| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤིཀྵ་ས་མུཙྪ་ཡ་ཀཱ ་རིཀྵ། བོད་སྐད་དུ། བསླབ་པ་ཀུན་ལས་བཏུས་པ ་#།། ཚིག་ལེའུར་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་ལྟར་བདག ་དང་གཞན་དག་ཀྱང་།། འཇིགས་དང་སྡུག་བསྔལ་མི་འདོད་ན།། བདག་དང་བྱེ་བྲག་ཅི་ཡོད་ཀྱིས།། གང་དེ་བསྲུང་ལ་གཞན་མཾ ་བསྲུང་།། སྡུག་བསྔལ་མཐར་འབྱིན་འདོད་པ་དང་། བདེ་བའི་མཐར་ཡང་འགྲོ་འདོད་པས།། དད་པའི་རྩ་བ་བརྟན་བྱས་ཏེ། ་བྱང་ཆུབ་ལ་ཡང་བློ་བརྟན་བྱ།། བྱང་ཆུབ་སེམས་དཔའི་སྡོམ་པ་ནི།། རྒྱས་པར་ཐེག་པ་ཆེ་ལས་འབྱུང་།། གང་གིས་ལྷུང་བར་མི་འགྱུར་བ།། གནད་ཀྱི་གནས་རྣམས་འདིར་རིག ་བདག་གི་ལུས་དང་ལོངས་སྤྱོད་དང་།། དགེ་བ་དུས་གསུམ་སྐྱེས་པ་རྣམས།། སེམས་ཅན་ཀུན་ལ་བཏང་བ་དང་།། དེ་བསྲུང་དག་པ་སྤེལ་བའོ།། སེམས་ཅན་རྣམས་ཀྱིས ་ལོངས་སྤྱད་ཕྱིར།། ལུས་ལ་སོགས་པ་བསྲུང་བར་བྱ།། མོ་བསྲུངས་ལོངས་སྤྱོད་གང་ལས་འོང་།། གང་མི་སྤྱོད་པ་ཅི་ཞིག་སྦྱིན།། དེ་བས་སེམས་ཅན་ལོངས་སྤྱད་ཕྱིར།། ་དགེ་བའི་བ་ཤེས་གཉེན་མི་བཏང་ཞིང་།། མདོ་སྡེ་དག་ལ་རྟག་བལྟ་བས།། ལུས་ལ་སོགས་པ་བསྲུང་བར་བྱ།། དེ་ལ་ལུས་བསྲུང་གང་ཞེ་ན།། གནོད་པར་འགྱུར་བ ་སྤང་བ་སྟེ།། དེ་ཀུན་གང་གིས་འཐོབ་ཅེ་ན།། འབྲས་བུ་མེད་པའི་བྱེད་སྤངས་པས།། དེ་ཡང་རྟག་ཏུ་དྲན་པས་འགྲུབ།། དྲན་པ་ཤིན་ཏུ་གུས་ལས་འབྱུང་།། གུས་ནི་ཞི་བའི་ཆེ་བ་ཉིད།། ཤེས ་པར་གྱུར་ནས་བརྟུན་པས་སྐྱེད།། མཉམ་གཞག་ཡང་དག་ཇི་བཞིན་དུ།། ཤེས་པར་འགྱུར་ཞེས་ཐུབ་པས་གསུངས།། ཕྱི་རོལ་གཡོ་བ་བཟློག་པ་ཡིས།། སེམས་ནི་ཞི་ལས་མི་གཡོ་འགྱུར།། ཀུན་ཏུ་མི་རྒོད་འཇམ་པ་དང་།། ་ན་ཅིང་མཉེན་པར་སྨྲ་བ་ཡིས།། སྐལ་ཅན་སྐྱེ་བོ་འདུན་པར་འགྱུར།། གཟུང་བར་འོས་པའང་སྐྱེ་བར་འགྱུར།། འདི་ནི་གཟུང་འོས་མ་ཡིན་ན།། འཇིག་རྟེན་རྒྱལ་བའི་མྱུ་གུ་བརྙས།། ཐལ་བས་གཡོགས་པའི་མེ་བཞིན་དུ།། སེམས ་ཅན་དུམྱལ་ལ་སོགས་པར་སྲེག། དེ་ཕྱིར་རྒྱལ་བས་སྡོམ་པའི་མདོར།། གང་གིས་སེམས་ཅན་མ་དང་འགྱུར།། དེ་ནི་བསྒྲིམས་ཏེ་རྣམ་སྤངས་ཞེས།། དཀོན་མཆོག་སྤྲིན་ལས་བཀའ་སྩལ་ཏོ།། འདི་ནི་བདག་ལུས་བསྲུང་བ་སྟེ།། སྨན་དང་གོས ་ལ་སོགས་བཅས་པས།། བདག་ལ་སྲེང་བས་ལོངས་སྤྱད་ན།། ཉོན་མོངས་བཅས་པའི་ལྟུང་བར་འགྱུར།། ལེགས་སྤྱད་དག་ལ་བརྩམ་པར་བྱ།། ཐམས་ཅད་ལ་ཡང་ཆོད་རིག་བྱ།། དེ་ལྟས་བསླབ་པའི་གཞི་འདི་ལས།། དེ་ཡི་ལོངས་སྤྱོད ་བསྲུང་མི་དཀའ།། རང་དོན་རྣམ་སྨིན་སྲེད་སྤངས་པས།། དགེ་བ་ཀུན་ཏུ་བསྲུང་བར་འགྱུར།། འགྱོད་པར་ཡང་ནི་མི་བྱ་སྟེ།། བྱས་པར་གྱུར་ཀྱང་བསྒྲག་མི་བྱ།། རྙེད་དང་བཀུར་སྟིས་འཇིགས་བྱ་ཞིང་།། ཁེངས་པ་རྟག་ཏུ་སྦྱང་བར་བྱ།། ་ང་ཆུབ་སེམས་དཔའ་དང་བྱ་ཞིང་།། ཆོས་ལ་ཡིད་གཉིས་སྤང་བར་བྱ།། ལུས་ནི་རྣམ་པར་སྦྱང་བྱས་ན།། ཕན་པའི་ལོངས་སྤྱོད་འགྱུར་བ་སྟེ།། འབྲས་ཆེན་ལེགས་ས་པར་ཆོས་པ་དང་།། གཟེགས་མེད་ལུས་ཅན་ཕན་པ་འདྲ།། ཇི་ལྟར་ལོ་ཏོག ་བཙས་ཁེབས་ན།། ནད་ཀྱིས་ཞུམ་ཞིང་རྒྱས་མི་འགྱུར།། དེ་ལྟར་སངས་རྒྱས་མྱུ་གུ་ཡང་།། ཉོན་མོངས་ཁེབས་ན་རྒྱས་མི་འགྱུར།། ལུས་ཀྱི་དག་པ་གང་ཞེ་ན།། སྡིག་དང་ཉོན་མོངས་རྣམ་སྦྱོང་ཡིན།། རྫོགས་སངས་རྒྱས་ཀྱིས་གསུངས་ཚུལ ་དུ། འབད་པ་མེད་ན་སོང་ན་སོང་འགྲོ། བཟོད་བྱ་ཐོས་པ་བཙལ་བར་བྱ།། དེ་ནས་ནགས་སུ་གནས་པར་བྱ།། མཉམ་པར་བཞག་ལ་བརྩོན་བྱ་ཞིང་།། མི་སྡུག་ལ་སོགས་བསྒོམ་པར་བྱ།། ཡང་ངག་འཚོ་བ་སྦྱངས་པ་ཡིས།། ལོངས ་སྤྱོད་དག་པར་ཤེས་པར་བྱ།། སྟོང་པ་སྙིང་རྗེའི་སྙིང་ཅན།། བསྐྱོད་པས་བསོད་ནམས་དག་པར་འགྱུར།། གཟུང་པོར་བྱ་བ་རབ་མཔ་ལ།། འདི་ནི་ཉུང་ན་འདིས་ཅི་བྱ།། ཤིན་ཏུ་ངོམས་པ་སྐྱེད་མ་ཡིན།། དེ་ཕྱིར་འདི་ནི་འཕེལ་བར་བྱ།། ལུས་འཕེལ ་བྱ་བ་གང་ཞེ་ན།། ལེ་ལོ་མེད་དང་སྟོབས་སྦྱང་ཡིན།། སྟོང་དང་སྙིང་རྗེའི་སྙིང་པོ་ཅན།། སྦྱིན་པས་ལོངས་སྤྱོད་འཕེལ་བར་འགྱུར།། བརྩོན་དང་བསམ་པ་བརྟན་པར་ཡང་།། དང་པོ་ནན་ཏན་བྱས་ནས་ནི།། སྙིང་རྗེ་མདུན་དུ་བཞག་ནས་སུ།། དགེ་བ ་སྤེལ་ལ་ནན་ཏན་བྱ།། བཟང་པོ་སྤྱོད་པའི་ཆོ་ག་བཞིན།། ཕྱག་འཚལ་ལ་སོགས་གུས་པར་བྱ།། དད་པ་ལ་སོགས་རྟག་ཏུ་བསྒོམ།། བྱམས་དང་སངས་རྒྱས་སོགས་དྲན་བྱ།། དུས་རྣམས་ཀུན་ཏུ་སེམས་ཅན་དོན།། ཆོས་ཀྱི་སྦྱིན་པ་ཟང་ཟིང་མེད།། ། ་བྱང་ཆུབ་སེམས་ནི་མདོར་བསྡུ་ན།། བསོད་ནམས་འཕེལ་བའི་རྒྱུ་ཡིན་ནོ།། འགྲུབ་པ་ཡང་དག་སྤོང་རྣམས་ཏོ།། བག་ཡོད་པ་དང་མ་བྲལ་ཞིང་།། དྲན་པ་དང་ནི་ཤེས་བཞིན་དང་།། ཚུལ་བཞིན་དུ་ནི་སེམས ་པས།། བསླབ་པ་ཀུན་ལོས་བཏུས་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བ་མཁན་པོ་ཞི་བ་ལྷས་མཛད་པ་རྫ ་