CLOSE WINDOW

GT3337: rim gyis 'jug pa'i sgom don
Wyliee-texts produced with BDRC’s OCR application

རིམ་གྱིས་འཇུག་པའི་སྒོམ་དོན། འཇམ་དཔལ་གཞོན་ནོར་གྱུར་པ་ལ་ཕྱག་འཚལ་ལོ།། གང་དག་སྒྲིབ་པ་མཐའ་དག་སྤང་བར་འདོད་པ་དང་། ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་ཐོབ་པར་འདོད་པ་ངེས ་ཞི་གནས་དང་ལྷག་མཐོང་བསྒོམ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་འབད་པར་བྱའོ།། དེ་ཡང་དམུས་ལོང་དང་འདྲ་བ་བདག་གིས་བསྟན་པར་མི་ནུས་མོད་ཀྱིས། འོན་ཀྱང་ལུང་དང་བསྟན་པཅོས་གཞན་དག་ལ་ཡང་བརྟེན ་ནས་བརྗོད་པར་བགྱིའོ།། ཞི་གནས་དང་ལྷག་མཐོང་གཉིས་ལ་ཚུལ་བཞིན་དུ་བསྒོམས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་སྟེ། དེ་འབྱུང་བས་སྒྲིབ་པ་མཐའ་ངག་སྤངས་ནས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་ནི། ཞི་གནས ་དང་ལྷག་མཐོང་གཉིས་ལ་ཡུན་རིང་དུ་ནན་ཏན་བྱས་པ་ལས་འགྱུར་ཏེ། དེ་བས་ན་ཞི་གནས་དང་ལྷག་མཐོང་གཉིས་ལ་འབད་པར་བྱའོ།། རྒྱུ་མ་བསྒྲུབས་ན་འབྲས་བུ་མི་འབྱུང་ཏེ། ས་བོན་དང་མྱུ་གུ་བཞིན་ནོ།། རྒྱུ་ནོར་བ་ལས ་ཀྱང་མི་འབྱུང་སྟེ། རྭ་ལས་འོ་མ་བཞོ་པ་བཞིན་ནོ།། རྒྱུ་མཐའ་དག་མ་སྤྱད་པ་ལས་ཀྱང་འབྲས་བུ་ཐམས་ཅད་མཁྱེན་པ་མི་འབྱུང་སྟེ། ས་བོན་ལ་སོགས་པ་གང་ཡང་རུང་བ་ཞིག་མེད་ན། འབྲས་བུ་མི་འབྱུང་བ་བཞིན་ནོ།། ་འཕགས་པ་ཆོས་ཐམས་ཅད་ཡང་དག་པར་བསྡུས་པ་ལས་ཀྱང་། གང་དག་ང་ཡིས་རྗེས་སུ་སློབ་འདོད་དེས།། ཞི་གནས་ལྷག་མཐོང་དག་ལ་འབད་པར་བྱའོ་ཞེས་གསུངས་སོ།། དེ་བས་ན་རྣལ་འབྱོར་པ་གང་ཞིག་ཞི་ག་ནས ་ལྷག་མཐོང་དང་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། དཔེར་ན་རིན་པོ་ཆེ་བཻ་ཌཱུརྱའི་ཁང་པ་ན་འདུག་པས་ནི་ཕྱི་ནང་ཀུན་གསལ་བར་མཐོང་ངོ་།། དེ་བཞིན་དུ་རྣམ་པར་མི་རྟོག་པ་འདི་ལ་གནས་ན། ཆོས་ཐམས་ཅད་ཀྱི ་དངོས་པོའི་མཐའ་རྟོགས་ཏེ། སྒྲིབ་པ་མཐའ་དག་བྱུང་ནས་ཐམས་ཅད་མཁྱེན་པ་འཐོབ་པ་ནི། རྒྱུ་ལྀ་རག་ལས་པར་ངེསོ།། དེ་བས་ན་རྣམ་པར་མི་རྟོག་པ་ལ་བསྒོམ་པར་བྱའོ།། དཔེར་ན་རི་བོ་མཐོན་པོའི་ཁར་ཕྱིན་ན་ཕལ་ཆེར་གསལ་བར ་མཐོང་ངོ་།། དེ་བཞིན་དུ་རྣམ་པར་མི་རྟོག་པ་འདི་ལ་གནས་ན། ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང་ཐོགས་པ་མེད་པར་འགྱུར་རོ།། དེ་བས་ན་ཞི་གནས་དང་ལྷག་མཐོང་ལ་བསྒོམ་པར་བྱའོ།། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཞལ་སྔ ་ནས་ཀྱང་། གང་བློ་ཡོད་དང་མེད་པ་ལས།། རྣམ་པར་འདས་ཤིང་མི་གནས་པ།། དེ་དག་ཟབ་མོ་དམིགས་མེད་པའི།། རྐྱེན་གྱི་དོན་ལ་རྣམ་པར་བསྒོམ་ཞེས་བསྟན་ཏོ།། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། གང་དེ་ཆོས་ལ ་བདག་མེད་སོ་སོར་རྟོག། སོ་སོར་དེ་རྟོགས་གལ་ཏེ་བསྒོམ་པ་ནི།། དེ་ཉིད་མྱ་ངན་འདས་འཐོབ་འབྲས་བུའི་རྒྱུ།། རྒྱུ་གཞན་གང་ཡིན་དེ་ནི་ཞིར་མི་འགྱུར། ཞེས་གསུང་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་བཀའ་སྩལ་པ། སྐྱེ་བ་པོ་ཡིས་ལྷག ་མཐོང་དང་།། ཞིག་ན་གོམས་པར་བྱས་ན་ནི།། གནས་ངན་ལེན་གྱི་འཆིང་བ་དང་། མཚན་མའི་འཆིང་ལས་རྣམ་གྲོལ་འགྱུར་ཞེའོ།། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམས ་འཇིལ་ལོ།། ཤེས་རབ་ཀྱིས་ནི་བག་ལ་ཉལ་རབ་ཏུ་སྤོང་ངོ་ཞེས་གསུངས་སོ།། དེ་བས་ན་སྒྲིབ་པ་མཐའ་དག་སྤང་བར་འདོད་པས་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱའོ།། ཞི་གནས་ཀྱི་སྟོབས་ཀྱིས་ནི། མར་མེ་རླུང་མེད་པ་ན ་གསལ་བ་བཞིན་དུ། དམིགས་པ་ལ་སེམས་མི་གཡོ་བར་འགྱུར་རོ།། ལྷག་མཐོང་གིས་ནི་མུན་པར་ཉྫི་མ་ཤྭར་བཞིན་དུ་ཆོས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོགས་པས། ཡང་དག་པའི་སྣང་བ་འབྱུང་སྟེ། སྒྲིབ་པ་མཐའ ་དག་སྟོང་པར་གྱུར་ཏོ།། ཤི་གནས་ཙམ་འབའ་ཞིག་གོམས་པར་བྱས་པས་ན་རྣལ་འབྱོར་པ་རྣམས་ཀྱི་སྒྲིབ་པ་མི་སྤོང་གི། རེ་ཞིག་ཉོན་མོངས་པ་རྣམ་པར་གནོན་པ་ཙམ་དུ་ཟད་དོ།། ཤེས་རབ་ཀྱི་སྣང་བ་བྱུང་བ་མེང་བར་བག ་ལ་ཉལ་ལགས་པར་ཚེམས་མི་སྲིད་པའི་ཕྱིར། བག་ལ་ཉལ་ལེགས་པར་ཚོམས་པར་མི་འགྱུར་རོ།། དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས། བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམས་རྣམ ་པར་གནོན་ཏོ།། ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེད་དོ།། ཞེས་བཀའ་སྩལ་ཏོ།། འཕགས་པ་ཏིང་འཛིན་རྒྱལ་པོ་ལས་ཀྱང་། ཏིང་ངེ་འཛིན་དེ་བསྒོམ་པར་བྱེད་མོད་ཀྱི།། དེ་ནི་བདག་ཏུ་འདུ་ཤེས་འཇུག ་མི་བྱེད།། དེ་ནི་ཉོན་མོངས་ཕྱིར་ཤིང་རབ་འཁྲུགས་ཏེ།། ལྷག་སྤྱོད་འདི་ནི་ཏིང་འཛིན་བསྒོམ་པ་བཞིན།། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག་སོ་སོར་དེ་བརྟགས་གལ་ཏེ་བསྒོམ་པ་ནི། དེ་ཉིད་མྱ་ངན་འདས་འཐོབ ་འབྲས་བུའི་རྒྱུ།། རྒྱུ་གཞན་གང་ཡིན་གྱིས་ནི་ཞིར་མི་འགྱུར་ཞེས་གསུངས་སོ།། བྱང་ཆུབ་སེམས་དཔའི་སྡེ་སྨོད་ལས་ཀྱང་། གང་དག་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས། འཕགས་པའི ་ཆོས་འདུལ་བ་མ་ཐོས་པར་ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པ་ནི། ང་རྒྱལ་གྱི་དབང་གིས་འཁོར་བར་ལྟུང་ཞིང་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ་ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་འགྲོལ། འགྲོ་བ་དྲུག་གི་འཁོར་བ་ལས་ཡོངས་སུ་མི་འགྲོ་ལ། སྡུག་བསྔལ་གྱི་ཕུང་པོ་ལས་ཀྱང་ཡོངས་སུ་མི་འགྲོལ་ཏེ། དེ་ལ་དགོངས་ནས་དེ་བཞིན་གཤེགས་པས ་འདི་སྐད་ཅེས། གཞན་ལས་རྗེསུ་མཐུན་པས་ཐོས་པ་ནི། རྒ་ཤི་ལས་གྲོལ་བར་འགྱུར་རོ།། ཞེས་བཀའ་སྩལ་ཏོ།། དེ་ལྟ་བས་ན་སྒྲིབ་པ་མཐའ་དག་སྤངས་ནས་ཡོངས་སུ་དག་པའི་ཡེ་ཤེས་ཐོབ་པར་འདོད་པས་ནི ་གནས་ལ་གནས་ཤིང་ཤེས་རབ་བསྒོམ་པར་བྱའོ།། དེ་སྐད་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་བཀའ་སྩལ་ཏེ། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཐོབ་སྟེ། ཏིང་ངེ་འཛིན་ཐོབ་ནས་ཀྱང་ཤེས ་རབ་བསྒོམ་པར་བྱེད།། ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་ཐོབ།། ཡེ་ཤེས་རྣམ་པར་དག་པར་ཚུལ་ཁྲིམས་ཕུན་སུམ་ཚོགས་ཞེས་བཀའ་སྩལ་ཏོ།། འཕགས་པ་ཐེག་པ་ཆེན་པོ་ལ་ངང་པ་བསྒོམ་པའི ་མདོ་ལས་ཀྱང་རིགས་ཀྱི་བུ་ཤེས་རབ་ལ་ཉེ་བར་མི་གནས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དད་པ་དང་། ཐེག་པ་ཆེན་པོ་ལ་ཇི་ལྟར་ཡང་འབྱུང་བར་མི་སྨྲའོ།། རིགས་ཀྱི་བུ་རྣམ་གྲངས ་འདིས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པོ་ཆེན་པོ་ལ་དང་པ་ཐེག་པ་ཆེན་པོ་ལས་འབྱུང་བ་ཅི་ཡང་རུང་དེ་ཐམས་ཅད་ནི། རྣམ་པར་མ་གཡེངས་པའི་སེམས་ཀྱི་དོན་དང་ཆོས་ལ་ཡང་དག་པར ་བསམ་པ་ལས་འབྱུང་བར་རིག་པར་བྱའོ།། ཞེས་བཀའ་སྩལ་ཏེ། ཞི་གནས་དང་བྲལ་བའི་ལྷག་མཐོང་འབའ་ཞིག་གིས་ནི་རྣལ་འབྱོར་པའི་སེམས་ཡུལ་རྣམས་ལ་རྣམ་པར་གཡེང་བར་འགྱུར་གྱི་རླུང་གི་ནང ་ན་འདུག་པའི་མར་མེ་བཞིན་དུ་བརྟན་པར་མི་འགྱུར་རོ།། དེ་བས་ནུ་ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསྩལ་བར་མི་འབྱུང་སྟེ། དེ་ལྟ་བྷས་ནཱ་གཉི་ག་འདྲ་བཪྵ་བསྟེན་པར་བྱའོ།། དེའི་ཕྱིར་འཕགས་པ་ཡོངས་སུ་མྱ ་ངན་ལས་འདས་པ་ཆེན་པོའི་མདོ་ལྔས་ཀྱང་། ཉ་ནཱཾ་ཐོས་རྣམས་ཀྱིས་ནི། དེ་བཞི་ནི་གཤེགས་པའི་རིགས་མ་མཐོང་སྟེ། ཏིང་ངེ་འཛིན་གྱི་ཤས་ཆེ་བའི་ཕྱིར་དང་། ཤེས་རབ་ཆུང་པོའི་ཕྱིར་རོ།། བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི་མི་གསལ་ཏེ། ཤེས་རབ་ཀྱི་ཤས་ཆེ་བའི་ཕྱིར་དང་། ཏིང་ངེ་འཛིན་ཆུང་བའི་ཕྱིར་རོ།། དེ་བཞིན་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ། ཞི་གནས་དང་ལྷག་མཐོང ་@#མཚུངས་པར་ལྡན་པའི་ཕྱིར་ཞེས་བཀའ་སྩལ་ཏེ། ཞི་གནས་ཀྱི་སྟོབས་ཀྱིས་ནི་མར་མེ་རླུང་མེད་པར་བཞག་པ་བཞིན་དུ། རྣམ་པར་རྟོག་པའི་རླུང་རྣམས་ཀྱིས་སེམས་གཡོས་པར་མི་འགྱུར་རོ།། ལྷག ་མཐོང་གིས་ནི་ལྟ་བ་ངན་པའི་དྲ་བ་མཐའ་དག་སྦྱངས་པས། གཞན་དག་གིས་མི་ཕྱེད་དེ། ཟླ་བ་སྒྲོན་མའི་མུདོ་ལས་ཇི་སྐད་དུ། ཞི་ག་ནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར།། ལྷག་མཐོང་སྟོབས་ཀྱིས་རཱི་དང་འདྲ་བར་འགྱུར་ཞེས ་གསུངས་སོ།། དེ་བས་ན་རྣལ་འབྱོར་པས་ཉོན་མོངས་པས། རིགས་ཐམས་ཅད་ཤེས་ཤིང་ཟིལ་གྱིས་གནོན་པར་འདོད་པས། ཞི་གནས་དང་ལྷག་མཐོང་གཉིས་ལ་བརྩོན་པར་བྱ་སྟེ། དེ་སྐད་བདེན་པ་གཉིས་བསྟོན་པའི་མདོ་ལས་གསུངས་ཏེ། འཇམ་དཔལ ་ལྟར་ཉོན་མོངས་པ་རྣམས་ཟིལ་གྱིས་གནོན་པར་འགྱུར་ཇི་ལྟར་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པ་ཡིན། འཇམ་དཔལ་གྱི་སྨྲས་པ། ལྷའི་བུ་གང་གི་ཚེ་ཉོན་མོངས་པ་རྣམས་སྣང་བ་མེད་པའི་ཡེ་ཤེས་ཀྱིས་དོན་དམ་པར ་ཤི་ན་ཏུ་སྟོང་པ་དང་། ཤིན་ཏུ་མཚན་མ་མེད་པ་དང་། ཤིན་ཏུ་དངོས་པོ་མེད་པ་དང་། ཤིན་ཏུ་རང་བཞིན་མེད་པར་ཤེས་པ་དེའི་ཚེ། ལྷའི་བུ་ཉོན་མོངས་པ་རྣམས་རབ་ཏུ་ཤེས་པ་ཡིན་ནོ།། ལྷའི་བུ་འདི་ལྟ་སྟེ། དཔེར་ན་གང ་སྦྲུལ་གདུག་པའི་རིགས་འདོན་པ་དེས། སྦྲུལ་གདུག་པ་དེའི་དུག་ཞི་བར་འགྱུར་རོ།། ལྷའི་བུ་དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱི་རིགས་རབ་ཏུ་ཤེས་པ་དེའི་ཉོན་མོངས་པ་རྣམས་རབ་ཏུ་ཞི་བར་འགྱུར་རོ།། ལྷའི་བུས་སྨྲས་པ། ་འཇམ་དཔལ་ཉོན་མོངས་པར་གྱུར་པ་རྣམས་ཀྱི་རིགས་གང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དོན་དམ་པར་ཤིན་ཏུ་མ་སྐྱེས་པ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། མཚན་ཉིད་མེད་པའི་ཆོས་ཐམས་ཅད་ལ་ཀུན་ཏུ ་རྟོག་པ་གང་ཡིན་པ་དེ་ནི། ཉོན་མོངས་པ་རྣམས་ཀྱི་རིགས་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་ངོ་།། དེ་བས་ན་ཤེས་བྱའི་ཡུལ་ཐམས་ཅད་ལ་མ་རྨོངས་པ། ཆོས་ཐམས་ཅད་ཀྱི་དངོས་པོ་ཉིད་ཀྱི་མཐའ་རྟོགས་པས་སྒྲིབ་པ་མཐའ ་དག་ཟིལ་གྱིས་གནོན་པར་བྱེད་པ་དང་། སྤྱོད་བ་ནི་ཞི་གནས་དང་ལྷག་མཐོང་གཉིས་ལ་བརྟེན་པས་ཡིན་གྱིས། གཞན་གྱིས་ནི་མཱ་ཡིན་པར་ངེས་སོ།། དེ་ལྟ་བས་ན་གཉི་ག་ལ་རྣལ་འབྱོར་དུ་འབད་པར་བྱའོ།། དེ་ལ་བྱུང ་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་། དོན་དམ་པའོ།། དེ་ལ་ཀུན་རྫོབ་ནི་སྙིང་རྗེས་སེམས་ཅན་མཐའ་དག་མངོན་པར་གདོན་པར་དམ་བཛྲ་ནཱ། འགྲོ་བ་ལ་ཕན་པས ་ཕྱིར་སངས་རྒྱ་སུ་གྱུར་ཅིག་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་རྣམ་པའི་སེམས་དང་པོ་སྐྱེ་བའོ།། དེ་ཡང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ལེའུ་ལས་བསྟན་པའི་ཆོ་ག་བཞིན ་དྲོ། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ། མཁས་པ་ཕ་རོལ་པོ་ལས་མནོད་པར་བྱའོ།། མཐུན་པ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྣམས་མངོན་དུ་བྱས་ལ། འཕགས་པ་འཇམ་དཔལ་རྒྱལ ་པོ་ན་མཁའ་ཞེས་བྱ་བར་གྱུར་པ་ན། བྱང་ཆུབ་ཏུ་སེམས་བསྐྱེད་པ་བཞིན་དུ་བསྐྱེད་པར་བྱའོ།། དེ་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་འབད་པར་བྱའོ།། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི། ་འཇིག་རྟེན་ལས་འདས་པ་སྤྲོས་པའི་མཐའ་དང་བྲལ་ག། ཤིན་ཏུ་གསལ་བ། དོན་དམ་པའི་སྤྱོད་ཡུལ་བ། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་ལྟར་མི་གཡོ་བའོ།། རྣམ་པར་སྣང་མཛད་མངོན་པར་བྱང ་ཆུབ་པའི་ཏན་ཏྲ་ལས་ཀྱང་། བྱང་ཆུབ་ན་མཁའི་མཚན་ཉིད་དེ།། རྟོག་པ་ཐམས་ཅད་སྦྱངས་པ་ཡིན།། ཞེས་གསུངས་སོ།། ཡང་གསུངས་པ། གསང་བའི་བདག་པོ་དེ་ཤིན་ཏུ་ཕྲ་བའི་ཆོས་ཀྱང་ཡོད་པ་མ་ཡིན་ཞིང་། དམིགས་སུ་མོང་ངོ་།། ། ་ངས་ནཱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱའོ།། ཞེས་གསུང་ས།། དེ་སྐད་དུ་ཟླ་བ་སྒྲོན་མའི་ཏིང་ངེ་འཛིན་ལས་ཀྱང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་རང་གི་ངོ་བོ་བསྟན་པ། ཤིན་ཏུ་ཕྲ་བའི་ཆོས་ཀྱང་ཡོད ་མ་ཡིན། ཤིན་ཏུ་ཕྲ་ཞེས་བྱ་བའང་ཡོད་མ་ཡིན། ཞེས་གསུང་སོ་སོ།། དོན་དམ་པའི་བྱང་ཆུབ་ནི་ཆོས་ཀྱི་སྐུ་ཡིན་ནོ།། དེ་འགྲུབ་པ་ནི་རྟག་ཏུ་གུས་པར་ཡུན་རིང་དུ་ཞི་གནས་དང་ལྕུག་མཐོང་གི་རྣལ་འབྱོར་ལ་གོམས་པར་བྱས་པ ་ལས་འགྱུར་ཏེ། འཕགས་པ་དགོངས་པ་ངེས་པར་འགྲོལ་པ་ལས་ཇི་སྐད་དུ། བྱམས་པ་ཡང་ཉན་ཐོས་རྣམས་ཀྱི་འམ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་དང་། ་འཇིག་རྟེན་པའི་བདེ་བ་དང་། འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་། ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ།། ཞེས་གསུངས་པ་ལྟ་བུའོ།། དེ་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་བསྡུས་པའི་ཕྱིར་རྣལ ་འབྱོར་པ་ཐམས་ཅད་ཀྱིས་དུས་ཐམས་ཅད་དུ། ངེས་པར་ཞི་གནས་དང་། བྱུག་མཐོང་བརྟེན་པར་བྱ་སྟེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ངས་ཉན་ཐོས་རྣམས་དང་། ་བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་རྣམ་པ་དུ་མ་བསྟན་པ་གང་ཡིན་པ་དེ་དག་ཐམས་ཅད་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ།། ཞེས་གསུངས་སོ།། ་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསོད་ནམས་ཆེ་བར་འཕགས་པ་དཔས་བྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་།། དེ་ལ་གལ་ཏེ་གཟུགས་མཆིས་ན།། ནམ་མཁའི་ཁམས་ནི་ཀུན་གང་སྟེ།། དེ་ནི་དེ ་བས་ལྷགས་པར་འགྱུར། ཞེས་གསུངས་སོ།། སྡོང་པོ་བཀོད་པ་ལས་ཀྱང་བསྔགས་ཏེ་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་དེ ་སྒྲུབ་པ་མི་ལྡན་ཡང་། འཁོར་བའི་ནང་ན་འབྲས་ཆེན་འབར། བྱམས་པའི་རྣམ་པར་ཐར་པ་ལས་བཀའ་སྩལ་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ ་ཐམས་ཅད་ཟིལ་གྱིས་གནོན་ཏོ།། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ཞིང་དབུལ་བ་ཐམས་ཅད་བཟློག་གོ།། རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་སྒྲུབ ་པ་དང་མི་ལྡན་ཡང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཏོ།། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ཞིང་འཁོར་བའི་དབུལ་བ་ཡང་བཟློག་པར་བྱེད་དོ།། ཞེས་འབྱུང་ངོ་།། འཕགས་པ ་རྒྱལ་པོ་ལེ་གདམས་པའི་མདོ་ལས་ཀྱང་། རྒྱལ་པོ་ཆེན་པོ་ཁྱོད་བྱ་བ་མང་བ་བྱེད་པ་མང་སྟེ། ཐམས་ཅད་ཀྱིས་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་བར་ལ་སློབ་མི་བཟོད་ན། རྒྱལ་པོ་ཆེན་པོ་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་། སྨྱོན་པ་དང་། དད་པ་དང་། དོན་དུ་གཉེར་བ་དུས་ཐམས་ཅད་དུ། འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང ་རུང་། སད་ཀྱང་རུང་། ཟ་ཡང་རུང་། འཐུང་ཡང་རུང་། རྟག་ཏུ་རྒྱུན་མི་འཆད་བར་དྲན་པར་གྱིས་ཤིག། ཡིད་ལ་གྱིས་ཤིག། བསྒོམས་ཤིག་སངས་རྒྱས་དང་། བྱང་ཆུབ་སེམས་པ་དང་། ཉན་ཐོས་དང་། སོ་སོའི་སྐྱེ་བོ་ཐམས ་ཅད་དང་། བདག་གིས་འདས་པ་དང་། མ་འོངས་པ་དང་། དེ་ལྟར་བྱུང་བའི་དགེ་བའི་རྩ་བ་ཅི་བྱས་པ་ཐམས་ཅད་བསྡུས་པ་ལ་རྗེས་སུ་ཡི་རང་བགྱིས་ཤོག་ཅེས་འབྱུང་ངོ་།། དེ་བས་ན་ཐམས་ཅད་མཁྱེན་པ་དེ་ཐོབ་པར་འདོད ་བ་དེས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། དེ་ལ་ཐོག་མར་རེ་ཞིག་རྣལ་འབྱོར་པ་གང་ཞིག་གིས། ཞི་གནས་དང་ལྷག་མཐོང་འགྲུབ་པར་འགྱུར་བའི་རྒྱུ་ཞི་གནས་དང་ལྷག་མཐོང་གི་ཚོགས་ལ་ཇེ་བརྟེན་པར་བྱའོ།། དེ་ལ་ཞི་གནས ་ཀྱི་ཚོགས་གང་ཞེ་ན། མཐུན་པའི་ཡུལ་ལ་གནས་པ་དང་། འདོད་པ་ཆུང་བ་དང་ཆོག་ཤེས་པ་དང་། བྱ་བ་མང་པོ་ཡོངས་སུ་སྤངས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དང་འདོད་པ་ལ་སོགས་པའི་རྣམ་པར་རྟོག་པས་ཡོངསུ ་སྤངས་པའོ།། དེ་ལ་ཡོན་ཏན་ལྔ་དང་ལྡན་པ་ནི་མཐུན་པའི་ཡུལ་ཡིན་པར་ཤེས་པར་བྱ་སྟེ་གོས་དང་ཟོས་ལ་སོགས་པ་ཚོགས་མེད་པར་རྙེད་པའི་ཕྱིར་རྙེད་སླ་བ་དང་། སྐྱེ་བོ་མི་སྲུན་པ་དང་། དགྲ་ལ་སོགས་པ་མི་གནས་པའི ་ཕྱིར་གནས་བཟང་བ་དང་། ནང་མེད་པའི་ས་ཡིན་པའི་ས་བཟང་བ་དང་། གྲོགས་ཚུལ་ཁྲིམས་དང་ལྡན་པ་མཚུངས་པ་ཡིན་པས། གྲོགས་བཟང་བ་དང་། ཉིན་མོ་སྐྱེ་བོ་མང་པོ་དག་གིས་མ་གང་བའི་ཕྱིར་དང་། མཚན་མོ་སྒྲ ་ཆུང་བའི་ཕྱིར་ལེགས་པར་ལྡན་པའོ།། འདོད་པ་ཆུང་བ་གང་ཞེ་ན་ཆོས་གོས་ལ་སོགས་པ་བཟང་པོ་འམ་མང་པོ་ལ་ལྷུག་པར་ཆགས་པ་མེད་པའོ།། ཆོ་ག་ཤེས་པ་གོང་ཞེ་ན། ཆོས་གོས་ལ་སོགས་པ་དྲན་དོན་ཙམ་རྙེད་པས་རྟག ་ཏུ་ཚིག་ཤེས་པ་གང་ཡིན་པའོ།། བྱ་བ་མང་པོ་ཡོངས་སུ་སྤངས་པ་གང་ཞེ་ན། ཉོ་ཚོང་ལ་སོགས་པ་བྱ་བ་ངན་པ་ཡོངས་སུ་སྤངས་པ་དང་། ཁྱིམ་པ་དང་། རབ་ཏུ་བྱུང་བ་དག་དང་། ཧ་ཅང་སྨོན་འདྲིན་བྱེད་པ་ཡོངས་སུ ་སྤངས་པ་དང་། སྨན་བྱེད་པ་དང་། སྐར་མ་བརྩི་བ་ལ་སོགས་པ་ཡོངས་སུ་སྤངས་པ་གང་ཡིན་པའོ།། ཚུལ་ཁྲིམས་རྣམ་པར་དག་པ་གང་ཞེ་ན། སྡོམ་པ་གཉིས་ལ་ཡང་རང་བཞིན་དང་བཅས་པའི་ཁ་ན་ཐོ་བ ་དང་བཅས་པའི་བསླབ་པའི་གཞི་མི་འདྲོལ་བ་དང་བག་མེད་པར་རལ་ན་ཡང་སྐྱེན་པ་སྐྱེན་པར་འགྱོད་པས་ཆོས་བཞིན་བྱེད་པ་དང་། ཉན་ཐོས་ཀྱི་སྡོམ་པ་ལ་ཕམ་པ་བཅོས་སུ་མི་རུང་བར་གསུངས་པ་གང་ཡིན་པ་དེ་ལ་ཡང ་འགྱོད་པ་དང་ལྡན་པ་དང་། ཕྱིས་མི་བྱ་བའི་སེམས་དང་ལྡན་པ་ཡིན། སེམས་གོང་གིས་ལས་དེ་བྱས་པའི་སེམས་དེ་ལ་ཡང་ངོ་བོ་ཉིད་མེད་པར་སོ་སོར་བརྟག་པའི་ཕྱིར་རམ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྒོམ་པ ་གོམས་པར་བྱས་ན་དེ་ཉིད་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་བརྗོད་པར་བྱའོ།། དེ་ནི་འཕགས་པ་མ་སྐྱེས་དགྲས་འགྱོད་པ་བསལ་བ་ལས། ཁོང་དུ་ཆུད་པར་བྱའོ།། དེ་བས་ན་ངེས་འགྱོད་པ་མེད་པར་བྱས་ལ ་བསྒོམ་པ་ལོ་བརྩོན་པར་བྱའོ།། འདོད་པ་རྣམས་ལ་ཡང་ཚེ་འདི་དང་ཚེ་ཕྱི་མཱ་ལ་ཉེས་དམྱིགས་རྣམ་པ་མང་པོར་འགྱུར་བར་ཡིད་ལ་བྱས་ལ། དེ་དག་ལ་རྣམ་པར་རྟོག་པ་སྤོང་བར་བྱའོ།། རྣམ་པ་གཅིག་ཏུ་ན་འཁོར་བ ་པའི་དངོས་པོ་སྡུག་པ་འམ། མི་སྡུག་པ་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་རྣམ་པར་འཇིག་པའི་ཆོས་ཅན་མི་རྟག་པ་སྟེ་གདོན་མི་ཟ་བར་དེ་དག་ཐམས་ཅད་དང་། བདག་རིང་པོ་མི་ཐོགས་པར་འབྲལ་བར་འགྱུར་ན། ་བདག་ལ་ཅི་ཞིག་ལྷག་པར་ཆགས་པ་ལ་སོགས་པས་འགྱུར་སྙམ་དུ་བསྒོམ་པས། རྣམ་པར་རྟོག་པ་ཐམས་ཅད་སྤངས་པའོ།། ལྷག་མཐོང་གི་ཚོགས་གང་ཞེ་ན། སྐྱེས་བྱ་དམ་པ་ལ་བརྟེན་པ་དང་། མང་དུ་ཐོས ་པ་ཡོངས་སུ་བཙལ་བ་དང་། ཚུལ་བཞིན་སེམས་པའོ།། དེ་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་གང་ཞེ་ན། མང་དུ་ཐོས་པ་དང་། ཚིག་གསལ་བ་དང་། སྙིང་རྗེ་དང་ལྡན་པ་དང་། སྐྱོ་བོ་བཟོད་པའོ།། དེ་ལ་མང་དུ་ཐོས་པ་ཡོངས་སུ་བཙལ ་བ་དང་། ཚུལ་བཞིན་གང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་པོའི་ངེས་པའི་དོན་དང་དྲང་བའི་དོན་ལས་གུས་པར་བྱ་ལ་ཤིན་ཏུ་མཉན་པ་སྟེ། འདི་ལྟར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ ་ལས། འཕགས་པའི་གཏམ་འདོད་པ་བཞིན་མཱ་ཐོས་པ་ནི་ལྷག་མཐོང་གི་གླེགས་ཡིན་ནོ་ཞེས་བཀའ་སྩལ་ཏོ།། དེ་གཉིས་ལས། ལྷག་མཐོང་ནི་ཐོས་པོ་དང་བསམ་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན།། ་ཞེས་གསུངས་སོ།། འཕགས་པ་སྲེད་མེད་ཀྱི་བུས་ཞུས་པ་ལས་ཀྱང་། ཐོས་པ་དང་ལྡན་པ་ནི་ཤེས་རབ་འབྱུང་བར་འགྱུར་རོ།། ཤེས་རབ་དང་ལྡན་པ་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་རོ།། ཞེས་བཀའ་སྩལ་ཏོ།། ཚུལ ་བཞིན་སེམས་པ་གང་ཞེ་ན། གང་ངེས་པའི་དོན་དང་དྲང་བའི་དོན་གྱི་མདོ་ལ་སོགས་པ་ལེགས་པར་གཏན་ལ་འབེབས་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཐེ་ཚོམ་མེད་པ་མ་བསྒོམ་པ་ལ་གཅིག་ཏུ་ངེས་པར་འགྱུར་རོ།། དེ ་ལྷ་མ་ཡིན་ན་ཐེ་ཚོམ་གྱི་འཕྱང་མོ་ཉུག་པའི་ཐག་པ་ལ་འདུག་པ་ནི། ལམ་ཁ་དབྲག་གི་མདོར་ཕྱིན་པའི་མི་ལྟར། གང་དུ་ཡང་གཅིག་ཏུ་ངེས་པར་མི་འགྱུར་རོ།། རྣལ་འབྱོར་པས་ནི་དུས་ཐམས་ཅད་དུ་ཉ་དང་ཤྭ་ལ ་སོགས་པ་སྤང་ཞིང་། མི་མཐུན་པ་མ་ཡིན་པ་དང་། ཟས་ཆོད་ཟིན་པར་བཟའ་བར་བྱའོ།། དེ་ལ་རྣལ་འབྱོར་པས་བསྒོམ་པའི་དུས་ན་ཐོག་མར་བྱ་བ་ཅི་ཡོད་པ་ཐམས་ཅད་རྫོགས་པར་བྱས་ལ་བཤང་གཅི་བྱས་ན་དགྲའི་ཆེར་མ་མེད་པར ་ཡིད་དུ་འོང་བའི་ཕྱོགས་སུ། བདག་གིས་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ་སྙམ་དུ་བསམ་ཞིང་། འགྲོ་བ་མཐོའ་དག་མངོན་པར་གདོན་པའི་བསམ་པ་ཅན་གྱིས། སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ་ཕྱོགས ་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་བྱས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོ་ལ་སོགས་པ་མདུན་དུ་བཞག་གམ། གཞོན་དུ་ཡོངད ་རུང་སྟེ། དེ་དག་ལ་ཅི་ནུས་ཀྱི་མཆོད་པ་དང་བསྟོད་པ་བྱས་ལ། རང་གི་སྡིག་པ་བཤགས་ནས་འགྲོ་བ་མཐའ་དག་གི་དོན་བསོད་ནམས་ལ་རྗེས་སུ་ཡི་རང་པོར་བྱས་ལ། སྟན་ཤིན་ཏུ་འཇམ་པོ་བདེ་བ་ལ། རྗེ་བཙུན་རྣམ་པར་སྣང ་སྣང་མཛད་ཀྱི་སྐྱིལ་མོ་དཀྲུང་ལྟ་བུ་འམ། སྐྱིལ་མོ་དཀྲུང་ཕྱེད་དུ་ཡང་རུང་། ཡང་ན་སྤྱོད་ལམ་ཇི་ལྟར་གནས་ཀྱང་རུང་སྟེ། མིག་ཧ་ཅང་ཡང་མི་ཟུམ། ཧ་ཅང་ཡང་མི་དབྱེ་བར་སྣའི་རྩེ་མོར་གཏད་ཅིང་། ལུས་ཧ་ཅང་ཡང ་མི་སྒྲུབ་ཧ་ཅང་ཡང་མི་སྐྱེ་བ་དྲང་པོར་བསྲང་ལ་དྲན་པ་ནང་དུ་བཞག་སྟེ་འདུག་པར་བྱའོ།། དེ་ནས་ཕྲགས་པ་མཉམ་པར་གཞག་པ་ལ་མགོ་མི་མཐོང་མི་དམའ་ཞིང་། ཕྱོགས་གཅིག་ཏུ་མ་ཡོ་བར་བཞག་སྟེ། སྣ་ནས་ལྟེ་བར་དྲང་པོར ་བ་ཞག་གོ།། སོ་དང་མཆུ་ཡང་ཐ་མལ་པར་བཞག་གོ། ལྕེ་ཡང་སོའི་དྲུང་དུ་བཞག་གོ།། དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང་རྔམ་པ་ཅན་དང་། དབུགས་རྒོད་པོ་ཅན་དུ་མི་གཏང་གི། ཅི་ནས་ཀྱང་མི་ཚོར་བར་ངལ་བུ་ངལ་བུས ་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང་། ཕྱིར་འབྱུང་བ་དེ་ལྟར་བྱའོ།། དེ་ལ་ཐོག་མར་རེ་ཞིག་ཞི་གནས་བསྒྲུབ་པར་བྱ་སྟེ། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་གནས་ནང་དུ་དམིགས་པས་རྒྱུན་ཏུ ་རང་གི་ངང་གིས་འཇུག་ལ་གའ་བ་དང་། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ།། ཞི་གནས་དེ་ཉིད་ལ་དམིགས་པའི་ཚེ།། དེ་ཁོ་ན་ལ་རྣམ་པར་སྤྱོད་པ་གང་ཡིན་པ་དེ་ནི་ལྕོག ་མཐོང་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས་ཇི་སྐད་དུ། ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ།། ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་གོ།། ཞེས་གསུངས་པ་ལྟ་བུའོ།། དེ་བས་ནོ་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར ་པ་རྣམས་ཀྱི་དམིགས་པའི་དངོས་པོ་བཞི་བསྟན་ཏེ། རྣམ་པར་མི་རྟོག་པའི་གཟུགས་བརྙན་དང་། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། དངོས་པོའི་མཐའ་དང་། དགོས་པ་ཡོངས་སུ་གྲུབ་པའོ།། དེ་ལ ་ནི་གནས་ཀྱིས་ནི་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་གང་ཡིན་པ་དང་། སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པ་ལ་མོས་པ་སྟེ། དེ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞེས་བྱའོ།། དེ་ལ་ཡང་དག་པའི་དོན་ལ ་རྣམ་པར་རྟོག་པ་མེད་པས་ན། དེ་རྣམ་པར་མི་རྟོག་པ་ཞེས་བྱའོ།། ཇི་ལྟར་ཐོས་པ་དང་། ཇི་ལྟར་ཟིན་པའི་ཆོས་རྣམས་ཀྱི་གཟུགས་བརྙན་ལ་མོས་ཏེ་དམིགས་བྱས་ན་གཟུགས་བརྙན་ཞེས་བྱའོ།། རྣལ་འབྱོར་པ་དེ་ཁོ་ནའི་དོན་རྟོགས ་པར་བྱ་བའི་ཕྱིར། གང་གི་ཚེ་ལྷག་མཐོང་གིས་གཟུགས་བརྙན་དེ་ཉིད་ལ་སྤྱོད་པ་དེའི་ཚེ། ལྷག་མཐོང་གི་མཚན་ཉིད་དེ་ཁོ་ན་ལ་རྟོག་པའི་རྣམ་པར་རྟོག་པ་དེ་ཁོ་ན་ཡོད་པས་ན། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན ་ཞེས་བྱའོ།། རྣལ་འབྱོར་པ་གཟུགས་བརྙན་དེ་ཉིད་ཀྱི་ངོ་བོ་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་དེ། བདག་གི་བཞིན་གྱི་གཟུགས་བརྙན་མེ་ལོང་གི་ནང་དུ་བྱུང་བ་ལ་བརྟགས་ན། བདག་གི་བཞིན་ལ་མི་སྡུག་པ་ལ་སོགས་པ ་མངོན་པ་བཞིན་ནོ།། གང་གི་ཚེ་དངོས་པོའི་མཚན་ཉིད་ཀྱིས་དྲི་བཞིན་ཉིད་རྟོགས་པར་འགྱུར་བ་དེའི་ཚེ། དངོས་པོའི་མཐའ་ཁོང་དུ་ཆུང་ངུ་པས་ན། ས་དང་པོ་ལ་དངོས་པོའི་མཐའ་ལ་དམིགས་པ་ཞེས་བྱའོ།། དེས་ན་སྨན ་བཅུད་ཀྱིས་ལེན་པ་ཟ་བ་བཞིན་དུ། བསྒོམས་པའི་ལམ་གྱིས་ས་ལྷག་མ་རྣམས་སུ་རིན་གྱིས་ཤིན་ཏུ་རབ་ཏུ་རྣམ་པར་དག་པས་སྐད་ཅིག་པས་གནས་གྱུར་ནས། གང་གི་ཚེ་སྒྲིབ་པ་མ་ལུས་པ་སྤངས་པོའི ་མཚན་ཉིད་དགོས་པ་ཡོངསསུ་རྫོགས་པར་གྱུར་པ་དེའི་ཚེ། སངས་རྒྱས་ཀྱི་ས་ལ་ཡེ་ཤེས་དེ་ཉིད་དགོས་པ་ཡོངས་སུ་གྲུབ་པ་ལ་དམྱིགས་པ་ཞེས་བྱའོ།། དེ་ལྟ་བུ་འདིས་ཅི་བསྟན་པ་ཡིན་ཞེ་ན། ཞི་གནས་དང་ལྷག་མཐོང་གོམས ་པར་བྱས་པས་དངོས་པོའི་མཐའ་རྟོགས་པར་འགྱུར་ཏེ། དེས་སྒྲིབ་པ་མཐའ་དག་སྦྱོང་བའི་མཚན་ཉིད་དགོས་པ་ཡོངསུ་གྲུབ་པ་འཐོབ་བོ།། དེ་ཉིད་སངས་རྒྱས་ཉིད་ཡིན་ཏེ། དེ་བས་ན་སངས་རྒྱས་ཉིད་ཐོབ་པར་འདོད་པས་ཞི ་གནས་དང་ལྷག་མཐོང་བསྒོམ་པར་བྱའོ།། གང་དེ་གཉིས་ལ་མི་བསྒོམ་པ་དེ་ནི་དངོས་པོའི་མཐའ་ཡང་མི་རྟོགས། དགོས་པ་ཡོངས་སུ་གྲུབ་པར་ཡང་མི་འགྱུར་རོ།། ཞེས་བསྟན་པར་འགྱུར་རོ།། དེ་ལ་རྣལ་འབྱོར་པས་ཐོག ་མར་དེ་བཞིན་གཤེགས་པའི་སྐུ་གཟུགས་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་ལ་སེམས་བཞག་ནས་ཞི་གནས་བསྒྲུབ་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ཡང་གསེར་བ་རྩོམ་བཞིན་དུ་སེར་ལོ། མཚན ་དང་དཔེ་བྱད་བཟང་པོས་བརྒྱན་པོ། འཁོར་གྱི་ནང་ན་བཞུགས་ཤིང་ཐབས་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ། རྒྱུན་ཏུ་ཡིད་ལ་བྱེད་པས། དེའི་ཡོན་ཏན་ལ་འདོད་པ་བསྐྱེད་ཅིང་། བྱིང་བ་དང་། རྒོད་པ ་ལ་སོགས་པ་ཞི་བར་བྱས་པ་ཇི་སྲིད་དུ་མེ་མདུན་དུ་བཞུགས་པ་བཞིན་དུ་གསལ་བར་མཐོང་བར་གྱུར་པ་དེ་སྲིད་དུ་བསམ་གཏན་བྱའོ།། འཕགོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས ་ཀྱིས།། འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ།། དམིགས་པ་དེ་ལ་གང་གི་སེམས་འཇོག་པ།། བྱང་ཆུབ་སེམས་དཔའ་སེམས་མཉམ་གཞག་ཅེས་བྱ་ཞེས་གསུངས་སོ།། དེ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ།། ་ཇི་ལྟར་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་འདི་གང་ནས་ཀྱང་མ་གཤེགས། གང་དུ་ཡང་མི་བཞུད་བཞུགས་པ་བཞིན་དུ་ཡང་ངོ་བོ་ཉིད་ཀྱིས་སྟོང་ལ། བདག་དང་བདག་གི་དང་བྲལ་བ་དེ་བཞིན་དུ། ཆོས་ཐམས་ཅད་ངོ་བོ ་ཉིད་ཀྱིས་སྟོང་ཞིང་། འོང་བ་དང་འགྲོ་པ་དང་། བྲལ་པ་གཟུགས་བརྙན་ལྟ་བུ་སྟེ། ཡོད་པ་ལ་སོགས་པའི་ངོ་བོ་དང་བྲལ་བའོ།། ཞེས་སྤྱད་ནས་རྣམ་པར་རྟོག་པ་མེད་ཅིང་བརྗོད་པ་མེད་པ་དང་གཅིག་ཏུ་འགྱུར་བའི་ཡིད་ཀྱིས་དེ ་ཁོ་ན་བསྒོམ་ཞིང་ཇི་སྲིད་འདོད་པར་འདུག་པར་བྱའོ།། ཏིང་ངེ་འཛིན་འདི་ནི། ང་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པ་ཞེས་བྱ་བའི་ཏོ་ངེ་འཛིན་ལས་བསྟན་ཏེ། ཏིང་ངེ་འཛིན་འདིའི་ཕན་ཡོན་ནི་ཞིབ་ཏུ་མདོ་དེ་ཉིད་ལས་རིག་པར ་བྱའོ།། ཡང་ན་འདི་ལྟར་དཔྱད་པར་བྱ་སྟེ། ཅི་དམིགས་པ་ལེགས་པར་འཛིན་ཏམ?། འོན་ཏེ་བྱིང་ངམ། འོན་ཏེ་ཕྱིའི་ཡུལ་ལ་སེམས་གཡེངས་སམ་སྙམ་དུ་དཔྱད་པར་བྱའོ།། རྨུགས་པ་དང་གཉིད་ཀྱིས་ནོན་པར་གྱུར་ན ་མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་གཟུགས་ཅི་འདྲ་བ་འདྲ་བ་ཡིད་ལ་བྱའོ།། ཡང་མཛད་པ་བཅུ་གཉིས་སམ། རྟེན་ཅིང་འབྲེལ་པར་འབྱུང་པོ་ཡིད་ལ་བྱས་ལ། བྱིང་བ་དང་རྨུགས་པ་བསལ་བར་བྱའོ།། སྔོན ་མྱོང་བའི་ཡུལ་ལ་སེམས་རྒོད་པ་འམ། རྒོད་དུ་དོགས་པ་འམ། ཡང་དག་པའི་དོན་ལ་སེམས་གཏད་དུ་མི་བཏུབ་པ་འདྲ་ན་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པ་དང་། ནང་གི་ལ་མི་གཙང་བ་སྣ་ཚོགས་དང་། ་ཕྱིའི་དངོས་པོ་རྣམས་ལ་ཡང་མྱུར་དུ་འབྲལ་བ་དང་། ཡིད་བརྟན་དུ་མི་རུང་བ་དང་། གཏན་དུ་མི་འགྲོགས་པའི་མཚན་ཉིད་ཡིད་ལ་བྱས་ལ་རྒོད་པ་ཞི་བར་བྱའོ།། གང་གི་ཚེ་བྱིང་བ་དང་རྒོད་པ་མེད་པར་གྱུར་ཏེ། དམིགས་པ་ལ ་སེམས་རྣལ་དུ་འཇུག་པ་དེ་འི་ཚེ། རྩོལ་བ་གློང་ལ་བཏང་སྙོམས་སུ་བྱའོ།། མདོར་ན་དྲན་པ་དང་ཤེས་བཞིན་གྱི་ཐག་པས་ཡིད་ཀྱི་གླང་པོ་ཆེ། དམིགས་པའི་སྡོང་པོ་ལ་གདགས་པར་བྱའོ།། དེ་ནས་རྣལ་འབྱོར་པས་ཞི་གནས ་ནས་ཤེས་རབ་ཀྱིས་དེ་ཁོ་ན་བཙལ་བར་བྱའོ།། ཞི་གནས་འབའ་ཞིག་གིས་ནི་ཆོག་པར་མི་བྱའོ་སྙམ་དུ་བསམ་མོ།། དེ་ཁོ་ན་ཇི་ལྟ་བུ་ཞེ་ན། དོན་དམ་པར་དངོས་པོ་ཐམས་ཅད་རང་བཞིན་མེད་པ་དང་། གང་ཟག་དང་ཕུང ་པོ་ལྔ་དང་། ཆོསུ་བཏགས་པ་མཐའ་དག་ནི་སྟོང་པ་ཁོ་ན་སྟེ། དེ་ཡང་གང་གིས་རྟོགས་ན་ཤེས་རབ་ཀྱིས་རྟོགས་པར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པར་གང་གི་འཛིན་ལགས། སྤྱན་རས་གཟིགས་དང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཛིན་ཏོ།། ཞེས་གསུངས་པ་ལྟ་བུའོ།། དེ་བས་ན ་@#།། ཞི་གནས་ལ་གནས་ཏེ། ཤེས་རབ་བསྒོམ་པར་བྱའོ།། དེ་ལ་རྣལ་འབྱོར་པས་འདི་ལྟར་རྣམ་པར་དཔྱད་པར་བྱ་སྟེ། གང་ཟག་ནི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལས་གུད་ན་མི་དམིགས་སོ།། གང་ཟག་ནི་ཕྱུང་པོ་ལ ་སོགས་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་དེ་དག་ནི། མི་རྟག་པ་དང་དུ་མའི་ངོ་བོ་ཡིན་པའི་ཕྱིར་དང་། གང་ཟག་ནི་རྟག་པ་དང་། གཅིག་པུའི་ངོ་བོ་ཡིན་པས་གཞན་དག་གིས་བརྟགས་པའི་ཕྱིར་རོ།། དེ་ཉིད ་དམ་གཞན་ཉིད་དུ་མི་རུང་བའི་གང་ཟག་གི་དངོས་པོ་ཡོད་པར་མི་རུང་སྟེ། ཡང་དངོས་པོ་ཡོད་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ།། དེ་བས་ན་འཇིག་རྟེན་གྱི་ང་དང་ངའི་ཞེས་བྱ་བ་འདི་ནི་འཁྲུལ་པ་ཁོ་ནའོ་ཞེས་དཔྱད་པར ་བྱའོ།། ཆོས་ལ་བདག་མེད་པ་ཡང་འདི་ལྟར་བསྒོམ་པར་བྱ་སྟེ། ཆོས་ཤེས་པ་ནི་མདོར་བསྡུ་ན་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དོ།། དེ་ལ་ཕུང་པོ་དང་། སྐྱེ་མཆེད་དང་། ཁམས་གཟུགས ་ཅོན་གང་ཡིན་པ་དེ་དག་ནི། དོན་དམ་པར་ན་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དེ། དེ་དག་རྡུལ་ཕྲ་རབ་ཏུ་བཤི་གོ་ལ། རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱི་ངོ་བོ་ཉིད་སོ་སོར་བརྟགས་ནི།། ངོ་བོ་ཉིད་ངེས་པར་གཟུང ་དུ་མེད་པའི་ཕྱིར་རོ།། དེ་སྐད་དུ་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་བཀའ་སྩལ་ཏེ། རྫས་ནི་རྡུལ་དུ་རྣམ་གཞོག་ཅིང་།། གཟུགས་ལ་རྣམ་པར་མི་རྟོག་ཅིག། སེམས་ཙམ་རྣམ་པར་བཞག་པ་ནི།། ལྟ་བ་ངན ་པ་མི་རྟོག་སོ་ཞེས་འབྱུང་ངོ་།། དེ་ལྟ་བས་ན་ཐོག་མ་མེད་པའི་དུས་གཟུགས་ལ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པའི་དབང་གིས་རྨི་ལམ་ན་དམིགས་པའི་གཟུགས་ལ་སོགས་པ་སྣང་བ་བཞིན་དུ་བྱིས་པ་རྣམས ་ལ་སེམས་ཉིད་དུ་གཟུགས་ལ་སོགས་པར་ཕྱི་རོལ་ཏུ་ཆད་པ་བཞིན་དུ་སྣང་གི་དོན་དམ་པར་ན་འདི་ལ་གཟུགས་ལ་སོགས་པ་ནི་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དོ་ཞེས་དཔྱད་པར་བྱའོ།། ལང་ཀར་གཤེགས་པ ་ལས་ཀྱང་ཕྱི་རོལ་གཟུགས་ནི་ཡོད་མ་ཡིན།། རང་གི་སེམས་ཉིད་ཕྱི་རོལ་སྣང་ཞེས་གསུངས་སོ།། ཡང་ལངྒར་གཤེགས་པ་ལས་ཀྱང་། སེམས་ཙམ་ལ་ནི་བརྟེན་ནས་སུ།། ཕྱི་རོལ་དོན་ལ་མི་རྟོག་གོ།། དེ་བཞིན་ཉིད་དུ ་དམིགས་ནས་ནི།། སེམས་ཙམ་ལུས་ཀྱང་བཟླ་བར་བྱ།། སེམས་ཙམ་ལས་ཀྱང་བཟླས་ནས་སུ།། སྣང་བ་མེད་ལ་བཟླ་བར་བྱ།། སྣང་མེད་གནས་པའི་རྣལ་འབྱོར་པ།། དེ་ཡིས་ཐེག་པ་ཆེན་པོ་མཐོང་།། ཞེས་གསུངས་པ་ལྟ་བུ་སྟེ།། ་ཕྱིའི་ཡུལ་དོན་དམ་པར་མེད་པ་དེ་བཞིན་དུ། སེམས་ཀྱང་འདི་ལྟར་སྣང་དུ་མི་རུང་སྟེ། ཇི་ལྟ་བུ་ཞེ་ན། ཡུལ་རྣམ་པར་ཤེས་པའི་རང་བཞིན་ཡིན་པར་ཡུལ་ཡང་ཤེས་པ་ཅན་དུ་འགྱུར་རོ།། ཡང་ན་ནཱི་རྣམ་པར་ཤེས ་པ་ཉིད་གཟུགས་ཡིན་པས་སེམས་ཀྱང་ཤེས་པ་མེད་པར་འགྱུར་རོ།། ཡང་ན་ནི་ཡུལ་རྣམ་པ་མང་པོ་སྣ་ཚོགས་ཡོད་པ་བཞིན་དུ་སེམས་ཀྱང་སྣ་ཚོགས་དུ་མར་འགྱུར་རོ།། ཡང་ན་ནི་སེམས་བཞིན་དུ་ཡུལ་ཡང་སྣ ་ཚོགསུ་མི་འགྱུར་རོ།། ཡང་ན་ནི་སེམས་ཀྱང་གཟུགས་ཅན་དུ་འགྱུར་རོ།། ཡང་ན་ནི་གཟུགས་ཀྱང་སེམས་བཞིན་དུ་བལྟར་མི་མཐོང་བར་འགྱུར་རོ།། རྣམ་པ་གཅིག་ཏུ་ན་ཡུལ་མེད་ཀྱི་སེམས་ཉིད ་ཡུལ་སྣང་ན་ནི། གཟུགས་དང་ཁ་དོག་གི་རྣམ་པ་ཇི་ལྟ་བུར་བསམ་པ་དང་། ཇི་ལྟར་འདོད་པ་བཞིན་དུ་ཐམས་ཅད་དུ་ཡུལ་དེ་ཉིད་འབྱུང་ཞིང་སྣང་བའི་རིགས་སོ།། ཡང་རྣམ་པ་གཅིག་ཏུ་གཟུགས་རྡུལ་དུ་གཞིག་སྟེ་རྡུལ་དུ་ཕྲ་རབ་ཀྱང ་ཆ་ཤས་ཀྱིས་བཤིག་ན་མེད་པ་བཞིན་དུ། སེམས་ཀྱང་མེད་པར་འགྱུར་ཏེ། དེ་ལྟར་སེམས་ཉིད་ཡུལ་དུ་སྣང་དུ་ཡང་མི་རུང་སྟེ། དེ་ལྟ་བས་ན་ཡུལ་དང་ཡུལ་ཅན་དང་། རྣམ་པར་རྟོག་པ་མཐའ་དག་རྨི་ལམ་དང་མཚུངས་སོ།། ཐོག་མ་མེད་པ ་ནས་གཟུགསུ་རྟོག་པའི་བག་ཆགས་སྨིན་པས་གཟུགས་ལ་སོགས་པའི་རྣམ་པར་སྣང་ངོ་།། ཞེ་ན་དེ་ཡང་མི་རུང་སྟེ། ཡུལ་གཟོད་མ་ནས་མེད་པས་དེའི་བག་ཆགས་ཀྱང་ཡོད་པར་མི་རུང་ངོ་།། འཕགས་པ་ས་བཅུ་པ་ལས། ཁམས ་གསུམ་པ་ནི་སེམས་ཙམ་མོ་ཞེས་འབྱུང་བ་དང་། འཕགས་པ་ལངྐར་གཤེགས་པ་ལས་ཀྱང་། ཕྱི་རོལ་དོན་ནི་ཡོད་མིན་ཏེ།། རང་གི་སེམས་ནི་ཕྱི་རོལ་སྣང་ཞེས་འབྱུང་བ་ཡང་སེམས་ཙམ་དུ་བཤད་པས། དངོས་པོ་དོན་པར ་ཡོད་པར་འདོད་པ་དགག་པ་དང་། གདུལ་བྱ་ལ་ཕན་གདགས་པའི་ཕྱིར་རོ།། དེ་བས་ན་གཟུགས་ལ་སོགས་པ་བརྫུན་པ་དེ་བཞིན་དུ། སེམས་ཀྱང་དེ་ལས་གླིད་ན་མེད་པས་བརྫུན་པ་ཉིད་དོ།། ཇི་ལྟར་ན་གཟུགས་ལ་སོགས་པ་སྔ ་ཚོགས་ཀྱི་རྣམ་པ་ཡིན་པས། གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ། སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ནོ།། དེ་ལྟ་བས་ན་སེམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སྒྱུ་མ་ལ ་སོགས་པའི་ངོ་བོ་ཉིད་ཁོ་ནའོ།། སེམས་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ།། ཞེས་དཔྱད་པར་བྱའོ།། དེས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས ་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་པ། དོན་དམ་པར་ཆོས་ཐམས་ཅད་འདས་པའི་ཆོས་ཀྱང་དམིགས་སུ་མོད། མ་འོངས་པའི་ཆོས་ཀྱང་དམིགས་སུ་མེད། ད་ལྟར་བྱུང་བ་ཡང་དམིགསུ་མེད་དོ།། འཕགས་པ་དཀོན་མཆོག་སྦྱིན་ལས ་ཀྱང་བཀའ་སྩལ་ཏེ། དེ་ལྟར་སྐྱོན་ལ་མཁས་པ་དེས། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་སྟོང་པ་ཉིད་བསྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ།། དེ་སྟོང་པ་ཉིད་བསྒོམ་པ་མང་བས། གནས་གང་དང་གང་དག་ཏུ། སེམས་འཕྲོ་ཞིང་སེམས ་མངོན་པར་དགའ་བའི་གནས་དེ་དང་དེ་དག་གི་ངོ་བོ་ཉིད་ཡོངསུ་བཙལ་ན་སྟོང་པར་རྟོག་སོ།། སེམས་གང་ཡིན་པ་དེ་ཡང་བརྟགས་ན་སྟོང་པར་རྟོག་སོ།། སེམས་གང་གིས་རྟོགས་པ་དེ་ཡང་ངོ་བོ་ཉིད་ཀུན་ཏུ་བཙལ་ན་སྟོང་པར ་རྟོགས་སོ།། དེ་དེ་ལྟར་རྟོགས་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་ཅེས་འབྱུང་ངོ་།། དེ་བས་ན་ཡུལ་དང་ཡུལ་ཅན་ལ་སོགས་པའི་དངོས་པོ་རྣམས་ནི། སྨིག་རྒྱུའི་ཆུ་ལ་སོགས་པ་བཞིན་དུ་རང་གི་ངོ་བོས་སྟོང་པ་ཡིན་ནོ།། ་དེ་དག་ལ་ཡང་དེ་དང་དེ་དག་ལ་བརྟེན་ནས་འབྱུང་བ་ཞེས་རྟོག་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་འཕགས་པ་ལངྐར་གཤེགས་པ་ལས། དངོས་པོ་སྐྱེ་བ་ཀུན་རྫོབ་ཏུ།། དམ་པའི་དོན་དུ་རང་བཞིན་མེད་ཅེས ་ཅེས་གསུངས་སོ།། འཕགས་པ་རྒྱ་ཆེར་རོལ་པ་ལས་ཀྱང་། ཤཱཀྱའི་སྲས་པོས་རྟེན་ཅིང་འབྲེལ་འབྱུང་ཆོས།། རང་བཞིན་ངོ་བོ་ཉིད་མེད་མཐོང་ནས་ནི།། ནམ་མཁའ་ལྟ་བུའི་སེམས་དང་རབ་ལྡན་པ།། གཡོན་ཅན་དཔུང་བཅས་མཐོང་བས་གཡོ་བ ་མེད། ཅེས་འབྱུང་བ་དང་། དཀོན་མཆོག་ཏ་ལ་ལ་ལས་ཀྱང་།། རྐྱེན་ལས་སྐྱེས་པ་རང་གི་དངོས་མ་སྐྱེས།། ཆོས་ཀྱི་ལུས་ནི་རྒྱལ་བ་རྣམས་ཀྱི་སྐུ།། མཆོག་ཉིད་རྟག་ཏུ་གནས་པ་ན་མཁའ་བཞིན།། བསྟན་ན་ཆོས་རྣམས་སྦྱོར་བ་འཐོབ་པར་འགྱུར།། ་ཞེས་འབྱུང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ལས་ཀྱང་།། ཆོས་ཐམས་ཅད་ཀྱི་རང་བཞིན་ཐོབ་པ་ནི་ཅུང་ཟད་ཀྱང་སྤྲོས་པར་མི་བྱེད་དོ།། ཅིའི་ཕྱིར་ཞེ་ན། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཕྱིར་རོ།། གང་རྒྱུ་དང ་རྐྱེན་གྱིས་བསྐྱེད་པ་དེ་ནི། ཤིན་ཏུ་མ་སྐྱེས་པའོ་ཞེས་འབྱུང་བ་དང་། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། རྟེན་ཅིང་འབྲེལ་པར་གང་འབྱུང་བ།། རང་བཞིན་གྱིས་ནི་དེ་མ་སྐྱེས།། རང་བཞིན་གྱི་ནི་གང་མ་སྐྱེས།། དེ་ལ་སྐྱེས་ཞེས་ཇི་སྐད ་བྱ།། ཤིན་ཏུ་ཕྲ་བའི་དངོས་ལ་ཡང་།། གང་གིས་སྐྱེ་བར་རྣམ་བརྟགས་པ།། རྣམ་པར་མི་མཁས་དེ་ཡིས་ནི།། རྐྱེན་ལས་བྱུང་བའི་དོན་མ་མཐོང་ཞེས་འབྱུང་བ་ནི། དོན་དམ་པར་རང་བཞིན་མེད་ཀྱི་ཀུན་རྫོབ་ཏུ་ནི་རྟེན་ཅིང་འབྲེལ་བར ་བར་འབྱུང་བ་སྒྱུ་མ་ཙམ་དུ་ཟད་དེ། འཕགས་པ་ལངྐར་གཤེགས་པ་ལས་ཀྱང་། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ།། དམ་པའི་དོན་དུ་རང་བཞིན་མེད།། རང་བཞིན་མེད་ལ་འཁྲུལ་པ་གང་།། དེ་ནི་ཡང་དག་ཀུན་རྫོབ་འདོད།། ཅེས་འབྱུང་བ་ནི། དོན ་དམ་པར་རང་བཞིན་མེད་པར་དགོངས་པའོ།། དེ་བས་ན་དངོས་པོ་རྣམས་དོན་དམ་པར་བདག་དང་གཞན་དང་། གཉི་ག་དང་། རྒྱུ་མེད་པ་ལས་སྐྱེ་བར་མི་རུང་སྟེ། ཇི་ལྟར་བདག་དང་གཞན་ལས་མི་སྐྱེ་བ་ནི། བདག་རང་ལས་མི་སྐྱེ་བའོ།། ་ཅི་སྟེ་དངོས་པོ་རྣམས་བདག་ལས་སྐྱེ་ན་བདག་སྐྱེས་ཟིན་པ་སྐྱེ་འམ། མ་སྐྱེས་པ་སྐྱེས། སྐྱེས་ཟིན་པ་སྐྱེ་ཞེས་བྱ་བར་ནི། བདག་ཉིད་གྲུབ་པས་སྐྱེད་དུ་མི་རུ་ངོ་།། རྣམ་པ་གཅིག་ཏུ་ན་སྐྱེས་པ་སྐྱེ་ནཱ་ནི། ནམ་ཡང་མི་སྐྱེ་བར་མི་འོགྱུར་རོ།། ་ཐུག་པ་མེད་པར་འགྱུར་རོ།། མ་སྐྱེས་པ་སྐྱེ་ན་ནི། རི་བོང་གི་རཱ་དང་། མོ་གཤོམ་གྱི་བུ་དང་ན་མཁའི་མེ་ཏོག་ཀྱང་སྐྱེ་བར་འགྱུར་ཏེ། དེ་བས་ནོ་བདག་ལས་མི་སྐྱེའོ།། གཞན་ལས་ཀྱང་སྐྱེར་མི་རུང་སྟེ། ཐམས་ཅད་ལས་ཐམས ་ཅད་སྐྱེ་བའི་སྐྱོན་དུ་འགྱུར་བའི་ཕྱིར་རོ།། བདག་དང་གཞན་གཉིས་ལས་ཀྱང་མི་སྐྱེ་སྟེ། གོང་དུ་སྨོས་པའི་སྐྱོན་གཉི་ག་འདུ་བར་འགྱུར་བའི་ཕྱིར་རོ།། རྒྱུ་མེད་པ་ལས་ཀྱང་མི་སྐྱེ་སྟེ། ཅི་ལ་ཡང་རག་མ་ལུས་པས་རྟག་ཏུ ་འབྱུང་བ་དང་། དུས་ཐམས་ཅད་དུ་འབྱུང་བ་དང་། རྒྱུ་ལ་རག་མ་ལུས་པས། འདུས་བྱས་མ་ཡིན་པས་རྟག་པའི་སྐྱོན་དུ་འགྱུར་རོ།། དོན་དུ་བསྒྲུབ་པའི་བརྩོན་པ་ཐམས་ཅད་དོན་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ།། དེ ་ལྟར་ན་དངོས་པོ་ཐམས་ཅད་སྐྱེ་བ་མི་འཐད་པ་དེའི་ཕྱིར་སྐྱེ་བ་མི་སྲིད་དེ། སྐྱེ་བ་བརྗོད་པ་ནི་ཐ་སྙད་གདགས་པ་ཙམ་དུ་ཟད་དེ། དོན་དམ་པར་ན་སངས་རྒྱས་དང་། མྱ་ངན་ལས་འདས་པ་ཡང་མེད་ན། གཞན་ལྟ ་སྨོས་ཀྱང་ཅི་དགོས་སྙམ་དུ་དཔྱད་པར་བྱའོ།། འཕགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་སངས་རྒྱས་ཀྱང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ།། མྱ་ངན་ལས་འདས་པ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ།། མྱ་ངན་ལས་འདས་པའི ་ཆོས་ལས་ལྷག་པ་ཞིག་ཡོད་ན་ཡང་། དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ།། ཞེས་གསུདྨོ།། དེ་བས་ན་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་ནི། ཡང་དག་པར་མེད་པ་ཁོ་ན་ཡིན་ནོ་སྙམ་དུ་བསྒོམ་པར་བྱའོ།། དེ་ལྟར་ཆོས་སུ་བཏགས ་པ་མཐའ་དག་མེད་པ་ཁོ་ན་ལ་ཞུགས་པ་དེ། ཡོངས་སུ་བརྟག་པར་བྱ་བ་གཞན་མེད་པས། རྟོག་པ་དང་དཔྱོད་པ་དང་བྲལ་བ་བརྗོད་པ་མེད་པ། དང་གཅིག་ཏུ་འགྱུར་བའི་མི་རྟོག་པའི་ཡིད་ལ་བྱེད་པ་རང་གི་ངང་གིས་འཇུག་པ ་མངོན་པར་འདུ་བྱེད་པ་མེད་པས། དེ་ཁོ་ན་ཉིད་ལ་ཤིན་ཏུ་གསལ་བར་བསྒོམ་ཞིང་འདུག་པར་བྱའོ།། དེ་ལྟར་གནས་ནས་སེམས་ཀྱི་རྒྱུད་རྣམ་པར་མི་གཡེང་བར་བྱའོ།། དེ་ལྟར་གྱུར་ན་སྤྲོས་པ་རྣམ་པར་མི་རྟོག་པ་ཉིད་ལ ་ཞུགས་པ་ཡིན་ནོ།། གཟུགས་ལ་སོགས་པ་ལ་མི་གནས་པ་ཡིན་ནོ།། ཤེས་རབ་ཀྱིས་བརྟགས་ན་དངོས་པོ་མཐའ་དག་གི་ངོ་བོ་ཉིད་མ་དམིགས་པའི་ཕྱིར། ཤེས་རབ་མཆོག་གི་བསམ་གཏན་པ་ཡང་ཡིན་ནོ།། གང་གི་ཚེ་བར ་སྐབས་སུ་སེམས་ཕྱི་རོལ་ཏུ་རྣམ་པར་གཡེངས་པ་མཐོང་བ་དེའི་ཚེ། དེའི་ངོ་བོ་ཉིད་ལ་བརྟགས་ནས་རྣམ་པར་གཡེང་བ་ཞི་བར་བྱས་པ། ཡང་དེ་ཉིད་དུ་སེམས་བཞག་པར་བྱའོ།། གང་གི་ཚེ་དེ་ལ་སེམས་མངོན་པར་མི་དགའ་བར ་མཐོང་བ་དེའི་ཚེ། ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བའི་ཕྱིར་དེ་ལ་དགའ་བ་བསྒོམ་པར་བྱའོ།། རྣམ་པར་གཡེང་བ་ལ་ཉེས་པར་མཐོང་པོའི་ཕྱིར། མི་དགའ་བ་རབ་ཏུ་ཞི་བར་བྱའོ།། ཅི་སྟེ། རྨུགས་པ་དང་གཉིད་ཀྱིས་ནོན་པས་གྱུར་པ་མི་གསལ ་བའི་ཕྱིར་སེམས་བྱིང་བ་འམ་བྱིང་དུ་དོགས་པར་མཐོང་བ་དེའི་ཚེ་མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པ་འམ་རྟེན་ཅིང་འབྲེལ་པར་འབྱུང་བ་འམ། མཛད་པ་བཅུ་གཉིས་ལ་སོགས་པ་ཡིད་ལ་བྱས་ལ་བྱིང ་བཞི་བར་བྱས་ལ་དེ་ཁོ་ན་ཉིད་དེ་ཤིན་ཏུ་བརྟན་པ་གཟུང་བར་བྱའོ།། ཅི་སྟེ་གང་གི་ཚེ་སྔོན་མྱོང་བའི་ཡུལ་ལ་འདོད་པས་བར་སྐབས་སུ་སེམས་རྒོད་པ་འམ། རྒོད་དུ་ངོགས་པར་མཐོང་བ་དེའི་ཚེ། མི་རྟག་པ་ལ་སོགས་པའི་སྐྱོ་བའི་དངོས ་པོ་ཡིད་ལྟོ་བྱས་ལ་རྒོད་པ་ཞི་བར་བྱའོ།། དེ་ནས་ཡང་དེ་ཁོ་ན་ཉིད་ལ་སེམས་མངོན་པར་འདུ་བྱ་བ་མེད་པར་འཇུག་པར་འབད་པར་བྱའོ།། གང་གི་ཚེ་སེམས་ཡང་དག་པའི་དོན་ལ་མི་གནས་ན་རྒོད་པ་དང་བྱིང་བ་ཡིན་པས་ཞི་གནས ་མེད་པ་ཡིན་པར་རིག་པར་བྱའོ།། ཅི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་ལས་དབེན་པའི་ཕྱིར། མཉམ་པར་ཞུགས་ཤིང་རང་གི་ངང་གིས་འཇུག་པས་དེ་ཁོ་ན་ཉིད་ལ་སེམས་ཤིན་ཏུ་གསལ་བ་བྱུང་བར་གྱུར་པ་དེའི་ཚེ་རྩོལ་བ་གློད་ལ ་བཏང་སྙོམས་སུ་བྱ་སྟེ། དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་གྲུབ་པ་ཡིན་པར་རིག་པར་བྱའོ།། ཡང་གང་གི་ཚེ་ལྷག་མཐོང་བསྒོམས་པས་ཤེས་རབ་ཤིན་ཏུ་ཆེ་བར་གྱུར་པ་དེའི་ཚེ་ཞི་གནས་ཆུངས ་པའི་ཕྱིར་མར་མེ་རླུང་ལ་བཞག་པ་བཞིན་ཏུ་སེམས་གཡོ་བས་དེ་ཁོ་ན་ཤིན་ཏུ་གསལ་བར་མི་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ།། ཞི་གནས་ཀྱི་ཤས་ཆེན་ཡང་གཉིད་ཀྱིས་ལོག་པ་བཞིན་དུ་དེ་ཁོ་ན ་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་ཚེ་ཡང་ཤེས་རབ་བསྒོམ་པར་བྱའོ།། གང་གི་ཚེ་གླང་གཉིས་ཟུང་དུ་འབྲེལ་ཏེ། མཉམ་དུ་འཇུག་པ་བཞིན་དུ། གཉིས་ཀ་མཉམ་དུ་ཞུགས་པར་གྱུར་པ་དེའི་ཚེ། ཇི་སྲིད་དུ ་ལུས་དང་སེམས་ལ་གནོད་པ་མ་གྱུར་པ་དེ་སྲིད་དུ། མངོན་པར་འདུ་བྱ་བ་མེད་པར་གནས་པར་བྱའོ།། མདོར་ན་ཏིང་ངེ་འཛིན་ཐམས་ཅད་ལ་ཉེ་བར་གནས་པ་དྲུག་ཡོད་དེ། ལེ་ལོ་དང་། དམིགས་བརྗོད་པ་དང་། བྱིང་བ་དང་། རྒོད ་པ་དང་། མི་རྩོལ་བ་དང་རྩོལ་བའོ།། དེ་དག་གི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པར་བྱ་སྟེ། འདི་ལྟ་སྟེ་དད་པ་དང་འདུན་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་ཤེས་བཞིན་དང་། སེམས་པ་དང་། ་བཏང་སྙོམས་སོ།། དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་སྟེ། འདི་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ། མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱིས་དད་པས་རྣལ་འབྱོར་པ་འདོད་པ་སྐྱེད་པར་འགྱུར་རོ།། དེ་ནས་འདོད ་པར་གྱུར་པས་བརྩོན་འགྲུས་རྩོམ་མོ།། དེ་ནས་བརྩོན་འགྲུས་ལ་རྟེན་ནས་ལུས་དང་སེམས་ལས་སུ་རུང་བ་ཉིད་དུ་བྱེད་དོ།། དེ་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པས་ལེ་ལོ་ལྡོག་པར་འགྱུར་རོ།། དེ་བས་ནི་དད་པ་ལ་སོགས ་པས་ལེ་ལོ་སྦྱོང་བར་འགྱུར་རོ།། དེའི་ཕྱིར་དེ་དག་བསྒོམ་པར་བྱའོ།། དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ།། ཤེས་བཞིན་ནི་བྱིང་བ་དང་རྒོད་པ་གཉིས་ཀྱི་གཉེན་པོ་སྟེ། དེས་དེ་གཉིས་རྟོགས་ནས་སྦྱོང་བའི་ཕྱིར་རོ།། ་བྱིང་བ་དང་རྒོད་པ་མ་ཞི་བའི་དུས་ནོ་མི་རྩོལ་བ་ཉེས་པ་སྟེ། དེའི་ཕྱིར་དེའི་གཉེན་པོར་སེམས་པ་བསྒོམ་པར་བྱའོ།། གང་གི་ཚེ་བྱིང་བ་དང་རྒོད་པ་རབ་ཏུ་ཞི་སྟེ། སེམས་རྣལ་དུ་འཇུག་པ་དེའི་ཚེ། རྩོལ་བ་ཉེས་པ ་སྟེ། དེའི་གཉེན་པོར་བཏང་སྙོམས་བསྒོམ་པར་བྱའོ།། སེམས་མཉམ་པར་བཞག་པའི་ཚེ་གལ་ཏེ་རྩོལ་བ་བྱས་ན། དེའི་ཚེ་རྣམ་པར་གཡེངས་པར་འགྱུར་རོ།། སེམས་བྱིང་བར་གྱུར་པ་ལ་གལ་ཏེ་རྩོལ་བ་མ་བྱས ་རྡོའི་ཚེ་ལྷག་མཐོང་མེད་པའི་ཕྱིར་མིགྲ་ལོང་བ་བཞིན་དུ་སེམས་བྱིང་བར་འགྱུར་རོ།། དེ་ལྟ་བས་ན་སེམས་ཞུམ་པ་བསལ་བའི་ཕྱིར་དང་རྒོད་པ་ཞི་བར་བྱས་ལ་མཉམ་པར་གྱུར་པ་ལ་བཏང་སྙོམས ་སུ་བྱའོ།། དེ་ནས་རྣལ་འབྱོར་ཇི་སྲིད་དུ་དགའ་བ་དེ་སྲིད་དུ་མངོན་པར་འདུ་བྱ་བ་མེད་པ་ཁོ་ནར་དེ་གོ་ན་བསྒོམ་ཞིང་འདུག་པར་བྱའོ།། ལུས་དང་སེམས་ལ་གནོད་པར་གྱུར་རོ།། སྐབས་སྐབས་སུ་འཇིག་རྟེན་མཐའི་དག་ལ ་བལྟས་ལ། སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་། མིག་ཡོར་ལྟ་བུར་རྟོགས་པར་བྱའོ།། དེ་སྐད་རྣམ་པར་མི་རྟོག་པར་འཇུག་པ་ལས་ཀྱང་བཀའ་སྩལ་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཆོས ་ཐམས་ཅད་ནམ་པའི་དཀྱིལ་དང་འདྲ་བར་མཉམ་པར་མཐོང་ངོ་།། དེའི་རྗེས་ལ་ཐོབ་པས་ནི་སྒྱུ་མ་དང་། སྨྱིག་རྒྱུ་དང་། ཆུ་ཟླ་བཞིན་དུ་མཐོང་ངོ་ཞེས་འབྱུང་ངོ་།། དེ་ལྟར་འགྲོ་བ་སྒྱུ་མ་ལྟ་བུར་རྟོགས་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་མངོན ་དུ་བྱས་ལ། འདི་སྙམ་དུ་བསམ་པར་བྱ་སྟེ། བྱིས་པའི་བློ་ཅན་དེ་དག་གིས་ཆོས་ཟབ་མོ་འདི་ལྟ་བུ་མ་རྟོགས་ན། གཟོད་མ་ནས་ཞི་བའི་ཆོས་རྣམས་ལ་ཡང་ཡོད་པ་ལ་སོགས་པར་སྒྲོ་བཏགས་དེ། ཕྱིན་ཅི་ལོག་ཏུ་གྱུར་ནས་ལས་དང་ཉོན ་མོངས་པ་རྣམ་པ་སྣ་ཚོགས་སོགས་སྟེ། དེའི་ཕྱིར་འཁོར་བར་ཡོངས་སུ་འཁྱམས་པས་ན། བདག་གི་ཅི་ནས་ཀྱང་འདི་དག་ཆོས་ཟབ་མོ་འདི་ལྟ་བུ་ཁོང་དུ་ཆུད་པར་བྱའོ་སྙམ་དུ་བསམ་པར་བྱའོ།། དེ་ནས་ངལ་བསོ་སྟེ་ཡང་དེ་བཞིན་དུ ་ཆོས་ཐམས་ཅད་མཱི་སྣང་བའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ།། ཡང་སེམས་སྐྱོ་བར་གྱུར་ནཱ་ཡང་བསོ་སྟེ། དེ་བཞིན་དུ་འཇུག་པར་བྱའོ།། དེ་ལྟ་བུའི་རིམ་པ་འདིས་ཆུ་ཚོད་གཅིག་གམ། མེ་ལོ་ཚེ་ཐུན་ཕྱེད་དམ། ཐུན་གཅིག་གམ། ་སྲིད་དུ་ནུས་པ་དེ་སྲིད་དུ་འདུག་པར་བྱའོ།། དེ་ནས་འདོད་ན་ཏིང་ངེ་འཛིན་དེ་ལས་ལངས་ལ་སྐྱིལ་མོ་དཀྲུང་མ་བཤིག་པར་འདི་སྙམ་དུ་བསམ་པར་བྱ་སྟེ། ཆོས་འདི་དག་ཐམས་ཅད་དོན་དམ་པར་ནི་མ་སྐྱེས་པར་ཡིན་ཡང་། སྒྱུ་མ ་བཞིན་དུ་རྒྱུ་རྐྱེན་སོ་སོར་ངེས་པ་སྣ་ཚོགས་འདུས་པའི་དབང་གིས་མ་བརྟགས་ན་ཉམས་དགའ་བ་སྣ་ཚོགས་ཁོ་ན་དག་འབྱུང་སྟེ། དེས་ན་ཆད་པར་ལྟ་བར་ཡང་མི་འགྱུར་རོ།། སྒྲོ་འདོགས་པའི་མཐར་ཡང་མི་འགྱུར་ཏེ། འདི་ལྟར་ཤེས་རབ ་རྣམ་པར་དཔྱད་ན་མི་དམིགས་ཏེ། དེས་ན་རྟག་པ་ཉིད་དང་སྒྲོ་འདོགས་པའི་མཐར་ཡང་མི་འགྱུར་རོ།། དེ་ལྟ་མ་ཡིན་ན་ལས་དང་འབྲས་བུར་འབྲེལ་པ་ལ་སོགས་པར་ཇི་ལྟར་རྣམ་པར་གནས་པར་འགྱུར། བཅོམ་ལྡན་འདས་ཀྱིས ་ཀྱང་དངོས་པོ་སྐྱེ་བ་ཀུན་རྫོབ་ཏུ། དམ་པའི་དོན་དུ་རང་བཞིན་མེད། ཅེས་བཀའ་མི་སྩོལ་ཏོ།། དེ་ལ་གང་དག་ཤེས་རབ་ཀྱི་མིག་དང་བྲལ་བས་ཕྱིན་ཅི་ལོག་གི་བློ་ཅན་དུ་གྱུར་ཅིང་། བདག་ཏུ་མངོན་པར་ཞེན་ནས་ལས་སྣ་ཚོགས་བྱེད་པ ་དེ་དག་ནི་འཁོར་བ་ན་ཡོངས་སུ་འཁྱམ་མོ།། གང་དག་འཁོར་བ་ལས་གཅིག་ཏུ་མི་ཕྱོགས་ཤིང་། སྙིང་རྗེ་ཆེན་པོ་དང་བྲལ་བ་དང་། སེམས་ཅན་གྱི་དོན་ཏུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་མི་བྱེད་ཀྱི། བདག་དུལ ་འབའ་ཞིག་བྱེད་པའི་སེམས་ཅན་ཐབས་མྱེད་པའི་ཕྱིར་ཉན་ཐོས་སམ་རང་སངས་རྒྱས་སུ་ལྟུང་ངོ་།། གང་དག་འགྲོ་བ་ངོ་བོ་ཉིད་མེད་པ་ཁོང་དུ་ཆུད་ནས་ཀྱང་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འགྲོ་བ་མཐའ་དག་གདོན་པར་དམ ་བཅས་ནས། སྒྱུ་མ་མཁན་བཞིན་དུ་བློ་ཕྱིན་ཅི་ལོག་ཏུ་མ་གྱུར་པས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསྒྲུབ་པ་དེ་དག་ནི། དེ་བཞིན་གཤེགས་པའི་གོ་འཕང་བརྙེས་ནས་འཁོར་བ་ན་འགྲོ་བ་མ་ལུས་པ་ལ ་དེ་ལ་བཤད་པ་དེ་ནི། གཞུག་པ་དང་ལྡེམ་པོར་དགོངས་པ་ཡིན་གྱི་ཡང་དག་པའི་དོན་མ་ཡིན་ཏེ། མ་བསྒྲུབས་མ་བསྒོམས་པར་སྒྲིབ་པ་མཐའ་ངག་མི་སྤོང་ལ། ཐམས་ཅད་མཁྱེན་པ་ཡང་མི་ཐོབ་སྟེ།། ་འཕགས་པ་ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའ་ཆོས་དཔལ་གྱིས། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་ལན་སྨྲས་པ། གང་གི་དོན་དུ་དྲིས་པ་རྣམས།། སངས་རྒྱས་སྲས་པོ་ང་ལ་ཉོན།། ཡང་དག་སངས་རྒྱས ་བསྟན་པ་འདི།། ཐོས་པ་ཙམ་གྱིས་མི་འགྲུབ་པོ།། ལ་ལ་སྟོབས་མེད་ཆུ་ཀླུང་གིས།། ནན་གྱིས་ཁྱེར་བར་གྱུར་པ་དག། སྐོམ་བཞིན་ཤི་བར་གྱུར་པ་བཞིན།། མ་བསྒོམ་ཆོས་ཀྱང་དེ་བཞིན་ནོ།། ཇི་ལྟར་འགྲོ་བ་མང་པོ་ལ། ཟས ་དང་སྐོམ་དག་སྦྱིན་ནས་ཀྱང་།། བདག་ཉིད་བཀྲེས་པས་ཤི་བ་ལྟར། དེ་བཞིན་ཆོས་ལ་མ་བསྒོམས་པའོ།། ཇི་ལྟར་སྨན་པ་ལ་ལ་ཞིག། སྨན་རྣམས་ཐམས་ཅད་བདོག་བཞིན་དུ།། ལྟོ་བའི་ནད་ཀྱི་ཤི་བ་བཞིན།། ཆོས ་ལ་མ་བསྒོམས་དེ་བཞིན་ནོ།། ཇི་ལྟར་དབྱིག་གི་མཛོད་དག་ཏུ། རིན་ཆེན་མང་པོ་བགྲང་བྱེད་ཀྱང་།། ནམ་ཕྱེད་ཙམ་ཡང་མི་ཐོབ་པ། ཆོས་ལམ་བསྒོམས་དེ་བཞིན་ནོ།། ཇི་ལྟར་བྲང་བ་ཀུན་ལྡན་པའི།། རྒྱལ་པོའི ་བྲང་འཁོར་སྐྱེས་ཀྱང་།། ཟས་དང་སྒྲོས་དག་མི་གཏོང་བ།། དེ་བཞིན་ཆོས་ལ་མ་བསྒོམས་པའོ།། ཇི་ལྟར་འོན་ཕ་རོལ་མོ་ཡི།། སིལ་སྤྱན་གླུ་ལ་མཁས་པ་ཞིག། གཞན་དག་དེ་ཡི་དགའ་བྱེད་པ།། ཆོས་ལ་མ་བསྒོམས ་དེ་བཞིན་ནོ།། ཇི་ལྟར་དམུས་ལོང་རི་མོ་བཞིན། ཚོང་དུས་དབུས་སུ་བྲིས་གྱུར་ཀྱང་།། བདག་ཉིད་ཀྱིས་ནི་མོ་མཐོང་བ།། ཆོས་ལ་མ་བསྒོམས་དེ་བཞིན་ནོ།། ཇི་ལྟར་མཚ་ཆེན་མཉན་པ་ཞིག། སྐྱེ་བོ་མང་བ་སྒྲོལ་བྱེད་ཀྱང་།། ་བདག་ཉིད་དེ་ནང་འཆི་བར་འགྱུར། ཆོས་ལ་མ་བསྒོམས་དེ་བཞིན་ནོ།། ཞེས་གསུངས་སོ།། བཀའ་དེ་ནི་དུས་གཞན་ལ་དགོངས་པས་འབྲས་བུ་ཡང་དུས་རིང་ལ། མ་བསྒོམས་པར་ཐམས་ཅད་མཁྱེན་པ་མི་འགྲུབ ་པར་གསུངས་སོ།། ཁ་ཅིག་ན་རེ་སྦྱིན་པ་བྱས་པ་དང་། དཀོན་མཆོག་གསུམ་ལ་མཆོད་པ་བྱས་པས། བྱང་ཆུབ་འཐོབ་པས་དགོན་པ་བསྟེན་ཅིང་བསྒོམ་མི་དགོས་སོ།། ཞེས་ཟེར་རོ།། དེ་བཤད་པ། དགོན་པ ་ལཱ་མ་བརྟན་མ་བསྒོམས་བ.