུ་ཁྱུད་འཛིན་དང་། གཤོལ་མདའ་འཛིན་དག་དང་། རྡོ་རྗེ་འཛིན་ངག་དང་། སྟེང་ལྡེང་ཅན་དག་དང་། རྣམ་པར་འདུད་དག་དང་། རི་རྟ་རྣ་དག་དང་། བལྟ་ན་སྡུག་དག་དང་། བགྷྣཱ་ན་སྡུག་ཆེན་པོ་དག ་དང་། ཐེར་སྒྲ་དག་དང་། སྤྲོས་ཀྱི་ངང་ལྡང་དགེ་དང་། གངས་ཀྱི་རི་དག་དང་། དེ་མ་ཡིན་པའི་རཱི་ནག་པོའི་བར་དག་གནས་པ་ངག་དང་། ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན ་གྱི་ཁམས་གནས་དང་རྔམས་སུ་དཔག་ཚད་བརྒྱུད་ཁྲི་བཞི་སྟོང་ཡོད་ལ་རྒྱར་དཔག་ཚད་དྲུག་ཁྲི་ཡོད་པའི་ས་ཆེན་པོ་གནས་པར་གྱུར་ཀྱང་རྒྱལ་པོ་ཆེན་པོ་སྲེ་བ་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་།། རྒྱལ ་པོ་ཆེན་པོ་འཇིག་རྟེན་འདི་འཇིག་པར་འགྱུར་བའི་ཚེ། ས་ཆེན་པོ་འདི་མེས་ཚིག་པ་འམ། ཆུས་བཱ་ཤིག་པ་འམ། རླུང་གི་གཏོར་བར་འགྱུར་པོའི་དུས་དེ་ཡོད་།། དེ་མེས་ཚིག་ན་ནི་ངུ་བ་ཡང་མི་མངོན་ཐལ་བའི་ལྷག་མ་ཡང ་མི་མངོན་པར་འགྱུར་རོ།། འདི་ལྟ་སྟེ་དཔེར་ན། མར་རམ་འབྲུ་མར་མེས་བསྲེགས་ན་ངུ་བ་ཡང་མི་མངོན་ཞིང་། ཐལ་བའི་ལྷག་མ་ཡང་མི་མངོན་པར་འགྱུར་རོ།། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས ་འདི་མེས་ཚིག་པའི་ཚེ་ངུ་བ་ཡང་མངོན་ཞིང་ཐལ་བའི་ལྷག་མཱ་ཡང་མི་མངོན་པར་འགྱུར་རོ།། ཆུས་བཤིག་པའི་ཚེ་ཡང་ལྕུག་མ་ཅི་ཡང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་མ་ལན་ཚྭ་ཆུའི་ནང་དུ་ཞུ་བའི་ལྷག་མ ་ཅུང་ཟད་མི་མངོན་པར་འགྱུར་རོ།། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་ཆུས་བཤིག་པའི་ཚེ་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ།། རླུང་གི་གཏོར་བའི་ཚེ་ཡང་ལྷག་མ་ཅུང ་ཟད་ཀྱང་མི་མངོན་པར་འགྱུར་ཏེ། འདི་ལྟ་སྟེ་དཔེར་ན་རྣམ་པར་འཐོར་རླུང་གི་འདུས་པའི་བྱིའུ་ནི་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ།། དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང ་རླུང་གི་གཏོར་བའི་ཚེ་ལྷག་མ་ཅུང་ཟད་ཀྱང་མི་མངོན་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལྟར་སའི་ཁམས་དེ་འབྱུང་བ་ཡང་སྟོང་། སའི་ཁམས་འཇིག་པོ་དང་། འབྱུང་བ་ཡང་ངོ་བོ་ཉིད་ཀྱིས་སྟོང་ངོ་།། རྒྱལ་པོ་ཆེན་པོ ་སའི་ཁམས་ནི་ཐ་སྙད་ཙམ་མ་གཏོགས་པར་སའི་ཁམས་ཉིད་དུ་མི་དམིགས་ཏེ། ཐཱ་སྙད་དེ་ཡང་བུད་མེད་མ་ཡིན། སྐྱེས་པ་མ་ཡིན་གྱིས། རྒྱལ་པོ་ཆེན་པོ་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་གྱིས་ཤེས་རབ་ཀྱིས་རྟོག ་ཤིག། རྒྱལ་པོ་ཆེན་པོ་དེ་ལ་ཆུའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང་། ཕྱི་རོལ་གྱིའོ།། ནང་གི་ཆུའི་ཁམས་གོང་ཞེ་ན། གང་ཅི་ཡང་རུང་སྟེ་ལུས་འདི་ལ་ནང་གི་ཁོང་ན་ཆུ་དང་ཆུའི་རྣམ་པ་དང་ཆུ་ཉིད་དང་། རླན་པ ་དང་། རླན་པའི་རྣམ་པར་དང་རླན་པ་ཉིད་དང་གཤེར་བ་ཉིད་དང་། ཉེ་བར་གྱུར་པ་དང་ཟིན་པའོ།། དེ་གླང་ཞེ་ན། འདི་ལྟ་སྟེ། མཆི་མ་དང་། རྡུལ་དང་། མཆིལ་མ་དང་། སྣབས་དང་། ཆུ་སེར་དང་། ཚིལ་དང་། ་མཁྲིས་པ་དང་། དར་སྣབས་དང་། རྣག་དང་། ཁྲག་དང་། འོ་མེ་དང་། གཅིན་དང་། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ན། ཆུ་དང་ཆུའི་རྣམ་པ་དང་། ཆུ་ཉིད་དང་རླན་པ་དང་རླན་པའི་རྣམ་པ་དང་རླན་པ་ཉིད་དང་གཤྭེ ་བ་ཉིད་དང་། ཉེ་བར་གྱུར་པ་དང་ཟིན་པ་འདི་ནི་ནང་གི་ཆུའི་ཁམས་ཞེས་བྱའོ།། དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆེན་པོ་ནང་གི་ཆུའི་ཁམས་དེ་ཡོངས་སུ་སྐམས་པར་འགྱུར་བའི་དུས་ཡོད་དེ། རྒྱལ་པོ་ཆེན་པོ་སྡུག་པ་མཐོང ་ན་མཆི་མ་འབྱུང་བ་དང་། སྡུག་བསྔལ་གྱིས་ཉེན་པ་དང་ཆོས་ཀྱི་ཤུགས་ཀྱི་མཆི་མ་འབྱུང་བ་དང་རླུང་གིས་བཏབ་བམ། རྣམ་པ་གཞན་དག་གིས་ཀྱང་མཆི་མ་འབྱུང་སྟེ། དཔྱང་བྱས་པས་ཀྱང་ནང་གི་ཆུའི་ཁམས་འཕེལ་བར ་འགྱུར་པའི་དུས་དེ་ཡོད་དེ། རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་འབྱུང་བའི་ཚེ་གང་ནས་ཀྱང་མི་འོང་ངོ་།། དེ་ཡོངས་སུ་སྐམས་ཤིང་འགག་པའི་ཚེ་གང་དུ་ཡང་མི་འགྲོའོ།། རྒྱལ་པོ་ཆེན་པོ་གང་ནང་གི་མེའི་ཁམས་ཤས་ཆེ་བར ་གྱུར་ན། དེས་ནང་གི་ཆུའི་ཁམས་ཡོངས་སུ་གདུང་བར་འགྱུར་བའི་དུས་དེ་ཡོད་དེ། གདུངས་པའི་ཚེ་གང་དུ་ཡང་མི་འགྲོའོ།། རྒྱལ་པོ་ཆེན་པོ་དེ་བཞིན་དུ་ཡང་ནང་གི་ཆུའི་ཁམས་འབྱུང་བའི་ཚེ། གང་ནས་ཀྱང་མི་འོང་ངོ་།། ་འགག་པའི་ཚེ་གླང་དུ་ཡང་མི་འགྲོའོ།། རྒྱལ་པོ་ཆེན་པོ་གང་འཇིག་རྟེན་ནི་ཆགས་པར་འགྱུར་བའི་དུས་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་འདྲི་ཆགས་པར་འགྱུར་བའི་ཚེ། ནམ་མཁའ་འདི་ལ་ཀུན་ཏུ་སྦྱིན་ཤིན་ཏུ་སྟུག་པའི་ཚོ་གས ་སུམ་བཅུ་རྩ་གཉིས་འཁྲིགས་པར་འགྱུར་རོ།། དེ་དག་འཁྲིགས་པས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་ཡོད་པར་འགྱུར་ཏེ། དེ་ལས་བསྐུལ་པ་བར་མ་ལྔའི་བར ་དུ་གཤེལ་མདའ་ཙམ་གྱིས་ཆུར་གྱི་རྒྱུན་འབབ་བོ།། བསྐལ་པ་བར་མ་ལྔའི་བར་དུ་གླང་པོ་ཆེའི་ཕོ་མཚན་ཙམ་གྱི་རྒྱུར་འབབ་བོ།། བསྐལ་པ་པར་མུ་ལྔའི་བྱར་དུ་རྒྱུན་མི་འཆང་བའི་ཆར་འབབ་པོ།། བསྐལ་པ་བཻརརཱ་མྱ ་ལྕེའི་བར་དུ་ཐིགས་པ་ཆེན་པོའི་ཆར་འབབ་བོ།། དེས་ས་ཆེན་པོ་འདི་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་ཆུས་ཁྱབ་པར་གང་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཆུའི་ཕུང་པོ་ཆེན་པོ་དེ་འབྱུང་བའི་ཚེའང་གང་ནས་ཀྱང་མིའོ། ་།། རྒྱལ་པོ་ཆེན་པོ་གང་འཇིག་རྟེན་འདི་འཇིག་པར་འགྱུར་བའི་དུས་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་ཚེ། ཉི་མ་གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཉི་མ་གཉིས་འཇིག་རྟེན་དུ་བྱུང་བས ་བས་ཆུ་མིག་དང་ཆུ་བྲན་རྣམས་སྐམ་པར་འགྱུར་རོ།། དེ་ནས་ཉི་མ་གསུམ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་གསུམ་འཇིག་རྟེན་དུ་བྱུང་བ་ན་ཆུ་མིག་ཆེན་པོ་དང་ཆུ་ཀླུང་ཆེན་པོ་རྣམས་སྐམས་པར་འགྱུར་རོ།། དེ་ནས་ཉི ་མ་བཞི་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་བཞི་འཇིག་རྟེན་དུ་བྱུང་བས་གང་ནས་ཆུ་ཀླུང་ཆེན་པོ་བཞི་པོ་དེ་དག་འབབ་པའི་མཚོ་ཆེན་པོ་མ་དྲོས་པ་དེ་དེ་ཡང་ཐམས་ཅང་ངུ་སྐམ་པར་འགྱུར་ཐིམ་པར ་འགྱུར་ཏེ་མེད་པར་འགྱུར་རོ།། དེ་ནས་ཉི་མ་ལྟ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་ལྔ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོ་ཡང་དཔག་ཚད་གཅིག་ཙམ་གྱི་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་རོ།། དཔག་ཆེད ་གཉིས་དང་། དཔག་ཚད་གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། ཉི་ཤུ་དང་། སུམ་ཅུ་དང་། བཞི་བཅུ་དང་། དཔག་ཚད་ལྔ་བཅུ་ཙམ་གྱི་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་བ་ནས། དཔག་ཚད་བཞི་ཁྲིའི ་བར་གྱི་ཆུ་ལས་པར་འགྱུར་བ་དང་། ཤིང་ཏཱ་ལ་གཉིས་ཙམ་ནུས་མཆན་ཁུང་ནུབ་ཙམ་དང་། བ་ལང་གི་རྗེས་ཀྱི་ཆུ་ཙམ་གྱི་བར་དུ་ལས་པར་འགྱུར་བའི་དུས་དེ་ཡོད་དོ།། རྒྱལ་པོ་ཆེན་པོ་གང་རྒྱ་མཚོ་ཆེན་པོ་དེ་ལས་ཟིལ་པ་ཕྲུམ ་ཕྲོམ་ཙམ་ལེས་པར་འགྱུར་བའི་དུས་དེ་ཡོང་ངོ་།། རྒྱལ་པོ་ཆེན་པོ་རྒྱ་མཚོ་ཆེན་པོ་དེ་ལ་མཛུབ་མོ་སྣུམ་པ་ཙམ་གྱི་ཆུ་འང་མ་ལས་པར་འགྱུར་བའི་དུས་དེ་ཡོད་།། རྒྱལ་པོ་དེ་ཙམ་དུ་ཡང་ཆུའི་ཁམས་དེ་འགག་པའི་ཚེ ་ཡང་གང་དུ་ཡང་མི་འགྲོ་སྟེ། ཤར་ཕྱོགས་དང་ལྷོ་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་དང་སྟེང་དང་འོག་དང་། ཕྱོགས་མཚམས་རྣམས་སུ་མི་འགྲོའོ།། རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་ནི་སྐྱེ་བ་ཡང་སྟོང་། འཇིག ་པ་ཡང་སྟོང་། གནས་པའི་ཚེ་ཡང་ཆུའི་ཁམས་དེ་རང་བཞིན་གྱིས་སྟོང་སྟེ། རྒྱལ་པོ་ཆེན་པོ་ཆུའི་ཁམས་དེ་ནི་ཐ་སྙད་ཙམ་མ་གཏོགས་པར་ཆུའི་ཁམས་ཀྱིས་སྟོང་ཞིང་མི་དམིགས་པ་སྟེ། ཐ་སྙད་དེ་ཡང་བུད་མེད་མ་ཡིན། ་སྐྱེས་པ་མ་ཡིན་ནོ་ཞེས་བྱ་བ་སྔ་མ་བཞིན་ནོ།། མེའི་ཁམས་ནི་རྣམ་པ་གཉིས་ཏེ། ནང་གི་དང་། ཕྱི་རོལ་གྱིའོ།། ནང་གི་མེའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་མེ་དང་མིའི་རྣམ་པ་དང་། དྲོ་བ་དང་དྲོ་བའི་རྣམ ་པོ་དང་། ཉེ་བར་གྱུར་པ་དང་ཟིན་པའོ།། དེ་ཡང་གང་ཞེ་ན། གང་གིས་ལུས་འདི་གདུང་བ་དང་། ཀུན་ཏུ་གདུང་བ་དང་ཡོངས་སུ་གདུང་བ་དང་། གང་གིས་ཟོས་པ་དང་འཐུངས་པ་དང་། འཆོས་པ་དང་མྱངས་པ་རྣམས་པ་དེ ་ཞིང་ལེགས་པར་ཞུ་བར་འགྱུར་བ་དང་། གང་གིས་ཤས་ཆེ་ན། རིམས་སོ་རིམ་སོ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པའོ།། ཕྱི་རོལ་གྱི་མེའི་ཁམས་གང་ཞེ་ན། གང་ཕྱི་རོལ་གྱི་མེ་དང་མེའི་རྣམ་པ་དང ་དྲོ་བ་དང་དྲོ་བའི་རྣམ་པ་དང་། ཉེ་བར་མ་གྱུར་པ་དང་མ་ཟིན་པ་སྟེ། དྭེ་ནི་མི་དག་བཙུབས་ཤིང་ལྡན་པ་དང་རྩཝ་དང་ལྡན་པ་འམོ། བ་ལང་གི་ལྕི་བའི་བུ་རོ་མ་འམ་ཤིང་བལ་གྱི་འདའ་བ་དང་ལྡན་པར་བྱས་ཤིང་མི་འབྱིན་ཏེ། ་ཟུང་ནས་འགྲོ་ཡང་ཚིག་གྲོང་གི་ཕྱོགས་སམ་ཡུལ་ལམ་ཡུལ་གྱིས་ཕྱོགས་སམ། གླིང་ངམ། རྩཝའི་གཏོས་སམེ། ནགས་སམ། ཤིང་ངམ། ཕྲ་འམ། བ་ལང་ལྕི་བ་དག་ཅིང་སྲེག་ཅིང་འགྲོ་བ་དང་ཞེས་བྱ་བ་ལོ་སོགས ་པའོ།། རྒྱལ་པོ་ཆེན་པོ་དེ་ལ་ཕྱི་རོལ་གྱི་མེའི་ཁམས་ནི་འབྱུང་བའི་ཚེའང་གང་ནས་ཀྱང་མི་འོང་།། འགག་པའི་ཚེ་གང་དུ་ཡང་མི་འགྲོ་སྟེ། དེ་ནི་རང་བཞིན་དང་བྲལ་བའི་ཕྱིར་མེད་པ་ལས་ཡོད ་པར་འགྱུར་ཞིང་ཡོད་པར་གྱུར་ནས་ཀྱང་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་རླུང་གི་ཁམས་ནི་གང་ཞེ་ན། གང་ལུས་འདི་ལ་རླུང་དང་རླུང་གི་རྣམ་པ་དང་། ཡང་བ་ཉིད་དང་གཡོ་བ་ཉིད་དང་། ཉེ་བར་གྱུར་པ ་དང་ཟིན་པའོ།། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། གྱེན་དུ་འགྲོ་བའི་རླུང་དང་། ཐུར་དུ་འགྲོ་བ་དང་། ཐད་ཀར་འགྲོ་བ་དང་། རྒྱབ་ཏུ་འགྲོ་བ་དང་། རྒྱ་བཱི་ན་གནས་པ་དང་། ལྟོ་ན་གནས་པ་དང་། འཆད་པར་བྱེད་པ་དང་། འགུག་པར ་བྱེད་པ་དང་། གཟེར་བ་དང་། འདར་བ་དང་། སྐུ་སྐད་དང་། རླུང་སྦྱིན་དང་། དབུགས་འབྱུང་བ་དང་། རྔུབ་པ་དང་ལྡན་པ་དང་། ཡན་ལག་དང་ཉིང་ལག་ལ་གནས་པའི་རླུང་དག་དང་ཞེས་བྱ་བ་ལ་སོག་པའོ།། ཕྱི་རོལ་གྱི ་རླུང་དེ་ཡང་ཤར་ཕྱོགས་ཀྱི་རླུང་ལོང་ངོ་།། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་རླུང་ཡོད་།། རྡུལ་དང་བཅས་པ་དང་རྡུལ་མེད་པ་དང་ཆུང་བ་དང་ཆེ་བའི་རླུང་ཡོད་།། ནཽ་དུ་ཁྱབ་པའི་རླུང་དང་། རྣམ་པ ་འཐོར་བའི་རླུང་དང་། ཚུབ་མའི་རླུང་དག་ཀྱང་ཡོད་དོ།། རྒྱལ་པོ་ཆེན་པོ་རླུང་གི་ཕུང་པོ་ཆེན་པོ་ལངས་ནས་ཤིང་དག་ཀྱང་གཅོག། བརྩིགས་པའི་ཁ་དག་དང་རིའི་རྩེ་མོ་དག་ཀྱང་བསྙིལ་ཞིང་བསྙིལ་ནས་སྨིག་མེད་པར ་འགྱུར་བ་དག་དང་། ཡང་སེམས་ཅན་ངག་གོས་ཀྱི་ཐ་མ་འམ་སྤྱད་པ་འམ་རླུང་གཡབ་དག་གིས་རླུང་གཡོབ་པའི་དུས་དེ་ཡོད་དེ། གཞན་ཡང་གང་ཚུལ་འདི་དང་འདྲ་བ་དེ་ནི་ཕྱི་རོལ་གྱི་རླུང་གི་ཁམས་ཞེས་བྱ་བ་ལ་སོགས ་བ་སྔ་མ་བཞིན་ནོ།། །། བམ་པོ་བཅུ་གཅིག་བི།། ནང་གི་ན་མཁའི་ཁམས་གང་ཞེ་ན། གང་ཅི་ཡང་རུང་སྟེ། ལུས་འདི་ལ་ནང་གི་ཁོང་ན་ཉེ་བར་གྱུར་པ་དང་། ཟིན་པ་དང་། ན་མཁའ་དང་། ་ནམཁེའི་རྣམ་པ་ནང་ཞེས་བྱ་བའི་གྲངས་སུ་འགྲོ་བ། མ་གང་པ་དང་པགས་པ་དང་ཤ་དང་ཁྲག་གི་དགང་བར་བྱ་བ་མ་ཡིན་པའོ།། དེ་ཡང་གང་ཞེ་ན། ལུས་འདི་ལ་མིག་གི་ནང་ཞེ་འམ། རྣ་བ་འམ། སྣའི་ནང་ཞེ་འམ། ་ཁ་ཞི་འམ་ཁའི་ནང་ཞེ་འམ། ཁའི་སྒོ་ཞེ་འམ། ལྐོག་མ་ཞེ་འམ། གང་ན་མིང་པ་ཞེ་འམ། གླང་ནས་ཀྱང་མིང་པོ་དང་། གང་དུ་གནས་པ་དང་། གང་གིས་ཟོས་པ་དང་འཐུངས་པ་དང་འཆོས་པ་དང་མྱངས་པ་རྣམས་ཐུར ་དུ་རྒྱུ་བར་བྱེད་པ་དང་། གཞན་ཡང་གང་ལུས་འདི་ལ་ནང་གི་ཁོང་ན་ཉེ་བར་གྱུར་པ་དང་། ཟིན་པ་དང་། ཕུང་པོར་གྱུར་པ་འམ་སྐྱེ་མཆེད་དུ་གྱུར་པའི་ཁམས་སུ་གྱུར་པ་དག་གིས་ན་ན་མཁའི་རྣམ་པ་དང་། མ་གང་བ ་དང་། པགས་དང་ཤ་དང་ཁྲག་གིས་གང་བར་བྱ་བ་མ་ཡིན་པ་དང་ནང་གི་གྲངས་སུ་འགྲོ་བ་ཁོང་སྟོང་དང་བུ་ག་ཞེས་བྱ་བ་དག་སྟེ། དེ་དག་ནི་ནང་གི་ན་མཁའི་ཁམས་ཞེས་བྱའོ།། ཕྱི་རོལ་གྱི་ན་མཁའི་ཁམས ་གང་ཞེ་ན། གང་ཅི་ཡང་རུང་སྟེ། ཕྱི་རོལ་གྱི་ནམ་མཁའ་དང་ན་མཁའི་རྣམ་པ་དང་། མ་གང་བ་དང་། གཟུགས་སུ་གྱུར་པས་གང་བར་བྱ་བ་མ་ཡིན་པ་དང་། མྱ་འདྲེས་པ་ཁོང་སྟོང་དང་བུ་གར་གྱུར ་པ་འདི་ནི་ཕྱི་རོལ་གྱི་ནུ་མཁའི་ཁམས་ཞེས་བྱའོ།། རྒྱལ་པོ་ཆེན་པོ་གང་ལས་ཀྱི་རྐྱེན་གྱིས་སྐྱེ་མཆེད་རྣམས་འབྱུང་བའི་དུས་དེ་ཡོད་དོ།། དེ་དག་ན་མཁའི་ཁམས་ལྔ་ཀུན་ནུས་སྐོར་བར་བྱེད་དོ།། དེ་ནང་གི་ན་མཁའི ་ཁམྦུ་སཱ་ཞེས་བྱ་བའི་གྲངས་སུ་འགྲོ་ཡང་དོ་ནི་གང་ལས་ཀྱང་མ་འོངས།། རྒྱལ་པོ་ཆེན་པོ་གཟུགས་ཞིག་ན་ཐམས་ཅད་ན་མཁར་འགྱུར་བའི་དུས་དེ་ཡོད་དེ།། དེ་ཅིའི་ཕྱིར་ཞེ་ན། ནུ་མ་ཁའི་ཁམས་ནི་ཟད་མི་ཤེས ་པའི་ཕྱིར་རོ།། དེ་ལྟ་ན་ནང་གི་ན་མཁའི་ཁམས་ནི་གནས་ཤིང་མི་གཡོ་བའོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན། འདུས་མ་བྱས་དེ་ནི་མྱ་ངན་ལས་འདས་པའི་དབྱིངས་ཏེ། དེ་བཞིན་དུ་ན་མཁའི་ཁམས ་ཀྱང་ཐམས་ཅད་དུ་སོང་བར་བལྟ་བར་བྱའོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། མི་ཞིག་གི་ཐང་ལཾ་ཁྲོན་པ་འམ་རྫིང་བུ་འམ་ཁྲོན་རིངས་སམ་རྫིང་ཞིག་བསྐོས་ན། རྒྱལ་པོ་ཆེན་པོ་འདི་དྷཱི་སྙམ་དུ་སེམས ་དེའི་ན་མཁའ་དེ་གང་ལས་འོངས། གསོལ་པ་བཅོམ་ལྡན་འདས་དེ་ནི་ག་ལས་ཀྱང་མ་མཆིས་སོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། མི་དེས་ཁྲོན་པ་ནས་རྫིང་གི་བར་དེ་དག་ཕྱིར་བཀང་ན། རྒྱལ་པོ་ཆེན་པོ་དེ་ཇི ་སྙམ་དུ་སེམས། དེའི་ནམ་མཁའ་དེ་གང་དུ་སོང་། གསོལ་པ། བཅོམ་ལྡན་འདས་དེ་ནི་གང་དུ་ཡང་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། ནཱ་མཁའི་ཁམས་ནི་འགྲོ་བ་འམ་འོང་བར་ཉེ་བར་གནས་པ་མ་ལགས། བུད་མེད་ཀྱི་དངོས ་པོ་དང་སྐྱེས་པའི་དངོས་པོར་ཉེ་བར་གནས་པ་མ་ལགས་པའི་སླད་དུའོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཕྱི་རོལ་གྱི་ན་མཁའི་ཁམས་ནི་མི་གཡོ་མི་འགྱུར་བའོ།། དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ཁམས་ནི་ནམ་མཁའི ་ཁམས་ཀྱིས་སྟོང་ཞིང་། ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་དང་བྲལ་བ་སྟེ། ནམ་མཁའི་ཁམས་ནི་བུད་མེད་ཀྱི་དངོས་པོར་ཉེ་བར་མི་གནས། སྐྱེས་པའི་དངོས་པོར་ཉེ་བར་མི་གནས་ཀྱིས། དེ་ལྟར་ཡང་དག་པ་དྷཱི་བུ་བཞིན་དུ ་ཡང་དག་པའི་ཤེས་རབ་ཀྱིས་རྟོགས་ཤིག། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པའི་ཁམས་གང་ཞེ་ན། མིག་གི་དབང་པོ་ནི་བདུག་པོ།། གཟུགས་ནི་དམིགས་པ། གཟུགས་སོ་སོར་རྣམ་པར་རིག་པ་སྟེ། སྔོན་པོ་རྣམ་པར ་རིག་པུ་བཱམྦྷ། སེར་པོ་དང་དམར་པོ་དང་ཁྲ་བོ་རྣམ་པར་རིག་པ་འམ། རིང་པོ་དང་ཐུང་ངུ་དང་སྦོམ་པོ་དང་ཕྲ་མོ་རྣམ་པར་རིག་པ་སྟེ། རྒྱལ་པོ་ཆེན་པོ་འདི་ལྟར་གང་ཅི་ཡང་རུདྲཱ། ཁ་དོག་དང་དབྱིབས་རྣམ་པར་རིག ་པ་འདི་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།། དེ་བཞིན་དུ་གང་ཅི་ཡང་རུང་། རྣ་བའི་དབང་པོ་ནི་བདག་པོ་ནས། ཡིད་ཀྱི་དང་པོ་ནི་བདག་པོ།། ཆོས་ནི་དམིགས་པ་སྟེ། སྒྲ་རྣམ་པར་རིག་པ་འམ། དྲི་རྣམ་པར ་རིག་པ་འམ། རོ་རྣམ་པར་རིག་པ་འམ། རེག་པ་རྣམ་པར་རིག་པ་འམ། ཆོས་རྣམ་པར་རིག་པ་འདི་ནི། རྣ་བའི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་ཏེ། དེ་ལྟར ་དབང་པོ་དྲུག་ནི་བདག་པོ།། ཡུལ་དྲུག་ནི་དམིགས་པ་ཡིན་ལ། ཡུལ་རྣམ་པར་རིག་པ་འདི་ནི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ།། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པའི་ཁམས་དེ་ནི་དབང་པོ་ལ་མི་བརྟེན། ཡུལ་རྣམས་ལས ་མ་འོངས། བར་གྱི་དབུས་ན་མི་གནས་ཏེ། དེ་ནི་ནང་ན་ཡང་མ་ཡིན། ཕྱི་རོལ་ན་ཡང་མ་ཡིན། གཉིས་ཀ་མེད་པར་ཡང་མ་ཡིན་ནོ།། རྣམ་པར་ཤེས་པའི་ཁམས་དེ་ནི་དངོས་པོ་སོ་སོར་རྣམ་པར་རིག་ནས་འགག་སྟེ། དེ་འབྱུང ་བའི་ཚེ་གང་ནས་ཀྱང་མི་འོངས།། འགག་པའི་ཚེ་གང་དུ་ཡང་མི་འགྲོའོ།། རྣམ་པར་ཤེས་པའི་ཁམས་དེ་འབྱུང་བ་ཡང་སྟོང་། འཇིག་པ་ཡང་སྟོང་སྟེ། རྣམ་པར་ཤེས་པའི་ཁམས་དེ་འབྱུང་བ་ཡང་རང་བཞིན་གྱིས་སྟོང་ངོ་།། ་རྒྱལ་པོ་ཆེན་པོ་དེ་ལྟར་ན། ཐ་སྙད་མ་གཏོགས་པར་རྣམ་པར་ཤེས་པའི་ཁམས་ཉིད་ཀྱིས་སྟོང་སྟེ། ཐ་སྙད་དེ་ཡང་སྐྱེས་པ་མ་ཡིན། བུད་མེད་མ་ཡིན་གྱིས། དེ་ན་དེ་ལྟར་ཡང་དག་པདྨ་ཇི་ལྟ་བ་བཞིན་དུ་ཡང་དྲུག་པའི་ཤེས ་རབ་ཀྱིས་རྟོགས་ཤིག། རྒྱལ་པོ་ཆེན་པོ་དེ་ལ་མིག་གི་སྐྱེ་མཚད་གང་ཞེ་ན། དེ་ནི་འབྱུང་བ་ཆེན་པོ་བཞི་དང་བ་སྟེ། འདི་ལྟར་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ།། དེ་ལ་སའི་ཁམས་དང ་བ་ནི་སྐྱེ་མཆེད་མ་ཡིན་ནོ།། ཆུའི་ཁམས་དང་པ་ཡང་མ་ཡིན་ནོ།། མེའི་ཁམས་དང་བ་ཡང་མ་ཡིན་ནོ།། རླུང་གི་ཁམས་དང་བ་ཡང་མིག་གི་སྐྱེ་མཆེད་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་དང་བ་ནི་ཆོས་གང་ལ་ཡང་སྐྱེ ་མཚ་ཐོབ་པར་བྱ་བར་ཉེ་བར་མི་གནས་སོ།། དེ་བཞིན་དུ་རླུང་གི་ཁམས་ཀྱི་བར་དང་བ་ནི། ཆོས་གང་ལ་ཡང་སྐྱེ་མཆེད་དམ་སྐྱེ་མཆེད་ཐོབ་པར་བྱ་བར་ཉེ་བར་མི་གནས་སོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་སེམས་པ་མེད་ཅིང་བྱེད ་པ་མེད་ལ་ཅི་ལ་ཡང་མི་ནུས་པ་སྟེ། རྒྱལ་པོ་ཆེན་པོ་ཆོས་རྣམས་ནི་རེ་རེ་ནས་བརྟུལ་བཱ་ཐ་སྙད་མ་གཏོགས་པར་མིག་གི་སྐྱེ་མཆེད་མི་དམིགས་སོ།། དེ་ཅིའི་ཕྱིར་ཞེ་ན། སའི་ཁམས་དང་བ་ནི་སའི་ཁམས་དང་བས་སྟོང་། རླུང་གི ་ས་དང་བའི་བར་ནི་རླུང་གི་ཁམས་དྲང་བས་སྟོང་སྟེ། ཆོས་གང་དག་རང་བཞིན་གྱིས་སྟོང་པ་དེ་དག་ལ་དང་བ་འམ་འཁྲུགས་པར་འགྱུར་བ་འང་ག་ལ་ཡོད་དེ། གང་ལ་དང་བ་འམ་འཁྲུགས་པ་མི་དམིགས་པ་དེ་དག་ཇི་ལྟར ་གཟུགས་ལ་བལྟ་བར་འགྱུར། དེ་ལྟར་མིག་གི་སྐྱེ་མཆེད་ནི་མིག་གི་སྐྱེ་མཆེད་ཀྱི་རང་བཞིན་གྱིས་ཤིན་ཏུ་སྟོང་སྟེ། དེ་ནི་འོང་བ་དང་འགྲོ་བ་མེད་པའི་ཕྱིར་སྔོན་གྱི་མཐའ་ཡང་མི་དམིགས་ཕྱི་མའི་མཐའ་ཡང་མི་དམིགས་སོ།། ་རང་བཞིན་མེད་པའི་ཕྱིར་ང་ལ་གནས་པ་ཡང་མི་དམིགས་སོ།། གང་རང་བཞིན་གྱིས་མེད་པ་དེ་ནི་བུད་མེད་ཀྱང་མ་ཡིན་སྐྱེས་པ་ཡང་མ་ཡིན་ནོ།། གང་བུད་མེད་ཀྱང་མ་ཡིན་སྐྱེས་པ་ཡང་མ་ཡིན་པ་དེ་ནི་དེས་རློམ་སེམས་སུ ་ག་ལ་འགྱུར་ཏེ། རྒྱལ་པོ་ཆེན་པོ་རློམ་སེམས་ནི་བདུད་ཀྱི་སྤྱོད་ཡུལ་ལོ།། རློམ་སེམས་མེད་པ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ལོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་རློམ་སེམས་དང་བྲལ་བའོ།། ་དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆེན་པོ་དེ་ལ་རྣ་བའི་སྐྱེ་མཆེད་ནས་ལུས་ཀྱི་སྐྱེ་མཆོད་ཀྱི་བར་གང་ཞེ་ན། གང་འབྱུང་བ་ཆེན་པོ་བཞི་དང་བའོ།། རྒྱལ་པོ་ཆེན་པོ་དེ་ལྟར་ན་ཆོས་ཐམས་ཅད་ཀྱི་བར་ནི་རྣམ་པར་ཐར་པ་ལ ་མངོན་པར་ཕྱོགས་པ་ཆོས་ཀྱི་དབྱིངས་སུ་ངེས་པོ། ན་མཁའི་ཁམས་ཀྱི་མཐས་ཀླས་པ། གདགས་སུ་མེད་པ། ཐ་སྙད་མེད་པ། བརྗོད་དུ་མེད་པ། བརྗོད་པར་བྱ་བ་མ་ཡིན་པའོ།། རྒྱལ་པོ་ཆེན་པོ་གང་ལ་དབང་པོ་རྣམས་ཐོག ་པར་འགྱུར་བ་དེ་ནི་ཡུལ་རྣམས་ཞེས་བྱ་སྟེ། མིག་ནི་གཟུགས་རྣམས་ལ་ཐོགས་པར་འགྱུར་བས་དེའི་ཕྱིར་གཟུགས་རྣམས་ནི་མིག་གི་ཡུལ་ཞེས་བྱའོ།། དེ་བཞིན་དུ་ན་བ་ནི་སྒྲ་རྣམས་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་མིག ་གཟུགས་རྣམས་ལ་ཐིགས་སོ་ཞེས་བྱ་བ་འདི་ནི་འབབ་པའི་ཐོགས་པར་འགྱུར་བར་བསྟན་ཏེ། འོདི་ལྟར་མིག་གིས་གཟུགས་རྣམས་ལ་རྣམ་པ་གསུམ་དུ་འབབ་སྟེ། མཐུན་པ་རྣམས་ལ་སྡུག་པའི་འདུ་ཤེས་ཀྱི་བབ་པ་དང་། ་མི་མཐུན་པ་རྣམས་ལ་ཁོང་ཁྲོ་བའི་འདུ་ཤེས་ཀྱི་འབབ་པ་དང་། མཐུན་པ་ཡང་མ་ཡིན་མི་མཐུན་པ་ཡང་མ་ཡིན་པ་རྣམས་ལ་ཡང་བཏང་སྙོམས་ཀྱི་འདུ་ཤེས་ཀྱི་འབབ་པའོ།། དེ་བཞིན་དུ་ནི་ཡིད་ནི་ཆོས་རྣམས་ལ་ཞེས་བྱ ་བ་ལ་སོགས་པ་སྟེ། ཡུལ་དེ་དག་ནི་ཡིད་ཀྱི་སྤྱོད་ཡུལ་ཞེས་བྱ་སྟེ། དེ་ལ་ཡིད་སྤྱོད་ཅིང་རྣམ་པར་སྤྱོད་པས་དེའི་ཕྱིར་ཡིད་ཀྱི་སྤྱོད་ཡུལ་ཞེས་བྱའོ།། རྒྱལ་པོ་ཆེན་པོ་ཡིད་དེ་མཐུན་པའི་གཟུགས་རྣམས་ལ་རྗེས་སུ་ཆགས་པར་སྤྱོད ་པ་དེས་ནི་འདོད་ཆགས་སྐྱེ་བར་འགྱུར། མི་མཐུན་པའི་གཟུགས་རྣམས་ལ་ཁོང་ཁྲོ་བར་སྤྱོད་པ་དེས་ནི་དེའི་ཞེ་སྡང་སྐྱེ་བར་འགྱུར། མཐུན་པ་ཡང་མ་ཡིན་མི་མཐུན་པ་ཡང་མ་ཡིན་པ་རྣམས་ལ་རྨོངས་པར་སྤྱོད་པ་དེས་ནི་དེའི ་གཏི་མུག་སྐྱེ་བར་འགྱུར་ཏེ། དེ་བཞིན་དུ་སྒྲ་དང་དྲི་དང་རེག་བྱ་རྣམས་ལ་ཡང་ཆོས་རྣམས་པ་གསུམ་ལ་དམིགས་པོ་མྱོང་བར་འགྱུར་ཏེ། སྔ་མ་བཞིན་ནོ།། རྒྱལ་པོ་ཆེན་པོ་དེ་ལ་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ་ཡུལ་རྣམས་ནི་རྨི ་ལམ་ལྟ་བུར་ཤེས་པར་བྱའོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བཟང་མོ་དང་ལྷན་གཅིག་ཏུ་ཡོངས་སུ་སྤྱོད་པར་རྨིས་ལ། དེ་ཉལ་བ་ལས་སད་ནས་བུད་མེ་ད་ཡུལ་གྱི་བཟང་མོ་དེ་རྗེས ་སུ་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མོ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མཆིས་སོ།། བཀའ་སྩལ་པ་རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས ་སྐྱེས་བུ་གང་རྨི་ལམ་ན་ཡུལ་གྱི་བཟང་མོ་མཐོང་བའི་བུད་མེད་དེ་དང་ལྷན་ཅིག་ཏུ་རྩེ་བ་དང་དགའ་བ་དང་། མངོན་པར་ཞེན་པར་གྱུར་པ་དེ་མཁས་པའི་རང་བཞིན་ཅན་ན་ཡིན་ནམ་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས ་ཏེ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་ཡུལ་གྱི་བཟང་མ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་དང་ལྷན་ཅིག་ཏུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ་གཞན་དུ་ན་གང་དེ་ལ་ཞེན ་པའི་མི་དེ་ནི་ཤིན་ཏུ་ཕོངས་ཤིང་དུབ་པའི་སྐལ་པ་ཅན་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་མཐོང་ན་ཡིད ་བར་འགྱུར་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ། དེ་སྔོན་པར་ཞེན་གྱུར་ནས་རྗེས་སུ་ཆགས་པར་འགྱུར་རོ།། རྗེས་སུ་ཆགས་པར་གྱུར་ནས་ཡོངས་སུ་ཆགས་པར་འགྱུར་རོ།། ཡོངས་སུ་ཆགས་པར་གྱུར་ནས་འདོད ་ཆགས་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ་ངག་གིས་ནི་རྣམ་པ་བཞི་ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་ངོ་།། ལས་མངོན་པར་འདུ་བྱེད་པ་དེ་ཡང་ཐོག་མ་ཉིད་ནས་ཟད་ཅིང་འགགས་ལ་བྲལ ་ཞིང་རྣམ་པར་འགྱུར་བ་སྟེ། ཤར་ཕྱོགས་སུ་བརྟན་ཏེ་གནས་པ་མ་ཡིན། ལྷོ་ཕྱོགས་དང་ནུབ་ཕྱོགས་དང་བྱུང་ཕྱོགས་དང་། འོག་དང་། སྟེང་དང་། ཕྱོགས་མཚམས་རྣམས་སུ་བརྟེན་ཏེ་གནས་པ་མ་ཡིན། འདི་ན་མ་ཡིན ་ཕ་གི་ན་མ་ཡིན། བར་མ་དོན་མ་ཡིན་ཏེ། དུས་གཞན་ན་འཆི་བའི་བའི་དུས་དང་ཚེད་ཉེ་བར་གནས་པའི་ཚེ། སྲོག་གི་དབང་པོ་འགགས་ཏེ་ཚེ་ཡོངས་སུ་ཟད་ཅིང་དེ་དང་བསྐལ་པ་འདྲ་བའི་ལས་རྣམས་ཀྱང་ཟད་ནས་རྣམ ་བར་ཤེས་པ་ཐ་མ་འགག་པའི་ཚེ། འདི་ལྟ་སྟེ་དཔེར་ན་ཉལ་ཉལ་བ་ལས་སད་པའི་ཡུལ་གྱིས་བཟང་མོ་དང་འདྲ་བ་ཡིད་ཀྱི་དམིགས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མའི་དབང་དང་ལས ་དམིགས་པ་དེ་དང་རྐྱེན་གཉིས་ཀྱི་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་འབྱུང་སྟེ། ཡང་ན་ནི་སེམས་ཅན་དམྱལ་བར། ཡང་ན་ནི་དུད་འགྲོའི་སྐྱེ་གནས་སུ། ཡང་ན་ནི་གཤིན་རྗེའི་འཇིག་རྟེན་དུ། ཡང ་ན་ནི་ལྷ་མ་ཡིན་གྱི་རིས་སུ་ཡང་ན་ནི་མིའི་ནང་དུ། ཡང་ན་ནི་ལྷའི་ནང་དུ་འབྱུང་བར་འགྱུར་ཏེ། རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་དེ། འགག་མ་ཐག་ཏུ་བར་མ་ཆད་པར། གང་ལ་རྣམ་པར་སྨིན་པ་མྱ ་བར་འགྱུར་པ་མངོན་པའི་སེམས་ཀྱི་རྒྱུད་སྐུལ་བ་འདྲ་བ་འབྱུང་ངོ་།། དེ་ལ་གང་རྣམས་པར་ཤེས་པ་ཐུ་མ་འགག་པ་དེ་ནི་འཆི་འཕོ་ཞེས་བྱ་བའི་གྲངས་སུ་འགྱུར་རོ།། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ལ ་ནི་སྐྱེ་བ་ཞེས་བྱ་སྟེ། རྒྱལ་པོ་ཆེན། དེ་ལྟ་ན་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་འང་མེད་ལ་འཆི་ཕོ་དང་སྐྱེ་བར་མངོན་པའང་ཡོད་དེ། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་དེ་སྐྱེ ་བའི་ཚེ་ཡང་གོང་ནས་ཀྱང་མི་འོང་། འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ།། ལས་ཀྱང་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང་འགག་པའི་ཚེ་གང་དུ་ཡང་མི་འགྲོའོ།། རྣམ་པར་ཤེས་པ་དང་པོ་སྐྱེ་བའི། ་ཚེ་ཡང་གང་ནས་ཀྱང་མི་འོང་འགག་པའི་ཚེ་ཡང་གུང་དུ་ཡང་མི་འགྱུའོ།། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་མེད་པའི་ཕྱིར། རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མས་སྟོང་། ལས ་ནི་ལས་ཀྱིས་སྟོང་། རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང་། འཆི་འཕོ་ནི་འཆི་འཕོས་སྟོང་། སྐྱེ་བ་ནི་སྐྱེ་བས་སྟོང་། ལས་རྣམས་འབྲས་བུ་མེད་པར་མི་འགྱུར་ཞིང་རྣམ་པར་སྨིན་པ་མྱོང་བར ་མངོན་པར་ཡང་ཡོད་དེ་དེ།། དེ་ལ་མིང་གི་བརྡ་ཙམ་མ་གཏོགས་པར་བྱེད་པོ་པོ་འམ། ཟ་བ་པོ་གང་ཡང་མེད་དོ།། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས། མི་ཞིག་ཉལ་བའི་རྨི་ལམ་ན་དགྲ་དང་འཐབ་པའི ་ཞིག་རྨི་སུ་ལ། ཉལ་བ་ལས་སང་ནས་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་རྨི་ལམ་དུ་རྨིས་པའི་དགྲ་འམ་དགྲ་དེ་དང་འཐབ་པ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ ་མཆིས་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་འོ་ན་སྐྱེས་བུ་གང་རྨི་ལམ་གྱི་ངག་ལ་མངོན་པར་ཞེན་པ་འམ་དགྲ་དང་འཐབ་པར་འགྱུར་པ་དེ་མཁས་པའི་རང་བཞིན་ཅན་ཡིན ་ནམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་ན་མཐོང་བའི་དགྲ་དེ་ཉིད་ཀྱང་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན་དེ་དང་འཐོབ་པ་ལྟ་ག་ལ ་མཆིས་ཏེ་གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི ་ལྡན་པ་ཡང་མིག་གི་གཟུགས་མཐོང་ན་ཡིད་མི་བདེ་བར་འགྱུར་པ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ་མངོན་པར་ཞེན་ནས་ཁོང་ཁྲོ་བར་འགྱུར་རོ།། ཁོང་ཁྲོ་བར་འགྱུར་ནས་ཞེ་སློང་བར་འགྱུར་ཞེ་སྡང་གྱུར་ནས ་ཞེ་སྡང་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ་ངག་གི་ནི་རྣམ་པ་བཞི་ཡིད་ཀྱིས་ནི་རྣམ་པ་གསུམ་མངོན་པར་འདུ་བྱེད་དེ་སྔ་མ་བཞིན་ནོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་གཉིད་ཀྱིས་ལོག་པའི ་རྨི་ལེམ་ན་འདྲེས་ནོན་པར་རྨིས་ཏེ་འཇིགས་ཤིན་ཏུ་རྨོངས་པར་འགྱུར་ལ། ཉལ་བ་ལས་སད་ནས་འདྲེ་དེ་དང་ཤིན་ཏུ་རྨོངས་པར་འགྱུར་བ་དེ་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་དེ་ཇི་སྙམ་དུ་སེམས་རྨི་ལམ་ན ་མཐོང་བའི་འདྲི་དེ་དང་ཤིན་ཏུ་རྨོངས་པར་གྱུར་པ་དེ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འདྲི་ཇི་སྙམ་དུ་སེམས་འོ་ན་དེ་ལྟར་རྨི་ལམ་ནཱཾ་མཐོང་བའི་འདྲེ་དེ་ལ་མཱ་ན། ་བར་ཞེན་ཅིང་ཤིན་ཏུ་རྨོངས་པར་འགྱུར་བའི་མི་དེ་མཁས་པའི་རང་བཞིན་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལེགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་འདྲེ་དེ་ནི་ཤིན་ཏུ་མ་མཆིས་ཤིང ་མི་དམིགས་ན་ཤིན་ཏུ་རྨོངས་པ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་མངོན་པར་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབྱ་པའི་སྐལ་པ་ཅན་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གི་གཟུགས་མཐོང་ན་བཏང་སྙོམས་སུ་འགྱུར་བ་རྣམས་ལ་ཡང་མངོན་པར་ཞེན་པར་འགྱུར་ཏེ། མངོན་པར་ཞེན་ནས་ཤིན ་དུ་རྨོངས་པར་འགྱུར་རོ།། ཤིན་ཏུ་རྨོངས་ནས་ཀུན་ནོས་ཉོན་མོངས་པར་འགྱུར་རོ།། ཀུན་ནས་ཉོན་མོངས་ནས་གཏི་མུག་ལས་བྱུང་བའི་ལས་ལུས་ཀྱིས་ནི་རྣམ་པ་གསུམ་ངག་གིས་ནི་རྣམ་པ་བཞི་ཡིད་ཀྱིས་ནི་རྣམ ་གསུམ་མངོན་པར་འདུ་བྱེད་ངེ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བུད་མེད་བཟང་མོ་གླུ་ལེན་པའི་གླུ་སྙན་པ་དང་པི་བང་ལེན་པའི་སྐུ ་སྙན་པ་ཉན་ཅིང་དེ་གླུ་དང་རོལ་མོའི་སྒྲ་ངེས་ཡོངས་སུ་སྤྱོད་པ་རྨིས་ལ། ཉལ་བ་ལས་སད་ནས་གླུ་དང་རོལ་མོ་དེ་ཉིད་དྲན་པར་གྱུར་ན། རྒྱལ་པོ་ཆེན་པོ་འདི་ཇི་སྙམ་དུ་སེམས་རྨི་ལམ་ནི་མཐོང་བའི་ཡུལ་གྱི་བུད་མེད ་བཟང་མོ་དང་གླུ་དང་རོལ་མོའི་སྒྲ་དེ་ཡོད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་འོ་ན་རྨི་ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ ་དང་གླུ་དང་རོལ་མོའི་སྒྲ་ལ་མངོན་པར་ཞེན་པའི་མི་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླ་དུ་ཞེ་ན། རྨི་ལམ་ན་མཐོང་བའི་ཡུལ་གྱི་བུད་མེད་བཟང་མོ་དེ་ནི ་ཤིན་དུ་མ་མཆིས་ཤིང་མི་དམིགས་ན། དེའི་གླུ་དང་རོལ་མོའི་སྒྲ་ལྟ་ག་ལ་མཆིས་ཏེ། གཞན་དུ་ན་གང་དེ་ལ་ཞེན་པའི་མི་དེ་ནི་ཕོངས་ཤིང་དུབ་པའི་སྐལ་བ་ཅན་དུ་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་རྣ་བས་སྒྲ་ཐོས་ན་ཡིད་དུ་འོང་བ་རྣམས་ལ་མངོན་པར་ཞེན་པར་འགྱུར་ཏེ་ཞེས་བྱེ་བ་ལ་སོགས་པ་སྔ་མ་བཞིན་ནོ།། དེ་བཞིན ་དུ་དྷི་ལ་སོགས་པ་ལ་ཡང་རྣམ་པ་གསུམ་དུ་རིག་པར་བྱའོ།། དེ་བཞིན་དུ་སྦྱར་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ཇི་ལྟར་ན་བདག་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མིག་དང་། སྒྲོན་མ་དང་། མེར་མེ་དང་། སྣང་བ་དང་།། ་གྲུ་དང་། དོགས་དང་། འབབ་སྟེགས་དང་། འདྲེན་པ་དང་། ཡོངསུ་འདྲེན་པོ་དང་། སྟོན་པ་དང་། དེད་དཔོན་སྔོན་དུ་འགྲོ་བར་འགྱུར་སྙམ་པ་དང་། བདག་གྲོལ་ནས་དགྲོལ་བར་བྱའོ།། རྒལ་ནས་སྒྲལ་པར་བྱའོ།། ་དབུགས་ཕྱིན་ནས་དབུགས་དབྱུང་བར་བྱའོ།། ཡོངས་སུ་མྱ་ངན་ལས་འདས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་ཡིད་ལ་བཞག་གོ།། རྒྱལ་པོ་ཆེན་པོ་དབང་ཕྱུག་ཞིག་ན་སྔོན་མྱོང་བར་གྱུར་པའི་མཐའ ་ཡང་མི་མངོན་ཏེ། རྒྱལ་པོ་ཆེན་པོ་དེ་ལྟར་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ་སྟེ་ཆོག་མི་ཤེས་སོ།། ཚིམ་པར་མི་འགྱུར་བའོ།། སུལ་རྣམས་ནི་རྨི་ལམ་ལྟ་བུ་སྟེ་ཚིམ་པར་མི་ནུས་པ་ངོམས་པར ་མ་གྱུར་པའོ་ཞེའོ།། དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲགས་པ་མཐའ་ཡས་ཀྱི་གཏམ་རྒྱད་ལས་མཐོ་རིས་ནས་ལྷུང་སྟེ། དེའི་ཚེ་རྒྱལ་པོ་ཆེན་པོ་དང་གྲོང་ཁྱེར་བས་བསྐོར་བ་ལས་འདི་སྐད་ཅེས་འབྱུང་སྟེ། འདི་ལྟ ་སྟེ། དཔེར་ནཱ་མར་གྱི་གོང་བུ་འམ། མར་གསར་གྱི་གོང་བུ་བྱེ་མ་ཆེ་བ་ལ་གཞག་པ་ནི་འཇུ་ཞིང་མི་གནས་སོ།། དེ་བཞིན་དུ་རྒྱལ་པོ་ཆེན་པོ་གྲགས་པ་མཐའ་ལས་ཀྱང་བྱིང་ཞིང་མི་གནས་པར་གྱུར་ཏོ། དེ་ནས་རྒྱལ ་དགའ་བྱེད་གྱིས།། རྒྱལ་པོ་ཆེན་པོ་གྲགས་པ་མཐའ་ཡས་དེ་ལྷུར་བྱིང་བ་དེ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་གྲུགས་པ་མཐའ་ཡས་ཀྱིས་ལེགས་པར་བརྗོད་པ་ཇི་སྐད་ཅིག་གསུངས་ཞེས་མཆིན་བདག ་གི་འཇིག་རྟེན་པ་རྣམས་ལ་ཇི་སྐད་ཅིག་ལུང་བསྟན་པར་གྱི། དེས་སྨྲས་པ། རྒྱལ་པོ་ཆེན་པོ་གྲགས་པོ་མཐའ་ཡས་ནི་གླིང་ཆེན་པོ་ང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ཤིང་བསམ་ཡིད་བཞིན་དུ་གྲུབ ་ལ་དོན་མེད་པར་མི་གྱུར་པའང་མྱོང་ཤིང་ཐམས་ཅད་ལ་དུས་མ་ཡིན་པར་ཡིད་བཞིན་དུ་འབྲས་བུ་ཆགས་པ་དང་། གནོད་པ་ཐམས་ཅད་རྒྱུན་ཆང་པ་དང་། སེམས་ཅན་ཐམས་ཅད་ཀྱིས་ཡིད་ལ་བསམ་པ་དོན་ཡོད་པ ་དང་། སྤོས་ཆུའི་ཆར་དབབ་པ་དང་། ལྷའི་ཡིད་བཞིན་གྱི་གོས་ཀྱིས་ཆར་དབབ་པ་དང་། དབྱིག་གི་ཆར་དབབ་པ་དང་། གསེར་གྱི་ཆར་དབབ་པ་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དབབ་པ་དང་། ཡོ་བྱད་ཐམས་ཅད་ཀྱི་ཆར ་དབབ་པ་ཡང་མྱོང་བར་གྱུར་ནས། གླིང་ཆེན་པོ་བཞི་དག་ཏུ་གནས་ཏེ་གླིང་ཆེན་པོ་བཞིའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དཔུང་བྱས་ནས། བརྒྱ་བྱིན་གྱིས་བསྟིན་ཕྱེད་མནན་པ་ལས་འདོད་པ་ཆེན་པོས་མ་བཏང་།། འདོད ་པས་མ་ངོམས་བཞིན་དུ་འཆི་བའི་དུས་བྱས་སོ་ཞེས་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ལུང་སྟོན་ཅིག། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དབང་པོ་རྣམས་ནི་སྒྱུ་མ་ལྟ་བུ། ཡུལ་རྣམས་ནི་རྨི་ལམ་ལྟ་བུའོ་ཞེས་དེ་ལྟར་རིག་པར ་བྱས་ནས་སེམས་ངེས་པར་བཞག་པར་བྱ་སྟེ། གཞན་གྱི་དྲིང་མི་འཇོག་པར་བྱའོ།། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ་དཔེར་ན། སྨིག་རྒྱུའི་རང་བཞིན་ནི་མ་བྱུང་མི་འབྱུང་དེ་ལྟར་ཡང་མེང་ངོ་།། དེ་བཞིན་དུ་གཟུགས་དང ་ཚེར་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་རང་བཞིན་ཡང་མ་བྱུང་མི་འབྱུང་ང་ལྟར་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པའོ།། ཡང་དེ་ཉིད་ལས་གསུངས་པ། འདི་ལྟར་དེ་བཞིན་གཤེགས་པས ་ཀུན་རྫོབ་དང་དོན་དམ་པ་གཉིས་ཐུགས་སུ་ཆུད་དེ་ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པ་འདིར་ཟད་དོ།། ངོ་ཡང་བཅོམ་ལྡན་འདས་ཀྱི་སྟོང་པ་ཉིད་དུ་རབ་ཏུ་གཟིགས་རབ་ཏུ་མཁྱེན་ལེགས་པར་མངོན ་དུ་མཛད་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱའོ།། དེ་ལ་ཀུན་རྫོབ་ནི་འཇིག་རྟེན་གྱི་སྤྱོད་པར་དེ་བཞིན་གཤེགས་པས་གཟིགས་སོ།། དོན་དམ་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པ་སྟེ ་ཤེས་པར་བྱ་བ་མ་ཡིན་པ་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་ཡོངསུ་ཤེས་པར་བྱ་བ་མ་ཡིན་པ། མ་བསྟན་པ་རབ་ཏུ་མ་བསྟན་པ། མ་ཐོས་པ་ཐོས་པར་མ་བྱས་པ། མ་ཤེས་པ་རྣམ་པར་མ་ཤེས་པ། མ་བསྟན ་པ་མ་མཐོང་བ།། མ་གཏོགས་པ་འཛིན་དུ་མ་བཅུག་པ། རྟོགས་པར་མ་བྱས་པ་ཐོབ་པར་མ་བྱས་པ་མ་ཐོབ་པ། ཉེ་བར་མ་བསྙེན་པ་མ་པོར་མ་བཞག་པ། མ་སྤངས་པ་བྱ་བ་མེད་པ་བྱེད་པ་མེདད་པ། རབ་ཏུ་ཞི་བ ་མེད་པ། མ་སྨད་པ་མ་བསྟོད་པ། ཐོབ་པ་མ་ཡིན་པ། བདེ་བ་མ་ཡིན་པ་སྡུག་བསྔལ་བ་མ་ཡིན་པ། སྙན་པ་མ་ཡིན་པ་མི་སྙན་པ་མ་ཡིན་པ། གཟུགས་མ་ཡིན་པ་གཟུགས་མེད་པོ་ཡང་མ་ཡིན་པ་ཞེས་བྱ་བ ་ལ་སོགས་པ་དང་། གང་གི་བདེ་བར་གཤེགས་ལས་འགྲོ་བ་རྣམས། བདེ་བའི་དོན་དུ་དད་པ་སྐྱེ་འགྱུར་བ།། རྒྱལ་བས་འགྲོ་བ་རྣམས་ཀྱི་དོན་སླད་དུ།། འཇིག་རྟེན་ཕན་ཕྱིར་ཀུན་རྫོབ་དེ་བསྟན་ཏོ།། སེམས་ཅན ་ཚོགས་ཀྱི་འགྲོ་དྲུག་གང་བསྟན་པ།། སེམས་ཅན་དམྱལ་བ་དང་དུད་འགྲོ་ཡི་དགས་དང་།། ལྷ་མོ་ནི་རིས་དང་མི་དང་ལྷ་ཡི་རྣམས།། མི་ཡི་སེང་གེས་ཀུན་རྫོབ་བཏག་པ་དང་།། རིགས་དམའ་དེ་བཞིན་མཐོ་བའི་རིགས ་རྣམས་དྲང་།། ཕྱུག་པོའི་ཁྱིམ་དང་དབུལ་བའི་ཁྱིམས་རྣམས་དང་ཞེས་བྱ་བ་ལ་སོགས་པའོ།། ཡང་གསུངས་པ། གང་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ཆོས ་དེ་གླང་ཞིག། ནི་གཟུགས་སམ། འོན་ཏེ་ཚོར་བ་འམ། འོན་ཏེ་འདུ་ཤེས་དམ། འོན་ཏེ་རྣམ་པར་ཤིག་པ་ཞིག་བཅོམ་ལྡན་འདས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་སྙམ་ནས། དེ་དག ་འདི་སྙམ་དུ་སེམས་ཏེ། གཟུགས་ནི་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་པ་ནས། རྣམ་པར་ཤེས་པའི་བར་དུ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། གཟུགས ་ཀྱང་མ་སྐྱེས་པ། བྱང་ཆུབ་ཀྱང་མ་སྐྱེས་པ་སྟེ། ཇི་ལྟར་མ་སྐྱེས་པས་མ་སྐྱེས་པ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ། དེ་བཞིན་དུ་རྣམ་པར་ཤེས་པའི་བར་དུ་ཤེས་པར་བྱའོ།། དེ་བཞིན་དུ་སྦྱར་ཏེ། དེ་ལྟར་ཆོས ་ཐམས་ཅོད་མི་དམིགས་ནི། འདི་ལ་སངས་རྒྱས་ནི་གང་། བྱང་ཆུབ་སེམས་དཔའ་ནི་གང་། བྱང་ཆུབ་ནི་གང་། ལུང་བསྟན་པ་ནི་གང་། གཟུགས་ནི་གཟུགས་ཀྱིས་སྟོང་པ་ནས་རྣམ་པར་ཤེས་པའི་བར་དུའོ།། ་དེ་བཞིན་དུ་སྦྱར་ཏེ། དེ་དག་ནི་ཐ་སྙད་ཙམ་མིང་ཙམ་བརྡའ་ཙམ་ཀུན་རྫོབ་ཙམ་བརྗོད་པ་ཙམ་གདགས་པ་ཙམ་སྟེ། དེ་ལ་མཁས་པ་རྣམས་ཀྱིས་མངོན་པར་ཞེན་པར་བྱ་བའི་མི་ཆེའོ་ཞེའོ།། ཡང་དེ་ཉིད་ལས ་འདི་སྐད་ཅེས་གསུངས་ཏེ། འཕྲུལ་དགའི་ལྷ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་ཅག་གི་འཚལ་བ་ལྟར། ཆོས་ཐམས་ཅད་ནི་ཡང་དག་པའི་མཐའ ་དང་། སྒྲིབ་པ་མ་མཆིས་པའི་མཐའ་དང་། མཐའ་ཡས་པའི་མཐའ་དང་། མི་གནས་པའི་མཐའ་ཞེས་བྱ་བ་ལ་སོགས་པ་དང་། བཅོམ་ལྡན་འདས་ཆོས་ཐམས་ཅད་རང་བཞིན་མ་མཆིས་པ་ནི་བྱང་ཆུབ་ལགས་པར ་རིག་པར་བགྱིའོ།། ཐན་མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་བོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ནི་རང་བཞིན་མ་མཆིས་པ་སྟེ། མཚམས་མེད་པ་རྣམས་ཀྱང་རང་བཞིན་མ་མཆིས་པ་ལགས་པས ་དེའི་སླད་དུ་མཚམས་མེད་པ་རྣམས་ཀྱང་བྱང་ཆུབ་ཅེས་བགྱིའོ།། བཅོམ་ལྡན་འདས་གང་སུ་དག་ཡོངས་སུ་མྱ་ངན་ལས་འདས་པར་འཚལ་བ་དེ་དག་ནི་གནོད་པར་འགྱུར་བའི་ཆོས་ཅན་ཏེ། དེ་ཅིའི་སླད་དུ་ཞེ་ན། ་གལ་ཏེ་འཁོར་བར་ཞུགས་པ་ཞིག་མཆིས་ན་ནི་མྱ་ངན་ལས་འདས་པ་ཡང་འཚལ་བར་འགྱུར་ན་ཞེས་བྱ་བའོ།། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་གསོལ་པ། བཅོམ་ལྡན་འདས་འཕྲུལ་དགའི་ལྷ ་རྣམས་ཀྱིས་ཡང་དག་པའི་མཐའ་ཞེས་གང་སྨྲས་པ་དེ་ལ་བདག་ཅག་གིས་ནི་ཡང་དག་པ་ཡང་མ་དམིགས་ན་དེའི་ལྟ་སྨོས་ཀྱང་འཚལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་ལ་ལ་ཞིག་གི་ཡང ་དག་པ་བདམྱིགས་ན་ནཱི། མཐའ་ཡང་ངེས་དམིགས་པར་འགྱུར་ཏེ། དེ་ནི་གཉིས་ཀྱིས་སྤྱོད་པའོ་ཞེས།། དེ་ཉིད་ལས་འདི་སྐད་དུ། སྟི་མཛད་ཀྱི་བདག་པོས་སྟོན་པ་ལ་བསྟོད་པ། ཇི་ལྟར་མི་ཞིག་རྨི་ལམ་བཀྲེས་གྱུར ་པས། ཁ་ཟས་རོ་བརྒྱ་ཟོས་པས་འདྲངས་འགྱུར་བ། དེ་ལ་དཀྲིས་མང་ཟས་མེང་སེམས་ཅན་མེད། རྨི་ལམ་དེ་འདྲར་ཆོས་རྣམས་ཐམས་ཅད་གཟིགས།། མི་ཞིག་ཡིད་དུ་འོང་བའི་ཚིག་སྨྲས་ན། དགའ་བར་འགྱུར་ཡང་ཚིག་ལ ་འཕོ་བ་མེད།། ཚིག་ཉིད་མེད་ཅིང་དགར་འགྱུར་དངོས་ཀྱང་མེད། དེ་མཁྱེན་དེ་ལ་ཐེ་ཚོམ་ཡང་མི་མངའ།། པི་བང་སྒྲ་སྙན་མཉན་ན་རྣར་སྙན་ཏེ། སྒྲ་དེ་རང་བཞིན་གང་ཡང་ཡོད་མ་ཡིན།། དེ་ལྟར་མཁས་པས་ཕུང་པོ་འདི་གཟིས ་ན།། ཕུང་པོའི་རང་བཞིན་གང་ཡང་དམིགས་མི་མངའ།། ཇི་ལྟར་མི་ཡིས་དུང་གི་སྒྲ་ཐོས་ཏེ། སྒྲ་དེ་གང་ལས་བྱུང་ཞེས་བརྟགས་བྱས་ཀྱང་།། རང་བཞིན་སྟོང་པའི་དངོས་དེ་མི་དམིགས་པ།། མི་དབང་ཁྱེད་ཀྱི་དེ་བཞིན་ཆོས་ཀུན ་གཟིགས།། ཇི་ལྟར་མི་ཞིག་བསོད་པའི་ཁ་ཟས་ལ།། ཡན་ལག་སྲོག་ཕྲན་ཇི་ལྟར་འགྱུར་ན།། དངོས་མེད་ཡན་ལག་སྲོག་ཀྱང་དེ་བཞིན་ཏེ།། དྲང་སྲོང་ཆེན་པོས་དེ་བཞིན་ཆོས་ཀུན་གཟིགས།། ཇི་ལྟར་མི་ཞིག་ན་མཁའི་འཇའ ་མཐོང་ན།། ཡན་ལག་གཞིགས་བརྟགས་རང་བཞིན་མེད་ཅིང་སྟོང་།། འཇའ་འདྲར་ཡན་ལག་དེ་དག་སྟོང་པ་ཉིད།། དྲང་སྲོང་ཆེ་ཁྱོད་དེ་བཞིན་ཆོས་ཀུན་གཟིགས།། གྲོང་ཁྱེར་མཆོག་ཀྱང་ཡན་ལག་རྣམས་གཟིགས་ན།། ་གློང་ཁྱེར་རང་བཞིན་དེ་བཞིན་མིང་མི་དམིགས།། གྲོང་ཁྱེར་ཇི་བཞིན་དེ་ལྟར་ཡན་ལག་དང་།། མི་དབང་ཁྱོད་ཀྱི་དེ་བཞིན་ཆོས་ཀུན་གཟིགས།། སྐྱེས་བུ་དགའ་བར་རྔ་ཞིག་བརྡུངས་བགྱིས་ན།། དགའ་བ ་སྐྱེས་ཀྱང་སྒྲ་ཡི་རང་བཞིན་སྟོང་།། ཇི་ལྟར་སྒྲ་བཞིན་དེ་ཡི་ཡན་ལག་སྟོང་།། མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ན་གཟིགས།། སྐྱེས་བུས་ཇི་སྐད་རྔ་ངེ་བརྡུངས་པའི་ཚེ།། སྐུ་ནི་ཕྱོགས་སུ་མི་འགྲོ་འབྱུང་བ་མེད། ཕྱོགས ་སུ་དེ་བཞིན་འགག་པར་མི་འགྱུར་ཏེ།། མི་དབང་ཁྱོད་ཀྱིས་དེ་བཞིན་ཆོས་ཀུན་གཟིགས།། སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ།། ཐོག་པ་མེད་ཅིང་སྙན་པའི་རང་བཞིན་ཏེ། སྒྲ་འདྲར་དེ་ཡི་ཡན་ལག་དེ་རང ་བཞིན།། མི་དབང་ཁྱོད་ཀྱིས་ཆོས་ཀུན་དེ་ལྟར་གཟིགས།། སྐྱེས་བུས་ཇི་ལྟར་རྔ་དེ་བརྡུངས་པའི་ཚེ།། སྒྲ་དེ་རང་དབང་མ་བྱུང་ཡན་ལག་མིན།། ཇི་ལྟར་སྒྲ་བཞིན་ཁྱོད་ཀྱིས་ཡན་ལག་སྟོང་།། མི་དབང་ཁྱོད་ཀྱིས་ཆོས་ཀུན ་དེ་ལྟར་གཟིགས་ཤའོ།། ཡང་གསུངས་པ། བྱམས་པ་དགེ་བསྒོམས་སེམས་ཅན་དམིགས་པ་ཡིན་ཞེས་འདྲེན་པས་བཀའ་སྩལ་ལ། སེམས་ཅན་རྣམ་པར་གཤིག་ཅིང་འགྲོ་བ་ཐམས་ཅད་སེམས་ཅན་མེད་པར་མཁྱེན། ་དེ་ལྟར་རྐང་གཉིས་དམ་པ་རྙོག་པ་མི་མངའ་ཐེ་ཚོམ་བྲལ་ཐུགས་ལྡན།། དེས་ན་བདེ་གཤེགས་རྣམ་བརྟགས་བློ་མངའ་མཆོད་འོས་ཁྱོད་ལ་མཆོད་པར་འཚལ།། བདེ་བར་གཤེགས་པ་སྡུག་བསྔལ་ཕྱོགས་བཅུར ་གནས་པ་ཀུན་ཏུ་མི་དམིགས་ཀྱང་།། ལྷ་ཡི་ལྷར་གྱུར་ཁྱོད་ཀྱི་སེམས་ཅན་རྣམས་ལ་སྙིང་རྗེ་བགྱི་བར་གསུངས།། དེ་ལྟར་རྒྱལ་མཆོག་བདག་ཅག་རྒྱལ་བའི་དགོངས་པ་ཇི་བཞིན་ཀུན་ཏུ་འཚལ།། ངེས་ན་རྐང་གཉིས་གཙོ་བོ་མི་མཆོག ་མཆོད་འོས་ཁྱེད་ལ་མཆོད་པར་འཚལ།། ཐུབ་པ་ཁྱོད་ཀྱིས་སེམས་ཅན་དང་ནི་བསིལ་བགྱི་སྡུག་བསྔལ་མ་གཟིགས་ལ།། དགྱེས་པ་སྐྱེས་ནས་རབ་ཏུ་དགྱེས་པའི་ཐུགས་ཀྱིས་མི་དགྱེས་རྣམ་པར་བསལ།། དེ་ལྟར་སངས་རྒྱས ་ཚུལ་ནི་བསམ་གྱིས་མི་ཁྱབ་ཚུལ་འདི་བཞིན་འཚལ།། ངེས་ན་མི་མཆོག་ཁྱོད་ལ་མཆོད་ནས་མཉེས་པའི་འབྲས་བུ་ཐོབ་པར་བགྱི།། ཐུབས་པས་སྐུ་ནི་རྣམ་པར་སྤང་བས་སྒྱུ་བཙལ་མཛད་ན་མ་བརྙེད་ཀྱང་།། དེ་ལྟར་འདྲོན་པ ་དྲན་པ་མ་གསུངས་མ་ལགས་བསྙེལ་བ་ཡོང་མི་མངའ། བདེ་བར་གཤེགས་པས་ལུས་ལ་སོང་བའི་བསྒོམ་པ་བསྒོམ་པར་གྱིས་ཞེས་གསུངས།། སངས་རྒྱས་ཚུལ་འདི་རིག་ནས་བདེ་བར་གཤེགས་པ་སྐྱོབ་ལ་མཆོད་པ་བགྱིས ་སྡུག་བསྔལ་ཞི་བྱ་ཕྱིར་ནི་ཞི་གནས་ལྷག་མཐོང་ལམ་ཡང་བསྒོམ་ཞེས་གསུངས།། བཅོམ་ལྡན་གང་གིས་འགྲོ་བ་ཉོན་མོངས་བག་ཆགས་བཅས་དྲི་དེ་དག་ཞི།། ཐུབ་པ་ཞི་གནས་ལྷག་མཐོང་དྲི་མ་ཐམས་ཅད་སྟོང་པ་སྟེ། འདི་ལ ་ལྷ་ཚོགས་གང་དུའང་ཐེ་ཚོམ་མ་མཆིས་སྐྱོན་བྲལ་ཁྱོད་ལ་མཆོད། ཡང་གསུངས་པ། མིག་ནི་མིག་གི་རང་བཞིན་དང་བྲལ་བ། ཁམས་ནི་ཁམས་ཀྱི་རང་བཞིན་དང་བྲལ་བའི་སླད་དུ་སྟེ། ཆོས་གང་ལ་རང་བཞིན་མ་མཆིས་པ ་དེ་ནི་དངོས་པོ་མ་མཆིས་པའོ་གང་ལ་དངོས་པོ་མ་མཆིས་པ་དེ་ནི་ཡོངས་སུ་མ་གྲུབ་པའོ།། གང་ཡོངས་སུ་མ་གྲུབ་པ་དེ་ལ་ནི་སྐྱེ་བུ་མ་མཆིས་སོ།། གང་སྐྱེ་བ་མ་མཆིས་པ་དེ་ལ་འགག་པ་མ་མཆི ་སོ།། དེ་བཞིན་དུ་སྦྱར་ཏེ། གང་དུས་གསུམ་དུ་མི་དམིགས་པ་དེ་ནི་མིག་མ་ལག་དབང་པོ་མ་ལགས་སོ།། གང་མིག་མ་ལགས་ཤིང་དབང་པོ་མ་ལེགས་པ་དེའི་ཐ་སྙད་ཇི་ལྟར་འཚལ་བར་བགྱི། འདི་ལྟ་སྟེ་དཔེར་ན། ཆང་པ ་སྟོང་པ་ནི་བརྫུན་པ་ཡང་དག་པ་མ་ལགས་པ་མ་མཆིས་པ་སྟེ། འདི་ལྟར་མིང་དུ་གདགས་པར་བས་ཀྱིས་དོན་དམ་པར་ནི་སྟོང་པར་ཡང་མི་དམིགས་ཆད་པ་ཡང་མི་དམིགས་སོ།། དེ་བཞིན་དུ་མིག་དང་དབང་པོ་དང་ཆད་པ་སྟོང ་པར་ལྟར་བརྫུན་ཞིང་མ་མཆིས་ལ་ཡང་དག་པ་མ་ལགས་པ་སྟེ། གསོབ་གསོག་ལོག་པ་སླུ་བའི་ཆོས་ཅན་བྱིས་པ་འདྲིད་པ་གླེན་པ་རྨོངས་པར་བགྱིད་པ་སྟེ། འདི་ལྟར་མིང་དུག་དག་པར་བྱས་ཀྱི་དོན་དམ་པར་ནི་མིག་ཀྱང ་དམྱིགས་ཞེས་བྱ་བའོ།། ཡང་དེ་ཉིད་ལས་གསུངས་པ། རྨི་ལམ་ཆར་ཆེན་འབབ་པ་ལྟར།། དེ་བཞིན་ཟག་པ་རྣམས་འཐུང་བར། ཟག་པ་འབྱུང་བ་མཁས་པ་པོ།། དཔའོ་ཆེན་པོ་ཁྱོད་ཀྱིས་བསྟན།། རྨི་ལམ་དག་ན་མགོ་གཅ ་བཞིན། ཁྱོད་ཀྱིས་ཟག་པ་ཟད་པ་གཟིགས།། འདི་ནི་མཁས་པ་རྣམས་ལ་བསྟན།། ཐམས་ཅད་གཟིགས་ལ་ཕྱག་འཚལ། ཞེས་སོ།། འདི་ཉིད་ལས་མི་འམ་ཅིའི་རྒྱལ་པོ་ལྗོན་པས་ཞུས་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། སྟོང་པ་ཉིད་དང་ལུང་བསྟན་པ་བདག་གིས་མ་འཚལ་ཞེས་སྨྲ་བ། གལ་ཏེ་འགའ་ཞིག་མི་སྟོང་ན། རྒྱལ་བས་དེ་ལུང་བསྟན་མི་གསུང་། ཅི་ཕྱིར་ཞེ་ནུ་འདི་ལྟ་བུར། རང་གི་རང་བཞིན་གནས་གྱུར་ན།། འགྱུར་བ ་མེད་ཅིང་ཐེར་ཟུག་སྟེ།། དེ་ལ་འཕེལ་མེད་འགྲིབ་པ་མེད།། དཔེར་ན་རང་བཞིན་སྟོང་པ་ཡི།། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ།། གཟུགས་བརྙན་སྣང་བ་དེ་བཞིན་དུ།། ལྗོན་པ་ཆོས་རྣམས་ཤེས་པར་གྱིས།། ཆོས་ཀྱི ་དབྱིངས་ནི་འགྱུར་བ་མེད་ན།། མཆོད་པའི་ཡན་ལག་འགྱུར་གང་ཞེས།། ཡན་ལག་རྣམས་ལ་བརྟག་བྱས་ལ།། ལྗོན་པ་མཆོད་པ་འདི་ལ་སྤྱོད།། གཡོ་བི་མ་མཆིས་བགྱི་བ་རྣམས།། བརྟན་པ་མ་འཚལ་ཞེས་སྨྲས་པ། ཤིང་རྟའི ་ཡན་ལག་འདུས་པ་དང་།། ཤིང་རྟའི་བྱ་བ་བཞིན་དུ་རྟོགས།། ངས་ནི་ལས་ཀྱི་རྣམ་པར་བསྟན།། བྱེད་པ་ཕྱོགས་བཅུ་རྣམས་ན་མྱོང་། ཤིང་རྣམས་རླུང་གིས་བསྒྲལ་བ་ལས།། མེ་འབྱུང་འགྱུར་བ་ཇི་བཞིན་ནོ།། བདག ་ཅག་མེ་འདི་བསྐྱེད་བྱ་ཞེས།། རླུང་དང་ཤིང་ལ་སེམས་པ་མེད།། འོན་ཀྱང་མེ་ནི་འབྱུང་བ་ལྟར། ལས་ཀྱི་བྱེད་པ་དེ་བཞིན་ནོ།། གང་ཡང་བསོད་ནམས་ཚོགས་དང་ནི།། བྱང་ཆུབ་ཡང་དག་བསྒྲུབ་པ་དང་།། ལེགས་སྤྱོད་ཡོད་མིན ་ཟེར་བ།། དེ་ཚུལ་ཡང་དག་མཉན་པར་བྱོས།། མི་ཡི་ཚེ་ཚད་ལོ་བརྒྱ་ནི།། འཚོ་བ་ཡིན་ཞེས་ཇི་སྐད་བརྗོད།། ལོ་ལ་ཕུང་པོར་སྤུངས་པ་མེད།། སྒྲུབ་པ་དེ་ཡང་དེ་དང་མཚུངས་སོ་ཞེས།། བཅོམ་ལྡན་འདས་མ་ལོས་ཀྱང་། ཚེ་དང ་ལྡན་པར་རབ་འབྱོར་ཅི་ཆོས་མ་སྐྱེས་པ་སྐྱེ་བ་འམ་འོན་ཏེ་སྐྱེས་པ་སྐྱེད།། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་ཆོས་མ་སྐྱེས་པ་སྐྱེ་བར་ཡང་མི་འདོད་སྐྱེས་པ་སྐྱེ་བར་ཡང་མི་འདོད་དེ ་ཞེས་གསུངས་སོ།། འཕགས་བྱ་ཆོས་ཡང་དག་པར་སྤྱོད་པ་ལས་ཀྱང་། རིགས་ཀྱི་བུ་དེ་བཞིན་ཉིད་ཅེས་བྱ་བ་དོན་སྟོང་པ་ཉིད་ཀྱིས་ཚིག་བླ་དགས་ཏེ་སྟོང་པ་ཉིད་དེ་ནི་མི་སྐྱེ་མི་འགག་གོ།། སྨྲས་པ། བཅོམ་ལྡན་འདས་ཀྱིས་ཀྱང ་འདི་སྐད་དུ་ཆོས་ཐམས་ཅད་ནི་སྟོང་པའོ་ཞེས་གསུངས་ཏེ། དེ་བས་ན་ཆོས་ཐམས་ཅད་ནི་མི་སྐྱེ་མི་འགག་གོ།། བྱང་ཆུབ་སེམས་དཔའ་རྩོམ་པ་མེད་ཀྱིས་སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ་ཇི་ལྟར་ཁོང་དུ་ཆུད་པ་བཞིན་ཏེ། ཆོས ་ཐམས་ཅད་ནི་མི་སྐྱེ་མི་འགག་གི་སྨྲས་པ། གང་འདི་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་སྐྱེའོ་འགག་གོ་ཞེས་གསུངས་པ་ནི་དེ་བཞིན་གཤེགས་པས་འདི་ཅི་ལ་དགོངས་ཏེ་གསུངས། སྨྲས་པ་རིགས ་ཀྱི་བུ་འཇིག་རྟེན་གནས་པ་སྐྱེ་བ་དང་འགག་པ་ལ་མངོན་པར་ཆགས་པས་དེ་ལ་དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་འཇིག་རྟེན་དང་ངེས་པའི་གནས་གསལ་བའི་ཕྱིར་ཐ་སྙད་ཀྱིས་དབང་གིས་སྐྱེ་བོ་འགག་གོ་ཞེས ་གསུངས་ཏེ། འདི་ལ་ཆོས་གོང་ཡང་སྐྱེ་བ་དང་འགག་པ་མེད་དོ་ཞེས་གསུངས་སོ།། ཡང་དེ་ཉིད་ལས། བཅོམ་ལྡན་འདས་དེ་ལ་མིག་གི་གཟུགས་རྣམས་ལ་སྒྲ་མི་འབྱིན། རྣ་བས་སྒྲ་རྣམས་དང་། སྣོས་དྲི་རྣམས་དང་། ་སྐྱེས་རོ་རྣམས་དང་། ལུས་ཀྱི་རེག་བྱ་རྣམས་དང་། ཡིད་ཀྱིས་ཆོས་རྣམས་ལ་སྒྲ་མི་འབྱིན་པ་དེ་ནི་ཆོས་སོ།། དེ་ལ་ཇི་ལྟར་ན་མིག་གི་གཟུགས་རྣམས་ལ་སྒྲ་མི་འབྱིན་ཞེ་ན། ཕྲད་པ་མ་མཆིས་པའི་སླད་དུའོ།། མིག་ནི་གཟུགས ་ལོ་ཕྱུང་པར་མི་བགྱིད་པ་ནས། རྣ་བས་སྒྲ་ལ་མ་ལགས། སྣས་དྲི་ལ་མ་ལགས། ས་རོ་ལ་མ་ལགས། ལུས་ཀྱི་རེག་བྱ་ལ་མ་ལགས། ཡིད་ཀྱི་ཆོས་ཀྱི་བར་ལྔ་ཕྲད་པར་མི་བགྱིད་དོ།། གང་ཕྲད་པར་མི་བགྱིད་པ་དེ་ནི་སྒྲ་མི ་འབྱིན་པོ།། བཅོམ་ལྡན་འདས་གཉིས་སུ་མ་མཆིས་ན་ཆོས་ལ་སྒྲ་འབྱིན་པ་མ་མཆིས་སོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་གཉིས་སུ་མ་མཆིས་པ་སྟེ་གཅིག་གིས་གཅིག་མ་འཚལ་རྣམ་པར་མ་འཚལ། མི་རྟོག་རྣམ ་བར་མི་རྟོག། འབྱུང་བར་མི་བེབྷྲིང་འཇིག་པར་མི་བགྱིད། འབྲི་བར་མི་བགྱིད་འཕེལ་བར་མི་བགྱིད།། ཆགས་པར་མི་བགྱིད་མི་ཆགས་པར་མི་བགྱིང་། འཁོར་བར་མི་བགྱིད། ཡོངས་སུ་མྱ་ངན་ལས་འདུའ་བར་མི་བགྱིད་དེ།། འདི ་ནི་སུའི་ཡང་མ་ལགས། འདི་དག་གི་སུའི་ཡང་མ་ལགས་སོ།། བཅོམ་ལྡན་འདས་ཆོས་འདི་དག་ནི་སྐྱོ་བར་ཡང་མི་བགྱིད་ཆགས་པར་ཡང་མི་བགྱིད་དོ།། བཅོམ་ལྡན་འདས་ཆོས་འདི་དག་ནི་ཀུན་ནས་ཉོན་མོངས་པར ་ཡང་མི་འགྱུར་རྣམ་པར་བྱང་བར་ཡང་མི་འགྱུར་རོ།། བཅོམ་ལྡན་འདས་བདག་གི་དེ་ལྟར་འཚལ་ཏོ།། བདག་གིས་དེ་ལྟར་རྟོག་སོ།། བཅོམ་ལྡན་འདས་གང་དག་བདག་འདི་ལྟར་འཚལ་འདི་ལྟར་བརྟགས་སོ་ཞེས་དེ་སྐད་མཆི། ་ན་དེ་ནི་སྐྱེ་མཆེད་རྣམས་ཀྱིས་འགྱུར་བའོ།། བཅོམ་ལྡན་འདས་སྐྱེ་མཆེད་རྣམས་ནི་འདི་སྙམ་དུ་འདི་དག་ནི་བདག་ནི་བདག་གི་འགྱུར་བའོ་སྙམ་དུ་སེམས་སོ།། གང་དེ་ལྟར་འཚལ་བ་དེ་ནི་སུ་དང ་ཡང་མི་རྩོད་དོ།། གང་མི་རྩོད་པ་དེ་ནི་དགེ་སྦྱོང་གིས་ཆོས་སུ་རྗེས་སུ་འཇུག་པའོ།། གང་དགེ་སྦྱོང་གི་ཆོས་རྗེས་སུ་འཇུག་པ་དེ་ནི་གང་ནས་ཀྱང་འཇུག་པ་ཡང་མི་བགྱིད་མི་འཇུག་པ་ཡང་མི་བགྱིད། སྦྱོར་བར ་ཡང་མི་བགྱིད། མི་སྦྱོར་བ་ཡང་མི་བགྱིད། འགྲོ་བར་ཡང་མི་བགྱིད་སྡོད་པར་ཡང་མི་བགྱིད་འབྲི་བར་ཡང་མི་བགྱིད་འཕེལ་བར་ཡང་མི་བགྱིད་དེ། ཐམས་ཅད་ཆོས་ཀྱི་ཚུལ་དུ་མཐོང་ངོ་།། ཐམས་ཅད་རྣམ་པར ་གྲོལ་བའི་ཚུལ་དུ་མཐོང་ངོ་།། ཆོས་ཀྱི་དབྱིངས་ཉིད་དུ་མཐོང་ངོ་།། དེ་ལྟར་ཐམས་ཅད་འབྱུང་བར་མཐོང་སྟེ། གང་འབྱུང་བ་དེ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། གཞན་དུ་ན་མིང་ཙམ་དང་བཏགས ་པ་ཙམ་དང་ཐ་སྙད་དུ་མཐོང་བ་ནི་མ་མཆིས་པ་མ་ལགསསོ།། མིང་དེ་ཡང་མིང་མ་མཆིས་པའོ།། བརྟགས་པ་ཡང་བཏགས་པ་མ་མཆིས་པའོ།། ཐ་སྙད་ཀྱང་ཐ་སྙད་མ་མཆིས་པའོ།། ཆོས་མཐོང་བས ་སངས་རྒྱས་མ་ཐོང་ངོ་།། སངས་རྒྱས་མཐོང་བས་སེམས་ཅན་ཐམས་ཅད་མཐོང་ངོ་།། སེམས་ཅན་ཐམས་ཅད་མཐོང་བས་རྒྱུ་དང་རྐྱེན་མཐོང་ངོ་།། རྒྱུ་ང་རྐྱེན་མཐོང་བས་སྤྱོང་པ་ཉིད་མཐོང་ངོ་།། ང ་ཉིད་མཐོང་བ་ནི་མཐོང་བ་མ་མཆིས་པའོ།། བཅོམ་ལྡན་འདས་ཆོས་ཐམས་ཅད་མཐོང་བ་ནི་ཡང་དག་པ་མཐོང་བའོ་ཞེས་གསུང་སོ།། གཞི་མྱེད་པར་ཀུན་རྫོབ་ཏུ་ཇི་ལྟར་རུང་ཞེ་ན། ཇི་ལྟར་མི་རུང་སྟེ། ཇི་ལྟར་སྡོང་པོ་མེད་ན་སྐྱེས ་བུར་འཁྲུལ་པ་བཞིན་ནོ།། གང་ལས་བརྟན་ནས་སྐྱེས་བུ་འཁྲུལ་པར་འགྱུར་བ་སྟོང་པ་ཉིད་དུ་སྨྲ་བ་ལ་སྡོང་པོ་དེ་དོན་དམ་ཇི་ལྟར་འགྲུབ། ཆོས་ཐམས་ཅད་ནི་རྩ་བ་མེད་པ་སྟེ། ཡང་དག་པཱར་ན་རྩ་བ་མི་འཐད་པའི་ཕྱིརརོ།། ་དེ་སྐད་དུ་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལྔས། ཡང་དགྲ་པ་མ་ཡིན་པར་ཀུན་རྟོག་པའི་རྩ་བ་གང་ཡིན། སྨྲས་པ་ཡང་དག་པ་མ་ཡིན་པར་ཀུན་རྟོག་པའི་རྩ་བ་ནི་ཕྱིན་ཅི་ལོག་གི་འདུ་ཤེས་སོ།། སྨྲས ་པ་ཕྱིན་ཅི་ལོག་གི་རྩ་བ་གང་ཡིན། སྨྲས་པ་ཕྱིན་ཅི་ལོག་གི་འདུ་ཤེས་ཀྱི་རྩ་བ་ནི་རྟེན་པའོ།། སྨྲས་པ་རྟེན་མེད་པའི་རྩ་བ་གང་ཡིན།། སྨྲས་པ་འཇམ་དཔལ་གང་རྟེན་མེད་པ་དེའི་རྩ་བར་འགྱུར་བའི་ཅི་ཞིག་ཡོད། དེ ་ལྟར་ཆོས་ཐམས་ཅད་ནི་རྟེན་མེད་པའི་རྩ་བ་ལ་གནས་པའོ་ཞེས་གསུངས་སོ།། འདི་ནི་སེམས་སྦྱང་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱ་བ་མདོར་བསྡུས་པ་སྟེ། བསྒོམས་ནས་ཀྱང་ཉོན་མོངས་པའི ་དགྲ་དང་འཐབ་པ་ལ་མཁས་པར་བྱ་བའི་རང་བཞིན་གི་ཁྱིམ་ན་དཔའ་བར་ནི་མི་བྱའོ།། འཕགས་པ་ཆོས་ཡང་དག་པར་སྡུང་བའི་མདོ་ལས་ཇི་སྐད་གསུངས་པོ་ལྟ་བུ་སྟེ། སྟོང་པ་ཉིད་སྨྲ་བ་ནི་མི་གནས་པའི་ཕྱིར་འཇིག ་རྟེན་གྱི་ཆོས་རྣམས་ཀྱི་མི་འཕྲོགས་ཏེ། རྙེད་པས་དགའ་བ་ཡང་མེད་མ་རྙེད་པས་མི་དགའ་ཡང་མེད། གྲགས་པས་ཡིད་སོས་པ་ཡང་མེད་མ་གྲགས་པས་སྲོ་ཤི་བ་ཡང་མེད། སྨད་པས་ཞུམ་པ་ཡང་མེད ་བསྟོད་པས་དགའ་བར་སེམས་པ་ཡང་མེད། དེ་བས་ཆགས་པར་འགྱུར་བ་ཡང་མེད་སྡུག་བསྔལ་བས་ཡིད་འབྱུང་བར་འགྱུར་བའང་མེད། གང་དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་ཀྱི་མི་འཕྲོགས་པ་དེ་ནི་སྟོང་པ་ཉིད་ཤེས་པ་སྟེ།། ་དེ་ལྟར་མི་འཕྲོགས་པས་སྟོང་པ་ཉིད་སྨྲས་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་དང་དེ་བཞིན་དུ་སྟོང་པ་ཉིད་སྨྲ་བ་ནི་གུང་དུ་ཡང་ཆགས་པ་འམ་མི་ཆགས་པ་མེད་དེ། གང་ལ་ཆགས་པ་དང་གང་ལ་མི་ཆགས་པ་སྟོང་པ་ཉིད་དུ་ཤེས ་སྟོང་པ་ཉིད་དུ་མཐོང་ངོ་།། གང་གི་ཆོས་གང་ལ་ཆགས་པ་དང་ཆགས་མེད་པ་དེས་ནི་སྟོང་པ་ཉིད་དུ་ཤེས་སོ།། དེ་བཞིན་དུ་གང་ལ་ལ་འཐབ་ཅིང་རྩོད་པ་བྱེད་པ་དེ་ནི་སྟོང་པ་ཉིད་མི་ཤེས་ཏེ། དེ་གང་དང་འཐབ་ཅིང་རྩོད་པར་བྱེད་དེ ་སྟོང་པ་ཉིད་དུ་མཐོང་ཤེས་ཏེ་སྟོང་པ་ཉིད་དུ་མཐོང་ངོ་ཞེས་བྱ་བ་ལ་སོགས་པའོ།། འདི་ནི་སེམས་སྦྱང་བ་མདོར་སྡུས་པའོ།། གང་ལ་འབད་པ་བྱས་ན་མྱུར་དུ་སེམས་དགའ་བར་འགྱུར་ཞེ་ན། བདག་ལ་བསྟོད་པ་དང་གཞན་ལ ་བརྙས་པ་སྤངས་སོ།། འདི་ཉིད་ཀྱི་རྩ་བ་ནི་བདག་དང་སེམས་ཅན་དུ་བལྟ་སྟེ། དེ་ཡང་འདི་གོམས་པར་བྱས་ན་སྤང་སླ་བར་འགྱུར་ཏེ། གཞན་ལ་གུས་པར་བྱ་བ་དང་བདག་ཁྱད་དུ་གསད་པ་དེ་ལྟར་བསྒོམ་པར་བྱའོ།། གལ་ཏེ ་སེམས་ཅན་ཕུང་པོ་རྣམས། རྣམ་པ་ཀུན་ཏུ་མཉམ་གནས་ན། གཅིག་ལ་བདག་དང་གཞན་ཉིད་དུ།། འགལ་བར་འབྱུང་བ་ཇི་ལྟར་འགྱུར། དེ་ནི་དམིགས་པ་མེད་པར་ཡང་།། ཐོག་མེད་རྟོག་པ་གོམས་པ་ཡིས།། ལུས་ཅན་དག་ནི ་ཀུན་དུ་སྤྱོད།། གོམས་ན་དཀའ་བ་ཅི་ཞིག་ཡོད།། དེ་ལྟར་གོམས་པའི་བདག་ཉིད་དུ།། མཚུངས་ན་ཅི་ཕྱིར་བདེ་བའི་རྒྱུ།། གཞན་ལ་དགུས་བྱས་བཏང་ནས་ནི།། རང་སྡུག་འགྱུར་བ་གཞན་འདོད་བྱེད།། ཡིད་བཞིན་ནོར་བུའི ་གཏམ་བརྗོད་ལས།། གུས་བྱར་བྱ་བའི་རྒྱུ་ཡོད་དེ།། བདག་ལ་གུས་བྱེད་བསྐལ་ངན་གྱི།། སྐྱེ་བོ་ལས་འདིར་བདེ་བའང་མེད།། དེ་ལྟས་བདག་ལ་ཆགས་ལྡན་པོ།། བརླང་ཞིང་ང་རྒྱལ་སེར་སྣ་ཅན།། ཀུན་ལས་འཕགས ་ཚུལ་ལྟ་བུ། དེ་ལས་ཟློག་སྟེ་བསྒོམ་པར་བྱ། བདག་ལ་གུས་པར་བྱེད་པ་འདི།། བསྟོང་སྨད་ལ་སོགས་ཆུས་བཅུས་པས།། འཕེལ་ཏེ་དམྱལ་བའི་ཚུལ་ཞག་གིས།། བཏབ་པས་དམྱལ་བའི་མེ་བཞིན་ནོ།། རེ་ཞིག་དགྲ ་ལས་སེམས་མེད་ཕྱིར།། བདདུག་ལ་བསྟོད་དོ་སྙམ་མི་སྲིང་།། བདག་ལ་གཞན་དགའ་གྲགས་སྙམ་པ།། འདི་ནི་བདག་གི་བློ་གྲོས་འཁྲུལ།། དེ་མགུ་བ་ལ་བདག་དགའ་བ།། དེ་ནི་རྟག་ལ་སྤྱི་རོ་འགྱུར་མོང་།། དེ་བདེས་བྱ་བ་མེད་ཅེ ་ན། དགའ་དེས་བདག་ལ་ཅི་ཞིག་བྱ།། གཞན་ནམ་ཡང་ན་བདག་ལའང་རུང་།། གཞན་དགས་བདག་ལ་ཅི་ཞིག་བྱ།། འདི་ན་གཞན་གྱིས་དགའ་བས་བདག། ལུས་ཀྱི་བདེ་བ་འདོད་མ་ཡིན།། དེ་ལྟར་ཤེས་ནས་གཞི་མེད་ཀྱི།། ། ་རྣམ་པར་རྟོག་པ་སྤང་བར་བྱ།། མ་གྲགས་སླད་དང་མ་བཀུར་བ།། དེ་ལྟ་དོན་མེད་ཤེས་པར་བྱ།། ཕྱག་འཚལ་སོགས་པས་ཆོས་མི་འགྱུར།། ཚེ་དང་ནད་མེད་སྟོབས་མི་འགྱུར།། ཚེ་དང་ནད་མང ་སྟོབས་མི་འགྱུར།། ཆོས་འདྲི་བྱེད་པའི་ཚེ་ན་ནི། གཞན་གྱི་ལུས་སྒྱུར་བྱེད་དང་མཚུངས།། དགའ་འམ་འོན་ཏེ་མི་དགའ་ཡང་།། རྙེད་དང་མི་རྙེད་མཚུངས་པར་འགྱུར། དེ་ལྟར་དོན་མེད་རྣམ་སྤངས་ཏེ། རི་དང་མཚུངས་པའི་ཡིད ་བྱ། འདྲིས་པ་སྤངས་པས་སེམས་མྱུར་དུ་དག་པར་འགྱུར་རོ།། འདིར་ཡང་བསམ་པར་བྱ་སྟེ། མཚན་མར་འཛིན་ལས་བྱུང་བ་ཡི།། ངོ་ཤེས་པས་ནི་ཡང་དང་ཡང་།། རྗེས་སུ་ཆགས་པར་སྐྱེད་པར་བྱེད།། དེ་ལས་ཁོང ་ཁྲོ་འབྱུང་བར་འགྱུར།། གང་ལ་རྗེས་ཆགས་ཁོང་ཁྲོ་ཡོད།། དེས་ནི་སྡིག་པ་བཟློག་མ་ཡིན།། ཕྲག་དོག་སེར་སྣ་ལྷན་ཅིག་ཏུ།། བཀུར་པ་འདེབས་པ་སྣ་ཚོགས་འབྱུང་།། རྙེད་ལ་སོགས་པ་འདོད་པ་དང་།། ང་རྒྱལ་ལ་སོགས་མ ་པོ་འབྱུང་། དེས་ན་འབད་པ་ཐམས་ཅད་ཀྱིས།། ཐུབ་པས་འདྲིས་པ་ཐམས་ཅད་སྤང་།། འདྲི་ཕྱིར་འདི་ནི་གཞན་ཡིན་ཡང་།། འཁྲུལ་པས་དེ་ནི་འདིའོ་ཞེས།། རྒྱུན་རྒྱུད་བཞིན་དུ་རྟོག་དེའི་ཕྱིར།། སྟོབས་ཀྱིས་དེ་ཉིད་ལ་གནས་བྱ།། ་འདྲ་བའི་ནི་དངོས་མེད་དེ།། ཁྱེད་ལ་སྡུག་བསྔལ་བསྐྱེད་པར་འགྱུར།། ང་དང་དེ་དག་ཐམས་ཅད་ཀྱང་།། རིང་པོར་མི་ཐོགས་མེད་པར་འགྱུར།། བསླབ་པ་ཀུན་ལས་བཏུས་པ་ལས་ལུས་ཡོངས་སུ་དག་པའི་ལེའུ་བཅུ་བཞི ་པའོ།། །། ཡང་དག་འཚོ་བ་སྦྱངས་པར་ཡིས།། ལོངས་སྤྱོད་དག་པར་ཤེས་པར་བྱ།། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ལས་ཇི་སྐད་དུ་ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ཀྱི ་ལོངས་སྤྱོད་ཚོལ་གྱིས་ཆོས་མ་ཡིན་པས་ནི་མི་ཚོལ་ལོ།། མཐུན་པས་ཚལ་གྱི་མི་མཐུན་པས་མ་ཡིན་ནོ།། ཡང་དག་པར་འཚོ་བ་ཡིན་གྱིས་ལོག་པས་འཚོ་བ་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ།། འཕགས་པ་དཀོན ་མཆོག་སྤྲིན་ལས་ཀྱང་། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པ་དང་། སྦྱིན་བདག་མཐོང་ན་སྤྱོད་ལམ་མི་འཆོས་སོ་ཞེ་ན། གཉའ་ཤིང་གང་ཙམ་དུ་བལྟ་བ་དང་། སྐྱོ་བར་བལྟ་བ་དང་། སྒྲིབ་པ་མེད་པར་བལྟ་བུ ་གོམ་པ་པགས་ཀྱིས་དལ་ནས་ངལ་ནས་འདོར་ཞིང་འདག་པ་མ་ཡིན་ཏེ། དེ་ལྟར་ན་ལུས་ཀྱིས་ཚུལ་འཆོས་པ་མི་བྱེད་དོ།། ངག་གི་ཚུལ་ཆོས་པར་མི་བྱེ་།། ཇི་ལྟར་ན། ངག་གི་ཚུལ་འཆོས་པར་མི་བྱེད་ཅེ་ན། བྱང་ཆུབ ་སེམས་དཔའ་ནི་རྙེད་པའི་ཕྱིར་གཅོམ་བསྐྱུངས་ཤིང་སྨྲ་བ་མ་ཡིན་འཇམ་པོར་སྨྲ་བ་མ་ཡིན་དགའ་བར་སྨྲ་བ་མ་ཡིན་རྗེས་སུ་འབྲང་བའི་ཚིག་བརྗོད་པ་མ་ཡིན་ཏེ། དེ་ལྟར་ན་ངག་གི་ཚུལ་འཆོས་པ་མི་བྱེད་དོ།། ཇི། ་ལྟར་ན་སེམས་ཀྱིས་ཚུལ་འཆོས་པར་མི་བྱེད་ཅེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པ་འམ་སྦྱིན་པའི་བདག་པོས་རྙེད་པ་བསྟབས། ཚིག་གིས་འདོད་པ་ཆུང་བར་སྟོན་ཅིང་སེམས་ཀྱིས་འདོད་པ་བསྐྱེད་པ་ཡིན ་ནོ།། རིགས་ཀྱི་བུ་འདི་ལྟ་སྟེ། ཚིག་གི་འདོད་པ་འདི་ནང་གི་གདུང་བ་ཡིན་ཏེ། དེ་ལྟར་ན་སེམས་ཀྱིས་ཚུལ་འཆོས་པར་མི་བྱེད་དོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་འཆོས་པ་དང་ཁ ་གསག་གི་རྙེད་པ་དང་བྲལ་བ་ཡིན་ནོ།། ཇི་ལྟར་ན་བྱང་ཆུབ་སེམས་དེ་གཞོགས་སློང་གི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པྱོད་པ་ལ་སྦྱིན་བདག་མཐོང་ན་བདག་གོས་ཀྱིས་ཕོངས་སོ་བདག་ལྷུང ་བཟེད་ཉྩི་ལངས་སོ།། བདག་ན་བའི་གསོས་སྨན་གྱིས་ཕོངས་སོ་ཞེས་གཞོག་སློང་མི་བྱེད་ཅིང་། སྦྱིན་པ་བྱེད་པ་འམ་སྦྱིན་པའི་བདག་པོ་ལ་མི་སློང་ཞིང་ཚག་ཏུ་མི་བརྗོད།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་གཞོ་གས ་སློངས་ཀྱི་རྙེད་པ་དང་བྲལ་པ་ཡིན་ནོ།། ཛི་ན་འཐོབ་ཀྱིས་འཇལ་བའི་རྙེད་པ་དང་བྲལ་བའི་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྦྱིན་པ་བྱེད་པ་དང་སྦྱིན་བདག་མཐོང་ན་བདག་ལ་སྦྱིན་པའི་བདག་པོ་ཆེ་གེ་མོ་ཞིག་གི ་དངོས་པོ་ཆེ་གེ་མོ་བྱིན་ཏེ། དེ་ལ་བདག་གིས་ཀྱང་ཕན་པ་ཆེ་གེ་མོ་ཞིག་བྱས་སོ།། དེས་ཀྱང་བདག་ལ་ནི་ཚུལ་ཁྲིམས་དང་ལྡན་པར་རིག་སྟེ་མང་དུ་ཐོས་པ་འདོད་པ་ཆུང་བའོ་ཞེས་འདི་དང་འདི་བྱིན་ནོ།། བདག་གིས ་ཀྱང་དེ་ལ་སྙིངའི་སེམས་ཉེ་བར་བཞག་སྟེ་བླངས་སོ་ཞེས་དེ་སྐད་ཀྱི་ཚིག་མི་བརྗོད་དོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཐོབ་ཀྱིས་འཇལ་བའི་རྙེད་པ་དང་བྲལ་བ་ཡིན་ནོ།། ཇི་ལྟ་བྱང་ཆུབ་སེམས་དཔའ ་མཱ་རིགས་པར་བཙལ་བའི་རྙེད་པ་དང་བྲལ་བའི་ཡིན་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་ལུས་ལ་རྨ་བྱུང་བ་དང་སེམས་ལ་རྨ་བྱུང་བར་རྙེད་པ་ཚོལ་བ་མ་ཡིན་ནོ།། དེ་ལྟ་ལུས་ཀྱི་རྨ་ནི་འདི་ལྟ་སྟེ། རྙེད་པའི་རྒྱུ་རྙེད་པ ་ཕྱིར་བརྒྱུགས་པ་དང་ཀུན་ཏུ་བརྒྱུག་པ་དང་ཚུལ་ཁྲིམས་འཆལ་པ་ལ་སྤྱོད་པའོ།། སེམས་ཀྱི་རྨ་ནི་འདི་ལྟ་སྟེ། རྙེད་པ་ལ་སྨོན་པ་དང་ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱི་རྙེད་པ་དག་ལ་གནོད་སེམས་མང་བ་སྟེ། དེ་ལྟར ་ན་བྱང་ཆུབ་སེམས་དཔའ་མི་རིགས་པར་བཙལ་བའི་རྙེད་པ་དང་བྲལ་བ་ཡིན་ནོ།། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། རིགས་ཀྱི་བུ་འདི་བྱང་ཆུབ་སེམས་དཔའ་སྲང་ལ་རྒྱུ་མེད ་བ་དང་བཅས་པ་ལ་སྒྱུ་མེད་པ་དང་ཡིད་བརྟན་པ་ལ་གནོད་པར་བྱེད་པ་མེད་པ་དང་གཡོས་རྙེད་པ་མི་སྒྲུབ་པ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་མ་ཡིན་པའི་རྙེད་པ་དང་བྲལ་བ་ཡིན་ནོ།། ཇི་ལྟར་ན་བྱང་ཆུབ་སེམས ་དཔའ་ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་གང་མཆོད་རྟེན་གྱི་དང་འདྲེས་པ་འམ་ཆོས་ཀྱི་དང་འདྲེས་པ་འམ། དགེ་འདུན་གྱི་དང་འདྲེས་པ་འམ་མ་བྱིན་པ་མ་གནང ་བ་དེ་དག་མི་ལེན་ཅིང་བདག་གིར་མི་བྱེད། ཆགས་པའི་སེམས་མི་སྐྱེད་དེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་དག་པའི་རྙེད་པ་དང་བྲལ་བ་ཡིན་ནོ།། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྙེད་པ་ལ་ཞེན་པ ་མེད་པ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་རྙེད་པ་རྙེད་ཀྱང་བདག་གིར་མི་བྱེད། ནོར་བུ་མི་རྩི། ཚོགས་སུ་མི་བྱེད་ཅིང་།། དུས་དུས་སུ་དགེ་སྦྱོང་དང་བྲམ་ཟེ་དང་ཕ་མ་དང་མཛའ། ་བོ་དང་བློན་པོ་དང་གཉེན་པཤེས་དང་སྣག་གི་གཉེན་མཚམས་དག་ལ་གཏོང་ཞིང་དུས་དུས་སུ་བདག་ཀྱང་ཡོངས་སུ་སྤྱོད་ལ། ཡོངསུ་སྤྱོད་པའི་ཚེ་ཆགས་པ་མེད་པ་དང་ཞེན་པ་མེད་པར་ཡོངས་སུ་སྤྱོད་དོ།། རྙེང ་པ་མ་རྙེད་ན་ཡང་སྐྱོ་བའི་སེམས་མི་སྐྱིད་ཅིང་ཡོངས་སུ་ཡི་མི་འཆད་དེ། སྦྱིན་པ་བྱེད་པ་དང་སྦྱིན་བདག་རྣམས་ལ་མ་དད་པར་མི་འཛིན་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྟོང་པ་སྙིང་རྗེའི་སྙིང ་སྤྱོད་པས་བསོད་ནམས་དག་པར་འགྱུར།། འཕགས་པ་ན་མཁའ་མཛོད་ཀྱི་མདོ་ལས་གསུངས་པ། འདི་ལྟ་སྟེ། རང་འཛིན་པ་རྣམ་པར་དག་པ་སྦྱིན་པ་དེ་སྦྱིན་ནོ།། ང་ཡིར་འཛིན་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན ་རྒྱུ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། ལྟ་བ་རྣམ་པར་དག་པར་སྦྱིན་པར་དེ་སྦྱིན། མཚན་མ་རྣམ་པར་དག་པར་སྦྱིན། པ་དེ་སྦྱིན། ཐ་དད་པ་རྣམ་པར་དག་པར་སྦྱིན་པ་དེ་སྦྱིན། རྣམ་པར་སྨིན་པ་ལ་མི་རེ་བཱ་རྣམ་པར་ད ་སྦྱིན་པ་དེ་སྦྱིན། ནམཁའ་དང་མཚུངས་པའི་སེམས་རྣམ་པར་དག་པ་སྦྱིན་པ་སྦྱིན་ཏེ། རྣམ་པར་དག་པ་བརྒྱད་པོ་འདི་དག་གི་སྒོ་ནས་སྦྱིན་པ་དེ་སྦྱིན་ནོ།། ཇི་ལྟར་ན་མཁའ་མཐའ་མེད་པ་བཞིན་དུ་སེམས་མཐ ་མེད་པར་བྱ་སྟེ། ཇི་ལྟར་ན་མཁའ་རྒྱ་ཆེ་ཞིང་སྒྲིབ་པ་མེད་པ་བཞིན་དུ་བྱང་ཆུབ་ཏུ་བསྔོས་ཏེ་སྦྱིན་པ་དེ་སྦྱིན། ཇི་ལྟར་ན་མཁའ་ལ་གཟུགས་མེད་པ་བཞིན་ཏུ་གཟུགས་ཐམས་ཅད་ལ་མི་གནས་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ན་མཁའ ་ན་མཁའ་ལ་ཚོར་བ་ཐམས་ཅད་དང་བྲལ་བར་སྦྱིན་པ་དེ་སྦྱིན། ཇི་ལྟར་ན་མཁའ་ལེ་འདུ་ཤེས་མེད་པ་དེ་བཞིན་དུ་འདུ་ཤེས་ཐམས་ཅད་ཀྱི་མདུད་པ་མེད་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ན་མཁའ་འདུས་མ་བྱོས་པ་དེ་བཞིན་དུ ་འདུས་མ་བྱས་ཐམས་ཅད་མེད་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ནམ་མཁའ་མཚན་ཉིད་རྣམ་པར་རིག་པ་མེད་པ་དེ་བཞིན་དུ་རྣམ་པར་ཤེས་པ་ལ་མི་གནས་པར་སྦྱིན་པོ་དེ་སྦྱིན། ཇི་ལྟར་ན་མཁའ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ ་ཁྱབ་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་སྦྱིན་པ་དེ་སྦྱིན། ཇི་ལྟར་ན་མཁའ་སེམས་ཅན་ཐམས་ཅད་ཀྱི་གོ་སྐབས་འབྱེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཉེ་བར་འཚེ་བར་སྦྱིན་པ་དེ་སྦྱིན ་ཇི་ལྟར་ན་མཁའ་ལ་ངའི་བ་མེད་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཡིད་ལ་བྱེད་པ་ཐམས་ཅད་དང་བྲལ་བར་སྦྱིན་པ་དེ་སྦྱིན། ཇི་ལྟར་སྤྲུལ་པས་སྤྲུལ་པ་ལ་སྦྱིན་པ་ལྟ་བུར་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་སྟེ་སེམས ་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་ཞིང་ཆོས་ཐམས་ཅད་ལ་རེ་བ་མེད་པ་དེ་ལྟར་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་སྒྱུ་མའི་མཚན་ཉིད་ཀྱི་ངོ་བོ་ཉིད་རྣམ་པར་དག་པར་བྱང་ཆུབ་སེམས་དཔའ་སྦྱིན་པ་དེ་སྦྱིན་ཏེ། ་རིགས་ཀྱི་བུ་གང་དེ་ལྟ་བུར་སྦྱིན་པ་ཡོངས་སུ་གཏོང་བ་དེ་ནི། ཤེས་རབ་ཀྱི་ཡེ་ཤེས་ཀྱིས་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཡོངས་སུ་འདོར་ཞིང་ཐབས་ཀྱི་ཡེ་ཤེས་ཀྱིས་ནི་སེམས ་ཅན་ཐམས་ཅད་མི་གཏོང་པ་སྟེ། རིགས་ཀྱི་བུ་དེ་ལྟ་བུར་གཏོང་བའི་སེམས་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་ན་མཁའ་དང་མཚུངས་པ་ཡིན་ནོ་ཞེས་གསུངས་སོ།། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། སེམས ་ཙན་ཐམས་ཅད་ཀྱི་ཉན་མོངས་པ་ཡངས་སུ་འདར་ཞར་ཐབས་ཀྱི་ཡ་ཤས་ཀྱིས་ན་སེམས་ཅན་ཐམས་ཙང་མ་གཏང་བ་སྟེ། རགས་ཀྱི་བུ་ད་ལྟ་བུར་གཏང་བའ་ལ་གནོད་པའི་སྦྱིན་པ་མེད་པ་ནས། ཇི་སྐད་སྨོས་པ་ལསྟྲ་བྲི་བའི་སྦྱིན ་བ་མེད་པའི་བརླ་དང་། སེམས་ཅན་ཐམས་ཅད་ལ་སྦྱིན་གནས་མཱ་ཡིན་ནོ་ཞེས་བརྙས་པའི་སྦྱིན་པ་མེད་པའི་བར་དང་། དེ་བཞིན་དུ་སྦྱར་ཏེ། སྐྱེ་བའི་སྦྱིན་པ་མེད་དོ།། སློང་བ་རྣམས་ལ་གནོད་པའི་བར་གྷི་སྦྱིན་པ་མེད་དོ།། ་བསྟིང་བ་དང་བྲིད་པའི་སྦྱིན་པ་མེད་དོ།། རྒྱབ་ཀྱིས་ཕྱོགས་པའི་སྦྱིན་པ་མེད་དོ།། བོར་བའི་སྦྱིན་པ་མེད་དོ།། བརྙས་པའི་སྦྱིན་པ་མེད་དོ།། རིང་གི་ལག་མ་དར་བའི་སྦྱིན་པ་མདོ།། དེ་བཞིན་དུ་སྦྱར་ཏེ། མི་རུང་བ་སྦྱིན་པ ་མེད་དེ། དུས་མ་ཡིན་པའི་སྨིན་པ་མེད་དོ།། དུག་དང་མཚོན་ཆ་སྦྱིན་པ་མེད་དོ།། སེམས་ཅན་རྣམས་ལ་རྣམ་པར་འཆི་བའི་སྦྱིན་པ་མེད་དོ།། ཞེས་གསུངས་སོ།། དྲེག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ངེས་གཞན་དག ་ལ་ཆང་ཡང་སྦྱིན་ཏེ། དེས་འདི་སྙམ་དུ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དུས་ཡིན་ཏེ། གང་ཅི་འདོད་པ་དེ་ལ་དེ་སྦྱིན་པའི་དུས་ལྟ་བབ་ཀྱི་བདག་གིས་འདི་ལྟར་བྱ་སྟེ། གང་དང་གང་ལ་འདི་ལྟར་ཆང་ཡང་བྱིན་ནས་གང་འདི ་འཁྲུལ་པ་མེད་པའི་སྤྱོད་པ་ལ་དེ་དང་དེ་ག་དྲན་པ་དང་ཤེས་བཞིན་ཡང་དགེ་པར་འཛིན་དུ་གཞུག་གོ་སྙམ་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་གསུངས་པ་ནི། ཚིང་གི་སྒོ་ནས་ཀྱང་བྱང་ཆུབ་སེམས་དཔའ་ལ་རེ་ཐག་ཆད ་དེ་ཁོང་ཁྲོ་བ་ལྕི་བར་འགྱུར་བས། འདིས་སེམས་ཅན་སྡུ་པ་ཉམས་པར་འགྱུར་ཏེ། གཞན་དད་པར་བྱེད་པའི་ཐབས་སུ་འགར་བས་ཆང་སྦྱིན་ནོ་ཞེས་བྱ་བར་དགོངས་པོ།། མཚོན་ཆ་ལ་སོགས་པ་ཡང་གལ་ཏེ་གནོད་པར་མི ་འགྱུར་བ་ལྟ་ནི་ལྕི་ཡང་བརྟགས་ཏེ་བྱིན་ནུ་ལྟུང་བ་མེད་པར་འདི་ཉི་དྲི་མངོན་ནོ།། མདོ་སྡེ་ལས་ནི་སྦྱོར་བཀག་བཱ་གསུངས་སོ།། སྦྱིན་པ་རྣམ་པར་དག་པའི་ཕྱོགས་ཙམ་ཞིག་བཤུད་ཟིན་ཏོ།། ཚུལ་ཁྲིམས་རྣམ་པར་དག ་པ་ནི། འཕགས་པ་ན་མཁའ་མཛོད་ཀྱི་མདོ་ལས་གསུངས་ཏེ། སེམས་ཅན་རྣམ་པར་དགེ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་དང་མི་འབྲེལ་དང་། ཚད་མར་གྱུར་པ་རྣམ་པར་དགུ་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས ་མེད་པ་ཞེས་བྱ་བ་ལ་སོགས་པའོ།། གཞན་ཡང་ཚུལ་ཁྲིམས་རྣམ་པར་དགེ་བ་ནི་ནམ་མཁའ་དག་པ་སྟེ་ཚུལ་ཁྲིམས་དེ་ཡང་དག་པའོ།། ནམ་མཁའ་དྲི་མ་མེད་སྟེ་ཚུལ་ཁྲིམས་དེ་ཡང་དྲི་མ་མེད་པའོ།། ནམ་མཁའ་ཞི་བ་སྟེ། ་ཚུལ་ཁྲིམས་ཡང་ཞི་བའོ།། ནམ་མཁའ་མི་མཐོ་བ་སྟེ་ཚུལ་ཁྲིམས་དེ་ཡང་མི་མཐོ་བའོ།། ནམ་ཁཱ་མི་དམའ་བ་སྟེ་ཚུལ་ཁྲིམས་དེ་ཡང་མི་དམའ་བ་ནས། ན་མཁའ་མི་ཆོད་མི་ཕྱེད་པ་སྟེ་ཚུལ་ཁྲིམས། ་དེ་ཡང་མི་ཆོད་མི་ཕྱེད་པ་ལ་སོགས་པའི་བར་དུའོ།། ནམ་མཁའ་ཞེ་འགྲས་པ་མེད་དེ་སེམས་ཅན་ཐམས་ཅད་ལ་ཞེ་གྲགས་པ་མེད་པའི་བཟོད་པ་ཡོངས་སུ་དག་པ་དང་། ནམ་མཁའ་མཉམ་པར་སྦྱར་པོ་སྟེ་སེམས་ཅན་ཐམས ་ཅད་ལ་སེམས་མཉམ་པའི་བཟོད་པ་ཡོངསུ་དག་པ་ཞེས་བྱ་བ་ལ་སོགས་པའོ།། འདི་ལྟ་སྟེ་དཔེར་ན་ཤིང་ས་ལ་ཆེན་པོའི་ཚུལ་ཡོད་པར་ལ་ལ་ཞིག་འོངས་ཏེ་ཤིང་ས་ལ་བཅད་ན། དེ་ལ་ཤིང་སོ་ལ་བཅད་པའི་ལྷག་མ ་རྣམས་འདི་སྙམ་དུ་འདི་དག་ནི་བཅད་དོ།། བདག་གིས་བཅད་དོ་སྙམ་དུ་མི་སེམས་ཏེ། དེ་དག་ལ་རྗེས་སུ་ཆགས་པ་པ་ཡང་མེད་ཁོང་ཁྲོ་བ་ཡང་མེད་དེ་མི་རྟོག་རྣམ་པར་མི་རྟོག་ཡོངས་སུ་མི་རྟོག། དེ་བཞིན་དུ་གང་བཟོད ་པ་ནི་བྱང་ཆུབ་སེམས་དཔའ་བཟོད་པ་ན་མཁའ་དང་མཚུངས་པ་ཡོངས་སུ་དག་པའི་མཆོག་གོ་ཞེས་གསུངས་སོ།། འཕགས་པ་གཙུག་ན་རིན་ཆེའི་མདོ་ལས། རྒྱ་ཆེར་སྨོས་ཏེ་གསུངས་པ་འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ ་ཏུ་ཕྱིན་པ་ཞེས་བྱའོ།། དེའི་ཡོངས་སུ་དག་པ་གང་ཞེ་ན། གང་ལུས་ལ་མིག་ཡོར་དང་གཟུགས་སྙན་དུ་འདུ་ཤེས་པ། ཚིག་ལ་བརྗོད་དུ་མེད་པར་ཤེས་པ། སེམས་ལ་ཤིན་ཏུ་ཉེ་བར་ཞི་བར་ཤེས་པའོ།། དེ་བཞིན་དུ་བྱམས ་པ་ཆེན་པོའི་གོ་བགོས་སྙིང་རྗེ་ཆེན་པོའི་གནས་ལ་གནས་ཏེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱིས་རྣམ་པས་མངོན་པར་བསྒྲུབས་པ་བསམ་གཏན་ཏུ་བྱེད་དོ།། དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག ་དང་ལྡན་པའི་སྟོང་པ་ཉིད་དང་གང་ཞེ་ན། སྦྱིན་པ་མ་ཚང་བ་མེད་པ་ནས་ཐབས་མ་ཚང་བ་མེད་པའི་བར་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་མཚང་བ་མེད་པ་དང་། བདེན་པ་ཤེས་པ ་ལ་འཇུག་པ་མ་ཚང་བ་མེད་པ་དང་། བྱང་ཆུབ་ཀྱིས་སེམས་སེམས་ཅན་ལ་ལྟ་བ་མ་ཚང་བ་མེད་པ་དང་། བསམ་པ་དང་ལྷག་པའི་བསམ་པའི་སྦྱོར་བ་མ་ཚང་བ་མེད་པ་དང་། སྦྱིན་པ་དང་སྙན་པར་སྨྲ་བ་དང་དོན་དཔྱོད ་པ་དང་དོན་མཐུན་པ་མ་ཚང་བ་མེད་པ་དང་། དྲན་པ་དང་ཤེས་བཞིན་མ་ཚང་བ་མེད་པ་དང་། དྲན་པ་ཉེ་བར་བཞག་པ་དང་ཉེ་བར་ཡང་དག་པར་སྤོང་བ་དང་རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི ་ཡན་ལག་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཚང་བ་མེད་དང་། ཞི་གནས་དང་ལྷག་མཐོང་མ་ཚང་བ་མེད་པ་དང་། དེ་བཞིན་དུ་སྦྱར་ཏེ། རང་བཞིན་གྱི་ཉེ་བར་ཞི་བ་ལ་ལས་དང་ཉོན་མོངས་པ་རྣམས ་ཀྱིས་ཉེ་བར་ཞི་བ་དང་། ཆོས་ཉིད་ཀྱི་བཏང་སྙོམས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ལྟ་བ། རང་གི་མཚན་ཉིད་ཀྱིས་བམ་པོ་དང་། བྱིན་གྱི་བརླབས་བྱ་བའི་ཕྱིར་རྣམ་པར་གྲོལ་བ་མེད་པ་དང་། རང་གི་ངང་གིས ་མི་ལྡོག་པ་དང་། སངས་རྒྱས་ཀྱི་བྱ་བ་ལ་ཎྜ་པ་རྣམ་སོལ་བར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་རྟག་ཏུ་འབར་བྱ་སྟེ། འདི་ན་རྣམ་པ་ཐམས ་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཅེས་བྱ་བ་ནས། རིགས་ཀྱི་དུ་སེམས། བསམན་པའི་སྤྱོད་པ་ཡོངས་སུ་དག་པའོ་ཞེས་བྱ་བའི་བ་དུའོ།། འདིས་ནི་ཤེས་ར ་དག་པར་ཡང་རིག་པར་བྱ། བསོད་ནམས་ཐམས་ཅད་ལ་ཡང་དེ་བཞིན་ནོ།། སྒྲིམ་རྣམ་པ་ལས་སོང་ནམས་དགེ་བའི་ལེཙཱ་སྟེ། བཟོ་པའོ།། ་ནི་གསུམ་ནས་ཕྱི་པ་ཡང་བརྗོད་པར་བྱ་སྟེ། ཅིའི་དོན་དུ་ཞེ་ན། གཟུང་བ་བྱད་ལ། ནི་ཉུ་ཤིན་ཏུ་ངོམས་པ་བསྐྱེད་མ་ཡིན།། དེ་ཕྱིར་འདི་ནི་ཆེས་པན་ཏུ་ངོམས ་པའི་སངས་རྒྱས་ཉིད་དེ། ནི་ཉན་ཐོས་དང་ཐུན་མེད་པའི་དགེ་པོ་ཙམ་གྱི་སེམས་ཅནམས་ལྔ་མི་སྤྱོད་དོ་ཞེས་བྱ་ཆོག་གོ། ལུས་འཕེལ་བྱ་བ་གང་ཞེན། 9་མཽ་དང་སྟེ། སྲེད་ཡི། ལྔ་འཕགས ་པ་དཀོན་མཆོགན་ལས་སྤོབས་གསུངས་ཏེ། བྱང་ཆུབ་སེམས་དཔའི་སྟོབས་ལ་ཕྱོགས་ཀྱིས་རྫོ་བའི་སེམས་ན་དེ་ནི་སེམས་ཅན་གྱིས་རིས་ནི་མེད་དོ་ཞེས་བྱ་བ་ལ་སོགས་དི་ལྟ་བ་ཞིམ ་གང་འཕགས་པ་དེ་བཞིན་གཤེགས་པ་གསང་བའི་མདོ་ལས་ཀྱང་མ་སྐྱེས་དགྲས། འཕགས་པ་ལག་ན་རྡོ་རྗེའི་སྟོབས་མཐོང་ནས་ངོ་མཚར་དུ་གྱུར་ཅེས་ཞུས་ནས། བཅོམ་ལྡན་འདས་ཀྱི་གསུངས་པ། རྒྱལ་པོ་ཆེན ་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་སྟོབས་འདི་ལྟ་བུ་ཐོབ་སྟེ། བཅུ་གང་ཞེ་ན། རྒྱལ་པོ་ཆེན་པ་འདི་ལ་བྱང་ཆུབ་སེམས་དཔའ་ལུས་དང་སྲོག་ནི་ཡོངས་སུ་སྟོང་གི་དམ་པའི་ཆོས་ནི་ཡོངས་སུ་མི་གཏོང་བ་དང་སེམས ་ཅན་ཐམས་ཅད་ལ་འདུད་ཅིང་ང་རྒྱལ་འཕེལ་པར་མི་བྱེད་པ་དང་། སེམས་ཅན་མཐུ་ཆུང་བ་རྣམས་ལ་བཟོད་ཅིང་ཁྲོ་བར་མི་བྱེད་པ་དང་། སེམས་ཅན་བཀྲེས་པ་རྣམས་ལ་ཁ་ཟས་བཟང་བློ་མཆོག་སྦྱིན་པ་དང་། སེམས་ཅན། ་འཇིགས་པ་རྣམས་ལ་མི་འཇིགས་པ་སྦྱིན་པ་དང་། སེམས་ཅན་ནད་པ་རྣམས་ལ་ཡང་དག་པའི་གསོ་བ་བྱ་བར་སྤྲོ་པ་དང་། སེམས་ཅན་དབུལ་པོ་རྣམས་ལ་ལོངས་སྤྱོད་དག་གིས་ཚིམ་པར་བྱེད་པ་དང་། དེ་བཞིན ་གཤེགས་པའི་མཆོད་རྟེན་ལ་རྡོ་ཐལ་གྱིས་སྐུད་དང་། སེམས་ཅན་རྣམས་ལ་ཀུན་དགའ་བར་འགྱུར་བའི་ཚིག་སྒྲོགས་པ་དང་། སེམས་ཅན་དབུལ་པོ་སྡུག་བསྔལ་བ་ཆད་པ་རྣམས་ཀྱི་ཁུར་ཁྱེར་བ་སྤྲོ་བ་སྟེ། ་རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་ཆོས་བཅུ་པོ་དེ་དག་དང་ལྡན་ན་སྟོབས་འདི་ལྟ་བུ་འཐོབ་པ་ཞེས་བྱ་བའོ།། ལེ་ལོ་མེད་པ་བསྐྱེད་པ་གང་ཞེ་ན། གང་བརྩོན་འགྲུས་བསྐྱེད་པ་སྐྱེ། འཕགས་པ་བློ་གྲོས་རྒྱ་མཚོས ་ཞུས་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་རྟག་ཏུ་བརྟུལ་བཱ་བརྟན་པར་བརྩོན་འགྲུས་རྩོམ་པར་བྱརོ་བྱང་ཆུབ་སེམས་དཔས་བརྩོན་པ་མི་འདོར་བར་མོས་པ་དྲག་ངོ་རྒྱན ་བློ་གྲོས་རྒྱ་མཚོ་བརྩོན་འགྲུས་བརྩམས་པ་རྣམས་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དགའ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་གང་ནི་བརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད་དོ།། ལེ་ལོ་ཅན་ལྔ་ནི་བྱ ་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་།། ཡེ་ལོ་རྣམས་ལ་ནི་སྦྱིན་པ་མེད་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ།། ལེ་ལོ་ཅན་རྣམས་ལ་ནི་གཞན་གྱི་དོན་མེད་དོ་ཞེས་བྱ་བའོ།། ཟླ་བ་སྒྲོན་མའི་མདོ་ལས་ཀྱང་། ཨུཏྤལ་ཆུ་ནང་ཇི་བཞིན ་དུ།། དེ་ནི་མཐར་གྱིས་རྣམ་པར་འཕེལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདི་ནི་ལུས་འཕེལ་བ་མདོར་བསྡུས་པའོ།། སྟོང་དང་སྙིང་རྗེའི་སྙིང་པོ་ཅན།། སྦྱིན་པས་ལོངས་སྤྱོད་འཕེལ་བྱར་འགྱུར།། རྡོ་རྗེ་གཅད་པ་ལས་ཀྱང་། ་བྱང་ཆུབ་སེམས་གང་མི་གནས་པར་སྦྱིན་པ་སྦྱིན་པ་དེའི་བསོད་ནམས་ཕུང་པོ་ཚད་གཟུང་བར་སླ་བ་མ་ཡིན་ནོ་ཞེས་ཇི་སྐད་དུ་གསུངས་པ་བཞིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་ལས་ཀྱང་། ཤ་རིའི་བུ་གཞན་ཡང་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། སེམས་ཅན་ཐམས་ཅད་ལ་སྦྱིན་པ་ཆུང་ངུ་ཞིག་བྱིན་ལ། ཐབས་མཁས་པས་རྣམ་པ་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པས་གྲངས་མེད་དཔག་ཏུ་མེད་པར་བྱ་བར་འདོད་པས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒྲུབ་པར་བྱའོ།། གསེར་དང་དངུལ་དང་སྐྱེད་མོས་ཚལ་དང་རྒྱལ་སྲིད་ལ་སོགས་པའི་ཡོ་བྱད་ཀྱི་བར་གྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡིད་བཞིན་དུ་ཡོངས་སུ་བསྔོས་པས་རྫོགས་པར ་བྱེད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའ་རྣམས་ནི་སྙིང་རྗེ་མེད་པར་ཅི་ཡང་མི་སྤྱོད་དོ་ཞེས་བརྗོད་པར་བྱའོ།། འདི་ནི་ལོངས་སྤྱོད་འཕེལ་བ་མདོར་སྡུས་པའོ།། ། ་བསླབ་པ་ཀུན་ལས་བཏུས་པ།། ། བམ་པོ་བཅུ་གཉིས་པའོ།། བསོད་ནམས་འཕེལ་བ་ནི་འཕེལ་བ་རྣམས་ཀྱིས་རྩུབ་ཡིན་པ་དེའི་དོན་དུ་གྲགས་པ་ཤམ་པོ་བརྗོད་པར་བྱའོ།། བརྩོན་དང་། ་བརྩོན་དང་བསམ་པ་བརྟན་པ་ཡང་། དང་པོར་ནན་ཏན་བྱས་ནས་ནི། སྙིང་རྗེ་མདུན་དུ་བཞགས་ནས་སུ། དགེ་བ་སྤེལ་ལ་ནན་ཏན་བྱ། སེམས་སྦྱང་བའི་ཕྱིར་བརྩོན་འགྲུས་དང་པོར་དུས་སུ་བསྒོམ་པ་སྦྱར་བ་རྩོམ་པའི་ཚེ་ཡང ་སྔོན་དུ་བྱེད་པས་བརྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པའོ།། འཐབ་པའི་དུས་ཉེ་བར་གྱུར་པའི་ཚེ་མཚོན་ཆ་ལ་མཁས་པ་ལ་གུས་པ་བཞིན་དུ་སྦྱར་བ་དང་དུས་མཉམ་དུ་བརྟན་པར་བྱའོ་ཞེས་ལྷོང་པར་བཟློག་པའི་ཕྱི ་དང་པོ་ཞེས་བྱ་བ་སྨོས་སོ།། དེ་ལ་བརྩོན་པ་རྟན་པར་བྱེད་པ་ཇི་ལྟ་བུ་ཞེ་ན། ཇི་ལྟར་འཕགས་པ་ནོར་བཟང་བྱང་ཆུབ་སེམས་དཔའི་སྤྱོད་པ་རྗེས་སུ་བསྟན་པ་དེ་ནི་རྗེས་སུ་རྣམ་པར་སེམས། སྔོན་གྱི་མཐའི་མུར་ཐུག ་པའི་ལུས་མང་པོ་ཡང་དག་པའི་སྤྱོད་པའི་ཉམས་སུ་མ་བླངས་པར་ཆུད་ཐོས་པ་ལ་བསམ་པས་ནི་ལུས་ཀྱི་སྟོབས། རབ་ཏུ་རྟེན་པར་བྱེད། སྔོན་གྱི་མཐའི་མུར་ཐུག་པའི་ལུས་དང་སེམས་ཡོངས་སུ་དག ་ཀྱང་དོན་མེད་པར་འཁོར་བའི་སེམས་ཀྱི་རྒྱུད་དུ་གྱུར་པ་ལ་བསམ་པས་ནི་སེམས་དང་ཡིད་ལ་བྱ་བ་ཚར་གཅད། སྔོན་གྱི་མཐའི་མུར་ཐུག་པའི་ལས་ཡང་དག་པ་མ་ཡིན་པས་འཇིག་རྟེན་གྱི་དོན་དུ་གཡེན་སྐྱོ་སྟེ་དོན་མེད་པར་ཤ ་ཐང་བ་ལ་བསམ་པས་ནི་ད་ལྟར་བྱུང་བའི་དོན་ཤིན་དུ་གཅེས་པ་ལེགས་པར་བསྒྲུབ་པ་རྣམ་པར་སེམས། སྔོན་གྱི་མཐའི་མུར་ཐུག་པའི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་ཀུན་ནས་བསླང་བའི་ཕྱི་ན་ཅི་ལོག་གི་ཀུན་ཏུ ་རྟོག་པས་ཡང་དག་པར་བརྟན་པའི་ཡིད་ལ་བྱེད་པའི་བསམ་པས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡང་དག་པའི་རྟོག་པས་མངོན་པར་འདུས་བྱས་པའི་སྟོབས་ཡང་དག་པར་བསྐྱེད། འདས་པའི་ལུས་ཀྱི་བདག་གི། ་དོན་གྱི་སྦྱོར་བ་ལ་རྩོམ་པའི་ཡུལ་ལ་ཡོངས་སུ་བསམ་པས་ནི་སེམས་ཅན་ཐམས་ཅད་ཀྱི་སྦྱོར་བ་ལས་ཁྱད་དུ་འཕགས་པར་ལྷག་པའི་སྟོབས་རབ་ཏུ་རྟེན་པར་བྱེད། འདས་པའི་འདོད་པ་ཡོངས་སུ་ཚོལ་བའི་སྤྱོད་པ་རོ་མེད་པ་ལ ་ཡོངས་སུ་བསམ་པས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པའི་དབང་པོའི་ཤུགས་དྲག་པོ་རྣམ་པར་འཕེལ་བར་བྱེད། འདས་པའི་དུས་ཀྱི་བསམ་པ་ཕྱིན་ཅི་ལོག་དང་ལྡན་པའི་སྦྱོར་བ་ལ་ཡོངས་སུ་བསཾ་པོས་ནི་ད་ལྟར་བྱུང ་བའི་དུས་སུ་ཕྱིན་ཅི་ལོག་མེད་པ་དང་ལྡན་པའི་ཡང་དག་པའི་ཡང་དེ་ལྟ་བ་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་ལ་ཡི་དམ་བཅའ་བས་སེམས་ཀྱིས་རྒྱུད་ཡོངས་སུ་རྒྱས་པར་བྱེད། སྔོན་གྱི་མཐའི་བརྩོན་འགྲུས་བརྩམས་པ ་པ་མི་ཆ་ལ་དོན་མ་ཡིན་པ་དང་ཡོངས་སུ་མ་གྲུབ་པའི་བརྩོན་འགྲུས་ཉམས་སུ་བླངས་པ་ལ་ཡོངས་སུ་བསམ་པས་ནི་ད་ལྟར་བྱུང་བའི་དུས་སུ་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྡུ་བ་ལ་སྟ་གོན་དུ་གནས་པོའི་བརྩོན་འགྲུས ་ཆེན་པོ་བརྩོམ་པའི་རྣམ་པར་གནོན་པས་ལུས་དང་སེམས་ཀྱི་གཟེངས་མཐོ་བ་ཡང་དག་པར་བསྐྱེད། སྔོན་གྱི་མཐའི་མུར་ཐུག་པའི་འགྲོ་བ་ལྔའི་རྒྱུད་ཀྱི་ངན་སོང་དུ་བདག་དང་གཞན་བོར་བ་བརྟགས་པས་ལུས་འཚེ་བ་མེད་པ་ཡོངས ་སུ་བཟུང་བ་ལ་ཡང་དག་པར་བསམ་པས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་བསྒྲུབ་པ་དང་འགྲོ་བ་ཐམས་ཅད་ཉེ་བར་འཚོ་བཱི་དང་དགེ་བའི་བཤེས་གཉེན་ཐམས་ཅད་བསྙེན་པར་ནུས་པའི་ལུས་ཡོངས་སུ་བཟུང ་བསྡུ་དགྲའ་བ་དང་མཆོག་ཏུ་དགའ་བའི་ཤུགས་དྲགས་པོ་རྒྱ་ཆེན་པོ་རྣམ་པར་འཕེལ་བར་བྱེད། ད་ལྟར་བྱུང་བའི་སྐྱེ་བ་མངོན་པར་གྲུབ་པའི་རྒ་བ་དང་ན་བྱ་དང་འཆི་བ་དང་མྱ་ངན་གྱི་འབྱུང་གནས་སུ་འགྱུར་ཏེ་འདུ་བ་དང་བྲལ ་བའི་གཏེར་དུ་གྱུར་པའི་ལུས་ཀྱང་། ཕྱི་མའི་མཐའི་བསྐལ་པའི་མུར་ཐུག་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱོད་པ་ལ་བརྩོན་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྡུ་བ ་ལ་བརྩོན་པ་དང་དེ་བཞིན་གཤེགས་པའི་ཞལ་བལྟ་ཞིང་ཞིང་ཐམས་ཅད་དུ་རྒྱུ་བ་དང་ཆོས་སྨྲ་བ་ཐམས་ཅད་ལ་རིམ་གྲོ་བྱ་བ་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བཟུང་བ ་ལ་བརྩོན་པ་དང་ཆོས་ཡོངས་སུ་བཅིལ་བའི་གྲོགས་སུ་གྱུར་པ་དང་དགེ་བའི་བཤེས་གཉེན་ཐམས་ཅད་མཐོང་བར་བྱ་བ་དྲང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་བསྡུ་བ་ལ་བརྩོན་པའི་བྱང་ཆུབ་སེམས་དཔའི་སྨོན ་ལམ་དང་ཡེ་ཤེས་ཀྱི་ལུས་ཀྱི་རྒྱུ་དང་རྐྱེན་དུ་གྱུར་པ་ལ་བལྟས་ཤིང་དགེ་བའི་རྩ་བའི་དབང་པོ་དང་ཤུགས་བསམ་གྱིས་མི་ཁྱབ་པ་རྣམ་པར་འཕེལ་བར་བྱེད་ཅིང་འཕགས་པོ་བྱམས་པའི་དྲུང་དུ་སོང་བ་བཞིན་ནོ།། འཕགས ་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། བྱང་ཆུབ་སེམས་དཔའ་ནི་གཅིག་པུ་གཉིས་སུ་མེད་པ་བླ་ན་མེད་ཅིང་གྲོགས་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་གོ་ཆ་གྱོན་ཏེ། དེ་བརྩོན་འགྲུས་ཀྱི་སྟོབས ་ཀྱིས་ཡོངས་སུ་ཟིན་པའི་ལྷག་པའི་བསམ་པས། ཕ་རོལ་གྱིས་སྐབས་མི་འབྱེད་པར་བདག་ཉིད་བྱེད་དོ།། རང་གི་སྟོབས་ཀྱིས་འཕགས་སོ།། དེ་དེ་ལྟར་གོ་ཆ་སྲ་བ་བགོས་པས་སེམས་ཅན་ཐམས་ཅད་ཀྱི་ཡོངས་སུ ་ཐོབ་པར་བྱ་བ་གང་ཅི་ཡིན་པ་དེ་བདག་གིས་ཐོབ་པར་བྱའོ།། གང་འཕགས་པོ་ཐམས་ཅད་དང་ཐོག་པ་ལ་གསར་དུ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོབ་པ་མི་འགྱུར་བ་དེ་དག་གིས ་ཡོངས་སུ་ཐོབ་པར་བྱའོ།། སྦྱིན་པ་ནི་བདག་གི་གྲོགས་མ་ཡིན་བདག་ནི་སྦྱིན་པའི་གྲོགས་སོ།། ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱི་གྲོགས་མ་ཡིན་གྱི། བདག་ནི ་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་རྣམས་དང་ཤེས་རབ་རྣམས་ཀྱི་གྲོགས་ཡིན་ནོ།། ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བདག་ལ་བསྙེན་བཀུར་མི་བྱའི། བདག་གིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ ་བསྙེན་བཀུར་བྱའོ།། དེ་བཞིན་དུ་བསྡུ་བའི་དངོས་པོ་རྣམས་དང་དགེ་བའི་རྩ་བ་ཐམས་ཅད་ལ་ཡང་སྦྱར་རོ།། ཇི་ཙམ་དུ་བདག་གཅིག་པུ་གཉིས་སུ་མེད་ཅིང་གྲོགས་མེད་པར་རྡོ་རྗེའི་རང་བཞིན་གྱི་སའི་དཀྱིལ་འཁོར་ལ ་གནས་ཏེ། བདུད་སྟོབས་དང་བཅས་པ་བཏུལ་ནས་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པདྨ་འཚང་རྒྱ་བར་བྱའོ་ཞེས་གསུངསོ།། ། ་འཕགས་པ་རྡོ་རྗེ་རྒྱལ་མཚནྡ་གྱི་མདོ་ལས་ཀྱང་། འདི་ལྟ་སྟེ། དཔེར་ན་ལྷའི་བུ་ཉི་མ་འིཆུར་བ་ན་དམུས་ལོང་གི་ཉེས་པས་མི་འདུག་གོ།། དྲི་ཟེའི་གྲོང་ཁྱེར་གྱི་ཉེས་པས་མི་འདུག་གོ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས ་ཀྱི་སའི་རྡུལ་གྱི་ཉེས་པས་མི་འདུག་གོ། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱི་ཉེས་པས་མི་འདུག་གོ། ངུ་བའི་དཀྱིལ་འཁོར་གྱི་ཉེས་པས་མི་འདུག་གོ། ཛམྦུའི་གླིང་གི་ཉེ་བའི་ཉོན་མོངས་པའི་ཉེས་པས་མི་འདུག་གོ། གྲིབ ་མུ་ཐ་དད་པའི་ཉེས་པས་མི་འདུག་གྲོ། རི་མི་མཉམ་པའི་ཉེས་པས་མི་འདུག་གོ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲན་པ་དང་ཤེས་བཞིན་ཅན་སེམས་ཟབ་ཅིང་རྒྱ ་ཆེ་བ་རྣམ་པར་མ་ཞུམ་པ་ཡོན་ཏན་གྱི་སྤྱོད་པ་དང་ཡེ་ཤེས་ཀྱི་སྤྱོད་པ་མཐའ་གཏུགས་པ་ནི་སེམས་ཅན་འཁུ་པའི་ངང་ཚུལ་ཅན་གྱི་ཉེས་པས་མི་ལྡོག་གོ། སེམས་ཅན་དམུ་རྒོད་ཀྱི་ཉེས་པས་མི་ལྡོག་གོ། དག ་བའི་རྩ་བའི་ཡོངས་སུ་བསྔོ་བ་མེད་པར་མི་གནས་སོ།། སེམས་ཅན་དང་ལྟ་བའི་སྙིགས་མའི་ཉེས་པས་མི་ལྡོག་གོ།། སེམས་ཅན་སེམས་འཁྲུགས་པ་རྣམས་དང་རིང་བར་མི་འགྱུར་རོ།། སེམས་ཅན་སེམས་མ ་རུངས་པར་གྱུར་པས་བྱང་ཆུབ་ཀྱི་གོ་ཆེ་རྒྱུན་གཅོད་པར་མི་བྱེད་དོ།། སེམས་ཅན་གྱི་འཐབ་པའི་རྙོག་པ་རྣམས་ཀྱིས་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་སྨོན་ལམ་རྒྱུན་གཅོད་པར་མི་བྱེད་དོ།། ཇི་ཙམ་དུ་བྱིས་པའི ་སྐྱེ་བོ་དང་འགྲོགས་པ་དང་སེམས་ཅན་གཞན་གྱི་ཉེས་པ་རྣམས་ཀྱི་སྐྱོ་བར་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ནི་འདི་ལྟ་སྟེ། འགྲོ་བ་ཐམས་ཅད་རྣམ་པར་དག་པར་གདུལ་བའི་ཕྱིར་སྒྲིབ་པ་མེད་པའི་དཀྱིལ་འཁོར་དུ ་འོ་ཆར་རོ།། དེ་བཞིན་དུ་སྦྱར་ཏེ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་ཕུང་པོ་དང་། སྒྲིབ་པ་སྣ་ཚོགས་དང་ལས་ཉེ་བར་གནས་པའི་སྒྲིབ་པ་གང་གིས་དེ་དག་སངས་རྒྱས་མཐོང་བར་མི་འགྱུར་བ་དང་། ཆོས ་ཉན་པར་མི་འགྱུར་བ་དང་དགེ་འདུན་ཤེས་པར་མི་འགྱུར་བ་དེ་བདག་གིས་དེ་དག་གི་སྒྲིབ་པར་འགྱུར་བའི་ལས་རྣམ་པ་གསུམ་བསགས་པའི་སྡུག་བསྔལ་གྱི་ཕུང་པོ་རང་གི་ལུས་འདིས་བླང་བར་བྱའོ།། སེམས་ཅན་དམྱལ་བར ་སྐྱེ་བ་དེ་དག་དང་ངན་སོང་གི་ས་ལ་གནས་ལ་གནས་པའི་སེམས་ཅན་དེ་དག་ཐམས་ཅད་དེ་ནས་ཤི་འཕོས་པར་གྱུར་ཅིང་བདག་གི་སྡུག་བསྣོལ་གྱི་ཕུང་པོ་ཆེན་པོ་བླང་བར་བྱའོ།། བརྩོན་པར་བྱའོ།། སྤྲོ་བར་བྱའོ།། མི་ལྡོག ་པོར་བྱའོ།། མི་འབྲོས་པར་བྱའོ།། མི་སྐྲག་པར་བྱའོ།། མི་འཇིགས་པར་བྱའོ།། ཕྱིར་མི་ལྡོག་པར་བྱའོ།། སྒྱིད་མི་ལུག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བདག་གིས་ནི་སེམས་ཅན་ཐམས་ཅད་ཀྱི་ཁུར་བཀུར་བར་བྱའོ།། ་བདག་ནི་འདོད་དགར་བྱེད་པ་མ་ཡིན་ཏེ། བདག་ནི་སེམས་ཅན་ཐམས་ཅད་བསྒྲལ་བའི་སྨོན་ལམ་ཅན་ཡིན་གྱི་བདག་གི་སེམས་ཅན་ཡོངས་སུ་སྨིན་པར་བྱའོ།། བདག་གིས་འགྲོ་བ་ཐམས་ཅད་བསྒྲལ་བར་བྱས་ཏེ། སྐྱེ ་བའི་དགོན་པ་དང་། རྒ་བའི་དགོན་པ་དང་། ནད་ཀྱི་དགོན་པ་དང་། འཆི་འཕོ་དང་སྐྱེ་བའི་དགོན་པ་དང་། ངན་སོང་ཐམས་ཅད་ཀྱི་དགོན་པ་དང་། མི་ཁོམས་པའི་དགོན་པ་དང་། འདུ་བྱེད་ཐམས་ཅད་ཀྱི་དགོན་པ་དང་། ་ལྟ་བའི་ཐིབ་པོ་ཐམས་ཀྱི་དགོན་པ་དང་། དགེ་བའི་ལས་ཆད་ཟ་བའི་དགོན་པ་དང་། མི་ཤེས་པ་ཀུན་ནས་ལངས་པའི་དགོན་པ་དེ་དག་ཐམས་ཅད་ལས། བདག་གི་སེམས་ཅན་ཐམས་ཅད་ཡོངས་སུ་ཐར་བར་བྱའོ།། ། ་སྲེད་པའི་དྷ་བཱ་ནྱཱད་པ། མ་རིག་པའི་སྒྲིབ་པས་བསྒྲིབས་པ། སྲིད་བུའི་སྲེད་པ་དང་ལྡན་པ། མཐང་རབ་ཏུ་འཇིག་པར་འགྱུར་བ། སྡུག་བསྔལ་གྱི་ག་ཟེག་ཏཱ་བཅུག་པ། འཁོར་བའི་བཱནྡོནུ་རཱ་ནཱ་གླུནས ་གམི་མཁས་པ། དམ་བརྙེས་པ་དང་འགྲེལ་བ། ཐེ་ཚོམ་ཟ་བར་གྱུར་པ། རྟག་ཏུ་ཡིད་ག་ཉེས་བྷ་ག་མི་བདྲི་བ་མཐོང་གཱ་འབྱུང་བྱུ་ལ་མི་མཁས་པ། སྐྲོད་པའི་རྒྱུ་མཚོ་གང་ལ་ཁྱིལྔ་པོའི་དཀྱིལ་འཁོར་གཅིག་རྒྱུ་བའི་སེམས ་ཅན་ཐམས་ཅད་བླ་ནཱ་མེད་པའི་ཡེ་ཤེས་ཀྱི་རྒྱུལ་སྲིད་ལ་དགོད་པའི་ཕྱིར་བདག་གིས་སྤྱད་པར་བྱའོ།། བདག་ནི་བདག་འབའ་ཞིག་ཡོངས་སུ་ཐར་པར་བྱ་བ་ལ་བརྩོན་པ་མ་ཡིན་གྱིས། བདག་གི་སེམས་ཅན་འདི་དག་ཐམས ་ཅད་མཁྱེན་པ་ཉིད་ཀྱིས་སེམས་ཀྱིས་འཁོར་བ་འགྱུད་དཀར་བ་ལས་བསྐུལ་བར་བྱའོ།། ག་ཡོངས་ཆེན་པོ་ལས་འབྱུང་བར་བྱའོ།། གནོད་པ་ཐམས་ཅོད་ལས་ཡོངས་སུ་གྱུར་བར་བྱའོ།། འཁོར་བའི་རྒྱུནྡྲ་ལས་བསྒྲལ་བྱ ་བྷྱ།། བདག་ཉིད་ཀྱིསསུས་རྐྱེན་ཐམས་སུ་ཧཱུ~ཾ་སྨྲིག་བསྔ་ཧཱུ~ཾ་ཕུང་པོ་ས་ཟླ་སྨྲ་སོ། ཧྲཱི་ཙམ་རྨྱིལ་གྱི་སྦྱིན་མོ་ཁམ་སུ་རྣམས་ཅང་དུ་གཏོགས་པའི་ངན་སོང་ཐམས་ཀྱི་སྡུག་བསྡུས་ང ་བོར་བྱའོ།། བདག་གོ་དགེ་བའི་རྩ་བ་རྣམས་ཀྱིས་སེམས་ཅན་ཐམས་ཅད་མི་འདོད་པ་བྱའོ།། བདག་ངན་སོང་གཅིག་ཏུ་ཡང་ཕྱི་མའི་མཐའི་མུའི་བསྐལ་པར་གནས་པར་བརྩོན་པར་བྱའོ།། ཛིན་སོང་གཅིག་ལ་ཇི་ལྟར ་བཞིན་འཇིག་རྟེན་གྱི་ཁམས་ཐམས་ཅང་དུ་གཏོགས་པའི་དྲན་སོང་མ་ལུས་པ་ཐམས་ཅད་ཡོངསསུ་ཐར་པར་བྱ་བའི་ཕྱིར་ཡང་དེ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བདག་གཅིག་པུ་སྡུག་བསྔལ་བར་གྱུར་པ་ནཱ་ནི་བླའི། བདག ་གི་སེམས་ཅན་ཐམས་ཅད་ངན་སོང་གི་ས་རཱི་རབ་ཏུ་ལྷུང་བ་ནི་དེ་ལྟར་མ་ཡིན་ཏེ། བདག་གིས་འདིར་བདག་ཉིད་གཏར་བཅུག་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེ་རེ་འཇིག་རྟེན་གྱི་དགོན་པ་ལས ་འགྲོ་བ་ཐམས་ཅད་བླུ་བར་བྱའོ།། བདག་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྡུག་བསྔལ་གྱི་ཚོར་བའི་ཕུང་པོ་ཐམས་ཅད་བདག་ཉིད་ཀྱི་ལུས་འདིས་མྱོང་བར་བྱའོ།། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བདག་ཉིད་སེམས ་ཅན་ཐམས་ཅན་གྱི་གཉིའོ་བདེན་པར་སྨྲ་བ་ཡིད་ཅེས་སུ་རུང་བ་མི་སྨྲ་བ་བྱ་བར་སྠི་སྟེ་བདག་གི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། བདག་ནི་སེམས་ཅན་ཐམས་ཅད་ལ་བདག་དམིགས་ནས ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་བསྐྱེས་པ་སྟེ། འདི་ལྟར་འགྲོ་བོ་ཐམས་ཅད་ཡོངས་སུ་ཐར་བར་བྱ་བའི་ཕྱིར་བདག་དགའ་བ་འདོད་པ་མ་ཡིན་པར་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར ་ཞུགས་སོ།། བདག་ནི་འདོད་པའི་ཡོན་ཏོན་ལྔའི་དགའ་བ་མྱོང་བར་བྱ་བ་མ་ཡིན།། འདོད་པའི་ཡུལ་རྟེན་པའི་ཕྱིར་མ་ཡིན། བདག་ནི་འདོད་པའི་ཁམས་སུ་གཏོགས་པའི་བཀོད་པ་གཞན་དང་གཞན་སྒྲུབ་པའི་ཕྱིར་མ་ཡིན ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཐམས་ཅད་ཀྱི་དགའ་བ་མ་ཡིན་པའི་ཕྱིར་རོ།། འདི་ལྟ་སྟེ་འདོད་པ་བརྟེན་པ་དེ་ནི་བདུད་ཀྱི་སྤྱོད་ཡུལ་ལོ།། འ ་ལྷ་སྟེ་འདོད་པ་བསྟེན་པའི་ལམ་འོད་ནི་བློ་དནྟ་པས་བསྟེན་པའོ།། ལྕི་བར་བསྟེན་པ་འདི་ནི་སངས་རྒྱས་ཐམས་ཀྱི་མ་བསྔགས་པའོ།། དེའི་ཕྱིར་ཉེ་བར་བསྟན་པ་འདི་ནི་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་འབྱུང་བ་ཉིད་ཡིན་ཏེ ་དེ་ཉིད་ལས་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་རྣམས་འབྱུང་ངོ་།། སེམས་ཅན་རྣམས་འཐབ་པ་པ་རྩོད་པ་དང་མཆོད་འབྲུ་བ་དངའི་གྱེད་པ་དང་འཁྲུག་པ་དང་ཀུན་ཏུ་འཁྲུགས་པ་རྣམས ་འབྱུང་ངོ་།། སེམས་ཅན་དེ་དག་གིས་འདོད་པ་བསྟན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཐིག་རིང་དུ་འགྱུར་རོ།། འདོད་པ་འདི་དག་ནི་མཐོ་རིས་སུ་སྐྱེ་བའི་བར་ཆུད་དུ་ཡང་འགྱུར་ན་བླ་ན་མེད་པའི་ཡེ་ཤེས་ཀྱི་རྒྱལ་སྲིད ་སེམས་ཅན་ཐམས་ཅད་ཀྱི་འགྲུབ་པ་དང་བདེ་བ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟར་བདག་གི་འདོད་པ་སྐྱོན་ཚད་མེད་པ་དང་རབ་ཏུ་འབར་ཞིང་ཀུན་ཏུ་འབོར་བར་མཐོང་གི། དེ་ལྟ་བས་ན་བདག་གཞི་དེ་ལ་མི་སྤྱོད་པར་ནན་ཏན ་བྱའོ།། དེ་བཞིན་དུ་སྦྱར་ཏེ། ཇི་ལྟ་ཇི་ལྟར་སེམས་ཅནི་ཐམས་ཅད་ཤིན་ཏུ་བདེ་བ་དང་མྱོང་བ་མེད་པའི་བདེ་བ་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་བདེ་བའི་བར་དུ་ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར། བདག་ཁ་ལོ་སྒྱུར ་ཡོངས་སུ་འདྲེན་པ། བདག་སྒྲོན་མ་འཛིན་པ། བདག་ཞི་བའི་འགྲོ་བ་སྟོན་པ། བདག་ངལ་བའི་འགྲོ་བ་ཐོབ་པ། བདག་ཐབས་ཤེས་པ། བདག་དོན་ལ་མཁས་པ། བདག་འཁོར་བའི་རྒྱ་མཚོ་ནས་ཐམས་ཅད་མཁྱེན་པའི་ཡེ ་ཤེས་ཀྱི་གྲུས་ཡུལ་ཆེན་པོ་ལ་གནས་པ། བདག་ཡོངསུ་བསྔོ་བ་ལ་མཁས་པ། ཕ་རོལ་སྟོན་པ་བདག་གི་དེ་ལྟ་དེ་ལྟར་དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱའོ།། དེ་བཞིན་དུ་སྦྱར་ཏོ། གླིང་བཞི་པའི་འཇིག་རྟེན་གྱི་ཁམས ་སྣང་བར་བྱ་བའི་ཕྱིར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་སྙེད་ཀྱི་ཉི་མ་འཆར་བ་མ་ཡིན་གྱིས་གླིང་བཞི་པ་སྣང་བར་བྱ་བའི་ཕྱིར་ཉི་མ་གཅིག་པོ་འདི་ཁོ་ན་འཆར་རོ།། གང་གིས་དག་ཉིན་མེའི ་གྲངས་སུ་ཤེས་པར་འགྱུར་བ་དང་རང་གི་བྱ་བ་ཡོངས་སུ་ཐོབ་པར་འགྱུར་བ་དང་། ལོ་ཏོག་ཡོངས་སུ་སྨིན་པར་བྱེད་པར་འགྱུར་བ་དང་། ཉིན་ཅིག་བཞིན་དུ་སྐྱེད་མྱོས་ཚལ་དང་གྲོང་ཁྱོར་རྣམས་སུ་དགའ་ཞིང་རྩེ་ལ་དགའ ་མགུར་སྤྱོད་པ་མྱོང་བར་འགྱུར་བ་དང་། ཕྱོགས་མཐོང་བར་འགྱུར་བ་དང་། གྲོང་དང་གྲོང་ཁྱེར་དང་གྲོང་རྡོལ་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འོང་བ་དང་འགྲོ་བར་འགྱུར་བའི་སྣང་བ་གླིང་བཞི་པར ་སྐྱེས་པའོ་སེམས་ཅན་རེ་རེའི་ལུས་ལས་འོབྱུང་བ་མ་ཡིན་ནོ།། དེ་བཞིན་དུ་སྦྱར་ཏེ། ལྷའི་བུ་ཉི་མ་འཆིར་བ་ན་ཉི་མའི་དཀྱིལ་འཁོར་གཅིག་པུ་གཉིས་སུ་མེད་པར་གླིང་བཞི་པའི་ཁམས་ཀྱི་སེམས་ཅན་རྣམས་ལ་སྣང ་བར་འབྱུང་ངོ་།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་རྣམས་བསྒྲུབ་ཅིང་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ཡང་འདི་ལྟར་སེམས་བསྐྱེད་དེ། སེམས་ཅནྡ་འདི་དག་ལ་ནི་གང་གིས ་འདི་དག་བདག་ཡོངས་སུ་སྐྱོབ་པར་འགྱུར་བའི་དགེ་བའི་རྩ་བ་དེ་མེད་ན། གཞན་སྐྱོབ་པར་ལྟ་སྨོས་ཀྱང་ཅི་ད་གོས། བདག་ནི་སེམས་ཅན་ཐམས་ཅིང་ཡོངས་སུ་བཟུང་བ་དང་། ཀྱི་ཆེད་དུ་དགེ་བའི་རྩ་བ་རྣམས་ཡང་དག ་བར་བསྒྲུབ་པར་བྱའོ།། དགེ་བའི་རྩ་བ་ཡོངས་སུ་བསྔོ་བར་བྱའོ།། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཐར་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་སྣང་བར་བྱ་བ་དང་སེམས་ཅི་ནི་ཐམས་ཅད་ལ་ཤེས་པར་བྱ་བ་དང་། ་སེམས་ཅན་ཐམས་ཅད་བསྒྲལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བཟུང་བ་དང་། སེམས་ཅན་ཐམས་ཡོངས་སུ་བསྒྲུབ་པ་དང་། སེམས་ཅན་ཐམས་ཅད་རབ་ཏུ་ཚིམ་པར་བྱ་བ་དང་། སེམས་ཅན་ཐམས ་ཅད་ཀྱི་ཐེ་ཚོམ་བཅད་པའི་ཕྱིར། བདོག་ཉི་མཱའི་དཀྱིལ་འཁོར་ལྟ་བུར་བྱས་ཏེ། གཞན་ལ་མི་ལྟོས་པར་བྱ། གཞན་ལ་སྐབས་ཕྱི་ཞིང་སེམས་ཅན་ལ་གོ་ཆ་དོར་བར་མི་བྱ། སེམས་ཅན་ཐམས་ཅད་ཀྱི་ཐད་དུ་སེམས ་ཅན་བསྒྲུབ་པའི་བརྩོན་པ་ལས་ལྡོག་པར་མི་བྱ། སྡུག་བསྔལ་ཐམས་ཅད་བསལ་བའི་ཡོངས་སུ་བསྔོ་བ་ལས་ལྡོག་པར་མི་བྱ། དགེ་བའི་རྩ་བ་ཆུང་ངུ་ཡོངས་སུ་བཟུང་བར་མི་བྱ། ཡོངས་སུ་བསྔོ་བ་ཆུང་ངུས་ཚིག་པར་མི ་བས་མོ།། ཞེས་བྱ་བ་ལ་སོགས་པ་གསུངསོ།། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་མདོ་ལྔས་ཀྱང་། དེ་བསྐལ་པ་འདི་སྙེད་ཅིག་ཏུ་གྲོ་ཆ་བགྲོའོ་ཞེས་བསྐུལ་པ་བགྲང་བས་བྱང་ཆུབ་མི་ཚོལ་གྱིས་བསམ་གྱིས་མི ་ཁྱབ་མི་ཁྱབ་གོ་ཆོ་གྱོན་པར་བྱེད་དོ།། གལ་ཏེ་འཁོར་བའི་སྔོན་གྱི་མཐའ་ཇི་ཙམ་པ་དྲེ་ཙམ་ལ་ཉིན་ཞག་གཅིག་ཏུ་གྱུར་ལ། ཉིན་ཞག་གྲི་ཚུལ་དེ་ལྟ་བུའི་ཉི་མ་བཅོ་ལྔས་ཟླ་བ་ཕྱེང་ཏུ་གྱུར་ལ། ཉི་མུ་སུམ་ཅུས་ཟླ་བ ་གཅིག་ཏུ་གྱུར་ཏེ། ཟླ་བ་བཅུ་གཉིས་ཀྱི་ལོ་གཅིག་ཏུ་འགྱུར་ལ།། ལོ་བགྲང་བ་འདིས་ལོ་འབུམ་ལ་བྱང་ཆུབ་ཀྱི་སེམས་གཅིག་བསྐྱེད་ཅིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་གཅིག་མཐོང་ལ། འཇུག་པཱ་འདི་དང་དགྲང་བ་འདིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་བསྐྱེད་པ་དང་དེ་བཞིན་གཤེགས་པ་མཐོང་བས་སེམས་ཅན་གཅིག་གི་སེམས་དང་སྤྱད་པ་ཤེས་པར་འགྱུར་ལ། འཇུག ་པ་འདི་དང་བགྲང་བ་འདིས་དེ་སྐད་ཀྱི་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་མཐོང་བས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་རྣམས་ཤེས་པར་གྱུར་ཀྱང་། མི་ཞུམ་པའི་གོ་ཆ་འདི་ནི་བྱང་ཆུབ་སེམས ་དཔའི་གོ་ཆ་མི་ཟད་པའི་ཞེས་གསུངས་སོ།། དེ་བཞིན་དུ་སྦྱིན་པ་ལ་སོགས་པ་དང་བྱང་ཆུབ་ཀྱི་ཕྱོགས་དང་སྐྱེས་བུ་ཆེན་པོའི་མཚན་རྣམས་ལ་ཡང་སྦྱར་རོ།། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་། འདི་ལ ་བྱང་ཆུབ་སེམས་དཔའ་སེམས་ཅན་དམུ་རྒོད་སེམས་ཅན་གདུལ་དཀའ་བར་རིག་སྟེ། དེ་རྣམས་ཀྱི་ཡིད་ཆངད་ནས་འདི་ལྟ་བུའི་གདུལ་དཀའ་བའི་སེམས་ཅན་འདི་དག་གིས་ཆོག་གོ་ཞེས ་གཞི་དེ་ལས་ཡོངས་སུ་སྐྱོ་ཞིང་རྒྱབ་ཀྱིས་ཕྱོག་པར་འགྱུར་ཏེ། གང་ནི་སེམས་ཅན་འདི་ལྟ་བུ་དག་གི་མིང་ཡང་མི་ཐོས་པའི་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པར་སྨོན་ལམ་ནི་འདྲེ་བས་སོ།། སེམས་ཅན་གྱི་དོན ་ལ་མ་ཕྱོགས་པའི་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་སུ་ཡང་སྐྱེ་བར་མི་འགྱུར་ཏེ། དེ་ལ་བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་ནི་འདི་ལྟར་སེམས་ཅན་གྱི་ཁམས་ཐམས་ཅད་ན་སེམས ་ཅན་གང་རྣམས་ངན་པ་བརྩོན་འགྲུས་ཆུང་པ་བླུན་པོ་གླེན་པ་ལུག་ལྟར་ལྷུག་པའི་རང་བཞིན་ཅན་ཡོངས་སུ་མྱ་ངན་ལྔས་མི་འདོའ་བའི་ཆོས་ཅན། སེམས་ཅན་གྱི་ཁམས་མ་ལུས་པ་འདི་ལས་བསྒྲིགས་པ་སངས ་རྒྱུས་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཐམས་ཅད་ཀྱི་སྤང་བར་གྱུར་པ་ཡོད་པ་དེ་དག་བདགི་སངས་རྒྱས་ཀྱི་ཞིང་དུ་འདུས་པར་འགྱུར་ལ། བདག་གི་དེ་དག་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཏུ་བཅུག་སྟེ་བླ་ན་མེད ་པོ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་སེམས་བསྐྱེད་དེ། བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་བསྐྱེད་པ་རེ་རེ་ལ་ཡང་བདུད་ཀྱི་གནས་ཐམས་ཅད་རབ་ཏུ་གཡོའོ།། ་སངས་རྒྱས་ཐམས་ཅད་ཀྱང་དེའི་བསྔག་པ་གསུང་བར་འགྱུར་རོ་ཞེས་གསུངས་སོ།། དེ་ལྟར་རེ་ཞིག་བསོད་ནམས་མངོན་པར་སྤེལ་བར་འདོད་པས་བརྩོན་པ་བརྟན་པར་བྱའོ།། ད་ནི་བསམ་པ་བརྟན་པར་བྱ་བ་བརྗོད་པར ་བྱ་སྟེ། བརྟན་པར་བྱ་བ་འདིས་ཅི་བྱི་སྙམ་དུ་རྟོག་པ་བསལ་བའི་ཕྱིར། འཕགས་པ་ཆོས་ཡང་དག་པར་སྡུང་བའི་མོད་ལས་གསུངས་པ། བཅོམ་ལྡན་འདས་པསམོ་པ་ཕུན་སུམ་ཚོགས་པ་ནི་ཆོས་རྣམས་ཀྱི་རྩ་བ ་སྟེ། གང་ལ་བསམ་མོ་མ་མཆིས་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་རིང་བ་ལགས་སོ།། བཅོམ་ལྡན་འདུས་བསམ་པ་ཕུན་སུམ་ཚོགས་པ་ལ་ནི། གལ་ཏེ་སངས་རྒྱས་མི་བཞུགས་ན་ཡང་ན་ན་མཁའི ་དཀྱིལ་དང་རྩིག་པ་དང་ཤིང་རྣམས་ལ་ཆོས་འབྱུང་ངོ་།། བྱང་ཆུབ་སེམས་དཔའ་བསམ་པ་ལ་ནི་རང་གི་ཡིད་ཀྱི་སྤྱོད་པ་ཉིད་ལས་གདམས་ངག་དང་རྗེས་སུ་བསྟན་པ་འབྱུང་ངོ་།། བཅོམ་ལྡན་ལྡན་འདས་དེ་བས ་ན་བྱང་ཆུབ་སེམས་དཔའ་བསམ་པ་ཕུན་སུམ་ཚོགས་པར་བགྱིའོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ནི་གང་ལྔ་རྐང་པ་མཆིས་པ་དེ་ལ་འགྲོ་བ་མཆིསོ།། བཅོམ་ལྡན་འདས་དེ་བཞིན་དུ་གང་ལ ་བསམ་པ་མཆིས་པ་དེ་ལས་སངས་རྒྱས་ཆོས་རྣམས་མཆིས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ཡན་ལག་གི་དམ་པ་མགོ་མཆིས་པ་དེ་ལ་འཆི་བ་མཆིས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་བསམ ་པ་གང་ལ་མཆིས་པ་དེ་ལ་སངས་རྒྱས་ཀྱི་བྱང་ཆུབ་མཆིས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ནཱ་གང་ལ་འཚོ་བ་མཆིས་དེ་ལ་རྙེད་པ་མཆིས་སོ།། བཅོམ་ལྡན་འདས་དེ་བཞིན ་ཏུ་གང་ལ་བསམ་པ་མཆིས་པ་ལ་སངས་རྒྱས་ཀྱི་རྙེད་པ་མཆིས་སོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་བཞུགས་ཤིང་མཆིས་ན་ཞུགས་འབར་གྱིས། ཞུགས་ཤིང་མ་མཆིས་ན་ཞུགས་མི་འབར་རོ།། ་བཅོམ་ལྡན་འདས་དེ་བཞིན་དུ་བསམ་པ་མཆིས་པའི་བྱང་ཆུབ་སེམས་དཔའ་དེ་ལ་སངས་རྒྱས་ཀྱི་ཆོས་རྣམས་འབར་གྱི།། བསམ་པ་མ་མཆིས་པ་ལ་མི་འབར་རོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྤྲིན་ཆགས་ན ་ཆུར་འབབ་ཀྱི་སྤྲིན་མ་ཆགས་ན་ཆར་མི་འབབ་པོ།། བཅོམ་ལྡན་འདས་དེ་བཞིན་དུ་བསམ་པ་མཆིས་ན་སངས་རྒྱས་ཀྱི་ཆོས་རྣམས་འབྱུང་གི་བསམ་པ་མ་མཆིས་ན་མི་འབྱུང་ངོ་།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་ཞུགས ་ཤིང་གང་རྩ་བ་ཉམས་པ་དེ་ལས་མེ་ཏོག་དང་འབྲས་བུ་རྣམས་མི་འབྱུང་ངོ་།། བཅོམ་ལྡན་འདས་དེ་བཞིན་དུ་གང་བསམ་པ་ལོག་པར་ཞུགས་པ་དེ་ལས་དགེ་བའི་ཆོས་ཐམས་ཅད་མི་འབྱུང་ངོ་།། བཅོམ་ལྡན་འདས་དེ ་བས་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བས་རང་གི་བསམ་པ་ཤིན་ཏུ་བཟུང་བ་དང་ཤིམ་སྲུང་བ་དང་། ཤིན་ཏུ་སྦྱང་བར་བགྱིའོ་ཞེས་བྱ་བའོ།། བསམ་པ་ཞེས་བྱ་བ་འདི་ཇི་ལྟ་བུ་ཞེ་ན། འཕགས ་པ་བློ་གྲོས་མི་ཟད་པའི་མདོ་ལས། བསམ་པ་དེ་ཡང་མ་བྱས་པས་ན་བཅོས་མ་མ་ཡིན་ནོ།། གཡོ་མེད་བསྟན་བྱས་པ་མ་ཡིན་ནོ།། རབ་ཏུ་རྟོགས་པས་ན་གཡོ་མེད་པའོ།། སྒྱུ་མེད་པས་རབ་ཏུ་རྟོགས་པའོ།། དག་པས ་ན་སྒྱུ་མེད་པའོ།། དྲང་བས་ན་དག་པའོ།། གྱ་གྱུ་མེད་པས་ནོ་དྲང་བའོ།། གསལ་བྱས་ན་གྱ་གྱུ་མེད་པའོ།། མི་མཉམ་པ་མེད་པས་ན་གསལ་བའོ།། སྲ་བས་ན་མི་མཉམ་པ་མེད་པའོ།། མི་ཕྱེད་པས་ན་སྒྲའོ།། མཁྲང་བས ་ནམི་ཕྱེད་པའོ།། མི་གཡོ་བས་ན་མཁྲང་པའོ།། མི་གནས་པས་ན་མི་གཡོ་བའོ་ཞེས་བྱ་བ་ལ་སོགས་པའོ།། ཡོན་ཏན་ལྷག་པ་ཐོབ་པར་བྱ་བའི་ཕྱིར་ཞུགས་པ་ནི་ལྷག་པའི་བསམ་པ་ཞེས་བྱའོ།། དེ་ཉིད་ལས་ཇི་སྐད་དུ། ་བྱེ་བྲག་ཏུ་འགྲོ་བའི་ཕྱིར་རྒྱལ་བའི་ལྷག་པའི་བསམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། ཡང་ལྷག་པའི་བསམ་པ་ཞེས་བྱ་བ་ནི་འབྱུང་པོ་རྣམས་ལ་ངེས་པའོ།། སེམས་ཅན་ཐམས་ཅད་ལ་བྱམས་པའོ།། འཕགས ་པོ་རྣམས་ལ་ཕན་པར་སེམས་པའོ།། འཕགས་པ་མ་ཡིན་པ་ལ་སྙིང་རྗེ་བའོ།། བླ་མ་ལ་རིམ་གྲོ་བྱེད་པའོ།། དཔུང་གཉེན་མེད་པ་རྣམས་ལ་དཔུང་གཉེན་ནོ།། སྒྲུབས་པ་མེད་པ་རྣམས་ལ་སྐྱབས་སོ།། གླིང་མེད་པ ་རྣམས་ལ་གླིང་ངོ་།། མགོན་མེད་པ་རྣམས་ལ་མགོན་ནོ།། གྲོགས་མེད་པ་རྣམས་ལ་གྲོགས་སོ།། གྱ་གྱུ་ཅན་རྣམས་ལ་དྲང་བའོ།། དམུ་རྒོད་རྣམས་ལ་གསལ་བའོ།། གཡོན་ཅན་རྣམས་ལོ་གཡོ་བ་མེད་པའོ།། སྒྱུ་ཅན ་རྣམས་ལ་སྒྱུ་མེད་པའོ།། བྱས་པ་མི་གཟོ་བ་རྣམས་ལ་བྱས་པ་གཟོ་བའོ།། འཁུ་བ་རྣམས་ལ་བྱས་པར་འཆོར་བའོ།། མི་ཕན་པ་རྣམས་ལ་ཕན་འདོགས་པའོ།། ལོག་པར་ཞུགས་པ་ལ་བདེན་པའོ།། ་པོ་ཐེག་ཅན་ལཱ་ང་རྒྱལ་མེད་པའོ།། ལྀགཱ་པར་བྱས་པ་རྣམས་ལ་མི་སྨོད་པའོ།། གཞན་གྱི་འཁྲུལ་པ་ལ་མི་རྙེད་བའོ།། ལོག་པར་ཞུགས་པ་རྣམས་ལ་ཀུན་ཏུ་སྦྱང་བའོ།། ཐབས་ཀྱི་དག་པ་སྤྱོད་པ་ཐམས་ཅད་ལ་ཉེས་པར ་མི་ལྟ་བའོ།། སྦྱིན་པའི་གནས་རྣམས་ལ་རིམ་གྲོ་བྱེད་པའོ།། བསྟན་པ་ལ་མཐུན་པར་འཛིན་པའི་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། དེ་ལྟར་བརྩོན་པ་དང་བསམ་བརྟན་པར་བྱས་ནས། སྙིང་རྗེ་མདུན་དུ་གཞུག་ནས་སུ།། ་དགེ་བ་སྤེལ་ལོ་ནན་ཏན་བྱ།། ཆོས་ཡང་དགུ་པར་སྤྱོད་པའི་མདོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་བྱང་ཆུབ་སེམས་པས་ཆོས་ཤིན་ཏུ་མིང་པོ་ལ་བསླབ་པར་མི་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དང་ས་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བ་གྱིས་ན། བཅོམ་ལྡན་འདས་སངས་རྒྱས ་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ།། ཆོས་གཅིག་པོ་དེ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ།། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱིས་ཆོས་ཐམས་ཅད་བྱང་ཆུབ་སེམས ་རྣམས་ཀྱིས་ལག་མཐིལ་དུ་མཆིས་པ་ལགསོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་འཁོར་ལོས་སྐུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆི་བ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ།། བཅོམ་ལྡན་འདས་དེ་བཞིན ་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་མཆི་བ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་གདུགས་ཤར་ན་སེམས་ཅན་རྣམས་ཀྱི་བྱ་བ་ཐམས་ཅད་ཤིན་ཏུ་མེད་པར་འགྱུརརོ།། ་བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་གང་དུ་ཤར་བར་གྱུར་པ་དེར་བྱང་ཆུབ་བྱེད་པའི་ཆོས་ཀྱི་བྱ་བ་གཞན་རྣམས་ཀྱང་ཤིན་ཏུ་མང་བར་འགྱུརརོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ནཱ་ཡིད་ཀྱི་བྱིན་གྱིས་བརླབས་པའི ་དབང་པོ་ཐམས་ཅད་ནི་རང་གི་ཡུལ་འཛིན་པ་ལ་འཇེབས་པར་འགྱུར་རོ།། བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོས་བྱིན་གྱིས་བརླབས་པའི་བྱང་ཆུབ་སེམས་དཔའི་ཆོས་རྣམས་རང་གི་བྱ་བ་ལ་རབ་ཏུ་འཇེབས་པར ་འགྱུར་རོ།། བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་འབྱུང་བར་འགྱུར་རོ།། བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས། བྱང་ཆུབ་བྱེད་པའི་ཆོས་གཞན་རྣམས ་ཀྱང་འབྱུང་བར་འགྱུར་ཞེས་བྱ་བའོ།། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་། བཙུན་པ་ཤཱ་ར་དྭ་ཏིའི་བུ་འདི་ལྟ་སྟེ། དཔེར་ནི་དབྱུགས་དབྱུང་བ་དང་རྔུབ་པ་ནི་སྐྱེས་བུའི་སྲོག་གི་དབང་པོའི་སྔོན་དུ་འགྲོ་བའོ།། ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐེགས་པ་ཆེན་པོ་བསྒྲུབ་པའི་སྙིང་རྗེ་ཆེན་པོ་ཡང་སྔོན་དུ་འགྲོ། བའོ།། དེ་བཞིན་དུ་སྦྱར་ཏེ། འདི་ལྟ་སྟེ། དཔེར་ན་ཚོང་དཔོན་ནམ་ཁྱིམ་བདག་བུ་གཅིག་པུ་ལ་སྙིང་ཐུག ་པ་ནས་སྡུག་པར་འཛིན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལ་གནས་པ་ཡང་སེམས་ཅན་ཐམས་ཅད་ལ་སྙིང་ཐག་པ་ནས་སྡུག་པར་འཛིན་པ་ཡིན་ནོ་ཞེས་གསུང་སོ།། འདི་ཇི་ལྟར་བསྒོམ་པར་བྱ་ཞེ་ན། རང་གི་སྟོན ་མྱོང་བ་དང་མྱོང་བར་འགྱུར་བའི་སྡུག་བསྔལ་དང་འཇིག་པ་རྣམ་པ་དུ་མ་རུང་གི་ཤིན་ཏུ་མི་འདོད་པ་བསྒོམས་ཏེ། བྱམས་པ་དང་ལྡན་པས་སྡུག་པ་ལ་སོགས་པ་བྱམས་པ་བཞིན་དུ་བསྒོམ་པར་བྱ་བ་འམ་ད་ལྟར་བྱུང་བའི ་སྡུག་བསྔལ་གྱི་ཉེན་པ་དད་རྣམས་དང་སྡུག་བསྔལ་ཆེན་པོའི་རྒྱ་མཚོ་འཁོར་བྱ་ཡུན་རིང་པོ་དུས་ཚིགས་མེད་ན་སྡུག་བསྔལ་དང་ལྡན་པ་རྣམས་ལ་བསྒོམ་པར་བྱའོ།། འཕགས་པ་ས་བཅུ་པ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། ་དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱིས་པ་སོ་སོ་སྐྱེ་བོ་འདི་དག་ནི་མི་ཤེས་པ་རྨོངས་པ་དག་སྟེ། དེ་དག་གི་ལུས་གྲངས་མེད་པ་འགེགས་ལ་འགགས་པར་འགྱུར་ཞིང་འགགས་པར་འགྱུར་ཏེ། དེ་ལྟར་འཆི་ཡང་ལུས་ལ་ཡིད ་འབྱུང་བ་མི་སྐྱེད་ཅིང་། སྡུག་བསྔལ་གྱི་འཁྲུལ་འཁོར་དེ་བས་ཇེ་འཕེལ་དུ་བྱེད། འཁོར་བའི་རྒྱུད་ལས་མི་ལྡོག་ཕུང་པོའི་གནས་མི་འདོར། ཁམས་ཀྱི་སྦྲུལ་ངག་གིས་སྐྱོ་བར་མི་འགྱུར། དགའ་བའི་འདོད་ཆགས་ཀྱི་ལྗོངས ་པ་རྟོགས་པར་མི་བྱེད། སྐྱེ་མཆེད་ཀྱི་གྲོང་སྟོང་པ་ལ་མི་ལྟ། ངར་འཛིན་པ་དང་ང་ཡཱིར་འཛིན་པའི་ཕྲ་རྒྱུས་མི་སྤྱོང་རླུང་རྒྱལ་དང་ལྟ་བའི་ཟུག་རྔུ་མཱི་འབྱིན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་མེ་ལྕེ་འབར་བ་ཞི་བར་མི ་བྱེད། མ་རིག་པོའི་མུན་པ་མི་སེལ། སྐྱིད་པའི་རྒྱུ་མཚོ་མི་སྐེམས། སྟོབས་བཅུའི་དེང་དཔོན་ཡོངས་སུ་མི་ཚོལ་ཞིང་བདུད་ཀྱི་བསྟིམ་པ་ཐིབས་པོའི་རྗེས་སུ་སོང་བ་སྟེ། འཁོར་བའི་རྒྱ་མཚོ་རྣམ་པར་རྟོག་རྣམ་པ་སྣ་ཚོགས ་ཀྱི་ཆུ་སྲིན་འཛིན་ཁྲིས་དཀྲུགས་པས་ཡོངས་སུ་གཡེངས་པ་ངོ་མཚར་ཆེ་སྟེ། མ་ལ་བདག་གི་སེམས་ཅན་དེ་ལྟར་སྡུག་བསྔལ་གྱིས་ཉམ་ཐག་པ། མགོན་མེད་པ། དཔུང་མེད་པ། སྐྱོབས་མེད་པ། གནས་མེད་པ། གཞི་མེད ་པ། རྟེན་མེད་པ། ལོང་བར་གྱུར་པ། མ་རིག་པའི་སྒོ་ངའི་སྦུབས་དང་སྤྲིས་གཡོགས་པ། མུན་པས་ཟིལ་གྱིས་ནོན་པོ། དེ་དག་གི་དོན་དུ་གཅིག་པུ་གཉིས་སུ་མེད་པར་གྱུར་ནས། བསོད་ནམས་ཡེ་ཤེས་ཀྱི་ཚོགས་གསག ་པར་བྱ་བ་རྣམ་པ་ཇི་ལྟ་བུས་སེམས་ཅན་དེ་དག་ཤིན་ཏུ་རྣམ་པར་དག་པ་འཐོབ་པར་འགྱུར་བ་ནཱས། སྟོབས་བཅུའི་སྟོབས་ཀྱི་ཡེ་ཤེས་ཆགས་པར་མེད་པའི་བར་གྱི་མཐར་ཐུག་པ་འཐོབ་པར་འགྱུར་བ་རྣམས་པ ་དེ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོགས་པར་བྱའོ་ཞེས་བྱའོ།། ཡང་དེ་ཉིད་ལས་གསུངས་པ། ཀྱེ་མའོ་སེམས་ཅན་འདི་དག་ནི་འཁོར་བའི་མྱ་ངན་གྱི་ལམ་དུ་ཞུགས་པ། ཀྱེ་མའོ་སེམས་ཅན ་འདི་དག་ནི་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་གསུང་སཱ་ལ་མངོན་དུ་ཕྱོགས་པ། ལྟ་བ་ངན་པའི་དྲ་བ་ཉམ་ང་བར་ཞུགས་པ་གཏི་མུག་ཐིབས་པོས་ཀུན་ནས ་གཡོག་པ། ལོག་པའི་ལམ་དུ་ཞུགས་པ། ལྗོངས་པར་གྱུར་པ། ཡོངསུ་འདྲེན་པ་མེད་པ་ཞེས་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ། འཁོར་བ་རྒྱུན་གྱིས་བདས་པ། སྲེད་པའི་ཀླུང་དུ་ཞུགས་པ། ཤུགས་དྲགས་པོས་བངས་ཏེ། ་བལྟ་བའི་མཐུ་མེད་འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བའི་རྣམ་པར་རྟོག་པ་མང་པོའི་རྗེས་སུ་ཞུགས་པ། འཛེག་ཚོགས་ལ་ལྟ་བོ་ཆུའི་སྲིན་པོས་ཟིན་པ། འདོད་པ་ཐིབས་པོའི་ཀློང་དུ་ཞུགས་པ། དགའ་བ་ཅན ་དང་འདོད་ཆགས་ཀྱི་དཀྱིལ་དུ་ཀུན་དུ་ཐོགས་པ། ངརོ་སྙམ་པའི་ང་རྒྱལ་གྱི་ཐལ་འཁྱམ་པ། དཔུང་གཉེན་མེད་པ། སྐྱེ་མཆེད་ཀྱི་གྲོང་ནས་མ་འཕགས་པ། སྒྲོལ་བ་ལ་མཁས་པ་དང་བྲལ་བར་གྱུར་པ་ཡིན་གྱིས། དེ་དག ་གི་སྙིང་རྗེ་ཆེན་པོ་དང་དགེ་བའི་རྩཝ་བུའི་སྟོབས་ཀྱིས་སྟོན་ཏེ།། ཐམས་ཅད་མཁྱེན་པའི་གླིང་འཚེ་བ་མེད་པ་རྡུལ་མེད་པ་འཇིགས་པ་དང་སྐྲག་པ་ཐམས་ཅད་མེད་པ་ལ་རབ་ཏུ་དགོད་པར་བྱའོ།། ཀྱེ་མ་སེམས་ཅན་འདི ་ངག་ནི་སྡུག་བསྔལ་དང་ཡིད་མི་བདེ་བ་དང་འཁྲུག་པ་མང་བ། སྡུག་པ་དང་མི་སྡུག་པར་འབྲེལ་པ། མྱ་ངན་དང་སྨྲེ་ངག་འདོན་པ་དང་བཅས་པའི་རྗེས་སུ་རྒྱུ་བ། སྲེད་པའི་སྒྲོག་ཏུ་བཅུག་པ། ཁམས་གསུམ་པའི་མ ་རིག་པའི་ཐིབས་པོས་ཀུན་ནས་ཁེ་བསྡུ་བ་ཡིན་གྱིས། དེ་དག་བདག་གི་ཁམས་གསུམ་པའི་གནས་ཐམས་ཅད་ལས་བདེན་པ། མྱ་ངན་ལས་འདས་པ་ལྔ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟར་བརྩོན ་པ་དང་བསམ་པ་དང་སྙིང་རྗེ་གཅིག་གི་གཅིག་བརྟན་པར་བྱས་པ་དེ་དག་གི་བསོད་ནས་མངོན་པར་སྤེལ་བ་རྩོམ་མོ།། དེ་ལ་རེ་ཞིག་བཟང་པོ་སྤྱོད་པའི་ཆོ་ག་བཞིན། ཕྱགོ་འཚལ་ལོ་སོགས་གུས་པར་བྱ། དྲེག་ཤུལ ་ཅན་གྱིས་ཞུས་པ་ལས། ཉིན་ལན་གསུམ་མཚན་ལན་གསུམ་དུ་གཙང་བ་དང་གོས་གཙང་བ་མུ་བགོསྭཱ་ཏེ། ཕུང་པོ་གསུམ་པ་བཀླག་པར་བྱའོ་ཞེས་གསུངས་སོ།། དེ་ལ་ཕུང་པོ་གསུམ་ནི་སྡིག་པ་པོཤགས་པ་དང ་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། སངས་རྒྱས་ལ་བསྒྱེལ་བ་ཞེས་བྱ་བ་སྟེ་བསོད་ནམས་ཀྱི་ཕུང་པོ་ཡིན་པའི་ཕྱིར་རོ།། དེ་ལ་ཕྱག་འཚུལ་བ་ནི་སྡིག་པ་བཱ་ཤཱགས་པའི་ནང་དུ་འདུས་ཏེ་སངས་རྒྱུས་ལ་ཕྱག་འཚལ ་ནས་སྡིག་པ་བཤགས་པ་ཞེས་ཉེ་བར་འཁོར་གྱིས་ཞུས་པ་ལས་བསྟན་པའི་ཕྱིར་རོ།། གསོལ་བ་གདབ་པ་ནི་བསྐུལ་པ་དོན་གཅིག་པའི་ཕྱིར་རོ།། མཆོད་པ་ནི་འབྱོར་པ་མེད་པའི་ཕྱིར་མི་རྟག་པས་མ་སྨོསོ་སོ།། ་ཡིད་དང་ངག་གི་ནི་མདོ་སྡེ་གཞན་ལས་གྲགས་པའི་ཕྱིར་མ་བཤད་།། ཚིག་གསུམ་ནི་གཙོ་བོ་ཡིན་པར་ཤེས་པར་བྱའོ།། དེ་ལ་ཕྱག་འཚལ་བ་ནི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པ་ལྟ་བུ་སྟེ། ་ཚིགས་སུ་བཅད་པ་བཞི་དང་། ཇི་ལྟར་སྟོན་པའི་བསྟོད་པ་དང་། བཟང་པོ་སྤྱོད་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་སོ།། མཆོད་པ་ནི་འཕགས་པ་དཀོན་མཆོག་སྦྱིན་གྱི་མདོ་ལས ་ཇི་སྐད་གསུངས་པ་ལྟ་བུ་སྟེ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་མེ་ཏོག་གི་རྣམ་པ་འམ་འབྲས་བུའི་རྣམ་པར་ང་ཡིར་བྱ་བ་མེད་པ་ཡོངས་སུ་བཟུང་བ་མྱེད་པ་གང་ཡིན་པཱ་དེ་རྣམས་ཉིན་ལནྡྲ་གསུམ་མཚན་ལྡན ་གསུམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ལོ།། དགེ་བའི་རྩ་བ་དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡངསུ་བསྔོའོ།། དེ་བདུག་པའི་ཤིང་ངམ་སྤོས་ཀྱི་ཤིང་ངམ་རིན་པ ་ཆེའི་ཤིང་ངམ་དཔག་བསམ་གྱི་ཤིང་ངམ་མེ་ཏོག་གི་ཤིང་ངམ་འབྲས་བུའི་ཤིང་ང་ཡིར་བྱ་བ་བ་མེད་པ་ཡོངས་སུ་བཟུང་བ་མེད་པ་གང་ཡིན་པཱ་དེ་ལྟ་བུ་དེ་དགེ་ཀྱང་ཉིན་ལྡན་གསུམ་མཚན་ལན་གསུམ་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ་ལོ་ཞེས་བྱའོ།། དམ་ཚིག་གསུམ་བཀོད་པོའི་རྒྱལ་པོ་ལས་ཀྱང་ཐང་ལས་སྐྱེད་པའི་རིན་པོ་ཆེའི་རི་རྣམས་དེང་ཆུ་ལས་སྐྱེས་པའི་རིན་པོ་ཆེའི་རི་རྣམས་དང་ཐང་ལས་སྐྱེས ་པའི་རིན་པོ་ཆེ་ལ་སོགས་པ་ཕྱོགས་བཅུ་ན་རྣམ་པར་གནོས་པ་ང་ཡིར་བྱ་བ་མེད་པ་ཡོངས་སུ་བཟུང་བ་མེད་པ་རྣམས་འབུལ་ཞེས་གསུངས་སོ།། ཕྱོགས་འདིས་སྨན་ཐམས་ཅད་དང་བཅུད་ཀྱིས་ལེན་ཐམས་ཅད་ངང་ཆུ ་ཐམས་ཅད་དང་། ཁ་ན་མ་ཐོ་བ་མེད་པའི་ཆུའི་དཀྱིལ་འཁོར་ཐམས་ཅད་དང་གསེར་གྱི་དཀྱིལ་འཁོར་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཆགས་པ་རྣམས་ན་རོ་དང་རེག་པ་མཆོག་སུ་ཕུན་སུམ་ཚོགས་པའི་ས་ཞག་དང ་བདུད་རྩིའི་སྨྱུ་གུ་དང་མ་སྨོས་མ་བཏབ་པའི་འབྲས་བུ་སཱ་ལུ་དང་བྱང་གི་སྒྲ་མི་སྙུན་གླིང་དང་འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་རྣམས་ན་ཡོད་པ་མཆོག་ཏུ་ཉམས་དགའ་བའི་ལོངས་སྤྱོང་རྣམས་འབུལ་ལོ།། འཕགས ་པ་དཀོན་མཆོག་སྤྲིན་ལས་འདི་སྐད་དུ། དེ་མདོ་སྡེ་རྣམས་ལས་མཆོད་པ་དང་རིམ་གྲོ་བྱ་བ་རྒྱ་ཆེན་པོ་རྒྱ་ཆེ་བ། གང་ཡིན་པ་དེ་ལྟ་བུ་དག་ཉན་ཅིང་། དེ་དག་སྙིང་ཐག་པ་ནས་ལྷག་པའི་བསམ་པ་མཆོག་གིས་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཡོངས་སུ་བསྔོའོ་ཞེས་བྱ་བ་དང་། དེ་བཞིན་དུ་མཆོད་པ་དང་རིམ་གྲོ་སྣ་ཚོགས་བྱ་བ་རྗེས་སུ་སེམས་སོ་ཞེས་གསུངས་སོ།། བཤགས་པ་ནི་སྔར་བརྗོད་པ་ཉིད་དོ།། འཕགས་པ ་བློ་གློས་མི་ཟད་པའི་མདོ་ལས་ནི་བདག་དང་གཞན་གྱི་སྡིག་པ་བཤགས་པ་ནི་བསོད་ནམས་ཀྱི་ཚོགས་སུ་བརྗོད་དོ།། རྗེས་སུ་ཡི་རུང་བ་ནི་བཟང་པོ་སྤྱོད་པའི་ཚིགས་སུ་བཅད་པ་འམ། ཟླ་བ་སྒྲོན་མའི་རྗེས་སུ་ཡི་རང ་ངོའི་ལེའུ་ལས་སོ།། གསོལ་བ་གདབ་པ་ནི་བཟང་པོ་སྐྱེད་པ་ཉིད་ཀྱིས་སོ།། ཡོངས་སུ་བསྔོ་བ་ནི་མཐའ་དག་བཟང་པོ་སྤྱོང་པ་ཉིད་དུ་རྫོགས་པ་འམ། རྡོ་རྗེ་རྒྱལ་མཚན་གྱི་ཡོངས་སུ་བསྔོ་བ་ཡང་ཡིན་པར་བལྟའོ།། ་ཡང་ན་སྣ་བཅུ་པ་ལས་གསུངས་པའི་སྨོན་ལམ་ཆེན་པོ་རྣམས་ཏེ། འདི་ལྟ་སྟེ། སངས་རྒྱས་མ་ལུས་པ་ལ་མཆོད་པ་དང་། རིམ་གྲོ་ལྷག་མ་མེད་པ་མཐའ་དག་བྱ་བའི་ཕྱིར་རྣམ་པ་ཐམས ་ཅད་ཀྱིས་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲང་བར་སངས་རྒྱས་འབྱུང་བ་བགྲངས་པ་ཐམས་ཅད་ཀྱི་མཆོད་པ་དང་རིམ་གྲོ་ཆེན་པོ་བྱ་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་དང་པོ་མངོན ་པར་བསྒྲུབ་བོ།། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པའི་ཆོས་ཀྱིས་ཚུལ་ཡང་དག་པར་བཟུང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཡང་དག་པར་ཡོངསུ་བཟུང་བ་དང་། ཡང་དག ་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པར་རྒྱ་ཆེ་བ། ན་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ ་པ་བགྲང་བར་སངས་རྒྱས་འབྱུང་བ་བགྲང་བ་ཐམས་ཅད་ཀྱིས་དམ་པའི་ཆོས་ཡོངས་སུ་བཟུང་བ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་གཉིས་པ་མངོན་པར་བསྒྲུབ་བོ།། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་རབ ་འབྱམ་མ་ལུས་པ་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་དགའ་ལྡན་གྱི་ཕོ་བྲང་ན་བཞུགས་པ་ཐོག་མར་མཛད་དེ། འཕོ་བ་དང་གཤེགས་པ་དང་། ལྡུམྦ་ན་བཞུགས་པ་དང་། བལྟམས་པ་དང་། གཞོན ་ནུ་རོལ་པ་དང་། བཙུན་མོའི་རང་བཞིན་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་འདུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཡོངས་སུ་མྱ་དྲན་ལས་འདས་པ་ཆེན་པོ་སྟོན་པའི་དྲུང་དུ་འགྲོ་ཞིང་མཚང་བ་དང་ཆོས་ཀྱི་ཡང་དག་པར་སླུ་བའི་སྦྱོར་བ་སྔོན་དུ་འགྲོ་བས་ཐམས་ཅད་དུས་གཅིག་ཏུ་བསྒྲུབ་པའི་ཕྱིར ་ཆོས་ཀྱི་དབྱིངས་ཀྱི་མཐས་ཀླས་པར་རྒྱ་ཆེ་བ། ན་མཁའི་ཁམས་ཀྱི་མཐའ་གཏུགས་པ། ཕྱི་མོའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པར་སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་གན་དུ་འགྲོ་བ་རྒྱུན་མི་འཆད་པའོ ་པའི་སྨོན་ལོམ་ཆེན་པོ་མངོན་པར་བསྒྲུབ་བོ།། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཤིན་ཏུ་རྒྱས་པ་ཆེ་བ་ཚད་མེད་པ། ཐ་མི་དད་པ། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱ་བའི་གདམས་དངག་དང་རྗེས ་སུ་བསྦྱིན་པ་རབ་ཏུ་ཐམས་ཅད་ཀྱིས་བཱཾ་སྨྲས་པ། སཾ་ཡོངས་སུ་སྦྱོང་བ། ཡན་ལག་དང་། ཉེ་བའི་ཡན་ལག་ཏུ་བཅས་པ་བསྒྲུབ་པ་དང་། མཚན་ཉིད་འདྲ་བ་དང་། མི་འདྲ་བ་དང་། འདྲི་བ་དང་། རྒྱས་པ་དང་བཅས་པའི་བྱེང ་ཆུབ་སེམས་དཔའི་སྤྱོད་པར་གྱུར་པའི་སིའི་ལམ་ཐམས་ཅད་ཇི་ལྟར་བ་བཞིན་དུ་སྟོན་པས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱ་བའི་གདམས་ངག་དང་རྗེས་སུ་བསྟན་པ་རབ་ཏུ་སྦྱིན་པས་བསྟན་པའི་སེམས་བསྐྱེད་པ ་མངོན་པར་བསྒྲུབ་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བྱ། ན་མཁའི་ཁམས་ཀྱི་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲད་པར་སྤྱོད་པ། བགྲང་བ་ཐམས་ཅད ་དུ་རྒྱུན་མི་འཆད་པར་མངོན་པར་བསྒྲུ་བ་པའི་སྨོན་ལམ་ཆེན་པོ་བཞི་པ་མངོན་པར་བསྒྲུབ་བོ།། འདི་ལྟ་སྟེ། སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་གཟུགས་ཅན་དང་། གཟུགས་མེད་དང་། འདུ་ཤེས་ཅན་དང་། འདུ ་ཤེས་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་དང་། སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོང་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། ཁམས་གསུམ་དུ་གཏོགས་པ། འགྲོ་བ་དྲུག་ཏུ་འདུས ་པ། སྐྱེ་བ་ཐམས་ཅད་དུ་གཏོགས་པ་མང་དང་གཟུགས་ཀྱིས་བསྡུས་པའི་སེམས་ཅན་མ་ལུས་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བར་སངས་རྒྱས་ཀྱི་ཆོས་ལ་གཟུང་བ་དང་འགྲོ་བ་བགྲངས་པ་ཐམས་ཅད་གཅད་པ་དང ་ཐམས་ཅིད་མཁྱེན་པའི་ཡེ་ཤེས་རབ་ཏུ་དགོད་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱི་མཐོས་གཏོགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲང་བར་སེམས་ཅན་གྱིས་ཁམས ་བགྲང་བ་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་རྒྱུན་མི་འཆང་བའི་སྨོན་ལམ་ཆེན་པོ་ལྔ་པོ་མངོན་པར་བསྒྲུབ་བོ། འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཤིན་ཏུ་རྒྱས་པ་དང་། ཐ་གྲུ་ཆེ་བ་དང་། ཚད་མེད་པ་དང་། ཕྲ་བ་དང་། ་རགས་པ་དང་། སྣརེལ་ཞི་དང་། སྤྱིའུ་ཚུགས་དང་། ངོས་ཕྱལ་བ་དང་། འཇུག་པའི་ཁྱིམ་ཅན་དང་། མིག་འཕྲུལ་ལྟར་རྣམ་པར་ཕྱེ་བ་དང་། ཕྱོགས་བཅུ་རྣམ་པ་ཐ་དད་པ་རྣམ་པར་འབྱེད་པ་ལ་འཇུག་པ་ལ་མ་ལུས་པ་ཡེ་ཤེས ་ཀྱི་ཁོང་དུ་ཆུད་པར་བྱ་ཞིང་མངོན་དུ་འགྱུར་བར་བྱ་བའི་ཕྱིར།། ཆོས་ཀྱི་དབྱིངས་ཀྱི་ཀླས་པར་རྒྱ་ཆེ་བ། ནམ་མཁའི་ཁམས་ཀྱིས་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲང་བ་འཇིག་རྟེན་གྱི་ཁམས ་བགྲངས་པོ་ཐམས་ཅད་དུ་འཇུག་པ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་དྲུག་པ་མངོན་པར་བསྒྲུབ་བོ།། འདི་ལྟ་སྟེ། ཞིང་ཐམས་ཅད་ཞིང་གཅིག་དང་། ཞིང་གཅིག་ཞིང་ཐམས་ཅད་དུ་ཡང་དག་པར་གཞོལ་བར་བྱ་བ ་ཡོངས་སུ་སྦྱོང་བ་དང་། སངས་རྒྱས་ཀྱི་ཞིང་ཚད་མེད་པ་དག་འོད་དང་རྣམ་པར་བཀོད་པའི་རྒྱན་གྱིས་རབ་ཏུ་བརྒྱན་པ་དང་། ཡོངས་སུ་དག་པའི་ལམ་དང་ལྡན་པས་ཉོན་མོངས་པ་ཐམས་ཅད་བསལ་བ་དང་། སེམས་ཅན་ཡེ ་ཤེས་ཀྱི་འབྱུང་གནས་ཚང་མེད་པས་རབ་ཏུ་གང་བ་དང་། སངས་རྒྱས་ཀྱི་ཡུལ་རྒྱ་ཆེན་པོ་ལ་ཡང་དག་པར་གཞོལ་བ་དང་། སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྟན་ཅིང་ཤིན་ཏུ་ཚིམ་པ ་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ན་མཁའི་ཁམས་ཀྱི་མཐོས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པར་སངས་རྒྱས་ཀྱི་ཞིང་བགྲངས་པ་ཐམས་ཅད་ཡོངས་སུ་སྦྱོང་བ་རྒྱུན ་མི་འཆང་བའི་སྨོན་ལམ། ཆེན་པོ་བདུན་པ་མངོན་པར་བསྒྲུབ་བོ།། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསམ་པ་དང་སྦྱོར་བ་གཅིག་པར་བྱ་བ་དང་། འགྲན་ཟླ་མེད་པའི་དགེ་བའི་རྩ་བ ་བསག་པར་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དམིགས་པ་གཅིག་པས་མཉམ་པ་ཉིད་དུ་བྱ་བ་དང་། རྟག་ཏུ་རྒྱུན་མི་འཆང་བའི་བྱང་ཆུབ་སེམས་དང་འགྲོགས་ཤིང་མི་འབྲལ་བར་བྱ་བ་དང་། སངས ་རྒྱས་འབྱུང་པོ་ཅི་དགར་བསྟན་པར་བྱ་བ་དང་། རང་གི་སེམས་བསྐྱེད་པར་དེ་བཞིན་གཤེགས་པའི་མཐུ་ཡེ་ཤེས་ཀྱི་ཁོངས་དུ་ཆུད་པར་བྱ་བ་དང་། མཉམས་ཤིང་རྗེས་སུ་འགྲོ་བའི་མངོན་པར་ཤེས་རབ་ཏུ་ཐོབ་པར་བྱ་བ ་དང་། འཇིག་རྟེན་གྱི་ཁམ་སྤྱནྟ་རྣམས་པར་རྒྱུ་བར་བྱ་བ་དང་། འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་སྣང་བ་ཐོབ་པར་བྱ་བ་དང་། སྐྱེ་བ་ཐམས་ཅད་དུ་རང་གི་ལུས་རྗེས་སུ་འགྲོ་བར་བྱ་བ་དང་། ཐེག་པ་ཆེན་པོ ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པོར་རྒྱ་ཆེ་བ། ན་མཁའི་ཁམས་ཀྱིས་མཐེས་གཏུགོས་པ། ཕྱི་མའི་མཐའི་མུར ་ཐུག་པ། བསྐལ་པ་བགྲངས་པར་སྤྱོད་པ་བགྲངས་པ་ཐམས་ཅད་ཐེག་པ་ཆེན་པོ་ལ་འཛུད་པ་རྒྱུན་མི་འཆང་བའི་སྨོན་ལམ་ཆེན་པོ་བརྒྱད་པ་མངོན་པར་བསྒྲུབ་བོ། འདི་ལྟ་སྟེ། ཕྱིར་མི་ལྡོག་པའི་འཁོར་ལོ་ལ ་ཡང་དག་པར་གནས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱ་བ་དང་། ལུས་དང་ངག་དང་ཡིད་ཀྱི་ལས་དོན་ཡོད་པར་བྱ་བ་དང་། མཐོང་མ་ཐག་ཏུ་སངས་རྒྱས་ཀྱི་ཆོས་ངེས་པར་ཐོབ་པར་བྱ་བ་དང་། དབྱངས་བརྗོད ་མ་ཐག་ཏུ་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བ་དང་། དོད་པར་གྱུར་མ་ཐོག་ཏུ་ཉོན་མོངས་པ་ལྡོག་པར་བྱ་བ་དང་། སྨན་གྱི་རྒྱལ་པོ་ཆེན་པོ་ལྟ་བུའི་ལུས་ཐོབ་པར་བྱ་བ་དང་། ཡིད་བཞིན་གྱི་ནོར་བུའི་ལུས་ཐོབ་པར་བྱ་བ་དང་། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཚོན་པོའི་སྤྱོད་པ་སྤྱད་པའི་ཕྱིར། ཆོས་ཀྱི་དབྱིངས་ཀྱིས་ཀླས་པར་རྒྱ་ཆེ་བ། ན་མཁའི་ཁམས་ཀྱིས་མཐས་གཏུགས་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐལ་པ་བགྲངས་པར ་སྤྱོད་པ་བགྲངས་པ་ཐམས་ཅད་དོན་ཡོད་པར་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་དགུ་པ་མངོན་པར་བསྒྲུབ་བོ།། འདི་ལྷུ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བློ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན ་པོར་རྫོགས་པར་སངས་རྒྱས་པར་བྱ་བ་དང་། སྐུའི་ཁྱོན་གཅིག་ལསྣ་མ་འདས་པའི་ནང་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དུ་སྐྱེ་བ་དང་། བྱིས་པའི་ལམ་པ་ཅིག་དང་ཐ་དད་པར་བྱིས་པའི་ལམ་ཐམས་ཅད་དུ་སྐྱེ་བ ་དང་། བྱང་ཆུབ་སྙིང་པོར་གཤེགས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་བརྟན་པར་བྱ་བ་དང་། སངས་རྒྱས་ཀྱི་ཡུལ་ཆེན་པོ་མཐུ་དང་ཡེ་ཤེས་ཀྱི་རྗེས་སུ་འགྲོ་བས་སོམས ་ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ། སངས་རྒྱས་འབྱུང་བར་ངལ་བ་དལ་བ་ལ་རྟོགས་པར་བྱེད་ཞི་བར་བྱེད་ཐོབ་པར་བྱེད་ཅིང་བསྟན་པར་བྱ་བ་དང་། གཅིག་མངོན་དུ ་ཡང་དག་པར་རྟོགས་པས་ཆོས་ཀྱི་དབྱིངས་ཐམས་ཅད་མྱ་ངན་ལས་འདས་པས་རྒྱས་པར་བྱ་བ་དང་། དབྱངས་གཅིག་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཚིམ་པར་བྱ་བ་དང་། ཡོངས་སུ་མྱ་ངན་ལས ་འདས་པ་ཆེན་པོ་བསྟན་ཀྱང་སྤྱོད་པའི་སྟོབས་རྒྱུན་མི་འཆད་པ་དང་། ཡེ་ཤེས་ཆེན་པོས་ཆོས་ཐམས་ཅད་འབྱུང་བར་བྱེད་པ་བསྟན་པར་བྱ་བ་དང་། ཆོས་ཤེས་པ་དང་། རྫུ་འཕྲུལ་དང་སྒྱུ་མའི་མངོན་པར་ཤེས ་པུབྱས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱས་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་ཀླས་པཱར་རྒྱ་ཆེ་བ། ན་མཁའི་ཁམས་ཀྱི་མཐུས་གཏུགསོ་པ། ཕྱི་མའི་མཐའི་མུར་ཐུག་པ། བསྐུལ་བ་བགྲང་པརྱ་མངོན་པ ་རྫོགས་པར་བྱང་ཆུབ་པ་བགྲངས་པ་ཐམས་ཅད་དུ་ཐེག་པ་ཆེན་པོ་མངོན་པར་སྒྲུབ་པ་རྒྱུན་མི་འཆད་པའི་སྨོན་ལམ་ཆེན་པོ་བཅུ་པོ་མངོན་པར་བསྒྲུབ་སྟེ། སྨོན་ལམ་བཅུ་པོ་འདི་དག་མངོན་པར་བསྒྲུབ་པོ་ཞེས་བྱ་བུའོ།། ། ་འདི་བསྒོམ་པའི་ཚེ་ཐམས་ཅད་ལ་ཡང་ཡོངས་སུ་བསྔོའོ་ཞེས་བྱ་བ་སྐྱེར་རོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་ཐར་པ་ལས་གསུངས་པ་དེ་ཡང་འདི་ཡང་འདི་ལྟར་བྱ་སྟེ། དགེ་བོའི ་བ་འདི་སེམས་ཅན་ཐམས་ཅད་གཡང་སའི་འཇིགས་པ་དང་བྲལ་བར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། སེམས་ཅན་ཐམས་ཅད་ཀྱི་རྒྱུན་ལས་བྱུང་བའི་འཇིགས་པ་རབ་ཏུ་ཞི་བར་བྱ་བ་དང་། སེམས་ཅན་ཐམས ་ཅད་ཀྱི་རྨོངས་པའི་འཇིགས་པ་བཟློག་པའི་ཕྱིར་ཡོངས་སུ་བསྔོའོ།། སེམས་ཅན་ཐམས་ཅད་ཀྱི་བཅིང་བའི་འཇིགས་པ་གཅད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྲོག་འཆད་པར་བྱེད་པའི་འཇིགས་པ་རྣམ་པར ་བཟློག་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཡོ་བྱད་དང་བྲལ་བུའི་འཇིགས་པ་བསྩལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་འཚོ་བ་མེད་པའི་འཇིགས་པ་ཉེ་བར་ཞི་བར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི ་ཚིགསུ་བཅད་པ་མེད་པའི་འཇིགས་པ་ལས་ཤིན་ཏུ་བཟླ་བའི་ཕྱིར་ཡོངས་སུ་བསྔོའོ།། སེམས་ཅན་ཐམས་ཅད་འཁོར་བའི་འཇིགས་པ་ཉེ་བར་ཞི་བར་བྱ་དང་། སེམས་ཅན་ཐམས་ཅད་འཁོར་གྱི་ནང་དུ་བག་ཚ་བའི ་འཇིགས་པར་དང་བྲལ་བར་བྱ་བ་དང་། སེམས་ཅན་ཐམས་ཙོད་འཆི་བའི་འཇི་གསྟྲ་པ་ལས་ཤིན་ཏུ་ཟློག་པ་དང་། སེམས་ཅན་ཐམས་ཅད་དྲན་འགྲོའི་འཇིགས་པ་ལས?་རྣམ་པར་བཟློག་པར་བྱ་བ་དང་། སེམས ་ཅན་ཐམས་ཅད་ཡང་བའི་འགྲོ་བ་མུན་པ་མུན་ནག་ཅན་བཟློག་པ་ལ་སྣང་བར་བྱེ་བའི་ཕྱིར་ཡོངས་སུ་བསྔོའོ།། སེམས་ཅན་ཐམས་ཅད་རིས་མི་མཐུན་པ་དང་ཕྲད་པའི་འཇིགས་པ་དང་ཤིན་ཏུ་བྲལ་བར་བྱ་བ་དང་། ་སེམས་ཅན་ཐམས་ཅད་ཀྱི་སྡུག་པ་དང་བྲལ་བའི་འཇིགས་པ་འགག་པ་དང་། སེམས་ཅན་ཐམས་ཅད་ཀྱི་མི་སྡུག་པ་དང་འགྲོགས་པའི་འཇིགས་པ་བསལ་བ་དང་། སེམས་ཅན་ཐམས་ཅད་ལུས་ལ ་ཡོངས་སུ་གནོད་པའི་འཇིགས་པ་དང་བྲལ་བར་བྱ་བ་དང་། སེམས་ཅན་ཐམས་ཅད་སེམས་ལས་ཡོངས་སུ་གནོད་པའི་འཇིགས་པ་ལས་ཐར་པར་བྱ་བ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་ཡིད་མི་བདེ་བ་དང་། ་འཁྲུག་པ་ལས་ཡང་དག་པར་ཟླ་བའི་ཕྱིར་ཡོངས་སུ་བསྔོའོ།། ཞེས་བྱ་བའོ།། མདོར་ན་བཟང་པོ་སྤྱོད་པ་ལས་ཚིགས་སུ་གཅད་པ་གཉིས་འབྱུང་བ་འདི་ནི་ཡོངས་སུ་བསྔོ་བ་བླ་ན་མེད་པ་སྟེ། འཇམ་དཔལ་དབའོ་ཇི ་ལྟར་མཁྱེན་པ་དང་། ཀུན་ཏུ་བཟང་པོ་དེས་ཀྱང་དེ་བཞིན་ཏེ། དེ་དག་ན་གི་ནི་རྗེས་སུ་བདག་སློབ་ཅིང་།། དགེ་བ་འདི་དག་ཐམས་ཅད་ཡོངས་སུ་བསྡུའོ།། དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས།། བསྔོ་བ ་གང་ལ་མཆོག་ཏུ་བསྔགས་པ་དེས།། བདག་གི་དག་པ་འདི་དག་ཐམས་ཅད་ཀྱང་། བཟང་པོ་སྤྱོད་པ་མཆོག་ཕྱིར་བསྔོ་བར་བགྱི་ཞེས་འབྱུང་བའོ།། བསླབ་པ་ཀུན་ལས་བཏུས་པ་ལས་ལེའུ་བཅུ་དྲུག་པའོ།། ་བམ་པོ་བཅུ་གསུམ་པའོ།། ཕྱག་འཚལ་བ་ལ་སོགས་པ་བཤད་པ་ངེས་བསོད་ནམས་འཕོལ་བར་གྱུར་པར་ཅི་མངོན་ཞེ་ན། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས་ཤེས་ཏེ། དེ་ལས་འདི་སྐད་དུ། ངས ་ནོ་གང་དག་བསྟན་པ་ལ།། མི་ཁོམ་བརྒྱད་པོ་དེ་དག་སྦྱོང་།། སངས་རྒྱས་འབྱུང་བ་རབ་མཛེས་པ། མཉེས་པར་བྱེད་འདི་ངལ་བ་གཅིག། མདོག་ལྡན་གཟུགས་ནི་ཕུན་ཚོགས།། མཚན་གྱིས་ལེགས་པར་བརྒྱན་པ་དང་། མཐུ ་དང་སྟོབས་དང་ལྡན་པར་འགྱུར།། ལེ་ལོ་ཅན་དུ་དེ་མི་འགྱུར།། དེ་ནི་ཕྱུག་ཅིང་ནོར་ཆེར་འགྱུར།། བསོད་ནམས་ལྡན་ཞིང་རྫི་བ་བ་མེད།། འཇིག་རྟེན་སྒྲོན་མ་མཉེས་བྱས་ནས།། ཡང་དང་ཡང་དུ་བསྟི་སྟང་བྱེད།། ཚོང ་དཔོན་ཁྱིམ་དང་རྒྱས་པ་དང་། ཕྱུག་པོ་རྣམས་སུ་སྐྱེ་བར་འགྱུར། དཔའ་ཞིང་སྦྱིན་པའི་བདག་པོར་འགྱུར།། ལྷུག་པར་གཏོང་ཞིང་སེར་སྣ་མེད།། རིས་བསྐོར་རྒྱ་མཚོ་ཚུན་ཆད་ཀྱིས།། ཀུན་ལ་ནི་དེ་བརྟེན་ཅིང་།། དེ་ནི་མངའ་བད། ་གླིང་བཞི་ཡི།། དབང་ཕྱུག་རྒྱལ་པོ་ཆོས་ལྡན་འགྱུར།། འཁོར་ལོས་སྒྱུར་བ་རྫུ་འཕྲུལ་ཆེ།། རིན་ཆེན་བདུན་དང་ལྡན་པར་འགྱུར།། རྒྱལ་སྲིད་གནས་ནས་སངས་རྒྱས་ལ།། ཡང་དང་ཡང་དུ་བསྟི་སྟང་བྱེད། འདི་ནས་ཤི་འཕོས ་མཐོ་རིས་སུ།། སོང་ནས་སངས་རྒྱས་བསྟེན་ལ་དང་།། ལྷུན་པོའི་སྟེང་གི་དབང་ཕྱུག་པོ།། ལྷའི་དབང་པོ་བརྒྱ་བྱིན་འགྱུར།། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།། མི་གང་བསྐོར་བ་བྱེད་པ་ཡི།། བསྡོགས་པ་བསྐལ་པ་བྱེ་བར ་ཡང་། བརྗོད་པས་ཟད་པར་བྱ་བ་ནུས།། སུ་ཞིག་བྱང་ཆུབ་སེམས་བསྐྱང་ནས།། སྟོན་པའི་མཆོད་ཕྱག་འཚོལ་བ།། དེ་ནི་བསྐལ་པ་བྱེ་བར་ཡང་།། ནམ་ཡང་ལོང་ཞིང་མཐོང་མི་འགྱུར།། མཆོད་རྟེན་བསྐོར་བ་བྱས་ནས་ནི།། ་བརྩོན་འགྲུས་བརྟན་ཞིང་མཐུ་བརྟནཱ་ལ། བརྟན་ཞིང་རྣམ་པར་གནོན་བརྟན་དང་། དེ་ནི་མྱུར་དུ་མཁས་པར་འགྱུར།། གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ།། བསྐལ་པ་བྱེ་བ་གཞལ་བྱས་བསྟི ་སྣང་བྱས་པ་བྱས།། གང་ཞིག་ཕྱི་མ་མི་ཟད་བསྐལ་པ་འདི་ལ་ནི།། མཆོད་རྟེན་ཕྱག་འཚལ་དེའི་བསོད་ནས་ཤིན་ཏུ་ཆེ།། སངས་རྒྱས་དམ་པ་སྦྱིན་གནས་མཚུངས་པ་མེད་གྱུར་པ། སྤྱོད་པ་དམ་པ་སྤྱད་ནས་ཁྱད་པར་བརྙེད་གྱུར་པ།། ་མི་ཡཽ་ཁྱུ་མཆོག་དེ་ལ་འདིར་ནི་མཆོང་བྱས་ན།། རྣམ་པར་སྨིན་པ་དམ་པ་མཚུངས་མེད་རང་བཞིན་འགྱུར།། མི་ཡི་ནང་ནས་ཤི་འཕོས་ནས།། སུམ་ཅུ་གསུཾ་འགྲོ་བར་འགྱུར།། དེར་ནི་ཚོན་སྣ་ཚོགས་ཀྱིས།། གཞལ་མེད་ཁང་པ་ཐོབ་པ ་འགྱུར།། མཆོད་རྟེན་ཕྲེང་བ་འདྲིར་ཕུལ་ན།། ཁང་བཟང་ངག་དང་ཁང་བརྩེགས་པ། ལྷ་ཡི་བུ་མོས་བསྙེན་པ་རྣམས།། སུམ་ཅུ་རྩ་གསུམ་སྦྱོད་པར་འགྱུར།། ཡན་ལག་བརྒྱད་ལྡན་ཆུས་གང་ཞིག། གསེར་གྱི་བྱེ་མ་བངལ་གྱུར་པ།། ་བཻཌཱུརྱ་དང་ཤེལ་དག་གི། ལྷའི་རྫིང་བུ་ཐོབ་པར་འགྱུར།། དེར་ནི་ལྷའི་དགའ་སྤྱང་ནས།། མཁས་པས་ཚེ་ཚད་རྫོགས་པར་འགྱུར།། ལྷ་ཡི་འཇིག་རྟེན་ཤི་འཕོས་ནས།། མི་ནང་ལོངས་སྤྱོད་ཆེན་པོར་འགྱུར།། མཆོད་རྟེནི་ཕྱུང ་འབུལ་བྱེད་པ།། ཚེ་རབས་བྱེ་བ་སྟོང་རྣམས་དང་། ཁྲག་ཁྲིག་ངག་ནི་བརྒྱ་བགྲང་པ།། ཀུན་ཏུ་བཀུར་བསྟི་བྱས་པར་འགྱུར།། མཆོད་རྟེན་ཕྲེང་བ་འབུལ་བྱེད་པ།། དེ་ནི་འཁོར་ལོས་སྒྱུར་རྒྱལ་འགྱུར།། བརྒྱ་བྱིན་ལྷ་ཡི ་དབང་ཕྱུག་འགྱུར།། ཚངས་པའི་འཇིག་རྟེན་ཚངས་པར་འགྱུར།། འཇིག་རྟེན་མགོན་པོ་སྐྱོབ་པ་ལ།། དར་གྱི་དབུལ་བ་ལ་ཕུལ་བྱས་ན།། ལྷ་ཡི་དགས་དང་མི་རྣམས་ཀྱི།། དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར།། འཇིག ་རྟེན་མེ་གོན་པོ་སྐྱོབ་པ་ལ།། ཕྲེང་བའི་ཁང་པ་བྱས་ནས་ནི།། དེ་ཡི་གཡོག་འཁོར་མི་ཕྱེད་ཅིང་། རྒྱལ་འབྱོར་པ་ཆེན་པོར་འགྱུར།། འཕགས་པ་རྣམས་ཀྱི་གང་སྤངས་པ།། སྡིག་པའི་ལས་ནི་སྤོང་བར་བྱེད། རྫོགས་སདྨ ་རྒྱས་ཀྱི་བཤད་པ་ཡི།། དགེ་བའི་ལས་ལ་རྟོན་པར་བྱེད།། ལྷ་འམ་འོན་ཏེ་ཀླུ་རྣམས་སམ།། འཇིག་རྟེན་དག་ན་གང་མཁས་པ།། དེ་དག་དགའ་ཞིང་མགུ་པ་དང་།། སྟི་སྟང་བྱས་ཤིང་བསྔགས་པར་འགྱུར།། བརྟན ་པོ་དེ་ནི་གར་སྐྱེས་པར།། བསོད་ནམས་གཟི་ཡིསྔ་ཤིནི་ཏུ་བརྗིད།། ཡུལ་འཁོར་དགྲ་དང་གྲོང་ཁྱེར་དང་།། རིགས་དེར་བསྟི་སྣང་བྱས་པར་འགྱུར།། གང་གི་སྤོས་ཆུད་ཡུངས་འབྲུ་ཙམ་བླངས་ཏེ། བཅོམ་ལྡན་མཆོད་རྟེན ་ལ་ནི་གངག་བྱེད་པ།། དེ་ཡི་ཕན་ཡོན་བརྗོད་ཀྱིས་སེམས་དང་ཞིང་།། སྡུག་དང་དྲི་མ་སྤངས་ལ་མཉན་པར་གྱིས།། དེ་ནི་བསོད་ནམས་ལྡན་ཞིང་ཕྱོགས་ཀུན་རྒྱུ།། ནད་མེད་གྱུར་ཅིང་བློ་བརྟན་བག་ཡོད་ལྡན།། ་སྤྱོད་པ་རྣམ་ར་རྣམ་པར་སྤྱོད་ཚ་མྱ་ངན་འདུལ།། སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་།། རྒྱལ་སྲིད་ཐོབ་ནས་རྒྱས་མཆོག་བཀུར་འགྱུར།། མཐུ་ཚོན་རབ་མཁས་འཁོར་ལོས་སྒྱུར་འགྱུར་ཏེ།། གསེར་གྱི་མདོག ་ལྡན་མཚོན་གྱི་གོ་ཆ་ཅན།། འཇིག་རྟེན་ཀུན་ན་ཡིད་འོང་རྫི་ལྡན་ཐོབ།། བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན།། དེ་ནི་བཅོས་མ་ཐག་ཏུ་གོས་མཆོག་ཐདཔག ་གོས་རབ་བཟང་རྙེད།། བཙས་མ་ཐག་ཏུ་དེ་ལུས་ཤིན་ཏུ་བདེ།། གང་ཞིག་གོས་ཀྱིས་བཅོམ་ལྡན་མཆོད་རྟེན་དང་།། འདྲེན་པ་མཚུངས་མེད་རྣམས་ལ་མཆོང་བྱེད་པ།། ང་འདིར་མཚུངས་# ་འཐོབ་སྟེ།། སུམ་ཅུ་རྩ་གཉིས་མཚན་གྱི་མེ་ཏོག་རྒྱས། བཅོམ་ལྡན་མཆོད་རྟེན་གོས་ཀྱིས་དཀྲིས་བྱས་ན།། ལག་མཐིལ་ནས་ནི་མུ་ཏིག་ཕྲེང་མཛེས་པ།། སྣ་ཚོགས་ངག་དང་སེང་གེའི་ཕྲེང་བ་དང་། ་གསེར་སྐུད་རབ་མཛེས་བསྐལ་པ་མཐའ་ཡས་འབྱུང་།། འཇིག་རྟེན་སངས་རྒྱས་འགྱུར་ཞེས་མོས་བསྐྱེད་དེ།། བཅོམ་ལྡན་མཆོད་རྟེན་པ་ངན་ཕུལ་བྱས་ན།། དེ་ནི་སྐྱེ་བོ་མང་པོའི་མཆོད་འོས་འགྱུར།། བྱང་ཆུབ་སྐྱེད ་མཆོག་དམ་པ་ཞིབ་སྤྱོད།། རྡུལ་བསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ།། རིང་པོར་མི་ཐོགས་ནོར་མང་རྙེད་པར་འགྱུར།། ཤེས་རབ་མཐའ་ཡསྭ་མཛད་ནི་མང་ལྡན་འོང་།། སམྦས་ཆུང་མི་འགྱུར ་དམན་པའི་སེམས་མི་འགྱུར།། ད་ནི་གཞན་ལ་གནོད་པའི་སེམས་མི་སྐྱེང་།། སེམས་ནི་རབ་དང་རྟག་ཏུ་བག་ཡོད་ལྡན།། དེ་ལ་མེ་དང་དུག་དང་མཚོན་མི་ཚུགས།། སྐྱེ་བོ་ཚོགས་ཆེན་གྱིས་ནི་བལྟ་བར་འགྱུར། ་སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན།། འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར།། སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱིས་གང་།། དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས།། བཅོམ་ལྡན་མཆོད་རྟེན་མར ་མེ་ཕུལ་བྱས་ན།། དེ་ཡི་ལུས་ནི་མདོག་ངན་ཡོང་མི་འགྱུར།། གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ་འདྲ།། སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ།། གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་།། ཡོངས་འབྲུ་དག ་གིས་བྱུ་བུར་གང་གྱུར་པ།། བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས།། བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན།། རྒྱན་གྱི་བརྒྱན་པའི་གཟུགས་མཛེས་བལྟ་སྡུག་པ།། སུ་ཞིག་བཅོམ་ལྡན་མཆོད་རྟེན ་འབུལ་བྱེད་པ།། དེ་འདིར་ལུས་ནི་མཚུངས་པ་མང་འགྱུར་ཏེ།། གང་གི་རྒྱལ་བའི་སྐུ་ནི་རབ་འབར་བ།། སུམ་བཅུ་རྩ་གཉིས་མཚན་གྱིས་བགོས་པར་འགྱུར།། ཁྱད་པར་འཕགས་པའི་གཟུགས་དང་གསེར་འདྲ ་དང་།། འཛམ་གླིང་གསེར་ལྟར་རབ་མཛེས་ལྟ་ན་སྲུག།། མཚན་གྱི་མེ་ཏོག་རྒྱུས་པས་མངོན་དུ་གང་།། མངོན་པར་ཤེས་པ་འཐོབ་ཅིང་དབང་ཆེར་གྲགས།། བྱང་ཆུབ་སྤྱོང་མཆོག་དམ་པ་ཞི་བ་ཡོད།། དེ་ནི་ནམ ་ཡང་ལོངས་སྤྱོད་འགྲིབ་མི་འགྱུར།། ལྷས་ཀྱང་བསྟི་སྟེང་བྱ་ཞིང་མཆོད་པར་འོས།། བརྟན་པ་འདོད་པའི་ལོངས་སྤྱོད་གཞར་མི་དགའ།། ཚུལ་ཁྲིམས་རྣམ་དག་རབ་མཁས་ཚངས་པར་སྤྱོད་།། ཡི་དམ་བཅས་ནས ་ནགས་འདབ་ཉིད་དུ་སོང་།། མངོན་ཤེས་འཐོབ་ཅིང་ཁྱད་པར་འཐོབ་པར་འགྱུར། བཅོམ་ལྡན་མཆོད་རྟེན་རྣམས་ལ་གདུགས་འབུལ་བ།། ཇི་ལྟ་བུར་ཡང་བྱང་ཆུབ་སེམས་མི་འདོར།། བྱམས ་ལ་གནས་ཤིང་མི་དམན་སེམས་སུ་འགྱུར།། དེ་ཡི་ཤེས་པ་ནམས་ཡང་ཉམས་པ་མེད།། རོལ་མོ་སྒྲ་ཡིས་མི་མཆོག་མཆོད་བྱེད་ནི།། མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོར་འོང་།། མཽ་ཡི་འཇིག་རྟེན་ཡིད་འོང་སྒོ་ལྡན ་འགྱུར།། དེ་སྒྲ་ཡན་ལག་ཚང་ཞིང་དག་པར་འོང་།། བཅོམ་ལྡན་མཆོད་རྟེན་རོལ་མོ་སྒྲ་བྱས་ན།། ཤེས་བཞིན་ལྡན་ཞིང་མིག་ནི་རྣམ་དག་འགྱུར།། རྣ་བ་རྣམ་པར་དག་ཅིང་སེམས་ཀྱང་ངག། སྣའི་དབང་པོ་མཆོག་དང ་ལྗོན་པར་འགྱུར།། དེ་ཡི་ལྕེ་ནི་རབ་མཛེས་བ་ན་སྡུག། ཐོག་མར་རབ་མཉེན་མཛེས་ཤིང་སྒྲ་ཡིད་འོང་།། དཔེར་ན་ལྷ་ཡི་རིན་ཆེན་བྱི་རུ་འདྲ།། སྒྲ་སྐད་ཡན་ལག་བྱེ་བ་དཔག་མེད་འབྱིན།། བཅོམ་ལྡན་མཆོད་རྟེན་རོལ ་མྲྀ་སྒྲ་བྱས་ན།། རྣམས་ཀྱང་སྦྲུལ་དུ་མི་འགྱུར་སྟི་མཽད་མིན།། ཞར་པ་སྒུར་པོ་ཡ་ཡོ་ཅན་མི་འགྱུར།། ལུས་ནི་ཁྱད་པར་འཕགས་ཤིང་ཤིན་ཏུ་མཛེས།། བཅོམ་ལྡན་མཆོད་རྟེན་རོལ་མོ་སྐུ་བྱས་ནི།། ལྷ་འམ་ཀླུ་འམ ་མི་མོ་སྐྱོ་འཕྱེ་ཆེ།། སུ་ཡང་དེ་ལས་དང་སྐྱེད་མི་འགྱུར།། དབུགས་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ།། བཅོམ་ལྡན་མྱ་ངན་ལས་འདས་པའི་མཆོད་རྟེན་ཕྱགས།། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟེ ་དུ། ཡན་ལག་མ་སྨད་ཁྱད་འཕགས་ལུས་ཐོབ་ཅིང་།། མཛེས་ལ་མཚན་གྱིས་གོ་ཆར་བྱས་པར་འགྱུར།། བཅོམ་ལྡན་མྱ་ངན་འདས་པའི་མཆོད་རྟེན་ཕྱུགས།། ལྷ་ཡི་ཙ་དན་ཁྱུད་འཕགས་རབ་མཛེས་པའི།། གཞལ ་མེད་ཁང་མཆོག་ཡིད་འོང་དྲི་ལྡན་འཐོབ།། དེ་ནི་དེ་ལ་ནམ་ཡང་སྲེངམི་སྐྱེད།། རྒྱལ་བའི་མཆོང་རྟེན་སྤྲོས་བྱུག་ཕུལ་བྱས་ན།། བཅོམ་ལྡན་འདས་ཀྱིས་བསྟན་པ་འཇིག་འགྱུར་ཚེ།། ཛམྦུ་གླིང་དུ་སྐྱེ་བར ་མི་འགྱུར་ཞིང་།། དེ་ནི་དེ་ཚེ་མཐོ་རིས་བདག་པོར་འགྱུར།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། དྲི་མི་ཞིམ་དང་ཙ་གཙང་སྨད་པ་རྣམས།། རྟག་ཏུ་སྤོང་ཞིང་ཚུལ་ཁྲིམས་ཕུང་པོར་གནས།། དེ་ནི་རྟག ་ཏུ་ཚངས་སྤྱོད་མཆོག་འདི་སྤྱོད།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། འདི་ནས་ཤྲི་འཕོས་མཐོ་རིས་ལྷ་དབང་འགྱུར།། རིང་པོར་མི་ཐོགས་དོན་སྟོང་རྣམས་ལ་རྟོག། ལྷ་རྣམས་ལ་ནི་རྒྱ་ཆེན་དོན ་ཀྱང་བྱེད།། རྒྱལ་བའི་མཆོད་སྤོས་བྱུག་ཕུལ་བྱས་ནི།། ཁྱད་འཕག་ས་ཚིག་ལྡན་སྒྲ་དབྱངས་ཡིད་འོང་འགྱུར།། སྐྱེ་བོ་མང་པོའི་ཡིད་འོང་དགའ་ཞིང་བཀུར།། དུ་ཡི་ཁ་བཞིན་རྟག་ཏུ་གསལ་བར་འགྱུར།། རྒྱལ ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།། དེ་ནི་ངན་སོང་ས་རྣམས་མ་ལུས་སྤོང་།། དེ་བཞིན་གཤེགས་པ་ཉེ་བ་འཐོབ་པར་འགྱུར།། དད་པ་ཐོབ་ཅིང་རྟག་ཏུ་བདེ་བ་དགའ།། བཅོམ་ལྡན་མཆོད་རྟེན་པ་རྒྱ་བསལ ་བྱས་ན། དེ་ནི་མི་ཁོམས་བརྒྱད་པོ་གླན་སྦྱོང་ཞིང་།། དེ་ནི་དུལ་འགྱུར་དེ་ནི་ཁྱད་པར་འཕགས།། དེ་ནི་སངས་རྒྱས་མཚུངས་མེད་མཆོད་པ་བྱེད། བཅོམ་ལྡན་མཆོད་རྟེན་པ་རྒྱུ་བསལ་བྱས ་ན། བག་ཡོད་བློ་གྲོས་བརྟན་ལ་དཔའ་བྱོར་འགྱུར།། འདོད་པའི་ཡོན་དག་ལ་དགའ་མི་བསྒྲེད།། མི་དམན་སེམས་ཀྱིས་མངོན་པར་འཐུང་བར་འགྱུར།། བཅོམ་ལྡན་མཆོད་རྟེན་པ་རྒྱུ་བསྔལ་བྱས་ན།། དེ་ནི་ནམྦྷ་ཀྱ ་བྱང་ཆུབ་སེམས་མི་འདོར།། ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་བསྡམས་པར་འགྱུར།། རྣམ་དགེ་འདོད་ཆགས་བྲལ་བའི་ཆོས་ཀྱང་འཐོབ།། བཅོམ་ལྡན་མཆོད་རྟེན་པ་རྒྱ་བསལ་བྱས་ན།། དེ་ནི་མདོག་དྲན་དུས་རྣམས་རྟག ་ཧཱུཾ་སྦྱོང་།། འཆལ་པའི་ཡེ་ཤེས་མ་ལུས་རྣམ་པར་སྤོང་།། ཤེས་རབ་རྒྱ་ཆེན་གྱུར་ནས་སྤྱོང་ལ་གནས།། བཅོམ་ལྡན་མཆོད་རྟེན་པ་རྒྱུ་བསལ་བྱས་ན།། ཁ་བསྔོ་གཙང་མོ་དག་ཀྱང་རྙེད་འགྱུར་ཞིང་།། ཁྱེད་འཕགས ་ཁ་དོག་ལྡན་ཞིང་བལྟ་སྡུག་པ།། རེག་དང་རབ་མཛེས་གོས་དང་ནོར་རྣམས་འཐོབ།། དང་པིའི་ཤུགས་བསྐྱེད་བཅོམ་ལྡན་མཆོད་རྟེན་ལ།། མེ་ཏོག་སྐམ་པོ་ཉལ་ཉིལ་ཕྱག་བྱས་ན།། འདོད་པ་སྨད་པ་སྡུག་བསྔལ ་བྱེད་པ་སྤོང་སྟོབས་བཅུ་མངའ་བའི་དེང་དཔོན་མཉེས་པར་བྱེད།། མཆོད་རྟེན་མེ་ཏོག་རྙིང་པ་སུ་འཕྱག་པ།། དེ་ནི་མཛེས་ཤིང་རྣམ་དག་ལུས་སུ་འགྱུར།། སྐྱེ་བོ་མང་པོས་མཆོད་འོས་བལྟ་འོས་འགྱུར།། དེ་ལ་རྒྱལ ་བློ་གནོད་པར་སེམས་མི་འགྱུར།། བཅོམ་ལྡན་མཆོད་རྟེན་དག་ལྷ་སྔ་རབས་མིས།། མེ་ཏོག་ཕུལ་བ་སྐམ་པོ་ཕྱགས་བྱས་ན།། ངན་སོང་སའི་ལམ་ངན་ཐམས་ཅད་གཅོད།། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུང་པོ ་པོར་གནས།། མཆོད་རྟེན་མེ་ཏོག་རྙིང་པ་སུ་འཕྱག་པ།། བགྲ་ཡོད་མྱ་ངན་རྣམས་དང་སྐྱོན་རྣམས་སྤོང་།། ནང་རྣམས་མ་ལུས་རྣམ་པར་སྤོངས།། བསྐལ་པ་མཐའ་ཡས་རྣམས་སུ་དབུགས་འབྱིན་འཐོབ།། མཆོད་རྟེན ་མེ་ཏོག་རྙིང་པ་སུ་འཕྱག་པ།། སྦྱིན་གནས་མཚུངས་མེད་སེམས་རྒྱས་འཐོབ་པར་འོང་།། མཚུངས་མེད་ཐོབ་ཅིང་ལྷ་མིས་མཆོད་ངོས་འགྱུར།། རྣམ་ངག་ལུས་ལྡན་རྒྱན་གྱིས་བརྒྱན་པར་འགྱུར།། ལྷ་ཡི་མེ་ཏོག ་རབ་མཛེས་མན་དྷོ་ར།། མཚུངས་མེད་པ་ཏ་ལེ་ཡང་སུ་འབུལ་དང་། མཆོད་རྟེན་མཱ་ཏོག་ཉལ་ཉིལ་སུ་འཕྱག་པ།། དེ་དག་རྣམ་སྨིན་འདྨོ་སྟེ་མཆོག་ཏུ་འགྱུར།། འཇིག་རྟེནཱ་སངས་རྒྱས་འགྱུར་བྱར་མོས་བསྐྱེད་དེ།། ་སྟོན་པའི་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། འཇིག་རྟེན་ངག་ན་བླ་མར་བཀུར་བསྟི་བྱ།། དེ་ནི་མཛེས་ཤིང་ལྟ་ན་སྡུག་པར་འགྱུར།། དེ་འདིར་རྒྱལ་སྲིད་ཐོབ་ནས་ལྷ་ཀླུ་མི།། ལྷ་འཕྱེ་ཆེ་དང་འཇིག་རྟེན་ཐམས་ཅད ་འདུད།། སྟོང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར།། དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད་བསྟེན།། དེ་ཡི་ཡུལ་ལ་སེམས་ཅན་གང་གནས་པ།། དེ་ཀུན་སངས་རྒྱས་ཡེ་ཤེས་རྫོགས་པར་འགོད།། ་དེས་ནི་ངན་སོང་ས་ཡང་རྣམ་པར་སྤོང་།། དེ་དག་རྣམས་ཀྱིས་དོན་མཆོག་དམ་པ་བྱེད།། བསོད་ནམས་བློ་གྲོས་དྲག་ལྡན་མཆོད་འོས་འགྱུར།། དབུགས་ཕྱིན་ཐོབ་ནས་འཇིག་རྟེན་ཀུན་དུ ་རྒྱུ།། དེ་ཡི་གཡོག་འཁོར་ཡིད་འོང་སྒྲ་སྐད་ལྡན།། བསམ་པ་ཇི་བཞིན་དེ་དག་དགའ་བ་སྐྱེད།། གསལ་སྙན་ངག་གི་སེམས་ཅན་གོ་བར་བྱེད།། དེ་སྲོག་དབང་ཕྱུག་སུས་ཀྱང་ཕན་མི་བྱེད།། སྐྱེ་བོ་ཚོགས་ཆེན ་དག་གིས་བལྟ་འོས་འགྱུར།། དེ་ཡི་གཡོག་ཀྱང་སྒྲ་དབྱངས་ཡན་ལག་དྲག། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། སྦྱིནཱ~ཾ་དང་སྙན་པ་སྨྲ་དང་དེ་ན་དཔྱོད་དང་།། དོན་མཐུན་པོ་དག་སྐྱེ་བོ་མྱང་ལ ་བྱེད།། སྤྱོས་ཤིང་བརྒྱད་ཀྱང་ཁྲོ་བའི་དངོས་མི་སྐྱེད།། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་འགྱུར།། མི་འགྱུར་ན་ཡང་མི་ཡི་རྒྱལ་པོ་འོང་།། དེ་ནི་ནམ ་ཡོང་ཡོངས་སུ་ཉམས་མི་འགྱུར།། སངས་རྒྱས་ཆོད་རྟེན་ཐལ་སྦྱར་ཕྱག་འཚལ་པ། དཽ་ནཱི་ནམ་ཡང་ངན་སོང་ཕྱི་སྟེ་མི་ལྟུང་།། འཇིག་རྟེན་འདིར་དེ་རྟག་ཏུ་འདོད་པ་སྤྱོང་།། ནོར་ཅན་ནང་ན་ཕྱུག་ཅིང་ནོར་མང་འགྱུར། ་ཡོན་ཏན་ལྡན་ལ་ཚིག་གཅིག་སུ་སྨྲ་བ།། དེ་ནི་ནམ་ཡང་མི་རིགས་བསྔགས་མི་སྤྱད།། མི་ཡི་འཇིག་རྟེན་གནས་མིན་སྤྱོད་མི་འགྱུར།། དེ་ལ་སེམས་ཅན་མོ་ངོམ་དགའ་བར་འགྱུར་ཞེས་གསུངས་སོ།། སྙིང་རྗེ ་ཆེན་པོ་པདྨ་དཀར་པོའི་མདོ་ལས་ཀྱང་། ཀུན་དགའ་བོ་གང་དག་ཁ་ཅིག་སངས་རྒྱས་ལྔ་དམིགས་ནས་ཐ་སངས་རྒྱས་ལ་དམྱིགས་པའི་སེམས་ཀྱིས་མེ་ཏོག་གཅིག་ང་འདུག་པ་ལ་མངོན་སུམ་དུ་བསྟི་སྣང་བྱེད་པ་དང་བླ་མར་བྱེད ་པ་ནས་མཆོད་པར་བྱེད་པའི་བར་ལྟ་ཞོག། གང་ང་ཡོངསུ་མྱ་ངན་ལས་འདས་ནས་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བ་སྟི་སྟང་བྱེད་པ་ལྟ་ཡང་ཞོག། ང་ཡི་ཕྱིར་མཆོད་རྟེན་བྱས་པ་ལ་གུང་བསྟི་སྟང་བྱེད་པ་ལྟ་ཡང་ཞོག ་སྟེ། ཀུན་དགའ་བོ་གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ཏོགཽ་གཅིག་ན་མཁའ་ལྔ་འདོར་ནོ། བསོད་ནམས་ཀྱི་ཕུང་པོ་དེའི་རྣམ་པར་སྨིན་པ་དེ་ཐམས་ཅད ་ཀྱིས་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། ཐ་མ་མྱ་ངན་ལས་འདས་པར་དེ་སྨྲའོ།། ཀུན་དགའ་བོ་གང་དག་ཁ་ཅིག་སངས་རྒྱས་ལ་དམིགས་ནས་ཐ་ན་སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ཏོག་གཅིག ་ན་མཁའ་ལ་འདོར་ན། དེའི་རྣམ་པར་སྨིན་པ་གང་ཡིན་པ་དེ་ནི།། ཀུན་དགའ་བོ་གལ་ཏེ་སེམས་ཅན་འགའ་ཞིག་བསྐལ་པ་གཅིག་ཏུ་འཁོར་བ་ཇི་སྲིད་པར་ཀུན་ཏུ་བརྒྱག་ཅིང་འཁོར་ཡང་། འཁོར་བྱའི་སྔོན་གྱི་མཐའ ་མི་ཤེས་པ་བཞིན་དུ་བསོད་ནམས་མངོན་པར་འདུ་བྱ་བའི་དགེ་པའི་རྩ་བ་མངོན་པར་འདུ་བྱས་པ་དེའི་མཐའ་དེ་ནི་བརྒྱ་བྱིན་ཉིད་རྣམས་ཀྱི་རྙེད་པར་སྲ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན།། ཀུན་དགའ་བོ་འདི་ལྟར་སངས་རྒྱས ་ལ་ཕུལ་བའི་ཡོན་ནི་འཁོར་བ་ན་སྤྱོད་པའི་བདེ་བ་ཐམས་ཅད་ཀྱི་མཐུར་གཏུག་པར་སླ་བ་མ་ཡིན་ཏེ། གཞན་དུ་ན་དགེ་བའི་རྩ་བ་དེའི་འབྲས་བུ་མྱ་ངན་ལས་འདས་པ་ཉིད་ཡིན་པས་ཐ་མ་མྱ་ངན ་ལསུ་འདའ་བར་ང་སྨྲའོ།། ཀུན་དགའ་བོ་གང་དག་ཁ་ཅིག་མངོན་དུ་བསྟི་སྟང་བྱེད་པ་ཡང་ཞོག། གང་ངའི་སྐུ་གདུང་དང་རིང་བསྲེལ་ཡུངས་འབྲུ་ཙམ་ལ་སྐུ་གདུངས་གི་མཆོད་པ་བྱེད་པ་ཡང་ཞོག། གང་ཇིའི་ཕྱིར ་མཆོད་རྟེན་བྱས་པ་རྣམས་ལ་བསྟི་སྟང་བྱེད་པ་ལྟ་ཡང་ཞོག། གང་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ན་མཁའ་ལ་འདོར་བ་ལྟ་ཡང་ཞོག་སྟེ། ཀུན་དགའ་བོ་གལ་ཏཽ་སེམས་ཅན་མྱ་ངན་ལས་འདོའ ་བའི་སྐལ་པ་མེད་པ་ཞིག་སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ན་མཁའ་ལ་འདོར་ན་ཡང་ཀུན་དགའ་བོ་དགེ་བའི་འབྲས་བུ་དེ་ཡང་མྱ་ངན་ལས་འདས་པའི་འབྲས་བུ་ཡིན་ཏེ། མྱ་ངན་ལས་འདས་པས་ཀླས ་པར་དང་མྱ་ངན་ལས་འདས་པའི་མཐས་གཏུགས་པར་ང་སྨྲའོ་ཞེས་གསུངས་སོ།། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཆེན་པོ་ལས་ཀྱང་། ཀླུའེ་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན་རྟག་ཏུ་རྒྱུན ་མི་འཆད་པར་སངས་རྒྱས་དང་འཕྲང་བར་འཐོབ་བོ།། བརྒྱད་གང་ཞེ་ན། སེམས་ཅན་སངས་རྒྱས་ཀྱི་གཟུགས་ལ་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། དེ་བཞིན་གཤེགས་པོ་ལ་རིམ་གྲོ་བྱེད་པ་དང་། ་རྒྱུན་མི་འཆད་པར་དེ་བཞིན་གཤེགས་པའི་བསྔགས་བརྗོད་པ་དང་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང་། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། སངས ་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པའི་སྒྲ་སྒྲགས་པའི་སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདི་བསྡུ་པ་དང་། རྒྱུན་ཞུམ་པ་མེད་པ་དང་། རྒྱུན་རྒྱ་ཆེན་པོར་གྱུར་ནས་སངས་རྒྱས་ཀྱི་ཡེ་ཤྲཱིས་ཚིལ་བའོ་ཞེས་གསུངས ་སོ།། བསོད་ནམས་འཕེལ་བར་འདོད་པ་ལས་སངས་རྒྱས་དང་འཕྲད་པ་ཅི་དགོས་ཤེ་ནི། དེའི་མཐའ་ནི་ཐམས་ཅད་མིཁྱེན་པ་མ་ཡིན་པས་མི་ཤེས་ཏེ། འཕགས་པ་སྡོང་པོ་བཀོད་པ་ལས་ཇི་སྐད་བསྔགས་པ་ལྟ་བུའོ།། ་བསྐུལ་པ་བྱེ་བ་ཕྲག་བརྒྱད་ཡང་།། སངས་རྒྱས་སྒྲ་ནི་རབ་དཀོན་ན།། ཐེ་ཚོམ་ཐམས་ཅད་གཅོད་པའི་ཆོ་ག། མཐོང་བར་འགྱུར་བ་སྨོས་ཅི་དགོས།། ཆོས་ཀུན་རྟོག་པར་ཐུགས་ཆུང་ཅུང་།། འཇིག་རྟེན་གསུམ་གྱི ་བསོད་ན་མོས་སྟེགས།། སེམས་ཅན་ཐམས་ཅད་རྣམ་སྦྱོར་བ།། འཇིག་རྟེན་སྒྲོན་མ་མཐོང་བ་ལེགས།། བསོད་ནམས་ཆེ་ལས་གྲུབ་པའི་ཞིང་།། ཡེ་ཤེས་དཀྱིལ་འཁོར་རབ་ཤར་བ།། འཇིག་རྟེན་དཔག་མཽད་སྣང ་མཛད།། བསོད་ནམས་ཕུང་པོ་རྣམ་པར་འཕེལ།། སྡུག་བསྔལ་དྲ་བ་གཅོད་མཛད་ཅིང་།། ཡེ་ཤེས་ཕུང་པོ་སྦྱོར་བ་ཡི།། རྒྱལ་བ་གང་གི་མཉེས་བྱས་པ།། དེ་དག་ངན་འགྲོའི་འཇིགས་པ་མེད།། རྐང་གཉིས་དམ ་པ་མཐང་ན་ནི།། སེམས་རྒྱ་ཆེན་བ་སྤྱད་འགྱུར་འདུ།། ཤས་རླབ་སྨྲབས་ན་འོད་གསལ་བ།། གྲངས་མེད་པ་ཡང་སྐྱེ་བར་འགྱུར་ཞེས་གསུངས་སོ།། ཡང་དྲི་ཉིད་ལས། སེམས་ཅན་ཀུནྡ་དྷཱ། ་དོད་བྱུར།། བརྟུནྡུ་ཞིང་ཐུགས་རྗེ་ཆེ་ལྡན་པ།། ཆོས་ཀྱི་འཁམ་ལེ་རིབུཾ་བསྐོར་བ།། དེ་བཞིན་གཤེགས་པ་རྣམས་ཀྱང་འཐུང་།། དོན་ན་རྣམ་པའི་སངས་རྒྱས་ལ།། བབ་པ་བྱེ་བ་ཐེག་རྒྱུར་ཡང་།། ནི། ་དགེ་ནི་ཐོམས་ཅད་ཀྱིསྟེ།། ལེན་དུ་བེན་གླེ་དགས་ཇི་ལྟར་ནས།། དྲན་སྟོང་གསུམ་པོ་མེ་ཟང་གདུམ་དུ།། བསྐལ་པོ་བྱེ་བར་བསྒྲག་སྨྲ་ཡི།། ཆགས་པ་ཐམས་ཅད་རྣམ་པཟློག་པ།། སྦྱིན་པ་མི་མཛད་དུ ་མིན།། འཇིག་རྟེན་ཇི་སྙེད་ཐམས་ཅད་ཀྱིས།། ངན་སོང་འགྲོ་བཱ་སོ་སོ་དེར།། ཤིན་ཏུ་ཡུན་རིང་གནས་སྨྲ་ཡི།། སངས་རྒྱས་མི་ཐོས་དེ་ལྟ་མིན།། ཅེ་ཡི་ཕྱིརྱ་ནཱ་དཱན་ས་དུ།། ཡུན་རིང་གནས་པར་འདད་ཅན།། ་གུང་ཕྱིར་རྒྱལ་པོའི་དབང་པོ་དག་། མཐོང་ན་ཡེ་ཤེས་འབྲེལ་ཕྱིར་རོ།། འཇིག་རྟེན་དབང་ཕྱུག་རྒྱུ་ལ་མཐོང་ན།། སྡུག་བསྔལ་ཐམས་ཅུང་རྒྱུན་ཆད་འགྱུར། རྫོགས་པའི་སངས་རྒྱས་སྤྱོད་སྦྲུལ་གྱི། ་ཡང་འཕྲོག་པར་གྱུད་མ་ཚིག་པངས་རྒྱས་མང་རྗོན། སྒྲུབ་པའི་འི་ཐོང་བ་པར་འགྱུ།། ཇིག་བྱང་ཆུབ་འབབའི་གྱུར་འཕྲོག་པས་རིམ་ས་དཔགབ་ཏུཀྱི་མིང་པོའི་ཐ་ལ་མས་སུ ་བསོད་ནམས་འཕེལ་བར་བྱ་བ་ལ་སངས་རྒྱས་དང་འབྲང་བ་ནི་དེ་ལྟར་དགོས་པ་ཡོད་དོ།། དེ་བཞིན་གཤེགས་པ་རྣམས་ཀྱི་སྒྲ་གཟུགས་ཅེས་མཐོང་བ་ཡང་དེ་ཙམ་དུ་འབྲས་བུ་དཔག་ཏུ་མྱེད་ན། རང་གཱི་དྱོ་བྷྱོ་ས་བྱུང་ཐཱ ་ལྟ་སྨོས་ཀྱང་ཅི་དགོས།། དང་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གི། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི ་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སདྱཽ་ས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང་དེ་བཞིན་ལྷའི་གོས་རྣམས་སྦྱིན་པ་བྱིན་པ་བས། འཛུམ་དཔལ་རིགས་ཀྱི་བུ་འམ་རིགས་ཀྱི ་བུ་མོ་གཞན་གང་ཞིག་གིས་སངས་རཱི་མོར་བྲིས་པ་འམ་གཟུགས་སུ་བྱས་པ་མཐོང་ན། འདི་ནི་དེ་བསེ་ཆེས་བསོད་ནམས་གྲངས་མེད་པར་སྐྱེ་ན། ཐལ་མོ་སྦྱར་བ་འམ་མེ་ཏོག་གམ་བདུག་པ་འམ་སྤྲོས་སམ ་མུར་མེ་འབུལ་བ་ལྟ་ཅི་སྨོས་ཏེ། འདི་ནི་དེ་བས་ཆེས་བསོད་ནམས་གྲངས་མེད་པར་བསྐྱེད་དོ་ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའ་སྡེ་སྨོད་ལས་ཀྱང་། བསོད་ནམས་སྦྲེལ་པོའི་ཐབས་སུ་གསུངས ་ཏེ། གང་དེ་བཞིན་གཤེགས་པའི་མཆོད་རྟེན་འཕྱག་པ་དེ་སྨོན་ལམ་རྣམ་པར་དག་པ་མཆོག་བཞི་འཐོབ་སྟེ། བཞི་གང་ཞེ་ན། གཟུགས་ལེ་སྨོན་ལམ་རྣམ་པར་དག་པ་མཆོག་དང་། མཉམ་པར་བཞག ་པ་བརྟན་པ་ལ་སྨོན་ལམ་རྣམ་པར་དག་པ་མཆོག་དང་། དེ་བཞིན་གཤེགས་པ་མཐོང་བ་ལ་སྨོན་ལམ་རྣམ་པར་དག་པ་མཆོག་དང་། མཚན་ཕུན་སུམ་ཚོགས་པ་ལ་སྨོན་པ་ལམ་རྣམ་པར་དག ་པ་མཆོག་ཅེས་བྱ་བའོ།། ཡང་དེ་ཉིད་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་མེ་ཏོག་འབུལ་བ་འམ་སྤོས་རིས་འདི་ནི་མ་ཚང་མེད་པ་བརྒྱུད་འཐོབ་སྟེ། བརྒྱད་གང་ཞེ་ན། གཟུགས་མི་ཚང་བ་མེད་པར་འགྱུར ་པབ་དང་། ཨ་སྱཱ་མཚར་བ་མེད་པ་དང་། གཡོག་འཁོར་མ་ཚང་བ་མེད་པ་དང་། ཚུ་ཁྲིམས་མ་ཚང་འ་མེད་པ་དང་ཏིང་འཛིན་མ་ཚང་བ་མེད་པ་དང་ཐོས་པ་མཆེ་བ་ཨཱ་བ་དང་། ཤྭེ་པྲ་ས་ཆང་བམཱ་བ་དང་སྨོན་མ་མ་མེས་མེད་པ་ནི་གསུངསོ།། ནོའི་ཕུ་འི་མདོ་ལྔ་ཀྱང་གང་དག་སྲིད་པ་གསུཾ་དུ་གཏོག་བཱི་སོན་དེ་དག་ཐ~ཾང་སོ་ནཱ་དེ་བཞིན་པ་སྐྱེ་སྟེ་མཆོད་རྟེན ་དུ་སྟེ། འི་རྒྱུའོ་རི་བ་ལྟ་མ་པ་དེ་ལཡང་སོརྦྦ་ཎྜི་ཙྪ་9་ན་སྦྱི་བྱུ་ཀྱི་སྟི་སྟང་བྱེད་པ་བས་བྱང་ཆུབ་སེམས་དཔའ་གང་ཟང་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་འདོར་ན།། ད་ནི་བསོད་ནམས ་ཀྱི་ཕུང་པོ་སྔ་མ་པས་བསོད་ནས་ཆོས་མང་དུ་བསྐྱེད་དོ་ཞེས་གསུངསོ་སོ།། ཡང་དྲི་ཉིད་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དྲུག་ཡོད་པ་དེ་དག་ཐམས་ཅད་ཐེག་པ་ཆེན ་པོ་ལ་ཡང་དག་པར་ཞུགས་པར་གྱུར་ལ། ཐམས་ཅད་འཁོར་ལོ་སྒྱུར་བའི་རྒྱལ་སྲིད་དང་ལྡན་པར་གྱུར་ཏེ། འཁོར་ལོ་སྒྱུར་བའི་རྒྱལ་པོ་རེ་རེས་ཀྱང་མར་མེའི་སྣོད་རྒྱ་མཚོ་ཆེན་པོ་ཙམ་བྱས་ཏེ། རི་རབ་ཙམ་གྱི ་མར་མེའི་སྙིང་པོས་མར་མེ་བུས་ལ། སོ་སོ་ནས་དེ་ལྟ་བུའི་མར་མའི་མཆོད་པས་དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་མཆོད་པ་བྱས།། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་འབྱུང་བ་གང་གི་མར ་མེའི་སྙིང་པོ་འབྲུ་མར་གྱིས་བསྐུས་ཏེ་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་དྲུང་དུ་འཛིན་ནུ།། རས་འབྲུ་མར་གྱིས་བསྐུས་པའི་མར་མེ་འདི་ལ་སྔ་མའི་མར་མེ་ཕུལ་པ་ངེས་བརྒྱའི་ཆར་ཡང་མི་ཕོད་པ་ནས་རྒྱུའི་བར་དུ ་ཡང་མི་བཟོད་དོ།། འཁོར་ལོ་སྐྱེ་བའི་རྒྱལ་པོ་དེ་དག་གི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་བདེ་བར་སྦྱར་བ་ཐམས་ཅད་ཕུད་དུ་དེ་བྱེད་པ་བས།། བྱང་ཆུབ་སེམས་དཔའ་ཁྱིམ་གྱིས་གནས་ནས་མངོན ་པར་བྱུང་བ་གང་གིས་བསོད་སྙོམས་བླངས་ཏེ། ལྷུང་བཟེད་དུ་ཆུད་པ་དེ་གཞན་དག་དང་བག་བཤའ་བྱས་ཏེ་ཟ་ན་དེ་ནི་བདེ་བས་ཆེས་མང་ཞིང་ཆོས་རིན་ཆེའོ།། གོང་ཡང་རྒྱལ་པོ་ཆེན་པོ་དེ་དག་གིས་རི་རབ་ཙམ་གྱི་གྲོ ་ཀྱི་ཕུང་པོ་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས།། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་བྱུང་བ་གང་གི་ཕྱི་རོལ་དུ་བྱ་སྟེ། སངས་རྒྱས་ལ་སོགས་པ་ཐེག་པ་ཆེན་པོ་ལ་ཡང ་དག་པར་ཞུགས་པའི་དགེ་སློང་གི་དགེ་འདྲེན་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཆོས་གོས་གསུམ་ཕུལ་ན། དགེ་སློང་གི་ཆོས་གོས་བྱིན་པ་འདིས་གོས་བྱིན་པོ་སྔ་མ་དེ་ཟིལ་གྱིས་ནོན་པར་འགྱུར་རོ།། ཡང ་རྒྱལ་པོ་དེ་དག་རེ་རེས་ཛམྦྷའི་གླིང་ཐམས་ཅད་མེ་ཏོག་གིས་མཛེས་པར་བྱས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕུལ་བ་བསྡུ། བྱང་ཆུབ་སེམས་དཔའ་ཁྱིམ་གྱི་གནས་ནས་བྱུང་བ ་གླགང་གི་ཐ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་གཅིག་ཕུལ་ན་སྦྱིན་པ་འདི་ལ་སྦྱིན་པ་སྔ་མ་དེས་རྒྱུའི་ཆར་ཡང་མི་ཕོད་པ་ནུས་རྒྱུའི་པར་དུ་ཡང་མི་ཕོད་དོ་ཞེས་གསྦྱངས་སོ།། མཐུར་གྱིས་ཡང་དག་འཕྲུ ་ཀྱི་ལེའུ་ལས་ཀྱང་བསྟན་ཏེ། ཕན་ཡོན་བཟང་པོ་བཞི་པོ་འདི་དག་མཐོང་ནས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཆོད་པ་ལ་སྤྲོ་བར་འགྱུར་ཏེ། བཞི་གང་ཞེ་ན། བདག་གི་སྦྱིན་གནས་ཀྱི་མཆོག ་ལ་མཆོད་པ་བྱས་པར་འགྱུར་པ་དང་། བདག་མཐོང་ནས་ཡང་དུ་གཞན་དག་ཀྱང་དེ་བཞིན་དུ་སློབ་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་མཆོད་པས་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བ་དང་། ་མངོན་སུམ་དུ་མཐོང་བས་སྐྱེ་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་དགེ་བའི་རྩ་བ་སོགས་པར་འགྱུར་བ་སྟེ། བཞི་པོ་དེ་དག་གོ་ཞེས་སོ།། འདི་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱེད་པ ་ཐ་ན་མེད་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཇི་སྐད་དུ། བློ་གྲོས་རྒྱ་མཚོ་གསུམ་པོ་འདི་དག་ནི་དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱེད་པ་བླ་ན་མེད་པའོ།། གསུམ་གང་ཞེ་ན། ་གང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གང་དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། གང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ་ཞེས་གསུངས་པ་ལྟ་བུའོ།། འཕགས་པ་དཀོག་སྤྲིན་ལས་ཀྱང་བསྟན ་ཏེ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་མངལ་གྱི་དྲི་མས་མི་གོས་པར་སྐྱེའོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་གཟུགས་བྱེད་པ་དང་། མཆོད་རྟེན་ཞིག་པ་འཆོས་པ ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་སྤོས་ཀྱི་བྱུག་པ་འབུལ་བ་དང་། དེ་བཞིན་གོ་ཤེགས་པའི་སྐུ་གཟུགས་དག་ལ་ཁྲུས་ཀྱི་སྤོས་ཆུ་འབུལ་བ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ ་ཕྱག་དར་དང་སྐྱང་ནུལ་བྱ་བ་འབུལ་བ་དང་། ཕ་མཱ་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང་། མཁན་པོ་དང་སློབ་དཔོན་དག་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་ཀྱི་རིམ་གྲོ་བྱེད ་པོ་དང་། དེ་ཡོང་ཟང་ཟིང་མེད་པའི་སེམས་ཀྱིས་ཏེ་ཟང་ཟིང་དང་བཅས་པས་མ་ཡིན་པ་དང་། དགེ་བའི་རྩ་བ་དེ་ཡང་དེ་ཡང་ལྟར། དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མངལ་གྱི་དྲི་མས་མ་གོས་པར་སྐྱེ ་བར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་ཞིང་དེ་ཡང་བསམ་པ་ཐེག་པ་ནས་སེམས་པ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་གོ་ཞེས་བྱ་བའོ།། རྗེས་སུ་ཡི་རང་བའི་ཕན་ཡོན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས ་གསུངས་ཏེ། གང་ཐེག་པ་ལྔ་དང་པོ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་ལ་རྗེས་སུ་ཡི་རང་བར་བགྱིད།། བྱང་ཆུབ་སེམས་དཔའི་སྤྱད་པ ་སྤྱོད་པ་རྣམས་ཀྱི་སེམས་བསྐྱེད་པ་དེ་ལ་རྗེས་སུ་ཡི་རང་པར་བགྱིད།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་ཆོས་ཉིད་ལ་རྗེས་སུ་ཡི་རང་བར་བགྱིས་ན། བཅོམ་ལྡན་འདས་རིགས་ཀྱི་བུ་འཾ ་རིགས་ཀྱི་བུ་མོ་དེ་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་ཅིག་བསྐྱེད་པར་འགྱུར།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀཽ་ཤཱི་ཀ་སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སྲང་ཚད་ཀྱིས་གཞལ་པོས་ཚད་ཀྱི་གཟུང་བར་ནུས་ཀྱི། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྗེས་སུ་ཡི་རང་བའི་མདོ་ལས་སྐྱེས་པའི་སེམས་བསྐྱེད་པ་དེ ་དངག་གི་བསོད་ནམས་ནི་ཚད་བཟུང་བར་མི་ནུས་སོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གང་དག་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་གཟུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་བར་ལ་རྗེས་སུ་ཡི་རང་བ་ལས ་སྐྱེས་པའི་བསོད་ནམས་འདི་ལྟར་དཔག་ཏུ་མེད་དོ་ཞེས་བྱ་བ་མི་ཉན་པ་དང་མ་འཚལ་བ་དང་རྗེས་སུ་ཡི་རང་བར་མི་བགྱིད་པ་དང་མི་སེམས་པ་དེ་དག་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ལགསོ།། སེམས་ཅན་དེ་དག ་བདུད་ཀྱི་ཕྱོགས་སུ་འགྱུར་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའི་ཐེག་པ་པ་འམ་རང་སངས་རྒྱས་ཀྱི་ཐེག་པ་པ་འམ་ཉན་ཐོས་ཀྱི་ཐེག་པ་པའི་རིགས་ཀྱི་བུ ་འམ་རིགས་ཀྱི་བུ་མོ་གང་དག་གིས་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བ་དེ་དག་གི་མྱུར་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དུག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་འབྱེད་པར་འགྱུར ་རོ།། དེ་ལྟར་རྗེས་སུ་ཡི་རང་བའི་མདོ་ལས་སྐྱེས་པའི་སེམས་བསྐྱེད་པའི་དགེ་བའི་རྩ་བ་དེ་དག་གིས་གང་དང་གང་དུ་སྐྱེ་བ་དེ་དང་དེར། ཕུ་དུདདུ་བྱ་བར་འགྱུར་བླ་མར་བྱ་བར་འགྱུར་རི་མོར་བྱ་བར་འགྱུར ་མཆོད་པར་བྱ་བར་བྱ་བར་འགྱུར་རྗེད་པར་འགྱུར་གསོལ་བར་འགྱུར་རོ།། དེ་དག་ནི་ཡིད་དུ་མི་འོང་བའི་གཟུགས་རྣམས་མཐོང་བར་མི་འགྱུར།། དེ་དགྲ་ནི་ཡིད་དུ་མི་འོང་བའི་སྒྲ་རྣམས་ཐོས་པར་མི་འགྱུརརོ།། ་དེ་བཞིན་དུ་དྲི་དང་རོ་རྣམས་མ་ཡིན་ཞིང་རེག་བྱ་རྣམས་རིགས་པར་མི་འགྱུར་རོ།། དེ་དག་ནི་ངན་སོང་དུ་སྐྱེ་བར་མི་འགྱུར་བར་ཤེས་པར་བྱའོ།། དེ་དག་ནི་མཐོ་རིས་སུ་སྐྱེ་བར་ཤེས་པར་བྱའོ།། དེ་ཅིའི་ཕྱིར ་ཞེ་ན། འདི་ལྟར་སེམས་ཅན་དེ་དག་གིས་སེམས་ཅན་གྲངས་མེད་པའི་དགེ་བའི་རྩ་བ་སེམས་ཅན་དེ་དག་ཐམས་ཅད་ལ་བདེ་བ་སྐྱེད་པ་དག་ལ་རྗེས་སུ་ཡི་རང་བའི་ཕྱིར་ཏེ། དེ་དག་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གླང་མེད་པ་དཔག་ཏུ་མེད་པ་དག་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའོ།། ཡང་དེ ་ཉིད་ལས། རབ་འབྱོར་སྟོང་གསུམ་གྱི་སྟོང་གསུམ་གྱི་ཆེན་པོའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་རྙེད་ན་སེམས་ཅན་གང་དག་ཡོད་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ལ་གནས་པར་འགྱུར་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་ནས་ཀྱང་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་དམིགས་པའི་འདུ་ཤེས་ཀྱིས།། བསམ་གཏན་བཞི་པ་ལ་སྙོམས་པར ་འཇུག་པ་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དང་ཐབས་མཁས་པས་ཟིན་པ་གང་གིས། འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། རང་སངས་རྒྱས་ཀྱི་ཚུལ་ཁྲིམས་དང་ཏིང་འཛིན་དང་། ་ཤེས་རབ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་། ཉན་ཐོས་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བཟུམས་ཤིང་གཞལ་ལ། མ་ལུས་པ་ལ་རྗེས་སཾ་སུ་ཡི་རང་བའི་ཆོག་གི་རྗེས་སུ་ཡི་རང་པ་དང་། གཙོ་བོ་དང་དམ་པ་དང་རབ་དང་ཕུལ་དང་གྱ་ནོམ་པ་དང་བླ་མ་དང་བླ་ན་མེད་པ་དང། ་བླ་མའི་བླ་མ་དང་མཉམ་པ་མེད་པ་དང་། མི་མཉམ་པ་དང་མཉམ་པ་དང་དཔེ་ཟླ་མེད་པས་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་བསོད་ནམས་བྱ་བའི་དངོས་པོ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་ཏུ་ཡོངས་སུ་བསྔོ་ན། རབ་འབྱོར་རྗེས་སུ་ཡི་རང་བའི་མོང་ལས་སྐྱེས་པའི་བསོད་ནམས་བྱ་བའི་དངོས་པོ་འདི་ལ།། བྱང་ཆུབ་སེམས་དཔའ་དམིགས་པ་ཅན་གྱིས། བསམ་གཏན་བཞིའི་བསོད་ནམས ་མངོན་པར་འདུ་བྱེད་པ་སྔ་མ་དྲིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ་ཞེས་གསུང་སྟེ།། ཚུལ་འདི་ཉིད་ནི་ཡོངས་སུ་བསྔོ་བ་ལ་ཡང་གསུངསོ།། གསོལ་བ་གདབ་པའི ་ཕན་ཡོན་ནི་དྲག་ཤུལ་ཅན་གྱིས་ཞུས་པ་ལས། ཆོས་ཡོངས་སུ་གཟུང་བར་བྱ་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་གཞལ་དུ་མེད་གྲངས་མེད་པ་རྣམས་སུ་ཚེ་ཡོངས་སུ་བསྒྱུར་རོ།། ཞེས་གསུངས་སོ།། ་བསླབ་པ་ཀུན་ལྔས་བཏུས་པཱ་ལས་ཕྱག་འཚལ་བ་ལ་སོགས་པའི་ཕན་ཡོན་གྱི་ལེའུ་སྟེ་བཅུ་བདུན་པའོ།། ། བཟང་པོ་སྤྱོད་པ་ལ་སོགས་པའི་ཚུལ་གྱིས་བསོད ་ནརྣམས་འཕེལ་བར་བུ་ཤུད་ཟིན་ཏོ།། འདི་ཡང་འདིའི་རྒྱུ་གཞོན་ཡིན་ཏེ། དད་པ་ལ་སོགས་རྟག་ཏུ་བསྒོམ་པ་གང་ཡིན་པའོ།། དེ་བཞིན་གཤེགས་པའི་གསྡང་བའི་མ་དོ་ལས་ཇི་སྐད་གསུངས་པ་ལྟ་བུ་སྠཱ། རྒྱུ་ལ ་བོ་ཆེན་པོ་ཆོས་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་ཉི་མི་ཉམས་ཤིངས་ཁྱད་པར་དུ་འགྲོ་བར་འགྱུར་རོ།། བཞི་གང་ཞེ་ན། རྒྱལ་པོ་ཆེན་པོ་དད་པ་ནི་ཡོངས་སུ་མི ་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་རོ།། དད་པ་གང་གིས་འཕགས་པའི་དྲུང་དུ་ཉེ་བར་འགྲོ་བ་དང་མི་བྱ་བ་མི་བྱེད་པའོ།། རྒྱལ་པོ་ཆེན་པོ་གུས་པ་ནི་ཁྱད་པར་འགྲོ་བར་འགྱུར་བ་སྟེ། གུས་པ་གང་གིས་འཕགས ་པ་རྣམས་ཀྱིས་ལེགས་པར་བཤད་པ་རྣམས་གུས་པར་ཉན་པ་དང་རྣ་ཐགས་ཏེ་ཆོས་ཉིན་པའོ།། རྒྱལ་པོ་ཆེན་པོ་ང་རྒྱལ་མེད་པ་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། ང་རྒྱལ་མེད་པ་གང་གི་འཕགས་པ་རྣམས ་ལ་མངོན་པར་འདུད་པ་དང་རབ་ཏུ་འདུད་པ་ལ་ཕྱག་འཚལ་བའོ།། རྒྱས་པ་བརྩོན་འགྲུས་ནི་ཁྱད་པར་དུ་འགྲོ་བར་འགྱུར་བ་སྟེ། བརྩོན་འགྲུས་གང་གང་གིས་ཡོང་བ་དང་སེམས་ཡང་བ་འཐོབ་པ་དང་བྱ་བ་ཐམས་ཅད ་ཀྱང་ཉམས་འོག་ཏུ་ཆུད་པར་བྱེད་པ་སྟེ། རྒྱལ་པོ་ཆེན་པོ་ཆོས་བཞི་པོ་འདི་དག་ནི་ཐེག་པ་ཆེན་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཡོངས་སུ་མ་ཉམས་ཤིང་ཁྱད་པར་དུ་འགྲོ་བར་འགྱུར་ཞེས་བྱ་བ་སྟེ། ་དད་པ་ལ་སོགས་པ་འདི་དག་ལ་རྟག་ཏུ་གོམས་པར་པར་བྱའོ།། ཡང་ན་དང་པ་ལ་སོགས་པ་གཞན་དག་ལྔ་སྟེ། འཕགས་པ་བློ་གྲོས་མི་ཟུད་པའི་མདོ་ལས་ཇི་སྐད་དུ། བཙུན་པ་རངྒ་ཏིའི་བུ་གཞོན་ཡང་བྱང ་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ལྔ་རྣམས་མི་ཟད་པ་སྟེ། དེ་ལ་དབང་པོ་ལྔ་གང་ཞེ་ན། གང་འདི་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ་ཤེས་རབ་ཀྱི་དཔུང་པོའོ།། དེ་ལ་དད་པའི་དབང་པོ་གང་ཞེ་ན། དད་པ་གང་གི་ཆོས་བཞི་ལ་དད་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དད་པ་སྟེ། དེ་ལས་ཀྱི་རྣམ ་པར་སྨིན་པ་ལ་སྟོན་པ་ཡིན། དགེ་བའམ་སྡིག་པའི་ལས་གང་དང་གང་བྱས་པ་དེ་དང་དེའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ་སྙམ་སྟེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའ ་སྤྱོད་པི་ལ་དད་པ་སྟེ། སྤྱོད་པ་དེ་ལ་ཞུགས་ནས་ཀྱང་ཐེག་པ་གཞན་ལ་འདོད་པ་མི་བསྐྱེད་པ་དང་། ཆོས་ཐམས་ཅད་ལ་དོན་དམ་པ་ངེས་པའི་དོན་ཟབ་མོ།། རྟེན་ཅིང་འབྲེལ་པར་འབྱུང་བ་བདག་མེད་པ་སེམས་ཅན ་མེད་པ་གསྔོ་བ་མེད་པ་གང་ཟག་མེད་པར་རྣམ་པར་སྤྱོད་པ་དང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་དུ་དད་པ་སྟེ། ལྟ་བར་གྱུར་པ་ཐམས་ཅད་བག་ལ་ཉལ་བར ་མཱི་བྱེད་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པ་སྟེ། དད་པའི་ཕྱིར་ཐེ་ཚོམ་དང་ནེམ་ནུར་དང་བྲལ་བས་སངས་རྒྱུས་ཀྱི་ཆོས་དེ་དག་ཡང་དག་པ་སྒྲུབ་སྟེ་འ ་ནི་དོད་པའི་དབང་པོ་ཞེས་བྱའོ།། དེ་ལ་བརྩོན་ཐུགྲུས་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ལ་དད་པའི་དབང་པོ་དང་པར་གྱུར་པའི་ཆོས་དེ་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་སྒྲུབ་པ་སྟེ། འནི་བརྩིན ་འགྲུས་ཀྱི་དབང་པོ་ཞེས་བྱའོ།། དྲི་ལ་དྲན་པའི་དབང་པོ་གང་ཞེ་ན། ཆོས་གང་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་བསྒྲུབ་པའི་ཆོས་དེ་དག་དྲན་པའི་དབང་པོས་ཆུད་མི་གཱསྨནྡ་ཏི། འདི་ནི་དྲན་པའི་དབང་པོ ་ཞེས་བྱའོ།། དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན། དྲན་པའི་དབང་པོས་ཆོས་གང་ཆུད་མཽ་གསོན་པའི་ཆོས་དེ་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་དེ། འདྀ་ནི་ཏིང་འཛིན་གྱི་དབདུ་པོ་ཞེས ་བྱའོ།། དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ཏིང་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱས་པའི་ཆོས་དེ་དག་ཤེས་རབ་ཀྱི་དབང་པོས་རབ་ཏུ་རྟོག་ཅི་ཤིན་ཏུ་རྟོག་པར་བྱེད་དེ། གང་ཆོས་དེ་དག ་དང་དེ་དག་གཞན་གྱི་དྲིང་ལ་མི་འཛག་པར་ཤེས་ཤིང་སོ་སོར་རང་གིས་ཤེས་པ་འདི་ནི་ཤེས་རབ་ཀྱི་དབང་པོ་ཞེས་བྱའོ།། དེ་ལྟར་ན་དབང་པོ་ལྔ་པོ་འདི་དག་ནི་ལྷན་ཅིག་ཏུ་འགྲོགས་ཤིང་རྗེས་སུ་འབྲེལ་པ་སྟེ། སངས ་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པོ་ལུས་བསྟན་པའི་སར་ཡང་གཞོག་གོ་ཞེས་གསུངས་པ་བཞིན་ནོ།། དད་པ་ལ་སོགས་པའི་སྟོབས་རྣམས་ལ་ཡང་རྟག་ཏུ་གོམས་པར་བྱ་སྟེ། འཕགས་པ་གཙུག ་ན་རིན་པོ་ཆེའི་མདོ་ལས་ཇི་སྐད་དུ། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སྟོབས་ཀྱི་སྤྱོད་པ་ཡོངས་སུ་དག་པར་གང་ཞེ་ན། གང་དབང་པོ་དེ་དག་གིས་ཉེ་བར་བརྟན་ནས་བདུད་ཐམས་ཅད་ཀྱི་མི་རྫི་བར་འགྱུར ་བ་དང་། ཉན་སྨྲས་དང་རང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་ཀྱིས་མི་འཕྲོག་པར་འགྱུར་བ་དང་། ཐེག་པ་ཆེན་པོ་འདི་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུར ་བཱ་དང་། སྔོན་གྱི་དམ་བཅས་པ་ལ་བརྩོན་པར་འགྱུར་བ་དང་། སེམས་ཀྱི་སྟོབས་ཤིན་ཏུ་བརྟན་པར་འགྱུར་བ་དང་། ལུས་ཀྱི་སྟོབས་དང་ལྡན་པར་འགྱུར་བ་དང་། དབང་པོ་རྣམས་སྦེད་པར་འགྱུར་བ་དང་། དགྲ་ནམ ་ཀྱིས་མི་ཆུག་པར་འགྱུར་བ་དང་། ཕྱིར་རྒོལ་བ་ཐམས་ཅད་ཀྱིས་མི་བསྐྱོད་པར་འགྱུར་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་ནོ།། དེ་ལྟར་རེ་ཞིག་བསོད་ནམས་སྤེལ་བའི་ཕྱིར། དད་པ་ལ་སོགས་རྟག ་ཏུ་བསྒོམས། གཞན་ཡང་བྱང་ཆུབ་སེམས་བྱམས་དང་ཞེས་བྱ་བ་ནི། ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་ངག་ན།། མཆོད་པ་རྣམ་མང་དཔག་མེད ་ཇི་སྙེད་པ། སྐྱེ་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས།། བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད་ཅེས་གསུངས་པ་ལྟ་བུའོ།། གཞན་ཡང་སངས་རྒྱས་སོགས་དྲན་བྱ།། སངས་རྒྱས་ལ་སོགས་པ་རྗེས་སུ ་དྲན་པ་དེ་ཡང་གང་ཞེ་ན། འཕགས་པ་ཡུལ་འཁོར་སྐྱོང་གི་མདོ་ལས་བསྔགས་པ་སྟེ། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ།། གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ།། རྡུལ་བྲལ་ཁྱོད་འདྲ་སྲིད་པ ་གསུམ་མཆིས། མཉམ་མདྨ་མཁྱེན་ཅན་ཁྱོད་ལ་ཕྱག་འཚལ་ལོ།། རྒྱལ་བའི་དབུ་སྐྲ་འཇམ་མཛེས་སྣུམ་ཞིང་བཟང་།། ཁྱོད་ཀྱི་གཙུག་ཏོར་འདི་ན་རྀ་རྒྱལ་བཞིན།། གཙུག་གཏོར་མི་མཐོང་ཁྱོད་དང་མཚུངས།། ་མ་མཱརྨིས།། ཐུབ་པ་ཁྱོད་ཀྱི་སྨིན་མཚམས་མཛོད་སྤུས་མཛེས།། ཀུནྡ་ད་ཟླ་བ་ཁ་བ་དུད་ལྷུར་དཀར།། ཐུགས་རྗེ་གང་གིས་འགྲོ་བ་འདི་གཟིགས་པ།། སྤྱན་མཆོག་བཟང་པོ་ཨུཏྤལ་སྔོན་པོ་འདྲ།། རྒྱལ ་བ་དྲི་མེད་སྤྱན་ལ་ཕྱག་འཚལ་ལོ།། ལྡག་ཡངས་སྲབ་ལ་ཟངས་ཀྱི་མདོག་འདྲ་བ།། དེ་ཡིས་རང་གི་ཞལ་གྱི་གདོང་ཡང་ཁེབས།། ཆོས་གསུངས་པས་ནི་འགྲོ་བ་འདུལ་བར་བགྱི།། འཇིམ་སྣུམ་གསུངས ་ལྡན་ཁྱོད་ལ་ཕྱག་འཚལ་ལོ།། ཚེམས་བཟང་ཤིན་ཏུ་བརྟན་པ་རྡོ་རྗེ་འདྲ།། བཅུ་དང་སུམ་ཅུ་སྙོམས་ཤིང་ཐགས་བཟང་བ།། འཛུམ་པ་མཛད་པས་འགྲོ་བ་འདུལ་བར་བགྱིད།། བདུན་གཏམ་སྙན་པ་ཁྱོད་ལ་ཕྱག ་འཚལ་ལོ།། རྒྱལ་བ་ཁྱོད་གཟུགས་དང་མཚུངས་མ་མཆིས།། འོད་ཀྱི་ཞིང་བརྒྱ་དག་ཀྱང་སྣང་བར་བགྱིད།། འཇིག་རྟེན་ན་ནི་ཚངས་དབང་སྐྱོང་དེ་དག། བཅོམ་ལྡན་ཁྱོད་ཀྱི་འོད་ཀྱི་ཟིལ་དུ་བརླག། ཨ་ཎིའི་བྱིན་པོ་མཉམ ་མེད་བཅོམ་ལྡན་འདས།། གླང་པོའི་རྒྱལ་པོ་རྨེ་བྱ་སེང་གེའི་སྟབས།། བཅོཾ་ལྡན་གཉའ་ཤིང་གང་དུ་གཟིགས་ཤིང་གཤེགས།། ས་དང་རི་དྲོང་དམ་པ་གཡོ་བར་མཛད།། བཅོམ་ལྡན་འདས་སྐུ་མཚན་གྱི་བརྒྱན་པ ་པ་སྟེ། ཁྱོད་ཀྱི་པགས་པ་འཇམ་ཞིང་གསེར་མདོག་འདྲ།། འགྲོ་བ་གཟུགས་འདི་ལྟ་བས་ངོམས་མི་འགྱུར།། ཁྱོད་ནི་མཚུངས་པ་མ་མཆིས་གཟུགས་དང་ལྡན། ཁྱོད་སྔོན་བསྐལ་པ་བརྒྱར་ནི་དཀའ་ཐུབ་སྤྱད།། ་ཁྱོད་གཏོང་དུལ་དང་སྦྱིན་པ་ཀུན་ལ་དགྱེས།། སེམས་ཅན་ཀུན་ལ་ཐུགས་རྗེ་བྱམས་ཐུགས་ལྡན།། མཆོག་ཏུ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།། ཁྱོད་ནི་སྦྱིན་དང་ཚུལ་ཁྲིམས་རྟག་ཏུ་དགྱེས། ཁྱོད་ནི་བཟོད་དང་བ ་འགྲུས་དགེས་རབ་བོརྟན།། ཁྱོར་ནི་བསམ་གཏན་ཤེས་རབ་འོད་གཟིས་མངའ།། མཚུངས་མེད་ཡེ་ཤེས་མངའ་ལ་ཕྱག་འཚལ་ལོ།། ཁྱོད་ནི་སྤྲོ་བ་ངན་པའི་ཚོགས་ཅན་འཇོམས།། ཁྱོད་ནི་སང་གི་ལྟ་བུར ་འཁོར་དུ་སྒྲོགས།། ཁྱོད་ནི་སྨན་པའི་རྒྱལ་པོ་དྲི་གསུམ་སེལ།། མཆོག་ཏུ་དགའ་མཛད་ཁྱེད་ལ་ཕྱག་འཚལ་ལོ།། ཐུབ་པ་སྐུ་གསུང་ཐུགས་ནི་རྣམ་པར་དག་པ།། པདྨ་ཆུ་ལྟར་སྲིད་པ་གསུམ ་མི་གོས།། ཁྱོད་ནི་ཚངས་པ་དབྱངས་ཀ་ལ་བིང་སྐའི་སྐད།། སྲིད་གསུམ་ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ།། ཁྱོད་ཀྱི་འགྲོ་འདི་སྒྱུ་མ་ལྟ་བུ་དང་།། གར་ལ་ལྷ་དང་རྨི་ལམ་འདྲ་དང་།། བདག་མེད་སེམས་ཅན ་མེད་ཅིང་སྲོག་འགྲོ་མེད།། ཆོས་རྣམས་སྨིག་རྒྱ་ཆུ་ཟླ་འདྲ་བར་མཁྱེན།། སྟོང་པ་ཞི་བ་སྐྱེ་བོ་མེད་པའི་ཚུལ།། མ་ཤེས་པས་ན་འོ་གྲོ་བ་འཁྱམས་འགྱུར་ཏེ། ཐུགས་རྗེས་ཐབས་ཚུལ་རིགས་པ་བརྒྱ་དག་གི། དེ་དག ་རྣམས་ནི་འཛུད་པར་མཛད་པ་ལགས།། འདོད་ཚོགས་ལ་སོགས་ནང་མང་བརྒྱ་དག་གིས།། སྐྲག་པར་འགྱུར་བའི་འགྲོ་ལ་རྟག་གཟིགས་ཏེ། བདེ་གཤེགས་སེམས་ཅན་བརྒྱ་དག་ཡོངས་འགྲོལ་ཅིང་།། ཟླ་མེད། ་དམན་པ་ལྟ་བུ་རྣམ་པར་རྒྱུ།། སྐྱེ་དང་རྒ་དང་འཆི་དང་མྱ་ངན་ནོན།། སྡུག་དང་བྲལ་དང་སྨྲེ་སྔགས་འདོན་པ་བརྒྱས།། རྟག་ཏུ་ན་བའི་འགྲོ་བ་གཟིགས་ནས་ནི།། ཐུབ་པ་ཐུགས་རྗེས་ཡོངས་སུ་འགྲེལ་ཅིང་རྒྱུ།། ། ་དུད་འགྲོ་ཡི་དགས་དམྱལ་བའི་འགྲོ་རྣམས་སུ།། འགྲོ་ཀུན་ཤིང་རྟའི་འཕང་ལོ་བཞིན་དུ་འཁོར། གླེན་པ་དམིགས་བུ་མ་མཆིས་མགོན་མ་མཆིས།། དེ་ལ་ལམ་གྱི་དམ་པ་སྟོན་མཛད་པ།། གཙོ་བོ་མཚུངས ་པ་མེད་པས་གང་བསྟན་པ།། འཕགས་ལམ་དེ་ཉིད་གང་དག་སྔོན་ཆད་ཀྱི།། ཆོས་ཀྱི་དབང་ཕྱུག་འགྲོ་བའི་དོན་མཛད་པ།། རྒྱལ་བ་དེ་དག་རྣམས་ཀྱིས་རབ་ཏུ་གསུངས།། འཇམ་ཞིང་མཉེན་ལ་ཡིད་དུ་འོང་བའི་མཆོག ་ཚངས་ལས་ལྷག་པར་མཆོག་ཏུ་དགའ་བགྱིད་པ། དྲི་ཟ་མི་ཙི་ལྷ་ཡི་བུ་མོ་མཆོག། སྒྲ་དེ་ཟིལ་གྱི་མནན་ནས་གསུངས་མཛད་པ།། བདེན་དང་དྲང་བ་མཱི་ཟད་ཐབས་ཚུལ་གྱིས།། ཡོངས་སྤྱད་ཡོན་ཏན་མཐའ ་ཡས་ལྡན་པའི་གསུང་།། དེ་ཐོས་སེམས་ཅན་ཁྲག་ཁྲིག་བརྒྱ་དག་དང་།། ཐེག་པ་གསུམ་གྱི་ཞི་བར་མཆི་བར་བགྱིད།། ཁྱོད་ལ་མཆོད་པས་ལྷ་ཡི་བདེ་བ་ནི།། རྣམ་པ་མང་དང་དེ་བཞིན་མི་ཡི་འཐོབ།། མི་ཡི། ་བདག་པོ་འགྲོ་བ་ལ་ཕན་བགྱིད་པ།། བྱུག་ཅིང་ནོར་ཆེ་འབྱོར་པ་ཆེན་པོར་འགྱུར།། མཚུངས་མེད་ཁྱོད་ལ་དད་པ་བསྐྱེད་པ་ནི།། གླིང་བཞི་བདག་པོ་འཁོར་ལོ་སྒྱུར་བ་མཆོག། འགྲོ་ལ་དགེ་བ་བཅུ་པོ་ཀུན་བྱེད་པ ་པབ། རིན་ཆེན་རབ་བཟང་བདུན་ལྡན་ཐོབ་པར་འགྱུར།། རྒྱལ་བ་ཁྱོད་ལ་མཆོད་པ་བགྱིས་པས་ནི།། ཚངས་པ་བརྒྱ་བྱིན་འཇིག་རྟེན་བདག་པོ་དང་།། ཡོངས་སུ་དགའ་ལྡན་ཡི་བདག་པོ་དང་།། གཞན་འཕྲུལ ་དབང་དང་འཐབ་བྲལ་རབ་དགར་འགྱུར།། འགྲོ་བ་སྡུག་བསྔལ་རྣམ་མང་སེལ་མཛད་པ།། མཉམ་མེད་ཁྱོད་ལ་མཆོད་ལ་དང་མཐོང་བ་དང་།། ཐོས་པའང་དེ་ལྟར་འབྲས་བུ་མཆིས་ལགས་ཏེ།། གནས་མཆོག ་རྒ་ཤི་མེད་པ་འཐོབ་པར་འགྱུར།། བཅོམ་ལྡན་ལམ་ལ་མཁས་ཤིང་ལམ་མཁྱེན་པ།། འཇིག་རྟེན་འདི་ནི་ངན་པའི་ལས་ཟློག། བཅོམ་ལྡན་འགྲོ་བ་དག་ནི་འཕགས་པའི་ལམ།། བདེ་བ་ཞི་བ ་རྡུལ་དང་བྲལ་ལ་འགོད།། བསོད་ནམས་གཏེར་ཁྱོད་བསོད་ནམས་དོན་གཉེར་བའི།། བསོད་ནམས་བགྱི་རྟག་ཏུ་མི་བས་ཏེ།། བྱང་ཆུབ་དམ་པ་མ་ཐོབ་པར་དུ་ནི།། བསྐལ་པ་བྱེ་བ་མང་པོ་བས་མི་འགྱུར།། གཞལ་འཕྲུལ ་འདྲ་བ་རྟག་ཏུ་དགའ་བགྱིད་པ།། ཡོངས་སུ་དག་ཅིང་མཛེས་པ་ཐོབ་པར་འགྱུར།། དམ་པའི་ཞིང་དུ་ལུས་དང་ངག་ཡིད་ཀྱིས།། སེམས་ཅན་དག་ནི་རྣམ་པར་དག་པར་འགྱུར།། རྒྱལ་བ་མཆོད་པའི་མི་ཡིས་འདི་ལ ་སོགས།། ཡོན་ཏན་རྣམ་པ་དུ་མ་ཐོབ་པར་འགྱུར།། མཐོ་རིས་ཐར་པའི་མི་ཡི་བདེ་བ་དང་།། འགྲོ་བ་ཀུན་གྱི་བསོད་ནམས་གཏེར་ཐོབ་འགྱུར།། ཁྱོད་ཀྱི་བརྗོད་དང་གྲགས་པ་རྒྱ་ཆེན་པོ།། ཕྱོགས་རྣམས་ཀུན་གྱི་ཞིང་མེད ་བརྒྱར་ཡང་མཆིས།། རྒྱལ་བ་ཁྱོད་ཀྱི་སྟེགས་པའི་ཕྲེང་བ་ནི།། བདེ་བར་གཤེགས་རྣམས་འཁོར་དུ་རྟག་པར་སྒྲོགས།། ཡོན་ཏན་རྣམ་པ་ཀུན་ཏྲེ་རིམས་ནད་བྲལ་ཞིང་འགྲོ་བ་ཐར་མཛད་པོ།། མཐོང་ན་དགེའ་བ་ཐུགས་རྗེ ་མཆོག་ལྡན་པ། བཅོམ་ལྡན་དབང་པོ་ཞི་བ་ཞི་དགྱེས་པ།། མི་མཆོག་དམ་པ་ཁྱོད་ལ་ཕྱག་འཚལ་ལོ།། བདག་གི་རྒྱལ་བ་ཁྱོད་ཀྱི་གསུང་ཐོས་ནས།། མངོན་པར་ཤེས་པ་ལྔ་ཐོབ་མཁའ་ལ་གནས།། དཔོ་བདེ་གཤེགས ་མཚུངས་པར་བདག་འགྱུར་ཏེ།། དྲི་མེད་ཆོས་ནི་འགྲོ་ལ་རྣམ་པར་དབྱེ།། ལྷ་དང་མི་དང་ཀླུ་མཆོད་བདེ་བར་གཤེགས།། ཡོན་ཏན་ཀུན་གྱི་མཐར་ཕྱིན་དེ་བསྟོད་པས།། བསོད་ནམས་རྒྱ་ཆེན་གང་སྒྲུབ་གྱུར་པ་འདིས།། འགྲོ་བ་སངས ་རྒྱས་གོ་འཕང་ཐོབ་པར་ཤོག་ཅེས་བྱའོ།། ཡང་ན་ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པ་སྟེ། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་མངའ་བ་བྱམ་པ་ཆེན ་དང་སྙིང་རྗེ་ཆེན་པོའི་སྤྱོད་ཡུལ་ཅན།། སེམས་ཅན་གྱི་ཕུང་པོའི་ཆེན་པོའི་སྐྱབས་སུ་གྱུར་པ།། མགོན་དུ་གྱུར་པ། སྨན་པ་ཆེན་པོ་གཟུགས་རྫུ་འབྱིན་པ།། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ།། རྟག་ཏུ་ཏིང་ངེ ་འཛིན་གྱི་སྤྱོད་ཡུབ་པ། འཁོར་བ་དང་མྱ་ངན་ལས་འདས་པ་ལས་རྣམས་པར་གྲོལ་བ་ནས། སེམས་ཅན་ཐམས་ཅད་ཀྱི་ཕ་མ་ལྟ་བུར་གྱུར་པ།། དགྲ་ཟིན་ལ་སེམས་སྙོམས་པའི་བར་དུའོ།། དེ་བཞིན་དུ་སྦྱར་ཏེ། འཇིག་རྟེན ་ཐམས་ཅད་ཟིལ་གྱིས་ནོན་པ། འཇིག་རྟེན་ཐམས་ཅད་ཀྱི་སྲུང་བར་གྱུར་པ། རྣལ་འབྱོར་ཆེན་པོ་ལ་རྣལ་འབྱོར་པ། བསམ་གཏན་པའི་སྤྱོད་ཡུལ་པ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ། བདག་ཉིད་ཆེ་བ། སྐྱེ་བོ་ཆེན་པོའི ་ཞལ་འབྲིང་དང་ལྡན་པ། སྐྱེ་བོ་ཁྱད་པར་ཅན་གྱི་ཞམ་འབྲིང་བ་དང་ལྡན་པ། ལྟ་བོ་དང་ཉན་པ་དང་བརྟེན་པ་དང་བསྙེན་བཀུར་བྱེད་པ་མི་ཟློགས་པ། བདག་བདེ་བ་ལ་མི་ལྟ་བ། གཞན་གྱི་སྡུག་བསྔལ་ཞི་བར་བྱེད་པ་ལ ་ལ་དགྱེས་པ། ཆོས་ལ་གཞོལ་བ། ཆོས་ཀྱི་ནོར་ཅན། ཆོས་ཀྱི་ཟན་ཅན། ཆོས་ཀྱི་སྨན་ཅན། ཆོས་ཀྱི་གཏེར་ཅན། ཆོས་ཀྱི་དབང་ཕྱུག། ཆོས་ཀྱི་བདག་པོ།། ཆོས་ཀྱི་སྦྱིན་བག། རྟག་ཏུ ་གཏོང་བ་ལ་མངོན་པར་དགྱེས་པ། རྟག་ཏུ་བག་ཡོད་པ། རྟག་ཏུ་དབེན་པ་ལ་མངོན་པར་དགྱེས་པ། ཐམས་ཅད་དུ་སྟེགས་དང་ཟླུམ་པར་གྱུར། རྒྱལ་པོའི་ལོམ་ཆེན་པོ་དང་འདྲ་བ། ཉི་མ་ཆེན་པོ་དང་འདྲ་ག་ཚངས ་པ་ཆེན་པོ་དང་འདྲ་བ། ཡེ་ཤེས་ཆེན་པོའི་རྡོ་རྗེ་འཆང་བ། ཆོས་ཆེན་པོས་དབུགས་འབྱིན་པ། གཟུགས་བལྟ་བས་མི་ངོམས་པས་མི་མཐོང་བྱས་མི་ངོམས་པ་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་དེ་ལྟར་རྗེས ་སྨྲ་དྲན་ནོ།། དེ་དག་དེ་ལྟ་ལྡན་པས་དེ་དག་གི་ཡོན་ཏན་ཡོངས་སུ་སྒྲུབ་པའི་ཕྱིར་སྦྱོར་རོ།། དྲན་པ་ཉེ་བར་འཛག་གོ།། བརྩོན་འགྲུས་རྩོམ་མོ།། དེའི་ཕྱིར་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་སྟེ། འདི་ནི་བྱང་ཆུབ ་སེམས་དཔའི་སངྱས་རྒྱས་རྗེས་སྨྲ་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ།། འདི་ཉིད་ལས་ཆོས་རྗེས་སུ་དྲན་པ་གསུང་བ། འདི་ལ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གང་སངས་རྒྱས་བཅོམ་ལྡན ་འདས་དེ་དག་ནི་ཡོན་ཏན་མཐར་ཡོས་མུ་མེད་པ་སྟེ། བདག་ནི་ཆོས་ལས་སྐྱེས་པ། ཆོས་ཀྱི་གོ་སྐལ་ལོ་སྤྱོད་པ་ཆིས་ཀྱི་སྤྲུལ་པ། ཆོས་ཀྱི་བདག་པོར་གྱུར་པ། ཆོས་ལས་བྱུང་བ།། ཆོས་ཀྱི་སྤྱོད་ཡུལ། ཆོས ་རྟེན་པ། ཆོས་ཀྱིས་གྲུབ་པ་སྟེ། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་དང་དཔེ་བྱད་བཟང་པོ་དེ་དག་ཀྱང་། ཆོས་ལས་སྐྱེས་པ། ཆོས་ལས་རྙེད་པ་ཆོས་ཀྱི་གྲུབ་པའོ།། གང་དེ་བཞིན་གཤེགས་པ་རྣམས་ཀྱི། དེ ་བཞིན་གཤེགས་པའི་སྟོབས་བཅུ་དང་མི་འཇིགས་པ་བཞི་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ་ཆོས་ལ་རྙེད་པ་ཆོས་ཀྱིས་གྲུབ་པའོ།། དེ་བས་ན་སངས་རྒྱས་ཀྱི་བྱུབ་ཚོལ་བས་ཆོས་གཙོ་བོར་བྱའོ།། ཆོས་གང་དེ་བཞིན་གཤེགས ་པ་རྣམས་ཀྱི་སངས་རྒྱས་ཀྱི་སངས་ཆོས་མ་འདྲེས་པ་བཅོ་བརྒྱད་པོ་དེ་དག་པོ་དེ་དག་ཀྱང་ཆོས་ལས་སྐྱེས་པ་ཆོས་ལས་རྙེད་པ་ཆོས་ཀྱི་གྲུབ་པའོ།། གང་འཇིག་པ་དང་། འཇིག་རྟེན་ལས་འདས་པའི་བདེ་བའི་ཡོ་བྱད་དུ་དག ་ཀྱང་ཆོས་ལས་སྐྱེས་པ་ཆོས་ལས་རྙེད་པ་ཆོས་ཀྱིས་གྲུབ་པའོ།། དེ་བས་ན་སངས་རྒྱས་ཀྱི་བྱང་ཆུབ་ཚོལ་བས་ཆོས་གཙོ་བོར་བྱའོ།། ཆོས་སྤྱོད་ཡུལ་བ་དང་། ཆོ་ས། ཆོས་ལ་གཞོལ་བ་དང་། ཆོས་སྙིང་པོར་བྱེད་པ་དང་། ཆོས ་དང་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པར་བྱའོ་སྙམ་པ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་རྗེས་སུ་དྲན་པ་དྲན་པ་ཉེ་བར་བཞག་པ་ཞེས་བྱའོ།། གཞན་ཡང་བྱང་ཆུབ་སེམས་དཔའ་འདི་སྒྱུམ་དུ་སེམས་ཏེ། ཆོས་ནི་སེམས ་ཅན་ཐམས་ཅད་ལ་མཉམ་པར་འཇུག་པོས་ཆོས་ནི་ཐ་མ་དང་འབྲིང་དང་རབ་མཐོང་ནས་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ།། ཆོས་ནི་ཕྱོགས་སུ་མ་ལྷུང་བས་ཆོས་ནི ་ངོར་བལྟ་ཞིང་། འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ།། ཆོས་ནི་དུས་ཆད་པ་མེད་པ། འདི་མཐོང་བ་རང་ལ་ཡོད་པ་རང་གིས་རིགས་པས་ཆོས་ནི་དུས ་ལ་ལྟ་ཞིང་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ།། ཆོས་ནི་མཐོ་དམན་མེད་པས་ཆོས་ནི་བརྒྱ་ཆེ་བ་ལ་འཇུག་པ་མ་ཡིན་དམན་པ་ལ་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས ་དང་མཐུན་པའི་སེམས་སུ་བྱའོ།། ཆོས་ནི་མཆོག་དང་ཐ་མ་དང་བྲལ་བས་ཆོས་ནི་རྣམ་པར་དག་པ་ལ་འཇུག་པ་ཡང་མ་ཡིན་ཉམས་པ་ལ་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་རྒྱ ་ཆོས་ནི་ཞིང་དང་ཞིང་མ་ཡིན་པའི་ལྟ་བ་ལྕེ་དང་བྲལ་བས་ཆོས་ནི་འཕགས་པ་ལ་འཇུག་པ་ཡང་མ་ཡིན་སོ་སོའི་སྐྱེ་བོ་ལ་འཇུག་པ་ཡང་མ་ཡིན་ཏེ། དེ་ལྟར་བདག་གི་ཀྱང་ཆོས་དང་འདྲ་བྲིས་སུ་བྱའོ།། ཆོས་ནི་རྟག་ཏུ་རྒྱུན ་མི་འཆད་པར་འཇུག་པས་ཆོས་ནི་ཐམས་ཅད་ཉིན་མོ་འཇུག་པ་མ་ཡིན་མཚན་མོ་འཇུག་པ་མ་ཡིན་མཚན་མོ་འཇུག་ལ་ཉིན་མོ་མི་འཇུག་པ་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུའོ།། ཆོས་ནི ་གང་ལ་ཡང་ནམ་ཡང་སྡོད་པ་མ་ཡིན་པས་ཆོས་ནི་འདུལ་བའི་དུས་ལས་ཀྱང་མི་འདའ་སྟེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུའོ།། ཆོས་ནི་ཐམས་ཅད་དུ་འདོད་པ་མེད་པས་ཆོས་ནི་སང་བ་རྣམས་ལ་ཞེ ་འགྲུས་པ་ཡང་མེད་དང་པ་རྣམས་ལ་རྗེས་སུ་ཆགས་པ་ཡང་མེད།། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ།། ཆོས་ནི་བྲི་བ་ཡང་མ་ཡིན་གང་བ་ཡང་མ་ཡིན་ཏེ་དཔག་ཏུ་མེད་གྲངས་མེད་པས་ནུ་མཁའ་ལྟར ་འབྲི་བ་ཡང་མ་ཡིན་འཕེལ་བ་ཡང་མ་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ།། ཆོས་ནི་སེམས་ཅན་རྣམས་ཀྱི་བསྲུང་བ་མ་ཡིན་གྱི་ཆོས་ཀྱིས་སེམས་ཅན་རྣམས་བསྲུང་སྟེ། དེ་ལྟར་བདག ་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ།། ཆོས་ནི་སྐྱབས་ཡོངས་སུ་ཚོལ་བ་མ་ཡིན་པས་ཆོས་ནི་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་ཡིན་ཏེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ།། ཆོས ་ནི་ཐོགས་པ་མེད་པའི་མཉན་ཉིད་པས་ཆོས་ནི་གང་ལ་ཡང་ཐོགས་པ་མེད་དེ། དེ་ལྟར་བདག་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ།། ཆོས་ནི་བག་ལ་ཉལ་མེད་པས་བག་ལ་ཉལ་མི་འཇུག་སྟེ། དེ་ལྟར་བདག ་གིས་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ།། ཆོས་ནི་རྟག་ཏུ་རྣམ་པར་མི་རྟོག་པས་ཆོས་ནི་འཁོར་བས་འཇིགས་སྐྲག་པ་ཡང་མ་ཡིན་མྱ་ངན་ལས་འདས་པ་ལ་རྗེས་སུ་ཆགས་པར་ཡང་མ་ཡིན་ཏེ། དེ་ལྟར་བདག་གི ་ཀྱང་ཆོས་དང་འདྲ་བའི་སེམས་སུ་བྱའོ་སྙོམས་མོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ལྟར་དྲན་པ་ཉེ་བར་འཇོག་པས་དེའི་ཕྱིར་ཆོས་རྗེས་སུ་དྲན་པ་ཞེས་བྱ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས ་དྲན་པ་ཉེ་བར་གཞག་པ་ཞེས་བྱའོ་ཞེས་སོ།། དེ་ཉིད་ལས་གསུངས་པ། དགེ་འདུན་ནི་ཆོས་སྨྲ་བ། ཆོས་སྤྱོད་པ། ཆོས་སེམས་པ། ཆོས་ཀྱི་ཞིང་། ཆོས་འཛིན་པ། ཆོས་ལ་རྟོན་པ།། ་ཆོས་ལ་མཆོད་པ། ཆོས་ཀྱི་བྱ་བ་བྱུང་པ། ཆོས་སྤྱོད་ཡུལ་གམ་སྤྱད་པ་སུན་སུ་མཆོག་པ། རང་བཞིན་གྱི་དྲང་བ། རང་བཞིན་གྱི་དག་པ། སྙིང་རྗེའི་ཆོས་ཅན། སྙིང་རྗེ་དང་ལྡན་པ། རྟག་ཏུ་དབེན་པའི་སྤྱོད་ཡུལ་ག། ས་ཏུ་རྩོལ་གས་ག ་དཀར་པོ་སྤྱོད་པའི་སྙས་ཞེས་བྱ་བུ་ལ་སོགས་པའོ།། དེ་ལ་བྱང་ཆུབ་སེམས་དཔའི་དགེ་འདུན་རྗེས་སུ་དྲན་པ་འདི་ལྟ་བུ་ཡིན་ཏེ། དགེ་འདུན་གྱི་ཡོན་ཏན་ཡང་དག་པ་གང་ཡིན་པ་དེ་དག་བདག་གི། བདག་དང་སེམས་ཅན ་ཐམས་ཅད་ལ་སྒྲུབ་པར་བྱའོ་སྙམ་པ་སྟེ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། བྱང་ཆུབ་སེམས་དཔའི་ཡོན་ཏན་ཇི་སྐད་དུ་འབྱུང་བ་དེ་ལྟ་བུར་དགེ་འདུན་རྗེ་སུ་དྲན་པ་བསྒོམ་པར་བྱའོ།། ་སེམས་ཅན་ཀུན་གྱི་གཟུགས་དང་ནི། སྐད་དང་དབྱངས་སུ་གང་བརྗོད་པ།། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱིས།། སྐད་ཅིག་གཅིག་ལ་སྟོན་པར་བྱེད།། སྒྱུ་མའི་ཆོས་ཀྱི་རྣམ་རྩེན་པ།། དེ་དག་སེམས་ཅན ་སྨིན་བྱའི་ཕྱིར།། རྒ་བ་དང་ནི་ན་བར་འགྱུར།། བདག་ཉིད་ཤི་བར་རབ་ཏུ་སྟོན།། ས་རྣམས་རབ་ཏུ་ཚིག་པར་མི།། བསྐལ་པས་བསྲེག་པར་ཀུན་སྟོན་ཏེ།། སེམས་ཅན་རྟག་པར་འདུ་ཤེས་པ།། མི་རྟག་པར་ནི ་རབ་བསྟན་ཏོ།། སེམས་ཅན་བྱེ་བ་སྟོང་རྣམས་ཀྱང་། ཡུལ་གཅིག་ཏུ་ནི་མགྲོན་དུ་གཉེར། ཐམས་ཅད་ཁྱིམ་དུ་ཟན་བྱིན་ཏེ། ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ།། སྔགས་དང་རིག་པ་ཅི་ཡོད་དང་།། གཟོ་གནས ་རྣམ་པ་མང་པོ་དག། ཐམས་ཅད་ཀྱི་ཡང་ཕ་རོལ་ཕྱིན།། སེམས་ཅན་ཐམས་ཅད་བདེ་ཐོབ་བྱེད།། འཇིག་རྟེན་ཡ་མཚན་ཇི་སྙེད་པ།། དེ་དག་ཀུན་ཏུ་རབ་བྱུང་ནས།། ལྟ་བ་ཐ་དད་གྱུར་པ་ཡི།། སེམས་ཅན་རྣམས་ནི། ་ཡོངས་སུ་འགྲེལ།། ཟླ་བ་འམ་ཉི་མར་དེ་གྱུར་དེ།། བརྒྱ་བྱིན་ཚངས་པ་སྐྱེ་དགུ་དབང་། ཆུ་དོང་མེ་ཡང་རབ་འགྱུར་ཏེ།། ས་དང་རླུང་དུའང་དེ་བཞིན་ནོ།། ནད་ཀྱི་བསྐལ་པ་བར་མ་ལ།། དེ་ནི་རྩི་མཆོག་དམ་པར ་འགྱུར།། དེས་ནི་སེམས་ཅན་རྣམ་གྲོལ་ཞིང་།། ནང་རྣམས་མེད་ཅིང་བདེ་བར་འགྱུར།། མུ་གེའི་བསྐལ་པ་བར་མ་ལ།། ཟས་དང་སྐོམ་དུ་བསྒྱུར་ནས་སུ།། བཀྲེས་ཤིང་སྐོམ་པ་མེད་བྱས་ཏེ།། སྲོག་ཆགས་རྣམས ་ལ་ཆོས་སྟོན་ཏོ།། མཚོན་གྱི་བསྐལ་བ་བར་མ་ལ།། དེ་དག་བྱམས་པ་སྒོམ་གྱུར་ཏེ།། སེམས་ཅན་བྱེ་བ་བརྒྱ་མང་པོ།། གནོད་སེམས་མེད་ལ་འཛུད་པར་བྱེད།། གཡུལ་ཆེན་འདྲེས་པའི་ནང་དུ་ནི།། དེ་དག ་ཕྱོགས་ལམ་མཉམ་པར་འགྱུར།། བྱང་ཆུབ་སེམས་དཔའ་སྟོབས་ཆེན་རྣམས།། འདུམ་ཞིང་འདུ་བར་དགའ་བར་བྱེད།། སངས་རྒྱས་ཞིང་ནི་ཇི་སྙེད་པ།། བསམ་གྱིས་མི་ཁྱབ་དམྱལ་བར་ཡང་།། སེམས ་རྣམས་ལ་ཕན་བྱའི་ཕྱིར།། བསམ་བཞིན་དུ་ནི་དེར་འགྲོའོ།། ཇི་སྙེད་དུད་འགྲོའི་སྐྱེ་གནས་ཀྱི།། འགྲོ་བར་རབ་ཏུ་བརྟན་པ་ནི།། ཐམས་ཅད་དུ་ཡང་ཆོས་སྟོན་ཏེ། དེ་ཕྱིར་རྣམ་པར ་འདྲེན་ཅེས་བྱ།། འདོད་པའི་ལོངས་སྤྱོད་རྣམས་ཀྱང་སྟོན།། བསམ་གཏན་པ་ལ་བསམ་གཏན་སྟོན།། བདུད་རྣམས་རབ་ཏུ་འཇོམས་བྱེད་ཅིང་།། དེ་དག་གླགས་སུ་འགྱུར་མི་བྱེད།། མི་དབུས་ན་ནི་པདྨ་ལྟར།། བྱུང་མ་མྱོང་བ ་ངོ་སྟོན་ཏེ།། དེ་བཞིན་འདོད་དང་བས་མོ་གཏན་ཡང་།། བྱུང་མ་མྱོང་བ་དེ་སྟོན་ཏོ།། བསམ་བཞིན་སྨད་འཚོང་རྣམས་སུ་སྦྱར།། སྐྱེས་པ་རྣམས་ནི་བསྡུ་བའི་ཕྱིར།། འདོད་ཆགས་ལྕགས་ཀྱིས་དྲངས་ནས་སུ། དེ་དག་སོངས ་རྒྱས་ཡེ་ཤེས་འགོད།། སེམས་ཅན་རྣམས་ལ་ཕན་པའི་ཕྱིར། གྲོང་མི་དང་ནི་དེད་དཔོན་དང་།། མདུན་ན་འདོན་དང་བློ་ན་པོ་དང་།། བློན་པོ་ཆེན་པོར་རྟག་ཏུ་འགྱུར།། སེམས་ཅན་དབུལ་པོ་རྣམས་ལ་ནི།། ཟས་མི་ཤེས ་པའི་གཏར་དུ་གྱུར།། གང་ལ་སྦྱིན་པ་བྱིན་པ་ཡང་།། དེ་དག་སངས་རྒྱས་བྱང་ཆུབ་སེམས་བསྐྱེད་བཙུད།། ང་རྒྱལ་ཁེངས་པའི་སེམས་ལ།། དེ་དག་མཚན་ཆེན་མཆོག་གྱུར་ཏེ།། ང་རྒྱལ་ཀུན་ཀྱང་བཅོམ་ནས་སུ།། ་བླ་མེད་བྱང་ཆུབ་ཚོལ་དུ་བཙུང་།། འཇིགས་སྒྲགས་སེམས་ཅན་རྣམས་ལ་ནི།། རྟག་ཏུ་དེ་ཡི་མདུན་ན་འདུག། དེ་དག་མི་འཇིག་བྱིན་ནས་ཀྱང་།། བྱང་ཆུབ་ཏུ་ནི་སྨིན་པར་བྱེད་།། དེ་དག་ལྔ་སྔོན་ཤེས་པ་ཡི།། ་སྐྱོང་ཚངས་པར་སྤྱོད་གྱུར་ཏེ།། བཟོད་དང་ངེས་དང་ཚུལ་ཁྲིམས་དང་།། སྡོམ་པ་ལ་ནི་སེམས་ཅན་འགོང་།། རིམ་གྲོ་ལྷུར་བྱེད་སེམས་ཅན་རྣམས།། འཇིགས་པ་མེད་པས་འདིར་མཐོང་ནས།། བྲན་དང་གཡོག་ཏུ་ཤིན་ཏུ་འགྱུར།། ་སློབ་མར་ཡང་ནི་ཉོ་བར་འགྲོ། ཡན་ལག་གང་དང་གང་རྣམས་ཀྱིས།། སེམས་ཅན་ཆོས་ལ་དགར་གྱུར་པ།། ཐབས་ཆེན་ཤིན་ཏུ་བསླབས་པ་དག། བྱ་བ་དག་ནི་ཐམས་ཅད་སྟོན།། དེ་དག་བསླབ་པ་མཐའ་ཡས་ཤིང་།། སྤྱོད། ་ཡུལ་རྣམས་ཀྱང་མཐའ་ཡས་ཏེ།། ཡེ་ཤེས་མཐའ་ཡས་རྫོགས་པས་ན།། སྲོག་ཆག་མཐའ་ཡས་གྲོལ་བར་བྱེད།། བསྐལ་པ་དག་ནི་བྱེ་བ་དང་།། བསྒྲལ་པ་བྱེ་བ་ཕྲག་བརྒྱར་ནི།། བཅོམ་ལྡན་སངས་རྒྱས་རྣམས་ཀྱི ་ཀྱང་།། དེ་ཡི་ཡོན་ཏན་མཐའ་བརྗོད་དཀའ་ཞེས་བྱའོ།། བསླབ་པ་ཀུན་ལས་བཏུས་པ་ལས།། ། བམ་པོ་བཅུ་བཞི་པ་སྟེ་ཐ་མའོ།། བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་ནི།། ་དཀོན་མཆོག་ཏ་ལའི་གཟུངས་ལས་ཇི་སྐད་གསུངས་པ་དེ་ལྟར་ཡང་བསྒོམ་པར་བྱ་སྟེ།། མེ་ཏོག་ཕལ་ཆེར་མེ་ཏོག་བླ་རེ་དང་། མེ་ཏོག་བཀོད་པའི་འོད་ཟེར་རབ་བགྱི་སྟེ།། མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ཤིང་།། བདག ་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད།། བདུག་པར་ཕལ་ཆེར་བདུག་པའི་བླ་རེ་དང་།། བདུག་པའི་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ།། གདུག་པ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང་།། བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད ་@#ཕལ་ཆར་སྤྲོས་དང་སྤོས་ཀྱི་བླ་རེ་དང་།། སྤོས་ཀྱི་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ།། སྣ་ཚོགས་སྤོས་རྣམས་ཀུན་ཏུ་བཀྲམ་བྱས་ཤིང་།། བདག་ཉིད་ཆེན་པོ་དེ་དགུ་རྒྱལ་བ་མཆོད། ཕྲེང་བ ་ཕལ་ཆེར་ཕྲེང་བའི་བླ་རེ་དང་།། ཕྲེང་བ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ།། ཕྲེང་བ་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ཤིང་།། བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོང་།། ཕྱེ་མ་ཕལ་ཆར་ཕྱེ་མའི་བླ་རི་དང་།། ཕྱི་མ་བཀོད་པའི ་འོད་ཟེར་རབ་བཀྱེ་སྟེ།། ཕྱེ་མ་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ཤིང་།། བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད།། ན་བཟའ་ཕལ་ཆེར་ན་བཟའི་བླ་རེ་དང་།། ན་བཟའོ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ།། ན་བཟའ་སྣ་ཚོག ་ཀུན་ཏུ་བཀྲམ་བྱས་ཤིང་།། བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད།། ཕལ་ཆེར་གདུགས་ཀྱི་བླ་རེ་དང་།། གདུགས་ཀྱི་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ།། སྣ་ཚོགས་གདུགས་རྣམས་ཀུན་ཏུ་བཀྲམ་བྱས་ཤིང་།། ་བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད།། རིན་ཆེན་ཕལ་ཆར་རིན་ཆེན་བླ་རེ་དང་།། རིན་ཆེན་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ།། རིན་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ཤིང་།། བདག་ཉིང་ཆེན་པོ་དེ་དག་རྒྱལ་བ་མཆོད།། པདྨ། ་ཕལ་ཆེར་པདྨའི་བླ་རེ་དང་།། པདྨ་མ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ།། པདྨ་སྣ་ཚོགས་ཀུན་དུ་བཀྲམ་བྱས་ཤིང་།། བདག་ཉིད་ཆེན་པོ་དེ་དག་རྒྱལ་བ་མཆོད།། རྒྱན་ཕྲེང་ཕལ་ཆེར་རྒྱན་ཕྲེང་བླ་རེ་དང་།། རྒྱན་ཕྲེང ་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ།། རྒྱན་ཕྲེང་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ཤིང་།། བདག་ཉིད་ཆེན་པོ་དེ་དག་རྒྱལ་པ་མཆོད།། རྒྱལ་མཚན་མཆོག་བཀོད་འོད་ཟེར་རབ་བཀྱེ་ཞིང་།། དེ་དག་རྒྱལ་མཚན་དཀར་དམར་སེར་པོ ་སྔོ་དང་རྒྱལ་མཚན་བཀོད་པ་སྣ་ཚོགས་པ།། དུ་མས་རྒྱལ་བའི་ཞིང་རྣམས་རྒྱན་པར་བྱེད།། ནོར་བུའི་དྲ་བ་སྣ་ཚོགས་བཀོད་པའི་གདུགས།། དར་གྱི་ལྔ་ལྡིབ་དན་རབ་སྦྱངས་ཤིང་།། དྲིལ་གཡེར་དྲ་བ་རྒྱལ་བའི་གསུང ་སྒྲེགས་པ།། དེ་བཞིན་གཤེགས་བཾ་ཀྱི་དབུ་ལ་དེ་དག་འཛིན་ལག་པའི་མཐིལ་ནས་མཆོད་པ་བསམ་ཡས་རྣམས།། རྒྱལ་བ་གཅིག་ལ་མཆོད་པ་བྱེད་པ་ལྟར།། རྒྱལ་བ་མ་ལུས་ཀུན་ལའང་དེ་བཞིན་ཏེ། དྲང་སྲོང ་ཏིང་འཛིན་རྣམ་འཕྲུལ་འདི་འདྲའོ།། དེ་དག་འགྲོ་བ་སྡུད་པའི་ཡེ་ཤེས་ཀྱིས།། རྣམ་པར་འཕྲུལ་དང་ཏིང་འཛིན་མཆོག་བསྒྲུབས་ཤིང་།། བྱ་བ་དག་དང་བསྙེན་བཀུར་ཀུན་གྱི་བསྒོ།། ཐབས་སྟོང་དྲག་གིས་སེམས་ཅན ་འདུལ་བར་བྱེད།། ཁ་ཅིག་དེ་བཞིན་གཤེགས་པ་མཆོད་སྒོ་དང་།། སྦྱིན་པ་བསམ་གྱིས་མི་ཁྱབ་གཏོང་སྒོ་དང་།། སྦྱངས་པའི་ཡོན་ཏན་ཚུལ་ཁྲིམས་ཀུན་ཏུ་སྒོ་དང་།། བཟོད་པ་མི་ཟད་མི་འཁྲུག་སྒོ་དག་དང ་ཁ་ཅིག་བརྟུལ་ཞུགས་དཀའ་ཐུབ་བརྩོན་སྒོ་དང་།། བསམ་གཏན་རབ་ཏུ་ཞི་བར་གནས་སྒོ་དང་།། དོན་ལ་རྣམ་ངེས་ཤེས་རབ་སྒོ་རྣམས་དང་།། སྤྱོད་པ་ཀུན་ལྡན་ཐབས་ཀྱི་སྒོ་དག་དང་།། ཚངས་པའི་གནས་པ ་ངག་དང་མངོན་ཤེས་སྒོ།། བསྡུ་བའི་དངོས་པོས་ཕན་པར་འདོད་སྒོ་དང་།། བསོད་ནམས་བསགས་དང་ཡེ་ཤེས་སྒོ་དག་དང་།། བདེན་དང་རྟེན་དང་རྣམ་ཐར་སྒོ་དག་དང་།། ཁ་ཅིག ་སྟོབས་དབང་པོ་ལམ་སྒྲོ་དང་།། ཉན་ཐོས་ཐེག་པས་རྣམ་པར་གྲོལ་སྒྲོ་དང་།། རྐྱེན་གྱི་ཐེག་པས་རྣམ་པར་དག་སྒོ་དང་།། ཐེག་པ་མཆོག་གི་རྣམ་པར་འཕྲུལ་སྒོ་དང་།། ཁ་ཅིག་མི་རྟག་ཉིད་དང་སྡུག་བསྔལ་སྒོ།། ་ཁ་ཅིག་བདག་མེད་སྲོག་མེད་སྒོ་དག་དང་།། མི་སྡུག་འདུ་ཤེས་འདོད་ཆགས་བྲལ་སྒོ་དང་།། ཞི་འགོག་ཏིང་འཛིན་གྱི་སྒོ་ཡིས་འདུལ།། འགྲོ་བ་སྤྱོད་པའི་སྒོ་རྣམས་ཇི་སྙེད་པ།། དེ་སྙེད་ཆོས་ཀྱི་སྒོ་ལི་རབ་ཞུགས ་ཏེ།། དེ་དག་ཀུན་དུ་རྣམ་ཐར་སྒོ་དག་ནས།། བསམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ།། གང་དག་ཀུན་དུ་རྣམ་ཐར་སྒོ་དག་ནས།། བསམ་བཞིན་འཇིག་རྟེན་སེམས་ཅན་འདུལ་བྱེད་པ།། དེ་དག་སུས་ཀྱང ་མཚན་མར་གཟུང་མི་ནུས།། ཏིང་འཛིན་རྣམ་པར་འཕྲུལ་པ་དེ་འདྲའོ།། དེ་དག་དགའི་བའི་བཀོད་པའི་ཏིང་འཛིན་མཆོག། འགྲོ་བ་ཐམས་ཅད་ཡོངས་སྨིན་མཐུན་བྱེད་པ།། དགའ་བདི་སྤྲོ་བ་རབ་དགྲའ་ཀུན་ལྡནྡ་རྣམས ་བསམས་ཤིང་བསྟན་ནས་སེམས་ཅན་འདུལ་བར་བྱེད།། གང་དུ་ལོ་ཉེས་འཇིག་རྟེན་ཡོད་བྱེད་གང་།། བདེ་བྱེད་ཐམས་ཅད་རབ་ཏུ་དཀོན་གྱུར་པ།། དེར་ནི་ཀུན་གྱི་བསམ་བཞིན་བྱ་བ་ཡིས།། སྦྱིན་པ་སྦྱིན་ཞིང ་འགྲོ་བའི་དོན་རྣམས་བྱེད།། དེ་དག་ཟས་སྐོམ་མཆོག་དང་རོ་མཆོག་དང་།། གློས་དང་བགོ་པ་རིན་ཆེན་སྣ་ཚོགས་དང་།། རྒྱལ་སྲིད་ནོར་དང་བདག་ཕངས་ཡོངས་གཏོང་བས་སྦྱིན་ལ་མོས་པའི་འགྲོ་བ་འདུལ་བར་བྱེད།། ་བརྟན་པ་དེ་དག་མཆོག་ཏུ་ལུས་སྤྲས་ཤིང་།། གོས་དང་རྒྱན་མཆོག་བགོས་ཤིང་བརྒྱན་བྱས་ཏེ།། ཕྲེང་བས་བརྒྱན་བྱས་ཅིང་སྤྲོས་ཀྱི་བསྐུས་པ་ཡི།། གཟུགས་རྣམས་བསྟན་པས་སེམས་ཅན་འདུལ་བྱེད།། ་མཐོང་ན་དགའ་ཚིས་རབ་ཏུ་དགའ་རྣམས་ལ།། བློ་མཆོག་དེ་དག་མཆོག་ཏུ་གཟུགས་བཟང་བ།། གཟུགས་ཀྱི་དམ་པ་ཡོངས་སུ་སྟོན་བྱེད་བྱེད་ཅིང་།། གཟུགས་ལ་མོས་པའི་སེམས་ཅན་འདུལ་བར་བྱེད།། དེ ་དག་ཀ་ལ་པིང་ཀའི་སྒྲ་སྦྱིན་དང་།། ཁྱུ་བྱུག་ཀུན་ལ་དང་པའི་སྒྲ་སྐད་དང་།། རྔ་དང་ཚངས་དང་མི་འམ་ཅི་ཡི་སྒྲས།། མོས་པ་ཀུན་ལྷོ་དེ་བཞིན་ཆོས་ཀྱང་སྟོན།། སྟོང་ཕྲག་བརྒྱད་བཅུ་རྩ་བཞི་གང་ཡིན་པས།། ་རྒྱལ་བ་གང་དག་འགྲོ་བའི་དོན་མཛད་པའོ།། ཆོས་ཀྱི་བྱེ་བྲག་སྒོ་མོ་དེ་དག་གིས།། བསུམ་པ་ཇི་བཞིན་འཇིག་རྟེན་སེམས་ཅན་འདུལ།། དེ་དག་བདེ་དང་སྡུག་བསྔལ་གྲོགས་ཀྱང་བྱེད།། དོན་དང་གནོད་པའི་གྲོགས ་ཀྱང་དེ་བཞིན་བྱེད།། བྱ་བ་ཀུན་ལ་གྲོགས་སུ་འགྱུར་བྱས་ཤིང་།། གྲོགས་ཀྱི་སྒོ་ནས་སེམས་ཅན་འདུལ་བར་བྱེད།། སྡུག་བསྔལ་གནོད་པ་འདུས་བྱས་སྐྱོན་རྣམས་ལ།། གྲོགས་ཀྱི་དོན་དུ་དེ་དག་བཟོད ་@བྱེད་ཅིང་།། འགྲོ་བ་ཀུན་ལ་ཕྱན་ཡོན་བདེ་དོན་ཏུ།། དེ་དག་གྲོགས་དོན་གནོད་པ་དང་དུ་ལེན།། གདུན་སྔོན་བྱུང་མེད་ཅིང་ཆོས་མེད་དེ།། དགོན་འགྲོ་དང་ཐུར་པ་མི་དམིགས་པ།། དེར་ནི་རྒྱལ་སྲིད ་འབྱོར་པར་སྤངས་ཏེ།། ཞི་བའི་ཡིད་ཀྱིས་གནས་མེད་མངོན་པར་འབྱུང་།། དེ་དག་ཁྱིམ་དང་འཆིང་དང་སྲེད་པའི་གནས།། འགྲོ་བ་ཐམས་ཅད་ཡོངས་སུ་དགྲོལ་བའི་རྒྱུརརེ།། འདོད་པའི་དགའ་བ་ཀུན་ལ་མི་གནས་པར།། ་མངོན་པར་བྱུང་ཞིང་ཐར་པ་རབ་ཏུ་བརྗོད།། དེ་དག་སྤྱོད་པ་བཅུ་རྣམས་བརྗོད་བྱེད་ཅིང་།། སྐྱེས་ཆེན་རྣམས་ཀྱི་ཆོས་སྤྱོད་གང་ཡིན་དང་།། དྲང་སྲོང་རྣམས་ཀྱི་སྤྱོད་ཀུན་མ་ལུས་པར།། ཡོངས་སུ་བརྗོད་ཅིང་འགྲོ་བའི ་དོན་རྣམས་བྱུང་།། གང་ན་སེམས་ཅན་དཔག་མེད་ཚེ་ལྡན་ཞིང་།། བདེ་དང་ལྡན་ལ་ཉོན་མོངས་ཆུང་ཡོད་པ།། དེར་ནི་རྐོ་བས་ཉེན་ཅིང་ནང་བུ་ཅན།། བདག་ལ་དབང་མེད་འཆི་བའི་དབང་གྱུར་སྟོན།། འདོད་ཆགས་འབར ་ཞིང་ཞེ་སྡང་རབ་འབར་ལ།། འཇིག་རྟེན་གཏི་མུག་མེ་ཆེན་རབ་འབར་ཞིང་།། རྒ་དང་ན་དང་འཆི་བ་རབ་འབར་བའི་དོན་རྣམས་བྱེད།། འཇིག་རྟེན་གནས་བསྟན་གནས་སེམས་ཅན་འདུལ་བར་བྱེད།། དེ་དག་སངས ་རྒྱས་སྟོབས་བཅུ་བརྩོན་བཞི་དང་། ཀྱི་ཁྱད་པར་བཅོ་བརྒྱད་རྣམས་ཀྱིས་ཀྱང་།། སངས་རྒྱས་ཆེ་བའི་བདག་ཉིད་བརྗོད་ཅིང་ཅིང་།། སངས་རྒྱས་ཡོན་ཏན་རྣམས་ཀྱིས་འགྲོ་དོན་བྱེད།། དེ་དག་ཀུན་བདྨོ། ་རྫུ་འཕྲུལ་རྗེས་བསྟན་པས།། གཟུགས་ཀྱི་བྱིན་རླབས་སྟོབས་ཀྱིས་ཐམས་ཅད་དུ།། དེ་བཞིན་གཤྱེ་ཧྲཱི་ཕྲུལ་སྟོ། དྱ་། རྫུ་འཕྲུལ་རྣམ་པར་འཕྲུལ་པས་སེམས་ཅན་འདུལ།། དེ་དག་ཐབས་ཚུལ་རྣམ་པ་སྣ་ཚོགས་ཀྱིས།། ་འཇིག་རྟེན་རྒྱུ་ཞིང་འགྲོ་བའི་དོན་རྣམས་བྱེད།། འཇིག་རྟེན་མི་ཆགས་ཆུ་ལ་པདྨ་བཞིན།། དགའ་ཞིང་དད་པར་བྱེད་ལ་རྣམ་པར་རྒྱུ།། དེ་ག་སྙན་དངགས་མཁན་རྒྱལ་སྙན་དངགས་སྦྱོར།། གར་མཁན་རྔ་མཁྱེན ་གྱད་དང་རོལ་མོ་མཁན།། བཞུགས་མཛེས་རྒྱན་ཕྲེང་ཐོགས་ཤིང་གར་བྱེད་དང་།། སྒྱུ་མ་མཁན་པོ་གཟུགས་མང་ཀུན་དུ་སྟེན།། གྲོང་པ་གྲོང་དཔོན་ཁ་ལོ་བསྒྱུར་བར་འགྱུར།། དེ་བཞིན་དེང་དཔོན་ཚོང ་དཔོན་ཁྱིམ་བདག་འགྱུར།། རྒྱལ་པོ་བློན་པོ་མདུན་འདོན་ཕོ་ཉ་དང་།། སྨན་པ་འཇིགས་མེད་བསྟན་བཅོས་ཆོ་ག་མཁན།། དེ་དག་དགོན་པར་ལྗོན་ཤིང་ཆེན་པོར་འགྱུར།། སྨན་དང་རིན་མི་ཟད་གཏེར ་རྣམས་དང་།། ཡིད་བཞིན་ནོར་བུ་འདོད་སྦྱིན་སྡོང་པོ་དང་།། ལམ་གོལ་དོང་པ་རྣམས་ལ་ལམ་སྟོན་འགྱུར།། འཇིག་རྟེན་བྱུང་ནས་མི་རིང་ཤེས་གྱུར་ཅིག། སེམས་ཅན་ལས་ཀྱི་ཚུལ་རྣམས་མི་ཤེས་པ ་དེ་དག་ཀུན་ལ་རྨོངས་ཆོས་ཚད་ཐབས་དང་།། སྣ་ཚོགས་བཟོ་རྣམས་འཇིག་རྟེན་བརྗོད་པར་བྱེད།། འཚོ་མེང་གནོད་པ་མེད་པའི་སྦྱོར་གང་།། སེམས་ཅན་བདེ་བྱེད་མཁས་པས་རབ་བསྔགས་པ།། ་རིག་སྟོབས་སྨན་དང་བསྟན་བཅོས་སྣ་ཚོགས་ཀུན།། དྲང་སྲོང་དེ་དག་རྣམས་ཀྱིས་རབ་ཏུ་བརྗོད།། གང་ལ་ལྷུར་བཅས་འཇིག་རྟེན་མོས་འགྱུར་བ།། དྲང་སྲོང་སྤྱོད་མཆོག་དམ་པ་གང་ཡིན ་དང་།། བརྟུལ་ཞུགས་དཀའ་སྤྱད་དཀའ་ཐུབ་སྤྱོད་ཀུན་ཀྱང་། མཁས་པས་དེ་དག་རྣམས་ཀྱི་རབ་ཏུ་བརྗོད།། དེ་དག་སྤྱོད་ཅན་ཀུན་རྒྱུ་མུ་སྟེག་ཅན།། གདུང་བ་གོའུ་ཏེ་མ་དང་མི་སྨྲར་སྐྱེད།། གཅེར་བུ་གོས་མེད ་ལྷུར་ལེན་དགེ་སྦྱོང་ལ། མུ་སྟེག་ས་ཅན་གྱི་སློབ་དཔོན་མཁས་པར་སྟོན།། དེ་དག་ཀུན་ཏུ་འཚོ་བའི་ཆོས་འཛིན་དང་།། པྲ་ན་ཡོད་དང་བླ་ན་མེད་རྣམས་དང་།། རལ་པ་རིང་དང་གཞོན་ནུའི་བརྟུལ་ཞུགས་ཅན།། ་དེ་དག་ཏུ་ཡང་སློབ་དང་ནི་འགྱུར་བ་ཡིན།། ཉི་མའི་རྗེས་ལྷ་དཀའ་ཐུབ་ལྔ་ལྡན་དང་།། ཁྱི་དང་བ་ལང་བརྟུལ་ཞུགས་རི་དགས་སྤྱོད།། གྲེའུ་ཅན་དང་མུ་སྟེགས་སུམ་ཅུ་པ།། དེ་དག་ཏུ་ཡང་དེ་དགེ་སློབ་དངན ་འགྱུར།། ལྷག་པའི་ཤེས་ལ་འཇུག་པ་དགའ་རྣམས་དང་།། མུ་སྟེགས་ཉི་རེག་ཡུལ་དུ་རྒྱུ་རྣམས་སུ།། རྩ་བ་འབྲས་བུ་ཆུ་སྦྱང་གྱུར་ནས་ཀྱང་།། བསམ་ཡས་ཆེས་ལ་དེ་དག་དམ་པ་མཆོག། ཅིག་པུར ་འདུག་དང་གཅིག་པུར་རྒྱུ་བ་དང་།། ཚེར་མ་རྩཝ་དང་ཐལ་པར་ཉལ་བ་དང་།། གང་དག་གཏུན་ཤིང་མལ་ཅན་གནས་པ་དང་།། དེ་དག་ཏུ་ཡང་དེ་དག་སློབ་དཔོན་འགྱུར།། ཕྱི་རོལ་མུ་སྟེགས་ཅན་རྣམས་ཇི ་སྙེད་པ།། དེ་དག་བསྣམ་པ་མོས་པ་རྟོགས་བྱས་ཤིང་།། བསྙེན་དཀའ་མི་བཟང་དྲུག་ཤུལ་དཀའ་ཐུབ་ཀྱིས།། མུ་སྟེགས་ཅན་གྱིས་སྡུག་བསྔལ་སྤང་བར་འདུལ།། འཇིག་རྟེན་ལྟ་བས་འཁྲུགས་པ་ཤེས་བྱས་ནས།། ་ལྟ་བ་ངན་ལ་གནས་པའི་མུ་སྟེག་ཅན།། ཀུན་ལ་ཕྲ་བའི་གཞི་དང་ཐབས་ཚུལ་གྱིས།། དེ་དག་རྣམས་ལ་བདེན་པ་སྦྱིན་པར་བྱེད་།། ལ་ལར་འགྲོ་ལྡིང་བ་ཡི་སྔགས་ཀྱི་གཞི།། ཤིན་དུ་གསང་བའི་གཞི་ཡིས་བདེན ་པ་སྟོན།། ལ་ལ་དག་ལ་གསལ་ཞིང་དྲང་ཚིག་གིས།། ལྷ་ལ་དག་ལ་ལྷ་ཡིས་གསང་ཚིག་གིས།། ལ་ལ་ངག་ལ་ཡི་གེ་དབྱེ་ཚིག་དང་།། དོན་ལ་རྣམ་ངེས་རྡོ་རྗེ་གསང་རྣམས་དང་།། རྒོལ་བ་འདུལ་བར་ཤེས་པའི་ཚིག ་རྣམས་དང་།། བསྟན་བཅོས་ཐུབ་མེད་ཐར་པའི་ཚིགས་རྣམས་ཀྱིས།། ལ་ལ་དག་ལ་མི་སྐད་ཚིག་རྣམས་དང་།། ཀུན་ལ་འཇུག་པ་འདིས་ཚིག་ཚིག་རྣམས་ཀྱིས།། ལ་ལ་དག་ལ་ལྷ་ཡིས་ཚིག་དང་།། ཀྲུ་ཡི་དྲུ་ཚིག་གནོད། ་སྦྱིན་ངེས་ཚིག་གིས།། ལ་ལར་སྲིན་པོ་འབྱུང་པོ་ཤུ་ཟ་དང་།། དྲི་ཟ་གྲུལ་བུམ་ལྟོ་འཕྱེ་འཕྱེ་ཚིག་དང་།། མི་ཅི་ལྷ་མིན་ན་མཁའ་ལྡིང་ཚིག་རྣམས་ཀྱིས།། བདེན་པ་བསྟན་ཅིང་ཐར་པར་འདྲེན་པར་བྱེད།། དེ་དགྲ་བདེན ་དང་ངེས་ཚིག་ཚུལ་ཤེས་ཏེ།། དེ་ལྟར་རྒྱལ་བའི་ཆོས་རྣམས་མ་ལུས་པའི།། ཆོས་ཉིད་བསམ་བྱས་ཚིག་ལམ་ཤེས་པར་སྟོན།། དེ་དག་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ།། དེ་དག་འགྲོ་བ་མཆོག་གི་ཏིང་འཛིན།། ་འགྲོ་བ་ཀུན་ལ་མངོན་པར་སྒྲུབ་བྱེད་ཅིང་།། འོད་ཟེར་བསམ་གྱིས་མི་ཁྱབ་རབ་བཀྱེ་སྟེ།། འོད་ཟེར་བཀྱེ་ནས་སེམས་ཅན་འདུལ་བར་བྱེད།། མཐོང་ན་ལེགས་པའི་འོད་ཟེར་རབ་གཏོང་ཞིང་། ་སེམས་ཅན་ཇི་སྐད་འོད་ཟེར་དེ་ཤེས་པ།། དེ་དག་མཐོང་ལེགས་དོན་མེད་མ་ཡིན་ཏེ།། བླ་ན་མེད་པའི་ཡེ་ཤེས་མཆོག་མཱ་ནྟ།། མི་རྣམས་ཀུན་ལ་སངས་རྒྱས་ཡོངས་བསྟན་ཅིང་།། ཆོས་ཀྱང་ཡོངས་སུ་བསྟན་དེ་ལམ ་བསྟན་ཅིང་།། རྒྱལ་བའི་སྐུ་གཟུགས་མཆོད་རྟེན་བསྟན་བྱས་པས།། ངེས་ནི་མཐོང་ལེགས་འོད་ཟེར་གྲུབ་པར་འགྱུར།། ལྷ་ཡི་འོད་ཟེར་ཟིལ་གྱིས་གནོན་པའོ།། འོད་ཟེར་འོད་བྱེད་ཅེས་བྱ་རབ་གཏོང་ཞིང་།། རྡུལ་དང་མུན ་པ་ཐམས་ཅད་བསོལ་བྱས་ཏེ།། འཇིག་རྟེན་ཕན་པའི་འོད་དེ་རབ་ཏུ་སྣང་།། སེམས་ཅན་གང་དག་འོད་ངེས་བསྒྲིལ་བྱས་པ།། དེ་དག་རྒྱལ་བ་མཆོད་ཕྱིར་སྒྲོན་མ་འཛིན།། དེ་དོག་རྒྱལ་པོ་མཆོད་ཕྱིར་སྐྱོན་གཟུང་བས། ་འཇིག་རྟེན་སྒྲོན་མ་མཛད་པའི་རྒྱལ་བར་གྱུར།། འབྲུ་མར་མ་མེ་མར་གྱི་མར་མེ་དང་།། རྩཝ་ཤིང་འདམ་བུ་འོད་མའི་སྒྲོན་མ་དང་།། སྤོས་དང་བཅུད་ལན་རིན་ཆེན་སྒྲོན་མ་དང་།། རྒྱལ་བ་རྣམས་ལ་ཕུལ་ནས་འོད་བྱེད་ཐོབ།། ་སྒྲོལ་ཞེས་བྱ་བའི་འོད་ཟེར་རབ་གཏོང་ཞི།། སེམས་ཅན་གང་དག་འོད་ངེས་བསྐུལ་བྱས་ལ།། དེ་དག་སྲེད་སྤངས་སྲིད་པའི་རྒྱ་མཚོས་ལས།། སེམས་ཅན་སྒྲོལ་པོའི་དོན་དུ་གོ་ཆ་གྱོན།། གང་དག་སྲིད་སྤངས་སྲེད་པ ་རྒྱ་མཚོ་ལས།། སེམས་ཅན་སྒྲོལ་བའི་དོན་དུ་གོ་གྱོན་པ།། དེ་དག་ཆུ་བོ་བཞི་ལས་རབ་ཏུ་སྒྲོལ།། མྱ་ངན་མེད་པའི་བདེ་བའི་གྲོང་ཁྱེར་སྟོན།། སྟེགས་དང་ཟམ་པ་དུ་མ་བྱས་པ་དང་།། ཆུ་ཀླུང་ལམ་ལ་སྒྲོལ་བའི་གྲུ་བྱིན་ཏེ།། ་འདུས་བྱས་སུན་ཕྱུང་ཞི་བ་བསྔགས་བྱས་པས།། དེས་ན་སྒྲོལ་བའི་འོད་ཟེར་གྲུབ་པར་གྱུར།། སྐོམ་པ་སེལ་བའི་འོད་ཟེར་རབ་གཏོང་ཞིང་།། སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ།། འདོད་པའི་ཡོན་ཏན་སྐོམ ་པར་རབ་སྤངས་ཤིང་།། ཆོས་ལ་མོས་པའི་རོ་ནི་དོན་དུ་གཉེར།། འདོད་པའི་ཡོན་ཏན་སྐོམ་པ་རབ་སྤང་སྟེ། ཆོས་མོས་རོ་ལ་དོན་དུ་གཉེར་གྱུར་པས།། བདུད་རྩིའི་ཆར་པ་འབེབས་པའི་སངས་རྒྱས་འགྱུར།། འཇིག་རྟེན ་སྐོམ་པའི་སྲེད་པ་རྣམ་པར་སྣརེལ།། རྫིང་དང་ཁྲོན་པ་ཆུ་ཀླུང་ཆུ་རྡོ་དང་།། མཚོ་རྣམས་བྱང་ཆུབ་དོན་དུ་བྱེད་བཙུད་དེ།། འདོད་པ་སྨད་ཅིང་བསམ་གཏན་བསྔགས་བྱས་པས། དེས་ན་སྐོམ་པ་སེལ་བ་གྲུབ་པར་འགྱུར།། དགའ་བར ་བྱེད་པའི་འོད་ཟེར་རབ་གང་ཞིང་།། སེམས་ཅན་གང་ངག་འོད་དེས་བསྐུལ་བྱས་པ།། དགའ་བས་རྒྱས་ཤིང་བྱང་ཆུབ་མཆོག་དོན་དུ།། རང་འབྱུང་འགྱུར་བར་བྱ་ཞེས་སེམས་བསྐྱེད་ངོ་།། ཐུགས་རྗེ་ལྡན་པའི་སྐུ་གཟུགས ་མཚན་བརྒྱན་པ།། པདྨའི་གདན་ལ་བཞུགས་པ་རྣམས་བྱས་ཤིང་།། རྟག་ཏུ་སངས་རྒྱས་ཡོན་ཏན་རྣམས་བརྗོད་པ།། དེས་ནས་དགའ་བྱེད་འོད་ཟེར་གྲུབ་པོར་འགྱུར།། མགུ་བར་བྱེད་པའི་འོད་ཟེར་རབ་བཏོང་ཞིང་། ་སེམས་ཅན་གང་དག་འོད་ངེས་བསྐུལ་བྱས་པ།། རྟག་ཏུ་སངས་རྒྱས་ལ་ནི་དགའ་མགུ་ཞིང་།། ཆོས་ལ་དགུའ་མགུ་དགེ་འདུན་དགའ་མགུའོ།། དེ་དག་རྟག་ཏུ་སངས་རྒྱས་དགའ་མགུ་ཞིང་།། ་ཆོས་ལ་དགའ་མགུ་དགེ་འདུན་དགའ་མགུ་ནས།། སངས་རྒྱས་ཆོས་དང་འཕགས་པའི་ཚོགས་རྣམས་དང་།། རྟག་ཏུ་འགྲོགས་ཐོབ་བཟོད་པ་བླ་མེད་འཐེབ།། སངས་རྒྱས་རྗེས་དྲན་ཆོས་དང་ཚོགས་མཆོག་པ།། སེམས་ཅན ་མང་པོ་བསྐུལ་ཅིང་དྲན་བྱས་ཏེ།། བྱང་ཆུབ་སེམས་ཀྱི་ཡོན་ཏན་རབ་བརྗོད་པས།། དེས་ན་མགུ་བྱེད་འོད་ཟེར་གྲུབ་པར་འགྱུར།། བསོད་ནམས་བསགས་པ་འོད་ཟེར་རབ་གཏོང་ཞིང་།། སེམས་ཅན་གང་དག་འོད་དེས ་བསྐུལ་བྱས་པ།། བླ་ན་མེད་པའི་བྱང་ཆུབ་དོན་གཉེར་ཅིང་།། སྦྱིན་པ་སྣ་ཚོགས་དུ་མ་སྦྱིན་པར་བྱེད།། གཏན་པ་མེད་པའི་ཆོས་སྦྱིན་དེ་བྱེད་ཆེ།། སློང་བ་རྣམས་ཀྱི་བསམ་པ་རྫོགས་བྱེད་དེ།། བསམ་པ་ཐམས ་ཅད་སྦྱིན་པ་བྱིན་བྱས་པས།། བསོད་ནམས་བསགས་པའི་འོད་ཟེར་རབ་གྲུབ་པར་གྱུར།། ཡེ་ཤེས་ལྡན་པའི་འོད་ཟེར་རབ་གཏོང་ཞིང་།། སེམས་ཅན་གདག་འོང་ངེས་བསྐུལ་བྱས་པོ།། ཆོས་གཅིག་སྒོ་མོ་ནས ་ནི་དུ་མ་ཡི།། ཆོས་ཀྱི་སྒོ་རྣམས་ཡུད་ཀྱི་ཁོང་དུ་ཆུད་།། ཆོས་ཀྱི་དབྱེ་བ་སེམས་ཅན་འཛིན་བཙུད་དེ།། དོན་ལ་ངེས་པའི་ཡེ་ཤེས་རྣམས་ཕྱེ་ཞིང་།། ཆོས་ཀྱི་ཚིག་དོན་བརྗིད་པོ་བྱས་པ་ན།། དེས་ན་ཡེ་ཤེས ་ལྡན་པའི་འོད་ཟེར་འགྲུབ། ཤེས་རབ་སྒྲོན་མའི་འོད་ཟེར་རབ་གཏོང་ཞིང་།། སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ།། སྟོང་པ་བདག་མེད་མ་སྐྱེས་མ་བྱུང་ཞིང་།། རང་བཞིན་མེད་པའི་ཆོས་ལ་རབ་ཏུ་འཇུག། བདག ་པོ་མེད་ཆོས་སྟོང་པ་བྱེད་མེད་པ།། སྒྱུ་མ་སྨིག་རྒྱུ་ཆུ་ཟླ་མཚུངས་འདྲ་ཞིང་།། རྨི་ལམ་མཚུངས་ལ་གཟུགས་བརྙན་འདྲ་བ་དག། བསྟན་པས་ཤེས་རབ་སྒྲོན་མ་དེ་གྲུབ་པོ།། ཆོས་ཀྱི་རྣམ་འཕྲུལ་འོད་ཟེར་གཏོང་ཞིང་།། ་སེམས་ཅན་གང་དག་འོད་དེས་བསྐུ་ལ་བྱིས་པ།། མི་ཟད་མཛོད་ཀྱིས་གཟུངས་ནི་ཐོབ་གྱུར་ནས།། དེ་བཞིན་གཤེགས་པ་ཀུན་གྱི་མཛད་ཀྱང་འཛིན།། ཆོས་འཛིན་རྣམས་ལ་ཡོངས་སུ་ཕན་བཏགས་ཏེ།། དྲང་སྲོང ་རྣམས་ལ་ཆོས་ཀྱིས་བསྲུང་བྱས་ཤིང་།། འགྲོ་བ་ཆོས་ཀྱི་རྗེསུ་གཟུང་བྱས་པས།། ཆོས་ཀྱི་རྣམ་འཕྲུལ་འོད་ཟེར་གྲུབ་པར་གྱུར།། གཏོང་དང་ལྡན་པའི་འོད་ཟེར་གྲུབ་པར་གྱུར་པ་གཏོང་ཞིང་།། སེམས་ནྡན ་འཇུངས་པ་གང་ངག་ངོས་བསྐུལ་བས།། ལོངས་སྤྱོད་མི་རྟག་མི་བརྟེན་ཤེས་གྱུར་ནས།། དེ་དག་རྟག་ཏུ་གཱཏོང་ལ་དགའ་མོས་འགྱུར།། མ་དུལ་གདུལ་དཀའི་སེམས་ཅན་སེར་སྣ་ཅན།། ནོར་རྣམས་རྨི་ལམ ་སྤྲིན་དང་འདྲ་ཤེས་ནས།། དགའ་བའི་ཡིད་ཀྱིས་པོ་སྦྱིན་པ་སྤེལ་བྱས་པས།། དེས་ན་གཏོང་དང་ལྡན་པའི་འོད་གྲུབ་པོ།། ཡོངས་སུ་གདུང་མེང་འོད་ཟེར་གཏོང་ཞིང་།། ཁྲིམས་འཚིལ་སེམས་ཅན་གང་དག ་ངེས་བསྐུལ་པ།། ཚུལ་ཁྲིམས་རྣམས་པར་དག་ལ་གནས་གྱུར་ནས།། རང་བྱུང་འགྱུར་བར་བྱ་ཞེས་སེམས་བསྐྱེད་ངོ་།། དགེ་བའི་ལས་ལམ་ཡོངས་སུ་དག་པ་དང་།། ཚུལ་ཁྲིམས་ལ ་ཡང་སེམས་ཅན་མང་འཛུད་ཅིང་།། བྱང་ཆུབ་སེམས་ཀྱང་ཡང་ངག་འཛིན་བཅུག་པས།། ཡོངས་གདུང་མེང་བའི་འོད་ཟེར་དེ་གྲུབ་བོ།། བཟོད་པ་བཀོད་པའི་འོད་ཟེར་རབ་གཏོང་ཞིང་།། མི་བཟོད་སེམས་ཅན་གང་དགྲ ་དེས་བསྐུལ་བ།། ཁྲོ་དང་ཐ་བ་ང་རྒྱལ་ཡོངས་སུ་སྤོངས་ཤིང་།། དེ་ནི་རྟག་ཏུ་བཟོད་མོས་དགའ་བར་འགྱུར།། སྡིག་ལྡན་རྣམས་ཀྱིས་ཉེས་བྱས་བཟོད་བྱས་ཏེ།། བྱང་ཆུབ་དོན་དུ་འཁྲུག་པ་མ་བྱས་ཤིང་།། བཟོད ་བའི་ཡོན་ཏན་རྟག་ཏུ་བསྔགས་བརྗོད་པས།། དེས་ན་བཟོད་པ་བཀོད་པའི་འོད་གྲུབ་བོ།། བརྟུན་པར་ལྡན་པའི་འོད་ཟེར་རབ་གཏོང་ཞིང་།། ལེ་ལོའི་སེམས་ཅན་གང་དག་དེས་བསྐུལ་བ།། རིགས་པར་བརྩོན་པ་དཀོན ་མཆོག་གསུམ་རྣམས་ལ།། སྦྱོར་བ་སྐྱོ་བ་མང་མཆོད་པ་བྱེད་པར་འགྱུར།། རིགས་པར་བརྩོན་པ་དཀོན་མཆོག་གསུམ་རྣམས་ལ།། སྦྱོར་བ་སྐྱོ་བ་མེད་པས་མཆོད་བྱས་ནས།། དེ་དག་བདུད་བཞིའི་ལམ་ལས་རབ ་འདས་ཏེ།། བྱང་ཆུབ་བླ་མེད་མྱུར་དུ་རིག་པར་འགྱུར།། སེམས་ཅན་མང་པོ་བརྩོན་འགྲུས་འཛིན་བཅུག་སྟེ།། དཀོན་མཆོག་གསུམ་ལ་མཆོད་པ་རབ་བྱས་ནས།། ཟད་པའི་དུས་ན་དམ་ཆོས་ཡོངས་བཟུང་བས། ་དེས་ན་བརྟུན་པར་ལྡན་པའི་འོད་ཐོབ་བོ།། ཞི་བར་བྱེད་པའི་འོད་ཟེར་རབ་གདོང་ཞིང་།། རྣམ་འཁྲུགས་སེམས་ཅན་ཇི་སྙེད་ངེས་བསྐུལ་བ།། དེ་དག་ཆགས་མེད་སྡང་མེད་རྨོངས་མེད་ཅིང་།། རྟོག་པར་གྱུར་ནས་མཉམ ་སེམས་སུ་འགྱུར།། སྡིག་པའི་གྲོག་པོ་སྐྱོན་ལྡན་སྐྱོན་ཅན་དང་།། འདྲེ་བ་ཡོངསུ་རྣམ་པར་སྤངས་བྱས་ཏེ།། དེ་གོན་པར་རབ་ཞི་བསམ་གཏན་རབ་བརྗོད་པསྐྱེ།། དེས་ན་ཞི་བར་བྱེད་པའི་འོད་གྲུབ་པོ།། ཤེས ་རབ་བཀོད་པའི་འོད་ཟེར་རབ་གཏོང་ཞིང་།། ཤེས་རབ་འཚལ་སེམས་ཅན་ཇི་སྙེད་དེས་བསྐུལ་བ།། བདེན་དང་རྟེན་དང་རྣམ་ཐར་ཚུལ་རྣམས་དང་།། དབང་པོ་ཤེས་པ་རྟོགས་པར་ཁོང་ཆུབ་གྱུར།། ཉི་མའི་སྒྲོལ ་མའི་ཏིང་འཛིན་ཐོབ་གྱུར་ནས།། ཤེས་རབ་སྣང་བར་མཛད་པའི་རྒྱལ་བར་འགྱུར།། རྒྱལ་སྲིད་ནོར་དང་བདག་ཕངས་ཡོངས་བཏང་སྟེ།། བྱང་ཆུབ་དོན་དུ་ཆོས་གང་བཅོལ་བྱས་པ།། ཆོས་དེ་གུས་པར་བྱས་ནས ་རབ་བཤད་པས།། ཤེས་རབ་བཀོད་པའི་འོད་ཟེར་དེ་གྲུབ་པོ།། སངས་རྒྱས་ལྡན་པའི་འོད་ཟེར་རབ་གཏོང་ཞིང་།། སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ།། སངས་རྒྱས་སྟོང་ཕྲག་དུ་མ་བསམ ་རྣམས།། པདྨ་དམ་པ་རྣམས་ལ་ཞུགས་པར་མཐོང་།། སངས་རྒྱས་ཆེ་དང་སངས་རྒྱས་རྣམ་ཐར་དང་།། སངས་རྒྱས་རྣམ་འཕྲུལ་མཐའ་ཡས་བརྗོད་བྱས་ཤིང་།། སངས་རྒྱས་སྟོབས་དང་རྫུ་འཕྲུལ་རབ་བརྗོད་པས ་དེས་ན་སངས་རྒྱས་ལྡན་པའི་གྲུབ་བོ།། མི་འཇིགས་སྦྱིན་པའི་འོད་ཟེར་རབ་གཏོང་ཞིང་།། འཇིགས་གཉེན་སེམས་ཅན་གང་ལ་དེས་རེག་པ།། འབྱུང་པོ་བཟའ་དང་གསང་བརྡེག ་བཅིང་བ་དང་།། ནད་འགོ་འཇིགས་པ་ཀུན་ལས་ཐར་པར་འགྱུར།། མི་འཇིགས་སྦྱིན་པས་སེམས་ཅན་གང་བསྐྱབས་དང་།། སྲོག་ཆགས་གསོད་ལས་བཟློག་པར་བྱས་པ་དང་།། འཇིགས་པ་སྐྱབས་ཚོལ་རྣམས ་ལ་སྐྱབས་བྱས་པས།། མི་འཇིགས་སྦྱིན་པའི་འོད་ཟེར་དེ་གྲུབ་བོ།། བདེ་བ་ཀུན་བྱེད་འོད་ཟེར་རབ་གཏོང་ཞིང་།། ནད་པ་ན་བ་གང་དག་ངེས་རེག་པ།། རྣམ་པ་ཀུན་ཏུ་ནད་ཀྱི་སྡུག་བསལ་ཐར།། བསམ་གཏན་ཏིང ་འཛིན་བང་པོ་རྣམས་ཀྱང་འཐོབ།། ནང་གསོས་འབྲས་བུ་སྨན་དང་རྩ་བ་དང་།། རིན་ཆེན་བཅུད་ལེན་སྤོས་དང་བྱུག་པ་དང་།། བུ་རམ་སྦྲང་རྩི་འོ་མ་མར་དག་དང་།། འབྲུ་མིར་ཟས་སྐོམ་བྱིན་པ་དྲི་ཐོབ་བོ།། སངས ་རྒྱས་སྟོན་པའི་འོད་ཟེར་རབ་གཏོང་ཞིང་།། ཚེ་ཟད་ཐ་མར་མ་གང་དག་ངེས་བསྐུལ་བ།། སངས་རྒྱས་རྗེས་དྲན་སངས་རྒྱས་མཐོང་བར་འགྱུར།། དེ་དག་ཤི་འཕོས་སངས་རྒྱས་བཞུགས་ཤིང་འགྲོ། འཆི ་བའི་དུས་སུ་སངས་རྒྱས་དྲན་བྱས་ཏེ།། དགའ་བྱེད་རྒྱལ་བའི་སྐུ་གཟུགས་བསྟན་བྱས་ཤིང་།། འཆི་ཀར་སངས་རྒྱས་སྐྱབས་སུ་བཏང་བརྗོད་པས།། སངས་རྒྱས་སྟོན་པའི་འོད་ཟེར་ཐོབ་བོ།། ཆོས་རབ ་བརྗོད་པའི་འོད་ཟེར་རབ་གཏོང་ཞིང་།། སེམས་ཅན་གང་དག་འོད་དེས་བསྒྲལ་བྱས་པ།། ཆོས་ཉན་ཀློག་ཅིང་ཡི་གེར་འདྲི་བར་བྱེད།། དེ་དག་རྟག་ཏུ་ཆོས་ལ་དགའ་མོས་འགྱུར།། ཆོས་ཀྱི་མུ་གེ་བྱུང་ཚེ་ཆོས་བརྗོད།། ་ཆོས་ཚོལ་རྣམས་ཀྱི་བསམ་པ་རྫོགས་བྱས་ཤིང་།། འདུན་པ་བསྐྱེད་དེ་ཆོས་ལ་བརྩོན་གྱིས་ཞེས།། བརྗོད་པས་ཆོས་རབ་བརྗོད་པ་དེ་ཐོབ་བོ།། སངས་རྒྱས་སྲས་རྣམས་ཡོངས་སུ་བསྐུལ་བའི་ཕྱིར།། དབྱངས་དང་ལྡན་པའི ་འོད། ཊཱིར་རབ་གཏོང་ཞིང་།། འཇིག་རྟེན་གང་ང་གསུམ་ན་སྒྲ་རྒྱུན་ཇི་སྙེད་པ།། ཀུན་ཀྱང་དེ་བཞིན་གཤེགས་པའི་གསུང་དུ་ཐོས།། གླསང་བསྟོད་སྨྲྀ་ཡི་དྲང་སྲོང་ཆེ་བསྟོད་དེ།། རྒྱལ་བའི་གསུང་སྒྲོ་དོན་དུ་སིལ་སྙན་དང་།། ་སྒྲ་ཆེན་དྲིལ་བུ་སྦྱིན་རྣམས་འགྲོ་ཀུན་ལ།། རབ་ཏུ་བསྔགས་པས་དབྱུང་ས་ལྡན་འོད་གྲུབ་བོ།། འཆི་མེང་སྦྱིན་པའི་འོད་ཟེར་རབོ་གཏོང་ཞིང་།། སེམས་ཅན་གང་དག་འོད་དྲིས་བསྐུལ་བྱས་པ།། བག་མེད་སྤྱོད་པ་ཐམ་རབ་སྐུ ་ཏཱི། ཡོན་ཏན་ཀུན་ལ་བརྩོན་པ་ཉམས་སུ་ཕྱིན།། འདུས་བྱས་རྟག་ཏུ་བདེ་བི་མེད་པ་སྟེ།། སྡུག་བསྔལ་འཚེ་བ་དུ་མས་ཡོངས་སུ་གངྒཱ།། འགོག་པ་རྟག་ཏུ་བདེ་ཞིང་ཞི་སྤྱོད་ཅེས།། བརྗོད་པས་འཆི་མེད་སྦྱིན་པ་དེ ་བོ།། ཁྱད་པར་ལྡན་པའི་འོད་ཟེར་རབ་གཏོང་ཞིང་།། སེམས་ཅན་གང་དག་འོད་དེས་བསྐུལ་བྱས་པ།། རྒྱལ་བ་རྣམས་ཀྱི་ཚུལ་ཁྲིམས་ཁྱད་པར་དང་།། ཏིང་འཛིན་ཁྱད་པར་ཤེས་རབ་ཁྱད་པར་ཊཱི་གྲོ། ཐུབ་ཆེན ་རྒྱལ་པོ་ཁྲིམས་ཀྱིས་མཆོག་གྱུར་ཅིང་།། ཏིང་འཛིན་མཆོག་དང་ཤེས་རབ་མཆོག་གྱུར་ཅེས།། བྱང་ཆུབ་དོན་དུ་བསྟོད་ཅིང་བསྔགས་ས། དེས་ཁྱད་པར་ལྡན་པའི་འོད་གྲུབ་བོ།། རིན་ཆེན ་བཀོད་པའི་འོད་ཟེར་རབ་གཏོང་ཞིང་།། སེམས་ཅན་གང་དག་འོད་ངེས་བསྐུལ་བྱས་པ།། རིན་ཆེན་མི་ཟད་གཏེར་རྣམས་ཐོབ་གྱུར་ནས།། དྲང་སྲོང་ཆེ་ལ་རིན་ཆེན་དམ་པས་མཆོད།། རྒྱལ་དང་རྒྱལ་བའི་མཆོད་རྟེན་རིན ་ཕུལ།། སྐྱེ་བོ་ཉོན་མོངས་རིན་ཆེན་རྣམས་ཀྱིས་བསྡུས།། རྒྱལ་བ་རྣམས་ལེ་རིན་ཆེན་རབ་ཕུལ་བས།། རིན་ཆེན་བཀོད་པའི་འོད་ཟེར་གྲུབ་པར་འགྱུར།། སྤྲོས་རབ་སྣང་བའི་སྡེ་འོད་རབྱ་གཏོང་ཞིང་།། སེམས་ཅན་གང ་དག་འོད་ངོས་བསྐུལ་བྱས་པས།། མི་ལ་མེད་སྤྲོས་ཡིད་འོང་ཚེར་གྱུར་ནས།། སངས་རྒྱས་ཡོན་ཏན་རྣམས་ལ་ངེས་པར་འགྱུར།། མི་དང་ལྷ་ཡི་སྤོས་དང་བྱུག་པ་ཡིས།། མི་ཡི་གཙོ་ལ་མཆོད་པ་རབ་བྱས་ཏེ།། སྤོས ་ལས་རྒྱལ་བའི་གཟུགས་དང་མཆོད་དག་རྟེན་དག། བྱས་པས་སྤོས་རབ་སྣང་བ་དེ་གྲུབ་བོ།། སྣ་ཚོགས་བཀོད་པའི་འོད་ཟེར་རབ་གཏོང་ཞིང་།། རྒྱལ་མཚན་པ་དན་གདུགས་མཆོག་སྣ་ཚོགས་དང་།། སིལ་སྙན ་བསླགས་ཤིང་སྤོས་ཀྱི་བདུག་པ་ཡིས།། ཕོ་བྲང་དམ་པ་མཛེས་བྱས་མེ་ཏོག་བཀྲམ།། སིལ་སྙེན་དག་གིས་རྒྱལ་བ་རྣམས་བསུ་ཞིང་།། མེ་ཏོག་བདུག་པ་བདུག་སྤོས་ཕྱེ་མ་དང་།། རྒྱལ་མཚལ་མཚན་པ་དེན་འམ ་མཆོག་རྣམས་ཀྱིས་མཆོད།། དེས་ན་སྣ་ཚོགས་བཀོད་པར་གྲུབ་པར་གྱུར།། ཤིན་དུ་དང་བྱེད་འོད་ཟེར་རབ་གཏོང་ཞིང་།། ས་རྣམས་ལག་མཐིལ་བཞིན་དུ་གནས་པར་བྱེད།། མཆོད་རྟེན་དྲང་སྲོང་གནས་རྣམས་སྦྱང་བྱས ་བསྡུ།། དེ་ན་ཤིན་ཏུ་དང་བྱེད་འོད་གྲུབ་བོ།། སྤྲིན་དང་ལྡན་པའི་འོད་ཟེར་རབ་གཏོང་ཞིང་།། སྤོས་ཀྱི་ཆར་འབེབས་སྤྲིན་རྣམས་ཀུན་ཏུ་གནས།། མཆོད་རྟེན་འཁོར་བ་སར་སྤོས་ཀྱིས་ཆུས་བཏབ་པས།། སྤྲིན་དང་ལྡན ་པའི་འོད་དེར་རབ་ཏུ་འཐོབ།། ལྷབ་ལྷུབ་བཀོད་པའི་འོད་ཟེར་རབ་གཏོང་ཞིང་།། གཅེར་བུ་གོས་གྱོན་རྒྱན་དང་ལྡན་པར་འགྱུར།། གོས་དང་གོ་བ་རྒྱན་ཕྲེང་སྣ་ཚོགས་དག། སྦྱིན་པ་བྱས་པས་ལྷབ་ལྷུབ་པ་བཀོད་པ་གྲུབ ་རོ་མཆོག་ལྡན་པའི་འོད་ཟེར་རབ་གཏོང་ཞིང་།། བཀྲེས་པ་ཁ་ཟས་རོ་མཆོག་ཐོབ་པར་འགྱུར།། ཟས་དང་སྐོམ་དང་རོ་མཆོག་སྣ་ཚོགས་རྣམས།། བྱིན་པས་རོ་མཆོག་ལྡན་པའི་འོད་གྲུབ་བོ།། ནོར་རྣམས་སྟོན་པའི ་འོད་ཟེར་རབ་གཏོང་ཞིང་།། དབུལ་པོ་དག་གིས་རིན་ཆེན་གཏེར་རྣམས་འཐོབ། དཀོན་མཆོག་གསུམ་ལ་གཏེར་གཞི་མི་ཟད་པ།། དབུལ་བ་བྱས་པོས་ནོར་སྟོན་འོད་ཐོབ་བོ།། མིག་རྣམ་སྐྱོང་བའི་འོད་ཟེར་རབ་གཏོང ་ཞིང་།། དེ་ཚེ་ལོང་བས་སྣ་ཚོགས་གཟུགས་རྣམས་མཐོང་།། རྒྱལ་བ་དག་དང་རྒྱལ་བའི་མཆོད་རྟེན་ལ།། མར་མེ་ཕུལ་བས་མིག་སྦྱོང་འོད་ཟེར་གྲུབ།། རྣ་བ་རྣམ་སྦྱོད་འོད་ཟེར་རབ་གཏོང་ཞིང་།། རྣ་བ་ཉམས ་པས་སྒྲ་མང་ཐོས་པར་འགྱུར།། རྒྱལ་བ་རྣམས་དང་རྒྱལ་བའི་མཆོད་རྟེན་ལ།། སིལ་སྤྱན་ཕུལ་བསསྣ་སྐྱོང་འོད་གྲུབ་བོ།། སྣ་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་།། སྔོན་ཆད ་མ་མཚོར་དྲི་ཞིམ་ཚོར་བར་འགྱུར།། རྒྱལ་བ་རྣམ་དང་རྒྱལ་བའི་མཆོད་རྟེན་ལ།། སྤྲོས་རབ་ཕུལ་བས་སྣ་སྦྱོང་འོད་ཟེར་གྲུབ།། ལྕེ་རྣམ་སྦྱོད་བའི་འོད་ཟེར་རབ་གཏོང་ཞིང་།། སྒྲ་སྙན་ཡིད་འོང་རྣམས་ཀྱི་སངས་རྒྱས ་བསྟོད།། མི་སྙན་བརླང་བར་སྨྲ་བ་རྣམས་སྤོངས་ཏེ།། འཇམ་དཔལ་སླུ་བས་ལྕེ་སྐྱོང་འོད་ཟེར་གྲུབ།། ལུས་རྣམ་སྤྱོད་པའི་འོད་ཟེར་རབ་གཏོང་ཞིང་།། དབང་པོ་ཉམས་པ་དང་པོ་ལྡན་པར་འགྱུར།། རྒྱལ་བ་རྣམས ་དང་རྒྱལ་བའི་མཆོད་རྟེན་ལ།། ལུས་གཏུགས་བྲུས་པས་ལུས་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་།། མྱོས་པ་ཐམས་ཅད་སེམས་དང་ལྡན་པར་འགྱུར།། ཏིང་འཛིན་དབང་རྗེས་སེམས་འགྲོ་བྱས་པས་ན།། སེམས ་སྤྱོད་པ་ཡི་འོད་ཟེར་དེ་གྲུབོ།། གཟུགས་རྣམས་སྦྱོང་བའི་འོད་ཟེར་རཔོ་གཏོང་ཞིང་།། མི་དབང་རྣམས་ཀྱི་བསམ་ཡས་སྐུ་མཐོང་སྟེ།། སྐུ་གཟུགས་རིན་མོ་སྣ་ཚོགས་མང་པོ་དང་།། མཆོད་རྟེན་བྱས་པས་གཟུགས ་སྦྱོང་འོད་གྲུབ་བོ།། སྒྲ་རྣམ་སྤྱོད་པོའི་འོད་ཟེར་རབ་གཏོང་ཞིང་།། སྒྲ་ནི་སྒྲ་མིན་སྟོང་པར་རབ་ཏུ་ཤེས།། རྐྱེན་ལ་བྱུང་བས་བྲག་ཆ་འདྲའོ་ཞེས།། སྒྲ་རྣམས་བསྟན་པས་འོད་ཟེར་དེ་གྲུབ་པོ།། དྲི་རྣམ་སྦྱོང་བའི་འོད ་ཟར་རབ་གཏོང་ཞིང་།། དྲི་ང་ཐམས་ཅད་དྲི་ཞིམ་མཆོག་ཆུས་རྒྱལ་བའི་མཆོད་རྟེན་དགྲ། ཁྲུས་བྱས་བྱང་ཆུབ་ཞིང་གི་འོད་དེ་ཡིན།། རོ་བློ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་།། དུག་ཅན་དུག་མེད་རོ་ཡི་མཆོག་ཏུ་འགྱུར།། ་སངས་རྒྱས་ཉན་ཐོས་བཅས་དང་ཕ་མ་ལ།། རོ་མཆོག་ཐམས་ཅད་ཕུལ་བའི་འོད་དེ་ཡིན།། རོག་རྣམ་སྦྱང་བའི་འོད་ཟེར་རབ་གཏོང་ཞིང་།། རེག་ནཱ་རྩུབ་པ་འཇམ་ཞིང་བདེ་བར་འགྱུར།། མདུང་ཐུང་རྩེ་གསུམ་རལ་གྲི ་མང་ཆེན་ཆར་ཕྲེང་བ་འཇམ་པ་པདྨ་ཨུཏྤལ་འགྱུར།། བཅོས་བུའི་རས་མང་འཛ་ཞིང་རེག་པ་དེ་རྣམས།། རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་བཏིང་བཀྲམ་སྟེ།། མེ་ཏོག་བྱུག་བེ་ན་བཟའ་འཇམ་རྣམས་དང་།། ཕྲེང ་པ་བླ་རེ་ཕུལ་བའི་འོད་དེ་ཡིས།། ཆོས་རྣམ་སྦྱོང་བའི་འོད་ཟེར་རབ་གཏོང་ཞིང་།། འཇིག་རྟེན་ཕན་མཛད།། རྒྱལ་བ་ཐམས་ཅད་ཀྱི།། སྤུ་རྣམས་ཀུན་ནས་ཆོས་རྣམ་བསམ་མི་ཁྱབ།། བྱུང་བ་ཐོས་ནས་མོས་པ ་ཐམས་ཅད་ཚིམ།། རྒྱུན་ལས་བྱུང་བས་མ་སྐྱེས་ངོ་བོ་ཉིད།། རྒྱུ་ལྟ་བུ་རྣམས་ཀྱི་སྐུ་ནི་ཆོས་སྐུ་སྟེ།། ཆོས་ཉིད་མཁའ་བཞིན་རྟག་ཏུ་གནས་སོ་ཞེས།། བརྗོད་པས་པས་ཆོས་རྣམས་སྦྱང་པར་ཐོབ་པར་འགྱུར།། ་འོད་ཟེར་སྒོ་མོ་དེ་དག་ལྀ་སོགས་པ།། དྲང་སྲོང་རྣམས་ཀྱི་སྤུ་ཡི་སྒོ་གཅིག་ནས།། འོད་ཟེར་གངྒཱའི་བྱེ་མ་སྙེད་འབྱུང་སྟེ།། ཀུན་ཀྱང་ལས་སྦྱོར་ཐ་དང་ཚུལ་ཅན་ནོ།། ཇི་ལྟར་སྐུ་ཡི་སྐུ་ཡི་སྒོ་གཅིག་ནས།། འོད་ཟེར ་གངྒཱའི་བྱེ་མ་སྙེད་འབྱུང་བ།། མ་ལུས་སྤུ་རྣམས་ཀུན་ནས་དེ་བཞིན་ཏེ།། དྲང་སྲོང་ཏིང་འཛིན་རྣམས་འཕྲུལ་འདི་འདྲའོ།། ཡོན་ཏནྡ་གང་གི་འོད་ཟེར་གླང་འགྲུབ་པའི།། ཡོན་ཏན་དེ་གྲོགས་སྔོན ་ཆད་གང་འགྱུར་བར།། དེ་དག་ཉིད་ལས་འོད་ཟེར་རབ་འབྱུང་སྟེ།། དྲང་སྲོང་ཡེ་ཤེས་རྣམས་འཕྲུལ་འདི་འདྲའོ།། དེ་དག་བསོད་ནམས་སྔོན་གྲོགས་གང་ཡིན་ལ།། རྗེས་སུ་ཡི་རང་གསོལ་བ་སུས་བཏབ་དང་།། གང ་གིས་མཐོང་སྟེ་དགེ་བ་བསགས་གྱུར་པ།། དེ་དག་ཀུན་གྱི་འོད་ཟེར་དེ་དག་ཤེས།། གང་དག་བསོད་ནས་ས་བྱས་ཤིང་དགེ་བསགས་དང་།། གང་དག་ཡང་ཡང་སངས་རྒྱས་རྣམས་མཆོད་ཅིང་།། སངས་རྒྱས་ཡོན་ཏན ་འདུན་ཏེ་དོན་གཉེརཱུ་བ།། དེ་དག་ཀུན་ལ་འོད་ཟེར་དེ་དག་བསྐུལ།། དཔེར་ན་དམུས་ལོང་ཉི་མ་མི་མཐོང་ཡང་།། དེ་མེད་མ་ཡིན་འཇིག་རྟེན་ཀུན་དུ་འཆར།། མིགོ་དང་ལྡན་པས་ཤར་བར་ཤེས་གྱུར་ནས།། ཀུན ་ཀྱང་རང་རང་སོ་སོའི་ལས་ལ་འཇུགས།། དེ་བཞིན་སྐྱེ་ཆེན་འོད་ཟེར་དེ་དག་ཀུན།། རབ་ཏུ་བྱུང་ཡང་ལོག་པས་ཉེན་གྱུར་ཅིང་།། མོས་ཉམས་ཕེལ་པ་རྣམས་ཀྱིས་མི་མཐོང་སྟེ།། བློ་གྲོས་ཡེངས་པ་རྣམས ་ལ་དེ་དག་མོས།། དཔེར་རྒྱན་ནོར་བུ་གཞོན་པ་གཞལ་མེད་ཁང་།། བཅུད་ཀྱིས་ལེན་དང་རིན་ཆེན་བྱུག་པ་སྤོས།། དེ་དགེ་སྐྱེ་བོ་ཆེ་ལ་ཡོད་མོད་ཀྱི།། ཕོངས་པར་གྱུར་པ་རྣམས་ལ་དེ་དག་མེད།། དེ་བཞིན་སྐྱེས ་ཆེན་འོད་ཟེར་དེ་དག་ཀུན།། དེ་དག་ཡོད་ཀྱང་ལོག་པས་ཉེན་གྱུར་ཅིང་།། མོས་པ་ཉམས་པ་རྣམས་ཀྱིས་མི་མཐོང་སྟེ།། བློ་གྲོས་ཡངས་པ་རྣམས་ལ་དེ་དག་མོད།། གང་དག་འོད་ཟེར་དབྱེ་བ་འདྲི་ཐོས་ནས། ་ད་ཅིང་མོས་ལ་དང་བ་སྐྱེས་གྱུར་ནས།། བདག་ནི་ཡོན་ཏན་ཆེ་རྒྱུར་མི་འགྱུར་ཞེས།། དེ་དགུ་དང་སོམ་ཉི་མི་བསྐྱེད་དེ།། དེ་དགེ་གཡོག་འཁོར་བཀོད་པ་རྣམས་འཕྲུལ་པ།། ཏིང་འཛིན་དམ་པར་མངོན་པར་གྲུབ་བྱེད ་ཅིང་།། ཕྱོགས་བཅུ་ཀུན་དུ་དོ་ཟླ་མང་རྣམས་ཀྱི།། ཞམ་རིང་སངས་རྒྱས་སྲས་རྣམས་སྟོན་པར་བྱེད།། འོད་བཀོད་དེ་དག་པདྨ་སྣ་ཚོགས་པ།། སྟོང་གསུམ་ཚེད་ཙམ་བྱིན་གྱིས་བརླབས་བྱས་ནས།། སྐྱི་ལྀ་ཀྲུང ་བཅས་པའི་ལུས་ཀྱིས་ཀུན་ཁྱབ་སྟེ།། ཏིང་དུ་འཛིན་རྣམ་པར་འཕྲུལ་པོ་འདི་འདྲའོ།། དེ་དག་ཞིང་བཅུའི་རྡུལ་སྙེད་པདྨ་གཞན།། འཁོར་དང་བཙསྟཾ་པས་བྱིན་གྱིས་བརློབས་བྱས་ཤིང་།། སངས་རྒྱས་སྲས ་ཀྱི་ཐམས་ཅད་ཡོངས་སུ་བསྐོར།། དེ་དག་ཏིང་འཛིན་ཏིང་འཛིན་མེད་པར་གནས།། དྲང་སྲོང་དེ་ཡིས་སེམས་ཅན་གང་དག་རྣམས།། ཡོངས་སུ་སྦྱིན་བྱསོ+ོ་སངས་རྒྱས་ལེགས་བསྒྲུབ་པས།། དེ་དག་པདྨ ་ཆེན་པོ་དེ་བསྐོར་ཅིང་།། ཀུན་ཀྱང་ཐལ་མོ་སྦྱར་ནས་ལྟ་ཞིང་འཁོད།། གང་དག་ཏིང་འཛིན་གནས་པར་རབ་ཞུགས་པ།། སྐྱེས་ཆེན་རྣམས་ཀྱི་ཆོས་ཉིད་འདི་ཡིན་ཏོ།། རང་གི་སློབ་མས་ཀུན་ཀྱང་ཡོངས་བསྐུ ་ནས།། སྐར་མའི་ཚོགས་ཀྱིས་ཟླ་བ་སྦྱོར་བ་བཞིན།། དེ་དག་ཇི་ལྟར་ཕྱོགས་ཅིག་རབ་འཇུག་ཅིང་།། ཞམ་རིང་སངས་རྒྱས་སྲས་རྣམས་སྟོན་བྱེད་པ།། དེ་བཞིན་ཕྱོགས་རྣམས་མ ་ལུས་ཀུན་ཏུ་སྟོན།། ཏིང་འཛིན་རྣམས་པར་འཕྲུལ་པ་འདྲི་འདྲའོ།། དེ་དག་ཕྱོགས་ཀྱི་དྲ་བ་ཁྱབ་གནས་པའི།། ཏིང་འཛིན་དམ་པ་མངོན་པར་སྒྲུབ་ཅེ་བྱེད་ཅིང་།། ཁ་ཅིག་མཉམ་གཞག་ཁོ་ཅིག་ལྡང་བར་ཡང ་ཕྱོགས་རྣམས་ཀུན་དུ་རང་གི་ལུས་སྟོན་ཏོ།། དེ་དག་ཤར་གྱི་ཕྱོགས་སུ་མཉམ་བཞག་ཅིང། ནུབ་ཀྱི་ཕྱོགས་སུ་མཉམ་པ་ནས་དཔའ་བོ་རྣམ་པར་ལྡང་།། ནུབ་ཀྱི་ཕྱོགས་སུ་མཉམ་པར་བཞག་གྱུར་ཅིང་།། བདག་ཉིད ་ཆེན་པོ་ཤར་གྱི་ཕྱོགས་ནས་ལྡང་།། དེ་བཞིན་ཕྱོགས་བཅུ་རྣམས་སུ་རབ་ཏུ་འཇུག། གཞན་གྱི་ཕྱོགས་སུ་མཉམ་པར་བཞག་གྱུར་ལ།། ཡེ་ཤེས་ཡོན་ཏན་ཕྱུག་པོ་གཞན་ནུས་ལྡང་།། དྲང་སྲོང་ཏིང་འཛིན ་རྣམ་འཕྲུལ་འདི་འདྲའོ།། ཤར་ཕྱོགས་སངས་རྒྱས་ཞིང་རྣམས་གང་ཡིན་པ།། གྲངས་མེད་མ་ལུས་དོག་ན་རང་བྱུང་བ།། དེ་དག་སྤྱན་སྔར་ཞབས་དྲུང་དེ་དག་རྣམས།། ཞི་བའི་ཏིང་ངེ་འཛིན་ལ་གནས་པར་སྣང་།། ཕྱོག ་དེར་མཉམ་པར་བཞག་པ་བརྟན་བྱས་ནས།། དཔའ་དོ་ནུབ་ཀྱི་ཞིང་རྣམས་མ་ལུས་པར།། རྣམ་པར་ལྡང་བའི་མངོན་སུམ་རྒྱལ་པོ་ཀུན་ལ།། མཆོད་པ་དུ་མ་རབ་ཏུ་བྱེད་པར་སྣང་།། ནུབ་ཕྱོགས་སངས་རྒྱས་ཞིང ་རྣམས་གང་ཡིན་པ།། གྲངས་མེད་མ་ལུས་དག་ན་ཞུགས་སངས་རྒྱས།། དེ་དག་སྤྱན་སྔར་ཞབས་དྲུང་དེ་དག་རྣམས།། ཞི་བ་ཏི་འཛིན་ལ་གནས་པར་སྣང།། ཕྱོགས་དེར་མཉམ་པར་བཞག་པ་བརྟན་བྱས་ནས།། ་དཔའོ་ཤར་གྱི་ཞིང་རྣམས་མ་ལུས་པར།། རྣམ་པར་ལྡང་ཞིང་མངོན་སུམ་རྒྱལ་ཀུན་ལོ།། མཆོད་པ་དུ་མ་རབ་ཏུ་བྱེད་པར་སྣང་།། དེ་བཞིན་ཕྱོགས་བཅུ་དག་གི་ཞིང་རྣམས་སུ།། ཕྱོགས་རྣམས་མ་ལུས་ཀུན་དུ་བརྟན་ལ ་འཇུག། ཁ་ཅིག་མཉམ་གཞག་ཁ་ཅིག་ལངས་གྱུར་ཅིང་།། འཇིག་རྟེན་སྒྲོན་མ་རྣམས་ལ་མཆོད་བྱེད་སྣང་།། དེ་དག་མིག་གི་ལམ་ལ་མཉམ་གཞག་ཅིང་།། གཟུགས་ཀྱི་ལམ་ནས་བདག་ཉིད་ཆེན་པོ་ལྡང་།། ་གཟུགས་རྣམས་བསམ་གྱིས་མཱི་ཁྱབ་སྟོན་པ་ན།། དེ་ལ་ལྷར་བཅས་འཇིག་རྟེན་རྨོངས་པར་འགྱུར།། གཟུགས་ཀྱི་ལམ་ལ་མཉམ་པར་བཞག་གྱུར་ལ།། མིག་ནི་མ་སྐྱེས་མ་གྱུར་བྱུང་རང་བཞིན་ཏེ། སྟོང་པ་བྱེད ་པ་མེད་པར་རབ་སྟོན་ཅིང་།། མིག་གི་ལམ་ནས་དྲན་ལྡན་རྣམ་པར་ལྡང་།། དག་རྣ་བའི་ལམ་ལི་མཉམ་གཞག་ཅིང་།། སྒྲ་ཡི་ལམ་ནུས་བདག་ཉིད་ཆེན་པོ་ལྡང་།། གཱང་ལ་ལྷར་བཅོས་འཇིག་རྟེན་རྨོངས་འགྱུར་བ།། ་སྒྲ་དང་སྐད་རྣམས་ཀུན་ལ་རབ་ཏུ་ཞུགས།། སྒྲ་ཡི་ལམ་ལ་མཉམ་པར་བཞག་གྱུར་ཅིང་།། རྣ་བ་མ་སྐྱེས་མ་བྱུང་རང་བཞིན་ཏེ།། སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང་།། རྣ་བའི་ལམ་ནས་དྲང་ལྡན་རྣམ་པར་ལྡང ་དེ་དག་སྣ་ཡི་ལམ་ལ་མཉམ་གཞག་ཅིང་།། དྲི་ཡི་ལམ་ནས་བདག་ཉིད་ཆེན་པོ་ལྡང་།། གང་དུ་ལྷར་བཅས་འཇིག་རྟེན་རྨོངས་འགྱུར་བ།། དྲི་མཆོག་དམ་པ་འཇུག་པར་རབ་ཏུ་ཞུགས།། ་དྲི་ཡི་ལམ་ལ་མཉམ་པར་བཞག་གྱུར་ཅིང་།། སྣ་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ།། སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང་།། སྣ་ཡི་ལམ་ནས་དྲན་ལྡནྡ་རྣམ་པར་ལྗང་། དེ་དག་ལྕེ་ཡི་ལ་མ་མ་ཉྀ་ན་ཅི་ག་ཀུན་གྱིའི་ཛྙཱན ་གང་དུ་སྐར་བཙས་འཇིག་རྟེན་མོ་ངེས་གྱུར་པ།། བདག་ཉིད་ཆེན་པོ་རོ་མཆོག་རྣམས་ལ་ཞུགས།། རོ་མཆོགས་རྣམས་ལ་མཉམ་པར་བཞག་གྱུར་ཅིང་།། ལྕེ་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ།། སྟོང་པ་བྱེད་པར་རབ ་སྟན་ཅིང་།། ལྕེ་ཡི་ལམ་ནས་དྲན་ལྡན་རྣམ་པར་ལྡང་།། དེ་དག་ལུས་ཀྱི་ལམ་ལ་མཉམ་གཞག་ཅིང་།། རེག་པའི་ལམ་ནུས་བདག་ཉིད་ཆེན་པོ་ལྡང་།། གླིང་དུ་ཝཱར་ཐཿས་འཇིག་རྟེན་པོས་གྱུར་། ཇིག། ནོ་ད་སྐྱེད་རྗེ ་བཞུགས།། རེག་པའི་ལམ་ལ་མཉམ་པར་གཞག་གྱུར་ཅིང་།། ལུས་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ།། སྟོང་པ་བྱེད་པ་མེད་པར་རབ་སྟོན་ཅིང་།། ལུས་ཀྱི་ལམ་ནས་དྲན་ལྡན་རྣ་ལྡང་།། དེ་དག་སེམས་ཀྱི་ལམ ་ལ་མཉམ་གཞག་ཅིང་།། ཆོས་ཀྱི་ལམ་ནས་བདག་ཉིད་ཆེན་པོ་ལྡང་།། གང་དུ་ལྷར་བཅས་འཇིག་རྟེན་རྨོངས་གྱུར་པ།། ཆོས་ལ་གནས་པར་འཇུག་པ་རབ་ཏུ་ཞུགས།། ཆོས་ཀྱི་ལས་ལ་མཉམ་པར་བཞག་གྱུར ་ཅིང་།། སེམས་ནི་མ་སྐྱེས་མ་བྱུང་རང་བཞིན་ཏེ།། སྟོན་པ་བྱེད་པ་མེད་པར་རབ་སྟོན་ཅིང་།། སེམས་ཀྱི་ལམ་ནས་དྲན་ལྡན་རྣམ་པར་ལྡང་།། དེ་དག་བྱིས་པའི་ལུས་ལ་མཉམ་གཞག་ཅིང་།། ལང་ཚོ་ཤུགས་ལ་གནས ་རྣམས་ལ་མཉམ་གཞག་ཅིང་།། རྒས་ཤིང་འཁོག་པའི་ལུས་ལས་རྣམ་པར་ལྡང་།། རྒས་ཤང་འཁོག་པའི་ལུས་ལ་མཉམ་གཞག་ཅིང་།། དུད་པའི་དགེ་བསྙེན་མ་ཡི་ལུས་ལས་ལྡང་།། དགེ་བསྙེན་མ་ཡི ་ལུས་ལས་མཉམ་གཞག་ཅིང་།། དད་པའི་དགེ་བསྙེན་ལུས་ལས་རྣམ་པར་ལྡང་།། ངད་པའི་དགེ་བསྙེན་ལུས་ལས་མཉམ་གཞག་ཅིང་།། དགེ་སློང་མ་ཡིས་ལུས་ལས་རྣམ་པར་ལྷུང་།། དགེ་སློང་མ་ཡི་ལུས་ལ ་མཉམ་གཞག་ཅིང་།། དགེ་སློང་མང་དུ་ཐོས་པའི་ལུས་ལས་ལྡང་།། དགེ་སློང་མང་ཐོས་ལུས་ལ་མཉམ་གཞག་ཅིང་།། སློབ་དང་མི་སློབ་ལུས་ལས་རྣམ་པར་ལྡང་།། སློབ་དང་མི་སློབ་ལུས་ལ་མཉམ་གཞག ་ཅིང་། རྐྱེན་གྱིས་སངས་རྒྱས་ལུས་ལས་རྣམ་པར་ལྡང་།། རྐྱེན་གྱིས་སངས་རྒྱས་ལུས་ལ་མཉམ་གཞག་ཅིང་།། སངས་རྒྱས་སྐུ་མཆོག་རབ་ལས་རྣམ་པར་ལྡེང་།། སངས་རྒྱས་སྐུ་མཆོག་རབ་ལ་མཉམ ་གཞག་ཅིང་།། ལྷ་ཡི་ལུས་གཟུགས་ལས་ནི་རྣམ་པར་ལྡེང་།། ལྷ་ཡིས་ལུས་གཟུགས་ལུས་གཟུགས་ལ་ནི་མཉམ་གཞག་ཅིང་།། རྫུ་འཕྲུལ་ཆེན་པོ་ཀླུ་ཡི་ལུས་ལས་ལྡང་།། རྫུ་འཕྲུལ་ཀླུ་ཡི་ལུས་ལ་མཉཾ ་གཞག་ཅིང་།། རྫུ་འཕྲུལ་ཆེན་པོ་གནོད་སྦྱིན་ལུས་ལས་ལྡང་།། འཕྲུལ་ཆེན་གནོད་སྦྱིན་ལུས་ལ་མཉམ་གཞག་ཅིང་།། འབྱུང་པོ་ཀུན་གྱིས་ལུས་ལས་རྣམ་པར་ལྡང་།། འབྱུང ་པོ་ཀུན་གྱིས་ལུས་ལ་མཉམ་གཞག་ཅིང་།། སྥུ་ཡཱི་སྒྲོ་གཅིག་ནས་ནི་རྣམ་པར་ལྡང་།། སྨྲེ་སྒོ་གཅིག་ལ་མཉམ་པར་གཞག་གྱུར་ཅིང་།། སྤུ་སྒོ་གཅིག་ལ་མཉམ་ཐམས་ཅད་ལས་ནི་རྣམ་པར་ལྗང་།། སྒྲ་སྒྲོ་ཀུན ་ལ་མཉམ་པར་གཞག་གྱུར་ཅིང་།། སྒྲ་རྩེ་གཅིག་གི་ཁྱོན་ལས་རྣམ་པར་ལྷུང་།། སྐྱེ་རྩེ་གཅིག་གི་ཁྱོནྡ་ལས་མཉམ་གཞག་ཅིང་།། སྐུ་རྩེ་ཀུན་གྱི་ཁྱོན་ལས་རྣམ་པར་ལྡང་།། སྒྱུ་རྩི་ཀུན་གྱི་ཁྱོན་ལ་མཉམ ་གཞག་ཅིང་།། པྲ་རབ་རྡུལ་གྱི་རྡུལ་ལས་དེ་དག་ལྡང་།། རྡུལ་གཅིག་ལ་ནི་མཉམ་པར་བཞག་གྱུར་ཅིང་།། མ་ལུས་རྡུལ་རྣམས་ཀུན་ལས་རྣམ་པར་ལྡང་།། རྡུལ་རྣམས་མེ་ལུས་ཀུན་ལ་མཉམ་གཞག་ཅིང་།། ་རྒྱུ་མཚོ་རྡོ་རྗེའི་གཞི་ལས་རྣམ་པར་ལྡང་།། རྒྱུ་མཚོ་རྡོ་རྗེའི་གཞི་ལ་མཉམ་གཞག་ཅིང་།། ནོར་བུའི་ཤིང་ཏོག་དག་ལས་རྣམ་པདྨ་ལྗང་།། ཤིང་ཏོག་རྣམས་ལ་མཉམ་པར་བཞག་གྱུར་ཅིང་།། རྒྱུ་ལྟ་བུ་རྣམས ་གྱི་འང་པོ་སྒོམས་ལྡང་།། རྒྱལ་པོའི་འོད་ཟེར་སྒྲ་ལ་མཉམ་གནག་ཅིང་།། སྲམཚེ་ཆུ་ཡི་ཆུ་གང་རྣམས་ལས་སྡུང་།། རྒྱ་མཚོའི་ཆུ་གླེང་རྣམས་ལ་མཉས་གཞག་ཅི་ངས་ཉིད་ཆེན་ཁྲིམ་ཝ~ཾ། ་ལས་ལྡང་།། མེ་ཡི་ལམ་ལ་མཉམ་པར་བཞག་གྱུར་ཅིང་།། རླུང་གི་ལམ་ལས་དྲན་ལྡན་རྣམ་པར་ལྷུང་།། རླུང་གི་ལམ་ལ་རྣ་མཉམ་པར་བཞག་གྱུར་ཅིང་། བདག་ཉིད་ཆེན་པོས་ཡི་གཞི་ལས་ལྡང་།། ས་ཡི ་གཞི་ལེ་མཉམ་པར་བཞག་གྱུར་ཅིང་།། ལྷ་ཀུན་གཞལ་མེད་ཁང་ལས་རྣམ་པར་ལྡང་།། ལྷ་ཀུན་གཞལ་མེད་ཁ་ང་ལ་མཉམ་གཞག་ཅིང་།། དྲན་ལྡན་དེ་ནི་མཁའ་ལས་རྣམ་པར་ལྡང་།། ཡོན་ཏན་མཐའ་ཡས ་བསགས་པ་དེ་དག་གི། ཏིང་འཛིན་རྣམ་ཐར་དདག་བསམ་མི་ཁྱབ།། རྒྱལ་བ་ཀུན་གྱིས་བསྐལ་པ་བསམ་ཡས་སུ།། བཤད་པ་མཛད་ཀྱང་ཟད་པར་མཛད་མི་སྤྱོད།། འགྲོ་ལས་རྣམ་སྨིན་བསམ་གྱིས་མི་ཁྱབ་སྟེ།། ་རྒྱལ་བ་ཀུན་གྱིས་དེ་དག་གསུངས་པ་ནི།། ཀླུ་ཡི་རྣམ་འཕྲུལ་སངས་རྒྱས་རྣམ་འཕྲུལ་དང་།། བསམ་བྱང་བསམ་གཏན་རྣམ་འཕྲུལ་བ་དང་།། བསམ་བྱེད་བསམ་གཏན་རྣམ་འཕྲུལ་བསམ་མི་ཁྱབ།། དེ་དག་ལ་ཡང ་དབས་སྔོན་བརྗོད་པར་བྱ།། དེ་དག་འདྲ་བའི་དཔེ་ལྟ་ཅང་མེད་དེ།། མཁས་ཤིང་རིག་པའི་སྐྱེ་བོ་དཔེ་རྣམས་ཀྱིས།། བསྟན་ན་མྱུར་དུ་དོན་རྣམས་ཤེས་པར་འགྱུར།། རྣམ་ཐར་བརྒྱད་ཀྱི་དབང་ལ་གནས་པ་ཡི།། ཉན ་ཐོས་གཅིག་ཏུ་གྱུར་ནས་མང་པོར་འགྱུར།། མང་པོར་གྱུར་ནས་ཕྱིར་ཡང་གཅིག་འགྱུར་ཏེ།། མཁའ་ལི་བསམ་གཏན་འཚའ་ཞི་ང་འབར་བར་བྱེད།། སྦྲང་ནས་མོ་འབར་སྤྱོད་ནས་ཆུ་ཡི་རྒྱུན།། སྟོང་ནས་མེ་འབར་སྨད་ནས ་ཆུ་ཡི་རྒྱུན།། གྲོང་དང་འགྲེང་དང་ཉལ་དང་འདུག་དང་།། ལུས་འཕྲུལ་སྐད་ཅིག་གཅིག་ལ་བསམ་མི་ཁྱབ།། དེ་ནི་སྙིང་རྗེ་ཆེ་དང་མི་ལྡན་ཞིང་།། བྱང་ཆུབ་མི་ཚེལ་འཛག་རྟེན་ཡལ་འདོར་ཡང་།། ་ལུས་ཀྱི་རྣམ་འཕྲུལ་བསམ་ཡས་སྟོན་བྱུང་།། འཇིག་རྟེན་ཕན་འདོད་ཅི་ཕྱིར་སྟོན་མི་བྱེད།། ཉི་ཟླ་མཁའ་ལས་རྣམ་པར་རྒྱུ་འདོང་ཞིང་།། ཕྱོགས་རྣམས་ཀུན་གྱི་ཆུ་ཡི་དོགས་དག་དང་།། མཚོ་མཚེའུ་མཚོ་བྲན་སྣོད་དང་རིན ་ཆེན་དང་།། རྒྱ་མཚོ་ཆུ་ཀླུང་རྣམས་སུ་གཟུགས་བརྙན་སྟོན།། དེ་བཞིན་གཟུགས་རྣམས་བསམ་གྱིས་མི་ཁྱབ་པ།། སྐྱེ་བུ་དཔའ་བོ་ཕྱོགས་བཅུ་ཀུན་ཏུ་སྟོན།། ཏིང་འཛིན་རྣམ་ཐར་ཀུན་གྱི་ཚུལ་ལ་མཁས།། དེ་ལ་དེ་བཞིན ་གཤེགས་པར་རང་བྱུང་དབང་།། དང་བའི་མཆོ་བའི་ལ་ཡན་ལག་བཞི་པའི་དམག། དེ་དག་སོ་སོའི་རང་གིས་གཟུགས་རྙན་མཐོང་།། རལ་གྲི་མངའ་ཚོ་ནི་གཞུ་དང་མདའ་རྣམས་དང་།། གོ་གྱོནུ་གཞོན་དང་ཐེག་པར་བཅསུ ་མཐོང་།། གང་གི་གཟུགས་གང་གནས་གང་ཆུ་བྱང་གང་།། དེ་དང་དེ་དག་དེ་ལྟར་ཆུ་ལས་མཐོང་།། འོན་ཀྱང་ཚུལ་བྱམས་སྣང་རྣམ་རྟོག་མེད།། དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་འདི་འདྲའོ།། རྒྱ་མཚོའི་ལྷ་མོ་སྒྲ་ལྡན ་ཞེས་བྱ་བ་དང་།། སེམས་ཅན་རྒྱ་མཚོར་ཇི་སྙེད་སྐྱེས་རྣམས་ཀྱིས།། སྒྲ་ཡི་ཡན་ལག་དབྱངས་ཀྱི་ཚུལ་མཁས་ཏེ།། རང་གི་སྐད་ཀྱི་སྐད་ཀུན་ཚིམ་པར་བྱེད།། ཟླ་ལྡན་ཆགས་སྡང་གཏི་མུག་ཅན་དེ་ཡང་།། སྐད་རྣམས ་གྱིས་སྒྲ་ཡི་ཚུལ་མཁས་ན།། གཟུགས་དང་ཆོས་ཀྱི་སྟོབས་ལ་དབང་ཐོབ་རྣམས།། ལྷར་བཅས་འཇིག་རྟེན་ཅི་ཕྱིར་མགུ་མི་བྱེད།། ཏུམ་བུ་རུ་ཡི་ཆུང་མ་དབྱངས་ལྡན་མ།། ཚངས་པའི་བུ་མོ་ཡིད་ལ་བྱུང་བ་དེ།། བདེན་དང་དུམ་བཅཝ ་མཱི་འཚེ་དགའ་རྣམས་ཀྱི།། སེམས་དང་སྣ་ཡིད་དང་ཁ་ཡི་སྒོར་འཇུག་སྟེ།། དབྱིངས་ལྡན་ཆགས་བཅས་ཞེ་སྡང་ཅན་དེ་ཡང་།། བརྟུལ་ཞུགས་གྲུབ་མཐུན་དབྱངས་ཀྱི་ཡན་ལག་གིས།། ཡིད་འོང་སྐད་ཀྱིས་འཇིག་རྟེན་མ ་བྱེད་ན།། ཡེ་ཤེས་ཡོན་ཏན་ཕྱུག་རྣམས་ཅིས་མི་བྱེད།། རིག་སྔགས་ཚུལ་མཁས་སྒྱུ་མེའི་མཁན་པོ་ནི།། སྐུ་ཚེགས་གཟུགས་མང་མཐའ་ཡས་སྟོན་པ་བྱེད།། ཉིན་མཚན་ཡུང་དང་ཟླ་བ་ལོ་བརྒྱ་དང་།། ཁྱིམ་བཟང་རྒྱས ་པ་ཤིན་དུ་མཛེས་པ་སྟོན།། འདོད་ཆགས་སྡང་ལྡན་སྒྱུ་མའི་མཁན་པོ་ཡང་།། སྒྱུ་མོའི་འཕྲུལ་གྱིས་འཇིག་རྟེན་མགུ་བྱེད་ན།། བསམ་གཏན་མངོ་ནི་ཤེས་རྣམ་ཐར་རབ་བསླབས་པ།། སྤྱོད་ཚུལ་མཁས་རྣམས་ཅི་ཕྱིར་མགུ ་མི་བྱེད།། ལཱུ་དང་ལྷ་མིན་དབང་པོ་འཐབ་པའི་རྨི།། རྒྱལ་ལྡན་ལྷ་ཡིས་ལྷ་མྲྀ་ན་ཕམ་བྱས་ན།། དེ་དག་འཇིགས་པས་གདུགས་བཅས་གཞོན་བཅས་ཤིང་།། ཐེག་བཅུས་དམགྣ་ཙས་གོ་གྱོན་བཞིན་དུ་བྱུང་།། འདོད ་ཆ་གོས་སྣང་ལྡན་ལྷ་དབང་དེ་དག་ཀྱང་།། ལུས་ཀྱི་རྣམ་འཕྲུལ་བསམ་ཡས་སྟོན་བྱེད་ནོ།། དབང་ཕྱུག་རྫུ་འཕྲུལ་དབང་གནས་དཔའ་བ་རྣམས།། ལུས་ཀྱི་རྣམ་འཕྲུལ་ཅི་ཕྱིར་སྟོན་མི་བྱེད།། རྡོ་རྗེ་འཆང་བའི་གླིང་གླང་བའི།། ་བསྲུང་བུ།། དབང་པོའི་འཁོར་གྱུར་རྫུ་འཕྲུལ་ཆེན་པོ་དེ།། མགོ་བོ་སུམ་ཅུ་རྩ་གསུམ་མངོན་སྤྲུལ་ཞིང་།། མགོ་རྣམས་ཀུན་ལའང་མཆེ་བ་དྲུག་དྲུག་སྟེ།། མཆེ་བ་དེ་དག་སོ་སོ་རེ་རེ་ལའང་། ་རྫིང་བུ་ཆུ་གང་བདུན་བདུན་སྤྲུལ་པ་བྱེད།། རྫིང་བུ་རེ་ལ་འདུ་ཡང་པདྨ་སྣ་ཚོགས་པ།། རྣམ་པར་བཀོད་པ་བདུན་བདུན་སྤྲུལ་པ་བྱེད།། པདྨ་རེ་རེ་ལའང་ལྷ་ཡི་བུ་མོ་ངག། རྒྱུ་རྩལ་ཀུན་ཤེས་བདུན་བདུན་སྤྲུལ་པ་བྱེད།། དེ་དག ་རྩེད་མོ་གྲུ་གར་ཚུལ་ལ་མཁས།། སུམ་ཅུ་རྩ་གསུམ་དབང་པོ་དང་རྩེ།། གླིང་པོ་དེ་ཡང་ལུས་ནི་རྒྱུ་བྱས་ཏེ།། ལྷ་རྣམས་ཀུན་དང་གྲོགས་ཤིང་འདྲེ་བར་བྱེད།། སྤྱོད་པའི་ཚུལ་དང་ལོངས་སྤྱོད་ཀུན་ཀྱང་མཐུན།། གླང་པོ་མཆོག ་རྣམ་འཕྲུལ་དེ་ལྟར་སྣང་།། གླང་པོ་ཆགས་སྡང་གཏི་མུག་ལྡན་དེ་ཡང་།། འདི་འདྲའི་རྫུ་འཕྲུལ་རབ་ཏུ་སྟོན་བྱེད་ན།། ཤེས་རབ་ཀྱིས་སྟོབས་ལ་སྦྱངས་པ་རྣམས།། ཏིང་འཛིན་བརྒྱ་ཡིས་རྣམ་འཕྲུལ་ཅིས་མི་བྱེད།། ་སྒྲ་གཅན་ཇི་ལྟར་འདོད་བཞིན་ལུས་སྤྲུལ་ཏེ།། རྡོ་རྗེའི་གཞི་ལ་རྐང་པ་འཇོག་བྱེད་ཅིང་།། རྒྱ་མཚོ་ལྟེ་བར་ཕྱིན་པ་ཙམ་དུ་སྨོན།། རི་རབ་རྩེམ་དང་ཉིད་ཀྱི་མགོ་ཡང་སྙོམ།། སྒྲ་ཅན་ཆགས་སྡང་གཏི་མུག་ལྡན་དྲི་ཡང ་འདི་འདྲའི་རྫུ་འཕྲུལ་རབ་ཏུ་སྟོན་བྱེད་ན།། འཇིག་རྟེན་སྔོན་མ་བདུན་རྣམས་རབ་འཇོམས་པ།། རྫུ་འཕྲུལ་མཐའ་ཡས་ཅི་སྟེ་སྟོན་མི་བྱེད།། བརྒྱ་བྱིན་རྣམས་འཕྲུལ་བསམ་ཡས་པ་ལ་ལྟོས།། ལྷ་དང་ལྷ་མིན་དབང་། ་པོ་གཡུལ་འགྱེད་ཚེ།། ལྷ་མྱིན་བྱེ་བ་འབྱེར་བ་ཇི་སྙེད་པ།། དེ་སྐྱེད་བརྒྱ་བྱིན་རང་གཱི་ལུས་ལས་སྦྲུལ།། ལྷ་མིན་དབང་དང་ལྷ་མིན་ཕལ་ཀུན་གྱིས།། བརྒྱ་བྱིན་རང་རང་མདུན་དུ་འཇུག་པར་ཤེས།། དེ་ནི་རྡོ་རྗེ་འཆང་བས་བཟུང ་ངོ་ཞེས།། ལྷ་མྱིན་དབང་པོ་ཀུན་ཀྱང་མགོ་མྱོས་གྱུར།། འཇིགས་པར་བྱེད་པའི་མིག་སྟོང་རབ་བསྟན་ཏེ།། རྡོ་རྗེ་མེ་ལྕེ་འབར་བ་ཐོག་བྱེད་ཅིང་།། ལུས་ལ་གོ་བགོས་གཟི་བརྗིད་བསྙེན་དཀའ་བའི།། བརྒྱ་བྱིན་མཐོང་ན ་ལྷ་མིན་དབང་པོ་འབྱེད།། དེ་ཡང་བསོད་ནམས་ཕལ་བའི་མཐུ་སྟོབས་ཀྱི།། ལྷ་རྒྱལ་དོན་དུ་རྣམ་པར་འཕྲུལ་བྱེད་ནི།། འགྲོ་བ་མ་ལུས་ཀུན་གྱི་སྐྱབས་གྱུར་པ།། བསོད་ནམས་མི་ཟད་རྣམས་ལྟ་ཅིས་མི་འཕྲུལ།། ་ལྷ་ལ་སྐུལ་མ་འདེབས་པའི་ལྷ་ཡི་རྔ།། ལྷ་ལས་རྣམ་པར་སྨིན་པས་གྲུབ་པར་གྱུར།། ལྷ་རྣམས་བག་མེད་གནས་པར་ཤེས་གྱུར་ནས།། རྔ་དཾ་ན་མཁའི་ལས་ནི་སྒྲ་སྒྲོགས་ཏེ།། འདོད་པ་ཐམས་ཅད་མི་རྟག་ཐེར་ཟུག་མིན ་ཐ་ཤྭ་ལ་མི་བརྟུན་དབུལ་བའི་ངོ་བོ་ཉིད།། སྒྱུ་མ་སྨིག་རྒྱུ་ཆུ་ཟླ་ཚུངས་ཤིང་ས་འདྲ།། སྲིད་པ་ཐམས་ཅད་རྨི་ལམ་སྤྲིན་དང་མཚུངས།། བག་མེད་ཐམས་ཅད་དགྲ་བཅས་མྱ་ངན་ཅན།། འཆི་བའི་ལམ་ཡིན་མཱི་བའི་ལམ ་མ་ཡིན།། ཇི་སྙེད་སུ་ངག་བག་མེད་གནས་གྱུར་པ།། དེ་དགེ་འཆི་བདག་ཆུ་སྲིན་ཆེན་པོས་ཟིན།། སྡུག་བསྔལ་རྩ་བ་ཡོངས་འཛིན་ཐམས་ཅད་ཡིན།། སྐྱེ་བོ་ཐམས་ཅད་འཕགས་པ་རྣམས་ཀྱི་སྨད།། ་འདོད་པའི་ཡོན་ཏན་རྣམས་ཀྱི་ཡུལ་ལ་རྨོངས།། ཆོས་ཀྱི་སྟོབས་ལ་རྟུག་དགའ་གྱིས་ཞེས་བསྐུལ།། རྔ་ངེས་བསྐུལ་ནས་བརྒྱ་བྱིན་ལྷ་རྣམས་དང་།། ལྷ་ཡི་མདུན་ནས་ཆོས་བཟང ་འདུག་ནསུ།། གཏམ་གང་ཞི་ཞིང་འདོད་ཆགས་བྲལྔ་མཐུན་པ།། ཆོས་ཀྱི་གཏམ་དེ་ལྷ་རྣམས་ཀུན་ལ་བརྗོད།། རུ་ད་གཟུགས་མེད་བསྟན་དུ་མི་རུང་ཡང་།། དེ་ལྟར་རྔ་སྒྲས་དོན་ཆེན་རབ་བྱེད་ན།། བསམ་པ་ཇི་བཞིན ་གཟུགས་ནི་ཡོངས་སུ་སྟོན་རྣམས།། འགྲོ་བ་ཀུན་གྱི་དོན་ཆེན་ཅི་མི་བྱེད།། ལྷ་དང་ལྷ་མིན་དབང་པོ་གཡུལ་འགྱེད་ཆེ།། ལྷ་ཡིད་བསིད་ནམས་བྱེད་པའི་མཐུ་སྟོབས་ཀྱིས།། ལྷ་ལ་སྦྲུལ་མ་འདེབས་པའི་ལྷ་ཡི་རྔ། ་ལྷ་རྣམས་མཱ་འཇིགས་ཤིག་ཅེས་སྒྲ་འབྱིན་ཏེ།། རྔ་ཡིས་བསྐུལ་ནས་ལྷ་རྣམས་རབ་དགའ་ཞིང་། སྐྲག་པ་མེད་དེ་སྟོབས་ཀྱང་སྐྱེས་པར་འགྱུར།། ལྷ་མིན་དབང་པོ་སྐྲག་པས་ཉིན་པ་རྣམས།། འཇིགས་ནས་དམག ་ས་དེ་ཡི་མོས་ལས་འབྱེར།། དེ་སྐད་སྒྲ་སྐད་འབྱིན་པའི་རྡོ་འདྲ་བ།། འགྲོ་བ་ཀུན་གྱི་སྐྱབས་དང་དཔུང་གཉེན་པོ།། ཉོན་མོངས་བདུད་བཙམ་སྙིང་རྗེ་ཆེན་ལྡན་རྣམས།། ཞི་བའི་སྒྲ་བསྒྲགས་ཉོན་མོངས་སེལ་བར ་བྱེད།། དབང་པོ་ལྷ་ཡི་ལྷོ་བུ་མོ་དགུ་བཅུ་གཉིས།། དབང་པོའི་སྤྲུལ་པས་ཀུན་ཀྱང་དགོའ་བར་འགྱུར།། གཅིག་ཀྱང་བདག་ཀྱ་དང་བརྒྱ་བྱིན་རྩེ་བར་ཤེས།། གཅིག་ལྟར་ལྷ་མོ་ཀུན་ཀྱང་དེ་བཞིན་ནོ།། ལྷ་མོ ་དང་དགའ་བར་གནས་སྣང་ཞིང་།། ཆོས་བཟང་མདུན་ས་ན་ཡང་དེ་བཞིན་འདུག། ལྷ་རྣམས་ཀུན་ལ་ཆོས་རབ་སྟོན་སྣང་ཞིང་།། བརྒྱ་བྱིན་སྐད་ཅིག་གཅིག་ལ་རྣམ་པར་འཕྲུལ།། བརྒྱ་བྱིན་ཆགས་སྡང་གཏི་མུག་ལྡན་པ ་ཡང་།། སྤྲུལ་པས་རང་གི་འཁོར་རྣམས་དགའ་བྱེད་ན།། འགྲོ་དོན་མི་སྐྱོ་སྦྱོར་རྣམས་ཅི་ཡི་ཕྱིར།། རྫུ་འཕྲུལ་སྟོབས་ཀྱིས་འཇིག་རྟེན་མགུ་མི་བྱེད།། བདུད་ཀྱི་དཀྲུགས་མ་འགྲོ་བའི་དབང་སྒྱུར་བ།། དེ་ཡི་དབང་དུ ་སེམས་ཅད་ན་འདི་ཀུན་འདོང་།། ལས་དང་ཉོན་མོངས་ཀུན་དུ་ཞུགས་པ་ཡིས།། སོ་སོའི་སྐྱེ་བོ་ཐམས་ཅད་བདུད་ཀྱིས་བཅིངས།། ཆགས་སྡང་གཏི་མུག་ལྡན་པཱ་རྣམས་བདུད་དེ་ཡང་།། འགྲོ་བ་ཐམས་ཅད་དབང ་དུ་འགྱུར་བྱེད་ན།། དབང་བཅུ་དབང་ཐོབ་རྣམས་ལ་ཅི་རློ་བ་སྟེ།། འགྲོ་བ་ཐམས་ཅད་རང་གི་ཕྱོགས་མི་འཇོག། སྟོང་གསུམ་གནས་ཀྱིས་བདག་པོ་ཚངས་པ་ཡང་།། སྟོང་གསུམ་ཚངས་གནས་ཇི་སྙེད་ཡོད་པ་ན།། ་ང་དག་ཀུནརྀ་ནཱ་འདུག་པར་རབ་སྣང་ཞིང་།། ཚངས་པའི་སྒྲ་དབྱངས་ཤིན་ཏུ་ཡིད་འོང་སྒྲོགས།། ཚངས་དེ་འཇིག་རྟེན་པ་ཡི་ཚངས་ལམྦ་གྱི།། བསམ་གཏན་མངོན་ཤེས་རྣམ་པར་འཕྲུལ་བྱེད་ན།། འཇིག་རྟེན་རབ་འདས ་བླ་ན་མེད་པོ་ཡི།། བསམ་གཏན་རྣམ་ཐར་གནས་ཅིས་མི་འཕྲུལ།། དབང་ཕྱུག་ཆེན་པོའི་ཤེས་པའི་རྣམ་འཕྲུལ་ལྟས།། རྒྱ་མཚོའི་སྤྲིན་གྱིས་ཆར་ཐིགས་རབ་བཀྱེ་བ།། སྐད་ཅིག་གཙོག་ལ་ཐམས་ཅད་བགྲང་བ ་བྱེད། ཐིགས་དགའི་ཟེར་ཀྱང་མ་ཤེས་དེ་མེད་ན།། བསླབ་པ་བསྐལྤ་པཱ་བསམ་ཡས་རབ་བསླབས་ཏེ།། བྱང་ཆུབ་བླ་མེད་ཡེ་ཤེས་ཐོབ་པ་རྣམས།། ཅི་ཕྱིར་སྐད་ཅིག་གཅིག ་ལས་སེམས་ཀྱིས་ནི།། འགྲོ་བ་མ་ལུས་རྣམས་ཀྱི་སེམས་མི་ཤེས།། སེམས་ཅན་ལས་སྨིན་བསམ་གྱི་མི་ཁྱབ་པས།། འཇིག་རྟེན་འདི་ཀུན་རླུང་ལས་ཡོངས་སུ་བྱུང་།། རྒྱ་མཚོ་རི་དང་ལྔ་ཡི་གཞལ་མེད་ཁང ་རིན་ཆེན་རྣམ་ཕྱེ་ས་བོན་བཀྲམ་པ་བླང་བྱུང་།། རླུང་ལས་གྱུར་སྤྲིན་གྱིས་ཆར་འབེབས་ཤིང་།། སླར་ཡང་རླུང་ཉིད་ཀྱིས་ནི་སྦྱིན་ཞི་བྱེད།། འཇིག་རྟེན་གྱིས་ནི་ལོ་ཏོག་རླུང་གོས་བསྐྱེད།། འགྲོ་བ་ཀུན་གྱི་བདེ་མང ་རླུང་གི་བྱིས་སོ། རླུང་དེས་ཕ་རོལ་ཕྱིན་ལ་མ་བསླབས་ཤིང་།། སངས་རྒྱས་ཡོན་ཏན་རྣམས་ལ་མ་བསླབས་པར།། འཇིག་རྟེན་རྣམ་སྨིན་བསམ་མོ་ཁྱབ་སྟོན་ནི།། མཆོག་ཐོབ་པ་དག་ཅེ་སྟི་སྟོན་མི་བྱེད་ནི ་བྱ་བའོ།། བསླབ་པ་ཀུན་ལས་བཏུས་པ་ལ་སུ་དཀོན་གསུམ་རྗེས་སུ་དྲན་པའི་ལྡེའུ་སྟེ་བཅོ་བརྒྱད་པའོ།། ། བསོད་ནམས་འཕེལ་བའི་དོན་དུ་རྒྱུ་གཞན་ཡང་བྱ་སྟེ།། གང་ཤོག། ་དུས་རྣམས་ཀུན་དུ་སེམས་ཅན་དོན་བྱ་བ་འདི་ཡིན་ནོ།། འདི་ནི་དཀོན་མཆོག་སྤྲིན་ལས།། དེ་བཞིན་གཤེག་པའི་མཆོད་རྟེན་ནམ་དེ་ཤེགས་པའི་སྐུ་གཟུགས་ལ་མེ་ཏོག་གམ་བདུག་པོའམ་སྤོས་གསོལ ་ན་སེམས་ཅན་ཐམས་ཅད་ཀྱི་ངང་ཚུལ་ངན་པའི་དྲི་དྲ་བ་བསལ་བ་དང་།། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་ཐོབ་པར་ཡོངས་སུ་བསྔོའོ།། དེ་ཕྱག་དར་དང་ཞལ་ཞལ་བྱེད་ན་སེམས་ཅན་ཐམས་ཅད་ཀྱི ་སྤྱོད་ལམ་མི་སྡུག་པ་མེད་པར་འགྱུར་པ་དང་།། སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པར་ཡོངས་སུ་བསྔོའོ།། དེ་མེ་ཏོག་གི་གདུགས་གསོལ་ན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི ་གདུང་བ་མེད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོའོ།། དེ་གཙུག་ལག་ཁང་གི་ནང་དུ་འགྲོ་བ་འདི་ལྟར་སེམས་ཅན་ཐམས་ཅད་མྱ་ངན་ལྔས་འདས་པའི་གྲོང་ཁྱེར་དུ་གཟུང་ངོ་སྙམ་དུ་སེམས་སྐྱེད་དོ།། དེ་ཕྱིར་འབྱུང་ན་སེམས ་ཅན་ཐམས་ཅད་འཁོར་པོའི་བཙོན་ར་ནས་གདོན་ཏོ་སྙམ་དུ་སེམས་བསྐྱེད་དོ།། དེ་གནས་གནས་ཁང་གི་སྒོ་འབྱེད་ན་འདི་ལྟར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་བདེ་འགྲོ་ཐམས་ཅད་ཀྱི་སྒོ་དབྱེའོ་སྙམ་དུ་སེམས ་བསྐྱེད་དོ།། དེ་སྒོ་གཅོད་ན་འདི་ལྟར་ངན་འགྲོ་ཐམས་ཅད་ཀྱི་སྒོ་རྣམས་གློ་ཅང་ངོ་སྙམ་དུ་སེམས་བསྐྱེད་དོ།། དེ་འདུག་ན་འདི་ལྟར་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་འགོད་སྙམ་དུ་སེམས་བསྐྱེད་དོ།། ་དེ་གློ་གཡས་པས་ཉལ་ན་འདི་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་སེམས་བསྐྱེད་དོ།། བདེནས་ལྡང་ནི་འདི་ལྟར་སེམས་ཅན་ཐམས་ཅད་ཉོན་མོངས ་པ་ཀུན་ནས་ལྡང་བ་རྣམས་ལས་བསླང་ངོ་སྙམ་དུ་སེམས་བསྐྱེད་།། དེ་ལུས་ཀྱི་ཆེད་ལ་འགྲོ་ན་འདི་ལྟར་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་འགྲོས་འགྲོ་བར་གྱུར་ཅིག་སྙམ་དུ་སེམས་ཅན ་སྐྱེ།། དེ་དེ་ལྟར་འདུག་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ཟུག་རྔུ་དབྱུང་ངོ་སྙམ་དུ་སེམས་བསྐྱེད་དོ།། དེ་བཀྲུ་བ་ཤུལ་བྱེད་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོང ་པོའི་དྲི་མ་སྐྱོན་རྣམས་བཀྲུའོ་སྙམ་དུ་སེམས་བསྐྱེད་ངོ་།། དེ་ལག་པ་བསྙལ་བ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་དྲི་ང་བ་རྣམས་བསལོ་སྙམ་དུ་སེམས་བསྐྱེད་།། དེ་རྐང་པ་འཁྲུ་ན་སེམས ་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་རྡུལ་རྣམ་པ་སྣ་ཚོགས་བསལ་ལོ་སྙམ་དུ་སེམས་བསྐྱེད་དོ།། དེ་གདོང་འཁྱུན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་སྒོ་ཡོངས་སུ་སྦྱང་ངོ་སྙམ་དུ་སེམས་བསྐྱེད ་དེ་སོ་ཤིང་ཟ་ན་འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་དྲི་མ་རྣམ་པ་སྣ་ཚོགས་བསལ་ལོ་སྙམ་དུ་སེམས་བསྐྱེད་དོ།། དེ་ལུས་ཀྱི་གཡོ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་ཡོངས་སྨྲ་བསྡུའོ། ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་ན་འདི་ལྟར་སེམས་ཅན་ཐམས་ཅད་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཕྱག་བྱ་བར་ཤོག་ཅིག་སྙམ་དུ་སེམས་བསྐྱེད་དོ།། ཞེས་ཇི་སྐད་དུ་གསུང་བ་ལྟ་བུའོ།། ཡང ་ནཱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ།། ཤཱ་རིའི་བུ་གཞན་ཡང་གཅན་གཟན་ཁྲོ་བོའི་དགོན་པར་སོན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིགས་པར་མི་བྱེད་སྐྲག་པར ་མི་བྱ་དང་བར་མི་བྱའོ།། ངོ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐམས་ཅད་ཡོངས་སུ་བཏང་བའི་ཕྱིར་ཏེ། དུས་འདི་སྙམ་དུ་གལ་ཏེ་གཅན་གཟན་དག་གི་བདག་ཟོས་ན་འདི་ལྟར་སྦྱིན་པ ་དེ་བྱིན་པར་གྱུར་ཅིང་།། བདག་གི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་ཤིན་ཏུ་ཉེ་བར་འགྱུར་རོ།། ཇི་ལྟར་བདག་བླ་ན་མེད་པོ་ཡང ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པའི་སངས་རྒྱས་པའི་ཚེ། སངས་རྒྱས་ཀྱི་ཞིང་ང་ན་དུད་འགྲོའི་སྐྱེས་གནས་སུ་སོང་པོའི་སེམས་ཅན་ཡོང་ཡི་མེད་པར་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་སེམས ་བསྐྱེད་དོ།། ཤཱ་རིའི་བུ་རྐུན་པོའི་དགོན་པར་སོང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིགས་པར་མི་བྱ་སྐྲག་པར་མི་བྱ་དངང་བར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོས་དེ་དག་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་མཁས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལུས་ཀྱང་ཡོངས་སུ་བཏང་བ་ཡིན་ནོ་ཡོ་བྱད་དང་འཚོགས་ཆས་ཀྱང ་ཡོངས་སུ་བཏང་བ་ཡིན་ཏེ། ངེས་འདི་སྙམ་དུ་གལ་ཏེ་སེམས་ཅན་དེ་དག་གི་བདག་གི་ཡོ་བྱད་དང་འཚེགས་ཆས་རྣམས་ཕྲོགས་ན་དེ་དག་ལ་སྦྱིན་པ་དེ་བྱིན་པར་གྱུར་ཅིག། གལ་ཏེ་དེ་དག་གིས ་བདག་གི་སྲོག་གཅད་པར་གྱུར་ཀྱང་དེ་ལ་བདག་གི་ཞེ་སྡང་དང་ཁོང་ཁྲོ་བ་སྐྱེད་པར་མི་བྱ། བདག་གི་དེ་དག་ལ་ལུས་དང་ང་གཽ་དང་ཡིད་ཀྱིས་ཀྱང་ཉེས་པ་མྱི་བྱའོ།། དེ་ལྟར་ན་དེའི་ཚེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞིང་། བདག་བླ་ན་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཤིན་ཏུ་ཉེ་བར་འགྱུར་ཏེ། ཇི་ལྟར་བདག་བླ་ན ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སངས་ཀྱི་ཞིང་དེ་ན་ཉེས་པ་འདི་དག་དང་གཞན་ཡང་ཡོ་མེད་རྣམ་པ་ཐམས་ཅད་མི་འབྱུང་ཞིང་མེད་པར་འགྱུར་བ་དེ་ལྷུར་བྱའོ།། ། ་དེ་ལྟར་བསྒྲུབ་པར་བྱའོ།། སྙམ་དུ་སེམས་བསྐྱེད་པར་བྱའོ།། ཤཱ་རཱིའི་བུ་ཆུའི་དགོན་པར་ཕྱིན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིགས་པར་མི་བྱ་སྐྲག་པར་མི་བྱཱ་དངང་བར་མི་བྱའོ།། དེ་ཅིའི་ཕྱིར ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་མི་འཇིགས་པའི་ཆོས་ཅན་ཡོན་ཏེ། ངོས་འདི་སྙམ་དུ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་སྲིད་པ་ཐམས་ཅད་གཅད་པར་པར་སླབ་པར་བྱའོ།། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོས་སྐྱུགས་པར་མི་བྱའོ།། གལ་ཏེ་བདག་སྐོམ་པས་འཆི་བའི་དུས་བྱས་པར་གྱུར་ན་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པར་བྱ་སྟེ། ཀྱེ་མ་འདི་ལྟར་འཇིག་རྟེན་ནུ་རྒྱུའི ་དགོན་པ་འདི་ལྟ་བུ་སྣང་བས་སེམས་ཅན་འདི་དོག་ནི་བསོད་ནམས་ཆུང་བ་ཚ་དག་སྟེ། ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་བར་སངས་རྒྱས་པའི་ཚེ།། སངས་རྒྱས་ཀྱི་ཞིང ་དེ་ན་ཆུའི་དགོན་པ་ཡང་ཡེ་རྣམས་པ་ཐམས་ཅད་དུ་མི་འབྱུང་བ་དང་མི་སྣང་བར་འགྱུར་བ་དེ་ལྟར་བསྒྲུབ་བོ།། ཇི་ལྟར་ཡན་ལག་བརྒྱད་དང་ལྗོན་པའི་ཆུ་རྙེད་པར་འགྱུར་བ་དེ་ལྟར་བསོད་ནམས་ཀྱི་ལས་ལ་སེམས་ཅན ་རྣམས་སྦྱར་བྱའོ།། ཇི་ལྟར་དེའི་ཚེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བརྩོན་འགྲུས་བརྟན་པ་བརྩམ་པར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ།། ། ་ཤཱ་རིའི་བུ་གཞན་ཡང་བཀྲེས་པའི་དགོན་པ་འདི་ལྟ་བུ་ཡོད་ཡི་རྣམ་པ་ཐམས་ཅད་མི་འབྱུང་བ་དང་། མི་སྣང་བར་འགྱུ་བར་སོང་ན།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིགས་པར་མི་བྱི་སྐྲག་པར ་མི་བྱ་དངང་བར་མི་བྱའོ།། དེས་འདི་ལྟར་འདིས་གོ་ཆེ་བགོ་སྟེ། ཇི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ།། སངས་ཀྱི་ཞིང་དེ་ན་བཀྲེས་པའི་དགོན་པ ་འདི་ལྟ་བུ་ཡོད་ཡེ་རྣམ་པ་ཐམས་ཅད་མི་འབྱུང་བ་དང་།། མི་སྣང་བར་འགྱུར་བ་དང་སེམས་ཅན་དེ་དག་ཐམས་ཅད་བདེ་བར་འགྱུར་འགྱུར་ཞིང་བདེ་བ་ལ་དབང་བ་དང་བདེ་བ་དང་ལྡན་པར་འགྱུར ་པ་དེ་ལྟར་བརྩོན་འགྲུས་བརྟན་པོ་བརྩམ་པར་བྱ་སྟེ། དེ་ལྟར་རང་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བྱའོ།། དེ་ལྟར་ན་སེམས་ཅན་དེ་དག་གང་ཅི་སེམས་པར་འགྱུར་བ་དང་ཡིད་ཀྱི་གང་དང་གང་འདོད་པ་དེ་དང་དེ་འབྱུང ་པར་འགྱུར།། འདི་ལྟ་སྟེ་དཔེར་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཡིད་ལ་བསམ་པ་ཐམས་ཅད་འགྲུབ་པ་དང་། ཡིད་ལ་བསམ་པ་ཐམས་ཐ་ཅང་འབྱུང་བ་བཞིང་དུ་དེ་ལྟར་བྱའོ།། ཇི་ལྟར་སེམས་ཅན་དེ་དག ་ཆོས་དང་ལྡན་པའི་བསེམས་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཐམས་ཅད་དུ་ཐམས་ཅད་ལས་འཚེ་བའི་ཡོ་བྱད་དང་བྲལ་བར་མི་འགྱུར་བ་དེ་ལྟར་བརྩོན་འགྲུས་བརྟན་པོ་བརྩམ་པར ་།། མ་དུ་སེམས་བསྐྱེད་པར་བྱའོ། ཞེས་བྱ་བའོ།། དེ་ལྟར་དུས་རྣམས་ཀུན་ཏུ་སེམས་ཅན་གྱི་དོན་བྱ་བ་འདི་ནི་བསོད་ནམས་འཕེལ་བའི་རྒྱུ་སྟེ། ཞིབ་ཏུ་སྤྱོད་ཡུལ་ཡོངས་སུ་དག་པའི་མདྨོ་ལས་བལྟ་བར ་འོ།། གཞན་ཡང་། ཆོས་ཀྱི་སྦྱིན་པ་ཟང་ཟིང་མོང་། བསོད་ནམས་འཕེལ་བའི་རྒྱུར་འགྱུར་ཏེ།། ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་ཇི་སྐད་གསུངས་པོ་ལྟ་བུ་སྟེ།། བྱམས་པ་གང་ཞིག་ཐོབ་པ་དང ་བཀུར་སྟི་མི་འདོད་པར་ཆོས་སྦྱིན་པ་བྱིན་ན། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད་པའི་ཕན་ཡོན་ཉི་ཤུ་སྟེ། ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ་དྲན་པ་དང་ལྡན་པ་ཡིན། བློ་དང་ལྡན་པ་ཡིན། བློ་གྲོསྣ་དང་ལྡན་པ་ཡན།། ་མོས་པ་དང་ལྡན་པ་ཡིན། ཤེས་རབཱི་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་ཤེས་རབ་རྗེསུ་རྫུ་རྟོག་པར་འགྱུར་བ་ཡིན།། འདོད་ཆགས་ཆུང་བ་ཡིན་ཞེ་སྡང་ཆུང་བ་ཡིན།། ཏི་མུག་ཆུང་བ་ཡིན། ་བདུད་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན། སངས་རྒྱས་བཅོམ་འདས་རྣམས་ཀྱི་སྣ་དགོངས་པ་ཡིན། མི་མ་ཡིན་པ་རྣམས་ཀྱིས་དེ་བསྲུང་བ་ཡིན། ལྷ་རྣམས་དེའི་དེ་ལུས་ལ་མངངས་འཇུག་པ་ཡིན། མི་འཛའ ་བ་རྣམས་ཀྱིས་དེ་ལ་གླགས་མི་རྙེད་པ་ཡིན།། དེ་མཛའ་བོ་རྣམས་དང་མི་ཕྱེད་པ་ཡིན། ཆོ་ག་གཟུང་བར་འོས་པ་ཡིན། མི་འཇིག་པ་ཐོབ་པ་ཡིན།། ཡོད་བདེ་བ་མང་བ་ཡིན། མཁས་པས་བསྔགས་པ་ཡིན།། ་དེ་ཆོས་ཀྱི་སྦྱིན་པ་དེ་རྗེས་རྗེས་སུ་དྲན་པར་འགྱུར་བ་ཡིན་ཏེ།། བྱམས་པ་ཕྱིན་ཡོན་ཉི་ཤུ་པོ་དེ་དག་གོ་ཞེས་བྱ་བའོ།། ཤེས་རབ་ཀྱི་ཕ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་གསུངས་ཏེ། གལ་ཏེ་ཀུན་དགའ ་བོ་ཁྱོད་ཀྱི་ཉན་ཐོས་ཀྱི་ཐེག་པའི་གང་ཟག་རྣམས་ལ་ཉན་ཐོས་ཀྱི་སའི་ཆོས་བསྟན་ལ།། ཆོས་བསྟན་པ་དེས་ཀྱང་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དེ་དག ་ཐམས་ཅད་དགྲ་བཅོམ་པ་ཉིད་མངོན་དུ་བྱས་པར་གྱུར་ཀྱང་། ད་དུང་ཉན་ཐོས་ཁྱོད་ཀྱིས་ང་ལ་ཉན་ཐོས་ཀྱི་བྱ་བ་བྱས་པར་མི་འགྱུར་རོ།། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱི་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིག་གཅིག་ཅིག་བསྟན་ནམ་བཤད་ན། དེ་ལྟར་ན་ཉན་ཐོས་ཀྱིས་ང་མཉེས་པར་བྱས་པར་འགྱུར་རོ།། ཚེ་སྡེ་བརྒྱན་པ་སྔམས ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིས་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ལ། དགྲ་བཅོམ་པ་དེ་དག་གིས་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་། ཆོས ་ཡིས་བྱུང་བའི་བསོད་ནམས་སྨྲ་བའི་དངོས་པོ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ་དེ་ལ་ཀུན་དགའ་བོ་ཇི་སྙམ་དུ་སེམས་བསོད་ནམས་ཀྱི་ཕུང་པོ་མང་བ་ཡིན་ནམ། གསོ ་བཅོམ་ལྡན་འདས་མང་ལགས་སོ་དདེ་བར་གཤེགས་པ་མང་ལགསོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ཀྱང་སུ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་ན།། ཉན་ཐོས་ཀྱི་ཐེག་པའི་གང་ཟག་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་བསྐྱེད་དོ།། ཀུན་དགའ་བོ་དེ་བས་ཀྱང་གང་སུ་ཞིག་བྱང་ཆུབ་སེམས ་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་ཐུ་ན་ཉི་མ་གཅིག་སྟོན་ནུ་དེ་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་བསྐྱེད་དོ།། ཀུན་དགའ་བོ་ཉི་མུ་གཅིག་ལྟ་ཞོག་ལ་ཐ་ན་སྔ་དྲོ་འམ།། ཀུན ་དགའ་བོ་སྔ་དྲོ་ལྟ་ཞོག་ལ་ཐ་ན་ཆུ་ཚོད་ཅིག་ནས་སྐད་ཅིག་གཅིག་ཅེས་བྱ་བའོ།། དེ་བཞིན་དུ་སྦྱར་ཏེ། ཀུན་དགའ་བོ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཆོས་སྦྱིན་པ་སྟེ། ཉན་ཐོས་ཀྱི་ཐེག་པ ་ཐམས་ཅད་དང་རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས་མནན་པའོ།། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩེ་བ་འདི་ལྟ་བུ་སེམས་པ་ལ་ནི ་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པ་དེ་ནི་གནས་མེད་དོ་ཞེས་བྱའོ།། ཆོས་ཀྱི་སྦྱིན་པ ་ཇི་ལྟར་སྦྱིན་པར་བྱ་ཞེ་ན། འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་གསུངས་པ། མཁས་པ་དུས་སུ་སེམས་པར་བྱེད་པ་ན།། ཁང་བུར་ཞུགས་ཏེ་དེ་བཞིན་སྒྲོ་བཅད་ནས།། ཆོས་འདི་ཐམས ་ཅད་ལ་ནི་ཚུལ་བཞིན་བལྟ།། ལངས་ནས་ཞུམ་པ་མེད་པའི་སེམས་ཀྱིས་ཤོད།། མཁས་པ་བདེ་ལ་རྟག་ཏུ་གནས་པར་འགྱུར།། བདེ་ལ་འདུག་ནས་དེ་བཞིན་ཆོས་ཀྱང་སྟོན།། གཙང་ཞིང་ཡིད་དུ་འོང་བའི་ས ་ཕྱོགས་སུ།། ཡང་བའི་བསྟན་ནི་རབ་ཏུ་བཤམས་བཏིང་སྟེ།། བཟང་པོའི་ཚེན་གྱིས་ལེགས་པར་ཁ་བསྒྱུར་བ།། ཆོས་གོས་གཙང་མ་དེ་ནི་རབ་བགོས་ནས། རྡུལ་གཟན་ནག་པོ་དེ་བཞིན ་བཤམས་བྱས་ལ།། ཤམས་ཐབས་ཚེ་ཚད་ལེགས་པར་བགོས་ནས།། བཅོས་བུའི་རས་རྣམས་སྣ་ཚོགས་ལེགས་བཏིང་བ།། རྐང་རྟེན་བཅས་པའི་ཁྲི་ལ་རབ་འདུག་ཅིང་།། རྐང་པ་ལེགས་པར་བཀྲུས་ཏེ་སྟེང ་འཛེགས་ནས།། གདོང་དང་བཞིན་གྱི་མདངས་ནི་རབ་ཏུ་སྣུམ་ཞིང་།། ཆོས་ཀྱི་སྟན་དེ་ལ་ནི་རབ་འདུག་ནིས།། སེམས་ཅན་ལྷག་པ་རྩེ་གཅིག་གྱུར་རྣམས་ལ།། གཏམ་མང་སྣ་ཚོགས་མང་པོ་སྨྲ་བ་དང་།། དགེ་སློང ་དག་དང་དགེ་སློང་མ་རྣམས་དང་།། དགེ་བསྙེན་རྣམས་དེང་དགེ་བསྙེན་མ་ངག་དང་།། རྒྱལ་པོ་དག་དང་རྒྱལ་བུ་རྣམས་ལ་ཡང་།། མཁས་ཏེ་རྟག་ཏུ་ཕྲག་དོག་མེད་པར་ནི།། སྣ་ཚོགས་དོན་ལྡན་སྙན་པའི་གཏམ ་ཡང་སྟོན། ལྀ་ཡོ་དག་ཀྱང་རྣམ་པར་རབ་སྤངས་ནས།། སྐྱོ་བ་ཡི་ནི་འདུ་ཤེས་བསྐྱེད་མི་བྱ།། མཁས་པས་མི་དགའ་ཐམས་ཅད་རྣམ་པར་སྤང་།། བྱམས་པའི་སྟོབས་ནི་འཁོར་ལི་སྒོམ་པར་བྱ།། ཉིན་མཚན་དུ་ཡང ་ཆོས་མཆོག་རབ་ཏུ་སྒོམ།། མཁས་པ་དེ་ནི་བྱེ་བ་ཁྲག་ཁྲིག་དཔེས།། འཁོར་རྣམས་མགུ་ཞིང་དེ་བཞིན་དགའ་བར་བྱེད།། དེ་ལ་ནམ་ཡང་འདོད་པ་ཆུང་ཟད་མིང་།། ཟས་དང་སྐོམ་དང་བཟའ་བ་དང་བཅའ་བ་དང་།། ་གོས་དང་མལ་ཆ་ཆོས་གོས་རྣམས་དང་ནི།། ན་བའི་གསོས་སྨན་དག་ཀྱང་མི་བསམ་སྟེ།། འཁོར་རྣམས་ལ་ནི་ཅི་ཡང་མི་བསྲུང་ངོ་།། གཞན་དུ་མཁས་པ་རྟག་ཏུ་བདག་ཉིད་དང་།། སེམས་ཅན་འདི་དག་སངས་རྒྱས ་གྲུབ་པར་ཤོགས།། ཕན་ཕྱིར་འཇིག་རྟེན་ཆོས་གང་བསྟན་པ་དེ།། བདག་གི་བདེ་བའི་ཡོ་བྱང་ཀུན་སྙམ་སེམས་ཞེས་བྱའོ།། ཡང་དེ་ཉིད་ལས། ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྟོན་པ་ན།། ཆོས་ཀྱི་དགའ ་བ་སྙོམས་པ་བྱེད་དེ་ཐ་ན་འགའ་ཙམ་ལ་ཡང་ཆོས་ཀྱི་དགའ་བས་ལྷག་པར་འདོགས་པར་མི་བྱིད་ངོ་ཞེས་གསུངས་སོ།། ཟླ་བ་སྒྲོན་མའི་མདོ་ལས་ཀྱང་།། ཆོས་ཀྱི་སྦྱིན་པའི་ཆེད་ཀྱི་ཕྱིར།། གལ་ཏེ་ཁྱོད་ལ་གསོལ ་བཱ་འདེབས་ན།། རབ་རྒྱས་དག་གིས་མ་བསླབ་ཞེས།། ཐོག་མར་ཚིག་དེ་བརྗོད་པར་བྱ།། ཁྱོད་ནི་ཤེས་ཤིང་མཁས་ཡིན་ན།། བདག་ཉིད་ཆེན་པོའི་མདུན་དུ་ནི།། བདག་གི་ཇི་ལྟར་བཤད་ནུས་ཞེས།། ཁྱོད ་ཀྱིས་དེ་སྐད་བརྗོད་པར་བྱ།། འཕྲལ་དུ་བརྗོད་པར་མི་བྱ་ཡི།། སྣོད་ལ་རྟག་པ་བྱས་ནས། བྱ།། གལ་ཏེ་སྣོད་ནི་ཤེས་གྱུར་ན།། གསོལ་མ་བཏབ་ཀྱང་བཤད་པར་བྱ།། འཁོར་ནི་མང་པོ་འཁོད་ནང་དུ། ་གལ་ཏེ་ངང་ཚུལ་ངན་མཐོང་ན།། ཁྱོད་ཀྱི་ཡོ་བྱད་བསྐྱོངས་མི་བི་ཤང།། སྦྱིན་པོའི་བསྔགས་པར་བརྗོད་པར་བྱ།། གལ་ཏེ་འདོད་པ་ཆུང་གྱུར་ཏེ།། ཚུལ་ཁྲིམས་དག་པར་གནས་ཡིན་ན།། ཁྱོད་ཀྱི་བྱམས ་དའི་སེམས་བསྐྱེད་ལ།། ཡོ་བྱད་བསྙུངས་པའི་གཏམ་གྱིས་ཤིག། གལ་ཏེ་སྡིག་འདོད་ཆུང་གྱུར་ཅིང་།། ཚུལ་ཁྲིམསྣ་ལྡན་པ་མང་གྱུར་ལ།། གཉེན་པོ་རྙེད་པ་དེ་ཡི་ཚེ།། ཚུལ་ཁྲིམས ་བསྔགས་པར་བརྗོད་པར་བྱཱ་ཞེས་གསུངས་སོ།། འཕགས་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས་ཀྱང་། འདི་ལྟ་སྟེ། ཤཱ་མེ་ཤ་མ་བ་ཏེ། ཤ་མི་ཏེ་ཤྲ་ཏྱཾ་ཨཱཾ་ཀུ་རེ། མི་ཀུ་རེ། སཱ་ར་ཛི་ཏི། ཀ་རོ་ཏི། ཡཱུ་རི། ཨོཾ་བ་ཏི། ་ཨུ་ཀོ་ཧཱ་ཡ་ཏི། བི་ཤ་ཐ~ཾ་ནི་རྨ་ལེ། མཱཾ་ལཱ་བ་ན་ཡེ་ཨུ་ཁ་རེ།། ཁ་རོ་གྲ་སེ། གྲ་ས་ནེ། ཧེ་མུ་ཁཱི། པ་ར་མུ་ཁཱི། ཤ་མི་ཏ་ནཱི། སརྦ་གྲ་ཧ་བནྡ་དྷུ་ནཱ་ནཱི། ནི་གྲཱི་ཧཱི་ཏཱི། སརྦ་པ་ར་པྲ་བ་དི་ན་བི་མུག་ཏ་མཾ་ར་པཱ་ཤྭསྨཱ ་པ་ཏཱ། བུད་དྷ་མུ་དཱཿ། ས་མུང་གྷ་ཏི་ཏཱ་སརྦ་མཱ་རཱ། ཨ་ཙ་ལི་ཏ་པ་ད་པ་རི་ཤུད་དྷཱ། བི་གཙྪན་ཏི། སརྦ་མ་ར་ཀརྨ་ཎི། བློ་གྲོས་རྒྱ་མཚོ་སྔགས་ཀྱི་ཚིག་འདི་ངག་ནི་བདུད་ཚར་བཅང་བའི་ཚིག་ཉོན་མོངས་པ་བསལ ་ཚིག་སྟེ། དེ་དག་ཆོས་སྨྲ་བ་ངེས་ལེགས་པ་ཁ་ཏོན་དུ་བྱས་ལ་ཆོས་ཀྱི་ཁྲི་ལ་འདུག་སྟེ་བྱང་ཆུབ་ཀྱི་རྣམ་པར་མངོན་པར་སྒྲུབ་པའི་བྱམས་པས་འཁོར་ཐམས་ཅད་ལ་ཁྱབ་པར་བྱས་ལ། བདག་ལ་སྨན་པའི་འདུ་ཤེ ་བསྐྱེད་དེ།། ཆོས་ལ་སྨན་གྱི་འདུ་ཤེས་དང་། ཆོས་ཉན་པ་ལ་ནང་པའི་འདུ་ཤེས་དང་། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་དང་། ཆོས་ཀྱི་ཚུལ་ལོ་ཡུན་རིང་དུ་གནས་པའི་འདུ་ཤེས་བསྐྱེད་ལ། ་སྔགས་ཀྱི་ཚིག་འདི་དག་མངོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བྱེད་ན། དེའི་འཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆང་དུ་བདུད་ཀྱི་རིས་ཀྱི་ལྷ་རྣམས་འཐོ་འཚམ་པར་བྱ་བའི་ཕྱིར་འོང་བར་མི་འགྱུར་རོ།། གང་དག་འོང་བ་དེ་དག ་གིས་ཀྱང་བར་ཆད་བྱེད་པར་མི་ནུས་སོ་ཞེས་གསུངས་སོ།། ཡང་དེ་ཉིད་ལས། ཚེས་སྨྲ་བས་གཙང་སྦྲ་དང་། ཀུན་དུ་སྤྱོད་པ་གཟོབ་པ་དང་། ལེགས་པར་བཀྲུས་པ་དང་། ལེགས་པར་གོས་བགོ་བར་བྱའོ་ཞེས ་སོ།། དེ་ལྟར་ཆོས་ཀྱི་སྦྱིན་པ་དང་། བྱང་ཆུབ་སེམས་ནི་མདོར་སྡུ་ན་བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ།། དཀོན་མཆོག་ཟ་མ་ཏོག་གཱི་མདོ་ལས་ཇི་སྐད་དུ། འཇམ་དཔལ་འདི་ལྟ་སྟེ། དཔེ་ན་སྤོས་ཀྱི་ཤིང ་ལྗོན་པ་སྣ་ཚོགས་ནི་ཁམསོ་བཞིས་བཟུང་ནས་རྣམ་པར་འཕེལ་ལོ།། འཇམ་དཔལ་དེ་བཞིན་དུ་ཚོགས་བསགས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་བཟུང་ཞིང་། ཐམས་ཅད ་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་ན་རྣམ་པར་འཕེལ་ལོ་ཞེས་གསུངས་པ་བཞིན་ནོ།། ཕྱོགས་འདི་ནི་ལས་དང་པོ་པ་རྣམས་འཕྲལ་ཏུ་བྱང་ཆུབ་སེམས་དཔའི་བསླབ་པ་དྲན་པར་བྱ་བའི་ཕྱིར་བསྟན་ཏེ། རྒྱ་ཆེར ་ནི་སངས་རྒྱས་ཀྱི་ཡུལ་ཉིད་ཡིན་ནོ།། འདིར་བསླབ་པ་ཇི་སྐད་བརྗོད་པ་འདིའི།། འགྲུབ་པ་ཡང་ངག་སྤོང་རྣམས་ཏེ།། བག་ཡོད་པོ་དང་མ་བྲལ་ཞིང་།། དྲན་པ་དང་ནི་ཤེས་བཞིན་དང་།། ཚུལ་བཞིན་དུ་ནི ་སེམས་པས་སོ།། དེ་ལ་སྡིག་པ་མི་འན་ཆོས་སྒྱུ་ནདང་དེ་ན ་སོ་ཞེས་བྱ་བ་འདས་ནི་བསྲུང་བའོ།། སྡིག་པ་མི་དགེ་པའི་རླུས་རྒྱད་པའི་ཕྱིར་འདུན་པ་ཅེས་བྱ་བ་འས ་པ་རྣམས་གནས་པ་དཔའཕེལ་བའི་བྱ་བའི་ཕྱིར་ཞེས་བྱ་བ་འཇི་ད།། དེ་དག་ཀྱང་རྒྱུན་ཏུ་བག་ཡོད་པ་པ ་ལས་ཇི་སྐང་དུ། ཚུལ་ཁྲིམས་ཐོས་དང་གཏོང་དང་དེ་བཞིན་བཟུང་། དག་པའི་ཆོས་སུ་བརྗོད་པ་ཇི་སྙེད་པ།། ཀུན་གྱི་བྱེད ་ནོ།། བག་ཡོད་པ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེ་ནམས་མས་པ་དང་འང་ལྟ་བང་ངོངས་པ་སྨྲན་ལྟར་ལྡན་པ ་ཐར་སྤྱན་གྱི་འབུ་མར་གྱི་གང་བ་སྣང་མགས་པ་འི་གྲོ་བས་བྱ་བ་བཞིན་ནོ།། དེ་བཞིན་དེ་གསང་བའི་མདོ་ལ ་གང་ཞེ་ན། གང་འདི་དབང་པོ་སྡོམ་པའོ།། དེ་མིག་གིས་གཟུགས་རྣམས་རྗེ་མཐོང་ན་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ནས། ཡིད་ཀྱི་ཆོས་རྣམས་རྣམ་པར་ཤེས་ན་མཚན་མར་མི་འཛིན་ཅིང ་མངོན་པར་རྟགས་སུ་མི་འཛིན་པ་ཡིན་ཏེ། ཆོས་རྣམས་ཀྱི་རོ་མྱང་བ་དང་ཉེས་དམིགས་དང་འབྱུང་ཡང་ཡང་དག་པ་ཇི་ལྟ་བུ་བཞིན་དུ་རབ་ཏུ་ཤེས་པ་སྟེ། འདི་ནི་བག་ཡོད་པ་ཞེས་བྱའོ།། གཞན་ཡང་བག་ཡོད ་པ་ནི་གང་རང་གི་སེམས་འདུལ་བ་དང་། གཞན་གྱི་སེམས་རྗེས་སུ་སྲུང་བ་དང་། ན་མོངས་པ་ལ་དགའ་བ་སེལ་བ་དང་།། ཆོས་ལ་དགའ་བའི་རྗེས་སུ་འཇུག་པ་ལ་སོགས་པ་འདི་ནི་བག་ཡོད་པ་ཞེས་བྱའོ།། ་གསང་བ་པའི་བདག་པོ་སུ་དད་པ་དང་ལྡན་ཞིང་བགུ་ཡོད་པ་དང་ལྡན་པ་དེས་ནི་བརྩོན་འགྲུས་གང་གིས་བག་ཡོད་པར་བྱེད་པ་དང་དད་པར་བྱེད་པ་དང་དད་པར་བྱེད་པའི་ཆོས་དེ་དག་ཡང་དག་པར་སྒྲུབ་པར་འགྱུར་བའི ་བརྩོན་འགྲུས་དང་ལྡན་པར་བྱའོ།། གསེང་བ་པའི་བདག་པོ་སུ་དད་པ་དང་བག་ཡོད་པ་དང་བརྩོན་འགྲུས་དང་ལྡན་པ་དེས་ནི། དྲན་པ་དང་ཤེས་བཞིན་གང་གིས་བྱང་ཆུབ་ཀྱི་ཆོས་རྣམས་ཆུད་ཟ་བར་མི་འགྱུར་བའི ་དྲན་པ་དང་ཤེས་བཞིན་དང་ལྡན་པར་བྱའོ།། གསང་བ་པའི་བདག་པོ་སུ་དད་པ་དང་བག་ཡོད་པ་དང་། བརྩོན་འགྲུས་དང་དྲན་པ་དང་ཤེས་བཞིན་དང་ལྡན་པ་དེས་ཚུལ་བཞིན་དུ་སྦྱར་བ་ལ་བརྩོན་པར་བྱའོ།། ་གསང་བའི་བདག་པོ་ཚུལ་བཞིན་ལ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་བག་ཡོད་པ་དེ་ཡང་ཡོད་པར་རབ་ཏུ་ཤེས་སོ།། གང་མེད་པ་དེ་ཡང་མེད་པར་རབ་ཏུ་ཤེས་བྱ་ཞེས་བྱ་བ་ནས།། ་ཀུན་རྫོབ་ཏུ་མིག་ལ་སོགས་པ་ཡོད་དོ་ཞེས་བྱ་བའི་བར་དུའོ།། དེ་བཞིན་དུ་དེ་ཉིད་ལས་སེམས་ཅན་དོན་བརྩོན་བྱང་ཆུབ་སེམས་དཔའ་ནི།། ཚུལ་བཞིན་ཉིད་ཀྱི་དབེན་སེམས་གང་ཡིན་དང་།། རྟག་ཏུ་བག་ཡོད ་འཆི་མེད་རྒྱུ་ཡིན་ཏེ།། ཡོངས་སུ་འཛིན་མེད་བདེ་བ་ཀུན་གྱི་རྒྱུ་ཞེས་གསུངས་སོ།། ཡང་སྨྲས་པ། བདག་གཞན་མཉམ་ཉིད་གོམས་བྱས་པས། བྱང་ཆུབ་སེམས་ནི་བརྟན་པར་འགྱུར།། བདག་དང་གཞན་ཉིད ་བལྟོས་པ་སྟེ།། ཕ་རོལ་ཚུ་རོལ་ཇི་བཞིན་ཉིད་ཀྱི་བརྫུན།། ངོགས་དེ་རང་གི་ཕ་རོལ་མིནི། གང་ལ་བལྟོས་ཏེ་ཚུ་རོལ་འགྱུར།། བདག་ཉིད་རང་གིས་མ་གྲུབ་ན།། གང་ལ་བལྟོས་ཏེ་གཞན་དུ་འགྱུར།། གལ ་དེ་ལ་སྡུག་བསྔལ་བས།། བདག་ལ་མི་གནོད་ཕྱིར་མི་གསྲུང་།། མཱ་འོངས་སྡུག་བསྔལ་ཁྱོད་ལ་ནི།། གནོད་མི་བྱེད་པས་ཅི་སྟེ་གསུང་།། དེ་ཚེ་འང་བདག་ཉིད་ཡིན་སྙམ་པའི།། རྣམ་རྟོག་དེ་ནི་ལོག་བླ་སྟེ། ་གང་བྱི་ར་འཆི་བ་གཞན་ཉིད་ལ།། དེར་སྐྱེ་བ་ཡང་གཞན་ཉིད་ཡིན།། གལ་ཏེ་གཞན་ཞིག་དེ་སྐྱེས།། བསོད་ནམས་ཀྱིས་ནི་ཅི་ཞིག་དགོས།། ཅི་ཕྱིར་གཞོན་ཚེ་ལུས་རྒས་པ།། བདེ་བར་བྱ་ཕྱིར་ནོར་སོལ། ་བྱེད།། མངས་ན་གནས་པ་ཞིག་པ་ལས།། བྱིས་པར་གྱུར་པ་གཞན་ཡིན།། བྱིས་པ་ཞིག་ནས་གཞན་ན་ཉིད།། དེ་ཞིག་ནས་ནི་དལ་བབ།། དེ་ཞིག་ནས་ནི་རྒས་གྱུར་ཏེ།། ལུས་ནི་ཇི་ལྟར་གཅིག་པར་འདོད་།། ་ལྟར་སྐད་ཅིག་སོ་སོ་བས། ལུས་གཞན་སེན་མོ་སྒྲ་སོགས་བཞིན།། ཅི་སྟེ་བྱིས་པའི་ཚེད་བོར་ནས།། བྱིས་པ་གཞོན་ནུ་ཉིད་གྱུར་ན།། གང་ཞིག་གནས་སྐབས་བྲལ་གནས་པ། ལུས་ཀྱིས་རང་བཞིན་བརྗོད་པར་གྱིས ་ལུས་ནི་སྐུ་གཟུགས་འདྲ་ཞེ་ན།། མར་མེ་ཐལ་བ་ལ་དེ་མེད།། གལ་ཏེ་རེག་སྤངས་ཕྲ་དངོས་སུ།། དེ་ལ་རྣམ་པར་གནས་ཞེ་ན།། རང་ཉིད་བསྟན་པ་ཙམ་འགྱུར་བས།། དེ་ནི་ལུས་ཞེས་བརྗོད་མི་བྱ།། དེ་ལ་བདག་ནི ་པ་མེད།། སྣང་བའི་ལུས་ནི་འཇིག་དང་ལྡན།། གནས་སྐབས་རྣམས་དང་འབྲུལ་གྱུར་པ།། ཀུན་རྫོབ་ཉིད་དུ་སྣང་བ་ཡིན།། ལུང་གིས་ཀྱང་ནི་དེ་ཡོད་ན།། རིགས་པ་དང་ནི་ལུང་གིས་བཟློག། འདི་ལྟར་ཡོན་ཏན་མ ་གཏོགས་པར།། གཙོ་བོ་ཡོད་པ་མ་ཡིན་ལ།། གཙོ་བོ་གསུམ་ཡང་ཡོད་མ་ཡིན།། དེ་བཞིན་ཡོན་ཏན་ཡོད་ན་ཡང་།། དེ་ཡང་སོ་སོ་རྣམ་གསུཾ་བདག། འགྲོ་བ་ལྷག་མ་རྣམ་དགུར་འགྱུར།། སེམས་པ་མེད་པ་གོས་ལ ་སོགས།། དེ་བདེ་བའི་བདག་ཉིད་ཇི་ལྟ་བུ།། སྣམ་སོགས་བདེ་སོགས་ལས་སྐྱེས་མིན།། སྣམ་སོགས་ལས་ནི་བདེ་སོགས་ཡིན།། སྣམ་བུ་ལ་སོགས་རྒྱུ་མེད་ཕྱིར།། མེད་ན་དེ་བདེ་ག་ལ་ཡོད།། དེ་ལྟར་ལུང་དང་རིགས ་པ་ཡིས།། འདུས་བྱས་ཐམས་ཅད་མི་རྟུག་པ།། དེ་ཡི་རྒྱུ་འབྲས་འབྲེལ་པ་ནི།། མངོན་སུམ་ཡིན་པས་མི་གནོད་དོ།། དེ་ནི་རང་གིས་རྒྱུད་ལས་མཐོང་།། རྟགས་པ་ལ་ནི་ཇི་ལྟར་བུར།། ཕྲ་རབ་རྡུལ ་ཡང་གཅིག་མིན་ཏེ།། ཕྱོགས་ཀྱི་དབྱེ་བས་མི་འཐད་ཕྱིར།། མར་མེའི་འབྲུ་མར་ཟད་འགྱུར་བ།། ཟད་འགྱུར་ཚེ་ན་མངོན་པ་མེད།། དེ་ལྟར་དངོས་པོ་ཟད་པར་ཡང་།། སྐད་ཅིག་རེ་རེ་མི་མངོན་ནོ།། རྒྱུད་དང་ཚོགས་ཞེས ་བྱ་བ་ཡང་།། ཕྲེང་བ་དམིགས་ཚོགས་བཞིན་བརྫུན།། དེ་ལ་གོམས་བསུ་ངར་འཛིན་ན།། གཞན་ཅི་ཕྱིར་སྐྱེ་མི་འགྱུར།། དེ་ཕྱིར་མ་སྐྱེ་མཆེད་ཚོགས་བཞིན་དུ།། འགྲོ་བ་གཅིག་ཏུ་ཤེས་པར་བྱ།། མ་བྱུང་ཉིད་ནས ་སྡུག་བསྔལ་དེ།། བང་གཞན་གྱི་བདག་ལས་ཕྱིར་བཟློག་བྱ།། དེ་ཡང་མི་རིགས་འགྱུར་ཞེ་ན། གཞན་ལོ་འང་རང་གི་བདག་ཉིད་མེད།། བདག་གཞན་མི་རིགས་གང་ཡིན་དེ།། ཅི་རིགས་པར་ནི་བཟློག་བྱ་ཡིན།། སྙིང་རྗེ ་སྡུག་བསྔལ་མང་གྱུར་པས།། ཅི་ཕྱིར་ནན་གྱི་ས་སྙེད་ཅེ་ན།། འགྲོ་བའི་སྡུག་བསྔལ་བརྟག་བྱས་ན།། ཇི་ལྟར་གཞན་གྱིས་དོན་བྱས་པ་སྙིང་རྗེ་སྡུག་བསྔལ་མང་།། དེ་ལྟར་རྒྱུད་ནི་གོམས་གྱུསྒྱུར་བ།། གཞོན་གྱི་སྡུག་བསྔལ ་ནི་དགའ་བས།། པདྨའི་ནགས་སུ་དང་པ་ལྟར།། མནར་མེད་པར་ཡང་འཇུག་པར་འགྱུར།། སེམས་ཅན་རྣམ་པར་གྲོས་པ་ནོ།། དགའ་བའི་རྒྱ་མཚོ་གང་ཡིན་པ།། ངོ་ཉིད་ཀྱིས་ཚིག་མིན་ནམ།། རརི་མེད་ཐར་པས ་ཞིག་བྱ།། དེ་ལྟར་གཞན་གྱིས་དོན་བྱས་པས།། རློམ་སེམས་དང་ནི་ངོ་མཚར་མེད།། གཅིག་ཏུ་གཞན་དོན་ལ་དགའ་བས།། རྣམ་སྨིན་འབྲས་བུ་རེ་བ་མེད།། ཕྱོགས་བཅུའི་སེམས་ཅན་ཕུན་ཚོགས་དེའི།། བདག་གི་ཡིན། ་པར་གོདོན་མི་ཟ།། གཞན་དེ་བདག་གིར་འདུ་ཤེས་པས།། བདག་ཕྲག་དོག་སྐབས་མེད།། སྡིག་པ་བཤད་པར་བྱ་བ་དང་།། བསོད་ནམས་རྗེས་སུ་ཡི་རང་དང་།། སངས་རྒྱས་བསྐུལ་དང་གསོལ་གདབ་པ།། གཞན་དང ་བདག་གི་ཕྱིར་བྱེད་དོ།། ཡོངས་སུ་བསྔོ་བ་དེ་བཞིན་ཏེ།། བྱེ་བྲག་མེད་པར་རབ་ཏུ་འཇུག། དེ་ལྟར་སེམས་ཅན་ཁམས་བཞིན་དུ།། བསོད་ནམས་མཐའ་ཡས་རབ་ཏུ་འབྱུང་།། ལམ་འདི་དམ་པ་མཆོག་ཡིན་ཏེ།། ་བདེ་བ་མཐའ་ཡས་དུས་སྟོན་བཟང་།། བྱང་ཆུབ་སེམས་དཔའི་དེད་དཔོན་ཆེས།། གང་ཞིག་དགའ་བ་འཕེལ་བ་ཡིན།། ལག་ན་རྡོ་རྗེ་སེལ་མཆོག་རྣམས།། བདུད་ཀྱི་གཅན་པ་སྐྲག་བྱེད་ཅིང་།། སངས་རྒྱས་ཕྱག ་བརྙན་རྣམས་ཀྱིས་ཀྱང་།། རྟག་ཏུ་ཡོངས་སུ་བསྲུང་བ་ཡིན།། རྫོགས་པའི་སངས་རྒྱས་རྒྱལ་པོའི་སྲས།། བྱང་ཆུབ་སེམས་དཔའ་ཀྱི་ཤིང་རྟར་ཞུགས།། ལྷ་ལ་སོགས་པས་སྟོང་བྱེད་ཅིང་།། ལམ་དེ་ནས་ནི་འགྲོ། ་བར་བྱེད།། དེ་ལྟར་སེམས་ཅན་རྣམས་ལ་བདག། གོམས་བྱས་ཚུལ་གྱི་སྒྲོ་གཏགས་ཏེ།། བདག་གཞན་སྡུག་བསྔལ་ཞི་བྱའི་ཕྱིར།། བདག་ལ་སོགས་པ་རྣམས་ཀུན་བཏང་།། གང་ཞིག་སྲེད་པས་ཡོངས་སུ ་ཟིན་པ།། དེ་ཡི་སྡུག་བསྔལ་ཞིང་མི་འགྱུར།། འགྱུར་བས་རྣམ་པར་ཆུང་ཟོང་ནས།། དེ་ནི་འདི་ལྟར་སྡུག་བསྔལ་མས་པས་གདུངས་ན།། རང་གི་བདེ་ལ་དགར་ཅི་ཡོད།། ཀུན་ནས་ཚིག ་པར་གྱུར་པ་ཡི།། ལུས་ལའང་བདེ་བ་ཅི་ཞིག་ཡོད།། བདག་ལ་ཆགས་པར་བྱེད་པ་ནི། སྡུག་བསྔལ་ཀུན་གྱི་རྩ་བ་མཆོག། དེ་ལྟས་སེམས་ཅན་ཐམས་ཅད་ལ།། བདག་ནོར་བཏང་ཞིང་དེ་གཞོམ་མོ།། རྟེན ་ཅིང་འབྲེལ་འབྱུང་བསམ་པ་ཡིས།། བདག་ལ་མ་ཆགས་དྲན་བྱས་ཏེ། འབད་པ་ཀུན་གྱིས་དེའི་ཕོ་ཉ།། དམ་པ་ཤེས་ཁོ་འདོད་ཕན་བྱ།། གང་གིས་འཇིགས་པས་དེ་མི་གཏོང་།། དེ་མ་ཕྱིན་ན་འཇིགས་པ ་ཡིན།། འདི་ལྟར་བདག་གི་ལུས་དང་སེམས།། སྐད་ཅིག་རེ་རྀས་འགྲོ་བ་ཉིད།། གལ་ཏེ་མི་རྟག་དྲི་འབས་པའི།། ལུས་ཀྱིས་རྟག་ཅིང་དྲི་མེད་ཀྱི།། བྱང་ཆུབ་ཐོབ་པར་འགྱུར་ན་ནི།། དེ་ནི་རིན་མེད་རྙེད་མིན་ནམ།། ་རྩི་སྨན་གཟུགས་དང་འདྲ་བར་ནི།། འཇིག་རྟེན་ཆོས་ལ་མི་སེམས་པས།། དེ་ལྟར་བདག་ཀྱང་བཏང་ཐོས།། སེམས་ཅན་ཀྱི་ཀུན་གྱི་དོན་དུ་སྤྱོད།། སེམས་ཅན་དཀུན་གྱི་ཕྱིར་བློན་པོར་ནི།། རང་གི་ཤེས་ར ་བཀོལ་བར་བྱ།། རིག་པས་ནོར་དེ་བསྲུང་བྱས་ཏེ།། སེམས་ཅན་རྣམས་ལ་མཁོ་བར་སྤྱད། ཡ་པ་གཞན་ལུས་ལ།། སྡུག་བསྔལ་མང་སེལ་སྡུག་བསྔལ་གང་།། དེ་བྱ་བ་དེའང་དེ་བཞིན་ཏེ། ་བདེ་བ་མང་བྱེད་བསྐྱེད་པར་བྱ།། སེམས་ཅན་ལོངས་སྤྱོད་གེགས་བྱེད་ཕྱིར།། བསྒྲིམས་ཏེ་ཉོན་མོངས་སྦྱང་བྱས་ཏེ།། འཇིག་རྟེན་འཚོ་བའི་འབབ་སྟེགས་ནས།། སྦྲུལ་གྱི་རོ་བསལ་བཞིན་དུ་བྱ།། བདག་གི་ལུས་དང་གཞན། ་ལུས་ལ།། སྡུག་པོསྔལ་མང་སེལ་སྡུག་བསྔལ་གང་།། དེ་བྱ་བ་ངོ་འང་བསོད་ནམས་ཞིང་འདི་དག་གྱུར་ནོ།། ཕུན་སུམ་ལོ་ཏོག་འབྲས་བུ་ཆེ།། བདེ་བའི་མུ་གིས་གདུངས་པ་ཡིས།། འགྲོ་བ་དག་ནི་ཚིམ་པར་འགྱུར།། ་འཐོབ་དང་བཀུར་སྟི་ལུས་ལ་སོགས།། སྐྱི་ལ་བདག་གི་བཏང་མིན་ནམ།། ཅི་ཕྱིར་དྭ་རྡུང་འཁྲུག་པར་བྱེད།། བདག་གིས་རྫུན་དུ་དེ་སྐས་སམ།། རང་དོན་གནོད་བྱེད་ལ་སྡང་ན།། འོ་ན་སྙིང་རྗེ་མེད་པའང་སུ་ཞིག་འཁྲུག། ་ཟླ་རྩི་བུ་རམ་ཤིང་ལྡི་སྩོགས། བདག་པོས་མི་ཤེས་བཞག་ཉེས་ཏེ།། ལོངས་སྤྱོང་དུ་ནི་མི་རུང་བས།། སྤྱོད་བརྒྱད་ལ་སོགས་འོས་ཡིན་བདེན།། བདག་པོ་ལ་ནི་ཕན་འདོད་ནས།། རིམ་གྲོ་བྱ་བར་སེམས་པ་མེད། དེ་ལ ་བསྐུལ་བ་འང་མི་བྱེད་དེ།། ལོངས་སྤྱོད་ཕྱིར་ཡང་འགྲོ་མི་བྱེད།། མ་སྨོས་མ་བཏབ་རྒྱལ་སྲས་རྣམས།། དེ་དག་རྗེས་འབྲངས་ཉེར་སོང་སྟེ། སྣ་ཚོགས་མི་བཟང་ཁམས་རྣམས་དང་།། དབང་པོ་ཀུན་གྱི་སྨན་ཆེན ་འགྱུར།། དེ་དག་ཤེས་བྱས་དྲན་བྱས་ཏེ།། ཁྲོ་བ་དང་ནི་གནོད་བྱེད་ཀྱང་།། སྡུག་བསྔལ་རྣམས་ལ་ཞིམ་པ་ཡིད་།། རང་བཞིན་མི་འདོར་བདེ་བར་བྱེད།། ས་དང་ཆུ་དང་མེ་དང་རླུང་། ན་མཁའ་ཞེས་བྱ་ཁམས་ལྔ་པོ།། ་སེམས་ཅན་ཇི་སྲིད་གནས་སྲིད་དུ།། ཀུན་གྱི་དོན་ནི་བྱེད་པ་སྟེ། ཉེས་སྤྱོང་ཀུན་གྱིས་དེ་དག་ནི།། སེམས་ཅན་དོན་ལས་མི་ལྡོག་གོ།། དེ་བཞིན་བདག་གི་ཁམས་དྲུག་པོ།། འདི་དག་དོན ་མེད་མི་བྱའོ།། ན་མཁའ་མཐའ་ནི་ཇི་ཙམྦ་པར།། འཇིག་རྟེན་མཐའ་ནི་སྲིད་གྱུར་པ།། དེ་སྲིད་འཇིག་རྟེན་དོན་བྱེད་པས།། ཡེ་ཤེས་སྔོན་བཏང་གནས་པར་བགྱི།། བྱ་བ་བསྲུངས་ནས་བདག་ལ་ནི།། བདག་གིས ་མི་དྲི་ནན་གྱིས་སུ།། སློབ་དཔོན་བདག་གིས་བརྟག་པར་བདག། སློབ་མ་མཆོག་བཞིན་བསླབ་པར་བྱ།། བདག་གི་བླ་མ་བདག་འདྲ་བ།། བདག་གི་བག་ཉལ་སྐྱོན་སུས་ཤེས།། བདག་སྡུག་བསྔལ་དང་བདག་འཇིག ་པས། སུ་ཞིག་དེ་ལྟར་སྡུག་ཅིང་འཇིགས།། སྐྱོ་བར་མི་འགྱུར་འབྲོས་མི་འགྱུར།། སྙིང་རྗེ་ལི་སོང་ཡུལ་གྱུར་ཅིང་།། རྟག་ཏུ་ཉེ་བར་གནས་གྱུར་པ།། སློབ་མ་བདག་འདྲུ་ག་ལ་ཡོད།། ཉོན་མོངས་ཀྱི་སྒྲོ་གྲ ་མུག་ལྗོངས།། གཡངས་མང་པོའི་ལམ་དུ་ནི།། གོམ་པ་རེ་རེ་རེག་འཆའ་བ།། བདག་དང་གཞན་རྟག་མྱ་ངན་གཞི།། འགྲོ་བ་རྣམས་ནི་སྡུག་བསྔལ་མཚུངས།། དེ་བས་འཁྲུལ་པ་ཙམ་མི་རིགས།། འདི་ལ་ཡོན་ཏན་མཐོ་ནི་ནི།། ་མཚར་ཆེན་པོ་བྱ་བའི་རིགས།། ཉེས་པ་རྒྱ་མཚོ་བདག་གཅིག་པུས།། བླང་བར་ནུས་པ་མ་ཡིན་པས།། འདི་ན་བདག་ལ་གཞན་ཡང་དགོས།། ཉེས་ལས་ཐར་བྱེད་གཞན་གང་ཡིན།། ཕ་རོལ་བསྐུལ་ལ་མཁས་པ་པོ།། གསོལ ་བམ་བཏབ་ཕན་བྱེད་ཀྱི།། ཚིག་ནི་སྤྱི་བོས་བླང་བར་བྱ།། བདག་ནི་ཀུན་གྱི་སློབ་མར་བྱ།། ཉོན་མོངས་དགྲ་ནི་མྱུང་པོ་དང་།། གཅིག་པུ་བདག་ནི་གཡུལ་འགྱེད་ཚེ།། དེ་ནི་གཅིག་དང་འཐབ་པ་ན།། གཞན་ནི་བདག་གི་བདེ་བ ་འཇོམས།། སྡང་དམ་མི་སྡང་གྱུར་ཀྱང་རུང་།། དེ་ནོ་ལ་ལ་རྒྱབ་ནས་བསམ།། གཞན་ནས་འཇིགས་པ་སྒྲོགས་བྱེད་པ།། དེ་ནི་བདག་ལ་སྲོགས་ཕངས་སྦྱིན།། སྡུག་བསྔལ་ཀུན་གྱི་སྨན་པ་མཆོག། བདེ་བའི་དགའ ་སྐྱོན་རབ་ཚོགས་ཤིང་།། རྣམ་པ་ཀུན་དུ་ཉེར་འཚོ་བ།། འཇམ་དབྱངས་ཁྱོད་ལ་ཕྱག་འཚལ་ལོ།། དེ་ལྟར་བདེ་བར་གཤེགས་ཀྱི་སྲས།། རྣམ་ཀུན་རྨད་དུ་བྱུང་རྣམས་ཀྱི།། སྤྱོད་པ་ཉེ་བར་བཀོད་པ་ཡི།། དགེ་བ་བདག ་གིས་གང་བསྒྲུབས་དེས།། བདེ་གཤེགས་གོ་འཕང་མཐའ་ཡས་ནི།། ནམ་མཁའི་མཚམས་པར་དབང་མཛད་པ།། དེ་ཡི་བདེ་བ་མཐའ་ཡས་རྣམས།། ལུས་ཅན་དག་གིས་ཐོབ་པར་ཤོག། བསོད་ནམས་སྤེལ་བ ་རྫོགས་སོ།། །། བསླབ་པ་ཀུན་ལས་བཏུས་པ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་འདུལ་བ་མདོ་སྡེ་དུ་མ་ལཱ་ས་བཏུས་པ། སློབ་དཔོན་ཞི་བའི་ལྷས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན ་མི་ཏྲ་དང་དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སླད་ཀྱི་ཁ་ཆེའི་པཎྜི་ཏ་ཏི་ལ་ཀ་ཀླ་ཤུ་དང་། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས། སྲི་མངའི་དགོན་པར ་ཞུ་ཐུག་ལེགས་པར་བྱས་པའོ།། རྒྱལ་སྲས་སྤྱོད་འདིར་རབ་དང་ཐོས་མང་བ།། གུང་ཐང་དགེ་སློང་ཤེས་རབ་འབྱུང་གནས་ཀྱིས།། བློ་ལྡན་ཐིག་ལེ་བུམ་པའི་སེམས་བཟུང་ནས།། གཞུང་འདིར ་ངེས་བསྒྱུར་ལེགས་པར་ཞུ་ཐུག་བྱས།། དེ་ཡི་དད་པའི་མཐུ་དང་གཞུང་འདི་ཡི།། ཆེ་བ་ཉིད་ཀྱིས་དིང་སང་བརྩེ་ལྡན་གྱི།། ལམ་འདིར་འཇུག་པར་འདོད་པའི་སྐྱེ་བོ་རྣམས།། དགའ་བས་ཆོས་འདི་ཕྱོགས་བཅུར་རྒྱས་བྱེད ་ཤོག།། དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། དེ་བཞིན་གཤེགས་པའི་སྙིང་པོ་བརྒྱད་སྟོང་བཟླས ་