CLOSE WINDOW

GT3336: mdo kun las btus pa'i don bsdus pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སཱུ་ཏྲ་ས་མུཙྪ་ཡ་སཉྩ་ཡཱཪྠ། བོད་སྐད་དུ། མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། སློབ་དཔོན་ནཱ་གཱ་རྫུ་ནས་མཛད་པའི་རིན ་པོ་ཆེའི་གཏམ་བརྗོད་པ་མདོ་ཀུན་ལས་བཏུས་པའི་དོན་ནི། མན་ངག་གི་མདོ་རྣམ་པ་བདུན་གྱིས་སྒྲུབ་པའི་ཐབས། ཁྱད་པར་ཅན་རྟོགས་པར་བྱ་སྟེ། བསྒོམ་ཞིང་ཉམས་སུ་བླང་བ་ནི་འདི་ལྟ་སྟེ། རྟེན་ངལ་འབྱོར་གྱིས་མདོ་དང་། གཞི ་དང་པའི་མདོ་དང་། རྩ་བ་བྱང་ཆུབ་ཀྱི་སེམས་ཀྱི་མདོ་དང་། རྐྱེན་བར་ཆད་བསལ་བའི་མདོ་དང་། སྒྲུབ་པ་ནན་ཏན་སྙིང་པོར་བྱ་བའི་མདོ་དང་། ཐོ་ཐེག་པ་གཅིག་ཏུ་བྱང་བའི་མདོ་དང་། ལམ་ཆེ་བ་ཡོན་ཏན་གྱིས་བགྲོད་པའི་མདོའོ།། དེ་ཅིའི་ཕྱིར་ཞེ ་ན་སྲིད་པ་མས་ཆགས་པ་ཐམས་ཅད་ནི་རླུང་གི་དཀྱིལ་འཁོར་ལ་བརྟེན་ནས་མས་ཆགས་པ་བཞིན་དུ་དཀར་པོའི་ཆོས་ཐམས་ཅད་ནི་རྟེན་དལ་འབྱོར་ཕུན་སུམ་ཚོགས་པ་ལ་བརྟེན་ནས་འབྱུང་བར་འགྱུ་རོ།། དཔེར་ན་རྩི་ཤིང་དང་། མེ་ཏོག ་དང་ཤིང་གེལ་པ་དང་། སྨན་ལ་སོགས་པ་ཐམས་ཅད་ནི་ས་གཞི་ལ་བརྟེན་ནས་སྐྱེད་པར་འགྱུར་བ་དེ་བཞིན་དུ། ཡོན་ཏན་གྱི་ཆོས་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད་པའི་གཞི་དང་པ་ལ་བརྟེན་ནས་རྒྱས་པར་འགྱུ་རོ།། དཔེར་ན་རྩ་བ་འམ། ས་བོན ་མ་ནོར་བ་ལས་སྡོང་བུ་དང་། ལལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་རིམ་གྱིས་རྒྱས་ཤིང་སྨིན་པར་འགྱུར་བ་དེ་བཞིན་དུ། ཐམས་ཅད་མཁྱེན་པ་ཉི་དུ། སེམས་བསྐྱེད་པའི་རྩ་བ་ལས་ཐམས་ཅད་མཁྱེན་པའི་འབྲས་བུ་འབྱུང ་པར་འགྱུར་གྱི། ཉན་ཐོས་པ་དང་། རང་སངས་རྒྱས་པ་དང་། འཇིག་རྟེན་པ་རྣམས་ཀྱིས་སེམས་བསྐྱེད་པ་ལས་ནི་རྣམ་པ་ཐམས་ཅད་མཁྱེན་པར་འགྱུར་བ་མ་ཡི་མོ།། དེ་ལྟ་བས་ན་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། ཐུན་མོང་མ ་ཡིན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཚད་མེད་པ་བཞི་དང་། དགེ་སྦྱོང་གི་འབྲས་བུ་བཞི།། རྩ་བ་དང་། བདག་དང་། བདེ་བ་དང་། རྟག་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འདོད་པས་ཐམས་ཅད་མཁྱེན་པ་ཉིད་སེམས་བསྐྱེད ་པའི་རྩ་བ་བརྟན་པོར་གཟུང་བར་བྱའོ།། དཔེར་ན་ནས་དང་། གྲོ་དང་སཱ་ལུ་ལ་སོགས་པའི་ས་བོན་ལེགས་པར་བཏབ་ཅིང་རྩ་བ་ལེགས་པ་བཙུགས་ཀྱང་།། སང་དང་སེར་བ་དང་། བཙའ་ལ་སོགས་པས། བར་མ་སྐབསུ་བར་ཆང་བྱས་ནས། ་འབྲུའི་ཚོགས་སྨོསྨིན་པར་མི་འགྱུར་ཞིང་།། ཁམ་གྱི་ཟས་ཀྱི་འཚེ་བར་བྱེད་པའི་ལུས་ཅན་རྣམས་ལ་ཡང་། ཕན་འདོགས་པར་མི་བྱེའོ།། དེ་བཞིན་དུ་ངལ་འབྱོར་ཐོབ་ཅིང་དད་པ་ལ་གནས་པས་བྱང་ཆུབ་སེམས་ཀྱི་ས་བོན་མ་ནོར་བར་བཏབ་སྟེ ་རྩབ་ས་ནོར་བར་བཙུགས་ཀྱང་། བར་མ་སྐབསུ་སེམས་ཅན་བློས་སྤོང་བ་དང་། བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པ་དང་། བདུད་ཀྱི་ལས་སྣ་ཚོགས་པ་དང་། དམ་པའི་ཆོས་སྤོང་བ་དང་། མི་དགེ་བ་བཅུ་དང་། སྤྲོ་བ་མེད་པ་ལ་སོགས ་པ་ཆེ་འདི་དང་། མ་འོངས་པའི་ལུས་ལ་གནོང་བ་རྣམས་ཀྱིས་བར་དུ་བཅང་མ་བདག་ཉིད་ཀྱང་ཅི་རིགས་པར་རྟེན་མཆོག་ལས་ཉམས་ནས་མི་ཁོམ་པའི་གནསུ་ལྟུང་བ་དང་ཐེག་པ་མཆོག་ལས་ཉམས་ནས་ཉི་མ་པའི་ཐེག་པར་ལྷུང ་བ་དང་། བརྩོན་འགྲུས་མཆོག་ལ་ཉམས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་རིང་དུ་འགྱུར་རོ།། དེའི་ཕྱིར་རྒྱུད་ནས་གཞན་གྱི་དོན་ལས་ཀྱང་ཉམས་པར་འགྱུར་ཏེ། རང་དང་གཞན་གྱི་དོན་ཐམས་ཅད་ཆུད་ཟོས་པར་འགྱུར ་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྩ་རྫིས་ལེགས་པར་མ་བསྐྱངས་ན་བག་མེད་པས་བརླག་པར་འགྱུར་བའི་ཉེན་མཆིས་སོ།། དེ་བཞིན་དུ་ཐོབ་པ་ཆུང་མི་གསན་པ་དང་། ངང་པ་བརྟན་པོ་དང་། རྩ་བ་མི་འགྱུར ་བ་དང་། གནོད་པའི་བར་ཆང་བསལ་བ་ལ་སྒྲུབ་པ་ནན་ཏན་སྙིང་པོར་མ་བྱས་ན། བྱང་ཆུབ་ཀྱི་སེམས་ཀྱི་ནོར་བུ་རིན་པོ་ཆེ་གཏན་བརླག་པའི་ཉེན་མཆིས་སོ།། དཔེར་ན་ལམ་ཁ་དབྱུག་ཕྱིན་པ་གང་དུ་འགྲོ་བའི་ཕྱོགས་ལ་ཡིད་འཁྲུགས་ཤིང་ནེམ་ནུར ་ཅན་དུ་འགྱུར་རོ།། དེ་བཞིན་དུ་སེམས་ལྟ་བ་སྣ་ཚོགས་ཀྱིས་གཟིངས་པར་གྱུར་ན་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྟོགས་པར་མི་འགྱུར་བས་བློ་གྲོས་ཐེག་པ་སྣ་ཚོགས་སུ་འགྲོ་བའི་ཉེན་མཆིས་སོ།། ཕྱིའི་ལོ་ཏོག་ཕུན་སུམ་ཚོགས་པར་འདོད་པས།། ་དོ་ཅིག་སོ་ནཱ་མ་ལ་ནན་ཏཱན་བྱེད་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་ཐོབ་པར་འདོད་པས་ཀྱང་དེ་ཐོབ་པར་བྱེད་པའི་རྒྱུ་ལམ་མ་བགྲོད་ན་ལས་དང་པོ་པའི་ས་ལས་མི་འཕགས་པར་མཆིའོ།། དེའི་ཕྱིར་ན་ཤིང་རྟ་ཆེན་པོས་བསྡུས ་པའི་མངོནི་མི་མང་ནིང་མི་ཉུང་བར་དེ་ཁོ་ནའོ།། གོ་རིམ་ཀྱང་འདི་ལྟར་ཤེས་སྟེ། དང་པོ་གསུམ་ནི་རྒྱུ་བྱ་བ་བྱེད་པའི་རིགས་པ་ཡིན་ལ་བར་མི་གསུམ་ནི་ཆེན་ལྟོས་པའི་རིགས་པ་ཡིན་ནིང་ཕ་མ་ནི་འབྲས་བུ་ཆོས་ཉིད་ཀྱིས་རིགས་པ་ཡིན་ཏེ། ་བདུན་ནི་འཐད་པ་བསྒྲུབ་པའི་རིགས་པ་ཡིན་པའི་ཕྱིར་རོ།། དེ་ལ་སངས་རྒྱས་འབྱུང་བ་རྙེད་པར་དཀའ་ཞེས་བྱ་བ་ལ་སོགས་པས་རྐྱེན་གཞན་གྱི་འབྱོར་པ་ལྔ་མཚོན་ལ། མིར་གྱུར་པ་རྙེད་པར་དཀའ་ཞེས་བྱ་བ་ལ་སོགས་པས་རྒྱུ་བདག་ཉིད་ཀྱི ་འབྱོར་པ་ལྔ་མཚོན་ནོ།། ལ་འབྱོར་རྙེད་པར་དཀའ་ཞེས་བྱ་བས་རྒྱུ་རྐྱེན་ཚོགས་པའི་དལ་འབྱོར་བཅུ་མཚོན་པ་ཡིན་ནོ།། དེ་བཞིན་གཤེགས་པའི་བསྟན་པ་ལ་དུད་པ་རྙེད་པར་དཀའ་ཞེས་པས་གཞི་དད་པ་བསྟན། བྱང་ཆུབ་ཀྱི་སེམས་རྙེད་པར་དཀའ་ཞེས་བྱ ་ག་ལ་སོགས་པས་ཡུལ་སངས་རྒྱས་ལ་དམིགས་པའི་སེམས་བསྐྱེད་པ་བསྟན། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེ་བར་དཀའ་ཞེས་བྱ་བ་ལ་སོགས་པས་སེམས་ཅན་ལ་དམིགས་པའི་སེམས་བསྐྱེད་པ་བསྟན། བྱང་ཆུབ་སེམས་དཔའ་ལ་རྨ ་འབྱིན་པ་ཞེས་བྱ་བ་ནས་བར་དུ་གཅོད་པའི་ཆོས་སྤོང་བ་རྙེད་པར་དཀའ་ཞེས་བྱ་བའི་བར་གྱི་རྐྱེན་བར་ཆད་བསལ་བའི་མདོ་བསྟན། ཁྱིམ་པར་གྱུར་ཀྱང་ཆོས་རྣམས་ལ་ནན་ཏན་གྱིས་གཅེས་པར་བསྒྲུབ་པ་རྙེད་པར་དཀའ་ཞེས་བྱ་བ་ལ་སོགས་པས་ནི་སྒྲུབ ་བ་ནན་ཏན་སྙིང་པོར་བྱེད་པའི་མདོ་བསྟན། མྱ་ངན་ལས་འདས་པ་ལ་མོས་པའི་སེམས་ཅན་རྙེད་པར་དཀའ་ཞེས་པ་ནས་ཐེག་པ་གཅིག་ལ་མོས་པའི་སེམས་ཅན་རྙེད་དཀའ་ཞེས་བྱ་བའི་བར་གྱིས་བློ་ཐེག་པ་གཅིག་ལ་སྦྱང་བའི་མདོ་བསྟན། སངས་རྒྱས ་དང་བྱང་ཆུབ་སེམས་དཔའི་ཆེ་བ་ཉིད་རྒྱ་ཆེན་པོ་ལ་འཇུག་པའི་སེམས་ཙམ་རྙེད་པར་དཀའོ་ཞེས་ཞེས་བྱ་བ་ལ་སོགས་པའི་ལམ་ཆེ་བའི་ཡོན་ཏན་གྱིས་བགྲོད་པའི་མདོ་བསྟན། དེ་ལྟར་རིགས་པ་བཞིས་མདོར་བསྟན། ལུང་གི་མདོ་བདུན་གྱིས་རྒྱས་པར་བཤད ་པའི་དོན་དེ་བློ་ལ་གོ་བར་བྱས་ནས་ཉམ་སུ་བླངས་པས་ན་སེམས་བསྐྱེད་པའི་རིགས་བཞི་སྐྱེ་སྟེ། དང་པོ་གཡོ་སྨོན་གྱི་ཚུལ་དང་། འཇུག་ཅིང་བསྟན་པ་དང་། གནས་པ་དང་། མཐར་ཕྱིན་པའི་རིམ་པའོ།། དེ་ཡང་དང་པོ་ས་བོན་དང་། ཟླ་གྲངས་པ་དང་། ཡོན་ཏན་མཐོང་ཐོས་དང་། ་རླབས་ཀྱི་སྲུང་མ་རྣམས་ཀྱིས་རྩ་མེད་བཞིན་དུ་སྐྱེའོ།། དེའི་གཞི་སྟེང་དུ་སྙིང་རྗེ་དང་ལྡན་པ་ལ་གོམས་པས་ཟླ་བ་ཡར་ངོ་བཞིན་དུ་འཕེལ་བའི་ཚེ་དབང་དང་། ཡོ་བྱད་ལ་སོགས་པ་འཇུག་ཅིང་བསྟན་པའི་ཡན་ལག་ཏུ་འགྱུར་རོ།། དེ་ནས་གནས་པ་གསུམ་གྱི ་མཐུ་རྫོགས་པར་བྱེད་པ་ཁ་ཅིག་འཕགས་པ་རྟོགས་པ་ཆེན་པོ་ཡོངསུ་རྒྱས་པའི་མདོ་ལས་འགྱོད་ཚངས་ཀྱིས་སྡིག་པ་སྦྱངས་ཏེ། མཆོང་བསྟོད་དང་། སྐྱབསུ་གསོལ་བ་དང་། དཔང་གཟུགས་པ་དང་། དངོས་པོ་བཤགས་པ་དང་། དམ་བཅའ་ཞིང་སྡོམ་པ་གཟུང ་བ་དང་། ཁྲུས་བྱ་བ་དང་། ཚངས་པ་ཐོབ་པ་དང་། རྗེ་སུ་སྤྲོ་བ་དང་། གཟེངས་བསྟོད་པའི་ཚུལ་གྱིས་གདམས་པ་དང་། དམིགས་པ་མེད་ཅིང་ཐེག་པ་གཅིག་ཏུ་བློ་སྦྱངས་པ་དང་། དག་པའི་མཚན་མ་མཐོང་བ་དང་། མིང་གདགས་པ་དང་། ལམ་རྒྱུད་ལ་བསྐྱེད་པ་དང་། ་འབྲས་བུ་ཐོབ་པའི་བར་དུ་བྱེའོ།། ཁ་ཅིག་ནི་དེ་བཞིན་གཤེགས་པའི་ཡི་གེ་བརྒྱུ་བ་ལ་སོགས་པ་ཟློས་ཤིང་སྒྲའི་མཐའ་ལས་གྲོལ་བའི་ཏིང་འཛིན་གྱི་བར་དུ་རོ་ཞིང་ཁྲིམས་ཉི་ཤུ་རྩ་ལྔ་བསྲུངས་པས་འབྲས་བུ་ཐོབ་པར་བྱེའོ།། གང་ཞིག་སེམས་དཔའ་གསུམ ་གྱི་མཐུ་རྫོགས་པས་མཉིམ་གྲོལ་བ་ལྟར་དུ་མཐར་ཕྱིན་པའི་སེམསུ་གྱུར་པའི་ཚེ་བློ་སྙིང་རྗེའི་དབང་དུ་གྱུར་པས་སྒྱུ་མའི་དཔེ་བདུན་པོ་ལྟར་དངོས་པོ་ཐམས་ཅད་ལ་མ་ཆགས་ཤིང་རློག་པ་མེད་པར་གཞན་གྱི་དོན་ལ་ཉིན་མཚར་དུ་འབད་པ་དང་། ཐུམ་མ ་གི་ཡོན་ཏན་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཐུན་མོང་མ་ཡིན་པའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་མ་འདྲེས་པ་ལ་སོགས་པ་འགྲུབ་པར་བྱེད་དོ།། སློབ་དཔོན་དཱི་པཾ་ཀཱ་ར་པྲི་ཛྙཱ་ནཱ་ལ་བོད་ཀྱི་དགེ་སློང་ཚུལ ་ཁྲིམས་རྒྱལ་བས་གསེར་སྲང་ཅུ་ཤི་སྦྲམ་ཐ་མེ་ཏོག་དུ་ཕུལ་ནས་བོད་དུ་འབྱོན་པའི་ནུབ་ཕུལ་བ་ལས་སྒོམ་སྦྱོང་བ་རྣམས་མཐར་ཕྱིན་པར་བྱ་བའི་དོན་དུ་ཐ་མ་ཟླ་བ་བཅུ་དྲུག་ཏུ་ལམ་དུ་མ་ཆུང་ངོ་།། དེ་ནས་བོང་དུ་འབྱོན་ཁར་སློབ་མ ་སེམས་སྦྱང་བ་རྣམས་ཀྱིས་ཞལ་ཚམས་བཞག་པར་ཞུས་པས་མདོའི་དོན་མན་ངག་ཏུ་བྱས་པ་འདི་ཞལ་ཚེམསུ་གནང་ངོ་།། དེའི་དུས་སུ་རྒྱ་བརྩོན་སེང་གེས་བསྒྱུར་བར་ཞུས་པས་གནང་སྟེ་གཏན་ལ་ཕབ་བོ།། དགེ་སློང་ཚུལ་ཁྲིམས ་རྒྱལ་བས་སྦྲེལ་བར་འདོད་པ་ལས་བོད་ཀྱི་སྟོན་པ་རྣམས་ནི་ང་རྒྱལ་དང་ཕྲག་དོག་ཆེ་བསོ་ང་རྒྱལ་གྱི་སྐང་བུ་ལ་ཡོན་ཏན་གྱི་ཆུ་མི་ཚོགས།། དེ་འདྲ་ལྷ་ཁང་ཀེ་རུའི་ཁྱམས་སླད་ཀྱི་བན་དེ་བདག་གིས་ཞུས་ཏེ་གདམས་ངག་དང་བཅས ་ཏེ་གནང་ངོ་།། ངོ་བོའི་བླ་མ་ཨ་ཝ་དྷཱུ་ཏི་པས་རབ་ཏུ་མི་གནས་པའི་ལྟ་བ་དང་། ལས་མཐའ་སེམས་བསྐྱེད་པའི་ཆོ་ག་དང་། མདོ་ཀུན་ལས་བཏུས་པའི་དོན་མན་ངག་ཏུ་བྱས་པ་འདི་གསུམ་སྟབས་གཅིག་ཏུ་གནང་བ་ལགས ་སོ།། ་