རཱ་ཐམས་ཅད་མཁྱེན་པ་ཉིད་མི་ཐོབ་སྟེ། འདི་ལྟར་འཕགས་པ་བྱམས་པ་སེང་གེ་སྒྱུ་ཆེན་པོའི་མདོ་ལས། བཀའ་སྤྲུལ་པ། འོད་སྲུངས་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་འདི། ཆུའི་ཕུང་པོ་ནས་བཟུང་སྟེ། ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པའོ་བར་དུ། འབྲུ་མར་གྱིས་ཡོངས་སུ་བཀང་སྟེ། མར་མོའི་སྙིང་པོ་རི་རབ་ཙམ་བཙུགས་ནས་དེ་བཞིན་གཤེགས ་པ་ལ་མཆོད་པ་དང་། གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར། མེ་ཏོག་དང་། བདུག་པ་དང་། ཕྱེ་མ་དང་། སྤོས་དང་། རྒྱལ་མཚན་དང་། བླ་རེ་དང་། འཕན་གདུགས་ལ་སོགས་པས ་ཕན་པ་དང་བདེ་བའི་རྣམ་པ་ཐམས་ཅད་ཡང་དག་པར་བསྒྲུབ་ཅིང་བཞུགས་སོ།། དེ་དག་ཀྱང་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་ཉོན་མོངས་པ་མཐའ་དག་སྤངས་པས་འཁོར་བར་ཡང་མི་ལྷུང་ལ་སེམས་ཅན ་ཐམས་ཅད་ལ་ལྟ་བས་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཞིང་ཚད་མེད་པ་བསགས་པའི་དབང་གིས་མི་མྱ་ངན་ལས་འདས་པར་མི་ལྟུང་ངོ་།། སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚེ་བར་ཡང་འགྱུར་རོ།། དེ་ལྟ་བས་ན་སེམས ་ཅན་མཐའ་དག་ལ་ཕན་པ་དང་། བདེ་བ་བསྐྱེད་པར་འདོད་པས། མི་གནས་པའི་མྱ་ངན་ལས་འདས་ཐོབ་པར་འདོད་པ་དག་གིས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་གྲུབ་པ་ལ། དུས་ཐམས་ཅད་དུ་མངོན་པར ་བརྩོན་པར་བྱའོ་སྙམ་དུ་བསམ་མོ།། དེ་སྐད་དེ་བཞིན་གཤེགས་པའི་གསངུ་བའི་མདོ་ལས་ཀྱང་བཀའ་སྩལ་ཏེ། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི། ཉོན་མོངས་པ་ཐམས་ཅད་སྤོང་བར་འགྱུར་ལགས་སོ།། བསོད་ནམས ་ཀྱི་ཚོགས་ཀྱིས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་དེ་ལྟར་ལགས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི ་ཚོགས་ལ་བརྩོན་པར་བགྱིའོ་ཞེས་འབྱུང་ངོ་།། འཕགས་པ་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བའི་མདོ་ལས་ཀྱང་བཀའ་སྩལ་ཏོ།། གང་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དེ་ནི་རྒྱུ་གཅིག་པུ་མ་ཡིན་ནོ།། ་དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པར་འགྲུབ་པའི་རྒྱུ་ཚད་མེད་པ་འབུམ་ཕྲག་བཅུས་ཡང་དག་པར་འགྲུབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་དང་ཡེ་ཤེས་ཚད་མེད་པས ་མི་ངོམས་པ་ཡང་དག་པར་འགྲུབ་པའི་རྒྱུད་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་ངོ་།། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་བཀའ་སྩལ་པ། ཀྱེ་གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི ་བསོད་ནམས་བརྒྱ་འདྲེབ་པར་སྐྱེས་པའོ།། དགེ་བའི་ཆོས་ཐམས་ཅད་ལས་ངེས་པར་སྐྱེས་པའོ།། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་།། དེ་ལྟར་བྱས་ནས་ངལ་གྱིས་སྐྱིལ་མོ་ཀྲུང་བཤིག་སྟེ། ཕྱོགས་བཅུ་ན་བཞུགས ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ནས། དེ་དག་ལ་མཆོད་པ་དང་བསྟོད་པ་བྱས་ལ། འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་གདབ་བོ།། དེ་ནས་སྟོང་པ་ཉིད་དང་། ་སྙིང་རྗེ་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་སྒྲུབ་པ་ལ་མངོན་པར་བརྩོན་པར་བྱའོ།། དེ་ལ་གང་དག་ཆོས་ཟབ་མོ་ཐོས་པ་ཙམ་གྱིས་བྱང་ཆུབ་འཐོབ ་སྤྱི་འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས། མདོ་འདི་ཐོས་པ་དང་། མཐོང་བ་དང་། ལག་ཏུ་བླངས་པ། ཙམ་གྱིས་བྱང་ཆུབ་ཐོབ་པོ་ཞེས་གསུངས་པས། དེ་བས་ན་བསྒོམ་མོ་ངོས་སོ་སོ་ཞེས་ཐ ་རབ་ཏུ་བཀང་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་ལོ་འབུམ་གྱི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕུལ་བ་བས་ནི། གང་གིས་བྱང་ཆུབ་དོན་དུ་གཉེར་ཞིང་ཚུལ་ཁྲིམས་ཀྱི་ཕུང་པོ་ལ ་གནས་པ་དེས། མཁན་པོ་འམ་སློབ་དཔོན་ལ་ལུང་མནོས་ཏེ། ཁ་དོན་ཏུ་བྱེད་ཅིང་ཐ་ན་ཚིག་བཞི་པའི་དོན་ཡིད་ལ་བྱེད་པ་དང་འདུ་འཛིའི་གཏམ་གྱིས་འཇོགས་ཤིང་སྐྲག། ཁམས་གསུམ་ཐམས་ཅད་ཀྱིས་འཇིགས་ཤིང་སྐྲག། སེམས ་ཅན་གྱི་དོན་མངོན་པར་བསྒྲུབ་པ་ན་དགོན་པ་ལ་མངོན་པར་ཕྱོགས་དོ་གོམ་པ་བདུན་འདོར་བར་བྱེད་པ་དེ། དེ་བས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ།། ཞེས་གསུངསོ།། གཞན་ཡང་རྒྱལ་པོ་མུ་ཁྱུད་འཛིན་གྱིས། དེ་བཞིན ་གཤེགས་པ་མེ་ཏོག་སྣ་ཚོགས་ལ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ། མཆོད་པའི་རྣམ་པ་ཞལ་ཟས་དང་། ན་བཟའ་དང་། གཟིམས་ཆ་དང་། བསྙུན་གསོས་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། རྒྱལ་མཚན་དང་། ་བླ་རེ་དང་། འཕན་པ། དུགས་དང་། རྒྱལ་སྲིད་དང་། རིན་པོ་ཆེ་སྣ་བདུན་ལ་སོགས་པ་སྦྱིན་པ་བྱས་པ་བས། གླང་གིས་དགོན་པའི་གནས་སུ་གནས་ནས་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བསྒོམས་ནས། ཕ་ན་སེ་གོལ་གཏོགས་པ ་ཙམ་དུ་བསྒོམས་ནས། སྔ་མ་དེ་བས་སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། བྱེ་བའི་ཆ་དོང་། བྱེ་བ་ཕྲག་བརྒྱའི་ཆ་དང་། བྱེ་བ་ཕྲག་འབུམ་གྱི་ཆ་དང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། ་དཔེ་དང་། ཉེ་བར་འཇལ་བ་དང་། རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ་ཞེས་གསུངས་པས། སྦྱིན་པ་ནི་དོན་ཆུང་བར་གསུངས་ལ། དགོན་པ་ལ་བརྟེན་ཏེ། བསྒོམས་པས་ནི་དོན་ཆེ་བར་མདོ་སྡེ་དུ་མ་ལས་ཀྱང་གསུངས་སོ།། འཕགས་པ་ཆོས་བཞི་པའི ་མདོ་ལས། དགེ་སློང་ངག་བྱང་ཆུབ་སེམས་དཔའ་ཆེན་པོ་ཇི་སྲིད་འཚོའི་བར་དུ། དགོན་པོ་ལ་གནས་པ་སྲོག་གི་ཕྱིར་ཡོངས་སུ་བཏང་བར་མི་བྱའོ།། ཞེས་གསུང་སོ།། འཕགཔ་དཀོན་མཆོག་བརྩེག་པ་ལས། སྔོན་གྱི་སངས་རྒྱས་འཇིག་རྟེན་མགོན།། གང་དུ་མྱ ་ངན་འདས་གྱུར་པ།། ཀུན་གྱིས་དགོན་པ་རབ་དགོན་ཏུ།། བླ་མེད་བྱང་ཆུབ་བརྙེས་པར་འགྱུར།། མྱུར་དུ་དགོན་པར་གནས་བྱེད་ན།། འདོད་པའི་སྲིད་པ་སྤོང་འགྱུར་ཞིང་།། ཉེས་པ་ཇི་བཞིན་རྣམ་རིག་ནས།། དེ་དགྲ་ལས་ནི་སེམས་ལྡོག་འགྱུར།། ཁྱིམ་ནི ་མྱུར་དུ་སྤངས་ནས་སུ།། དགོན་པ་ལ་ནི་གནས་གྱུར་པ།། མཁས་པ་ཡང་དྲུག་མཐོང་བ་རྣམས།། སངས་རྒྱས་རྣམས་ཀྱི་རྗེས་སུ་སློབ།། གང་དག་བྱང་ཆུབ་ཕྱིར་བརྩོན་པ།། དེ་དག་དབེན་པ་བསྟེན་བྱེད་ཅིང་།། དེ་དག་དགོན་པ་དགའ་འགྱུར་གྱི།། ་དེ་དག་ཁྱིམ་ལ་དགའ་མོ་འགྱུར།། དེ་དག་སངས་རྒྱས་རྣམས་ངག་གི། སྤྱོད་ཡུལ་རྣམས་དང་སྤྱོད་པ་སྟེ།། གང་ཞིག་ལམ་འདིར་འཇུག་འགྱུར་གཱ། དེ་ལ་བྱང་ཆུབ་རྙེད་དཀའ་མིན། ཞེས་གསུངས་ཏེ། དེ་བས་ན་དགོན་པ་ལ་བརྟེན་ཏེ།། ་ཞི་གནས་དང་ལྷག་མཐོང་ལ་བརྩོན་པར་བྱའོ།། འཕགས་པ་འཇམ་དཔལ་གྱི་ཞིང་གི་ཡོན་ཏན་བཀོད་པ་ལས། ཡང་ཤཱ་རིའི་བུ་བྱང་ཆུབ་སེམས་དཔེའ་ཁྱིམ་པ་གང་གིས། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགེ་སློང་གི་དགེ ་འདུན་འཁོར་དང་བཅས་པ་རྣམས་ལ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པརྱ། བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས་པ་བས། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་ནས་སམ། རབ་ཏུ་བྱུང་བར་འདོད་པས་དགོན་པ ་ལོགས་སུ་ཕྱོགས་ཏེ། ཁོམ་པ་བདུན་བོར་ན་འདི་ནི་དེ་བས་བསོད་ནམས་ཀྱི་ཚེགས་མང་དུ་བསྐྱེད་དོ།། ཆེས་མྱུ་དོར་དུ་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་གསུངས་ཏེ། ངོ་བས་ན་དགོན་པ་ལ་བརྩོན་པར་བྱའོ།། ཁ་ཅིག་ན་རེ་འདྲི་ཀློག་བྱས་པས་ལས ་དང་ཉོན་མོངས་པ་ཐམས་ཅད་བྱང་བར་འགྱུར་བས་ཚུལ་བཞིན་ཡིད་ལ་བྱ་མི་དགོས་སོ་ཞེས་ཟེར་རོ།། དེ་ལ་བཤད་པ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། འོད་སྲུངས་འདི་ལྟ་སྟེ། དཔེར་ན། ཁྱིམ་མ་མ་ཁང་པ་ལོ་འབུམ་འདས་པར་གྱུར ་ཀྱང་ལན་འགའ་ཡང་མར་མེ་མ་བྱས་པ་དེར། མི་ལ་ལ་ཞིག་གིས་མར་མེ་བུས་ན། འོད་སྲུངས་འདི་ཇི་སྙམ་དུ་སེམས། མུན་པ་མུན་ནག་དེ་འདི་སྙམ་དུ་བདག་ནི་ལོ་འབུམ་དུ་བསགས་པའི་ཡིན་ཏེ། བདག་ནི་འདི་ནས་མི་འགྲོའོ་སྙམ་དུ་སེམས་སམ ་གསོལ་པ་བཅོམ་ལྡན་འདས་དེ་ནི་མི་སེམས་ལགས་ཏེ། མར་མེ་བུས་པས་མུན་པ་མུན་ནག་ལ་མཆིས་པའི་མཐུ་མ་མཆིས་ཀྱི་གདོན་མི་འཚལ་བར་མ་མཆིས་པར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འོད་སྲུངས་དེ་བཞིན་དུ། ལས་དང་ཉོན་མོངས་པར་གྱུར་པ་ལོ་འབུམ་དུ་བསགས་པ་ཡང་། ཚུལ་བཞིན་དུ་ཡིད་ལ་བྱེད་པའི་སོ་སོར་རྟོག་པ་ཅིག་གིས་མེད་པར་འགྱུར་རོ།། འོད་སྲུངས་མར་མེ་ཞེས་བྱ་བ་དེ་ནི། འཕགས་པ་ཤེས་རབ ་ཀྱི་དབང་པོའི་ཚིག་བླ་དགས་སོ།། འོད་སྲུངས་སུན་པ་སུན་ནག་ཅེས་བྱ་བ་དེ་ནི་ལས་དང་ཉོན་མོངས་པའི་ཚིག་བླ་དག་སོ་ཞེས་འབྱུང་ངོ་།། ཡང་དེ་ཉིད་ལས་གསུངས་པ། འོད་སྲུངས་ཚུལ་བཞིན་ཡིད་ལ་བྱེད་པ་ས་སོར་རྟོག་པ་གཅིག་གིས ་བསྐལ་པ་འབུམ་དུ་བསགས་པའི་ལས་དང་ཉོན་མོངས་པར་གྱུར་པ་རྣམས་བྱུང་བར་འགྱུར་རོ།། ཞེས་གསུངས་པས།། དེ་བས་ན་འདྲི་ཀློག་ནི་དོན་ཆུང་བར་གསུངས་སོ།། ཁ་ཅིག་ནཱ་རེ་ཁྱིམ་ན་གནས་ཤིང་དགེ་བ་བྱས་པས་བྱང་ཆུབ་ཐོབ་པས།། ་དགོན་པ་ལ་བརྟེན་ཏེ། ཞི་གནས་དང་ལྷག་མཐོང་བསྒོམ་མི་དགོས་སོ་ཞེས་ཟེར་རོ།། དེ་ལ་བཤད་པ། ཟླ་བ་སྒྲོན་མའི་མདོ་ལས་གསུངས་པ། འདོད་པ་དག་ནི་རབ་ཏུ་བསྟེན་བྱེད་ཅིང་།། ཁུ་དང་ཆུང་མ་དག་ལ་སྲེད་བསྐྱེད་ནས།། སྨད་པར ་བྱ་བའི་ཁྱིམ་ལ་བརྟན་པ་དེ།། བླ་མེད་བྱང་ཆུབ་དམ་པ་གཞར་མི་འཐོབ།། གང་དག་འདོད་པའི་ལྕི་སྐམ་མ་བཞིན་སྤོང་།། བུ་དང་ཆུ་མ་ངག་ལ་སྲེད་སྤངས་ནས།། ཁྲིམས་ཀྱི་སྒོ་སྟེ་ཁྱིམ་ནས་མངོན་བྱུང་བ།། དེ་དག་བྱང་ཆུབ་མཆོག་འདི་རྙེད ་མོ་དཀའོ།། གང་དག་ཁྱིམ་ན་གནས་པར་བྱེད་བཞིན་དུ།། བྱང་ཆུབ་དམ་པ་མཆོག་འདི་ཐོབ་པ་ཡི།། སངས་རྒྱས་གང་ཡང་སྔོན་ཆད་མ་བྱུང་སྟེ། མ་འོངས་པའང་མི་འབྱུང་གནས་པ་མེད།། རྒྱལ་སྐྱིད་མཆིལ་མའི་ཐལ་བ་བཞིན ་སྤངས་ནས།། དབེན་པ་འདོད་ཏེ་དགོན་པར་གནས་བྱེད་པོ། ཉོན་མོངས་སྤངས་ཏེ་བདུད་ཀྱི་དཔུང་བཅོམ་ནོས།། བྱང་ཆུབ་རྡུལ་མེད་འདུས་མ་བྱས་འཚང་རྒྱ།། གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་།། འདུས་བྱས་ངན་ལས ་ཡིད་བྱུང་སེམས་ཅན་གྱི། དོན་དུ་ཕྱོགས་ཏེ་དགོན་པར་གོམ་བདུན་པོར།། འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས།། ཡང་དག་དགའ་དང་མི་འདགའ་ཅུང་ཟད་མེད།། དེ་དག་མི་ཡི་འཇིག་རྟེན་རྟབ་ར་བ་བང་།། གང་དག ་གནས་དང་རི་སུལ་དགའ་བ་ནི།། དགེ་སྦྱོང་ཉིད་ཀྱི་རབ་བདེ་མྱོང་བར་འགྱུར།། གང་དག་བདག་རི་བྱེད་པ་ཅི་ཡང་མེད།། གང་དག་ཡོངས་འཛིན་རྣམ་པ་ཀུན་ཏུ་མེད།། བསེ་རྭ་ལྟ་བུར་འཇིག་རྟེན་འདིར་གནས་པ།། དེ་དག་ན་མཁའ་ལ་ནི་རླུང་ལྟར་འགྲོ། གང ་ངག་འཇིག་རྟེན་ལ་ནི་ཡིད་མི་ཆགས།། དེ་དག་མི་ཡི་འཇིག་རྟེན་རབ་ཏུ་བདེ།། དགའ་དང་མི་དགའ་ལ་ནི་ཆགས་མེད་པ།། དེ་དག་འདི་ན་རྟག་ཏུ་སེམས་རླུང་འདྲ།། གང་དག་སྡུག་བསྔལ་མཛའ་དང་བྲལ་བ་དང་།། གང་དག་སྡུག་བསྔལ་གནས་པ་མི་དགའ ་ག། མཐའ་དེ་གཉི་ཀ་རབ་ཏུ་སྦྱངས་ནས་སུ།། མི་གང་ཆོས་ལ་དགའ་བ་དེ་དག་བདེ།། ཡང་གསུངས་པ། ཉེས་པའི་ཚོགས་མང་ཐམས་ཅད་སྤངས་ནས་སུ།། རྣལ་འབྱོར་ཅན་ནི་རྟག་ཏུ་བྱེད་པ་ཉུང་།། རྣལ་འབྱོར་ཅན་བརྩོན་ནམ་ཡང་རྩོད་པ ་མེད།། དགོན་པར་གནས་པ་དེ་ཡི་ཕན་ཡོན་འདི།། དེ་ནི་རྟག་ཏུ་འདུས་བྱས་ཡིད་བྱུང་གྱུར།། དེ་ནི་འཇིག་རྟེན་ཅི་ལའང་འདོད་པ་མེད།། ཟག་པ་དག་ནི་རྣམ་པར་འཕེལ་མི་འགྱུར།། ནགས་ནཱ་གནས་པ་དེ་ཡི་ཕན་ཡོན་ནི།། དེ་ནི་ནཱ་མ་ཡང་རྩོད་པར ་མི་འགྱུར་ཏེ། རྟག་ཏུ་ཞི་ཞིང་དགའ་ལ་དབེན་པར་འགྱུར།། ལུས་དང་ངག་དང་ཡིང་ནི་རབ་བསྡམས་པ།། དགོན་པ་གནས་པ་འདི་ལ་ཡོན་ཏན་མང་།། དེ་ནི་ཐར་པའི་རྗེས་སུ་མཐུན་པ་ཡིན།། དེ་ནི་རྣམ་གྲོལ་ཞི་བ་མྱུར་རྟོགས་བྱེད།། ནགས་ན ་གནས་ཤིང་རྣམ་གྲོལ་བརྟེན་བྱེད་ན།། དགོན་གནས་དེ་ལ་ཡོན་ཏན་འདི་ཀུན་འབྱུང་ཞེས་གསུངས་སོ།། ཡང་དེ་ཉིད་ལས་གསུངས་པ། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤངས་ལ།། རྟག་ཏུ་དབེན་ཞིང་ནགས་ཁྲོད་བསྟེན་པར་གྱིས། བསེ་རུ ་ལྟ་བུར་རྟག་ཏུ་གཉིས་མེད་བྱོས།། རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ་ཅེས་གསུངས་སོ།། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས་ཀྱང་གསུངས་ཏེ། རྐྱེན་གྱིས་གཟིངས་པའི་མཐའ་ཡས་ལྡན་པའི་ཁྱིམ་སྤངས ་རྟག་ཏུ་ནོར་མི་ལྟ། ཡོན་ཏན་ལྡན་པ་དེ་དག་དགོན་པར་དགའ་ཞིང་དབང་པོ་དུལ།། དེ་དག་གང་དུའང་བུད་མེད་རྣམས་དང་འདྲིས་མི་བྱེད།། བསོ་ལྟར་གཅིག་པུར་གནས་ཤིང་བསམ་པ་དྲི་མེད་དག་ལ་དྲི་མ་བྲལ།། དེ་དངེ་ཐོབ་པ་རྣམས་ཀྱིས ་དགའ་བར་མི་འགྱུར་མ་ཐོབ་ཡིད་ཞུམ་མེད།། འདོད་པ་ཆུང་སྟེ་ངན་ངོན་ཙམ་ལྔ་དགའ་ཞིང་རྒྱུ་དང་ཚུལ་འཆོས་སྤང་།། སེམས་ཅན་དོན་བྱེད་བརྩོན་འགྲུས་ཡིད་ལྡན་སྦྱིན་དང་དུལ་བ་ལ་ཡང་གནས།། སངས་རྒྱས་ཡེ་ཤེས་དོན་གཉེར ་བསམ་གཏན་བརྩོན་འགྲུས་ཡོན་ཏན་ཕ་རོལ་ཕྱིན།། ལུསྟུ་དང་དྲི་བཞིན་སྲོག་ལྷ་མི་ལྟ་སྟུག་པའི་རྩ་ལྕག་རྣམ་སྤངས་ཏེ།། བསམ་པ་རྡོ་རྗེ་ལྟ་བུར་རབ་བརྟེན་རྟོག་ཏུ་བྱང་ཆུབ་ལམ་ལ་སྦྱོར།། ལུས་ནི་དུམ་བུ་དུམ་བུར་བཅད་ཀྱང་དེ་དག་སེམས ་ལ་གཡོ་བ་མེད།། ཐམས་ཅད་མཁྱེན་པ་ཉིད་རོ་བ་མེད་ཕྱིར་བརྩོན་འགྲུས་ཤིན་ཏུ་བརྟན་འདིར་བརྩོམ་ཞེས་འབྱུང་ངོ་།། གལ་ཏེ་ཐོབ་པ་དང་ལྡན་པ་རལ་བ་ཕུན་སུམ་ཚོགས་པ་འདི་རྙེད་ནས། རྙེད་པ་དང་བཀུར་སྟི་དང་། ཆགས ་བ་ལ་སོགས་པའི་སེམས་མ་སྦྱོང་སར་ནི་ལྷ་དང་བཅས་པའི་འཇིག་རྟེན་ལ་བསླུས་པ་གཅིག་པུར་འགྱུར་རོ།། དེ་བས་ན་ཁྱིམ་ནས་མངོན་པར་རབ་ཏུ་བྱུང་ལ་དགོན་པ་ལ་བསྙེན་ཏེ། ནི་གནས་དང་ལྷག་མཐོང་ལ་བརྫུན ་པར་བྱའོ།། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་གསུངས་ཏེ། འོད་སྲུངས་འདི་ལྟ་སྟེ་དཔེར་ན་མི་ལ་ལ་ཞིག་རྒྱ་མཚོ་ཆེན་པོས་ཁྱེར་ལ། ཆུས་སྒོམ་བཞིན་དུ་འཆི་བའི་དུས་བྱེད་པ་དེ་བཞིན་དུ་འོད་སྲུངས་འདི་ལ་དཔེ་སྦྱོང་དང་། བྲམ་ཟེ་ཁ ་ཅིག་ཆོས་མང་པོ་བླངས་ཏེ། ཀུན་ཆུབ་པར་བྱས་ཀྱང་། འདོད་པའི་ཆགས་པའི་སྲེད་པ་མི་སེལ་ཞེ་སྡང་ལ་སྲེད་པ་མི་སེལ། གཏི་མུག་ལ་སྲེད་པ་མི་སེལ་བ་དང་ཆོས་ཀྱི་རྒྱུ་མཚོས་ཁྱེར་ལ་ཉོན་མོངས་པའི་སྙོམས་པས་འཆི་བའི་དུས་བྱེད ་པར་འགྱུར་ཏེ། ངན་འགྲོར་འགྲོ་བར་འགྱུར་རོ།། ཞེས་འབྱུང་ངོ་།། དེ་བས་ན་རྣལ་འབྱོར་པ་སྲེད་པ་དང་ཉོན་མོངས་པ་ཀུནྡ་ལ། སེམས་སྐད་ཅིག་ཙམ་ཡང་བསྐྱེད་པར་མི་བྱའོ།། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས་ཀྱང་གསུངས ་ཏེ། ཁྱིམ་བདག་གཞན་ཡང་། བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ།། དགོན་པ་ལོ་གནས་པས་འདི་ལྟར་བདག་ཅིའི་ཕྱིར་དགོན་པར་གནས་དགོན་པ་ལ་གནས་པ་འབའ་ཞིག་ནི། དགེ་སྦྱོང་མ་ཡིན་ཏེ། འདི་ནི་མ་བྱང་བ་དང་། མ་སྦས་པ ་དང་། མ་ཞི་བ་དང་། མ་དུལ་བ་དང་། མི་འགྲུས་པ། རབ་ཏུ་མི་བརྩོན་པ་འདི་ལྟ་སྟེ། རི་དགས་དང་། སྤྲེའུ་དང་། བྱ་མང་པོ་དང་ཆོམ་རྐུན་དང་། གདོལ་པ་དང་ཀྱང་མང་དུ་གནས་ཏེ། དེ་དག་ཀྱང་དགེ་སྦྱོང་གི་ཡོན་ཏན་དང་ལྡན་པ་མ་ཡིན ་པཱསྣ། བདག་གང་གི་ཕྱིར་བདག་དགོན་པ་ལ་གནས་པ་འདི་ལྟ་སྟེ། དགེ་སྦྱོང་གི་དོན་དེ་ཡོངས་སུ་རྫོགས་པར་བྱའོ་སྙམ་དུ་བརྟག་པར་བྱའོ་ཁྱིམ་བ་དགྲ་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ན་གནས་པས། བདག ་ཅིའི་ཕྱིར་དགོན་པརོ་འོངས་སྙམ་དུ་བརྟག་པར་བྱ་སྟེ། འདི་ལྟར་བདག་ནི་འཇིགས་ཤིང་སྐྲག་པའི་ཕྱིར་དགོན་པར་འོངས་སོ།། ཅི་ཞིག་གིས་འཇིགས་ཤིང་སྐྲག་ཅེ་ན་འདུ་འཛིས་འཇིགས་ཤིང་སྐྲག་གོ།། འགྲོགས་པས ་འཇིགས་ཤིང་སྐྲག་གོ།། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་འཇིགས་ཤིང་སྐྲག་གོ།། ང་རྒྱལ་དང་། རྒྱགས་པ་དང་། འཆབ་པས་འཇིགས་ཤིང་སྐྲག་གོ།། ཆགས་པ་དང་། ཕྲག་དོག་དང་། སེར་སྣས་འཇིགས་ཤིང་སྐྲ་གོ། ་གཟུགས་དང་། སྒྲ་དང་། དྷི་དང་། རོ་དང་། རེག་བྱས་འཇིགས་ཤིང་སྐྲ་གོ། ཕུང་པོའི་བདུད་ཀྱིས་འཇིགས་ཤིང་སྐྲའོ།། ཉོན་མོངས་པའི་བདུད་ཀྱིས་འཇིགས་ཤིང་སྐྲ་གོ། འཆི་བདག་གི་བདུད་ཀྱིས་འཇིགས་ཤིང་སྐུགོ། ལྷའི ་བུའི་བདུད་ཀྱིསྣ་འཛགས་ཤིང་སྐྲ་གོ། མི་རྟག་པ་ལོ་དྷཱགླཱ་པཱས། ཕྱིན་ཙི་ལོག་པས་འཇིགས་ཤིང་སྐྲགོ།། སྡུག་བསྔལ་བ་ལ་བདེ་བས་ཕྱིན་ཅི་ལོག་པས་འཇིགས་ཤིང་སྐྲག། བདྲུག་མེད་པ་ལ་བདག་ཏུ་ཕྱིན་ཅི་ལོག་པས ་འཇིག་སོ་ཤིང་སྲ་ས་མི་གཙང་བ་ལ་གཙང་བས་ཕྱིན་ཅི་ལ་ལོ་པས་འཇིགས་ཤིང་སྒྲན། སེམས་དང་ཡིང་དང་། རྣམ་པའི་ཤེས་པས་འཇིགས་ཤིང་སྨྲིག་གོ། སྲིད་པས་འཇིགས་ཤིང་སྲོག་གོ།། འཁོར་བ ་འཇིགས་ཤིང་སྐྲག་གོ།། འཇིག་ཚོགས་ལ་ལྟ་བས་འཇིགས་ཤིང་སྐྲག་གོ།། བདག་ཏུ་འཛིན་པ་དང་བདག་གིར་འཛིན་པས་འཇིགས་ཤིང་སྐྲག་གོ།། རྒོད་པས་འཇིགས་ཤིང་སྐྲགོ།། འགྱོད་པ་དང་ཐེ་ཚོམ་གྱིས་འཇིགས ་ཤིང་སྐྲ་གོ།། སྡིག་པའི་གྲོགས་པོས་འཇིགས་ཤིང་སྐྲ་གོ།། རྙེད་པ་དང་བཀུར་སྟིས་འཇིགས་ཤིང་སྐྲག་གོ།། མི་དགེ་བའི་བཤེས་གཉེན་གྱིས་འཇིགས་ཤིང་སྐྲགཱ་གོ། དགེ་སྦྱོང་གི་དྲི་མས་འཇིགས་ཤིང་སྐྲག་གོ།། གཅིས་གནོད་པར ་སེམས་པས་འཇིགས་ཤིང་སྐྲག་གོ།། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཀྱིས་འཇིགས་ཤིང་སྐྲག་གོ། སྲིད་པའི་འགྲོ་པ་ཐམས་ཅད་དུ་འཕོ་བ་དང་སྐྱེ་བས་འཇིགས་ཤིང ་སྐྲག་གོ།། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་། ཡི་དྭགས་ཀྱི་ཡུལ་དུ་འགྲོ་བས་འཇིགས་ཤིང་སྐྲ་གོ། མི་ཁོམ་པས་འཇིགས་ཤིང་སྐྲག་གོ།། མདོར་ན་མི་དགེ་བོའི་ཆོས་ཐམས་ཅད་ཡིད་ལ་བྱེད་པས ་འཇིགས་ཤིང་སྐྲག་སྟེ། པོ་དག་དེ་ལྟ་བུའི་འཇིགས་ཤིང་སྐྲགས་པས་འཇིགས་ནས་དགོན་པར་འོངས་སོ་ཞེས་འབྱུང་ངོ་།། དེ་བས་ལྟ་བས་ན་རྣལ་འབྱོར་དུ་བྱས་པས་ཀྱང་མདོ་དེ་དང་མཐུན་པར་དགོན་པར་གནས ་པར་བྱའོ།། བསམ་པ་གཞན་གྱིས་ནི་གནས་པར་མི་བྱའོ།། ཡང་གསུངས་པ་ཁྱིམ་བདག་གཞན་བྱང་ཆུབ་སེམས་དཔའ་རབ་ཏུ་འབྱུང་བ་འཇིགས་ཞིང་སྐྲག་ནས་དགོན་པ་ལ་གནས་པ་འདི་ལ་གང་ཆུང་ཟད་འཇིགས ་བ་སྐྱེ་བ་དེ་དག་ཐམས་ཅད་ནི་བདག་ཏུ་འཛིན་པ་ལས་སྐྱེས་སོ།། བདག་ཏུ་མངོན་པར་ཆགས་པ་དང་། བདག་ཏུ་ཡོངས་སུ་འཛིན་པ་དང་། བདག་གི་གཞི་དང་། བདག་ཏུ་འདུ་ཤེས་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང་། ་བདག་ཏུ་ལྟ་བ་དང་། བདག་གི་གནས་དང་། བདག་ཡོངས་སུ་རྟོག་པ་དང་། བདག་བསྲུང་བ་ལས་སྐྱེས་ཏེ། གལ་ཏེ་བདག་དགོན་པ་ལ་གནས་ལ། བདག་ཏུ་འཛིན་པ་ཡོངས་སུ་མ་སྤངས། བདག་ཏུ་མངོན་པར་ཆགས་པ་དང ་བདག་ཏུ་ཡོངས་སུ་འཛིན་པ་དང་། བདག་གི་གཞི་དང་། བདག་ལ་སྲིད་པ་དང་། བདག་ཏུ་འདུ་ཤེས་པ་དང་། བདག་ཏུ་སྨྲ་བ་ཉེ་བར་ལེན་པ་དང་། བདག་ཏུ་ལྟ་བ་དང་། བདག་གི་གནས་དང་བདག་ཏུ་ཡོངས་སུ་རྟོག ་པ་དང་། བདག་བསྲུང་བ་ཡོངས་སུ་མ་སྤངས་ན་ནི། བདག་དགོན་པཱ་ལ་གནས་པ་དོན་མེད་པར་འགྱུར་རོ།། སྙམ་དུ་བསླབ་པར་བྱ་སྟེ། བདག་ཏུ་འདུ་ཤེས་པ་ལ་ནི་དགོན་པ་ལ་གནས་པ་མེད་དོ།། གཞན་དུ་འདུ་ཤེས་པ་ལ་ཡང་མེད ་དོ་སྙམ་དུ་བསམ་མོ།། ཁྱིམ་བདྲུག་དགོན་པ་ལ་གནས་པ་ཞེས་བྱ་བ་ནི། ཆོས་ཐམས་ཅད་ལ་མི་བརྟེན་པར་གནས་པའོ།། ཆོས་ཐམས་ཅད་ལ་མི་འཛིན་པར་གནས་པའོ།། མཚན་མ་ཐམས་ཅད་ལ་མི་ཆགས་པར་གནས ་པའོ།། གཟུགས་ཐམས་ཅད་ལ་མི་རྟེན་པར་གནས་པའོ།། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ཐམས་ཅད་ལ་མི་བརྟེན་པར་གནས་པའོ།། ཆོས་ཐམས་ཅད་མཉམ་པ་ཉིད་དང་མི་འགལ་བར་གནས་པའོ།། སེམས་ཤིན་ཏུ་ཞི་བས ་ཤིན་ཏུ་སྦྱང་བར་གནས་པའོ།། འཇིགས་པ་ཐམས་ཅད་སྤངས་པས་མི་འཇིགས་པར་གནས་པའོ།། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་སྣ་ཆུ་བོ་ལས་བརྒལ་བར་གནས་པའོ།། བརྟན་པར ་གནས་པའོ།། ངན་ངོན་གྱིས་ཆོག་ཤེས་པར་འཛིན་ཅིང་འདོད་པ་ཆུང་བས་འཕགས་པའི་རིགས་རྣམས་ལ་རབ་ཏུ་དགའ་བར་གནས་པའོ།། དགང་བླ་ཞིང་གསོ་སླ་བར་ཆོག་པར་འཛིན་པར་གནས་པའོ།། ཤེས་རབ་ཀྱི་ཕྱིར་ཚུལ་ཁྲིམས ་ལ་སྦྱོར་བ་ཐོབ་པ་ལ་གནས་པའོ།། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་གནས་པ་དང་། སོ་སོར་ཐར་པར་གནས་པའོ།། བཅིངས་པ་ཐམས་ཅད་བཅད་པས་རྣམ་པར་གྲོལ་པོར་གྲོལ་བར ་གནས་པའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་དང་མཐུན་པས། མ་དུལ་བ་རྣམས་ཉེ་བར་ཞི་བར་གནས་པའོ།། ཤིན་ཏུ་རྣམ་པར་དག་པས། བྱ་བ་བྱས་པར་གནས་པའོ།། ཞེས་གསུངས་པས། རྣལ་འབྱོར་པས་ཀྱང་དེ་ལྟར ་བུབམས་ཏེ། དགོན་པ་ལ་གནས་པར་བྱའོ།། ཡང་གསུངས་པ། ཁྱིམ་བདག་འདི་ལྟ་སྟེ། དཔེར་ན་དགོན་པ་མ་རྩ་དང་། ཤིང་གེལ་བ་དང་། ནག་སོ་ཚལ་གནས་ཀྱང་། འཇིགས་པ་མེད་ཅིང་མི་སྐྱུག་སྐྲག་པར་མི་འགྱུར་རོ།། ་ཁྱིམ་བདག་མེ་བཞིན་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་དགོན་པ་ལ་གནས་པས་ཀྱང་། ལུས་ལ་རྩཝ་དང་། ཤིང་གལ་བ་དང་། སྤྱན་དང་། རྩིན་པ་དང་། ཤིང་དང་། མིག་ཡོར་ལྕི་བུ་དང་། སྒྱུ་མ་དང་མི་ཚུངས ་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། འདི་ལ་སུ་ཞིག་འཇིགས་པར་འགྱུར། འདི་ལ་སུ་ཞིག་སྐྲག་པར་འགྱུར་སྙམ་པའི་འདུ་ཤེས་བསྐྱེད་པར་བྱའོ།། ཞེས་གསུངས་པས་དགོན་པ་བས་དེ་ལྟར་སེམས་བསྐྱེད་པར་བྱའོ་ཡང ་གསུངས་པ་ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས་སངས་རྒྱས་ཀྱིས་དགོན་པ་ལ་གནས་པར་བཀའ་སྩོལ་པར་ཤེས་ནས་དགོན་པ་ལ་གནས་པར་བྱ་སྟེ། དེ་ལ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ ་རྫོགས་པར་འགྱུར་རོ།། དགེ་བའི་བཤེས་གཉེན་ལ་བརྟེན་ནས། ཕྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས། དང་ཡུལ་དང་། ཕོ་བྲང་འཁོར་དག་ཏུ་ཞུགས་ཏེ་ཆོས་བསྟན་པར་བྱའོ།། ཁྱིམ་བདག་གལ་ཏེ། བྱང་ཆུབ་སེམས་དཔའ ་རབ་ཏུ་བྱུང་བ་ལུང་དང་། ཁ་ཏོན་ནོད་པའི་ཕྱིར་ཚེགས་ཀྱི་ནང་དུ་འཇུག་འདོད་ནས། དེས་དེར་གུས་པ་དང་བཅས་པས་པར་བྱ་སྟེ། སློབ་དཔོན་དང་མཁན་པོ་རྣམས་དང་། གནས་བརྟན་དང་། བཱ་རོ་མ་དང་།། དགེ་སློང་གསར་བུ་རྣམས་ལ་ཞེས་དང ་བཅས་པར་བྱ། ཚུལ་ལ་མཁས་པར་བྱའོ།། སྙོམས་ལས་མེད་པར་རང་གི་ས་བྱ་བ་དང་། གཞན་ལ་གདུང་བ་མེད་པར་བྱའོ།། ངེས་བསྙེན་བཀུར་ལ་གདུང་བར་མི་བྱའོ།། དེས་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོབ ་ངའི་སངས་རྒྱས་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དང་བཅས་པ་དང་།། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ་དང་། ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པས་མཆོད་པ་སྦྱིན་གནས་སུ ་གྱུར་པ་དེ་ཡང་། སེམས་ཅན་ཐམས་ཅད་ལ་གང་ལས་ཀྱང་། རཱིམཱ་གྷོར་བྱ་བ་དག་གིས་མི་མཛད་ན། བདག་ཅག་མ་བསླབས་པ་སློབ་འདོད་པ་རྣམས་ལྟ་ཅི་སྨོས་ཏེ། བདག་གིས་སེམས་ཅན་ཐམས་ཅད་ལ་བསྙེན་བཀུར་བྱའི།། གང ་ལས་ཀྱང་བསྙེན་བཀུར་བྱ་བ་བདག་གིས་ནི་མི་བྱའོ་སྙམ་དུ་བརྟག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན་ཁྱིམ་བདག་དགེ་སློང་བསྙེན་བཀུར་ལ་འདུ་བ་ནི། ཡོན་བདག་གི་ཆོས་རྗེས་སུ་བཟུང་བ་ཆུང་གཟོན་པ་ཡིན་ཏེ། དེས་གང་དག་སྡུག་པ་དེ་དག་ཀྱང་འདི་སྙམ ་དུ་སེམས་ཏེ། བདག་ཅག་ནི་བསྙེན་བཀུར་གྱི་ཕྱིར་སྡུད་ཀྱི། ཆོས་ཀྱི་ཕྱིར་མ་ཡིན་ནོ་སྙམ་ཞེས་འབྱུང་ངོ་།། ཡང་དེ་ལས་གསུངས་པ། ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་དགོན་པ་པོ་ཆོས་ཉན་པ་འདོད་དམ། མཁན་པོ་དང་སློབ་དཔོན་ལྟ་བར ་འདོད་དམ། ནད་དྷི་བའི་ཕྱིར་གྲོང་གི་གནས་སུ་འགྲོ་ན། དེས་རྒོངས་ནི་སླར་ལྡོག་པར་བྱ་བའི་ཕྱིར་འགྲོ་བའི་སེམས་བསྐྱེད་པར་བྱའོ།། གལ་ཏེ་ལུང་མནོད་པ་དང་། ཁ་ཏོན་བྱ་བ་གཞན་ལ་རག་ལས་ཏེ། གཙུག་ལག་ཁང་ན་གནས་ན་ཡང་། དེས་དགོན ་པ་ལ་གཞོལ་བའི་སེམས་ཀྱིས། གང་དངོས་པོ་ཐམས་ཅད་ལ་དགོན་པར་འདུ་ཤེས་པ་དང་ཆོས་ཚོལ་བས་མི་ངོམས་པ་དེ་ཉིད་དགོན་པ་ལ་གནས་པ་ཡིན་ནོ་སྙམ་དུ་བསམ་པར་བྱའོ།། ཞེས་འབྱུང་ངོ་།། དེ་བས་ན་དགོན་པ་པས་ཀྱང་མདོ་དེ ་དང་མཐུན་པར་སེམས་བསྐྱེད་པར་བྱའོ།། དགོན་པ་པའི་གནས་གདམས་པ་ནི། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་གསུངས་ཏེ། གནས་གང་དག་ནས་བསོད་སྙོམས་བླངས་པའི་སྤྱོད་ཡུལ་དང་ཧ་ཅང་ཡང་མི་རིང་། ཧ་ཅང་ཡང་མི ་ཉེ་བ་དང་། གནས་གང་དག་ན་ཆུ་དང་ཞིང་རྙོག་པ་མེད་པ་གཙང་ཞིང་དྲི་མ་ཆེད་པ་ཚེགས་ཆུང་བ་ཡོད་པ་དང་། གནས་གང་ན་ཤིང་ཕུན་སུམ་ཚོགས་པ། མེ་ཏོག་ཕུན་སུམ་ཚོགས་པ། འབྲས་བུ་ཕུན་སུམ་ཚོགས་པ། ལོ་མ་ཕུན་སུམ་ཚོགས་པ། ་གཅན་གཟན་ཁྲོ་བོ་མེད་པ། ཕུག་དང་ལྡན་པ། སྨན་གཤོང་དང་ལྡན་པ། ཐག་ཐུག་དག་མེད་པ། འགྲོ་ན་བདེ་བ་ཞི་བ། གཉིས་སུ་མེད་པའི་གནས་དེ་འདྲ་བ་དག་ཏུ་གནས་སོ་ཞེས་གསུངས་སོ།། ཡང་གསུངས་པ། གལ་ཏེ། དགེ་སློང་དགོན་པ་པའི ་དྲུང་དུ། རྒྱལ་པོ་འམ། བློན་པོ་འམ། དེ་མ་ཡིན་པ་གཞན་བྲམ་ཟེ་འམ་རྒྱལ་རིགས་སམ། གྲོང་ངམ། ཡུལ་མི་དག་འོངས་ནས། དེས་དེ་དག་ལ་གུས་པར་ལེགས་པར་འོངས་སོ།། ཞེས་བརྗོད་པར་བྱ་སྟེ། དེས་རྒྱལ་པོ་ཆེན་པོ་ཅི་ལྟར་གདན་བཏིང ་བ་ལ་བཞུགས་ཤིག་ཅེས་དེ་སྐད་བྱས་ནས་གལ་ཏེ། འདུག་ན་གཉི་ཀ་འདུག་པར་བྱའོ།། དེ་སྟེ་མི་འདུག་ན་གཉི་ཀ་ཡང་མི་འདུག་པར་བྱའོ།། དེ་སྟེ་བསྟན་ཞིང་དུལ་ལ་དབང་པོ་རབ་ཏུ་ཞི་བ་ཞིག་ཡིན་ཏེ། ཆོས་བསྟན་པར་རུང་ན་དེ་ལ ་ཆོས་སྣ་ཚོགས་བསྟན་པར་བྱའོ།། དེ་སྟེ་ཆོས་སྣ་ཚོགས་བསྟན་པ་ལ་མི་འགའ་ན། དེ་ལ་སྐྱོ་བ་དང་མཐུན་པའི་ཆོས་བསྟན་པར་བྱའོ།། དེ་ལ་དེ་བཞིན་གཤེགས་པའི་ཆེ་བ་དག་བསྟན་པར་བྱའོ།། བྲམ་ཟེ་དང་རྒྱལ་རིགས་དང་། གྲོང་པ ་དང་། ཡུལ་མི་དག་འོངས་ནོ་ཅི་རིགས་པར་ཆོས་བཤད་པར་བྱའོ།། དེ་དེ་ལྟར་མང་དུ་ཐོ་བས་ཆོས་ཉན་པ་རྣམས་ཀྱི་སེམས་མགུ་བར་བྱེད་མི་ནུས་ན་ཡང་། སེམས་ཅན་དེ་དག་ཀྱང་དེ་ལ་དགའ་བ་དང་། དད་པ་དང་། རངས་པ་ཐོབ ་@པར་འགྱུར་རོ།། ཞེས་གསུང་སོ།། འཕགས་པ་རིན་པོ་ཆེའི་ཕུང་པོའི་མདོ་ལས་ཀྱང་གསུངས་ཏེ། གལ་ཏེ་དགེ་སློང་དགོན་པ་པ་འབྲས་བུ་མ་ཐོབ་པ་སོ་སོ་སྐྱེ་བོའི་དྲུང་དུ། སྦྲུལ་དང་། གཅན་གཟན་གཏུམ་པོ་འོངས ་ནས། དེས་དེ་ལ་འཇིགས་པ་དང་སྐྲག་པར་མི་བྱའི། ངེས་འདི་སྙམ་དུ་བདག་ཐོག་མ་ཉིད་ནས། ལུས་དང་སྲོག་བོར་ཏེ་དགོན་པའི་གནས་སུ་འོངས་ཀྱིས།། འདི་ལ་བདག་གིས་འཇིགས་པར་མི་བྱ། སྐྲག་པར་མི་བྱའི། བྱམས་པའི་སེམས ་བསྐྱེད་པར་བྱ། ཞེ་སྡང་རྣམ་པར་སྐྱེང་བར་བྱ། འཇིགས་པ་རྣམ་པར་སྦྱང་བར་བྱའོ།། སྙམ་དུ་སེམས་བསྐྱེད་པར་བྱའོ།། གལ་ཏེ་སྦྲུལ་དང་གཅན་གཟན་དག་གིས་སྲོག་གཅོད་ཅིང་ཟ་ན་ཡང་། དེས་འདི་སྙམ་དུ་གཅན་གཟན་འདི་དག་ལ ་བད་ག་གིས་ཟང་ཟིང་ཙམ་གྱིས་ཚིམ་པར་བྱེད་མི་ནུས་ཀྱིས། དེ་དག་གིས་བདག་གི་ཤ་ཟོས་ན་བདེ་བ་ལོ་རེག་པར་གནས་པར་འགྱུར་ལ། བདག་གིས་ཀྱང་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་བླངས་པར་འགྱུར་བ་ནི། བདག་གིས་རྙེད ་པ་ལེགས་པར་རྙེད་དོ་སྙམ་དུ་བསམ་པར་བྱའོ།། གུལ་ཏེ་དགོན་པའི་གནས་དེ་ན་གནས་པ་ན།། མི་མ་ཡིན་པ་འོངས་པ་ན། མདོག་སྡུག་ཀྱང་རུང་། མདོག་མི་སྡུག་ཀྱང་རུང་། དེ་ལ་ཆགས་པར་མི་བྱ། ཁོང་ཁྲོ་བར་མི་བྱའོ།། གལ་ཏེ ་སྔོན་སྟོན་པ་སངས་རྒྱས་མཐོང་བའི་ལྷ་དག་དགེ་སློང་དགོན་པ་པའི་གན་དུ་འོངས་ཏེ། དྲི་བ་ཡོངསུ་དྲི་ན། དེ་ལ་དགེ་སློང་དགོན་པ་པ་དེས་ཇི་ལྟར་ཐོབ་པ་བཞིན་དུ་ལྷོ་དེ་ལ་ཆོས་བཤད་པར་བྱའོ།། ཅི་སྟེ་ལྷ་དེ་དག་ཟབ་མོའི་དྲི་བ་ཡོངསུ ་འདྲི་སྟེ། དགེ་སློང་དགོན་པ་པ་ངེས་ལན་མི་ཐེབས་པ་ལྟ་ན། དེས་ང་རྒྱལ་མེད་པར་བྱས་ལ་འདྲི་སྐད་ཅེས་མ་བསླབས་པ་ལ་བརྙས་པར་མི་བྱ་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་ལུང་མནོད་ནས་འབདེ་ཁོང་དུ་མ་ཆུང་བའི་ཆོས་རྣམས་ཁོང་དུ་ཆུད་པར་གྱུར ་པ་དེའི་ཚེ་དེའི་དུས་ནས། དྲིས་པ་ཐམས་ཅད་ཀྱི་ལན་གདབ་པར་བྱའོ།། བདག་ནི་ཆོས་ཉན་པ་ཡིན་གྱིས་ཁྱོད་སྤོབས་པར་གྱིས་ཤིག་ཅེས་བརྗོད་པར་བྱ་སྟེ། འོད་སྲུངས་དགེ་སློང་དགོན་པ་པས་དེ་ལྟར་ལྷ་དེ་དག་ལ་གོ་བར་བྱའོ།། ཡང་གསུངས་པ་དེ ་དགོན་པའི་གནས་དེ་ན་གནས་པ་ན། འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། འདི་ལྟར་བདག་ནི་ལཱམ་རིང་པོ་ནས་འདིར་འོངས་ལ་གཅིག་པུ་གཉིསུ་མོད་པ་སྟེ། ལེགས་པར་བྱས་པ་འམ། ཉེས་པར་བྱས་པ་ལ་བསྒྱུར་བའི་གྲོགས་པོ་ནི་གང་ཡང་མེད ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། སངས་རྒྱས་པོ་ཅོམ་ལྡན་འདས་གང་དག་བདག་གི་སེམས་ཀྱི་བསམ་པ་ཤེས་པ་དག་ཡོད་དེ། བདག་དགོན་པའི་གནས་ན་གནས་ལ་མི་དགེ་བའི་སེམས་ཀྱི་དབང་དུ་སོང་ན། དེ་དག་དབང་དུ་འགྱུརོ་ཞེས་གསུངས ་སོ།། དེ་བས་ན་དགོན་པ་པས་ཀྱང་དེ་ལྟར་སེམས་བསྐྱེད་པར་བྱའོ།། དེ་ལྟར་ན་གང་དག་སྒྲིབ་པ་མཐའ་དགྲ་སྤང་བར་འདོད་པ་དང་། ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་ཐོབ་པར་འདོད་པ་དེས། དགོན་པ་ལ་གནས་ལ་ཞི་གནས་དང་ལྷག་མཐོང ་བསྒོམ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། མི་རྟོག་རིམ་གྱིས་འཇུག་པའི་བསྒོམ་དོན་འདི།། བྱང་ཆུབ་དོན་དུ་གཉེར་བའི་གང་བག་གོ།། དོན་དུ་བསམ་པ་བཟང་པོ་བསྐྱེད་ནས་ནི།། ཡང་དག་དོན་འདི་བི་མ་མི་ཏྲས་བྱས།། ཡི་དེ་