CLOSE WINDOW

GT3334: mdo kun las btus pa'i bshad pa rin po che snang ba'i rgyan ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སཱུ་ཏྲ་ས་མུཙྪ་ཡཱ་ལཾ་ཀ་ར་བྷཤྩ་རཏྣ་ལོ་ཀ་ནཱ་མ། བོད་སྐད་དུ། མདོ་ཀུན་ལས་བཏུས་པའི་བཤད་པ་རིན་པོ་ཆེ་སྣང་བའི་རྒྱན་ཅེས་བྱ་བ། འཕགས་པ་འཛ་མ་དཔལ་ལ་ཕྱག་འཚལ་ལོ།། ཡོན་ཏན་རིན་ཆེན་རི ་བོ་རབ་བརྟན་ཞིང་།། མཚན་དང་དཔེ་བྱད་བཟང་པོའི་འོད་འབར་བ། ཉེར་རྟེན་འབྱུང་པོའི་དབུལ་བ་འདོར་མཛད་པ།། མི་ཤེས་མུན་བཅོམ་ཐུབ་པའི་དབང་པོ་རྒྱལ།། རྒྱལ་བས་གསུངས་པའི་མདོ་དོན་རབ་ཟབ་ཅིང་།། བདག་ཉིད་ཆེན་པོ་རྣམས ་ཀྱི་འདྲ་དེ་བཞིན་པ།། དམུས་ལོང་ཉི་བཞིན་མཐོང་བར་མི་ནུས་ཀྱང་།། ཡིད་ཆེས་ལུང་གི་ཚད་མྱས་བཤད་པར་བྱ།། གང་ཕྱིར་ཟབ་མོའི་དོན་ལ་རྟོག་གེ་ཡི།། ནུས་པ་མཉམ་ཕྱིར་བདག་ཉིད་ཆེ་འགའ་ཞིག། ཀླུ་སྒྲུབ་ཐོགས་མེད་ཚུལ་ཉམ ་དེའི་ཕྱིར།། མགོན་པོའི་ཐུགས་རྗེས་བཤད་པ་ཀླན་ཀཱ་མེད།། རྟོག་པ་དང་ལྡན་པ་རྣམས་དགོས་པ་ལ་སོགས་པ་མེད་ན་འཇུག་པར་མི་འགྱུར་བས།། བདག་ཉིད་ཆེན་པོས་རོང་གི་བསྟན་བཅོས་ཀྱི་དགོངས་ཧཱུཾ་གྲེལ་གསུངས་པ་ནི། ་མདོ་སྡེ་སྣ་ཚོགས་ལས་བཏུད་པ།། ཐེག་པ་ཆེན་པོ་རིན་པོ་ཆེའི་གཏམ་བཤད་པར་བྱའོ་ཞེས་གསུངས་ཏེ། གལ་ཏེ་འདིའི་འབྲེལ་པ་དང་བརྗོད་པར་བྱ་བ་མ་སྨྲས་ན་འབྲེལ་པ་མེད་པ་འམ། དོན་མེད་པ་དག་སྲིད་པས་འདི་ལ་གཞན་སུའང ་འཇུག་པར་མི་འགྱུར་བའི་ཕྱིར། དེ་བཞིན་དུ་འབྲེལ་པ་དང་བརྗོད་པར་བྱ་བ་ཡོད་དུ་ཟིན་ཀྱང་བྱ་བའི་ལས་རྫོགས་པའི་ཁྱད་པར་མ་བརྗོད་པ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བས་ཀྱང་སྒྲུབ་པའི་ཚུལ་ལས་ཉམས་པ་ཁོ་ནའོ་ཞེས་བྱ་བ ་འདི་འཐད་པས་སོ།། བསྟན་བཅོས་གཞན་ལ་མེད་པའི་འཇུག་པའི་ཡན་ལག་ཐུན་མོང་མ་ཡིན་པའི་དགོས་པ་མེད་ན་མདོ་སྡེ་བསྡུ་བ་འདི་ལ་དད་པས་རྗེས་སུ་འབྲང་བ་ཡང་མཉན་པ་ཙམ་དུ་ཡང་གུས་པར་མི་འགྱུར ་བས་བྱ་བའི་འབྲས་བུ་ཁྱད་པར་ཅན་དེར་རྟོགས་པའི་དགོས་པ་བརྗོད་པར་བྱའོ།། གཞན་དུ་རྟོགས་པ་མ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ།། གཞན་འཇུག་པར་བྱ་བའི་ཕྱིར་དགོས་པ་ཡོད་པའི་ཚིག་དང་དེར་རྟོགས་པ་ཁོ་ན་བརྗོད་པར ་བྱའི། དེ་མེད་པ་དང་གཞན་དུ་རྟོགས་པས་ནི་མ་ཡིན་ཏེ་རྒྱུར་མ་གྱུར་པའི་ཕྱིར་རོ།། དེའང་ཁྱད་བར་ཅན་གྱི་དོན་སྟོན་པའི་ཚིག་ལ་བྱའི་བརྗོད་པར་བྱ་བ་ཙམ་འམ་སྒྲ་ཙམ་དོན་སྟོན་པའི་ནུས་པ་མ་ཡིན་པས་བརྗོད་པར་བྱ་བ་ལ་སོགས་པ ་དེ་ཁོ་ནར་རྟོགས་པར་བརྗོད་པར་བྱའོ།། བྱ་བའི་ངོ་བོ་ཉིད་དགོས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་དག་ཐམས་ཅད་ཀྱང་རང་གི་དོན་བརྗོད་པར་བྱ་བའི་སྟོན་པར་བྱེད་པའི་མཚན་ཉིད་ཀྱི་བྱ་བ་ནི་ཐུན་མོང་མ་ཡིན་པས་ཐམས་ཅད་ལ་གླགས ་པའི་ཕྱིར་དགོས་པར་གཟུང་བར་མི་བྱ་སྟེ། དེ་ནི་བསྟན་བཅོས་ལས་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ།། བརྗོད་བྱ་མེད་པར་དགོས་པ་སྤངས་པའི་ཕྱིར་བསྟོན་པ་མ་ཡིན་ཏེ། བརྗོད་པར་བྱ་བ་བསྟན་པ་ཉེས་པ་དེ་དང་བྲལ་བའི་ཕྱིར་རོ།། ་དེའི་ཁྱོད་པར་བསྟན་པའི་ཕྱིར་ཡང་མ་ཡིན་ཏེ། བརྗོད་པར་བྱ་བའི་ཁྱད་པར་བསྟེན་པ་ཉིད་ཀྱིས་དེ་བསྟན་པའི་ཕྱིར་རོ།། བྱ་བའི་འབྲས་བུ་དེའང་འབྲས་བུའི་དགོས་པ་བསྟན་པར་བྱ་བ་ཡིན་ཏེ། དེ་མེང་བར་བྱ་བའི་འབྲས་བུ་ཙམ ་གྱིས་འཇུག་པར་མི་འགྱུར་རོ།། དེའང་མངོན་པར་ཐོབ་པར་བྱ་བའང་འདོད་པའི་འབྲས་བུའི་མཆོག་དོན་དུ་གཉེར་བའི་ཤེས་རབ་ཅན་རྣམས་ནི། དེའི་ཐབས་ལ་འཇུག་པ་ན། རྒྱུ་མེད་པར་འབྲས་བུ་གྲུབ་པ་མེད་པས་ཐབས་ཤེས་པ་ལ་བསླབས ་ན་ཐབས་བྱུང་བའི་འབྲས་བུ་འབྱུང་བའི་ཕྱིར་ཐབས་རྟོགས་པར་བྱ་བ་མདོའི་དོན་བསྡུ་བ་ལ་འཇུག་གོ། དེའི་ཕྱིར་འཇུག་པའི་ཡན་ལག་གི་གཙོ་བོ་ཡིན་པས་དགོས་པའི་ཡང་དགོས་པ་བསྟན་པར་བྱའོ།། དེའི་ཡང་ཐབས་སུ་གྱུར ་པ་འབྲེལ་པ་ལ་སོགས་པ་སྟོན་པའི་གཞུང་གིས་དེ་བསྟན་པར་མི་ནུས་པས་དེའི་དགོས་པའི་ཡང་དགོས་པའི་ཐབས་ཡང་དག་པ་ཁོ་ནར་བསྟན་པའི་ཕྱིར། འབྲེལ་པ་ལ་སོགས་པ་བཤད་།། དེའི་ཕྱིར་འབྲེལ་བ་རྗེས་སུ ་མཐུན་པའི་ཐབས།། སྐྱེས་བུའི་དོན་ནི་རྗོང་བྱེད་པ།། ཡོངས་བརྟགས་དབང་དུ་བྱས་པའི་ངག། དེ་ལས་གཞན་པ་དབང་བྱས་མིན།། ཞེས་བྱ་བས་འབྲེལ་པ་དང་རྗེས་སུ་མཐུན་པའི་ཐབས་བསྟན་པར་བྱའོ།། དེའང་བསྒྲུབ ་པར་མི་ནུས་པ་མ་ཡིནོ་ཏེ། སྔ་རབས་དག་དམིགས་པའི་ཕྱིར་དང་། ཐབས་ནུས་བར་འཐད་པའི་ཕྱིར། ཐུག་པ་མེད་པའང་མ་ཡིན་ཏེ། འདི་ཙམ་གྱིས་དོན་སྒྲུབ་པའི་ཕྱིར་ལ་བྱ་བའི་འབྲས་བུ་རྫོགས་པར་ཡང་མཐར་ཐུག ་པ་ཡིན་པའི་ཕྱིར་རོ།། འདོད་པར་བྱ་བ་མ་ཡིན་པའང་མ་ཡིན་ཏེ། འབྲས་བུའི་དམ་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་ནི་འདོད་པར་བྱ་བ་ཁོ་ནའོ།། ཚིག་ཙམ་ནི་མི་བཟློགས་པ་མ་ཡིན་ནོ་ཞེས་ཀྱང་བརྗོད་པར ་བྱ་བ་མ་ཡིན་ཏེ། བགེགས་མ་མཐོང་བའི་ཕྱིར་དང་། དོན་འགྲུབ་པ་བསྟན་པའི་ཕྱིར་ཅི་སྟེ་ན་ཕྲད་པ་སྐྱིད་པའི་སྒོ་ནས་ཀྱང་ངོ་།། དེ་ལྟ་མ་ཡིན་ན་ནི་ཐམས་ཅད་བྱ་བ་ལ་འཇུག་པར་མི་འགྱུར་ཏེ། གླེགས་སྲིད་པའི ་ཕྱིར་རོ།། རྣམ་གྲངས་གཞན་ཡང་འཕགས་པ་ཀླུ་སྒྲུབ་ནི་ལུང་བསྟན་པ་ཐོབ་པ་ལས་ཀྱང་ཡིད་ཆེས་པོའི་ལུང་ཉིད་པས་འདི་ལ་འཇུག་པ་ཡང་རིགས་པ་ཁོ་ནའོ།། འབྲེལ་པ་ནི་ལོགས་ཤིག་ཏུ་བསྟན་པར་མི་བྱ་སྟེ། འབྲས་བུ་མེད ་པས་གལ་ཏེ་གང་བརྗོད་པས་རྟོགས་པ་མ་ཡིན་ཏེ། དེ་ནི་ལོགས་སུ་བསྟན་པར་བྱ་ལ་ཞིག་ན་དགོས་པ་བརྗོད་པས་འབྲེལ་པ་མ་བརྗོད་པ་ནི་མེད་པའི་ཕྱིར་རོ།། དེ་ཡང་འདི་ལྟར་བསྟན་བཅྡོཾས་དདྲང་དགོས་པ་དག་ནི་ཐབས ་ལས་བྱུང་བའི་ངོ་བོར་བསྟན་གྱི་གཞན་དུ་ཡང་མ་ཡིན་པས་འདི་ནི་དགོས་པ་དང་བརྗོད་པ་ལས་ལོགས་ཤིག་ཏུ་བརྗོད་པར་མི་བྱ་སྟེ། འདི་ལྟར་འདི་ནི་འོདིའི་དགོས་པ་ཞེས་བསྟན་ན། འདི་ནི་འདིའི་སྒྲུབ་པའོ་ཞེས་བསྟན ་ཏེ། གཞན་དུ་གང་ཞིག་གང་སྒྲུབ་པར་མི་བྱེད་པ་དེ་དེའི་དགོས་པ་ཡིན་པར་འགྱུར་ན་ཤིན་ཏུ་ཐལ་ཆེས་པའི་ཕྱིར་རོ།། དེ་ལ་བརྗོད་པར་བྱ་བ་ནི་འདིར་ཚུལ་ཁྲིམས་དང་ལྡན་པར་གནས་པ་ལ་སོགས་པ་ཆོས་རྣམ་པ་བཞིའི ་ཇི་བོ་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེང་བའི་ལམ་མང་སྡེ་མཐའ་དག་ལས་བཅོམ་ལྡན་འདས་ཀྱིས་གསུངས་པོ་ཡིན་ནོ།། དགོས་པ་ནི་འདིར་བཅོམ་ལྡན་འདས་ཀྱི་ལུང་མཐའ་དག་ནིས་དམ་པ ་ཆོས་ལ་བརྙས་པ་སྤང་བ་དང་། བླ་མ་ལ་རག་ལུས་པར་བྱ་བའི་ཕྱིར་ཐོར་བུར་གསུངས་པ་རྣམས་འཕགས་པ་ཀླུ་སྒྲུབ་གསུང་རབ་ཀྱི་དོན་ལ་མ་རྨོངས་ཤིང་། གཞན་རྗེས་སུ་འཛིན་པའི་ཐུགས་རྗེ་དང་ལྡན་པས་གསལ་བར ་བསྟན་པ་ཡིན་ནོ།། དགོས་པའི་ཡང་དགོས་པ་ནི་འདིརོ་ཇི་སྐད་བཤད་པ་བཞིན་སྒྲུབ་པ་དང་ལྡན་པ་ལས་གནས་སྐབས་དང་མཐར་ཐུག་པ་དག་ཏུ་འབྲས་བུའི་མཆོག་རིམ་གྱིས་འགྲུབ་ཡིན་ནོ།། དེའི་ཕྱིར་ལུང་སྔ་མ ་ལས་ཀྱང་བརྗོད་པར་བྱ་བ་ནི་དོན་སྟོན་པའོ།། དགོས་པ་ནི་དོན་ཤེས་སོ།། དགོས་པའི་ཡང་དགོས་པ་ནི་དོན་གྲུབ་པའོ།། འབྲེལ་བ་ནི་ཐབས་དང་ཐབས་བྱུང་བའོ་ཞེས་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་ཀུན་ལས་བཏུས་པ་ཞེས ་བྱ་བས་ནི་དགོས་པ་བསྟན་ཏེ། ཐེག་པ་ཆེན་པོ་ཞེས་བྱ་བས་ནི་དགོས་པའི་ཡང་དགོས་པ་བསྟན་ཏོ།། མདོ་སྡེ་རིན་པོ་ཆེའི་གཏམ་ཞེས་བྱ་བས་ནི་བརྗོད་པར་བྱ་བ་བསྟོན་ཏོ།། དེ་ལ་མདོ་སྡེ་རྣམས་ལས་གསུངས་པའི་དོན ་བསྡུས་ཏེ་བསྟན་ནས་ས་དད་ལམ་གྱི་རིམ་པ་དང་འབྲས་བུའི་དོན་མིང་གིས་ཡུལ་ཅན་དུ་ཤེས་པ་ནྱ་དགོས་པ་ནི་དོན་ཤེས་པའོ།། འདིར་སྨྲས་པ། བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པའི་དོན་འཆད་ན་ནི་དེ་ཟློས་པར ་འགྱུར་ལ། འོན་ཏེ་མ་ཡིན་ནོ་ཞེ་ན་ནི་ཇི་ལྟར་ལུང་འཆད་པར་འགྱུར་ཞེ་ན། མ་ཡིན་ཏེ་གསུང་གི་དོན་ཤིན་ཏུ་ཟབ་ཅིང་རྟོག་གེའི་ཡུལ་མ་ཡིན་ལ་དགོས་པ་དང་ཚིག་དང་ལུང་སྣ་ཚོགས་ཤིང་སྣ་ཚོགས་པར་བསྟན་པ་དང་། ་སྔར་བཤད་པ་ལྟ་བུ་དང་ལྡན་པ་རྣམས་ཤིན་ཏུ་གསལ་ཞིང་ཟུར་ཕྱིན་ལ་ངེས་པའི་དོན་དུ་གང་ཟག་གཅིག་གི་ཉམས་སུ་བླང་བར་བྱ་བར་གཏན་ལ་འབེབས་པས་ན་ཉེས་པ་གཉི་ག་རྒྱང་བསྲིངས་པ་ཡིན་ནོ།། རྣམ ་གྲངས་གཞན་ཡང་བསྡུས་པ་ཞེས་བསྟན་པ་ལས་ཀྱང་ལུས་ཧ་ཅང་རྒྱས་པ་རྣམས་ཚིག་ཉུང་ངུར་བསྟན་པའི་ཕྱིར་དང་། རབ་ཏུ་བྱེད་པ་རྣམས་བསྟན་བཅོས་སུ་བྱས་པ་ལས་ཀྱང་དོན་འགྲེལ་པས་བསྟན་བཅོས་བསྡུས་པའི་ཕྱིར ་དང་། ལུང་ཉིད་ལས་མ་གཏོགས་པ་གཞན་སྐབས་ཀྱིས་འབྱེད་པས་ཀྱང་ཉེས་པ་གཉིས་སྤངས་པ་ཡིན་ནོ།། དེ་བས་ན་མདོ་སྟེ་ཞེས་བྱ་བས་ནི་རང་བཟོམ་ཡིན་པར་བསྟན་ཏེ། ཕུང་པོ་ལ་སོགས་པའི་དོན་མདོར་སྟོན་པའི་ཕྱིར་མདོ ་སྡེ་ཞེས་བྱའོ།། ཡང་ན་ཏིང་ངེ་འཛིན་གཙོ་བོར་སྟོན་པའི་ཕྱིར་ཡང་ངོ་།། སྣ་ཚོགས་ཞེས་བྱ་བས་ནི་ངེས་པའི་དོན་དུ་བསྟན་ཏེ། འོག་ནས་འཆད་པར་འགྱུར་རོ།། བཏུས་པ་ཞེས་བྱ་བས་ནི་ཟློས་པའི་སྐྱོན་སྤངས་པ་ཡིན་ནོ།། ཐེག་པ ་ཆེན་པོ་ཞེས་བྱ་བ་ལ། ཐེག་པའི་སྒྲ་ནི་བཞོན་པ་ལ་བྱ་སྟེ། གཞན་དུ་ཁྱེར་བར་བྱེད་པའི་ཕྱིར་རོ།། ཆེན་པོ་ཞེས་བྱ་བ་ནི་ཆོས་ཆེན་པོ་དང་ལྡན་པའོ།། ཆོས་ཆེན་པོ་གང་ཞེ་ན། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་སྦྱིན་པ་དང་། ཚུལ་ཁྲིམས ་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་སྙིང་རྗེ་ནི་ཐེག་པ་ཆེན་པོའོ་ཞེས་གསུངས་སོ།། འདི་འཕགས་པ་ཐོགས་མེད་ཀྱི་ཞབས་ཀྱིས་ནི་ཆོས་ཆེན་པོ་ལས་ཤིན་ཏུ་རྒྱས་པའི་སྡེ་དང་། སེམས་བསྐྱེད ་ཆེན་པོ་དང་། ཆོས་ཆེན་པོ་ལ་མོས་པ་ཆེན་པོ་དང་། ལྷགུ་པའི་བསམ་པ་ཆེན་པོ་དང་། ཚོགས་ཆེན་པོ་དང་། དུས་ཆེན་པོ་དང་ཡང་དག་སྒྲུབ་པ་པོ་ཆེན་པོ་དང་། རྣམ་པ་བདུན་ནི་ཐེག་པ་ཆེན་པོའོ་ཞེས་གསུངས་པའི་ཕྱིར། དོན་གྱི ་སྐབས་འདིར་ཚུལ་ཁྲིམས་དང་ལྡན་པ་ལ་སོགས་ཆོས་རྣམ་པ་ལྔར་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་ཏེ་ཐམས་ཅད་ཀྱང་རིགས་པར་བྱའོ།། ཇི་ལྟར་ཞེ་ན། འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ཀྱིས ་གསུངས་པ་དག་ནི་མཐུན་པ་ཉིད་ཀྱིས་ཆོས་དེ་དག་ཉམས་སུ་བླངས་པ་འདི་གཞི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་ལྡན་པས་ཐོས་ཤིང་བསམ་ཏེ། སྒོམ་པས་འབྲས་བུའི་དམ་པ་འགྲུབ་པ་དེ་བསྟན་ཏེ། འཕགས་པ ་ཐོགས་མེད་ཀྱིས་ཚུལ་བཞིན་དུ་ཉན་པ་དང་། སེམས་པ་སྔོན་དུ་འགྲོ་བའི་སྒོམ་པའི་རྣམ་པས་འཇུག་པར་འགྱུར་ལ་སྒོམ་པ་དང་ལྡན་པས་འབྲས་བུ་ཡོངས་སུ་འགྲུབ་པས་ན། ངེས་པར་འབྱིན་པའི་ཞེས་གསུངས་པའི་ཕྱིར་རོ།། ་ཉན་ཐོས་ཀྱི་ཐེག་པ་དག་གི་སྤྱོད་པའི་མིང་གིས་བཅད་པར་མི་བྱ་སྟེ་དྲོན་གྱི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར་རོ།། ཁྱད་པར་གང་ཞེ་ན། ཉན་ཐོས་དག་གིས་གཞན་ལ་གནོད་པ་སྤང་བར་ཟད་ཀྱི་ཐེག་པ་ཆེན་པོས་ནི་ཕན་འདོགས་པར་བཞུགས ་པ་དག་ཀྱང་ཡིན་ནོ།། དེ་དག་ནི་ཕུང་པོ་ལ་མཁས་པ་ལ་སོགས་པ་ཡིན་གྱི། ཐེག་པ་ཆེན་པོས་ནི་རིག་པའི་གནས་མཐའ་དག་ལ་མཁས་པ་ཡང་ཡིན་ནོ།། ཉན་ཐོས་པ་དག་ནི་མྱ་ངན་ལས་འདས་པ་མགོ་བཅད་པ་ལྟ་བུར་ལྟ་བ་ལ ་སློབ་པ་ཡིན་པས་ཐེག་པ་ཆེན་པོ་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ལ་སློབ་པོ།། ཉན་ཐོས་དག་ནི་ཐེག་པ་སྣ་ཚོགས་སུ་ལྟ་བ་ལ་ཐེག་པ་ཆེན་པོ་ནི་ཐེག་པ་གཅིག་ཏུ་སློབ་བོ།། ཉན་ཐོས་དག་ནི་རང་གི་ཐེག་པ ་ལ་བརྩོན་པར་བྱེད་ཀྱི། ཐེག་པ་ཆེན་པོ་པ་ནི་ཐེག་པ་མཐའ་དག་ལ་མཁས་པར་བྱེད་དོ།། ཉན་ཐོས་དག་ནི་བདག་མེད་པ་འབའ་ཞིག་བསྒོམ་གྱི་ཐེག་པ་ཆེན་པོ་པ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་བསྒོམ་པར་བྱེད་དོ།། ་དེའི་འབྲས་བུ་མཐར་ཐུག་པའང་མི་ཐོབ་སྟེ། ལངྒར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་ཉན་ཐོས་དང་སངས་རྒྱས་ལ་ཐར་པ་མང་ངོ་ཞེས་གསུངས་ཏེ། རེ་ཞིག་པ་འདིའི་གནས་ཙམ་དུ་ཟད་དོ།། དེ་ལྟར་ལམ་དང་འབྲས ་བུ་དག་ནི་གནས་སྐབས་དང་མཐར་ཐུག་པར་དགོས་པའི་ཡང་དགོས་པ་བསྟན་ཏེ་དོན་འགྲུབ་པའི་ཕྱིར་རོ།། ཐེག་པ་ཆེན་པོའི་དཔེ་གང་ཞེ་ན། རིན་པོ་ཆེ་ཞེས་སྨྲས་ཏེ། རིན་པོ་ཆེ་ནི་ཆོས་རྣམ་པ་བཞི་དང་ལྡན་ཏེ། གནོད་པ་ཉེ་བར ་བྱེད་པ་དང་། མུན་པའི་ནང་དུ་འོད་འབྱིན་པ་དང་། དབུལ་བ་འདོར་བ་དང་། དགའ་བ་རྒྱས་པར་བྱེད་པའོ།། དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་ཡོན་ཏན་བཞི་དང་ལྡན་ཏེ། སྡོམ་པའི་ཚུལ་ཁྲིམས་དང་། དཔེ་ཁའི་ཆོས་སྡུད་པ་དང་། ་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ངག་ནི་ཡིད་དགའ་བ་རྒྱས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང་། ཇི་སྐད་བཤད་པའི་ཐོས་པའི་རྣམ་པ་དག་ནི་འཕགས་པའི་ནོར་བདུན་བསྐྱེས་པའི་རྒྱུ་ཡིན་པས་དབུལ་བ་འདོར ་བར་བྱེད་པ་དང་། མིང་དང་དོན་གྱི་ཡུལ་ཅན་གྱི་བསམ་པའི་ཤེས་རབ་རྣམ་པ་བཞི་ནི་མ་རིག་པ་རྣམ་པ་གསུམ་སེལ་བའི་རྒྱུ་ཡིན་པས་མུན་པའི་ནང་དུ་འོང་འབྱིན་པ་དང་། དོན་གྱི་ཡུལ་ཅན་བསྒོམ་པའི་ཤེས་རབ་རྣམ་པ་གསུམ་ནི ་མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་སྒྲིབ་པ་འཇོམས་པའི་རྒྱུ་ཡིན་པས་སྦྱང་བར་བྱ་བའི་གནོད་པ་ཉེ་བར་ཞི་བར་བྱེད་པ་སྟེ། འདི་དག་ནི་རྒྱས་པར་བཤད་པ་ནི་འོག་ནས་འཆང་དོ།། གཏམ་ཞེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་བྱ་སྟེ། ་འཁོར་འདུས་པ་ལ་གསུངས་ཤིང་བཤད་པའོ།། བཤད་པར་བྱའོ་ཞེས་བྱ་བ་ནི་དམ་བཅའ་བའོ།། འབྲེལ་པ་ནི་ཤུགས་ཀྱིས་གོ་བ་ན་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་བརྗོད་དོ།། དེ་ནི་མདོའི་དོན་བཤད་པར་བྱ ་སྟེ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆེན་མོ་ལས་ཇི་སྐད་དུ། གྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་དཀོན་ནོ།། མིར་སྐྱེ་བ་འཐོབ་པ་ནི་དཀོན་ནོ།། དུལ་བ་ཕུན་སུམ་ཚོགས་པ་ནི་དཀོན་ནོ།། འཁོར་པ་ལས་ཐར་པ ་ནི་དཀོན་ནོ།། ཞེས་གསུངས་པའི་མདོའི་དོན་འཕགས་པ་ཀླུ་གྲུབ་ཀྱིས་འཆད་པར་བཞེད་ནས་རྙེད་པར་དཀའ་བ་བཅུ་གཅིག་ཏུ་གསུངས་ཏེ། སངས་རྒྱས་འབྱུང་བ་ཤིན་ཏུ་རྙེད་པར་དཀའ་བ་ནས་བཟུང་སྟེ། ཐ་མ་ཆེ་བ་རྒྱ་ཆེན་པོ ་ལ་མོས་པ་རྙེད་པ་དཀའ་བའི་བར་དུའོ།། དེ་ལ་རྙེད་པར་དཀའ་བ་དང་པོ་གསུམ་གྱིས་ནི། སྒྲུབ་པའི་རྟེན་དལ་འབྱོར་དང་ལྡན་པ་བསྟན་ཏོ།། དང་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྙིང་རྗེ་རྙེད་པར་དཀའ་བ་གསུམ་གྱིས་ནི ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་བརྟན་པ་བསྟན་ཏོ།། བྱང་ཆུབ་སེམས་དཔའ་ལ་རྨ་འབྱིན་པའི་ལས་ཀྱི་སྒྲིབ་པ་སྤང་བ་ལ་སོགས་ནི་ཚུལ་ཁྲིམས་རྣམ་པར་དག་པས་བསྟན་ཏོ།། དམིགས་པ་ལ་སྤྱོད་པ་ལ་སྒྲིབ་པ་མེད་དེ ་ཞེས་བྱ་བ་ལ་སོགས་པས་ནི་ཐོས་པའི་རྣམ་པ་བསྟན་ཏོ།། མྱ་ངན་ལས་འདས་པའི་རང་བཞིན་ལ་མཁསོ་པར་བྱ་བ་ལ་སོགས་པས་ནི་བསམ་པའི་ཤེས་རབ་བསྟན་ཏོ།། འཇམ་དཔལ་རྣམ་པར་འཕྲུལ་པའི་ལེའུ་ནས་བསྟན་པ་ལ་སོགས་པ ་ནི་བསྒོམ་པའི་ཤེས་རབ་བསྟན་ཏོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆེ་བ་རྒྱ་ཆེན་པོ་བསྟན་སྟེ། རྙེད་པར་དཀའ་བ་ཐ་མས་ནི་འབྲས་བུའི་དོན་བསྟན་ཏོ།། དེ་ལྟར་ན་ཆོས་འདི་བཞི་དང་ལྡན་ན་འབྲས་བུའི་མཆོག་འགྲུབ་པས་མདོའི ་ཚིག་འདི་བཞིས་སྐྱེས་བུའི་དོན་འགྲུབ་པས་འདི་ལསྐུ་གཞན་དུ་མ་བསྟན་པ་ཡིན་ནོ།། དེ་ལ་རྟེན་དལ་འབྱོར་གྱི་མཚན་ཉིད་བསྟན་པའི་ཕྱིར་སངས་རྒྱས་འབྱུང་བ་ཤིན་ཏུ་རྙེད་པར་དཀའ་སྟེ་ཞེས་དམ་བཅས་པ་ཡིན་ནོ།། དེ་ལ་མི ་ཁོམ་པ་བརྒྱད་ལོས་ལོག་པས་ན་དལ་བའོ།། འབྱོར་པ་ནི་བཅུ་སྟེ། རང་གི་འབྱོར་པ་ལྔ་དང་། གཞན་གྱི་འབྱོར་པ་ལྔའོ།། དེ་ལ་གཞན་གྱི་འབྱོར་པ་ལྔ་ནི་འདི་ལྟ་སྟེ་སངས་རྒྱས་རྣམས་འབྱུང་བ་དང་། དམ་པའི་ཆོས་སྟོན་པ། ཆོས ་བསྒྱུར་བ་རྣམས་གནས་པ་དང་། ཆོས་གནས་པོ་རྣམས་རྗེས་སུ་འཇུག་པ་དང་། གཞན་གྱི་ཕྱིར་རྗེས་སུ་སྦྱོང་བརྩི་བར་བྱེད་དོ།། དེ་ལ་སངས་རྒྱས་རྣམས་འབྱུང་བ་གང་ཞེ་ནི། འདི་ལྟར་འདི་ན་ལ་ལོ་སེམས་ཅན་ཐམས་ཅད ་ལགས་དང་། ཕན་པའི་བསམ་པ་བསྐྱེད་ནས་དཀའ་བ་སྟོང་ཕྲག་མང་པོ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་བསྐལ་པ་གྲངས་མེད་པ་གསུམ་གྱིས་ཐ་མའི་ལུས་ཕྱི་མ་ཐོབ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་སྟེ། སྒྲིབ ་པ་ལྔ་སྤངས་ནས་དྲན་པ་ཉེ་བར་གཞག་པ་བཞི་ལ་སེམས་ལེགས་པར་གནས་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ཏེ། ་དེ་ནི་སངས་རྒྱས་འབྱུང་བ་ཞེས་བྱའོ།། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་རྣམས་སུ་ཡང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དེ་ཁོ་ན་བཞིན་དུ་འབྱུང་བ་ཡིན་ནོ།། དམ་པའི་ཆོས་སྟོན་པ་གང་ཞེ་ན། སངས་རྒྱས ་བཅོམ་ལྡན་འདས་དེ་དག་ཉིད་དང་། དེ་དག་ཉིད་ཀྱིས་ཉན་ཐོས་རྣམས་འཇིག་རྟེན་དུ་བྱུང་ནས། འཇིག་རྟེན་ལ་རྗེས་སུ་ཐུགས་བརྩེ་བའི་ཕྱིར་འཕགས་པའི་བདེན་པ་རྣམས་ལས་བརྩམས་ནས་འདི་ལྟ་སྟེ་གསུང་རབ་ཡན་ལག་བཅུ ་གཉིས་སྟོན་པར་མཛད་པ་ཡིན་ཏེ། དེ་ནི་དམ་པའི་ཆོས་སྟོན་བྱ་བ་ཞེས་བྱའོ།། དམ་པའི་ཆོས་དེ་ནི་དམ་པ་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་ཀྱིས་གདམས་ཤིང་བསྟན་པའམ་བསྔགས་པ་ཡིན་པས་དེའི་ཕྱིར་དམ ་པའི་ཆོས་ཏེ། དེ་བཤད་པ་གང་ཡིན་པ་དེ་ནི། དམ་པའི་ཆོས་སྟོན་པ་ཞེས་བྱའོ།། ཆོས་སྟོན་པ་རྣམས་གནས་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་འཚོ་ཞིང་གཞེས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། དམ་པའི་ཆོས ་ཆོས་བསྟན་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་འདས་པའི་བར་དུས་ཇི་སྲིད་པར་བསྒྲུབ་པ་མི་ཉམས་པ་དང་། དམ་པའི་ཆོས་མི་ནུབ་པ་ཡིན་ཏེ། དེ་ནི་དམ་པའི་ཆོས་གནས་པ་ཞེས་བྱའོ།། གནས་པ་དེ ་ཡང་དོན་དམ་པའི་ཆོས་མངོན་སུམ་དུ་བྱ་བའི་ཚུལ་གྱིས་ཡིན་པར་རིག་པར་བྱའོ།། ཆོས་གནས་པ་རྣམས་རྗེས་སུ་འཇུག་པ་གང་ཞེ་ན། དམ་པའི་ཆོས་རྟོགས་པ་གང་ཡིན་པ་དེ་ཉིད་ཀྱིས་སྐྱེ་བོ་རྣམས་ལ་དམ་པའི་ཆོས་མངོན་དུ་བྱ་བའི ་སྐལ་བ་དང་། མཐུ་ཡོད་པར་རིག་ནས། ཇི་ལྟར་རྟོགས་པ་ཁོ་ན་དང་རྗེས་སུ་མཐུན་པའི་གདམས་ཤིང་རྗེ་སུ་བསྟན་པ་ལ་རྗེས་འདུག་པར་བྱེད་པ་ཡིན་ཏེ། དེ་ནི་ཆོས་གནས་པ་རྣམས་རྗེས་སུ་འཇུག་པ་ཞེས་བྱའོ།། གཞན་གྱིས་ཕྱིར་རྗེས་སུ་སྙིང་བརྩེ ་བར་བྱེད་པ་གང་ཞེ་ན། གཞན་ཞེས་བྱ་བ་ནི་སྦྱིན་བདག་རྣམས་ཏེ་དེ་དག་གིས་འཚོ་བའི་ཡོ་བྱད་རྐྱེན་དུ་འབབ་པ་འདི་ལྟ་སྟེ། ཆས་གོས་དང་བསོད་སྙོམས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོ་སྨན་དང་། ཡོ་བྱད་གང་ཡང་རུང་བ་དེ་དག ་གི་ཕྱིར་རྗེས་སུ་སྙིང་བརྩེ་བར་བྱེད་པ་ཡིན་ཏོ།། དེ་ནི་གཞན་གྱིས་ཕྱིར་རྗེསུ་སྙིང་བརྩེ་བར་བྱེད་པ་ཞེས་བྱ་སྟེ། དེ་ལྟར་གཞན་གྱི་འབྱོར་པ་ལྔ་མཚོན་པའི་དོན་དུ་སངས་རྒྱས་འབྱུང་བ་སྨོས་སོ།། འདིར་དང་པོ་གཞན་གྱི་སྦྱོར་བ་སྤྲོས་པས། ་གོ་རིམ་ལས་འགལ་བའི་རྒྱུ་མཚན་གང་ཞེ་ན། སངས་རྒྱས་འཇིག་རྟེན་དུ་བྱུང་བ་ལ་སོགས་པ་ནི་རང་གི་འབྱོར་པ་ཐོབ་པའི་ཕྱིར་རོ།། སངས་རྒྱས་ཞེས་བྱ་བ་ནི་སྤངས་པ་དང་ཡེ་ཤེས་ཀྱི་དོན་ཏེ། ཇི་སྐད་དུ་སྒྲིབ་པ་ཀུན་གྱིས་དྲི་མེད་པས། ་རྣམ་པ་ཐམས་ཅད་མཁྱེན་ཉིད་ཐོབ།། རིན་ཆེན་སྣོད་ནི་ཕྱེ་བ་ལྟར།། སངས་རྒྱས་ཉིད་ནི་ཡང་དག་སྟོན་ཅེའོ།། འབྱུང་བ་ཞེས་བྱ་བ་ནི་འོག་མིན་གྱི་གནས་སུ། ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་སངས་རྒྱས་པའི་མོང་ལ། འཛུམྦྷ་གླིང ་ལ་སོགས་པར་ཤཱཀྱ་ཐུབ་པའི་སྐུ་མངོན་པར་འབྱུང་སྟེ་ཇི་སྐད་དུ། རིན་ཆེན་སྣ་ཚོགས་མཛེས་པ་ཡི།། འོག་མིན་གནས་ནི་ཉམས་དགའ་བར།། ཡང་དག་སངས་རྒྱས་དེར་སངས་རྒྱས།། སྤྲུལ་པ་པོ་ནི་འདིར་འཚང་རྒྱ།། ཞེས་འབྱུང་བའི་ཕྱིར་རོ།། ་ཤིན་ཏུ་ཞེས་བྱ་བ་ནི་མཆོག་ཏུ་ཞེས་པའི་དོན་ཏེ། མོས་པའི་ས་ལ་གནས་པ་དག་སྤྱོད་ཡུལ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི།། སངས་རྒྱས་རྣམས་ལ་ཞི་གནས་དང་།། ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར།། གདམས་ངག་རྒྱ ་ཆེན་ཐོབ་པར་འགྱུར་ཞེས་འབྱུང་བས་མོས་པས་སྤྱོད་པའི་ས་ལ་གནས་པ་མ་གཏོགས་པ་དག་གིས་སྤྲུལ་པའི་སྐུ་ནི་མ་མཐོང་བའི་ཕྱིར་རོའི་ཕྱི་རྙེད་པར་དཀའ་ཞེས་སྨོས་པ་ཡིན་ནོ།། འོ་ན་མདོ་ལས་གང་དག་བདེ་ཅན་དུ་སྨོན་ལམ་འདེབས་པ་དེ ་ངདག་ནི་ཚེ་དཔག་ཏུ་མེད་པ་མཐོང་བར་འགྱུར་རོ།། དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་སུ་བསྒྲགས་ཞེས་བྱ་བ་དང་། ཤིན་ཏུ་ཡོངས་རྫོགས་དཔལ་དང་། རྣམ་པ་ཐམས་ཅད་དུ་ཆེར་མཆོད ་བའི་དཔལ་ཞེས་བྱ་བ་དང་། ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་འཛིན་པ་དེ་དག་ཀྱང་ཕྱིར་མི་ལྡོག་ཅིང་སངས་རྒྱས་དང་ཕྲད་པར་འགྱུར་ཞེས་འབྱུང་བ་དང་། འགལ་བས་ཅི་མངོན་ཞེ་ན་ཞེས་རྒོལ་བ་ལ། ལན་ནི་འགལ་བ ་བ་མེད་དེ། དེ་དག་ནི་ས་བོན་རྒྱུད་ལ་སྐྱེད་པས་དུས་གཞན་ལ་དགོས་པ་ཡིན་ལ། འོ་ན་ཚོགས་ཀྱི་ས་ལ་སངས་རྒྱས་དང་ཕྲད་པར་འབྱུང་བ་བསྟན་པས་དེ་དང་འགལ་ལོ་ཞེ་ན་མ་ཡིན་ཏེ། སངས་རྒྱས་དང་ཕྲད་པའི་དགོས ་པ་ནི་ཆོས་ཐོས་པ་ཡིན་ལ། དེའང་མོས་པས་སྤྱོད་པའི་ས་ཆེན་པོ་ལ་འབྱུང་བའི་ཕྱིར་དང་། ཆོས་མ་ཐོས་པར་ནི་སྤང་བྱ་ལ་སོགས་པ་ཤེས་པར་མི་འགྱུར་བ་ན་དོན་མེད་པར་འགྱུར་རོ།། དེ་ལྟ་མ་ཡིན་ན་ཐ་མལ་པ་ངག་ལས་ཀྱང་ཆས ་ཆོས་ཐོས་པ་འབྱུང་བས་སངས་རྒྱས་དང་ཕྲད་བ་ཅི་དགོས་ཞེ་ན། དེ་དག་ཀྱང་སངས་རྒྱས་ཀྱི་མཐུས་གདུལ་བྱ་རྒྱུད་དང་། ས་དག་ལ་གནང་བས་ན་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཁོ་ནར་འདོད་དེ། དཔེར་ན། སངས་རྒྱས ་འཇིག་རྟེན་ཕན་པ་དྲང་སྐྱོང་ཆེ།། བསྐལ་པ་བྱེ་བ་བརྒྱུ་ལམ་འབྱུང་བར་འགྱུར།། དེ་ལྟ་དུལ་བ་དམ་པ་རྙེད་པ་ལས།། གལ་ཏེ་ཐར་འདོད་བག་མེད་སྤང་བར་གྱིས།། ཞེས་བསྟན་པ་ལྟ་བུའོ།། དེ་བས་ན་དེ་དག་ཀྱང་ཆོས་ཀྱི་རྒྱུན་ཐོབ་པ་ལ ་འདོད་དོ།། གཞན་དག་ནི་ས་བོན་རྒྱུད་ལ་བསྐྱེད་པའི་རྒྱུ་ཡིན་པས་འགལ་བ་མེད་དོ་ཞེས་བྱ་བ་ནི་ལུང་གི་རིགས་པའོ།། ལུང་དངོས་བསྟན་པ་ནི་མདོ་སྡེ་དུ་མ་ཚད་མར་གྱུར་པ་ལས་ཤེས་ཏེ་ཞེས་བསྟན་ཏེ། རང་བཟོ་མ་ཡིན་པས་མདོ ་སྡེ་ཞེས་བྱའོ།། ངེས་པའི་དོན་དུ་བསྟན་པས་ན་དུ་མ་ཞེས་སྨོས་ཏེ། ལུང་གི་དོན་རིགས་པས་བརྟགས་པ་དང་། ལུང་བསྟན་པས་ནང་བྱིན་བྱས་པ་དང་། ལུང་གི་དོན་ལུང་གིས་བཤད་པ་དང་། ལུང་གི་དོན་ལུང་དང་མི་འགལ་བར ་བསྟན་པ་སྟེ། མཚན་ཉིད་འདི་བཞིས་ན་ངེས་དོན་དུ་ཤེས་པར་བྱ་ལ་དེ་བཞིན་མཚོན་པའི་ཕྱིར་ལུང་གི་དོན་ལུང་དང་མི་འགལ་བ་དང་། ལུང་གི་དོན་ལུང་གིས་བཤད་པ་སྨོས་སོ།། དེ་ཉིད་ཀྱིས་མི་བསླུ་བའི་ཕྱིར་ཚད་མ་ཞེས་བྱ་སྟེ། ཡང་དག་པར ་རྫོགས་པའི་སངས་རྒྱས་ཀྱི་གསུངས་ཡིན་པའི་ཕྱིར་ཇི་སྐད་དུ། དགེ་སློང་དག་ས་ནི་ན་མཁའ་ལ་འཕགས་ཀྱང་སྲིད། ཉི་མ་དང་ཟླ་བ་ནི་ས་ལ་ལྷུང་ཡང་སྲིད། ཆུ་ཀླུང་ནི་རྒྱུན་ནས་ལྡོག་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པའི་དཀའ་ནི་གཞན ་དུ་འགྱུར་མི་སྲིད་དོ་ཞེས་གསུངས་པ་ལྟ་བུའོ།། ཇི་སྐད་དུ་གསུངས་ཞེ་ན། དགེ་སློང་དག་ཅེས་སྨོས་ཏེ། ཉོན་མོངས་པ་བཅོམ་པའི་ཕྱིར་དང་། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་ཕྱིར་དགེ་སློང་དག་ཅེས་གསུངས་སོ།། དེ ་ལ་ཕྱིན་ཅི་མ་ལོག་པ་གསུངས་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ།། ཐོབ་པར་བྱ་བའི་དོན་ཐམས་ཅད་བརྙེས་པ་དང་། བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཡིན་པའི་ཕྱིར་མཆོད་པར་འོས་པ་ཡིན་པས་དགྲ་བཅོམ་པ་ཞེས་བྱའོ།། ་ཆོས་རྣམས་ཇི་ལྟ་བ་བཞིན་དུ་དོན་དམ་པས་ཐུགས་སུ་ཆུད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ།། སྐུ་ཚེ་དང་། མཚན་དང་།། སྐུ་དང་རིགས་མ་གཏོགས་པ་ཐ་དད་པ་མེད་པས་རྣམས་ཞེས་བྱའོ།། བསྐུལ་པ ་ཞེས་བྱ་བ་ནི་བར་གྱི་བསྐལ་པ་བརྒྱད་ཅུ་སྟེ། བསྐལ་པ་ཆེན་པོའོ།། དེ་ཉིད་གཅིག་ནས་གཉིས་སུ་བགྲངས་པ་ནི་སྟོང་ཕྲག་མང་པོའོ།། དེ་ལ་བརྒྱ་སྟོང་ཕྲག་བརྒྱ་ན་བྱེ་བའོ།། བྱེ་བ་རང་གི་འགྱུར་ནས་གནས་བཞི་པ་ཁྲག་ཁྲིག་གོ། འཇིག ་རྟེན་ནི་སྟོང་གསུམ་དུའོ།། དཔེ་བསྒྲུབ་པ་ནི་ཀུན་དགའ་ངོ་ཞེས་སྨོས་ཏེ། ཁ་དོག་ཅེས་བྱ་བ་ནི་བསྟན་པའི་ཚིག་གོ། གསལ་བ་ནི་རང་བཞིན་གྱི་མདོག་གོ།། འོད་འབྱིན་པས་ན་འོད་བཟང་པོའོ།། དཔག་ཚ་ཅེས་བྱ་བ་ནི། ལྕགས་ཆུ ་རི་བོང་ལུག་དང་གླང་།། ཉི་ཟེར་རྡུལ་དང་སྲོ་མ་དང་། དེ་ལས་བྱུང་བ་དེ་བཞིན་དུ།། སོར་ནི་ཉི་ཤུ་བཞི་ལ་ཁྲུ།། ཁྲུ་བཞི་ལ་ནི་གཞུ་འདོམ་གང་།། གཞུ་འདོམ་ལྔ་བརྒྱ་རྣམས་ལ་ནཾ།། རྒྱང་གྲགས་དེ་ལ་དགོན་པར་འདོང་།། དེ་བརྒྱང་དཔག་ཚད་ཅེས ་བྱའོ།། དེའི་ཡོན་ཏན་གཞན་བསྟན་པ་ནི་མིག་གི་རབ་རིབ་སེལ་བ་དང་། ཡིད་ཀྱི་དྲན་པ་གསལ་བར་བྱེད་པ་དང་། ལུས་ཀྱི་ནང་སེལ་བ་དང་། སྣའི་དབང་པོ་ལ་ཕན་འདོགས་པས་མེ་ཏོག་དེ་ནི་རབ་རིབ་མེད་པར་བྱེད་པ་ལ་སོགས་པ ་ཚིག་བཞི་སྨོས་སོ།། གོང་དུ་འོང་བཟང་པོ་སྨོས་པ་ནི་སྣང་བར་ཡང་བྱེད་ཅེས་བྱ་བ་སྟེ་གཟུགས་མཐོང་བའི་ཕྱིར་རོ།། དེ་ལ་སྣའི་དབང་པོའི་མི་མཐུན་པ་སྤོང་བས་ན་སེརཱུ་བའོ།། མཐུན་པ་བསྐྱེད་པས་ན་འབྱིན་པའོ།། འོ་ན་སྣའི ་དབང་པོར་ཟད་དམ་ཞེ་ན། ཁམས་བཞི་དང་བར་བྱེད་པ་སྟེ་ལུས་ཀྱི་དབོང་པོ་དང་།། ལྕེ་དང་། མིག་དང་། རྣ་བའི་དབང་པོ་དག་ནི་སའི་ཁམས་དང་། ཆུ་དང་། མྱེ་དང་། རླུང་གི་ཁམས་ཡིན་ལ། དེ་དག་ལ་ཕན་འདོགས་པས་དང ་བར་འགྱུར་བའོ།། འོ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་མཚན་བཟང་པོ་སུམ་ཅུ་དང་ལྡན་པས་དེའི་ཚེ་འབྱུང་ངམ་ཞེ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐམས་ཅད་ལ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར ་ལོས་སྒྱུར་བ་ཞེས་བྱ་བ་ནི། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན།། དེ་དག་གླིང་གཅིག་གླིང་གཉིས་དང་།། གསུམ་དང་བཞི་ལ་མས་རིམ་བཞིན།། ཕས་སུ་རང་འགྲོ་གཡུལ་བཤམས་དང་།། མཚོན་བརྩམས་ལས་རྒྱལ་གནོད་པ་མེད ་ཅེས་བྱ་བའོ།། ཚུལ་ཁྲིམས་འཆལ་པ་ནི་རྣམ་པ་གཉིས་ཏེ། མ་ཐོབ་པའི་ཉམས་པ་དང་། ཐོབ་པའི་ཉམས་པའོ།། ཡང་ཚུལ་ཁྲིམས་འཆལ་པ་ནི་བཞི་སྟེ། རྩ་བའི་ལྟུང་བ་ལྷག་པར་སྤྱད་པ་དང་། སོ་སོར་ལྟ་བ་དང་། ཡོངས་སུ་མ་དག་པའི ་ཆོས་འཆད་པ་དང་། ཉན་ཐོས་དང་རང་རྒྱལ་བའི་བསམ་པ་བསྐྱེད་པས་ཉམས་པའོ།། དུས་མཉམ་པ་ཉིད་ནི་མཚུངས་པའོ།། དེའི་ཡོན་ཏན་ནི་བཤང་མོད་ཀྱི། འོན་ཀྱང་དབྱིབས་དང་། ཁ་དོག་དང་། གནས་དང་། དུས་མ་བརྗོད་པས་འདྲི་བ་ནི།། ་མེ་ཏོག་དེ་ཅི་འདྲ་གང་དུ་ནམ་སྐྱེས་ཤེ་ན་ཞེས་བྱའོ།། དེ་ལ་གང་དུ་སྐྱེ་བ་བསྟན་པ་ནི་མཚོ་ཆེན་པོ་མ་དྲོས་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ནས་བྱང་དུ་རི་ནག་པོ།། དགུ་འདས་གངས་རི་འོ་དེ་ནས་ནི། སྤོས་དང་ལྡན་པའི་ཚུ་རོལ་ན། མཆུ ་ཞེང་ལྔ་བཅུ་ཡོད་པའི་མཚོ་ཞེས་བྱ་བ་སྟེ། དམྱལ་བའི་མེས་ཀྱང་དྲོ་བར་མི་ནུས་པས་མ་དྲོས་པའོ།། ཡང་རྒྱལ་པོ་ཙམ་གྱི་འབྲས་བུའི་དོན་ཡིན་པས་ན་དྲོན་པོ་བླུགས་པ་གྲངས་པར་གྱུར་པས་མ་དྲོས་པ་ཞེས་བྱའོ།། ཡང་ན་ཀླུའི་རྒྱལ་པོ་མ ་དྲོས་པ་ཞེས་བྱ་བ་གནས་པས་མ་དྲོས་པ་ཞེས་བྱའོ།། ནམ་སྐྱེ་བ་བསྟན་པ་ནི་ནམ་སངས་རྒྱས་བཅོམ་ལྡན་འདས་དག་ཅེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ།། ཡང་ན་དོན་དང་ལྡན་པའི་ཆོས་ཀྱི་ཚོགས ་དང་། དོན་དང་མ་ལྡན་པའི་ཆོས་ཀྱི་ཚོགས་དང་དོན་དང་ལྡན་པ་ཡང་མ་ཡིན་དོན་མི་ལྡན་པ་ཡང་མ་ཡིན་པའི་ཆོས་ཀྱི་ཚོགས་མཐའ་དག་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་ཐུགས་སུ་ཆུང ་སངས་རྒྱས་ཞེས་བྱའོ།། བདུད་དཔུང་དང་བཅས་པ་ཐམས་ཅད་ཀྱི་གཡུལ་ཆེན་པོ་བཅོམ་པས་ན་བཅོམ་ལྡན་འདས་ཞེས་བྱའོ།། ཡང་ན་དབང་ཕྱུག་དང་ནི་གཟུགས་བཟང་དང་།། དཔལ་དང་གྲགས་དང་ཡེ་ཤེས་དང་།། བརྩོན ་འགྲུས་ཕུན་སུམ་ཚོགས་པ་ཡི།། དྲུག་པོ་དག་ལ་ལྡན་ཞེས་བཤད།། ཅེས་པའི་ཚུལ་གྱིས་ཀྱང་བཅོམ་ལྡན་འདས་སོ།། སྤྲུལ་པའི་སྐུ་རྣམས་མཚུངས་པས་ན་དག་ཅེས་བྱའོ།། དགའ་ལྡན་ཞེས་བྱ་བ་ནི་འདོད་པའི་ལྷ་རིགས ་བཱནྠི་བྷཱུ་སྟ། གཟིགས་པ་མཐའ་ཡས་ལ་གཟིགས་ནས་འཛམྦྷའི་གླིང་དུ་བྱོན་པའི་ཚེ། གླང་ཆེན་ཐལ་ཀར་མཆེ་བ་དྲུག་ལྡན་པ།། རྐང་གཉིས་མཆོག་དང་ལྡན་པས་ཞལ་བཞེས་ནས།། དྲང་སྲོང་གནས་ཞེས་པ་ནི་ཛ་བཞིན་དུ། ་ཡུམ་གྱིལྷུམས་སུ་འཇུག་པ་ཉིད་དུ་བསྟན། ཅེས་བྱ་བའི་ཚུལ་གྱིས་ཞུགས་པའོ།། འཕགས་པ་བྱམས་པ་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བས་ན་བབས་པའོ།། ལྷའི་འཁོར་དུ་མས་བསྐོར་ནས་བྱོན་པས་ན་རིས་ཞེས་བྱའོ།། ་མགོ་ལྕོགས་པ་ནི་ཁ་འབྲུ་བའོ།། ལུམ་པོའི་ཚལ་དུ་ཤིང་པླཀྵའི་ཡལ་གཡུམ་གྱིས་བཟུང་སྟེ། གློ་གཡས་པ་དྲལ་བའི་ཚེ་ཡང་ཚངས་པ་དང་བརྒྱ་བྱིན་གྱིས་བླངས་པའི་ཚེ་ལྷའི་བུས་ཁྲུས་བྱས་ཤིང་མ་བརྟེན་པར་གོམྦ ་བ་བདུན་བོར་བ་ནི་བལྟམ་པའོ།། མེ་ཏོག་གྱེས་པ་ནི་ཁ་འབྱེའོ།། རྡོ་རྗེའི་གདན་དུ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བརྟེན་ནས་རང་ཉིད་ཀྱིས་སློབ་དཔོན་མེད་པར་ཆོས་ཐམས་ཅད་དུ་མངོན་པར་རྫོགས་པར ་སངས་རྒྱས་པ་ནི་ནམ་བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཉན་ཐོས་དང་སངས་རྒྱས་ཀྱི་རྟོགས་པ་ལས་ཁྱད་ཞུགས་པས་ན་བླ་ན་མེད་པའོ།། ཕྱིན་ཅི་མ་ལོག་པའི་ཁོང་དུ་ཆུད་པས་ན་ཡང་དག་པའོ།། སྤངས་པ་དང་ཡེ་ཤེས ་མཐར་ཐུག་པས་ན་རྫོགས་པའོ།། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་ནི་བྱང་ཆུབ་ཅེས་བྱ་སྟེ། དྲི་མ་ཟད་དང་མི་སྐྱེ་བའི།། ཡེ་ཤེས་བྱང་ཆུབ་ཅེས་བརྗོད་དེ།། ཟད་མེད་སྐྱེ་མེད་ཕྱིར་དེ་དག། གོ་རིམ་བཞིན་དུ་ཤེས་པར་བྱ་ཞེས ་པའོ།། དེ་ཉིད་མངོན་སུམ་དུ་མཛད་པས་མངོན་པོར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ།། རབ་ཏུ་རྫོགས་པར་སྨོན་པས་ན་རྒྱས་པའོ།། གདུལ་བྱའི་གང་ཟག་མ་གཟིགས་པས་གཞན་སྐྱོ་བ་སྐྱེད་པའི་ཕྱིར་སྤྲུལ་པའི་སྐུའི ་སྣང་བ་ནུབ་པར་བྱེད་པས་ན་འཛམྦུའི་གླིང་དུ་དགུང་ལོ་བརྒྱད་ཅུ་རྩ་གཅིག་ལ་བྱོན་པ་ནི་ཚེའི་འདུ་བྱེད་གཏོང་བས་ན་བོར་བ་སྟེ། རྣམ་པར་ཉམས་པས་ན་ཚལ་རྙིངས་པའོ།། ནམ་ཐ་མའི་གསོལ་བ་པོའི་དོན་གྲུབ་ནས་གྱད་ཀྱི་ཉེ ་འཁོར་ཀུ་ཤའི་གྲོང་དུ་གློ་གཡས་པ་ཕབ་པའི་ཚེ་འཇིག་རྟེན་དུ་ཆོ་འཕྲུལ་ཆེན་པོ་མ་བྱུང་བ་དང་། ཉིད་ཀྱི་ཐུབ་པའི་བཀའི་མེས་གཞན་ཅིང་འཛམྦུའི་གླིང་གི་རྒྱན་ནུབ་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། སའི་སྟེང་དུ་ལྷུང་བས་ན ་མེ་ཏོག་ལ་སོགས་པ་ལྷགས་པའོ།། མཛད་པ་དག་ནི་བཅུ་གཉིས་སུ་བསྟན་པ་མ་ཡིན་ནམ། ཅིའི་ཕྱིར་བཞི་སྨོས་ཞེ་ན། བདེན་མོད་ཀྱི། འོན་ཀྱང་འདིར་མཛད་པ་བཞི་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་ཏེ། བལྟམ ་པས་དང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྒྱུར་བ་དང་། མྱ་ངན་ལས་འདའ་བ་མེད་པ་གང་དུ་ཡང་མི་སྲིད་ལ། དཀའ་བ་སྤྱོད་པ་ལ་སོགས་པ་ནི་ཐམས་ཅད་དུ་ངེས་པ་མེད་དེ་གདུལ་བྱ་རྒྱུད་དག་པ་དག་ལ ་མཛད་པ་བཞིས་དོན་འགྲུབ་པའི་ཕྱིར་དང་། ཁ་ཅིག་སྲོང་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་ཉིད་ཀྱི་ཐོ་རངས་ཡོངས་སུ་མྱ་ངན་ལས་འོངས་པ་དག་མཛད་པ་བཅུ་གཉིས་སུ་རིགས་པ་མ་ཡིན་ནོ།། ཅི་འདྲ་ཞེས་བྱ་བ་ཆེ ་ཁྱད་ནི་ཤིང་རྟའི་འཁོར་ལོ་ཙམ་ཞེས་བྱའོ།། ཁ་དོག་དང་ལྡན་ཞིང་གསལ་ཏེ་ཞེས་བྱ་བ་ལ་ནི་ཇི་ལྟར་ཁ་དོག་དང་ལྡན་ཞིང་གསོལ་ཞེ་ན། ཁ་དོག་དཀར་རབ་ཏུ་འགྱུར་རོ་ཞེས་བྱ་བ་ནི་རྒྱལ་རིགས་ཀྱི་ནང་དུ་འབྱུང་བའི་ཚེའོ།། དཀར་པོར ་འགྱུར་རོ་ཞེས་བྱ་བ་ནི་བྲམ་ཟེའི་རིགས་ཀྱི་ནང་ན་འབྱུང་བའི་ཚེའོ།། ཅིའི་ཕྱིར་རིགས་གཉིས་ཁོ་ན་སྨོས་ཞེ་ན། འཇིག་རྟེན་ན་མཐུན་པ་དང་། དབང་ཆེ་བར་གྲགས་པའི་རིགས་ནི་གཉིས་ཏེ། མདུན་ན་འདོན་དང་། རྒྱལ་རིགས་སོ།། དེ་ལ་གལ་ཏེ ་རྒྱལ་རིགས་མཆོག་ཏུ་བྱས་ན་ནི་རྒྱལ་རིགས་སུ་སྐྱེ་བ་བཞེས་ལ་མདུན་ན་འདོན་མཆོག་ཏུ་བྱ་བ་ནི། བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དེས་གཞན་འདུལ་བའི་ཕྱིར་རོ།། པདྨ་དཀར་པོའི་མདོ་ནི་དྲང་བའི་དོན ་ཡིན་ནོ་ཞེ་ན། གཉིས་པ་ངེས་པའི་དོན་དུ་བསྟན་པའི་ལུང་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་ཞེས་བྱ་བའོ།། ཀྱེ་ཞེས་བྱ་བ་ནི་བརྒྱད་པའི་སྒྲའོ་རྒྱལ་བའི་སྲས་ཞེས་བྱ་བ་ནི་རིགས་འཚེ་བའི་ཕྱིར་བྱང་ཆུབ་སེམས་དཔའི་མིང་གི་ཁྱད ་བཱར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། བློ་དང་ལྡན་པས་གསལ་བའི་མཆོག། རྒྱལ་སྲས་རྒྱལ་བའི་གཞི་དང་ནི།། རྒྱལ་བའི་མྱུ་གུ་རྣམ་རྒྱལ་བྱེད།། རྩལ་དང་ལྡན་པ་འཕགས་པའི་མཆོག། དེད་དཔོན་གྲགས་པ་ཆེན་པོ་སྟེ།། ་སྙིང་རྗེ་ཅན་དང་བསོད་ནམས་ཆེ།། དབང་ཕྱུག་དེ་བཞིན་ཆོས་དང་ལྡན།། ཞེས་བྱ་བ་ལྟ་བུའོ།། རི་མོར་བྱས་པ་ལ་སོགས་པ་མཐོང་བ་ཡང་ཚོགས་བསགས་པ་ལ་རག་ལུས་པས་ན་རྙེད་པར་དཀའ་སྟེ་ཞེས་བྱའོ།། བསྐལ་པ་གྲངས ་མེད་པ་དང་པོ་ལ་མཐོང་བ་ལ་མཆོག་ཏུ་སྨོས་སོ།། མོས་པར་སྤྱོད་པའི་ས་ལ་སངས་རྒྱས་མཐོང་བ་མ་ཡིན་པ་ཚོགས་ཀྱིས་ས་ལ་འདོད་པ་དགའ་བ་ནི་གྲོགས་པོ་གང་ཅེས་པ་ལ་སོགས་པ་སྟེ། སངས་རྒྱས་འབྱུང་བའི ་དགོས་པའི་ཆོས་བསྟན་པ་ཡིན་བག་ཡོད་པའི་ཆོས་སྟོན་པ་ཞེས་བྱའོ།། ཆོས་ཐོབ་པ་ལ་བརྟེན་ནས་ཉེས་པ་མ་བྱུང་གི་སྔ་རོལ་ལ་སོགས་པའི་བག་ཡོད་རྣམ་པ་ལྔ་ཡིན་པ་ནི། བག་ཡོད་པ་ནི་མྱ་ངན་ལས་འདས་པ ་ལས་ཐོབ་པར་བྱེད་པའི་ཕྱིར་ཏེ།། བག་ཡོད་འཆི་མེད་གནས་ཡིན་ཏེ།། བག་མེད་པ་ནི་འཆི་བའི་གནས།། བག་ཡོད་འཆི་བར་མི་འགྱུར་ཏེ། བག་མེད་པ་ནི་རྟག་ཏུ་འཆི་ཞེས་གསུངས་པ་དང་། བག་ཡོད་པའི་ལེགས་པ ་ལྔ་སྟེ། ལོངས་སྤྱོད་རྒྱ་ཆེན་པོ་ཐོབ་ཅིང་དེ་ལས་མི་ཉམས་པ་དང་། ཕྱོགས་མཚམས་སུ་གྲགས་པ་ཆེན་པོ་འབྱུང་བ་དང་། འཁོར་ཐམས་ཅད་དུ་ཞུམ་པ་མེད་པ་དང་། འཆི་བའི་ཚེ་འགྱོད་པ་མེད་པ་དང་། ཤི་བའི་འོག ་ཏུ་ལྷའི་འཇིག་རྟེན་དུ་སྐྱེའོ་ཞེས་བྱ་བ་ལ་སོགས་པ་བསྟན་པས་བག་ཡོད་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ།། གང་དུ་ཨུ་དུམྦ་རའི་མེ་ཏོག་བཞིན་ནོ་ཞེས་འབྱུང་བ་ནི་དྲང་དོན་དེ་དཔེ་མི་བྱེད་པས་སོ་ཞེ་ན། ཟླ་བ་སྙིང་པོའི ་ལེའུ་ལས་ཀྱང་བསྟན་ཏེ་ཞེས་བྱ་སྟེ། དཔེར་བརྗོད་པ་ནི་མདོ་གཞན་ངག་ལས་སོ།། འོ་ན་སངས་རྒྱས་དང་ཕྲད་པ་ལོ་ཡོན་ཏན་ཅི་ཡོད་ཅེ་ན། ཡོན་ཏན་གྱི་སྒོ་ནས་བསྟན་པ་ནི། གང་དག་མཐོང་ཞིང་ཐོས་པ་དང་ཞེས་བྱ་བ་ལ་སོགས ་བསྟེ། དོན་ཡོད་པ་ཞེས་བྱ་བ་ནི་ཐམས་ཅད་ལྟ་སྦྱར་བར་བྱའོ།། གང་ཕྱིར་རྒྱལ་བ་དབང་པོ་དག། མཐོང་ན་ཡེ་ཤེས་མཐོང་ཕྱིར་རོ།། ཞེས་བྱ་བ་ལ་སོགས་པས་ནི་མཐོང་བ་དོན་ཡོད་པ་བསྟན་ཏོ།། རིན་ཆེན་གཙུག་ཏོར་གྱི་མཚན ་ལན་གསུམ་ཐོས་པས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་དེ་ནི་ཐོས་པ་དོན་ཡོད་པའོ།། བསྙེན་བཀུར་བྱས་པ་དོན་ཡོད་པ་ནི་ཁྱེའུ་གླང་པོ་སྐྱོང་ལྟ་བུའོ།། མཐར་མྱ་ངན་ལས་འདས་པ་ཐོབ་པར ་བྱེད་པས་ན་འདྲེན་པའོ།། ཁ་ཅིག་ན་རེ་མཐོང་བ་དང་ཐོས་པ་དང་བསྙེན་བཀུར་བྱ་བ་ཇི་ལྟར་དོན་ཡོད་ཅེས་འཇིག་རྟེན་འདྲེན་པའི་ཞེས་བྱའོ།། ཞེས་འཆང་ངོ་།། བྱེ་བ་ནི་མཚོན་པོའི་དོན་ཏོ།། གོང་དུ་དེ་བཞིན་གཤེགས་པ ་མཐོང་ཡང་སྲིང་མི་མཐོང་ཡང་སྲིད་ཅེས་བྱ་བ་དེ་ལྟ་བུ་ཞེ་ན། བསྐལ་པ་བཟང་པོའི་མདོ་ལས་ཀྱང་ཞེས་གསུངས་ཏེ། བསྐལ་པ་དྲུག་ཅུ་དང་། བརྒྱད་ཁྲི་དང་སུམ་བརྒྱར་ནི་མཐོང་བར་འགྱུར་རོ།། བསྐལ་པ་འདི་དང་། བསྐལ་པ ་སྐར་མ་ལྟ་བུ་དང་། ཡོན་ཏན་བཀོད་པ་རྣམས་ལ་ནི་མཐོང་ཡང་སྲིད་པའོ།། སངས་རྒྱས་འབྱུང་བ་རྙེད་དཀའ་བ་བཤད་ཟིན་ཏོ།། མདོ་སྡེ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མར་སྦྱར་བ་ལས། སངས་རྒྱས ་འབྱུང་བ་རྙེད་དཀའ་བའི་གཏམ་སྟེ་དང་པོའོ།། གཉིས་པ་མིར་འགྱུར་བ་རྙེད་པར་དཀའ་བ་བསྟན་པ་ནི། མིར་འགྱུར་བ་རྙེད་པར་དཀའ་སྟེ་ཞེས་བྱ་བ་གསུངས་ཏེ། རང་གི་འབྱོར་པ་ལྔ་མཚོན་པ་འི་དོན་དུ་མིར་འགྱུར་བ་སྨྲསོ།། ་དེ་ལ་རང་གི་འབྱོར་པ་ལྔ་གང་ཞེ་ན། མིར་གྱུར་པ་དང་ཡུལ་དབུས་སུ་སྐྱེས་པ་དང་། དབང་པོ་མ་ཚང་བ་མེད་པ་དང་། གནས་ལ་དད་པར་གྱུར་པོ་དང་། ལས་ཀྱི་མཐའ་མ་ལོག་པ་གང་ཡིན་པའོ།། དེ་ལ་མིར་གྱུར་པ་གང ་ཞེ་ན། འདི་ལྟར་འདི་ན་ལེ་ལ་མི་རྣམས་དང་སྐལ་པ་མཉམ་པར་སྐྱེས་པ་དང་། སྐྱེས་པའི་དབང་པོ་དང་ལྡན་པ་འམ། བུད་མེད་དུ་སྐྱེས་པ་ཡིན་ཏེ། དེ་ནི་མིར་གྱུར་པ་ཞེས་བྱའོ།། ཡུལ་དབུས་སུ་སྐྱེས་པ་གང་ཞེ་ན། འདི ་ལྟར་འདི་ན་ལ་ལ་གང་དུ། འཁོར་བཞི་པོ་རྣམས་དང་། དམ་པ་རྣམས་དང་། ཡང་དག་པར་སོང་བ་རྣམས་དང་། སྐྱེས་བུ་དམ་པ་རྣམས་འགྲོ་བའི་དབུས་ཀྱི་རྐུན་མ་མ་ཡིན་པ་རྣམས་དང་། ཀླ་ཀློ་མ་ཡིན་པ་རྣམས་སུ་སྐྱེས་ཤིང ་རིགས་མཐོན་པོ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དག་ཏུ་སྐྱེ་བ་ཡིན་ཏེ། དེ་ནི་ཡུལ་དབུས་སུ་སྐྱེས་པ་ཞེས་བྱའོ།། དབང་པོ་མ་ཚང་བ་མེད་ལ་གང་ཞེ་ན། འདི་ལྟར་འདི་ན་ལ་ལ་གླན་པ་དང་། རིག་པ་དང་། ལྐུགས ་པ་དང་། ལག་པས་བརྡ་བྱེད་པར་གྱུར་ཅིང་། ལེགས་པར་གསུངས་པ་དང་། ཉེས་པར་བཤད་པོའི་ཆོས་རྣམས་ཀྱི་དོན་ཀུན་ཤེས་པར་མི་ནུས་པ་མ་ཡིན་པ་དང་། ཡན་ལག་དང་ཉིང་ལག་མ་ཚང་བ་མེད་པར་གྱུར་པ་རྣ་བ་མ ་ཚང་བ་མེད་པ་ལ་སོགས་པ་ཡན་ལག་དང་ཉིང་ལག་མ་ཚང་བ་མེད་པས་གང་གིས་དགེ་བའི་ཕྱོགས་ཡང་དག་པར་བསྒྲུབ་པའི་སྐལ་པ་ཡོད་པ་ཡིན་ཏེ། དེ་ནི་དབང་པོ་མ་ཚང་བ་མེད་པ་ཞེས་བྱའོ།། གནས་ལ་དད་པར་གྱུར་པ ་གང་ཞེ་ན། འདི་ལྟར་འདི་ན་ལ་ལས་དེ་བཞིན་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་དད་པ་དང་། སེམས་དང་བ་ཐོབ་པར་གྱུར་བ་ཡིན་ཏེ། དེ་ནི་གནས་ལ་དང་བར་གྱུར་པ་ཞེས་བྱའོ།། དེ་ལ་གནས་ཞེས་བྱ་བ་ནི་དེ་བཞིན ་གཤེགས་པས་གསུངས་པའི་ཆོས་འདུལ་བ་ལ་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་དཀར་པོའི་ཆོས་ཐམས་ཅང་སྐྱེ་བའི་གནས་སུ་གྱུར་བ་ཡིན་ནོ།། ངེས་སྔོན་དུ་དྲངས་པའི་དབང་གིས་དེ་ལ་དད་པ་གང ་ཡིན་པ་དེ་ནི་གནས་ལ་དད་པར་གྱུར་པ་ཡིན་ཏེ། ཉོན་མོངས་པའི་དྲི་མ་དང་རྙོག་པ་ཐམས་ཅད་བསལ་བར་གྱུར་པའི་ཕྱིར་རོ།། ལས་ཀྱི་མཐོའ་མ་ལོག་པ་གང་ཞེ་ན། གང་གི་ཚེ་འདི་ཉིད་ལ་མཚམས་མེད་པའི་ལས་ལྔ་པོ་དག ་ལས་གང་ཡང་རུང་བ་མ་བྱས་ཤིང་བྱེད་དུ་མ་བཅུག་པ་ཡིན་ཏེ། དེ་ནི་ལས་ཀྱི་མཐའ་མ་ལོག་པ་ཞེས་བྱའོ།། ཚེ་འདི་ཉིད་ལ་མཚམས་མེད་པའི་ལས་ལྟ་པོ་དེ་དག་བྱས་ཤིང་བསགས་ལ་ཡོངས་སུ་མྱ་ངན་འདས་ཤིང་འཕགས ་པའི་ལམ་བསྐྱེད་པའི་སྐལ་བ་མེད་པས་ན་དེའི་ཕྱིར་ལས་ཀྱི་མཐའ་དེ་དག་ནི་ལས་ཀྱི་མཐའ་མ་ལོག་པ་ཞེས་བྱའོ།། དེས་བདག་ཉིད་ཀྱི་ལུས་དེ་ཡན་ལགེ་ལྔ་པོ་དེ་དག་གི་འབྱོར་པར་བྱེད་པས་ན་དེའི་ཕྱིར་བདག་གི་འབྱོར་པ་བྱའོ།། ་དེ་ལ་རྙེད་པར་དཀའ་བའི་འོག་ནས་དཔེ་བསྟན་པའོ།། འོ་ན་ལུང་ལས། ངས་ནི་གང་དག་བསྟན་པ་ཡི།། མི་ཁོམ་བརྒྱད་པོ་དེ་དག་སྤོང་ཞེས་བྱ་བ་ལ་སོགས་པ་ལ་གསུངས་པས་མེ་ཏོག་གཅིག་ཕུལ་བཙོམ་ཡང་ཐ་མ་མྱ་ངན་ལས ་འདས་པའི་རྒྱུར་གསུངས་ན་ནི་མི་ལུས་ཐོབ་པ་སྨོས་ཀྱང་ཅི་དགོས།། དེ་ནི་བདེན་ཏེ། འདིར་ནི་དེ་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ནོས་མི་ལུས་ཐོབ་པ་ལ་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་གཏི་མུག་པར་གྱུར་པའི་ཕྱིར།། ་དམྱལ་བ་ལ་སོགས་པ་དག་ནི་རྟོག་པ་ཤས་ཆེ་ཞིང་སྐྱོ་བ་བསྐྱེད་ཅིང་ཐར་པར་ཡང་འགྱུར་རོ།། དེ་ཅི་མངོན་ཞེ་ན། འཕགསོ་པ་ཉིད་ཀྱིས་ཞལ་ནས། རྒྱ་མཚོ་ཆེ་གནས་གཉེའ་ཤིང་བུག་པ་དང་། རུས་སྦལ་ཕྲད་པ་ལསོ ་ཀྱང་དུད་འགྲོ་ལས། མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས།། དམ་ཆོས་སྤྱད་པས་འབྲས་བུ་མཆིས་པར་མཛོད། ཅེས་གསུངས་སོ།། རྣམ་གྲངས་གཞན་ཡང་དགེ་བ་བཅུ་དང་ལྡན་པ་ལས་མི་ལུས་ཐོབ་པ་ནི་དཀའ་བ ་མ་ཡིན་ནོ།། དེ་ལྟ་བས་ན་ལས་རྣམ་པ་གསུམ་གྱིས་ནཱ་དཔེ་མ་ངེས་པ་མ་ཡིན་ནོ།། དེ་ལ་ཕྱོགས་སྔ་མ་ནི་ཅི་ལྟ་ཞེ་ན་ཞེས་བྱ་བའོ།། ལན་ནི་དགེ་སློང་དག་ཅེས་བྱ་བ་ལ་སོགས་པ་སྟེ། ས་ཆེན་པ་ན་དབུས་ཀྱི་གླིང ་བཞི་རི་རབ་དང་བཅས་པའོ།། དཔེར་ན་ཞེས་བྱ་བ་ལ་སོགས་པ་ནི་དཔེ་དགོད་པའོ།། རུས་སྦལ་སྨོས་པ་ནི་དེ་དེའི་གནས་ཡིན་པའི་ཕྱིར་དང་། ཧ་ཅང་ཡང་ཉལ་བའི་ཕྱིར་རོ།། ཐུབ་པ་ནི་ཚེའི་ཚད་།། འཚོ་བ་ནི་ཁ་ཟས་ཀྱི་གནས་པའོ།། ་ངེས་པར་གཟུང་བའི་ཕྱིར་བཟླས་ཏེ་བརྗོད་པ་ནི། བཅོམ་ལྡན་འདས་ངེས་ན་འགྱུར་ལགས་སོ།། བདེ་བར་གཤེགས་པ་སྟེས་ན་འགྱུར་ལགས་ཏེ་ཞེས་བྱའོ།། དེ་ལ་བདེ་བར་གཤེགས་པ་ཞེས་བྱ་བ་ནི་རང་གི་དོན་ཕུན་སུམ་ཚོགས ་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པའོ།། དེ་ལ་རང་གི་དོན་ཕུན་སུམ་ཚོགས་པ་ནི་སྤངས་པ་དང་། ཡེ་ཤེས་གཉིས་སོ།། དེ་ལ་སྤངས་པ་ཕུན་སུམ་ཚོགས་པ་ནི་མི་ལྡོག་པར་གཤེགས་པ་སྟེ་རིམས་ནང་ལེགས་པར་བྱུང ་བ་ལྟ་བུའོ།། ཡེ་ཤེས་ཕུན་སུམ་ཚོགས་པ་ནི་མ་ལུས་པར་གཤེགས་པ་སྟེ་བུམ་པ་ལེགས་པར་གང་བ་ལྟ་བུའོ།། གཞན་གྱི་དོན་ཕུན་སུམ་ཚོགས་པ་ནི་མཛེས་པར་གཤེགས་པ་སྟེ་གཟུགས་བཟང་པོ་ལྟ་བུའོ།། དེ་ལྟ་འཁོར ་བ་ལས་ཐར་པ་ནི་ཞི་བའོ།། ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་སྟེ། ཉན་ཐོས་དང་རང་རྒྱལ་བའི་ཐེག་པ་ནི་བསྟན་པའི་ཆོས་སོ།། ཐེག་པ་ཆེན་པོ་ནི་རབ་ཏུ་བསྟན་པའོ།། སྟེས་ན་ཞེས་བྱ་བ་ནི་ལས་རྣམ་པ་གསུམ་ཅི ་རིགས་སོ།། ལས་རྣམ་པ་གསུམ་ནི་སྐྱེས་ནས་མྱོང་བ་དང་། ལན་གྲངས་གཞན་ལས་མྱོང་བ་དང་། མ་ངེས་པར་མྱོང་བར་རོ།། དཔེ་དེས་སྨོས་པ་ནི་གོང་དུ་སྦྱར་བ་དང་། འོག་ཏུ་སྦྱར་བའི་ཕྱིར་རོ།། མདོ་སྡེ་ཀུན་ལས་བཏུས་པའི་བཤད་པ། ལུང ་གི་ཚད་མས་སྦྱར་བ་ལས། མི་ལུས་ཐོབ་རྙེད་པར་དཀའ་བའི་གཏམ་བརྗོད་པ་སྟེ་གཉིས་པའོ།། །། ད་ནི་ངལ་བ་འབྱོར་པ་རྙེད་པར་དཀའ་བ་དེ་བསྟན་པའི་ཕྱིར་དྲལ་པོ་འབྱོར་པོ་རྙེད་པར་དཀའ་བ་སྟེ་ཞེས་དམ་བཅའ་བ་མཛད་།། ་གོང་དུ་བཤད་པའི་ལུང་ལས་འབྱུང་བ་དེ་དྲང་བའི་དོན་མ་ཡིན་ནམ་ཞེ་ན། གཉིས་པ་ནི་ངེས་དོན་སྒྲུབ་པ་དང་ངལ་བ་འབྱོར་པའི་མཚན་ཉིད་རྒྱས་པར་བཤང་པོའི་ཕྱིར་གསུངས་པ། ངལ་བ་འབྱོར་པ་རྙེད་དཀའ་སྟེ་ཞེས་བསྟན་པ ་ཡིན་ནོ།། དེ་ཉིད་ཀྱང་མི་ལུས་ཐོབ་པ་བཀའ་བ་བསྟན་པ་ནི། ངལ་བའི་མཚན་ཉིད་བསྟན་ལ། དལ་འབྱོར་རྙེད་དཀའ་བས་ནི་འབྱོར་པ་ལྔ་བསྟན་ཏེ། ངན་སྟོང་གསུམ་ལོས་ལོག་པས་ན་མིར་གྱུར་པའོ།། མཐའ་འཁོབ་ནས་དགེ་བསྙེན ་མ་མི་འོང་བའི་ནང་དུ་མ་སྐྱེས་པའི་བར་གྱིས་ནི་ཡུལ་དབུས་སུ་སྐྱེས་པའོ།། གླེན་པ་མ་ཡིན་པ་ལ་སོགས་པ་ནི་དབང་པོ་ཚང་བ་བསྟོན་ཏོ།། ལོག་པར་ལྟ་བ་མ་ཡིན་པས་ནི་གནས་ལ་དད་པ་དང་ལས་ཀྱི་མཐའ་མ་ལོག་པ། སངས་རྒྱས་འཇིག ་རྟེན་དུ་བྱུང་བས་ནི་གཞན་གྱི་འབྱོར་པ་ལྔ་བསྟན་ཏོ།། གཞན་དག་ནི་མི་ཁོམ་པ་བརྒྱད་ལས་ལོག་པ་ནི་ངལ་བ་ཡིན་ལ། མི་ཁོམ་པ་གང་ཞེ་ན། སེམས་ཅན་དམྱལ་བ་ལ་སོགས་པའོ་ཞེས་བསྟན་པའི་ཕྱིར་དེ་འོག་ནས་ཀྱང་གང་ཟག ་ཚངས་པར་སྤྱོད་པ་ལ་གནས་པའི་བུབ་པའི་དུས་ན་གཅིག་སྟེ། ཞེས་འབྱུང་བའི་ཕུར་རོ་ནས་འདོད་དོ།། དེ་ལ་བྱེ་བྲག་མང་བ་ཞེས་བྱ་བ་ནི་ཐེག་པ་མཐའ་དག་སྟོན་པ་ལས་སོ།། གཅིག་ལས་འཕྲོས་པ་ཞེས ་བྱ་བ་ནི་གོང་དུ་འཛེག་པ་ལ་བྱའོ།། ཆོས་སྒྲུབ་པའི་གནས་མ་ཡིན་པས་མི་ཁོམ་པའོ།། གཙོ་བོ་བསྡུས་པ་ནི་བརྒྱད་ཅེས་བྱ་སྟེ། རྣམ་པའི་རབ་ཏུ་དབྱེ་བ་ནི་མཐའ་ཡས་པའོ།། གང་ཟག་ཅེས་བྱ་བ་ནི་སྐྱེས་པ་དང་བུད་མེད ་དག་གོ།། དེ་ལ་དམྱལ་བ་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་དོ།། དུད་འགྲོའི་སྐྱེ་གནས་ནི་རིགས་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་གོ། གཤིན་རྗེའི་རིགས་ནི་སུམ་ཅུ་རྩ་དྲུག་དག་གོ། དེ་ལ་རང་བཞིན་དང་ལུས་དང་དངོས་པོ ་བསྟན་པས་ནི་དམྱལ་བའོ།། དུད་དེ་འགྲོ་བའི་ཕྱིར་དང་། བླུན་པའི་ཕྱིར་དུད་འགྲོའོ།། གཤིན་རྗེ་ཞེས་བྱ་ནི་འགྲོ་བའི་བདག་པོར་གྱུར་པ་སྟེ། དེའི་རིགས་ནི་ཡི་དགས་ཀྱི་འཇིག་རྟེན་ནོ།། དེ་ལ་དམྱལ་བའི་ཁམས ་ནི་བཱིསྨ་ན་རྣམ་བྱ་བརྒྱུད་དེ། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོང་དང་། ངུ་འབོད་ཆེན་པོ་དང་། རྒྱུ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་སྟེ་ཆུ་བུར་ཅན་ལ་སོགས་པ་བརྒྱད་ནི ་ཡིང་སྲིས་མེ་སོགསོ་པར་བསྡུག་ཁྱི་མི་བ་དང་ཀྱི་ཁོར་བའང་མི་བ་བརྒྱད་ཀྱི་འཁོར་དྲི་བརྒྱའོ།། དྲང་འགྲོའི་སྐྱེ་གནས་ནཱ~ཾ་རྩཝ་སྱེ་ཏེ་སྱེ་བ་དང་། མངལ་ནས་སྐྱེ་བ་དང་། སྒོ་ང་ལས་སྐྱེ་བ་དང ་གཤེར་ལས་སྐྱེ་བ་སྟེ་སྐྱེ་གནས་རྣམ་པ་བཞིའོ།། ཁམ་གྱི་ཟས་དང་། རེག་པའི་ཟས་དང་། ཡིད་ལ་བྱེད་པའི་ཟས་དང་། རྣམ་པར་ཤེས་པའི་ཟས་ཅན་ཏེ་འཚོ་བའི་ཕྱིར་ཡང་རྣམ་པ་བཞིའོ།། རྐང་པ་མེད་པ་དང་། རྐང ་པ་གཉིས་པ་དང་། རྐོང་བཞི་པ་དང་། རྐང་མངས་ཏེ་གཟུགས་ཅན་གྱི་རྣམ་པ་བཞིའོ།། ཡི་དགས་ནི་ཕྱིའི་སྒྲིབ་པ་ཅན་དང་། ནང་གི་སྒྲིབ་པ་ཅན་དང་། ཟས་དང་སྐོམ་ལ་སྒྲིབ་པ་ཅན་ཏེ་བསྡུས་ན་རྣམ་པ་གསུམ་མོ།། ་དེ་ལ་དམྱལ་བ་དག་ནི་བརྫུ་བ་པའོ།། ཡི་དགས་ནི་མངལ་ནུས་སྐྱེ་བ་དང་བརྫུབ་པ་གཉིས་ཡོད་ཏེ། མངལ་ནས་སྐྱེས་པ་ཅི་མངོན་ཞེ་ན། ཇི་སྐད་དུ་བདག་གིས་མཚན་མ་པྲ་ལྔ་དང་། དེ་བཞིན་ཉིན་མོ་བུ་ལྔ་དག། ་བསྐྱེད་ཅིང་བསྐྱེད་ཅིང་ཟོས་འགྱུར་རོ།། འོན་ཀྱང་བདག་ནི་འདྲངས་མ་གྱུར་ཅེས་བྱ་བཱ་ལྟ་བུའོ།། ལྷ་ཚེ་རིང་པོ་ནི་གཟུགས་ཀྱི་ཁམས་ཀྱི་གནས་རིགས་བཞི་པ་ཏེ་འབྲས་ཏེ་ཆེའི་ཕྱོགས་ཅིག་ན་གནས་པའོ།། དེ་ཅིའི ་ཕྱིར་མི་ཁོམ་པ་ཡིན་ཞེ་ན། ལུས་དེ་ཞི་བ་དང་། ཚེ་ཟད་པའི་ཚེ་ལོག་པར་ལྟ་བའི་ཕྱིར་རོ།། འཁོར་རྣམ་པ་བཞི་མི་འོང་བས་ན་མཐའ་འཁོབ་བོ།། མཐའ་འཁོར་གཉིས་གཉིས་གང་ཞེ་ན། རྐུ་འཕྲོག་ལ་སོགས ་པ་སྱེ། ཀྲ་ཀློ་ནི་རྨ་ཀློ་ཉིད་ལ་བྱའོ།། བརྣབ་སེམས་ནི་ཆགས་སེམས་ཅན་ཏེ་ཡིད་ཀྱིས་བདག་གིར་བྱེད་པའི་ཕྱིར་རོ།། གནོད་སེམས་ནི་ཞེ་སྡང་བ་ཅན་ནོ།། འཁོར་རྣམ་པ་བཞི་ནི་གཙོ་བོ་སྨོས་པ་སྟེ། དགེ་ཚུལ་ཕ ་ནི་དགེ་སློང་གི་འཁོར་ཏུ་བསྡུའོ།། དགེ་ཚུལ་མ་དང་དགེ་སློབ་མ་ནི་དགེ་སློང་མའི་འཁོར་དུ་བསྡུའོ།། བསྙེན་གནས་ནི་དགེ་བསྙེན་གྱི་འཁོར་དུ་བསྡུའོ།། ཡིད་ཤས་ཆུང་བས་ན་གླེན་པའོ།། དེ་ཉིད་ཀྱིས་ན་དོན་གོ ་བའི་མཐུ་མེད་པའོ།། སྒོ་ལྔའི་དབང་པོ་ཤས་ཆུང་བས་ན་ལུག་ལྟར་ལྐུགས་པའོ།། དེ་ཉིད་ཀྱིས་ན་ལག་བརྡ་བྱེད་པའོ།། གང་གི་དོན་ཞེ་ན། ལེགས་པར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཕན་པའི་དོན་སྟོན་པས་ན་ལེགས་པར ་སྨྲས་པའོ།། ཕན་པ་མ་ཡིན་པའི་དོན་སྟོན་པས་ན་ཉེས་པར་སྨྲས་པའོ།། ཡང་རྣར་སྙན་པའི་ལེགས་པར་སྨྲས་པའོ།། དེ་ལས་བཟློག་པ་ནི་ཉེས་པར་སྨྲས་པའོ།། ལོག་པར་ལྟ་བ་རྣམ་པ་གསུམ་སྟེ། རྒྱུ་ལ་སྐུར་བ་དང ་འབྲས་བུ་ལ་སྐུར་བ་དང་། བྱེད་པ་ལ་སྐུར་བའོ།། དེ་ལ་རྒྱུ་ལ་སྐུར་བ་ནི་སྦྱིན་པ་ཡང་མེད་ཅེས་བྱ་བ་ལ་སོགས་པ་སྟེ། མ་ཆགས་པའི་དགེ་བའི་རྩ་བ་ནས་སྦྱིན་པ་སྟེ། དེ་ནི་ཕྱུག་པའི་རྒྱུ་ཡིན་པའི་ཕྱིར་རོ།། དེ་ཉིད་སྙོམས ་པར་བྱེད་པ་དང་། དུས་བཟང་པོར་སྦྱིན་པས་ན་མཆོད་སྦྱིན་ཏེ་ད་ནི་རྩ་འཇིང་དང་བཀུར་བར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ།། སྦྱིན་པ་དེ་ཉིད་ཀྱི་ཁྱད་པར་ནི་སྦྱིན་སྲེག་ཅེས་བྱ་སྟེ། དེ་འབྱོར་པའི་རྒྱུ་ཡིན་པའི་ཕྱིར་རོ།། ངེས ་ན་བཟླས་ལ་བརྩོན་ན་དགའ་འགྱུར་ཞིང་། བསྒོམ་ལ་བརྩོན་ན་གྲོལ་བར་འགྱུར།། མཆོད་ལ་བརྩོན་ན་མཆོད་འགྱུར་ཞིང་།། མེ་ལོ་སྦྱིན་སྲེག་བྱས་པས་འབྱོར་ཞེའོ།། བྱེད་པ་ལོ་སྐུར་པ་ནི་ལེགས་པར་བྱས་པ་ཡང་མེད ་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ལེགས་པར་བྱས་པ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པ་སྟེ། དེ་དག་ཚེ་རིང་བ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ།། ཉེས་པར་བྱས་པ་ནི་སྲོག་གཅོད་པ་ལ་སོགས་པ་སྟེ། དེ་དག་ནི་ཚེ ་རིང་བ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ།། ཉེས་པར་བྱས་པ་ནི་སྲོག་གཅོད་པ་ལ་སོགས་པ་སྟེ། དེ་དག་ནི་ཚེ་ཐུང་བ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་རོ།། ཇི་སྐད་དུ། སྲོག་གཅོད་པ་ཡིས་ཚེ་ཐུང་འགྱུར།། མ་བྱིན ་ལེན་པས་དབུལ་བ་ཉིད།། བྱི་བོ་བྱས་པས་དགྲ་དང་བཅས།། བརྫུན་དུ་སྨྲས་པས་སྐུར་པ་སྟེ།། ཕྲ་མ་ཡིས་ནི་བཤེས་དང་འབྱེད།། རྩུབ་པོའི་ཚིག་གིས་མི་སྙན་པོས།། མ་འབྲེལ་སྨྲ་བ་ཚིག་མི་བཙུན།། བརྣབ་སེམས ་ཡིད་ལ་རེ་བ་འཇོམས།། གནོད་སེམས་འཇིགས་པ་སྦྱིན་པར་བཤད།། ལོག་པར་ལྟ་བས་ལྷ་ངན་ཉིད།། ཅེས་བྱ་བ་ལ་སོགས་པ་ལྟ་བུའོ།། དེ་ལ་འབྲས་བུ་རྣམ་པ་བཞི་སྟེ། རྣམ་པར་སྨིན་པ་དང་། རྒྱུ་མཐུན་པ་དང་། དབང ་དང་སྐྱེས་བུ་བྱེད་པའོ།། འདི་དག་བཤད་པ་ནི་འོག་ནས་ཞིབ་ཏུ་འབྱུང་ངོ་།། དེ་ལ་གཙོ་བོ་ཡིན་པའི་ཕྱིར་རྣམ་པར་སྨིན་པ་ཞེས་སྨྲས་པ་སྟེ། མི་འདྲ་བར་སྨིན་པས་རྣམ་པར་སྨིན་པའོ།། རིས་མཐུན་པའི་སྣང་བ་ནི་འཇིག་རྟེན ་འདིའོ།། རིས་མཐུན་པ་དོར་བའི་མ་འོངས་པའི་སྐྱེ་བ་ལས་ཀྱི་དབང་གིས་འགྲུབ་པའི་ཕ་རོལ་ལོ།། ཡོད་པའི་དངོས་པོ་འཇིག་པར་བྱེད་པ་ནི་ཕ་ཡང་མེད་མེ་ཡང་མེད་ཅེས་བྱ་བ་ལ་སོགས་ཏེ། དེ་ལ་དགེ་སྦྱོང་ཞེས་བྱ་བ་ནི་ཆོས ་རྣམ་པ་ལྔ་དང་ལྡན་པའི་ཕྱིར་རོ།། བྲམ་ཟེ་ནི་སྤྱོད་པ་གཙང་བའི་ཕྱིར། ཁ་ན་མ་ཐོ་བ་སྤངས་པའོ།། ཡང་ན་རབ་ཏུ་བྱུང་བ་སྟེ་ལྔ་སྟེ། དགེ་སློང་དང་དགེ་སློང་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མའི་སྡོམ་པ་ལ་བརྟེན ་ནས་དོན་བྱེད་པ་ནི་དགེ་སྦྱོང་ངོ་།། ཁྱིམ་པའི་རྟགས་སྐྲ་དང་ཁ་སྤུ་མ་བྲེགས་ཤིང་གོས་དཀར་པོ་གྱོན་བཞིན་དུ་ཚངས་པར་སྤྱོད་པ་ལ་སོགས་པའི་སྒོ་ནས་དོན་བྱེད་པ་ནི་བྲམ་ཟེའོ།། ཡང་ན་ཆོས་འདི་པོའི་ཆ་བྱད་ཅན་ནི་དགེ་སྦྱོང ་དོ། ཕྱི་རོལ་པའི་ཆ་བྱད་ཅན་བྲམ་ཟེའོ།། ཡང་ན་དགེ་སྦྱོང་ནི་རྣམ་པ་བཞི་སྟེ། ལམ་རྒྱལ་བ་དང་། སྟོན་པ་དང་། འཚེ་བ་དང་། སུན་འབྱིན་པར་བྱེད་པའོ།། དེ་ལ་དང་པོའི་དབང་དུ་བྱས་ནས་དེ་བཞིན་གཤེགས་པ་ནི་ལམ་རྒྱལ་བ ་སྟེ་ཡང་དག་པར་སོང་བའོ།། ཆོས་སྨྲ་བ་དང་ལེགས་པར་ཞུགས་པ་ནི་སྟོན་པ་དང་འཚོ་བ་སྟེ་ཞུགས་པའོ།། བྲམ་ཟེ་ཞེས་བྱ་བ་ནི་རིགས་དང་མིང་དང་སྒྲུབ་པའི་དབང་དུ་བྱས་པས་རྣམ་པ་གསུམ་ཏེ། དོན་གྱི་སྐབས་འདིར་སྒྲུབ་པ ་བྲམ་ཟེ་ལ་འདོད་དེ་བྱ་བ་བྱས་ཤིང་མི་དགེ་བའི་ཆོས་ཐམས་ཅད་བསལ་བས་ན་ཡང་དག་བྱར་སོང་བའོ།། ཡང་ན་སློབ་དང་ནི་སློབ་པ་དག་མི་མཐོང་བ་དང་བསྒོམས་པས་སྤང་བར་བྱ་བའི། ཉོན་མོངས་པ་དག་ལས་རྣམ་པར་རྒྱལ ་བས་ན་ལམ་རྒྱལ་བའི་དགེ་སྦྱོང་ཞེས་བྱ་སྟེ། དེའི་ཕྱིར་རྒྱུན་ཏུ་ཞུགས་པ་སོགས་ལ་སྦྱར་བར་བྱའོ།། དེ་ལ་རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དག་ནི་ཡང་དག་པར་སོང་བའོ།། དེ་དག་ནི་རྒྱུ་ལ་ཞུགས་པ་གསུམ་དང་། ་དགྲ་བཅོམ་པའི་རྒྱུ་ལ་ཞུགས་པ་ནི་ཡང་དག་པར་ཞུགས་པའོ།། དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ནི་དགྲ་བཅོམ་པའོ།། དགྲ་བཅོམ་པའི་ཡོན་ཏན་གང་ཞེ་ན། འཇིག་རྟེན་རིག་པ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷའི་མིག་གི་མངོན་པར ་ཤེས་པ་དང་། འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པ་ནི་འཇིག་རྟེན་རིག་པའོ།། དེ་ལས་བཟློག་པ་ནི་གང་ཟག་ཚངས་པར་སྤྱོད་པ་ལ་གནས་པ་ངལ་བའི་དུས་ནི་གཅིག་སྟེ་ཞེས་བྱ། ་བ་ལ་སོགས་པ་ཡིན་ནོ།། དེ་བཞིན་གཤེགས་པས་བསྟན་པའི་ཆོས་གང་ཞེ་ན་ཐོག་མར་དགེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་ཡོན་ཏན་གྱི་རྣམ་གྲངས་ནི་འདི་ལྟ་སྟེ། བཤད་པར་བྱ་བ་དང་། ཁོང་དུ་ཆུད་པར ་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་དང་སྨྲ་བྱེད་དང་།། བསྒྲུབ་པར་བྱེད་པ་ཁོ་ནའོ།། ཞེས་འབྱུང་བའི་ཕྱིར་རོ།། དྲི་ལྟ་བས་ན་བཤད་པར་བྱ་བའི་ཆོས ་བསྟན་པར་བྱ་བ་ནི་ཐོག་མར་དགེ་བ། བུར་དུ་དགེ་ག་ཐ་མར་དགེ་བ་ཞེས་བྱ་སྟེ། ལྷགས་པའི་ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་ཐོག་མར་དགེ་བ་སྟེ། ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོ་ཐར་པའི་སྡོམ་པས་བསྡམས ་པ་དང་། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་དང་། ཁ་ན་མ་ཐོ་བ་ཕྲ་རབ་དག་ལ་འཇིག་པར་ལྟའོ།། བར་དུ་དགེ་བ་ནི་ལྷག་པའི་སེམས་ཀྱི་བསླབ་པ་སྟེ་འདོད་པས་དབེན་པ་ལ་སོགས་པའི་བསམ་གཏན་བཞིའོ།། ཐ་མར་དགེ་བ ་ནི་ལྷག་པར་ཤེས་རབ་ཀྱི་བསླབ་པ་སྟེ། འཕགས་པའི་བདེན་པ་བནི་ཤེས་པར་འདོད་པའི་ཟག་པ་དང་། སྲིད་པ་དང་། མ་རིག་པ་དང་། ལྟ་བའི་ཟག་པ་ལས་སེམས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བར་འགྱུར་བའོ།། ་དེ་ལྟ་བུའི་དུས་གསུམ་དུ་དགེ་བའི་ཆོས་དེ་ཡང་ཅི་འདྲ་ཞེ་ན། བརྗོད་བྱའི་དོན་མ་ལོག་ཅིང་མཆོག་ཏུ་གྱུར་པ་དོན་ཕུན་སུམ་ཚོགས་པས་དོན་བཟང་བའོ།། ཨ་ལ་སོགས་པ་བརྗོད་བྱེད་ཀྱི་ཚིག་གསལ་ཞིང་དོན་མྱུར་ཏུ་གོ་བར ་བྱེད་པས་ཚིག་འབྲུ་བཟང་པོའོ།། དེ་ལྟ་བུའི་ཆོས་ངེས་ཅི་ཞིག་སྒྲུབ་ཅིང་སྟོན་ཅེ་ན་ཚངས་པར་སྤྱོད་པ་ཞེས་བྱ་བ་སྟེ། ཕུང་པོ་ལྷག་མ་དང་བཅས་པ་ལ་སོགས་པའི་མྱ་ངན་ལས་འདས་པ་ནི་ཚངས་པའོ།། དེ་ལ་ཅི་མངོན་ཞེ་ན། ་མདོ་ལས་ཞི་བར་གྱུར་པ་དང་ཚངས་པར་གྱུར་པ། བསིལ་བར་གྱུར་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་གྲངས་སོ་ཞེའོ།། དེའི་རྒྱུ་ཡིན་པའི་ཕྱིར་སྤྱོད་པ་སྟེ། ལམ་གྱི་འདུས་བྱས་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ།། དེ་ཡང་ཟག ་བཅས་ཟག་པ་མེད་ཆོས་དང་། ལམ་མ་རྟོགས་པའི་འདུས་བྱས་རྣམས། ཟག་བཅས་གང་ཕྱིར་དེ་དག་ལ། ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར་ཞེའོ།། དེའི་ཕྱིར་ན་ཚངས་པར་སྦྱོང་བ་ཞེས་བྱ་བས་མི་རྟོགས་པར་བྱ་བ ་དོན་དམ་པའི་ཆོས་བསྟན་ཏོ།། དོན་དམ་པའི་ཆོས་དེ་ཅི་འདྲ་ཞེ་ན། མུ་སྟེགས་ཅན་དང་མ་འདྲིས་པའོ།། ལམ་དེས་ཁམས་གསུམ་གྱི་ཉོན་མོངས་པ་སྤོང་བས་ཡོངས་སུ་རྫོགས་པའོ།། ལམ་དེ་རང་བཞིན་གྱིས་རྣམ ་པར་གྲོལ་བས་ན་ཡོངས་སུ་དག་པའོ།། ལམ་དེ་ཟག་པ་ཟད་པ་རྣམས་ཀྱི་རྒྱུད་ལ་སྐྱེས་ཏེ་རྒྱུད་ཀྱིས་དག་པས་དག་པའི་ཕྱིར་ཡོངས་སུ་བྱང་བའོ།། ལ་ལ་ངག་ནི་ཐོས་པའི་ཚེ་དང་པ་བསྐྱེད་པས་ཐོག་མར་དགེ་བའོ་སེམས་པའི་ཚེ་དགའ ་བ་བསྐྱེད་པས་བར་དུ་དགེ་བའོ།། བསྒོམས་པའི་ཚེ་བློ་རྒྱ་ཆེན་པོ་བསྐྱེད་པས་ཐ་མར་དགེ་བའོ།། མཐོ་རིས་དང་ཐར་པའི་རྒྱུ་ཡིན་པའི་ཕྱིར་མཐོ་རིས་དང་བྱང་གྲོལ་གྱི་དོན་འབྱུང་པོས་དོན་བཟང་པོའོ།། དེ་འཆད་པའི་ཚིག་གསལ ་ཞིང་ཟུར་ཕྱིན་པས་ཚིག་འབྲུ་བཟང་པོའོ་ཞེས་ཟེར་རོ།། ཁ་ཅིག་ན་རེ་མུ་སྟེགས་ཀྱི་ཆོས་ཀྱི་གཉེན་པོ་ཡིན་པས།། ཐོག་མ་ལ་སོགས་པར་དགེ་བའོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཚིག་སྔ་ཕྱི་འགལ་བ་འབྱུང་སྟེ། མི་འཚེ་བ་ནི་ཆོས་ཀྱི ་མཆོག་ཅེས་འབྱུང་ལ། ཕྱུགས་བསང་དེ་མཆོད་སྦྱིན་བྱས་ན་མཐོ་རིས་སུ་འགྲོ་ཞེས་བྱ་བ་དང་། བརྫུན་གྱིས་བསླུས་པ་སྡིག་པའི་མཆོག་ཅེས་འབྱུང་ལ། རྩེད་མོ་དང་། མི་ཚངས་པར་སྤྱོད་པ་དང་། བག་མ་ལེན་པ་དང་། ནོར་འཕྲོག ་པ་དང་སྲོག་གི་ཕྱིར་ནི་བརྫུན་སྨྲ་བར་བྱ་ཞེས་འབྱུང་ངོ་།། ཡང་བདག་ཏུ་སྨྲ་བས་ན་དོན་བཟང་པོ་མ་ཡིན་ནོ།། མ་འབྲེལ་པ་དང་། མི་གསལ་བ་དང་། ཅལ་ཅོལ་དུ་སྨྲ་བས་ན་ཚིག་འབྲུ་ངན་པའོ།། མི་ཐོད་ཅན། གཅེར་བུ་པ་དང ་འདྲེས་པས་མ་འདྲེས་པ་ཡང་མ་ཡིན་ནོ།། ས་འོག་མའི་གཉེན་པོ་ཙམ་ཡིན་པས་ཡོངས་སུ་རྫོགས་པ་ཡང་མ་ཡིན་ནོ།། རང་གི་ས་པའི་ཉོན་མོངས་པ་འབྱུང་བས་ཡོངས་སུ་དག་པ་ཡང་མ་ཡིན་ནོ།། ས་གཞན་གྱི་ཉོན་མོངས ་བའི་ཡིད་དང་། རྗེས་སུ་འབྲེལ་པ་རྣམ་པར་བྱང་བ་ཡང་མ་ཡིན་ནོ།། མྱ་ངན་ལས་འདས་པའི་རྒྱུ་མ་ཡིན་པས་ཚངས་པར་སྤྱོད་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ།། གཞན་དག་ནི་ཕྱོག་མར་དགེ་བ་ནི་དོན་བཟང་པོའི་ཕྱིར་རོ།། ་པབར་དུ་དགེ་བ་ནི་ཚིག་འབྲུ་བཟང་པོའི་ཕྱིར་རོ།། ཐ་མར་དགེ་བ་ནི་མ་འདྲེས་པ་ལ་སོགས་པ་ཆོ་ག་ལྔ་ཡིན་ནོ་ཞེས་ཀྱང་ཟེར་རོ།། འོ་ན་ངལ་བ་འབྱོར་པ་རྙེད་པར་དཀའ་བ་བསྟན་པ་དྲང་བའི་དོན་མ་ཡིན་ནམ་ཞེ་ན། དེས་དོན་གྱི་ལུང ་བསྟན་པ་ནི་གྲོགས་པོ་དག་ཅེས་བྱ་བ་ལ་སོགས་པ་ཡིན་ནོ།། ཁ་ཅིག་ནི་ལུང་གཞན་བསྟན་པའི་སྒོ་ནས་དོན་བསྡུ་བ་ཡིན་ནོ་ཞེས་ཀྱང་འདོད་དོ།། ལ་ལ་ནི་ངེལ་བ་འབྱོར་པ་ཇི་ལྟར་རྙེད་པར་དཀའ་ཞེ་ན། གཏམ་ཚོགས་གཞན ་བསྟན་ཏེ་དཔེར་ན་ཨ་ཀ་རུ་ནག་པོ་འགའ་ཞིག་ཏུ་དྲི་འབྱུང་གི་གཏན་དུ་མ་ཡིན་པ་ལྟར་ངལ་བ་འབྱོར་བ་ཡང་ཚུལ་ཁྲིམས་དང་ལྡན་ཞིང་རྒྱུ་མཚང་བ་མེད་པས་ཚོགས་པ་ལས་ཐོབ་ཀྱི་གྱི་ན་ཐོབ་པར་མི་འགྱུར་རོ་ཞེས་བསྟན ་པའི་ཕྱིར་མཱ་དྲོ་འདི་སྨོས་སོ་ཞེས་ཟེར་རོ།། ཁ་གཅིག་ནི་མཛེས་པར་བྱ་བའི་ཕྱིར་དང་ངེས་དོན་དུ་བྱ་བ་དང་། ཚུལ་བཞིན་གྱིས་བཤད་པ་དང་། སློབ་དཔོན་རང་ཉིད་ཀྱིས་གཟིགས་པ་བསྟན་པའི་ཕྱིར་བཤད་པ་དང་མ་བཤད ་བའི་ལུང་གི་དོན་མཐའ་དག་བསྟན་པར་རིག་པར་བྱའོ་ཞེས་ཟེར་རོ།། ཁ་ཅིག་ནི་མཛེས་པར་བྱ་བའི་ཕྱིར། དེ་ལྟར་ན་མདོ་སྡེ་སངས་རྒྱས་སྙིང་པོ་ལས་དགེ་སློང་དག་དལ་འབྱོར་ནི་རྣམ་པ་བཅུ་སྟེ། གཞན་གྱི་འབྱོར་པ་ལྔ་དང་། ་རང་གི་འབྱོར་པ་ལྔའོ།། ཞེས་བྱ་བ་གསུངས་པའི་དོན་སློབ་དཔོན་གྱིས་མདོ་དུ་མས་བཤད་པ་ཡིན་ནོ།། ད་ནི་ཟླ་བའི་སྙིང་པོའི་ལེའུ་ལས་འབྱུང་བའི་ངལ་འབྱོར་གཞན་བསྟན་པའི་ཕྱིར། ཡང་དེ་ཉིད་ལས་འབྱུང་བ་ཞེས་སྨྲས་སོ།། རྣམ་པར ་དག་པ་ཞེས་བྱ་བ་ནི་ཡོན་ཏན་བཅུ་དང་ལྡན་པའོ།། མཉམ་པ་ཉིད་ཅེས་བྱ་བ་འདི་ནི་མ་ཚང་བ་མེད་པའོ།། དེ་ཉིད་བསྟན་པ་ནི། རིགས་དམའ་བ་སྤངས་པ་དང་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་རིགས་མ་ཐོབས་ནི་རིགས་དམའ་བ ་སྦྱངས་པའོ།། ཅི་མི་ཤེས་པས་ན་གླེན་པའོ།། བྱེ་བྲག་མི་ཕྱེད་པས་ན་བླུན་པའོ།། ཞར་བ་དང་རླིག་པ་ཕྱུང་བ་ལ་སོགས་པ་ནི་དབང་པོ་ཉམས་པའོ།། ཕོའི་དབང་པོ་དང་ལྡན་པ་དང་། དེ་མ་ཉམས་པས་ཕོར་སྐྱེས་པའོ།། འོ་ན་བུད་མེད་ཀྱང ་ཅིའི་ཕྱིར་མ་སྨོས་ཞེ་ན། རྟེན་དམན་པའི་ཕྱིར་མ་སྨོས་སོ།། གཟུགས་ལེགས་པས་ན་གཟུགས་བཟང་པོའོ།། འབྱོར་པ་དང་ལྡན་པས་ན་མི་དབུལ་བའོ།། གཟི་བརྗིད་ཆེ་བས་ན་མི་བརྙས་པའོ།། ཚིག་བཙུན་པས་ན་ཚིག་མཉན་པའོ།། ་མང་པོས་བཀུར་བས་ན་སྐྱེ་བོ་མང་པོས་ལྟ་བའོ།། དེ་ལ་མཉམ་པ་ཉིད་བཅུ་ཡོངས་སུ་རྫོགས་པ་མ་ཡིན་པས་གླེགས་སུ་འགྱུར་ན་ནི་ཧ་ཅང་ཐལ་ཆེས་པར་འགྱུར་ལ། མ་ཡིན་དོན་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་འོན ་ཀྱང་ཡོན་ཏན་ཚང་བར་བསྟན་པའི་ཕྱིར་འང་སྨོས་པ་ཉེས་པ་མེད་དོ།། མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་སྦྱར་བ་ལས་དལ་བ་འབྱོར་པ་རྙེད་པར་དཀའ་བའི་གཏམ་བརྗོད་པ་སྟེ་གསུམ་པའོ།། །། དལ ་འབྱོར་གྱི་མཚན་ཉིད་བཤད་ཟིན་ཏོ།། ད་ནི་བྱང་ཆུབ་ཀྱི་སེམས་བསྟན་པ་བཤང་བར་བྱའོ།། དེ་ལ་རེ་ཞིག་མཚམས་སྦྱོར་བ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་དད་པ་རྙེད་པར་དཀའ་སྟེ་ཞེས་བྱའོ།། ཅིའི་ཕྱིར་ཞེ་ན། ་སངས་རྒྱས་བྱེ་བ་ཁྲོག་ཁྲིག་བརྒྱ་སྟོང་ལ་བསྙེན་བཀུར་བྱས་ན་བཟོད་དད་པ་ཐོབ་པོ་ཞེས་གསུངས་པོའི་ཕྱིར་རོ།། དེ་ལ་བསྟན་པ་ནི་དམ་པའི་ཆོས་ལུང་དང་རྟོགས་པའི་བདག་ཉིད་ལ་བྱའོ།། དད་པ་ནི་མི་ཕྱེད་པའི་མཚན་ཉིད་དང་ལྡན ་བའོ།། དེ་ནི་རྣམ་པ་གསུམ་སྟེ། དང་བའི་དད་པ་དང་། ཡིད་ཆེས་པ་དང་། འདོད་པའི་དད་པའོ།། དེ་དག་ཀྱང་ཡུལ་ནི་དཀོན་མཆོག་ལ་སོགས་པ་རྣམ་པ་གསུམ་ལ་ཅི་རིགས་པར་སྐྱེའོ།། འོ་ན་ལུང་ལས་ཀྱང་ངང་པ་གང་ཞེ་ན། ལས་དང ་འབྲས་བུ་བདེན་པ་དང་། དཀོན་མཆོག་གསུམ་ལ་མངོན་པར་ཡིད་ཆེས་པ་དང་། འདོད་པ་དང་སེམས་དད་པའོ།། ཞེས་པ་དང་འགལ་ལོ་ཞེས་རྒོལ་བའི་ངད་པ་ཇི་ལྟ་བུ་ཞེ་ན་ཞེས་བྱ་བའོ།། ལནཱ་ནི་དེ་ནི་དགོངས་པའི་དོན་ཏེ། བྱེ ་ཟག་གམ་སྒོ་ནས་སྤྱི་མཚོན་པས་འགལ་བ་མེད་པ་བསྟན་པ་དེ་ནི་དེ་བཞིན་གཤེགས་པའི་མདོ་ལས་ཞེས་བྱ་བ་སོགས་པའོ།། འདི་ལ་བྱ་བ་ནི་དད་པ་བསྟན་པར་བྱ་བའི་སྐབས་འདི་ལའོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཞེས ་བྱ་བས་དལ་འབྱོར་ཐོབ་པའི་གང་ཟག་བསྟན་ཏོ།། སྟོང་པ་ཉིད་དང་སྙིང་རྗེ་མི་ཕྱེད་དང་ལྡན་པའི་བསམ་པའོ།། སེམས་བསྐྱོད་དེ་ཞེས་བྱ་བ་ནི་སྨོན་པའི་བདག་ཉིད་དོ།། སྤྱིའི་དོན་ལ་གནས་སྐབས་སྟོབས་ཀྱིས་དགོས་པ་བྱེ་བྲག་ཏུ་བསྟན་པས་ན་དང ་བ་ཡིན་ཞེས་བྱའོ།། དེའི་ཕྱིར་དད་པ་བསྟན་པར་བྱ་བ་ནི་དང་བ་མང་ཞིང་ཞེས་བྱ་བ་ལ་སོགས་པ་སྟེ། བྱེད་པ་དང་། ཡུལ་དང་། ངོ་བོ་ཉིད་དང་། ཕན་ཡོན་ཡང་རིག་པར་བྱའོ།། དེ་ལ་བྱེད་པ་ནི་རྣམ་པ་གསུམ་སྟེ། དང་པའི་བྱེད་པ་དང་འདོད་པའི་བྱེད་པ ་དང་། ཡིད་ཆེས་པའི་བྱེང་པའོ།། དེ་ལ་དང་བའི་བྱེད་པ་ནི་ནོར་བུ་ཆུ་དངས་བྱེད་ལྟར་རྒྱུད་ཀྱི་རྙོག་པ་མེད་པ་སྟེ། ཕྱིར་ཞིང་འཕགས་པ་རྣམས་ལ་ལྷ་འདོད་པ་དང་། ངོམ་པའི་ཆོས་ཉན་པར་འདོད་པའོ།། དེ་ལ་དང་པ་མོ་ཡིན་པ་ནི་རྟག་ཏུ་བསྒོམ ་པའི་ཕྱིར་རོ།། འཕགས་པ་ནི་ལས་དང་ཉོན་མོངས་པ་ལས་རིང་དུ་སོང་བ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དེའི་དགེ་འདུན་ངག་གོ།། དམ་པ་ནི་གང་ཟག་དེ་དག་སྟེ་དེ་དག་གིས་སྦྱང་བའི་ཕྱིར་དམ་པའི་ཆོས་སོ།། འདོད་པའི་བྱེད ་པ་ནི་སེར་སྣ་མེད་པ་ལ་སོགས་པ་སྟེ། ཐོབ་པ་དང་སྤངས་པ་ལ་དམིགས་པའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པའི་རྒྱུ་ལམ་གྱི་བདེན་པ་དང་། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལ་དམིགས་པའོ།། སྡུག་བསྔལ་གྱི་ཀུན་འབྱུང་སྤངས་པའི་ཕྱིར ་སེར་སྣ་མེད་ཅེས་བྱ་བ་སྟེ། སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་དག་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ།། མྱ་ངན་ལས་འདས་པའི་རྒྱུ་ལམ་གྱི་བདེན་པ་ཐོབ་པར་བྱ་བའི་ཕྱིར་ལྷུག་པར་གཏོང་བ་དང་ཞེས་བྱ་བ་ལ་སོགས ་པ་སྟེ། མ་ཆགས་པའི་ངོ་བོ་ཉིད་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་དུ་འདོད་པའི་ཕྱིར་རོ།། དེ་ལ་ལྷུག་པར་གཏོང་བ་ནི་སྦྱིན་པ་དང་འབྲས་བུ་མ་འབྲེལ་པ་སྟེ་མྱ་ངན་ལས་འདསོ་པ་བསྔོ་བའི་ཕྱིར་རོ།། ལག་པ་བརྒྱ་ང་བ་ནི་གུས ་པ་དང་རྒྱ་ཆེར་རབ་ཏུ་སྦྱིན་པར་བྱའོ།། གཏོང་བལ་དགའ་ནི་སྔ་རོལ་དང་པོའི་ཚེ་དང་བྱིན་ཟིན་ནས་ཡི་རང་བ་དང་། དྲང་བ་དང་། འགྱོད་པ་མེད་པའོ།། སྦྱིན་པ་མི་འཆད་པར་བྱེད་པ་ནི་གཅིག་ཏུ་ཆོས་དང་བབ་ཅོལ་མ ་ཡིན་པས་ལོངས་སྤྱོད་སྒྲུབ་སྟེ་དུས་དུས་སུ་ཡང་དང་ཡང་དུ་སྦྱིན་པར་བྱ་བའི་དངོས་པོ་ཡོངས་སུ་གཏོང་བའོ།། གཏོང་བ་ཕུན་སུམ་ཚོགས་པ་ནི་སྦྱིན་གནས་དག་ལ་འབུལ་བའོ།། སྦྱིན་པ་འགྱེད་པར་དགའ་བ་ནི་དུས་དུས་སུ་ཕ ་དང་མ་དང་བུ་དང་བྲན་ཕོ་དང་བྲན་མོ་ལ་སོགས་པ་ལ་ཀུན་འགྱེད་པའོ།། ཡེང་ན་སྦྱིན་པ་རྣམ་པ་དྲུག་སྟེ། མི་རྟེན་པ་དང་། དགའ་བ་དང་། ཡ་ང་དང་ཡང་དུ་སྦྱིན་པ་དང་། སྣོད་དུ་གྱུར་པ་ལ་སྦྱིན་པ་དང་། ཡོངས་སུ་གཟུང་བ ་སྦྱིན་པ་དང་། འཁོར་ལ་སྦྱིན་པ་དང་། དེ་ལྟར་སྦྱིན་པ་དང་། གང་ལ་སྦྱིན་པའི་དབང་དུ་བྱས་ནས་ལྷག་པར་གཏོང་བ་ལ་སོགས་པ་རྣམས་སུ་རིག་པར་བྱའོ།། རྣམ་གྲངས་གཞན་ཡང་མི་སྲི་བས་ལྷུག་པར་གཏོང་བའོ།། མི་འགྱོད་པས ་ནོ་དགའ་བའོ།། གུས་པ་དང་ལྡན་པས་མཆོད་སྦྱིནྡ་ནོ།། ལུས་དྲུང་ལོངས་སྤྱོད་དང་དགེ་བ་གློ་ཏོང་བཱ་ཕུནྡ་སུམ་ཚོགས་པའོ།། རྗེས་སུ་དགའ་བས་འགྱེད་པ་ལ་དགའ་བའོ།། གཏོང་བའི་ཚེ་ན་ཁྲོང་ཁྲོ་བ་མྱེད་པའོ།། འབྲས་བུ་འདོད་པའི་རེ་བ ་མང་བས་རྙོག་པ་མེད་པའོ།། ཡང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཟིན་པ་སྟེ། དེ་ལ་སྦྱིན་པའི་སྦྱིན་པ་ནི་ལྷག་པར་གཏིང་བའོ།། ཚུལ་ཁྲིམས་ནི་དགའ་བ་དང་གུས་པའི་མཆོད་སྦྱིན་ནོ།། བརྩོན་འགྲུས་ནི་གཏོང་བ་ཕུན་སུམ ་ཚེཚོགས་པའོ།། བཟོད་པ་ནི་དགའ་བ་དང་ཁོང་ཁྲོ་བ་མེད་པའོ།། བསམ་གཏན་དང་ཤེས་རབ་ཀྱིས་ཟིན་པས་ན་རྙོག་པ་མེད་པ་སྟེ། དེ་ལྟར་ན་སྦྱིན་པ་ཇི་ལྟ་བ་བཞིན་དུ་ཚུལ་ཁྲིམས་ཀྱི་སྦྱིན་པ་ལ་སོགས་པ་རིག་པར་བྱ་སྟེ། འདིར་ནི ་མཚོན་པར་རིག་པར་བྱའོ།། ཡིད་ཆེས་པའི་བྱེད་པ་བསྟན་པ་ནི་ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་ལ་སོགས་པའོ།། དེ་ལ་ཡིད་ཆེས་པ་ལ་སོགས་པ་གསུམ་ནི་སོམ་ཉོ་མེད་པ་ལ་སོགས་པ་གསུམ་དོང་སྦྱོར་བར ་བྱའོ།། ཡང་ན་མི་ཕྱེད་པས་ཡིད་ཆེས་པར་བྱའོ།། ངེས་པར་འཛིན་པས་མོས་པའོ།། བྱེ་བྲག་ཕྱེད་པས་རྟོགས་པའོ།། ཐོས་པའི་ཚེ་སོམ་ཉི་མེད་པའོ།། བསམ་པའི་ཚེ་ཐེ་ཚོམ་མེད་པའོ།། བསྒོམ་པའི་ཚེ་ཡིད་གཉིས་མེད་པའོ།། ཞེས་ཁ ་ཙོཅིག་འདོ་ངོ་།། ལ་ལྀ་དག་ནི་སྦྱོར་བ་ལ་སོགས་པ་གསུམ་དུ་སོམ་ཉི་མེད་པ་ལ་སོགས་པ་ཡིན་ནོ་ཞེའོ།། ལུས་ཅན་རྣམས་ཀྱི་ལས་དག་ནི།། བསྐལ་པ་བརྒྱར་ཡང་ཆུང་མི་ཟ།། ཚོགས་ཤིང་དུས་ལ་བབ་པ་ན།། འབྲས་བུ་ཉིད་དུ་འགྱུར ་བ་ཡིན་ཞེས་གཉེན་པོས་མ་བཅོས་པར་ཟད་པར་མི་འགྱུར་བས་ཆུང་མི་ཟའོ།། ཆུད་མི་ཟ་བ་ཅི་ཞིག་གནོད། ཉོན་མོངས་པ་སྤོང་ན་སོ་སོར་མ་བརྟག་པའི་འགོག་པར་འགྱུར་རོ།། མ་ཡིན་ཏེ་ཆུང་མི་ཟ་བ་ཞེས་བྱ་བ་ནི་གཉེན་པོས་མ ་བཅོས་ན་འབྲས་བུ་བསྐྱེད་པ་ལ་བྱ་སྟེ། ཉོན་མོངས་པ་ཟད་ན་དེ་ནི་འདོད་པ་ཁོ་ན་སྟེ། ཐོག་མ་མེད་པའི་ལས་ངག་ཇི་ལྟར་ཟད་པར་འགྱུར་ཞེ་ན། གཉེན་པོས་བསྒོམས་ཞིང་རྒྱུ་འགོགས་པས་ན་མི་བྱ་བ་མི་བྱེད་པའོ།། ངེས་དོན་བསྟན ་པའི་སྒོ་ནས་བསྡུ་བ་ནི། ཡང་དེ་ཉིད་ལས་འབྱུང་བ་ཞེས་བྱ་བ་ཡིན་ནོ།། འདུན་དང་ཞེ་སྡང་འཇིགས་པ་དང་།། རྨོངས་པས་གང་ཞིག་ཆོས་མི་འདའ་ཞེས་བྱ་བ་ཁ་ན་མ་ཐོབ་མི་བྱེད་པ་སྟེ། གཞན་དུ་ན། ང་ཡི་བསྟན་ལ་མ ་གུས་གང་།། དེ་ཡིས་དེ་མཐོང་ཅི་ཞིག་བྱ་ཞེའོ།། དད་པའི་ཚུལ་ཡུལ་བསྟན་པའི་ཕྱིར་དད་པ་ནི་ཞེས་བྱ་བ་ལ་སོགས་པས་མཚམས་སྦྱོར་ཏེ། དགེ་བའི་ཆོས་ནི་དཀར་པོའི་ཆོས་མཐའ་དག་བསྐྱེད་པའི་རྒྱུ་བྱང་ཆུབ་ཀྱི་སེམས་སོ།། ་སྔོན་དུ་འགྲོ་བ་ནི། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་།། བྱང་ཆུབ་བླ་ན་མེད་ལ་དད་གྱུར་པ།། སངས་རྒྱས་སྲས་ཀྱི་སྤྱོད་ལ་དད་བྱེད་ན།། སྐྱེས་བུ་དམ་པ་རྣམས་ཀྱི་སེམས་སྐྱེའོ།། ཞེས་འབྱུང་བ་ལྟ་བུའོ།། དེ་ལ་དད་པ་རྣམ་པ ་གསུམ་གྱིས་ཡུལ་གང་ལ་དད་པར་འགྱུར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དད་པའི་ཡུལ་ནི་རྣམ་པ་གསུམ་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་དང་། སྡུག ་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་། ལམ་དང་། ལུས་དང་། འབྲས་བུ་རྣམས་སོ།། ཡུལ་དེ་གསུམ་མཚོན་པའི་དོན་དུ་དེ་བཞིན་གཤེགས་པ་སྨོས་ཏེ། གཙོ་བོ་ཡིན་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་དེའི་ཡོན་ཏན ་གང་རྣམས་ཞེ་ན། འདི་ལྟ་སྟེ། ཕུང་པོ་ཡོངས་སུ་དག་པའི་ཡོན་ཏན་དང་བརྗོད་པ་ཡོངས་སུ་དག་པ་དང་། མཛད་པ་ཡོངས་སུ་དག་པ་དང་། མཁྱེན་པ་ཡོངས་སུ་དག་པ་དང་། གཟིགས་པ་ཡོངས་སུ་དག་པ་དང་། མངོན་པར ་འཕགས་པའི་ཡོན་ཏན་རྣམས་སོ།། དེ་ལ་ཕུང་པོ་ཡོངས་སུ་དག་པ་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི ་ཕུང་པོའོ།། བརྗོད་པ་ཡོངས་སུ་དག་པ་ནི་ཇི་ལྟ་བ་ལས་བརྩམས་ནས་ཆོས་རྣམས་ཀྱི་རང་བཞིན་བརྗོད་པ་དང་། ཇི་སྙེད་ཡོད་པ་ལས་བརྩམས་ནས་ཆོས་ཀྱི་རྣམ་གྲངས་བརྗོད་པའོ།། མཛད་པ་ནི་རྣམ་པ་གཉིས་ཏེ། མི་རྟག་པ་དང་། དུས་ཐམས ་ཅད་པའི་ཕྲིན་ལས་སོ།། མཁྱེན་པ་ནི་རྣམ་པ་དྲུག་སྟེ། རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། གཞན་གྱི་སེམས་ཤེས་པ་དང་། འཆི་འཕོ་དང་། སྐྱེ་བ་ཤེས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། ་ཟག་པ་ཟད་པ་མངོན་པར་མཁྱིམ་པའོ།། གཟིགས་པ་ནི་རྣམ་པ་ལྔ་སྟེ། ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ནོ།། མངོན་པར་འཕགས་པ་ནི་རྣམ་པ་གསུམ་སྟེ། སྐུ་དང་གསུང ་དང་ཐུགས་ཀྱིས་མངོན་པར་འཕགས་པ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་ནི་མདོར་སྟན་འདི་དག་ཏུ་ཟད་དེ། དེ་ཅིའི་ཕྱིར་ཞེ་ན། རང་དང་གཞན་གྱི་དོན་མཐའ་དགེ་བསྡུས་པའི་ཏེ། ལུང་ལས་ཡོན་ཏན་ཇི་སྙེད་བརྗོད་པ་ཐམས ་ཅད་ཀྱང་འདི་གཉིས་ཁོ་ནར་ཟད་དོ།། དེ་ལ་ཟག་པ་མེད་པའི་ཕུང་པོ་ལྔ་ལས་གཙོ་བོ་ཡིན་པའི་ཕྱིར་རོ།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་ཞེས་སྨོས་པ་ཡིན་ནོ།། ཇི་ལྟ་བ ་ལས་བརྩམས་ནས་ཆོས་ཀྱི་རང་བཞིན་བརྗོད་པ་ནི་དེས་བསྟན་པ་ནི་མཐོང་བར་དཀའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུ་རོལ་མཐོང་བའི་ཡུལ་མ་ཡིན་པས་ཤེས་པར་དཀའ་བའོ།། ཚད ་མའི་ཡུལ་མ་ཡིན་པས་ཤེས་པར་དཀའ་བའོ།། འཕགས་པའི་སྤྱོད་ཡུལ་དུ་གྱུར་པས་ཟབ་པའོ།། སྤྲོས་པ་དང་བྲལ་བས་རྒྱུ་བ་ཆོད་པའོ།། གཞི་མ་གྲུབ་པས་མིག་ཀྱང་མེད་ཅེས་བྱ་བ་ལ་སོགས་པའོ།། ཆོས་ཅན་མེད་པ་ལ་ཆོས ་འཐད་པས་མི་འགལ་བ་ཡང་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པའོ།། དེ་ལྟ་མོད་ཀྱི་འོན་ཀྱང་ཀུན་རྫོབ་ཏུ་ཇི་སྙེད་ཡོད་པ་ལས་བརྩམས་ཏེ། ཆོས་རྣམས་ཀྱི་རྣམ་གྲངས་བརྗོད་པ་ནི་ཡན་ལག་དྲུག་ཅུ་དང་ལྡན་པ་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། གསུང་ཡན་ལག་དྲུག་ཅུ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་ཤེས་པར་བྱའོ།། དེ་ལས་ཅི་བྱེད་ཞེ་ན། འཁྲུལ་པ་མཐའ་དག་གི་གཉེན་པོ་ཡིན་པའི་ཕྱིར་རོ།། ངག་གི་ལས་ཡོངས ་སུ་དག་པ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལྟར་རྒྱས་པར་བཤད་པ་བསྡུ་བའི་ཕྱིར་མི་མཁྱེན་པོ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བའི་དོན་མཁྱེན་པས་མི་མཁྱེན་པ་མེད་པའོ།། ཇི ་སྙེད་ཡོད་པ་མཁྱེན་པས་མ་གཟིགས་པ་མེད་པའོ།། དེ་གཉིས་ཀའི་ངོ་བོས་མངོན་སུམ་དུ་མ་མཛད་པ་མེད་པ་དང་།། མངོན་པར་སངས་མ་རྒྱས་པ་མེད་པའོ།། མཛད་པ་ཡོངས་སུ་དག་པ་ནི། སྤྱན་ཡོངས་སུ་དག་པ ་དང་ལྡན་ཞེས་གསུངས་ཏེ། ཉིན་མཚན་ལན་དྲུག་ཏུ་གཟིགས་པས་ན་ཀུན་ནས་སྤྱན་དང་ལྡན་པའོ།། ཡང་ན་གདུལ་བྱ་དུས་གསུམ་པ་རྣམས་ཡལ་བར་མི་འདོར་བར་དུས་ཐམས་ཅད་པའི་ཕྲིན་ལས་དང་མི་རྟོག་པའི་ཕྱིན་ལས ་ཀྱིས་གཟིགས་པས་ན་ཀུན་ནས་སྤྱན་དང་ལྡན་པའོ།། དྲུག་མངོན་པར་མཁྱེན་པའི་གཙོ་བོ་ཡིན་པའི་ཕྱིར་ཟག་པ་ཟད་པའི་མངོན་པར་ཤེས་པ་བསྟན་པ་ནི། འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའོ།། གཟིགས་པ ་ཡོངས་སུ་དག་པ་སྤྱན་ལྔ་ལས་དང་པོ་ཡིན་བྱའི་ཕྱིར། ཤའི་སྤྱན་སྨོས་ཏེ། མཐར་ཐུག་པ་མེད་པས་དཔག་ཏུ་མེད་པའོ།། མངོན་པར་འཕགས་པའི་ཡོན་ཏན་ལས་སྐུ་མངོན་པར་འཕགས་པ་ནི། སྤྱི་གཙུག་ལྟར་མི་སྣང་བའོ།། ། ་ཀུན་རྫོབ་ཀྱི་བདེན་པོ་སྟོན་པས་ཟབ་པའོ།། དོན་དམ་པའི་བདེན་པ་སྟོན་པས་དོན་དམ་པ་སྟོན་པ་སྟེ། འདི་གཉིས་ནི་གསུང་མངོན་པར་འཕགས་པའི་ཡོན་ཏན་ནོ།། ཐུགས་མངོན་པར་འཕགས་པ་ནི། སངས་རྒྱས་ཀྱི་ཆོས ་ཐམས་ཅད་ཀྱི་བླ་ན་མེད་པར་གྱུར་པ་སྟེ། དེ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་མཚོན་པའི་ཕྱིར་སྐུ་མངོན་པར་འཕགས་པའོ།། གསུང་ཡན་ལག་ལྔ་དང་ལྡན་པ་བསྟན་པའི་ཕྱིར ་གསུང་འཕགས་པ་བསྟན་ཏེ། གསུང་ཡན་ལག་ལྔ་གང་ཞེ་ན། ཡོངས་སུ་ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ་དང་། མཉན་ན་བདེ་ཞིང་མི་མཐུན་པ་མེད་པ་དང་། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་དང་། གཏང ་མི་ཟ་ཞིང་རྣར་སྙན་པ་དང་། མ་འཁྲུགས་ཤིང་གསལ་བའོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་བདུན་དང་། ཚད་མེད་པ་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག ་བ་དགུ་དང་།། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་མཁྱེན་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། རྣམ་པ་ཐམས་ཅད་དུ་ཡོངས་སུ ་དག་པ་བཞི་དང་། དབང་བཅུ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སྲུང་བ་མེད་པ་གསུམ་དང་དགོངས་པ་ཉེ་བར་བཞག་པ་གསུམ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ཡང་དག ་པར་བཅོམ་པ་དང་། ཐུགས་རྗེ་ཆེན་པོ་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་དག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེ་ཐུགས་མངོན་པར་འཕགས་པའོ།། ཡོན་ཏན་རྣམ་པ་གསུམ་པོ་འདི་དག་ནི་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་རིགས་པར་བྱའོ།། དེ་དག་གི་ངོ་བོ་ཉིད་གང་ཞེ་ན། དེ་ལ་དད་པའི་སྟོབས་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དད་པ་ནི་རྣམ་པ་གསུམ། ཡིད་ཆེས་པ་དང་། དང་བ་དང་། འདོད་པའི་དད་པའི་ངོ་བོ ་ཉིད་དོ།། དེ་ལ་མི་བརྫི་བས་ན་སྟོབས་ཞེས་བྱ་སྟེ་ཆེན་པོ་བྱ་བའི་དོན་ཏོ།། དེ་ལ་ཡིད་ཆེས་པའི་ངོ་བོ་ཉིད་ནི་མངོན་པར་དད་པ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཆོས་ནི་དེས་གསུངས་པའི་ལས་དང་འབྲས་བུ་ཕྱིན་ཅི ་མ་ལོག་པའི་མཚན་ཉིད་དེ། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ཞེས་བྱའོ་དེ་ལ་ལུས་ལ་སོགས་པའི་མངོན་པར་འདུ་བྱེད་པ་ནི་ལས་ཞེས་བྱ་སྟེ། དགེ་བ་ལ་སོགས་པ་རྣམ་པ་གསུམ་མོ།། རྙོག་པ་ནི་བདག་ཏུ་ལྟ་བ་ཡིན་ལ། མོས ་པབཔར་སྤྱོད་པའི་ས་ལ་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པ་ནི་རྟོག་པ་མེད་པའི་སེམས་སོ།། ཆོས་ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་དེ། གཅིག་དང་དུ་མ་དང་བྲལ་བའི་ཕྱིར། ངོ་བོ་ཉིད་མེད་པས ་སྟོང་པ་ཉིད་དང་། རང་དང་གཞན་གཉི་ག་དང་རྒྱུ་མེད་པ་ལས་མི་སྐྱེ་བས་རྒྱུའི་མཚན་མ་མེད་པ་དང་། ཡོད་པ་དང་མེད་པ་དང་གཉི་ག་ལས་མི་སྐྱེ་བས་འབྲས་བུ་སྨོན་པ་མེད་པ་དང་། དེའི་ཕྱིར་འདུ་བྱེད་ཐམས་ཅད་དང་བྲལ་ནས་མངོན། ་པར་འདུ་མི་བྱེད་པ་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་དབེན་པ་སྟེ་མཐོང་བའི་ལམ་གྱི་མཉམ་པར་བཞུག་པའི་གནས་སྐབས་དད་པའོ།། དེའི་རྗེས་ལ་ཐོབ་པ་ནས་ལྔ་པའི་བར་དུ་ཐབསོ་དང་ཤེས་རབ་ཟུང་དུ་འབྲེལ ་པའི་ངོ་བོ་ཉིད་དུ་དད་པ་ནི་སྦྱིན་པ་ལ་སོགས་པའོ།། ས་དྲུག་པ་ནས་བཅུ་པའི་བར་དུ་ཤེས་རབ་རྣམ་པ་བཞི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པ་ལ་སོགས་པ་སྟེ། དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་མཐོང་བ་དང་བསྒོམ ་པའི་ལམ་ལ་ཡིད་ཆེས་པའི་ངོ་བོ་ཉིད་དོ།། ལ་ལ་དག་ནི་མཐོ་རིས་ཀྱི་རྒྱུ་ནི་ལས་དང་ལས་རྣམ་པར་སྨིན་པའོ།། ཉོན་མོངས་པའི་སྒྲིབ་པ་སྤོང་བ་ནི་རྙོག་པ་མེད་པའོ།། ཤེས་བྱའི་སྒྲིབ་པ་སྤོང་བས་ན་སྟོང་པ་ཉིད་ལ་སོགས་པའོ།། ་ཐེག་པ་མཆོག་འདོད་པས་ན་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། མདོར་ན་མཐོ་རིས་དང་བྱང་གྲོལ་གྱི་ས་ལ་ཡིད་ཆེས་པས་ཡིན་ནོ་ཟེར་རོ།། ལ་ལ་དག་ནི་དངོས་སུ་བྱུང་བ་དང་ཞར་ལ་བྱུང་བའི་དོན་སྟེ། ལས་དང་ལས་ཀྱི་རྣམ ་པར་སྨིན་པ་ལ་དད་པ་ནི་དངོས་སུ་ཡིད་ཆེས་པའི་དད་པ་ནི་ཡིན་ལ། རྙོག་པ་མེད་པའི་སེམས་ལ་སོགས་པ་ནི་ཞར་ལས་བྱུང་བ་སྟེ། དེ་ལ་རྙོག་པ་ནི་གཟུང་བ་དང་འཛིན་པའོ།། དེ་དང་བྲལ་བའི་སེམས་རང་རིག་པའི་སེམས ་འོད་གསལ་བའི་ངོ་བོ་ཉིད་ནི་རྙོག་པ་མེད་པའི་སེམས་སོ།། ཀུན་ཏུ་བརྟགས་པ་དང་། གཞན་གྱི་དབང་བ་དང་། ཡོངས་སུ་གྲུབ་པའི་རང་བཞིན་དག་ནི་མཚན་ཉིད་དང་། སྐྱེ་བ་དང་། དོན་དམ་པའི་ངོ་བོ་ཉིད་མེད་པས་སྟོང་པ་ཉིད ་ལ་སོགས་པ་ཉིད་ཡིན་ལ། འོད་གསལ་བའི་སེམས་ལས་མ་གཏོགས་པའི་སེམས་གཞན་གྱིས་ངོ་བོ་ཉིད་ཚོལ་བར་མི་བྱེད་པ་དང་། ཆོས་ཉིད་སེམས་ལས་གཞན་པོའི་སེམས་གཞན་ནོ།། ཡོད་པ་མ་ཡིན་རང་བཞིན་བརྗོད ་དོ་ཞེས་འབྱུང་བས་མངོན་པར་འདུ་མི་བྱེད་པའོ།། དེ་ལྟར་བལྟ་བ་རྣམ་པར་དག་པས་སྤྱོད་པ་ཕུན་སུམ་ཚོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་རྣམ་དྲུག་དང་བསྡུ་བའི་དངོས་པོ་བཞི་བསྟན་ཏོ་ཞེས་འདོད་དོ།། དང་པོའི་ངོ་བོ་ཉིད་ནི་དང་བའི ་མཚན་ཉིད་ནི་དད་སྟེ་ཞེས་བྱ་བ་སྟེ། འདོད་ཆགས་ལ་སོགས་པའི་རྟོག་པ་དང་བར་བྱེད་པས་ན་ནོར་བུས་ཆུ་དང་ལྟར་དང་བར་བྱེད་པའོ།། རྟོག་པ་མེད་པ་ཉིད་གང་ཞེ་ན། གང་ཆགས་པ་མེད་པ་ཞེས་བྱའོ།། ཡུལ་གང་ཞེ་ན། ་ཐེག་པ་ཆེན་པོའི་ཞེས་བྱ་སྟེ། རྣམ་པ་བཞི་ནི་ཐེག་པ་ཆེན་པོའི་རྒྱུད་དང་བར་བྱེད་པའི་གཙོ་བོ་ཡིན་པས་ཐེག་པ་ཆེན་པོ་སྨོས་སོ།། གཞན་དག་ནི་དང་བའི་དད་པ་ནི་མོས་པ་གཙོ་བོ་ཡིན་པས་མོས་པར་སྤྱོད་པའི་ས་ལ་འདོད་ཏེ། རེ་ཞིག ་ཚོགས་ཀྱི་ས་ལ་སྒྲའི་རྗེས་སུ་འགྲོ་བས་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དགེ་བའི་བཤེས་གཉེན་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཤིན་ཏུ་སྐོམ་ནས་ངུ་ཞིང་ཆོ་ངེས་འདེབས་ཏེ། ཉིན་མཚན་བདུན་འདས་པ་ལྟ་བུ་དང་། རྒྱལ་པོ ་ལ་གདམས་པ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟུགས་བརྙན་མཐོང་བས་ཞག་བདུན་དུ་མིག་མི་འཛུམ་པར་ལྟ་ཞིང་མཆི་མའི་རྒྱུན་མི་འཆད་པར་བྱུང་ཞིང་ཞེས་བྱ་བ་དང་། འཕགས་པ་ནོར་བཟངས་ཀྱིས་དགེ་བའི ་བཤེས་གཉེན་མཐོང་མ་ཐག་ཏུ་མིག་མཆི་མས་གང་བར་ངུས་ཏེ་ཞེས་བྱ་བ་ལྟ་བུའོ།། དེའི་ཕྱིར་ཚོགས་ཀྱིས་ལ་ནི་ཐེག་པ་ལ་མོས་པ་མི་བཟློག་པས་ན་དད་པའི་སྟོབས་ཞེས་བྱའོ།། དྲོད་དང་རྩེ་མོའི་གནས་སྐབས་ན་དབང་བྱེད ་པའི་ཕྱིར་དབང་པོའོ།། བཟོད་པ་དང་ཆོས་ཀྱི་མཆོག་ཏུ་མི་བརྫི་བའི་ཕྱིར་སྟོབས་ཞེས་བྱའོ།། འདིར་གཙོ་བོ་ཡིན་པས་དད་པ་འབའ་ཞིག་སྨོས་ཏེ་བརྩོན་འགྲུས་ལ་སོགས་པ་ཡང་རིག་པར་བྱའོ།། དེ་ལ་ལུས་ལ་སོགས་པ་ལ་མ་ཞེན ་པས་ཆགས་པ་མེད་པ་ཁོང་དུ་ཆུད་པ་སྟེ། དཔེར་ན་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་བརླའི་ཤ་བརྟོགས་ཤིང་རུས་པ་གཅོག་པ་དང་། ལག་པ་ཕུག་ཏེ་ཁྲག་གཟག་གོ་ཞེས་པ་ལྟ་བུའོ།། མ་ཞེན་པ་ནི་རང་བཞིན་མེད་པར་ཁོང་དུ ་ཆུད་པས་དངོས་པོར་ལྟ་བས་མི་བརྫི་བའི་ཕྱིར་སྟོབས་ཞེས་བྱའོ་ཞེས་འཆད་དོ།། དེ་ལྟར་དང་བའི་ངོ་བོ་ཉིད་བཤད་ནས་འདོད་པའི་དད་པའི་ངོ་བོ་ཉིད་བརྟན་པ་ནི་གཞན་ཡང་ཞེས་གསུངས་པའོ།། བདེན་པ་བཞི ་རྟོག་ས་པར་འདོད་པས་དགེ་བའི་བཤེས་གཉེན་ལ་བརྟེན་པ་ནི་གཞན་གྱི་སྒྲ་ལ་དད་པའོ།། དེ་ལ་དད་པ་ནི་འདོད་པའི་དད་པའོ།། ཇི་ལྟར་ཞེ་ན་འོག་ནས་གཞན་གྱི་སྒྲ་ཐོས་ནས་མངོན་པར་དད་པ་ཞེས་འབྱུང་བའི་ཕྱིར་རོ།། འདོད་པ་ནི ་འདུན་པ་སྟེ། གཞན་གྱི་སྒྲ་དང་ཚུལ་བཞིན་ཡིད་ལ་བྱེད་པ་ལས་དོན་རྙེད་པའི་ཕྱིར་རོ།། དེ་ལ་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་དག་ནི་ཤེས་པར་བྱ་བ་དང་། སྤང་བར་བྱ་བ་དང་། མངོན་དུ་བྱ་བ་དང་། རྒྱུད་ལ་བསྐྱེད ་པར་འདོད་པའི་ཕྱིར་དང་པོ་གཞན་གྱི་སྒྲ་ལ་དད་པ་སྟེ། ཆོས་ཐོས་པར་འདོད་པའོ།། ཆོས་གང་ཞེ་ན། སྦྱོར་བ་རིམ་ཅན་དུ་བསླབ་པར་བྱ་བས་བདེན་པ་བཞི་རྟོགས་པར་བྱ་བའི་ཕྱིར་རོ།། སྦྱོར་བ་རིམ་ཅན་ཞེས་བྱ་བ་ནི་ཚུལ་ཁྲིམས་དང་། ་ཐོས་པ་དང་། བསམ་པ་དང་། བསྒོམ་པ་ལྔ་བྱ་སྟེ། འདི་ན་དང་པོར་ཐོས་ལ་བརྟེན་ནས་ཡིད་ལ་བྱེད་པ་འབྱུང་།། ཚུལ་བཞིན་ཡིད་ལོ་བྱེད་པས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་།། དེ་ལས་ཆོས་ཐོབ་དེ་ཡོད་དེ་ལས་བློ་གྲོས་རབ་ཏུ་སྐྱེ།། ། ་གང་ཚེ་དེ་ནི་སོ་སོ་ཡང་རིག་མེད་ན་ཇི་ལྟར་ངེས་ཞེས་བྱ་བ་ལྟ་བུའོ།། དེ་ལྟ་བས་ན་དང་པོ་སྨོན་པ་དང་ལྡན་པའི་སེམས་རྒྱུད་ལ་བསྐྱེད་པས་ན་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་པའོ།། འཇུག་པའི་སྡོམ་པ་ལེན་པས་ན་སྤྱོད་པའོ།། ་མཐོང་བའི་ལམ་གྱིས་བསྡུས་པའི་སེམས་རྣམ་པ་བཅུ་ནི་བྱང་ཆུབ་ཀྱི་སེམས་སོ།། ལམ་དེ་ལ་འཇུག་པའི་བརྒྱུད་པའི་སྦྱོར་བ་ནི་རྣམ་པ་གསུམ་སྟེ། དེ་གསུམ་མཚོན་པའི་ཕྱིར་འགྱུར་བ་མེད་པ་ནི་བསམ་པའོ།། དངོས་ཀྱི་སྦྱོར་བ་འབྲས ་བུ་གསུམ་དང་ལྡན་པ་ནི་སྦྱོར་བའོ།། རང་གི་དོན་བསྒྲུབ་པའི་ཐབས་ནི་ཕ་རོལ་ཏུ་ཕྱིན་པའོ།། གཞན་གྱི་དོན་བསྒྲུབ་པའི་ཐབས་ནི་བསྡུ་བའི་དངོས་པོའོ།། གཉི་གའི་སྒྲུབ་པའི་རྒྱུ་ནི་ཐབས་ལ་མཁས་པ་སྟེ། དགེ་བའི་བཤེས་གཉེན་ནོ།། ་འབྲས་བུའི་ངོ་བོ་ཉིད་ནི་སྔར་བཤད་པའི་ཆོས་རྣམས་ཏེ། སངས་རྒྱས་ཀྱི་ཆོས་སོ།། ལམ་རྣམ་པ་བཞི་ནི་བྱང་ཆུབ་སེམས་དཔའི་ཆོས་དེ་དག་ནི་སྦྱོར་བ་རིམ་པ་བཞིན་དུ་བསླབ་པ་རྣམས་སོ།། ལ་ལ་ན་རེ་མོས་པ་གཙོ་བོར ་གྱུར་པའི་དང་པོའི་ངོ་བོ་ཉིད་ཀྱི་བཟོད་པ་དང་ཆོས་ཀྱི་མཆོག་ཏུ་དད་པའི་གཙོ་བོར་བཤད་པ་དེ་ལ་ཅིའི་ཕྱིར་སྟོབས་ཞེས་བྱ། གང་གིས་རྫི་བར་མི་ནུས་ཞེ་ན། བྱང་ཆུབ་ཀྱི་སེམས་ལ་སོགས་པ་འོག་ནས་འཆད་པ་རྣམས་དང ་ལྡན་པས་སྟོབས་ཞེས་བྱ་ལ། དེ་དག་གིས་མི་མཐུན་པ་ཟིལ་གྱིས་ནོན་པས་ན་མི་རྫི་བའོ།། བྱང་ཆུབ་ཀྱི་སེམས་ལ་སོགས་རྣམས་དང་ལྡན་པ་ནི་ཡོངས་སུ་འཛིན་པ་ལ་རག་ལུས་པས་ན་གཞན་གྱི་སྒྲའོ།། གཞན་ལས ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པ་སྟེ། དེ་ཚེ་ཆོས་ཀྱི་རྒྱུན་ལ་ནི།། སངས་རྒྱས་རྣམས་ལ་ཞི་གནས་དང་།། ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར།། གདམས་ངག་རྒྱ་ཆེན་རྙེད་པར་འགྱུར་ཞེས་བྱ ་བ་ལྟ་བུའོ་ཞེས་འདོད་དེ། ད་ནི་ཕན་ཡོན་བཤད་པར་བྱ་སྟེ། ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པ་སྐབས་འབྱེད་པ་ཡིན་ནོ།། དེ་ལ་མདོ་གཅིག་གིས་བཤད་པ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་ཞེས་བྱའོ།། ་མདོ་དུ་མའི་སྒོ་ནས་བཤད་པ་ནི། ཟླ་བ་སྙིང་པོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས་བསྟན་པའོ།། དེ་ལ་དང་བའི་ཕན་ཡོན་ནོ།། དང་བ་མང་བ་དང་། འཕགས་པ་རྣམས་ལ་ལྟ་འདོད་པ་དང་དམ་པའི་ཆོས་ཉན་པར་འདོད ་པའོ།། ཡིད་ཆེས་པའི་ཕན་ཡོན་ནི། ལས་དང་ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པའོ།། འདོད་པའི་ཕན་ཡོན་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྤོང་ཞིང་ཞེས་བྱ་བ་ལ་སོགས་པ་སྟེ། སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ།། ་མི་དགེ་བ་བཅུའི་མཚན་ཉིད་ནི་འོག་ནས་སྟོན་ཏོ།། བྱ་བ་དང་བྱ་བ་མ་ཡིན་པའི་ངོ་བོ་ཉིད་ཡིན་པ་ལས་ཀྱང་ཡིན་ལ། བདེ་འགྲོ་དང་ངན་འགྲོའི་ལམ་ཡང་ཡིན་པས་ལས་ཀྱི་ལམ་མོ།། ཕན་ཡོན་དང་ལྡན་པའི་དད་པ་སྐྱེ་བའི ་རིམ་པ་གང་ཞེ་ན། དང་བའི་དད་པ་དང་ལྡན་པ་དག་ནི་ཡིད་ཆེས་པར་འགྱུར་རོ།། ཡིད་ཆེས་ན་འདོད་པའི་འདུན་པ་སྐྱེ་བར་འགྱུར་ཏེ། འདི་ནི་གོ་རིམ་མོ།། དེའི་ཕྱིར་དད་པ་བརྟན་པར་བྱ་བའི་ཐབས་བཤད་པར་བྱ་སྟེ། དང་པོ་མཚན་ཉིད་དང་ལྡན ་པའི་དགེ་བའི་བཤེས་གཉེན་ལ་གསོལ་བ་གདབ་པར་བྱ་སྟེ། སློབ་དཔོན་ཁྱོད་ལས་བདག་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བའི་ཕྱིར་དད་པའི་རྩ་བ་བརྟན་པོའི་ཐབས་ནོད་པར་འཚལ་གྱིས་ཐུགས་བརྩེ་བའི་སླད་དུ་བསྟན་དུ་གསོལ། དེས ་ཀྱང་རིགས་ཀྱི་བུ་དཀར་པོའི་ཆོས་མཐའ་དག་གི་རྩ་བ་དད་པ་བརྟན་པར་འདོད་པ་གསུམ་ནི་ལེགས་སོ།། དེའི་ཕྱིར་ཁྱོད་ཀྱི་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ་ཡིད་ལ་གྱིས་ཤིག་དང་། ་དེས་ཁྱོད་ལུས་ཀྱི་བ་སྤུ་ལྡང་བ་དང་། མཆི་མ་འཁྲུག་པའི་དད་པ་ཉོན་མོངས་པ་མེད་པ་སྐྱེ་བར་འགྱུར་རོ།། ཡང་ན་ཇི་ལྟར་ཐོས་པའི་རྣམ་པར་ཡིད་ལ་གྱིས་ཤིག་དང་། ཡང་ན་འཕགས་པའི་གང་ཟག་གི་ཚོགས་ཀྱི་རྣམ་པ་དེ་ལྟར་ཡིད་ལ་གྱིས་ཤིག་དང་དེ་ཁོ་ན ་བཞིན་དུ་འགྱུར་རོ།། དེའང་རྟག་ཏུ་བསྒོམ་ཞིང་བརྟན་པོར་བྱའོ་ཞེས་བྱ་བ་བསྟན་པར་བྱའོ།། ཡང་རིགས་ཀྱི་བུ་ཁྱོད་ཀྱི་འདི་ལྟ་བུའི་རྒྱུ་ཡིད་ཆེས་པར་བྱ་སྟེ། དཀར་པོའི་ཆོས་མཐའ་དག་ལས་སྐྱེས་པ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྐུ་ནི་ཆོས་ཀྱི་སྐུ་སྟེ། ་སོད་ནམས་བརྒྱ་ལས་སྐྱེས་པའོ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་ལྟར་ཡིད་ཆེས་པའི་དད་པ་བསྐྱེད་པར་བྱའོ།། དེའི་ཕྱིར་ཁྱོད་ཀྱིས་སྐུ་འདི་ལྟ་བུ་ལ་འདོད་པ་བསྐྱེད་དེ་ཐོབ་པོ་དོན་དུ་གཉེར་བར་བྱའོ།། མི་དགེ་བ་མཐའ་དག་སྤོང་བར་བྱའོ།། འཁོར ་བའི་ཕུང་པོ་ལྔའི་སྡུག་བསྔལ་ཤེས་པར་བྱའོ།། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱའོ།། མྱ་ངན་ལས་འདས་པ་ཐོབ་པར་བྱའོ་ཞེས་བསྟན་ནས། དེ་དག་ཀྱང་དེ་ཁོ་ན་བཞིན་དུ་བསྒོམས་པས་མི་ཕྱེད་པ་དང་ལྡན་པ་ནི་དང་པའི་རྩ་བ ་བསྟན་པ་ཞེས་བྱའོ།། དེའི་ཕྱིར་དང་པོར་དགེ་བའི་བཤེས་གཉེན་བསྟེན་པར་བྱེད་པ་ནི་དད་པ་ཅན་དེ་དགེ་སྦྱོང་དང་བྲམ་ཟེ་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་ཡང་དག་པར་སོང་བ་ནི་འབྲས་བུ་ཐོབ་པ་དེའི་རྒྱུ་ནི་མང་དུ་ཐོས་པ་དང་། ཐོས་པ་ལ་བརྩོན་པ ་ལུང་ལེན་པའི་དགེ་བའི་བཤེས་གཉེན་ནོ།། ཚུལ་བཞིན་ཡིད་ལ་བྱེད་པ་ནི་བསྒྲུབ་པའི་དགེ་བའི་བཤེས་གཉེན་ནོ།། འདི་དག་གིས་ནི་སོ་སོརའི་སྐྱེ་བོའི་དགེ་བའི་བཤེས་གཉེན་བསྟན་ཏོ།། ཕགས་བྱའི་གང་ཟག་ནི་ཐེ་ཚོམ་ལས་བརྒལ ་བ་དང་། ཡང་སྲིད་ཟང་པའོ།། བླ་ན་མེད་པའི་དགེ་བའི་བཤེས་གཉེན་ནོ་རྫོགས་པའི་སངས་རྒྱས་སོ།། གང་ཟག་དེ་དག་གང་ཞེ་ན་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་ཉན་ཐོས་ཞེས་སྨོས་སོ།། ཡོད་ཆེས་པ་ལ་སོགས་པ་གསུམ་ནི་དང་པོ་དང ་མ་དང་ཐ་མར་བསྟན་ཏོ།། འདི་དག་གིས་ནི་དང་པོའི་དད་པ་བསྒོམ་པའི་ཐབས་བསྟན་ཏོ།། ལས་དང་རྣམ་པར་སྨིན་པ་སྟོན་ཞེས་བྱ་བ་ནི་ཡིད་ཆེས་པ་བསྒོམ་པའི་ཐབས་བསྟན་ཏོ།། སྣོད་དུ་རིག་ནས་ཞེས་བྱ་བ་ལ་སོགས་པས་ནི་འདོད་པའི་དད་པ་བསྒོམས ་བའི་ཐབས་ཏེ་མྱ་ངན་ལས་འདས་པ་ཐོབ་པར་འདོད་པས་བདེན་པ་གཉིས་ལྡན་དུ་བསྒོམ་པར་བྱ་བ་ནི་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དོན་དམ་པའི་བདེན་པ་བསྟན་པ་ནི་སྟོང་པ་ཉིད་ལ་སོགས་པའོ།། འོན་ཀྱང་རྐྱེན་ཉིད་འདི་ལ ་རྩམ་དུ་ཡོད་པས་རྟེན་ཅིང་འབྲེལ་པར་འབྱུང་བའི་གཏམ་མོ།། སྟོང་པ་ཉིད་ལ་སོགས་པ་ནི་བཤད་ཟིན་ཏོ།། ཆོས་ཉིད་ལ་རྒྱུ་འབྲས་མི་འཐད་པས་ན་མ་སྐྱེས་ཤིང་མ་བྱུང་བའོ།། ཀུན་ཏུ་བརྟག་པས་མེད་པས་ན་བདག་ལ་སོགས་པ་མེད་པ་སྟེ། ་ང་རྒྱལ་བའི་ཕྱིར་བདག་གོ།། ཞུམ་པའི་ཕྱིར་སེམས་ཅན་ནོ།། འཚོ་བའི་ཕྱིར་སྲོག་གོ།། འབྱུང་ཞིང་འཇིགས་པས་གང་ཟག་གོ།། རྒྱུ་རྐྱེན་ཚོགས་པ་ལས་འབྲས་བུ་འབྱུང་བས་རྟེན་ཅིང་འབྲེལ་པར་འབྱུང་བའོ།། ཇི་ལྟར་ཐོས་པ་བཞིན་བསྒྲུབ་པས་ཆགས་པ ་མེད་པར་འཇུག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆགས་པ་ནི་དངོས་པོར་ཞེན་པའོ།། ལྷག་པར་ཞེན་པའི་གནས་ཡིན་པས་ཕུང་པོ་ལ་སོགས་པ་སྨོས་ཏེ། སྦྱངས་པའི་ཕྱིར་ཕུང་པོའོ།། རིགས་ཀྱི་དོན་ཡིན་པས་ཁམས་སོ།། སྐྱེ་བའི་སྒོ་ཡིན་པས་སྐྱེ་མཆེད་དོ།། ། ་དེ་དག་ཀྱང་ཆད་པའི་གནས་སྤངས་པས་རང་བཞིན་གྱིས་ཞེས་བྱ་སྟེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ།། འོ་ན་ཐོབ་བྱ་བ་མེད་དོ་ཞེ་ན། སངས་རྒྱས་ཀྱི་ཡེ་ཤེས་ཚོལ་ཞེས་བྱ་བ་སྟེ། སྟོང་པ་ཉིད་བསྒོམ་པ་རྣམས་ཀྱི་དམ་པ་ཡིན་པས། དེས་མྱ་ངན་ལས་འདས ་པ་འགོག་པ་ཐོབ་པར་འགྱུར་ཏེ། སྒོམ་པ་རྣམ་པར་མི་སྒོམ་པའི།། སྒོམ་པ་དམ་པ་འདོད་པ་སྟེ།། ཐོབ་པར་ལྟ་བ་མེད་རྣམས་ཀྱི།། ཐོབ་པར་ཡང་ནི་དམ་པར་འདོད་ཅེས་འཆད་པ་ལྟ་བུའོ།། སྟོང་པ་ཉིད་དེ་ཡང་ཐབས་ཀྱིས་ཡོངས་སུ་ཟིན་པས་བསྟན་པ་ནི ་བག་ཡོད་པ་གཞོལ་བ་ཡིན་ནོ་ཞེས་བྱའོ།། དེ་ཉིད་བཤད་པ་ནི།། དབང་པོ་སྡོམ་པ་ཞེས་བྱ་བ་ལ་སོགས་པའོ།། དེའི་ཕྱིར་འོག་ནས་ཀྱང་། ཐབས་དང་བྲལ་བའི་ཤེས་རབ་ནི་འཆིང་བར་བཤད་དོ།། ད་ན་མདོ་དུ་མའི་སྒོ་ནས་དད་པའི་ཕན་ཡོན་བསྟན་པའི་ཕྱིར ་ཟླ་བའི་སྙིང་པོའི་ལེའུ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་བའི་ཕན་ཡོན་ནི། དཔེར་ན་ཡིང་བཞིན་ནོར་བུ་རིན་པོ་ཆེ་དཔེར་བརྗོད་པ་བཞིན་ནོ།། ཞེས་གསུངས་ཏེ། སྔར་བཤད་པའི་ཡོན་ཏན་རྣམས་ཐོབ་པར་བྱེད་པའི་ཕྱིར་རོ།། ཡིད་ཆེས ་པ་དང་འདོད་པའི་ཕན་ཡོན་སྤྱིར་བསྟན་པ་ནི། མོས་པའི་སྟོབས་ཞེས་བྱ་སྟེ། མོས་པ་ནི་ངེས་པར་འཛིན་པའོ།། གང་ལ་མོས་པ་ཞེ་ན། ཡིད་ཆེས་པས་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པའོ།། འདོད་པས་ནི་བྱང་ཆུབ་ཀྱི་སེམས་མི་འདོར་བ་ལ ་སོགས་པ་སྟེ། བྱང་ཆུབ་ཀྱི་སེམས་ནི་སྨོན་པ་དང་ལྡན་པའོ།། ཡིད་དམ་ལ་བརྟན་པ་ནི་འཇུག་པའི་སྡོམ་པའོ།། ཇི་ལྟར་ཡིད་དམ་ལ་བརྟན་ཞེ་ན། སྡོམ་པའི་ཚུལ་ཁྲིམས་ཀྱིས་ནི་མི་དགེ་བའི་ཆོས་ཐམས་ཅད་སྦྱོང་བའོ།། སེམས ་ཅན་གྱི་དོན་བྱེད་པས་ནི་ཉེས་པར་བྱས་པ་ཐམས་ཅད་བཟོད་པའོ།། ལྡན་པ་ཞེས་བྱ་བ་ནི་ཐམས་ཅད་ལ་སྦྱར་བར་བྱ་སྟེ། ཐོབ་པར་འགྱུར་ཞེས་བྱ་བ་ཚིག་གི་ལྷག་པའོ།། ཁ་ཅིག་ནི་སྔར་བཤད་པའི་དད་པ་དང་ལྡན་པ་ནི་དཀོན་ཏེ། དཀོན་པའི་དཔེ་རིན ་པོ་ཆེ་བཞིན་ནོ།། དད་པའི་མཚན་ཉིད་ཚུལ་གཞན་གྱིས་བཤད་པ་ནི་མོས་པའི་སྟོབས་ལ་སོགས་པའོ།། མོས་པ་ནི་ཐེག་པ་ཆེན་པོའོ།། འཇུག་པ་ནི་ཡིད་ཆེས་པ་བསྒོམ་པའོ།། མི་འདོར་བ་ནི་མོ་གཏོང་བའི་བརྟན་པ་ནི་མི་གཡོ་བའོ།། སྤངས་པ ་ནི་འདོར་བའོ།། བཟོད་པ་ནི་ལེན་པའོ་ཞེས་ཀྱང་འཆད་དོ།། ད་ནི་སྔར་བཤད་པའི་དད་པའི་ཡུལ་གཞན་བསྟན་པའི་ཕྱིར་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྲས་བུ་ཐོབ་པར་འདོད་པས་ན་སེམས་དཔའོ།། ཉན་ཐོས་དང་རང ་སངས་རྒྱས་ཀྱི་ཐེག་པ་ལས། ཁྱད་ཞུགས་པས་ན་སེམས་དཔའ་ཆེན་པོའོ།། ཡོན་ཏན་གྱི་བྱེ་བྲག་ནི་གནས་སྐབས་ཀྱི་སྟོབས་ཀྱིས་དྲངས་ན་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་བ་ལ་བྱའོ།། དེ་ལ་འདོད་པའི་དད་པའི་ཡུལ་བསྟན་པ་ནི། ་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། ཆོས་ཐམས་ཅད་ནི་བདེན་པ་བཞིའོ།། དེ་ལ་འགོག་པ་ནི་གཉེན་པོ་མེད་པ་སྟེ། གདུལ་བར་མི་ནུས་པའི་ཕྱིར་རོ།། ལམ་གྱི་བདེན་པ་དག་ནི་མ་འགག་པ་སྟེ་གོང་ནས་གོང་དུ་ཡེ་ཤེས་སྐྱེ་བའི་ཕྱིར་རོ།། ་དེ་དག་ཀྱང་སྡང་བྱ་ཡིན་པའི་ཕྱིར་འགོག་པ་ཁོ་ནའོ།། མ་ཡིན་ཏེ་སྐྱེས་པའི་ལམ་གཙོར་བྱེད་པའི་ཕྱིར་རོ།། སྡུག་བསྔལ་དང་ཀུན་འབྱུང་དག་ནི་ལོག་པའི་ཤེས་པ་ལས་བྱུང་བས་འཁྲུལ་པ་ཡིན་པས་བདེན་པ་བརྗོད་དུ་མེད་པའོ།། ལ་ལ་ན་རེ་ཡོན་ཏན་གྱི ་བྱེ་བྲག་ནི་མདོ་ཉིད་གཙོར་བྱས་པ་ལའོ།། ཆོས་ནི་ཕྱི་ནང་གི་དངོས་པོ་ཐམས་ཅད་དོ།། ཆོས་ཀྱི་རང་བཞིན་སྟོང་པ་ཉིད་ནི་དངོས་པོས་བསྒྱུར་བར་མི་ནུས་པས་གཉེན་པོ་མེད་པའོ།། གཅིག་དང་དུ་མ་དང་བྲལ་བ་ལ་སོགས་པ་མ་སྐྱེས་པའོ།། ཆོས་ཅན ་མེད་པ་ལ་ཆོས་ཀྱི་མཚན་ཉིད་མི་འཐུད་བས་མ་འགགས་པའོ།། ཀུན་རྫོབ་དང་དོན་དམ་པ་ནི་གཅིག་དང་ཐ་དད་པ་མི་འཐད་པས་བརྗོ་ད་དུ་མེད་པའོ།། དེས་ན་འགོག་པའི་ངོ་བོ་ཉིད་གཙོར་བསྟན་ཏོ་ཞེས་འགྲེལ་པ་གཞན་འདོད་དེ། ད་ནི་སྔར་བཤད ་བའི་དང་བའི་དད་པའི་ཡུལ་དེ་ཉིད་ཕྲིན་ལས་ཀྱི་ཡོན་ཏན་བརྩམས་པ་ནི། ལྷུན་གྱིས་གྲུབ་ཅིང་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་མི་རྙོག་པའི་ཕྲིན་ལས་ནི་ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་པ་ཞེས་གསུངས་པ་སྟེ། སྤྱོད་པ་ནི་ཐུགས་དང ་གསུང་གི་ཕྲིན་ལས་རྣམས་སོ།། སྤྱོད་ལམ་ནི་རྣམ་པ་བཞི་སྟེ། བཞུགས་པ་དང་། བཞེངས་པ་དང་། གཟིམས་པ་དང་། འཆག་པ་སྟེ་གནས་སྐབས་བཞིར་དོན་མཛད་པས་ནི་ཕྲིན་ལས་སོ།། བྱ་བ་ནི་གཞན་དོན་འབའ་ཞིག་པ་ལ་བྱ་སྟེ། ་རང་གི་དོན་མཛད་ཟིན་པའི་ཕྱིར་རོ།། རང་གི་དོན་ཇི་ལྟར་མཛད་ཅེ་ན། བདེན་མོད་ཀྱི་འོན་ཀྱང་རྒྱལ་པོ་ལྟ་བུ་སེམས་བསྐྱེད་པའི་ཕྱིར་རོ།། འཕྲིན་ལས་དེ་དག་ཀྱང་གདུལ་བྱ་མ་ལུས་པའི་བྱ་བ་ཡིན་པས་ན་ཁྱབ་པ་སྟེ། སངས་རྒྱས་མཛད ་པ་རྒྱ་ཆེའི་ཕྱིར།། ཁྱབ་པ་ཞེས་ནི་རབ་ཏུ་བརྗོད་ཅེའོ།། འཕྲིན་ལས་དག་ཀྱང་གང་དུ་མཛད་ཅེ་ན། གནས་ཞེས་སྨོས་ཏེ། སྤྲུལ་པ་བཞུགས་པའི་རྟེན་ཡིན་པའི་ཕྱིར་རོ།། ཕྲིན་ལས་ཀྱང་གཅིག་ཏུ་ཟད་དམ་ཅེ་ན་མ་ཡིན ་ཏེ། གདུལ་བྱའི་བསམ་པའི་དབང་གི་སྣ་ཚོགས་པ་དང་། མི་ཟད་པ་སྟེ་ལས་ཟད་པ་མེད་པས་ན། རྟག་པ་ཉིད་དུ་མངོན་པར་བརྗོད་ཅེས་བྱ་བའི་ཚུལ་གྱིས་ན། ཛམྦུའི་གླིང་གི་རྡུལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དུས ་ཐམས་ཅད་པའི་ཕྲིན་ལས་ནི། སེང་གི་འབངས་བཟང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་གྱི་བསམ་པའི་དབང་གིས་གཞན་དུ་སྤྲུལ་པ་དང་། དེ་ཡང་འདས་པའི་དུས་དཔག་ཏུ་མེད་པའི་སྔ་རོལ་ནས་ཤཱཀྱ་ཐུབ ་པ་མངོན་པར་སངས་རྒྱས་ནས་བསྟན་པ་དང་། དེའི་དུས་ལས་བཞེངས་པས་ན་ད་ལྟར་བསྟན་པ་དང་རྣམ་པ་གསུམ་དུ་མོས་ན། ཞེས་བྱ་བ་ནི་མདོ་རྣམ་པ་གསུམ་ཡིན་ནོ།། དེ་ལ་སེང་གི་འབངས་བཟུང་ཞེས་བྱ་བ ་ནི་རྒྱལ་པོ་སེང་གེའི་བུའི་མིང་ངོ་།། རྟོགས་པ་བརྗོད་པ་ནི་སྔོན་གྱི་ཚུལ་ལོ།། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི། ཤྭའི་ཕྱིར་འཁོར་ལ་སོགས་པ་ཁ་བརྟགས་པ་ལ་བསྟན་པས་སོ།། མར་མེ་མཛད་ནི ་བསྐལ་པ་གྲངས་མེད་པ་གསུམ་གྱི་གྲངས་མེད་པ་གཉིས་པའི་ཐ་མར་བསྙེན་བཀུར་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མིང་ངོ་།། བཟུང་སྟེ་ཞེས་བྱ་བ་ནི་དེ་ལས་ལུང་བསྟན་པ་ཐོབ་ནས་སོ།། ་སངས་རྒྱས་གཅིག་གིས་མཁྱེན་པས་ན་སངས་རྒྱས་ཀྱི་ཡུལ་ལོ།། ཤཱཀྱ་ཞེས་བྱ་བ་ནི་མས་དབེན་གྱི་ཆུང་མ་བླངས་པ་ལས་བཏགས་པའི་མིང་ངོ་།། བསད་པ་ཞེས་བྱ་བ་ནི་ཤི་བའི་མིང་གི་རྣམ་གྲངས་ཏེ་འཚོ་བ་དང་བྲལ་ཞེས་བྱ་བའི ་དོན་ཏོ།། བསྟན་པ་ཞེས་བྱ་བ་ནི་བདེན་པ་མཐོང་བའི་གང་ཟག་རྣམས་རྒྱལ་པོ་འཕགས་སྐྱེས་པོས་བསད་པར་བསྟན་པའོ།། སྨིན་པར་བྱས་པ་ནི་སྐྱོ་བ་བསྐྱེད་པའི་ཕྱིར་རོ།། མདོ་ཀུན་ལས་བཏུད་པའི་བཤད་པ་ལུང་གི་ཚད་མས་སྦྱར་བ ་ལས། དད་པ་རྙེད་པར་དཀའ་བའི་གཏམ་བརྗོ་ད་པ་སྟེ། བཞི་པའོ།། དད་པ་རྙེད་པར་དཀའ་བ་བསྟན་ཟིན་ཏོ།། དད་པ་དང་ལྡན་པ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་པས་དད་པ་བསྟན་པར་བྱས་ནས་བྱང་ཆུབ་ཀྱི་སེམས་བསྟན་པར་བྱ་བའི ་ཕྱིར་རེ་ཞིག་མཚམས་སྦྱར་བ་ནི། འདི་དག་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྙེད་པར་དཀའ་བ་ནི་སངས་རྒྱས་ཐོབ་པའི་རྒྱུ་ཡིན་པའི་ཕྱིར་རོ།། དམ་པའི་ཆོས་པདྨ་དཀར་པོའི་མདོ་ཚད་མར་བྱས་ནས་འཚང་རྒྱ་བའི ་རྒྱུ་ཇི་ལྟར་ཡིན་ཞེས་བརྒལ་བ་ནི། ཅི་མངོན་ཞེ་ན་ཞེས་བྱའོ།། དེ་ཉིད་དགོངས་པ་ཅན་ཡིན་ཏེ་དུས་གཞན་ལ་དགོངས་པར་བསྟན་པ་ནི། མ་དོ་མང་པོ་ཞེས་གསུངས་ཏེ་བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ཏེ། སྨོན་པ་དང་འཇུག་པའི ་བདག་ཉིད་དོ།། དེ་ཅིའི་ཕྱིར་ཞེ་ན། འབྲས་བུ་དང་རྒྱུ་ལ་འདོད་ཅེས་པའི་ཕྱིར་རོ།། དེ་ལྟར་ཞེ་ན། འབྲས་བུའི་དམ་པ་འདོད་པ་ནི་སྨོན་པ་ཡིན་ལ། དེའི་རྒྱུ་ལ་འབད་པ་ནི་འཇུག་པ་ཡིན་ནོ།། ལ་ལ་ན་རེ་དོན་དམ་པའི་བྱང་ཆུབ་ཀྱི་སེམས ་སྣང་བ་ཉིད་ལ་དམིགས་པ་ནི་འཇུག་པ་ཡིན་ལ། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སྙིང་རྗེ་གཙོར་གྱུར་པ་ནི་སྨོན་པ་ཡིན་ནོ་ཞེས་ཟེར་རོ།། ལ་ལ་ན་རེ་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ནི་འཇུག་པ་ཡིན་ལ། འདུ་མི་བྱེད་པ་ནི་སྨོན ་པ་ཡིན་ནོ་ཞེས་ཀྱང་ཟེར་རོ།། ལ་ལ་ན་རེ་བསམ་པ་རྣམ་པར་དག་པ་ནི་སྨོན་པར་འདོད་དེ། སྨོན་ལམ་ཡིན་པའི་ཕྱིར་རོ།། སྦྱོར་བ་ཕུན་སུམ་ཚོགས་པ་ནི་འཇུག་པར་འདོད་དེ་ཉམས་སུ་ལེན་པའི་ཕྱིར་རོ་ཞེས་ཟེར་རོ།། དེ་བས་དབྱེ་བ་བསྟན་པ་ནི་གང ་དག་ཅེས་བྱ་བ་ལ་སོགས་པའོ།། དེ་ལ་གང་དག་ཅེས་བྱ་བ་ནི་དད་པ་དང་ལྡན་པའོ།། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བྱ་བ་ནི་སྨྱོན་པ་དང་ལྡན་པའོ།། ཆས་པ་ཞེས་བྱ་ནི་འཇུག་པའོ།། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་བསྟན་པ་དང་། ངོ་བོ་ཉིད ་དང་སེམས་བསྐྱེད་པའི་རང་བཞིན་ཡང་རིག་པར་བྱ་སྟེ། དེ་ལ་རེ་ཞིག་ཕན་ཡོན་སྤྱིར་བསྟན་པ་ནི། ས་བོན་ལྟ་བུའོ་ཞེས་བྱ་བ་ལ་སོགས་ཏེ། བྱང་ཆུབ་ཏུ་སེམས་ནི་སྨོན་པ་དང་འཇུག་པའི་བདག་ཉིད་དོ།། སངས་རྒྱས་ཀྱི་ཆོས་ནི་སྟོབས་ལ ་སོགས་པའོ།། ས་བོན་ཞེས་བྱ་བ་ནི་བསྐྱེད་པའི་རྒྱུར་གྱུར་པའི་ཕྱིར་རོ།། འགྲེལ་པ་མཁན་པོ་གཞན་དག་ནི་སྡོང་པོ་བཀོད་པའི་མདོ་ལས་འབྱུང་བ་འདི་དག་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཡིན་ཏེ་ཞེས་འདོད་དོ།། དེ་ནི་འཕད ་པ་མ་ཡིན་ཏེ། གལ་ཏེ་དོན་དམ་པ་ཞེས་བྱ་བ་འདོད་པའི་བདག་ཉིད་མོས་པས་ཡུལ་དུ་བྱེད་པ་ཡིན་ན། འདི་ནི་འདོད་པ་ཁོ་ནའོ།། གལ་ཏེ་མཐོང་བའི་ལམ་ཡིན་ན་ནི། དེ་ཉིད་བསྐྱེད་པའི་རྒྱུའི་གཙོ་བོ་གང་ཡིན། གལ་ཏེ་སེམས་བསྐྱེད ་བའོ་ཞེ་ན། འདི་དག་ཀྱང་མོས་པའི་སྤྱོད་པའི་ས་ལ་ཅིའི་ཕྱིར་མི་འདོད། ས་དེ་ལ་ནི་མེད་དོ་ཞེ་ན་ནི། ས་འདི་ལའང་ཅིའི་ཕྱིར་ཡོད་དེ། མེད་པ་ཁོ་ནའོ།། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ས་བོན་ལྟ་བུ་ཞེས་བྱ་བའི་དོན་ཀྱང་ཇི་ལྟར་དྲང་། འདོད་པའི་དབང་གིས ་བྱེ་བྲག་གི་མངོན་རྟགས་ཀྱང་གང་ཞིག་ཡོད། གལ་ཏེ་མཐོང་ལམ་བསྐྱེད་པའི་རྒྱུ་སེམས་བསྐྱེད་པ་མ་ཡིན་ནོ་ཞེ་ན། བསྒོམ་པའི་ལམ་བསྐྱེད་རྒྱུ་ཡང་ཇི་ལྟར་ཡིན། དེས་ན་བརྒལ་ཞིང་བརྟགས་པ་ནི་མཚུངས་པ་ཁོ་ནའོ།། སྤྲོས་པས་ཤིན་ཏུ ་ཆོག་གོ།། ད་ནི་དཀྱུས་མ་ཉིད་བསྟན་པའི་ཕྱིར་རེ་ཤིག་མངོན་པར་རྟོགས་པའི་དོན་བརྟན་པ་ནི། ཚོགས་ཀྱི་ས་ལ་དཀར་པོའི་ཆོས་ཀྱི་ས་བོན་ལྟ་བུ་སྟེ། ཡང་དག་པར་བླངས་པའི་བརྡ་ལས་བྱུང་བ་བསྐྱེད་པའི་ཕྱིར་དང་། དྲོད་ཀྱི་གནས་སྐབས ་སུ་ཆོས་ཉིད་མོས་པས་འདུ་བྱེད་པས་མཐུན་པའི་ཆ་འཛིན་པས་ན་ས་བོན་ལྟ་བུའོ།། རྩེ་མོའི་གནས་སྐབས་སུ་ལོག་པར་ལྦུ་བ་རྒྱུན་ཆུད་པའི་ཕྱིར་གོང་དུ་འཕེལ་བར་བྱེད་པས་ཞིང་ལྟ་བུའོ།། བཟོད་པ་དང་ལྡན་པ་མི་དགེ་བའི་ལས ་འབྲས་བུ་མི་འབྱིན་པས་སྲེག་པའི་མེ་ཏོག་ལྟེ་བུའོ།། ཆོས་ཀྱི་མཆོག་ཏུ་བཟུང་བ་དང་། འཛིན་པ་དང་བྲལ་བས་ལུས་ལ་སོགས་པའི་ལས་མི་དགེ་བ་སྤོང་བས་སའི་འོག་ལྟ་བུའོ།། རང་དང་གཞན་གྱི་དོན་རབ་ཏུ་སྒྲུབ་པ་ཐོབ་པས ་དང་པོའི་གནས་སྐབས་སུ་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ།། དྲི་མ་མེད་པ་ལ་སོགས་པའི་གནས་སྐབས་སུ་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་སྤངས་པ་ནི་ཕུན་སུམ་ཚོགས་པ་ལ་སོགས་པ་འདོད་པ་ལ་རག་ལུས་པའི ་ཕྱིར་བུམ་པ་བཟང་པོ་ལྟ་བུའོ།། ས་བཅུའི་གནས་སྐབས་སུ་མཛད་པ་མཐའ་དག་བྱེད་པས་ན་ལྕགས་ཀྱུ་ལྟ་བུའོ།། སངས་རྒྱས་ཀྱི་ས་ལ་མཛད་པ་མཐའ་དག་བྱེད་པས་ན་མཆོད་རྟེན་ལྟ་བུའོ།། དེ་ལ་གུས་པ་དང་ལྡན་པས ་འབྲས་བུ་ཆུང་མི་ཟ་བས་མཆོད་རྟེན་ལྟ་བུའོ།། འོ་ན་ཡོན་ཏན་གྱི་ཆོས་དེར་ཟད་དམ་ཞེ་ན། མ་ཡིན་ཏེ་མཚོན་པ་ཙམ་མོ་ཞེས་དོན་བསྡུ་བས་ནི། མདོར་ན་ཞེས་གསུངས་ཏེ། རབ་ཏུ་དབྱེ་ན་མཐའ་ཡས་པ་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཅེས ་བྱ་བ་ལ་སོགས་པའོ།། དེ་ལས་སྒྲུབ་པར་བྱེད་པའི་ལམ་གྱི་ཚོགས་ནི་ཆོས་ཐམས་ཅད་དོ།། སྟོབས་ལ་སོགས་པ་ཡོན་ཏན་ནོ།། འོ་ན་སངས་རྒྱས་ཀྱི་ཡོན་ཏན་ལ་སོགས་པ་མ་ལུས་པ་དང་ལྡན་པའི་ཕྱིར་སེམས་བསྐྱེད་པ་ཉིད་ན་འབྲས་བུ ་གྲུབ་པའི་ཕྱིར་བསྐལ་བ་མང་པོར་ཅིའི་ཕྱིར་འབད། མ་ཡིན་ཏེ་འབྲས་བུའི་མིང་རྒྱུ་ལ་བརྟགས་པས་ན། གོང་དུ་ས་བོན་གྱི་ཆར་དཔེར་བསྟན་པས་ན་འགལ་བ་མེད་དོ་ཞེས་ལོག་རྟོག་སྤངས་པའི་སྒོ་ནས་ཡོན་ཏན་གྱི་འཐད་པས ་བསྟན་པ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་པ་ལ་སོགས་པའི།། ད་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱི་ཕན་ཡོན་དཔེས་བསྟན་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་སྨིན་པའི་འབྲས་བུ་ནི ་གསེར་འགྱུར་གྱི་དཔེས་བསྟན་ཏེ། བསྔོ་བ་ནི་ཆུད་མི་ཟ་བའི་ཕྱིར་རོ།། ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ཡིན་པས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ནི་མི་མཐུན་པ་དང་བྲལ་བའི་འབྲས་བུ་ནི། སྒྲོན་མའི་དཔེས་བསྟན་ཏེ། སྒྲིབ་པ ་ཆེན་པོ་ནི་གཉེན་པོ་ཆུ་དུས་སེལ་བའི་ཕྱིར་རོ།། སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ཅན་མ་སྒྲལ་བ་རྣམས་བསྒྲལ་བར་འདོད་པ་རྣམས་སྙིང་རྗེའི་གཙུག་གི་ནོར་བུ་དང་ལྡན་པའི་དབང་གི་འབྲས་བུ་ནི་ངན་སོང་གི་ས་ཐག་བསྲིངས ་པས་ན་ནོར་བུའི་ཅོད་པན་ཐོགས་པའི་ཀླུའི་རྒྱལ་པོའི་དཔེས་བསྟན་ཏེ། ཕྱི་རོལ་ཏུ་སྨིན་པ་ནི་དབང་གི་འབྲས་བུའོ།། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཐོབ་པ་མ་ཉམས་པ་དག་ནི་ཚེ་གཞན་ནས་རང་འཁྲུངས་སུ་བྱང་ཆུབ་ཀྱི་སེམས་ཀྱིས ་བྱང་ཆུབ་ཀྱི་སེམས་རྣམ་པ་ཐམས་ཅད་མཁྱེན་པ་ལ་ཐུག་གི་བར་དུ་ཐུགས་བསྐྱེད་པས། རང་དང་གཞན་གྱི་དོན་སྒྲུབ་པར་བྱེད་པའི་རྒྱུ་འཐུན་པའི་འབྲས་བུ་ནི། ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་དཔེས་བསྟན་ཏེ། རིན་དུ་མི་ཆོག་པ་ནི ་དགོས་པ་མ་ལུས་པ་དེ་ཉིད་ལས་འབྱུང་བའི་ཕྱིར་རོ།། དེ་ལ་མོས་པ་སྤྱོད་པའི་གནས་སྐབས་ནི་ཟག་པ་དང་བཅས་པའོ།། མཐོང་བའི་ལམ་ལ་སོགས་པ་ནི་ཟག་པ་མེད་པའོ།། ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་དག་ཀྱང ་ཡོངས་སུ་འཛིན་པའི་ཁྱད་པར་ལ་སོགས་པས་བྱང་ཆུབ་ཏུ་སེམས་བསྐྱོད་པའི་སྐྱེས་བུའི་བྱེད་པས་འཕྲལ་ལམ། དེ་མ་ཐག་ཏུ་ཐེག་པ་དམན་པ་འཛག་པ་ནི་སེང་གེའི་འོ་མའི་དཔེས་བསྟན་ཏོ།། མཚམས་མེད་པ་ལ་སོགས་པའི ་ལས་དང་ལྡན་པ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་བའི་རྟེན་གྱི་སྟོབས་ཐོབ་པའི་སྐྱེས་བུའི་བྱེད་པས་ངན་སོང་ལ་སོགས་པ་ཐག་སྲིང་བར་བྱེད་པ་ནི་དཔའ་བོའི་སྐྱེས་བུའི་དཔེས་བསྟན་ཏོ།། ཡང་གཞན་དག་ནི་ཚུལ་གཞན་དུ་འཆང ་སྤྲོས་པར་མི་བྱའོ།། ད་ནི་ཕན་ཡོན་ཁྱད་པར་དུ་བརྗོད་པའི་ཕྱིར། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་སྨོས་པའི་ཕན་ཡོན་བཤད་པའི་སྐབས་སུ་བབ་པས་དཔེས་འདྲེན་པའོ།། ། ་འདིར་ཁྱད་པར་གཉིས་ཏེ་སྨྱོན་པའི་ཁྱད་པར་དང་། འཇུག་པའི་ཁྱད་པར་རོ།། དེ་ལ་སྨོན་པའི་ཕན་ཡོན་གྱི་ཁྱད་པར་བཞི་སྟེ། བྱང་ཆུབ་ཀྱི་སེམས་བརྗོད་པ་ཟིལ་གྱིས་གནོན་པའི་ཁྱད་པར་དང་། འབྲི་བ་དང་བྲལ་བའི་ཁྱད་པར་མཐུན་པའི ་ཁྱད་པར་ཟིལ་གྱི་གནོན་པའི་ཁྱད་པ་དང་། རྒྱུད་དམན་པ་ཟིལ་གྱིས་གནོན་པའི་ཁྱད་པར་དང་། ཚད་མེད་པ་དང་མི་མཐུན་པ་ཟིན་གྱིས་གནོན་པའི་ཁྱད་པར་རོ།། དེ་ལ་བྱང་ཆུབ་ཀྱི་སེམས་བརྗོད་པ་ནི་རྒྱུ་རྣམ་པ་བཞི་སྟེ། བླ་མ་དང་སྦྱིན ་གནས་ལོག་པར་བསླུ་བ་དང་། གཞན་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་བས་ངན་དུ་བརྗོད་པ་དང་། སེམས་ཅན་ལ་གཡོ་དང་སྒྲས་སྤྱོད་པའོ།། རྒྱུ་དེ་བཞི་བསྟན་པ་ནི། རྡོ་རྗེ་རིན་པོ་ཆེ ་ཆག་པ་ལྟ་བུའོ།། དེའི་གཉེན་པོ་ནི་རྣམ་པ་བཞི་སྟེ། ཤེས་བཞིན་བཞད་གོད་ཀྱི་ཕྱིར་ཡང་བརྫུན་མི་བརྗོད་པ་དང་། གཞན་དག་རྫོགས་པའི་བྱང་ཆུབ་ལ་འགོད་པ་དང་། བྱང་ཆུབ་སེམས་དཔའ་ལ་སྟོན་པ་ལྟར་སེམས་པ་དང་། ་གཞན་ལ་བསམ་པ་རྣམ་པར་དག་པའོ།། ཆོས་འདི་བཞི་ཟིལ་གྱིས་གནོན་པས་གསེར་གྱི་རྒྱན་ལྟ་བུའི་ཡོན་ཏན་ཟིལ་གྱིས་གནོན་པའོ།། དེ་ལ་འཁོར་བའི་དབུལ་བ་རྣམ་པར་བཟློག་པ་ནི་མངོན་པར་མཐོ་བ་ཐོབ་པ་སྟེ། ་ཇི་སྐད་དུ་རྒྱལ་པོ་ཆེན་པོ་ཁྱོད་ལན་དུ་མར་ལྷའི་ནང་དུ་སྐྱེས་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། མིང་མོ་འདོར་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་སེམས་མི་བརྗོད་པ་སྟེ། ཇི་སྐད་དུ་འོད་སྲུངས་ཆོས་བཞི་དང་ལྡན་ན་ཚེ་བརྗེས་ཀྱང་བྱང་ཆུབ་ཀྱི་སེམས ་མི་འདོར་ཏེ། ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། ཁ་ཅིག་ནོ་རེ་ནན་ཏན་གྱི་སྒྲ་བསྟན་པས་སྒྲུབ་པ་དང་བྲལ་བ་ཙམ་ལ་འདོད་དེ། ལ་ལ་ནི་འཇུག་པ་དང་བྲལ་བ་ཙམ་ལ་འདོད་དོ།། ང་ནི་འབྲི་བ་དང་བྲལ་བའི་མཐུན་པའི་ཁྱད་བར་ཟིལ་གྱིས ་གནོན་པ་བརྗོད་པར་བྱ་སྟེ། གོང་ནས་གོང་དུ་མི་སྤེལ་བ་ནི་ཡོན་ཏན་འབྲི་བར་འགྱུར་བ་ཡིན་པས་དེའི་གཉེན་པོ་གོང་ནས་གོང་དུ་སྤེལ་བའི་ཕྱིར་རོ།། རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཚོལ་བ་ནི་ཆོས ་ཉན་ཅིང་སེམས་པའོ།། ཅིའི་ཕྱིར་ཞེ་ན། དོན་དང་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་མཐོ་རིས་དང་བྱང་གྲོལ་ལ་བྱའོ།། ཕན་པ་ནི་མ་འོངས་པའི་བདེ་བའོ།། བདེ་བ་ནི་ཚེ་འདིའི་འདོད་པར་བྱའོ།། ཇི་ལྟར་ཞེ་ན། བསྒྲལ་པ་དང་ཞེས་བྱ་བ ་ལ་སོགས་པ་སྟེ། ཉོན་མོངས་པ་དག་ནི་ཆུ་བོ་དང་འདྲ་བས། དེ་སྤང་བའི་ཕྱིར་བསྒྲལ་བའོ།། སྡུག་བསྔལ་རྣམ་པ་གསུམ་ནི་ཁོང་བསྒྲིལ་དང་འདྲ་བས། དེ་བཅད་པའི་ཕྱིར་གྲོལ་བའོ།། བདག་ཏུ་ལྟ་བ་དགྲ་ནི་ངལ་བའི་གནས་ཡིན ་པས་ཆོས་ཉིད་ཀྱི་གྲོང་ཁྱེར་གྱིས་དབེན་པས་དེ་དག་བསྟི་བའི་ཕྱིར་དབུག་དབྱུང་བའོ།། རྣམ་པར་རྟོག་པ་དག་ནི་སྡུག་བསྔལ་བསྐྱེད་པས་མྱ་ངན་གྱི་གཞི་ཡིན་པའི་ཕྱིར་རོ།། དེ་ཡོངས་སུ་སྤང་བའི་ཕྱིར་ཡོངས་སུ་མྱ་ངན་ལས ་ལས་འདའ་བའོ།། དེ་ལྟར་སྙིང་རྗེས་རྒྱུད་བརླན་པ་དག་ནི་གཞན་གྱི་དོན་དུ་ཡེ་ཤེས་ཐོབ་པར་འདོད་པས། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕྱིར་ཐམས་ཅད་མཁྱེན་པ་ཐོབ་པར་བྱ་བའོ།། བསྒྲིབ་པ་ཀུན་གྱི་དྲི་མ་མེད་པས། ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའོ།། ཅེས་བྱ་བས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པའོ།། ཇི་ལྟར་ཐོབ་ཅེ་ན། ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ་ཞེས་སྨོས་ཏེ། སྟོབས་ལ་སོགས་པ་ནི་ཆོས་སོ།། ཤིན་ཏུ་དགྱེས་པས ་ངོ་མཚར་བའི་ཕྱིར་ལེགས་སོ་ལེགས་སོ།། ཞེས་ཟློས་ཏེ་གསུངས་པའོ།། སྟོན་པ་ཇི་ལྟ་བ་བཞིན་དུ་ལྷ་རྣམས་རྗེས་སུ་ཡི་རང་བ་ནི་ཡང་ཞེས་བྱ་བ་སྟེ། དད་པ་ནི་འདོད་པའི་དད་པའོ།། ཚོལ་བ་ནི་སྦྱོར་བར་བྱེད་པའོ།། སྨོན་པ་ནི་འབྲས་བུ ་འདོད་ཆེས་པས་སོ།། རྗེས་སུ་ཡི་རང་བ་དངོས་ནི་ཕྱོགས་དང་ཕྱོགས་སུ་སྙན་པ་བརྗོད་པ་བསྔགས་པའོ།། སྔོན་དུ་བཀུར་བར་བྱེད་པས་བསྟོད་པའོ།། ལྐོག་ཏུ་ཡང་དགའ་བ་དང་ལྡན་པས་རྗེས་སུ་ཡི་རང་བའོ།། ཐོག་མ་དང་བར་དང ་ཐ་མར་རྗེས་སུ་ཡི་རང་བས་ན་དགའ་བ་བསྐྱེད་པ་ལ་སོགས་པ་ཚིགས་གསུམ་གསུངས་སོ།། འོ་ན་སྨྱོན་པ་ཙམ་ལ་ཅིའི་ཕྱིར་རྗེས་སུ་ཡི་རང་བར་བྱེད་ཅེས་དེ་ཅིའི་ཕྱིར་ཞེ་ན། ཞེས་རྒོལ་བ་ལན་དུ་སྨོན་པ་ནི་སངས་རྒྱས་འདོད་པའི ་ཕྱིར་རོ།། དེའི་རྒྱ་ལ་འཇུག་པར་བྱེད་པའི་ཡོན་ཏན་གཞན་གྱི་རྩ་བ་ཡིན་པས་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐོབ་ན་དེའི་འབྲས་བུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་འདྲ་བར་འགྱུར་རོ་ཞེས་ཕན་ཡིན་གྱི ་བབཐད་པ་ནི་ཞུགས་པ་ཡིན་ནོ་ཞེས་བྱ་བའོ།། ཁ་ཅིག་ནི་ཆོས་ཀྱི་འཁོར་ལོ་ནི་མཐོང་བའི་ལམ་ལ་བྱའོ་ཞེས་ཟེར་རོ།། དེ་ལྟར་སྙིང་རྗེས་བྱང་ཆུབ་ཀྱི་སེམས་སྤེལ་བ་ནི་འབྲི་བ་སྟེ། ཉམས་པའི་གཉེན་པོ་ཡིན་པས། མདོ་འདི་ཉིད་ལས་རྒྱལ་པོ་ཆེན་པོ ་ཁྱོ་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དུ་དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ཤིང་། ཞེས་བྱ་བ་ལ་སོགས་པ་རྒྱ་ཚོར་གསུངས་པ་ཡིན་ནོ།། རྒྱུ་དམན་པ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཅུང་ཟད་ལ་བྱ་སྟེ། དེས ་རྫོགས་པའི་བྱང་ཆུབ་མི་ཐོབ་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོས་དེ་ཟིལ་གྱིས་གནོན་པ་ནི། ནམ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་པ་ཕུན་སུམ་ཚོགས་པས་ནི་སེམས་ཀྱི་རིགས ་ལྔ་དང་བྲལ་བས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་འབྲལ་ཞིང་ངོ་།། སེམས་ཀྱི་རིགས་ལྔ་ནི་ཉན་ཐོས་ཀྱི་སེམས་དང་། རང་རྒྱལ་བའི་སེམས་དང་། མི་དང་ལྷ་དོན་ཏུ་གཉེན་པའི་སེམས་དང་། ལུང་དུ་མི་སྟོན་པ་དང་། ་མི་དགེ་བའི་སེམས་སོ།། སེམས་གཞན་ནི་མི་དང་ལྷ་འདོད་པའི་སེམས་དང་། ལུང་དུ་མི་སྟོན་པ་དང་། མྱི་དགེ་བའི་སེམས་ལ་བྱའོ།། དམིགས་པ་ནི་ཐོབ་པར་འདོད་པའོ།། ཉོན་མོངས་པ་ནི་སེར་སྣ་ལ་སོགས་པའོ།། ཕ་རོལ་ཏུ་ཕྱིན་པ ་དྲུག་ནི་སྦྱིན་པ་ལ་སོགས་པའོ།། དེ་ལ་ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་སོ།། ལྷག་མ་ནི་བསོད་ནམས་ཀྱི་ཚོགས་སོ།། བརྩོན་འགྲུས་དང་ཏིང་ངེ་འཛིན་ནི་ཚོགས་གཉིས་ཀ་ཡིན་ནོ་ཞེས་བཤད་དོ།། ཚད་མེད་པ་ནི་བྱམས་པ་ལ་སོགས་པའོ།། ་དེ་དང་མི་མཐུན་པ་ནི་ཞེ་སྡང་ལ་སོགས་པ་སྟེ་དེའི་གཉེན་པོ་ནི། བྱམས་པ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པའོ།། ལ་ལ་ནི་མི་མཐུན་པའི་ཕྱོགས་ཉན་ཐོས་ཀྱི་སེམས་ལ་སོགས་པ་ཡིན་ཏེ། རང་དུལ་བར་བྱེད་པའི་ཕྱིར ་རོ་ཞེས་ཟེར་རོ།། གཉེན་པོ་འདི་དག་ཀྱང་བྱང་ཆུབ་ཀྱི་སེམས་ཡིན་པས་ཕན་ཡོན་ཞེས་བསྟན་ཏོ།། ད་ནི་འཇུག་པའི་ཕན་ཡོན་གྱི་ཁྱད་པར་བསྟན་པའི་ཕྱིར་འཇམ་དཔལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཁྱད་པར་ནི་རྣམ་པ་ལྔ་ཏེ། རྟེན་གྱི ་གང་ཟག་གི་ཁྱད་པར་གྱི་ཕན་ཡོན་བསྟན་པ་ནི་སོ་སོའི་སྐྱེ་བོ་ལ་བྱང་ཆུབ་ཀྱི་སེམས་སྐྱེ་ཞིང་བྱང་ཆུབ་སེམས་དཔའི་སྡོམ་པ་ཡོད་དེ་ཅིའི་ཕྱིར་འཇམ་དཔལ་ཀ་ལ་བིདིའི་ཕྲུག་གུ་སྒོ་ངའི་ནང་ནས་སྒྲ་སྒྲོགས་པ་ལྟར། སོ་སོའི་སྐྱེ་བོ་བདག་ཏུ ་ལྟ་བ་ཅན་ཡང་དེ་མ་བརྟོལ་ཞིང་ཁམས་གསུམ་ནས་མོ་བྱུང་ཡང་སྟོང་པ་ཉིད་ཀྱི་སྒྲ་འབྱིན་ཏོ།། ཞེས་གསུངས་པ་དང་། སྔར་བསྟན་པའི་རིགས་པས་འཐད་པ་ནི། སེང་གེའི་ཕྲུག་གུའི་དཔེས་བསྟན་ཏེ། ཤེས་རབ་ཀྱི་སྟོབས་ནི་སྟོང་པ་ཉིད ་དམིགས་པའོ།། མ་རྫོགས་པ་ནི་འཆིང་བ་མཐའ་དག་དང་ལྡན་པས་དངོས་པོར་ལྟ་བ་ཅན་ནོ།། སེམས་བསྐྱེད་པ་ནི་བརྡ་ལས་བྱུང་བའོ།། བདུད་ནི་ལྷའི་བུའི་བདུད་དོ།། བསམ་པའི་ཁྱད་པར་གྱི་ཕན་ཡོན་བསྟན་པ་ནི། ཀུན་དགའ་བོ་ཞེས ་བྱ་བ་ལ་སོགས་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གཙོ་བོའི་སྤྱོད་པ་ནི་འཇུག་པ་དང་ལྡན་པའི་སེམས་ཡིན་པས་ན། སྙིང་ལྟ་བུ་སྟེ། བྱང་ཆུབ་སེམས་དཔའ་འཚོ་བའི་ཕྱིར་རོ།། སྟོང་པ་ཉིད་དང་སྙིང་རྗེའི་ཁྱད་པར་གྱིས ་སངས་རྒྱས་དང་སེམས་ཅན་ལ་དམིགས་པའི་བསམ་པ་མི་ཕྱེད་པ་དང་ལྡན་པ་ནི་འདོད་པ་ལྔ་སྤྱོད་དུ་ཟིན་ཀྱང་། སྤྱོད་པ་རྣམ་པར་དག་པའི་ཚུལ་ཁྲིམས་ཅན་ཡིན་པས་བསྔགས་པ་ནི་དབུལ་ཡང་བཀུར་རོ་ཞེས་བྱ་སྟེ། ཇི་སྐད་དུ། གལ་ཏེ་བྱང ་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་། སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་སྟེ།། སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན་མཁྱེན་ཡིད་བྱེད་ན།། མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིགས་པར་བྱ། ཞེས ་བསྟན་པ་ལྟ་བུའོ།། དེ་ལྟར་མ་ཡིན་ན་བདག་མེད་པ་གཉིས་རྟོགས་པའི་འཕགས་པ་དག་ཀྱང་སྙིང་རྗེ་ཆེན་པོ་དང་བྲལ་བས་བསྔགས་པ་མ་ཡིན་སོ་སོའི་སྐྱེ་བོ་བསམ་པ་དམན་པ་དག་ལྟ་བུ་ཚུལ་ཁྲིམས་དེ་བོར་འཆལ་པ་ཡིན ་པས་ན། གཡོག་བྱ་བར་མཚོན་པར་མི་མཛད་པ་དེ། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ།། སྤྱོད་ཀྱང་དགྲ་བཅོམ་རང་རྒྱལ་ཉིད་ལ་འདོད་བསྐྱེད་ན།། དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན།། ་ཚུལ་ཁྲིམས་འཚལ་ཅིང་མི་མཁས་དེ་བཞིན་སྤྱོད་པ་ཉམས་ཞེའོ།། འདིར་གང་ཟག་གང་གི་དབང་དུ་བྱས་ཞེ་ན། ཁྱིམ་པའི་བྱང་ཆུབ་སེམས་དཔའ་ཁོ་ནའི་དབང་དུ་བྱ་སྟེ། གསུངས་པ་ཡིན་པར་མངོན་ནོ།། ཇི་ལྟར་ཞེ་ན། བྱང ་ཆུབ་སེམས་དཔའ་ཆོས་འཕགས་བུད་མེད་དྲུག་ཁྲི་བརྒྱད་སྟོང་དང་ལྷན་ཅིག་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་དོ་ཞེས་བྱ་བ་ལྟ་བུ་དང་། དྲག་ཤུལ་ཅན་གྱིས་ཞུས་པ་ལས།། ཁྱིམ་པའི་བྱང་ཆུབ་སེམས་དཔའི་དབང་དུ་སྤྱད་པ ་ཡང་གསུངས་པའི་ཕྱིར་རོ།། རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ནི་འདོད་པའི་ཡོན་ཏན་ལྔ་ཐག་རིབ་ཏུ་ཡོངས་སུ་སྦྱང་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན། སོ་སོར་ཐར་པ་དག་དང་ལྡན་པ་ནི། བྱང་ཆུབ ་སེམས་དཔའི་སྡོམ་པ་དང་འགལ་བར་འགྱུར་ལ། དེ་དང་འགལ་བ་ཇི་ལྟར་བྱང་ཆུབ་སེམས་དཔར་འགྱུར། བསམ་པ་རྣམ་པར་དག་པའི་སྦྱོར་བ་དེ་ལྟ་མ་ཡིན་པ་ལ་ཧ་ཅང་མི་སྲིད་པར་འགྱུར་རོ།། འདོད་པའི་ཡོན་ཏན ་ལྔ་སྤྱད་པ་ཡང་གཞན་དྲང་བའི་ཕྱིར་ཡིན་གྱི་ཡང་དག་ཏུ་མ་ཡིན་ནོ།། དེ་ནི་འདོད་པ་ཁོ་ནའོ།། དེ་ཉིད་བསྟན་པས་ཁྱིམ་པའི་བྱང་ཆུབ་སེམས་དཔའ་ཡོད་པར་བསྟན་ཏེ། གཞན་དུ་འདོད་པ་སྤངས་པར་དྲང་བའི་ཕྱིར ་དེ་སྤྱོང་པས་དྲང་བ་ཇི་ལྟར་འགྱུར། སྙིང་ལས་ཆུང་ངུའི་སྤྱོད་པ་དག་དང་། འགལ་བ་ནི་འདོད་པ་ཁོ་ནའོ།། དེ་ནི་ཡིན་ཏེ་ཚུལ་ཁྲིམས་ཀྱི་སྒྲ་ནི་སྡོམ་པ་ལ་འདོད་ཀྱི། གཞན་དུ་ན་རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ ་ཞེས་ཇི་ལྟར་བརྗོད།། ཚངས་པའི་སྤྱོད་པ་མ་ཡིན་པའི་ཚུལ་ཁྲིམས་དག་ཀྱང་རབ་ཏུ་བྱུང་བ་ལ་གནང་བ་མ་ཡིན་ནམ། དེའི་གནང་བ་དེ་ཡང་ཚུལ་ཁྲིམས་ཉིད་དེ་སྡོམ་པ་ནི་བཅས་པའི་རྗེས་སུ་འཇུག་པ་ཡིན་ལ།། ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་སྲོག་གཅོད་པ་དོན་དུ་འགྱུར་བ་ལ་སོགས་པ་གསུངས་པའི་ཕྱིར་བཅས་པ་ཁོ་ནའོ།། དེའི་ཕྱིར་བསམ་པ་རྣམ་པར་དག་པ་ནི་གཙོ་བོ་ཡིན་པར་བསྟན་པའི་ཕྱིར་མདོ ་སྨོས་པ་ཡིན་ནོ།། སྦྱོར་བའི་ཁྱད་པར་གྱི་ཕན་ཡོན་བསྟན་པའི་ཕྱིར་འོད་སྲུངས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདིར་གོང་དུ་བསྟན་པའི་བསམ་པ་རྣམ་པར་དག་པ། སྦྱོར་བ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་གནས་པ ་ལ་སོགས་པ་བཞི་དང་ལྡན་པ་དག་ནི་བསླབ་པ་ལ་ཞུགས་པ་ཞེས་བྱའོ།། སྔར་བསྟན་པའི་ཚུལ་གྱིས་ན། ཡོན་ཏན་དམན་པར་བསྟན་པ་ནི་ཕྱག་གི་འོས་མ་ཡིན་པས་ཕྱག་མི་འཚལ་བ་སྟེ། ཇི་སྐད་དུ། མ་སྐྱེས་དགྲའི་བུ་མོར ་གྱུར་པ་ནི།། མྱ་ངན་མེད་བྱིན་ཡོན་ཏན་གཟི་བརྗིད་ལྡན།། དགྲ་བཅོམ་ལྔ་བརྒྱ་དག་ནི་ལྷག་གྱུར་ཀྱང་།། དེ་ལ་ཕྱག་བྱའི་ཕྱིར་ནི་དེ་མ་ལངས་ཞེས་བསྟན་པ་ལྟ་བུའོ།། དེ་བཞིན་གཤེགས་པ་བས་བྱང་ཆུབ་སེམས་དཔའ་ལ་གུས ་པར་བྱ་བ་བསྟན་པ་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྔགས་པའི་ཕྱིར་ཏེ། འབྲས་བུ་འདོད་པས་རྒྱུ་ལ་ནན་ཏན་བྱ་བར་བསྟན་པའི་ཕྱིར་རོ།། སྦྱོར་བ་ཕུན་སུམ་ཚོགས་པ་དེ་ཡང་གང་གིས་ཞེ་ན། སྒྱིང་རྗེས་ཁྱད་པར་དུ་འཕགས ་བ་བསྟན་པ་ནི། ཡོན་ཏན་གྱི་ཚོགས་ནི་བརྗོད་པར་མི་ནུས་པའོ་ཞེས་གསུངས་ཏེ། ཡོན་ཏན་ནི་འབྲས་བུའི་ཁྱད་པར་རོ།། སྔར་བསྟན་པའི་ཚུལ་གྱིས་རྒོལ་བ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའོ།། ལན་ནི་སེམས་ཅན་གྱི་ཁམས ་ཚད་མེད་པས་དེ་ལ་དམིགས་པའི་ཡོན་ཏན་བསོད་ནམས་ཀྱི་ཚོགས་ཀྱང་ཚད་མེད་དོ།། ཞེས་བསྟན་ཏོ།། འོ་ན་སེམས་ཅན་མ་ལུས་པ་ལ་ཕན་པ་བསྒྲུབས་ན་ཅིའི་ཕྱིར་སེམས་ཅན་དག་གྲོལ་བར་འགྱུར། གྲོལ་བ་མ་ཡིན ་པའི་ཕན་པ་ནི་ཕན་པ་བྱས་པ་ཡིན་པར་མི་འགྱུར་རོ།། སེམས་ཅན་དག་མ་གྲོལ་ན་འཚང་རྒྱ་བར་ཡང་ཇི་ལྟར་འགྱུར་ཞེས། དེ་ཅིའི་ཕྱིར་ཞེ་ན། ཞེས་རྒོལ་ཏེ། དེའི་ལན་ནི་སེམས་ཅན་གྱི་ཁམས་ནི་མི་ཟད་པ་སྟེ། ་ཞེས་གསུངས་ཏེ། གྲོལ་བས་ཟད་པ་མེད་དོ་ཞེས་བསྟན་ཏོ།། འོ་ན་སྔར་བསྟན་པའི་ཉེས་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། བྱང་ཆུབ་སེམས་དཔའི་བསམ་པ་རྣམ་པར་དག་པ་ཁོ་ན་སྤྱོད་པའི་གཙོ་བོ་ཡིན་པའི་ཕྱིར་དང་། སེམས་ཅན ་གྲོལ་བས་ཟད་པར་མི་འགྱུར་བ་ཉིད་ཀྱིས་དེ་དག་ལ་བརྟན་པའི་བསོད་ནམས་ཀྱང་ཟད་པར་མི་འགྱུར་བར་བསྟན་པ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཤེས་རབ་ཀྱིས་ཁྱད་པར་དུ་འཕགས་པ་བསྟན་པ་ནི། བྱང་ཆུབ ་ཀྱི་སེམས་ཀྱི་ཚོགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་ཤེས་བྱ་བ་ནི་ཤེས་རབ་ཀྱིས་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་ཀྱི་ཚོགས་སོ།། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི་དོན་དམ་པའི་སེམས་སོ།། དཀོན་མཆོག ་གསུམ་གྱི་རིགས་ནི་སྟོང་པ་ཉིད་དང་སྒྱིད་རྗེའོ།། མི་འཆུང་བ་ནི་མངོན་པར་སངས་རྒྱས་པ་སྟེ། མངོན་པར་སངས་རྒྱས་ན་ཆོས་ཀྱི་འཁོར་ལོ་བསྐོར་རོ།། དེ་བསྐོར་ན་འཕགས་པའི་ཡེ་ཤེས་འབྱུང་བར་འགྱུར་རོ།། དེ་བྱུང་ན་མངོན་པར ་རྫོགས་པར་འཚང་རྒྱས་པར་འགྱུར་རོ་ཞེས་འཁོར་ལོའི་ཚུལ་དུ་འབྱུང་བས་ན་མི་འཆད་པའོ།། ལ་ལ་ན་རེ་རིགས་ནི་བདེན་པ་ལ་སོགས་པ་བརྟེན་གཞི་ལ་བྱའོ་ཞེས་ཟེར་རོ།། ལ་ལ་ན་རེ་མཐོང་བའི་ལམ་གྱི་བདེན་པ་བཞིས་བསྡུས ་པས་ས་དང་པོ་ལ་འཇུག་པར་བྱའོ།། ཞེས་བྱའོ་ཞེས་ཟེར་རོ།། ལ་ལ་ན་རེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བྱའོ་ཞེས་ཟེར་རོ།། ལ་ལ་ན་རེ་ཐབས་དང་ཤེས་རབ་ཡིན་ཏེ། ཐབས་ལ་མཁས་པ་ནི་ཕ་ཡིན་ལ། ཤེས་རབ་མ་ཡིན་པ་དེ་ལས་སྐྱེས་པ་ཡིན་ནོ ་ཞེས་ཟེར་རོ།། ལ་ལ་ན་རེ་སངས་རྒྱས་ཀྱིས་བཅས་པའི་བསླབ་པ་ལ་བྱའོ་ཞེས་ཟེར་རོ།། ལ་ལ་ན་ར་ད་ལྟར་གྱི་སངས་རྒྱས་མངོན་དུ་བཞུགས་པའི་ཏིང་ངེ་འཛིན་དང་། སྙིང་རྗེ་ཆེན་པོ་ཡིན་ནོ་ཞེས་འདོད་དེ། ལ་ལ་ནི་སྨོན་པ་དང་འཇུག་པའི ་སེམས་ལ་བྱའོ་ཞེས་ཟེར་རོ།། དེ་ལྟར་རྒྱས་པ་བཤད་ནས་ཕན་ཡོན་མཐའ་དག་བསྡུ་བ་ནི། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་ཞེས་བྱ་བ་ལ་སོགས་གསུངས་ཏེ། ལ་ལ་དག་ནི་སྨོན་པ་དང་འཇུག་པའི་ཕན་ཡོན་བསྡུ་བ་ཡིན་ནོ་ཞེས་འདོད ་དོ། ལ་ལ་དག་ནི་འཇུག་པའི་ཕན་ཡོན་བསྡུ་བར་འདོད་དོ།། ལ་ལ་དག་ནི་སྦྱོར་བ་ཕུན་སུམ་ཚོགས་པའི་ཕན་ཡོན་བསྡུ་བར་འདོད་དོ།། ལ་ལ་དག་ནི་དེ་དག་ངེས་དོན་གྱི་ཤེས་བྱེད་དུ་འཆད་དོ།། ད་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་བསྟན་པར ་བྱ་སྟེ། འདིར་ངོ་བོ་ཉིད་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་ཁྱད་པར་ཅན་དུ་འཕགས་པ་ལ་དམིགས་པ་ཟད་པ་མེད་པ་འདྲེན་པར་ནུས་པ་སྟེ། ཡུལ་ནི་སྟོང་པ་ཉིད་དང་སྙིང་རྗེའོ།། ཀུན་གཞི་རྣམ་པར་ཤེས་པ་ནི། མ་བསྒྲིགས་པ་ལ་ལུང་དུ་མ ་བསྟན་པའི་ཕྱིར་དང་། ཉོན་མོངས་པ་ཅན་གྱི་ཡིད་ནི་དྲི་མ་ཅན་གྱི་འཁོར་བཞི་དང་རྟག་ཏུ་ལྡན་པའི་ཕྱིར་དང་། སྒོ་ལྔའི་རྣམ་པར་ཤེས་པ་དག་ནི། བསྟན་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་སྨོས་ཏེ། སྤྲོ་བ་ཆེ་དང་རྩོམ་པ་ཆེ།། ་དོན་ཆེ་བ་དང་འབྱུང་བ་ཆེ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། དོན་གཉིས་ལྡན་པའི་སེམས་འབྱུང་བ། ཞེས་བཤད་དོ།། གང་གིས་ཁྱད་པར་དུ་འཕགས། གང་ལས་ཁྱད་པར་དུ་འཕགས་ཞེ་ན། ཤེས་རབ་དང་སྙིང ་རྗེ་སོ་སོའི་སྐྱེ་བོ་དང་ཉན་ཐོས་དང་། རང་རྒྱལ་བའི་སེམས་ལས་ཁྱད་པར་དུ་འཕགས་པའོ།། དེ་བསྟན་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་དཀར་པོའི་ཆོས ་མཐའ་དག་གོ།། དེ་ལས་འབྱུང་བས་ན་དེ་སྐད་ཅེས་བྱའོ།། དེ་ལ་ཤེས་རབ་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་ན། ཆོས་ཀྱི་དབྱིངས་དང་མཉམ་པ་ལ་སོགས་པའོ།། ཀུན་རྫོབ་གཞི་མེད་པ་ལ་དམིགས་པས་ན། ཡེ་ཤེས་སྟོང་པའོ།། ་འཁྲུལ་པའི་རྒྱུ་ལས་བྱུང་བས་ན་གློ་བུར་བའོ།། བསླུ་བས་ན་གནས་པ་མ་ཡིན་པའོ།། རྟག་ཏུ་མི་རུང་བས་ན་ཡོངས་སུ་ཤེས་པར་བྱ་བ་མོ་ཡིན་པའོ།། དེ་ལྟ་བུའི་འཁྲུལ་པ་སྤངས་པ་སྟོང་པ་ཉིད་གཞན་ལ་བསྟན་པའི་སྒོ་ནས། སྙིང་རྗེ ་བསྟན་པ་ནི་སེམས་ཅན་དག་ཀྱང་ཞེས་བྱ་བ་ལ་སོགས་པའོ།། གཞན་དག་ནི་ཆོས་ཐམས་ཅད་ནི་སྟོང་པ་ཉིད་དེ་ན་མཁའི་དཀྱིལ་ལྟ་བུ་ཡིན་པས་མཉམ་པའོ།། འོན་ཀྱང་སྣང་བ་ཙམ་མི་འགོག་ཅིང་སྐུར་པ་མི་འདེབས་པས་ཤེས་པར ་བྱ་བ་ཙམ་མོ།། འཁྲུལ་པ་དང་བྲལ་བས་ཡེ་ཤེས་སྟོང་པའོ།། འོ་ན་ཡེ་ཤེས་ཀྱི་ཡུལ་ནི་ཀུན་རྫོབ་ཡིན་པས་ཇི་ལྟར་གནས་ཞེ་ན། གློ་བུར་བྱུང་བ་ཞེས་བྱ་སྟེ། མ་རིག་པས་བརྟགས་པའི་ཕྱིར་རོ།། ཆོས་ཉིད་དངོས་ལ་མི་བརྟེན་པས ་གནས་པ་མ་ཡིན་པའོ།། མངོན་སུམ་དང་རྗེས་སུ་དབྱུག་པའི་ཡུལ་མ་ཡིན་པས་ཡོངས་སུ་ཤེས་པར་བྱ་བ་མ་ཡིན་པའོ།། ཞེས་འདོད་དེ། དེ་ལ་སྙིང་རྗེ་དང་ལྡན་པས་སེམས་ཅན་ལ་དམིགས་པ་ཉན་ཐོས་ལ་སོགས་པ་ལས་ཁྱད ་པབར་དུ་འཕགས་པ་ནི། ཕན་པ་དང་བདེ་བའི་སེམས་སོ།། ཞེས་བྱ་བ་ལ་སོགས་པའོ།། སྟོང་པ་ཉིད་ཀྱིས་དངོས་པོར་ལྟ་བ་ལས་ཁྱད་པར་དུ་འཕགས་པས་ན་སྟོང་པ་ཉིད་ཀྱིས་མི་འགྱུར་བའི་སེམས་ལ་སོགས་པའོ།། ད་ནི་བྱང་ཆུབ ་ཏུ་སེམས་བསྐྱེད་པའི་རང་བཞིན་བརྗོད་པར་བྱ་བའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངསུ་བསྔོས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་སེམས་སྨོན་པ་དང་། དེའི་རྒྱུ་ལ ་འཇུག་པའོ།། དེའི་ཕྱིར་དང་པོ་སྨོན་པའི་སེམས་བསྐྱོད་པའི་རང་བཞིན་བརྗོད་པ་ནི་ཐམས་ཅད་མཁྱེན་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། སྨོན་པ་ནི་སྨོན་ལམ་ཡིན་པའི་ཕྱིར་ཡོངས་སུ་བསྔོས་པ་ཞེས་བྱའོ།། ཇི་ལྟར་ཞེ་ན། ་བདག་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པའི་ཕྱིར་རོ།། བྱང་ཆུབ་ཀྱི་སྙིང་པོ་ནི་རྣམ་པ་གཉིས་ཏེ། གནས་བྱང་ཆུབ་ཀྱི་སྙིང་པོ་དང་། རྟོགས་པ་བྱང ་ཆུབ་ཀྱི་སྙིང་པོའོ།། འདིར་ནི་གནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདོད་དོ།། མི་དང་ལྷའི་འབྲས་བུ་དང་། ཉན་ཐོས་དང་རང་རྒྱལ་བ་དག་ནི་བར་མ་དོའོ།། འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྒྱུ་ནི་གང་། ་རྐྱེན་ནི་གང་ཁས་ལེན་པ་ནི་གང་། མི་ཉམས་པ་ནི་གང་། ཉམས་པ་ནི་གང་། ཉམས་པ་རྗེས་སུ་གསོ་བ་ནི་གང་ཞེ་ན། རྒྱུ་ནི་རྣམ་པ་ལྔ་སྟེ། ཚད་མེད་པ་གོམས་པ་སེམས་ཅན་གྱི་སྡུག་བསྔལ་མཐོང་བ་དང་། སྐྱབས ་སུ་སོང་བས་བདག་ཉིད་ཤེས་པ་དང་། ཚོགས་བསགས་པས་རྒྱུད་རྣམ་པར་དག་པ་དང་། རྟེན་མངོན་དུ་གྱུར་པས་རྒྱུད་དང་བར་གྱུར་པ་དང་། སྙིང་རྗེ་གོམས་པའོ།། རྐྱེན་ནི་དགེ་བའི་བཤེས་གཉེན་དབང་དུ་གྱུར་པའོ།། ཁས ་ལེན་པ་ནི་སྦྱོར་བ་ཕུན་སུམ་ཚོགས་པས་དངོས་གཞི་ལ་སྨོན་ལམ་འདེབས་ཤིང་རྗེས་སུ་གདམས་དག་སྦྱིན་པའོ།། མི་ཉམས་པ་ནི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པ་སྔར་བཤད་པ་རྣམས་ཏེ། ཉམས་པ་ནི ་སྔར་བཤད་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའོ།། ཉམས་པ་རྗེས་སུ་གསོ་བ་ནི་ཉམས་པ་ལས་ཕྱིར་འཆོས་པ་སྟེ། དེ་ལྟར་ན་རེ་ཞིག་སྨོན་པའི་སེམས་སུ་རིག་པར་བྱ་སྟེ། ཚད་མེད་པ་ནི་བཏང་སྙོམས་པ་དང་ཁྱམས ་པ་དང་། སྙིང་རྗེ་དང་། དགའ་བའོ།། དེ་ལ་དང་པོར་བཏང་སྙོམས་བསྒོམ་པར་བྱ་སྟེ། ས་གཞི་དང་འདྲ་བའི་ཕྱིར་རོ།། དེའི་རྗེས་ལ་བྱམས་པ་ནི་སེར་དང་འདྲ་བས་སོ།། སྙིང་རྗེ་ནི་ས་བོན་དང་འདྲ་བས་སོ།། དགའ་བ་ནི་ངོ་སོལ་པ ་ལྟ་བུའོ།། ཇི་ལྟར་གོམས་པར་བྱ་ཞེ་ན། རྟེན་གྱི་གང་ཟག་དབང་པོ་རྟུལ་པོས་རིམ་ཅན་དུ་གོམས་པ་དང་། འབྲིང་གིས་འབྲིང་དུ་དང་། དབང་པོ་རྣོན་པོས་ཅིག་ཅར་དུ་གོམས་པར་བྱས་པའོ།། དེས་རང་དང་གཞན་མཉམ ་པར་གྱུར་པ་དང་། གཞན་གཙེས་པར་གྱུར་པ་ནི་དེའི་རྒྱུ་ཡིན་ནོ།། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དེ་ཉིད་ཐོབ་པར་འདོད་པས་སྐྱབས་སུ་འགྲོ་ཞིང་སྐྱབས་ཀྱི་མི་ཉམས་པའི་ཆོས་རྣམས་རྗེས་སུ་སྒྲུབ་པ་ཡང་རྒྱུ་གཉིས ་ཏཱཾཏེ་ཇི་སྐད་དུ། རྒྱལ་བ་རྣམས་དང་བདེ་གཤེགས་ཆོས་རྣམས་དང་། དགེ་འདུན་རྣམས་ལ་དད་ན་སེམས་སྐྱེ་བས།། བྱང་ཆུབ་ཡོན་ཏན་བསམ་པ་ཡི་སྐྱོ་བ།། རྒྱུ་མེད་མ་ཡིན་གྱི་ན་འབྱུང་བ་ཡིན་ཞེའོ།། དེ་ཉིད་ཐོབ་པར་འདོད་པས ་སེམས་སྐྱེ་བ་ཅིས་ཤེས་ཞེ་ན། དེ་ཡང་འདོད་པ་སྐྱིད་པ་རྒྱལ་སྲིད་མིན།། བདག་བདེའི་དོན་དང་གྲགས་དང་སྙོན་ཕྱིར་མིན།། ཞེས་འབྱུང་བས་སྐྱབས་ཁྱོད་པར་ཅན་དུ་གསལ་བར་བསྟན་པ་ཡིན་ནོ།། ཚོགས་བསགས་པ་ནི ་ཕྱག་འཚལ་བ་ལ་སོགས་པ་ཡོངས་སུ་བསྔོ་བ་ལ་ཐུག་པའི་བར་རྣམས་ཏེ། བཟང་པོ་སྤྱོད་པ་ལས་རྒྱུར་གསལ་བར་གསུངས་སོ།། རྟེན་མངོན་དུ་གྱུར་པ་ནི་སྐུ་མངོན་དུ་གྱུར་པ་སྟེ། རྒྱལ་པོ་ལ་གདམས་པ་ལས་གཟུགས་ཀྱི ་སྐུ་མཐོང་མ་ཐག་ཏུ་ཞག་བདུན་དུ་མིག་མི་འཛུམ་པར་ལྟ་ཞིང་དེ་ཐོབ་པར་འདོད་པའི་སེམས་བསྐྱེད་པར་གྱུར་ཏེ། ཞེས་གསུངས་པ་ལྟ་བུའོ།། སྙིང་རྗེ་གོམས་པ་ནི་སྔར་ཆད་མེད་པ་བཤད་པ་ལྟ་བུ་སྟེ། རྒྱུའི་གཙོ་བོ་ཡིན་པས ་ཡེཡང་སྨོས་ཏེ། དེའི་ཕྱིར་འགྲོ་བའི་སྡུག་བསྔལ་མ་ལུས་གཞིལ་བའི་ཕྱིར་འཇིག་རྟེན་ཕན་བྱེད་སེམས་ནི་ཡོངས་སུ་སྐྱེ་ཞེས་གསལ་བར་བསྟན་ཏོ།། དགེ་བའི་བཤེས་གཉེན་ནི་རྣམ་པ་གཉིས་ཏེ། ལུང་དང་སྒྲུབ་པར ་གྱུར་པའོ།། ཡང་གཉིས་ཏེ། ཡོངས་སུ་འཛིན་པ་མངོན་སུམ་པ་དང་། ཁྱད་པར་ཅན་ནོ།། འདིར་ན་ཐ་མ་གཉིས་སུ་འདོད་པ། ཅར་ཕྱུར་ཞེ་ན།། ཁས་ལྡན་པའི་ཚུལ་གཉིས་ཡིན་པར་གྱུར་རོ།། དེའི་ཕྱིར་རྒྱལ་བ་ཀུན ་དང་ཆོས་དང་དགེ་འདུན་དང་། དེ་བཞིན་ཐ་མར་གྱུར་པ་ཐམས་ཅད་ལ།། དང་དྲང་མོས་པས་དགའ་བ་སྐྱེད་བྱ་སྟེ། སྲི་ཞུར་མཆོད་བྱས་བྱང་ཆུབ་སྙོམས་ཀྱང་སྐྱེ།། ཞེས་གསུངས་པ་ལྟ་བུའོ།། ཁས་ལེན་པ་ནི་བདོག་རྣམ་པ ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་སེམས་ཅན་གྱི་དོན་ཡང་བྱེད་པར་གྱུར་ཅིག་ཅེས་སྨོན་པའོ།། ལྷགོ་མ་ནི་གསལ་བར་ཟད་དོ།། ད་ནི་འཇུག་པའི་སྡོམ་པ་ལོན་པའི་རང་བཞིན་བསྟན་པ་ནི། ཐབས་ལ་མཁས་པའི་མདོ་ལས ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྒྱུ་དང་རང་བཞིན་བརྗོད་པ་དང་། རྐྱེན་དང་། རྗེས་ཀྱི་བྱ་བ་དང་། བསྲུང་བའི་ཚུལ་གྱིས་རིག་པར་བྱའོ།། དེ་ལ་རྒྱུ་ནི་གོམས་པར་བྱས་པའི་སྙིང་རྗེས་སེམས་ཅན་རྗེས་སུ་འཛིན་པར ་དམིགས་པའོ།། རྐྱེན་ནི་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྔོ་བ་དང་། བྱང་ཆུབ་ཏུ་སྨོན་པའོ།། དེ་ལྀ་རང་བཞིན་བརྗོད་པ་ནི་ཁ་སོ་ལེན་པ་སྟེ། སློབ་དཔོན་གྱི་མདུན་དུ་པུས་མོའི་ལྷ་ང ་ས་ལ་བཙུགས་ཏེ། རྒྱུ་དང་ཆེན་གྱི་བྱ་བ་རྫོགས་ནས། སྡོམ་པ་བཟུང་བར་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། བདོག་མང་འོང་ཞེས་བགྱི་བ་ཞེས་བརྗོད་ནས་གསོལ་བ་བཏབ་ལ། སློབ་དཔོན་གྱིས་འདི་སྐད་དུ་མོ་འགྱུར་སེམས ་ནི་བརྟན་གྱིས་ལ།། བྱང་ཆུབ་སེམས་ནི་བསྐྱེད་པར་གྱིས།། གལ་ཏེ་སྤྱོད་པ་སྤྱད་བྱས་ནས།། ཁྱོད་ནི་ཡང་དག་སངས་རྒྱས་འགྱུར་ཞེས་བརྗོད་ནས། སློབ་མས་ད་ནི་བདག་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་རླབས་པོ་ཆེ་ཐོབ ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་ནས། སློབ་དཔོན་དགོངས་སུ་གསོལ།། བདག་མིང་འདི་ཞེས་བགྱི་བས་ནི།། འཁོར་བ་ཐ་མ་མེད་པ་ཡི།། སྔོན་གྱི་ཐ་མ་ཛ་སྲིད་པ།། དེ་སྲིང་སེམས་ཅན་ཕན་དོན་དུ།། སྤྱོད་པ་དཔག་ཡས་སྦྱང ་པར་བྱ།། འཇིག་རྟེན་མགོན་པོའི་སྤྱན་སྔ་འདིར།། བྱང་ཆུབ་དམ་པར་སེམས་བསྐྱེད་དོ།། འགྲོ་བ་ཐམས་ཅད་འགྲོ་ན་གཉེར་ཏེ།། དབུལ་ཞིང་ཕོངས་ལས་དགྲོལ་བར་བྱ།། དེ་རིང་ཕན་ཆད་གལ་ཏེ་ཡང་།། བདག་གིས་འདོད་ཆགས་སེམས ་བསྐྱེད་ན།། ཕྱོགས་བཅུ་དག་ན་གང་བཞུགས་པའི།། སངས་རྒྱས་ཐམས་ཅད་བསླུས་པར་འགྱུར།། བྱང་ཆུབ་ནམ་ཞིག་ཐོབ་པར་དུ།། ཐ་བའི་སེམས་དང་གནོད་སེམས་དང་།། ཕྲག་དོག་དང་ནི་སེར་སྣ་ཡང་།། དེ་རིང་ཕན་ཆད་མི་བྱའོ།། ་ཚངས་པའི་སྤྱད་པ་བདག་གིས་སྤྱད།། སྡིག་དྲང་འདོད་པ་ཡོངས་སུ་བཏང་།། ཚུལ་ཁྲིམས་སྡོམ་པ་ངེས་པ་ལ།། སངས་རྒྱས་རྗེས་སུ་བསླབ་པར་བྱ།། བདག་ནི་བྱང་ཆུབ་རིངས་ཚུལ་དུ།། འཚང་རྒྱར་མོས་ཤིང་སྤྲོ་བ་མེད།། ཕྱི་མཐར ་ཐུག་གི་བར་དུ་ཡང་།། སེམས་ཅན་གཅིག་ཕྱིར་སྤྱད་པར་བྱ།། ཚད་མེད་བསམ་གྱིས་མི་ཁྱབ་པའི།། སངས་རྒྱས་ཞིང་ནི་སྦྱང་བར་བྱ།། ཕྱོགས་ནི་བཅུ་པོ་ཐམས་ཅད་དུ།། བདག་གི་མིང་ནི་ཐོས་པར་བྱ།། བདག་གིས་བདག་ལ ་ལུང་བསྟན་ཏེ། སངས་རྒྱས་འགྱུར་བར་དོགས་པ་མེད།། བདག་གི་ལྷག་བསམ་རྣམ་པར་དག། བདག་དབང་འདི་ན་འདྲེན་པ་རྣམས།། ལུས་དང་ངག་གི་ལས་རྣམས་ཀྱང་།། རྣམ་པ་ཀུན་ཏུ་བདག་གིས་སྦྱང་།། ཡོད ་ཀྱི་ལས་ཀྱང་ཡོངས་སུ་སྦྱང་།། མི་དགེའི་ལས་ནི་སྤྱད་མི་བྱ།། ཞེས་བརྗོད་པར་བྱའོ།། འངས་ཇི་ལྟར་སེམས་བསྐྱེད་ཅིང་སྡོམ་པ་གཟུང་ཞེ་ན། སྨྲས་པ་སྨོན་ལམ་བཏབ་ཅིང་ཚུལ་ཁྲིམས་རྣམ་པ་གསུམ་ཁས་བླངས་པའི་ཕྱིར ་ཚུལ་ཁྲིམས་རྣམ་པ་གསུམ་ནི། སྡོམ་པའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པ་དང་། དགེ་བའི་ཆོས་ཡོངས་སུ་བསྡད་པའི་ཚུལ་ཁྲིམས་སོ།། དེ་ལ་དང་པོའི་ཚིགས་སུ་བཅད་པ་གཅིག་གིས་ནི་སྨོན་པ་དང་འཇོག ་པ་ཐུན་མོང་གི་སེམས་བསྐྱེད་པ་བསྟན་ཏོ།། དེ་ནས་ཚིགས་སུ་བཅུད་པ་ཕྱེད་ཀྱིས་ནི། སྨོན་པའི་སེམས་བསྐྱེད་པ་བསྟན་ཏེ། ཕྱེད་ཀྱིས་ནི་འཇུག་པའི་སེམས་བསྐྱེད་པ་བསྟན་ཏོ།། ལྷག་མས་ནི་འཇུག་པ་ཉིད་ཀྱི་ཚུལ ་ཁྲིམས་རྣམ་པ་གསུམ་དང་ལྡན་པ་སྟེ། དང་པོ་སྡོམ་པའི་ཚུལ་ཁྲིམས་ངོ་ཚ་དང་ཁྲེལ་ཡོད་པའི་ངོ་བོ་ནི། དི་རིང་ཕན་ཆད་གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཅིག་གིས་མདོར་སྟོན་ཏེ། སེམས ་དཔའ་གཙོ་བོ་ཡིན་པས་སེམས་བསྐྱེད་ན་ཞེས་སྨོས་སོ།། རླབས་པོ་ཆེའི་སེམས་བསྐྱེད་པ་ཡིན་པས་དམ་བཅའ་འོ།། དགེ་བ་བསྡུད་པའི་ཚུལ་ཁྲིམས་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ནི། བྱང་ཆུབ་ནམ་ཞིག་ཐོབ་པར་དུ ་ཞེས་བྱ་བ་ལ་སོགས་པ་ཚོགས་སུ་བཅད་པ་གཉིས་ཏེ། ཁྱིམ་པའི་དབང་དུ་བྱས་བྱས་ནི་བཟོད་པ་དང་། གཏོང་བ་དང་། ཚུལ་ཁྲིམས་སོ།། དེ་ལ་བཟོད་པའི་མི་མཐུན་པའི་ཕྱོགས་ནི། ཐ་བ་དང་གནོད་སེམས་དང་ཕྲག་དོག་གོ།། སྦྱིན ་པའི་མི་མཐུན་པ་ནི། ཕྲག་དོག་དང་སེར་སྣ་སྟེ། དེས་ན་དེ་དག་སྤང་བར་སྤྲོ་བ་ནི། བཟོད་པ་དང་སྦྱིན་པའོ།། ཚངས་པར་སྤྱོད་པ་བདག་གིས་སྦྱང་།། སྡིག་པའི་འདོད་པ་ཡོངས་སུ་བཏང་།། ཞེས་བྱ་བ་ནི་ཚུལ་ཁྲིམས་ཏེ། དགེ་བསྙེན ་ཞེས་བྱ་བའི་དོན་ཏེ་སྡིག་པ་ལས་དབེན་པའི་ཕྱིར་རོ།། དེས་ན་འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ཀྱང་། སྦྱིན་པ་དང་ནི་ཚུལ་ཁྲིམས་དང་།། བཟོད་པའི་ཆོས་ནི་ཁྱད་པར་དུ།། ཁྱིམ་པ་ལ་བཤང་སྙིང་རྗེ་ཡི། སྙིང་པོ་ཅན་དུ་བརྟག་བསྒོམས ་མཛོད་ཅེས་གསུངས་སོ།། རབ་ཏུ་བྱུང་བའི་དབང་དུ་བྱས་ནས། ཚུལ་ཁྲིམས་སྡོམ་དང་དེས་པ་ལ།། སངས་རྒྱས་རྗེས་སུ་བསླབ་པར་བྱ།། ཞེས་གསུངས་ཏེ། དགེ་བ་སྡུད་བའི་གཙོ་བོ་ནི་སྡོམ་པ་དང་ངེས་པ་ཡིན་པའི་ཕྱིར་རོ།། ཡང ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་དགེ་བ་སྡུང་བ་ཡིན་ལ་དེ་མཚོན་པའི་ཕྱིར་སྡོམ་པ་དང་ངེས་པ་བསྟན་ཏོ།། ཡང་སྡོམ་པ་ནི་ཡང་དག་བླངས་པོའོ།། དེས་པ་ནི་གཞན་ལ་མི་འཆི་བའི་ཕྱིར་ལུས་ཁྱད་པར་ཅན་དུ་འགྱུར་ན། དགེ་བ་ལ་སོགས ་པ་བསྟན་ཏོ།། སེམས་ཅན་དོན་བྱེད་པའི་ཚུལ་ཁྲིམས་སྙིང་རྗེ་དང་ཤེས་རབ་ཀྱི་ངོ་བོ་ཉིད་ནི། བདག་ནི་བྱང་ཆུབ་རིང་ཚུལ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མོས་ཤིང་སྤྲོ་བ་མེད་ཅེས་བྱ་བ་ནི། ཕྱུགས་རྫི་ལྟ་བུར་སེམས་བསྐྱེད་པའི་ཕྱིར། ་ཡང་ན་མོས་པ་ནི་འདོད་པའོ།། སྤྲོ་བ་མེད་ནས་བྱ་བ་ནི་མངོན་དུ་མི་བྱེད་པས།། རྗེ་རྒྱུས་ན་ན། སེམས་ཅན་ཡོངས་སུ་སྐྲུན་པར་བྱ་བ་དང་། སངས་རྒྱས་ཀྱི་རྒྱས་ཡོངས་སུ་རྫོགས་པར་བྱ་བྱའི་ཕྱིར་ཏེ། དང ་བོནི་སེམས་ཅན་གཅིག་ཕྱིར་སྤྱད་པར་བྱ་ཞེས་བྱའོ།། གཉིས་པ་ནི་ཞིང་རྣམྦྷ་པར་སྦྱང་བར་བྱ་ཞེས་བྱ་སྟེ། མིང་ཐོས་པས་ནི་གྲགས་པ་སྐྱེ། འཇིག་རྟེན་གྱི་ཁམས་ཆེ་གེ་མོ་ཞིག་ཏུ་ཞེས་འབྱུང་བ་ལྔ་བུའོ།། དེ་ལྟར་སྦོམ་པོ་བཟུང་བའི ་ངན་ཡོན་ནི་བདག་གིས་བདོག་ལ་ལུང་བསྟན་ཏེ་ཞེས་བྱ་བ་ལ་སོགས་པའོ།། ཕན་ཡོན་གྱི་འཐད་པ་ནི། ལྷག་བསམ་རྣམ་པར་དག་ཅེས་བྱ་བའོ།། ལྷག་པའི་བསམ་པ་དག་པར་གང་གིས་ཤེས་ཞེ་ན། བདག་དབང་འདི་ནི ་འདྲེན་པ་རྣམས་ཞེས་བྱ་བའོ།། དེ་ལྟར་ཚུལ་ཁྲིམས་རྣམ་པ་གསུམ་གྱིས་དོན་བསྡུ་ན་ལུས་དང་ངག་གི་ལས་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདིར་སྨྲས་པ། བསམ་པ་དག་པའི་ས་ལ་ནི་རུང་ན།། ་འཆིང་བ་མིགའ་དག་དང་ལྡན་པ་སློབ་པ་འདོད་པ་གོ་ཇི་ལྟར་འཐད། མ་ཡིན་ཏེའིའཆིང་བ་མཐའ་དག་དང་ལྡན་པ་ཁོ་ན་སྒྲོ་བའི་རླབས་ཡོད་པས་འདིར་སློབ་ཀྱི་གཞན་དུ་ན་བསམ་པ་རྣམ་པར་དག་པར་ཡང་ཇི་ལྟར ་འགྱུར། ཡང་འཇམ་དཔལ་གཞོན་ནུར་གྱུར་པ་འདིས་བྱང་ཆུབ་ཏུ་སེམས་བསྐྱེད་ཕྱིན་ཆད་བསྐལ་པ་གངྒཱའི་ཀླུང་གྲངས་མེད་པ་བརྒྱ་སྟོང་ཕྲག་བདུན་གྱི་བྱེ་མ་སྙེད་འདས་པར་གྱུར་ཏོ་ཞེས་གསུངས་པ་ཡང་ཇི ་ལྟར་གྲང་། སྤྲོས་པས་ཆོག་གོ།། དེ་ལྟ་བས་ན་རྒྱུ་དང་རྐྱེན་དང་། རང་བཞིན་བརྗོད་བྱ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་ཞེས་གསུངས་སོ།། ཐམས་ཅད་མཁྱེན་པའི་སེམས་ཀྱིས་ཚད་མེད་པར་འགྱུར་རོ་ཞེས ་བྱ་བ་ནི། ཐབས་མཁས་པ་དང་ལྡན་པས་ཡོངས་སུ་བསྔོས་པའི་ཕྱིར་རོ།། དངོས་པོ་ཆུང་ངུ་ཐོབས་མཁས་པའི་བསྔོ་བས་ཚད་མེད་པར་འགྱུར་བ་ནི་དགོངས་པ་ཅན་ཡིན་ནོ་ཞེ་ན། བསྐལ་བ་བཟང་པོའི་མདོ་ལས་ཀྱང་ཞེས་གསུངསོ། ་རྗེས་ཀྱི་བྱ་བ་ནི་རྣམ་པ་གཉིས་ཏེ། ཕན་ཡོན་གྱིས་སྤྲོ་བ་བསྐྱེད་པ་དང་། བསླབ་པ་མདོར་བསྡུས་ཏེ་ལུང་འབོག་པའོ།། དེ་ལ་ཕན་ཡོན་གྱི་སྤྲོ་བ་བསྐྱེད་པ་བསྟན་པས་བསླབ་པ་མདོར་བསྡུས་པར་གོ་བར་འགྱུར་བས་དང་པོར ་སྨོས་ཏེ། ཡང་རིན་པོ་ཆེ་ཕུང་པོ་ལས་ཞེས་བྱ་བའོ།། སེམས་བསྐྱེད་ཅིང་། སྡོམ་པ་དང་ལྡན་པ་དག་ནི་རྟེན་ཁྱད་པར་ཅན་ཡིན་པས་སྔར་བསྟན་པོ་ལྟ་བུར་བསོད་ནམས་ཀྱི་ཚོགས་ཤིན་ཏུ་འཕེལ་བ་རྒྱུའི་བར་དུ་ཡང་མི་བཟོད ་དཾ་ཞེས་གསུངས་སོ།། ཕན་ཡོན་དག་ཀྱང་ཚུལ་ཁྲིམས་རྣམ་པ་གསུམ་བླངས་པ་ལས་འབྱུང་བས། རང་བཞིན་བརྗེད་པ་ནི་བསླབ་པ་མདོར་བ་སྡུས་པ་ཉིད་དོ་ཞེས་གོ་བར་འགྱུར་རོ།། ཕན་ཡོན་དང་ལྡན་པའི་འཐད་པའི ་ལུང་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་ཞེས་གསུངས་པ་ཡིན་ནོ།། ལ་ལ་ནི་རིན་པོ་ཆེའི་ཕུང་པོའི་མདོའི་དོན་ནི། དོན་དམ་པར་བྱང་ཆུབ་ཀྱི་སེམས་ངོ་བོ་ཉིད་དང་ཕན་ཡོན་གྱིས་བསྟན་ཏེ། ཐམས་ཅད་མཁྱེན ་པ་ཉིད་ལྡན་པའི་སེམས་ཞེས་བྱ་བ་ནི། མཚན་མ་མེད་པའི་སེམས་སོ།། དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཡིན་པར་ཅི་མངོན་ཞེ་ན། འོག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས ་གསུངས་པའི་ཕྱིར་རོ།། ཞེས་ཀྱང་ཟེར་རོ།། གལ་ཏེ་དགེ་བའི་བཤེས་གཉེན་མེད་ན་ཡང་ཆོ་ག་ནི་འདི་ཉིད་དོ།། མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚང་མར་སྦྱར་བ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྙེད་པར་དཀའ ་བའི་གཏམ་བརྗོད་པ་སྟེ་ལྔ་པའོ།། བྱང་ཆུབ་ཏུ་སེམས་བསྐྱེད་པ་བཤད་ཟིན་ཏོ།། ད་ནི་སྙིང་རྗེ་བསྟན་པར་བརྗོད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སྔར་སེམས་སྐྱེ་བའི་རྒྱུ་བཤད་པའི་སྐབས་སུ་སྙིང་རྗེ་ཟློས་ཏེ་གསུངས་པའི་ཕྱིར་ལ། དེའི་དགོངས་པ་གང་ཡིན་ཞེ་ན། ལུང་ལས། ་སྨོན་པ་དང་ནི་འཇུག་པ་དང་།། དེ་བཞིན་ཟབ་དང་རྒྱ་ཆེ་དང་། མི་ལྡོག་འབྲས་བུ་ཐོབ་པས་ན།། ཐེག་པ་ཆེན་པོ་ཁྱད་པར་འཕགས།། དེའི་སྔོན་དུ་འགྲོ་བ་ནི་བསྟན་པ་རྣམས་ཀྱི་སྙིང་རྗེའོ་ཞེས་འཆད་པ་དང་། སློབ་དཔོན་དཔའ་བོས། ཡོན ་ཏནྟྲ་མ་ལུས་བྱང་ཆུབ་སེམས་ལ་བརྟེན།། བྱང་ཆུབ་མཆོག་སེམས་སྙིང་རྗེའི་རྒྱུ་ལས་འབྱུང་ཞེས་འཆང་ངོ་།། དེ་ལྟ་བས་ན་སྙིང་རྗེ་བསྟན་པས་བྱང་ཆུབ་ཀྱི་སེམས་བརྟན་པར་འགྱུར་ཏེ། སྐྱེ་བ་དང་གནས་པ་དང་མཐར་ཐུག་པའི ་རྒྱུ་ཡིན་པའི་ཕྱིར། སེམས་ཅན་རྣམས་ལ་སྙིང་རྗེ་ཚ་བ་ནི་རྙེད་པར་དཀའ་སྟེ་ཞེས་དམ་བཅའ་བ་མཛད་དོ།། འོ་ན་རིགས་ལས་གྱུར་པ་དང་། འབྲེལ་པ་ལས་གྱུར་པ་དང་། གོམས་པ་ལས་གྱུར་པ་དང་། གློ་བུར་བའི་རང་བཞིན་གྱིས ་ཇི་ལྟར་རྙེད་དཀའ་ཞེས་དེ་ལ་རྒོལ་བ་ནི་ཅི་མངོན་ཞེས་བྱའོ།། འབྲེལ་པ་དང་གློ་བུར་དག་ནི། ཉི་ཚེ་བ་དང་རེ་ཞིག་པ་ཡིན་པས་སྨོས་པར་བྱའོ།། ལྷག་མ་ནི་དཀའ་བོ་ཁོ་ནའོ།། དཀའ་བ་ཅི་མངོན་ཞེ་ན། མདོ་སྡེ་མང་པོ་ལས་ཐོས་པའི་ཕྱིར་ཏེ་ཞེས ་གསུངས་ཏེ། འདིར་སྙིང་རྗེ་ནི་རང་གི་བདེན་པ་སྤོང་བའི་མཚན་ཉིད་ཡིན་པས་སྙིང་རྗེ་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཟླ་བའི་སྙིང་པོའི་ལེའུ་ལས་གསུངས་ཏེ། རང་གི་བདེ་བ་སེལ་བས་ན་དགྲ་དཔའ་བོ་ལག་ན་རྡོ་རྗེ་ཐོགས་ཤིང་དྲག་ཤུལ ་དུ་འདེབས་པ་ལས་སྒྲོལ་བ་བཞིན་ནོ་ཞེས་བྱའོ།། དགོས་པ་བསྟན་པ་ནི། བྱང་ཆུབ་ཏུ་མངོན་པར་མོས་པའི་སྔོན་དུ་འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙིང་རྗེ་ནི་བྱང་ཆུབ་ཏུ་སེམས་སྐྱེ་བའི་རྒྱུ་ཡིན་པས་དང་པོར་དགོས་པ་ནི ་མངོན་པར་མོས་པའི་སྔོན་དུ་འགྲོ་བ་ཞེས་བྱའོ།། གནས་པའི་རྒྱུ་ཡིན་པས་མ་ཉམས་པར་བྱེད་པ་ནི་བར་དུ་དགོངས་པ་སྟེ། ཐེག་པ་ཆེན་པོ་ཡང་དག་པར་སྒྲུབ་པའི་སྔོན་དུ་འགྲོ་བ་ཞེས་བྱ་སྟེ། ཡང་དག་པར་སྒྲུབ་པ་ནི་སྤྱོད་པ་མ ་ཉམས་པར་བྱེད་པའོ།། མཐར་ཐུག་པའི་རྒྱུ་ཡིན་པས་འབྲས་བུ་ཐོབ་པར་བྱེད་པ་ནི་ཐ་མར་དགོངས་པ་སྟེ།། སངས་རྒྱས་ཀྱི་ཆོས་ནི་སྟོབས་ལ་སོགས་པའོ།། སྔོན་དུ་འགྲོ་བ་ནི་འདྲེན་པའོ།། སྙིང་རྗེ་བསྒོམ་པོའི་གནས་སྐབས་ནི ་རྣམ་པ་གསུམ་སྟེ། དང་པོ་རྩ་བ་བརྟན་པར་བྱ་བའི་ཕྱིར་སོ་སོའི་གནས་སྐབས་སུ་དང་། ཐེག་པ་འོག་མར་མི་ལྷུལྟུང་བར་བྱ་བའི་ཕྱིར། མཐོང་བའི་ལམ་གྱི་གནས་སྐབས་སུ་དང་། སེམས་ཅན་གྱི་དོན་མི་ཉམས་པར་བྱ་བའི་ཕྱིར ་@ས་བརྒྱད་པའི་གནས་སྐབས་སོ།། དེ་བས་བསྒོམ་པའི་གནས་སྐབས་གསུམ་མཚོན་པའི་ཕྱིར་དང་། སྨོས་པ་ནི། བདག་གི་འཁྲུལ་པ་ལ་ཡང་སོ་སོར་རྟོག་ཅིང་གཞན་གྱི་འཁྲུལ་པ་ལ་སྙིང་རྗེ་བའོ་ཞེས་གསུངས་ཏེ། ཁྲུལ ་པ་ནི་ཉེ་བར་སྤྱད་པ་སྤྱོད་པ་སྟེ། སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་རོ།། ད་ནི་ཕན་ཡོན་བསྟན་པའི་ཕྱིར། བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འདོད་པས་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། སྔར་སྨོས་པ་ཉིད་ཕན་ཡོན་ཡིན་མོད་ཀྱི་དོན ་ཀྱང་དེ་ཉིད་རྣམ་པ་གཞན་གྱིས་བསྟན་པ་ནི། མངོན་པར་མཐོ་བ་དང་། ངེས་པར་ལེགས་པ་ངག་གིས་སོ།། ཇི་ལྟར་ཞེ་ན། མངོན་པར་འཚང་རྒྱ་བར་འདོད་པས་ཞེས་བསྟན་པ་ནི་ངེས་པར་ལེགས་པའི་ཕན་ཡོན་བསྟན་ཏོ།། མངོན་པར ་མཐོ་བའི་ཕན་ཡོན་ནི། སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་ལུས་དང་སྲོག་ལ་མ་ཆགས་པ་ནི་བདེ་འགྲོར་སྐྱེ་སྟེ་ཞེས་བྱ་བའོ།། བདག་ཉིད་མ་གྲོལ་བས་གཞན་གྲོལ་བར་མི་ནུས་པས་ན་ལུས་དང་སྲོག་ལ་མ་ཆགས་པར་བྱའོ་ཞེས་པ ་ལ་སོགས་པའོ།། ད་ནི་སྙིང་རྗེ་བསྒོམ་པའི་ཚུལ་བསྟན་པར་བྱ་སྟེ། ཕན་བདེ་ལ་སྦྱོར་བར་བྱེད་པའི་ཕ་དང་མ་ལོ་སོགས་པ་སྡུག་ཅིང་ཡིད་དུ་འོང་བ་དག་སྡུག་བསྔལ་གྱི་རྒྱུ་དང་དངོས་ལ་སྤྱོད་པ་དག་སྡུག་བསྔལ་བསལ་བར་འདོད་པའི ་སེམས་ནི་སྙིང་རྗེ་ཞེས་བྱ་སྟེ། སྔར་བསྟན་པའི་ཚུལ་གྱིས་གོམས་པར་བྱེད་པོས་ན་སྙིང་རྗེ་བའི་བདག་ཉིད་ཅན་ནོ།། ཡུལ་གང་ལ་ཞེ་ན། སེམས་ཅན་གྱི་རིགས་རྣམ་པ་གཉིས་ཏེ། སྡུག་བསྔལ་དངོས་ལ་གནས་པ་དང་། སྡུག་བསྔལ་གྱི་རྒྱུ་ལ་སྦྱོང ་བའོ།། དེ་ལ་སྡུག་བསྔལ་དངོས་ལ་གནས་པ་ནི། སེམས་ཅན་སྡུག་བསྔལ་བ་དང་ཞེས་བྱ་བ་ལ་སོགས་པའོ།། དེས་འཕགས་པས་ཀྱེ་མ་བདག་ལྟ་བུ་འཆིང་བ་སྣ་ཚོགས་ཀྱིས་བཅིངས་པ་དག་གིས་ནི་རང་ཡང་གྲོལ་བར་མི་ནུས་ན། གཞན་དག་ཀྱང ་ལྟ་ཅི་སྨོས་ཀྱི་མ་ལ་བདག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་གདོང་སྡུག་བསྔལ་དག་ལས་དགྲོལ་བར་བྱའོ།། སྙམ་པས་ན་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་སྨོས་སོ།། སེམས་བསྐྱེད་ནས་མཐོང་བའི་ལམ་ལ་གནས་པ་ནི། ་རང་དང་གཞན་གྱི་དོན་སྒྲུབ་པ་ཐོབ་པས་ན། དེའི་ཕྱིར་འབད་པ་ནི་ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་ཅེས་བྱ་བ་ལ་སོགས་པའོ།། དེ་ཐོབ་ནས་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དག་ནི་སེར་སྣ་ཅན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་སྦྱོང་དུ ་ཇུག་པའོ།། རྒྱུ་མ་སྤངས་ན་འབྲས་བུ་སྤངས་པར་མི་འགྱུར་བས་ན་རྒྱུ་བཟློག་པ་ཁོ་ན་སྨོས་སོ།། སྙིང་རྗེའི་གཞན་དབང་དུ་གྱུར་པས་ན་ཉེན་ཅིང་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་ཏེ། གཞན་དུ་ན་རྒྱལ་པོ་གསེར་མདོག་གི་རྟོགས ་པ་བརྗོད་པ་ལས་སྙིང་རྗེ་ཉམས་པས། རང་སངས་རྒྱས་སུ་སེམས་བསྐྱེད་དོ།། ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། དེ་ལ་འདུ་བྱེད་དང་། འགྱུར་བ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ངག་ནི་སྡུག་བསྔལ་ཏེ། མི་དང་ལྷ་དང་ངན་སོང་གསུམ ་དུ་རིམ་བཞིན་དུ་སྦྱར་རོ།། ཕན་པ་ཉེ་བར་སྒྲུབ་པ་མེད་པས་ན་སྐྱ་བས་མེད་པའོ།། ངེས་པར་འབྱུང་བ་མཆོག་གི་ཆོས་སྟོན་པ་མེད་པས་ན་མགོན་མེད་པའོ།། ཐེག་པ་གསུམ་ལ་ངེས་པར་འགོད་པར་བྱེད་པ་མེད་པས་ན་རྟེན་མེད་པའོ།། སྡུག ་@བསྔལ་སེལ་བའི་གྲོགས་པོ་མེད་པས་ན་དཔུང་གཉེན་མེད་པའོ།། ཐོས་པ་དང་བསམ་པ་དང་བསྒོམ་པའི་གནས་སྐབས་སུ་འབད་རྩོལ་བརྩོན་འགྲུས་རྩོམ་པའོ།། ཐབས་སྣ་ཚོགས་པས་ལུས་གཏོང་བ་ལ་སོགས་པ་ནི་དཀའ ་བ་སྤྱོད་པའོ།། མི་མཐུན་པ་ལས་བཟློག་པས་ན་སེར་སྣ་ཅན་ལ་སོགས་པ་གཉེན་པོ་ལ་སྦྱོར་བས་ན་སྦྱིན་པ་ལ་སོགས་པ་ལ་དགོད་པའོ།། མི་ཟད་པ་ནི་མནགས་མི་ནུས་པའོ།། རྩུབ་པ་ནི་ལུས་གདུང་བར་བྱེད་པའོ།། ཚ་བ་ནི་སེམས་གདུང་བར ་བྱེད་པའོ།། ཆོས་བཅུ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཆོས་ཉིད་ཐོབ་པ་ལ་འབད་པ་དང་། དཀའ་བ་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་བ་དང་། སྡུག་བསྔལ་གྱི་ཉེན་ཅིང་ལྡོག་པར་མི་འགྱུར་བའོ།། སྙིང་རྗེ་བསྒོམ་པའི་ཚུལ་གཞན ་བསྟན་པ་ནི། ཀྱེ་མ་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་ཡུལ་ནི་སེམས་ཅན་སྲེད་པ་ཅན་ལ་སོགས་པའོ།། བསྒོམ་པའི་ཚུལ་ནི་རང་དབང་ཡོད་ཅིང་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་སྔར་བསྟན་པ་དག་ནི། སྦྱོར་བ་ཕུན་སུམ་ཚོགས་པ ་ཡིན་ལ་འདྲིར་ནི་བསམ་པ་རྣམ་པར་དག་པ་ཡིན་པས་སྒོམ་པའི་ཚུལ་རྣམ་པ་གཉིས་ཀྱི་ཁྱད་པར་ནི་དེ་ཡིན་ནོ།། དེ་ལ་སྙིང་རྗེ་སྒོམ་པའི་ཡུལ་སྔར་བཤད་པ་དེ་ཉིད་འཆང་བ་ནི། ཀྱེ་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཀྱེ་མ་ཞེས ་བྱ་བ་ནི་ཡིད་ཆེས་པའི་ཚིག་བརྗོད་པའོ།། འདིར་སྡུག་བསྔལ་ལ་སྤྱོད་པའི་གང་ཟག་ནི་གཉིས་ཏེ། ཁྱིམ་པའི་ཕྱོགས་སུ་གཏོགས་པ་དང་། དེ་དག་ཀྱང་ཅི་རིགས་པར་བདེ་བའི་རྒྱ་མ་བསགས་པས་སྡུག་བསྔལ་བར་གྱུར ་པ་དང་། བསགས་པ་ཕྱིན་ཅི་ལོག་གིས་སྡུག་བསྔལ་གྱི་རྒྱུར་གྱུར་པ་དང་། བསགས་པ་རྒྱུ་མ་གྱུར་པར་ཟད་པས་སྡུག་བསྔལ་བའོ།། དེ་ལ་ཁྱིམ་པ་རྣམས་ནི་བུ་དང་ཆུང་མ་ལ་སོགས་པ་ལ་ཆགས་པས་སྡུག་བསྔལ་བ་དང་། བུ་དང་ཆུང ་མ་ལ་སོགས་པ་འགྲིབ་པས་སྡུག་བསྔལ་བའོ།། དེ་ལ་ཆགས་པས་སྡུག་བསྔལ་བ་ནི། སྲེད་པའི་ཁོལ་པོ་ཞེས་བྱ་བ་ལ་སོགས་པའོ།། འགྲིབ་པས་སྡུག་བསྔལ་བ་ནི། རང་དབང་མེད་པ་ཞེས་བྱ་སྟེ། མི་འདོད་པའི་གཞན་དབང་དུ་གྱུར ་པའི་ཕྱིར་རོ།། དེས་ན་མི་ཕོངས་པ་སྟེ་མི་ཕན་པའོ།། དེ་ལ་སྙིང་རྗེ་ཇི་ལྟར་བསྒོམ་ཞེ་ན། རང་དབང་ཡོད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ་དང་མི་ཐོབ་པར་གྱུར་པས་ན་གར་དགའ་བ་འགྲོ་བར་བྱའོ།། སྙམ་དུ་སྨོན་པས་བསམ་པ་ཡིན་པར ་མངོན་ནོ།། རབ་ཏུ་བྱུང་བ་དག་གི་ནི་ཉོན་མོངས་པ་འཕེལ་བ་དང་། ཚུལ་ཁྲིམས་ལ་སོགས་པ་འགྲིབ་པས་སྡུག་བསྔལ་བ་ནི། ཕན་ཚུན་མི་འཕྲོད་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཉོན་མོངས་པ་དག་གི་གཙོ་བོ་ནི་ཞེ་སྡང་ཡིན་ཏེ་ཅིའི་ཕྱིར ་ཞེ་ན། དགེ་བའི་རྩ་བ་འཇོམས་པར་བྱེད་པའི་ཕྱིར། འོག་ནས་ཀྱང་། ཁོང་ཁྲོ་བ་ཞེས་བྱ་བ་ནི་བསྐལ་བ་རྒྱར་བསགས་པའི་དགེ་བའི་རྩ་བ་རྣམས་ཟད་པར་བྱེད་པའི་ཕྱིར་རོ།། ཞེས་གསུངས་པའི་ཕྱིར་རོ།། དེ་ལ་མི་མཐུན་པ་ནི་མི་འཕྲོད་པ་སྟེ། ་རྩོད་པར་བྱེད་པའོ།། ཁྲོ་བ་ནི་སེམས་འཁྲུག་པའོ།། ཞེ་སྡང་ནི་ཁོང་ཁྲོ་བའོ།། གནོད་སེམས་ནི་སེམས་ཅན་ལ་སྡང་བའོ།། མང་བ་ནི་འཕེལ་བར་འགྱུར་བའི་ཕྱིར་རོ།། དེ་སྤང་བའི་ཕྱིར་བཟོད་པ་ལ་དགོད་པ་ནི། སྤང་བའི་ཕྱིར་ཞེས་བྱ་བ་སྟེ། ་ཅིའི་ཕྱིར་ཞེ་ན། བཟོད་པ་ནི་ཚུལ་ཁྲིམས་ཀྱི་འབྲས་བུའི་རྒྱུའི་གཙོ་བོ་ཡིན་པས་ཇི་སྐད་དུ། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ནི།། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་།། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་།། གཞན ་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།། ཞེས་གསུངས་པ་ལྟ་བུའོ།། ཡོངས་སུ་འཛིན་པ་དང་བྲལ་བས་ཚུལ་ཁྲིམས་ཉམས་ཤིང་སྡུག་བསྔལ་བ་ནི་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་ཁྲིམས་ཉམས ་པཔ་དང་འཚེ་བ་ཉམས་པ་ལ་སོགས་པ་ནི་སྡིག་པའི་གྲོགས་པོ་སྟེ། དཀོན་མཆོག་སྤྲིན་ལས་སྡིག་པའི་གྲོགས་པོ་བཅུ་བཤད་པ་ལྟ་བུའོ།། སྡིག་པའི་ལས་ནི་ཁ་ན་མ་ཐོ་བ་སྟེ། དགེ་བའི་བཤེས་གཉེན་དང་བྲལ་བས་དེ་ལས་འཇུག་སྟེ། དཔེར་ན ་ཨུ་དུམ་ཝ་ར་ལྟ་བུའི་མདོ་ལས་བཤེས་གཉེན་ངན་པས་བསླུས་པའི་དབང་ཁ་ན་མ་ཐོབ་ཆེན་པོ་ལ་ཞུགས་པ་ལྟ་བུའོ།། དེ་སྤང་བར་བྱ་བའི་ཕྱིར་ཡང་དག་པའི་བཤེས་གཉེན་དང་ལྡན་པར་བྱ་བས་ཚུལ་ཁྲིམས་ལ་དགོད་པ་ནི་དགེ་བའི་བཤེས ་གཉེན་གྱིས་ཡོངས་སུ་ཟིན་པ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ཡིན་པས། ཀུན་དགའ་བོ་ཚངས་པ་མཚུངས་པར་སྤྱོད་པ་ནི་ཚངས་པར་སྤྱོད་པ་རིལ་གྱིས ་ཡིན་ནོ།། ཞེས་གསུངས་པ་ལྟ་བུ་དང་། འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ཇི་སྐད་དུ། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད།། ཡོངས་སུ་རྫོགས་པར་ཐུབ་པ་ཉིད་ཀྱིས་གསུངས།། ཞེས་གསུངས་སོ།། དེ་ལྟར་ཉེས་པ་གཉིས་དང་ལྡན ་པས་བདེ་བའི་རྒྱུ་མ་བསགས་པས་སྡུག་བསྔལ་བར་འགྱུར་བ་ནི། བརྐམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བའི་རྒྱུ་ནི་དགེ་བའི་བཤེས་གཉེན་དམ་པ་ལ་བརྟེན་པས་ཆོས་ཉན་ཅིང་སེམས་པ་དང་། ཡང་དག་པར་དོན་བསྒོམ་པའོ།། དེ་ལ ་བཤེས་གཉེན་དམ་པ་ལ་བརྟེན་པ་དང་། ཆོས་ཉན་ཅིང་སེམས་པ་མེད་པས་སྡུག་བསྔལ་གྱི་རྒྱུ་ལ་གནས་པ་ནི། བརྐམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། འཕགས་པའི་ཤེས་རབ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཆོས་རབ་ཏུ ་རྣམ་པར་འབྱེད་པའི་བདག་ཉིད་སྟེ། དེས་མི་ཤེས་པ་ལ་སོགས་པ་སེལ་བའི་ཕྱིར་རོ།། དེ་མེད་པས་བྲལ་བ་སྟེ་སྤངས་པའི་ཐ་ཚིག་གོ།། ཚུལ་བཞིན་ཡིད་ལ་བྱེད་པ་ནི། འདོད་ཆགས་ལ་སོགས་པ་སུན་འབྱིན་པའི་ཕྱིར་གཉེན་པོ་སེམས་པའོ།། དེ་མེད ་པས་བརྐམ་པ་སྟེ། དང་པོར་ཞེན་པའི་ཕྱིར་རོ།། ཆགས་པ་སྟེ་བར་དུ་མི་འབྲལ་བའི་ཕྱིརརོ།། ཆོག་མི་ཤེས་པ་སྟེ་ཐ་མར་ཡང་དང་ཡང་དུ་འོང་བའི་ཕྱིར་རོ།། དེ་སྤངས་པའི་ཕྱིར་ཐོས་པ་དང་བསམ་པའི་ཤེས་རབ་ལ་འགོད་པ་ནི་ཆགས ་པ་སྤང་བ་དང་། འཕགས་པའི་ཤེས་རབ་བསྐྱེད་པའི་ཕྱིར་རོ།། ཡང་དག་པའི་དོན་བསྒོམ་པ་ནི་གཉིས་ཏེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་སྟེ་ཡང་དག་པའི་ལྟ་བའོ།། དེ་ལ་དང་པོ་ལས་དང་འབྲས་བུ་ལ་སྐུར་བ་མི་འདེབས་པས ་ཆད་པའི་མཐའ་སྤོང་བ་སྟེ། དེ་མེད་པས་ལས་ཀྱི་རྣམ་པར་སྨིན་པ་ལ་མི་ལྟ་བ་ལ་སོགས་པ་སྟེ། རྟག་པ་ནི་མི་འགྱུར་བའོ།། ཆད་པ་ནི་རྒྱུན་ཆད་པ་སྟེ། མདོར་ན་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་བྲལ་བའི་དོན་ཏོ།། དེ་སྤང་བའི་ཕྱིར ་འཇིག་རྟེན་ལས་འདས་པ་སྟེ། ཡང་དག་པའི་ལྟ་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟབ་པ་ནི་ཚུ་རོལ་པས་མི་རྟོགས་པའི་ཕྱིར་རོ།། བྱས་པ་ཆུད་མི་ཟ་ཞིང་མ་བྱས་པ་དང་ཕྲད་པར་མི ་འགྱུར་བས་ན་སྐུར་པ་མི་འདེབས་པ་དེ་ལ་དགོད་པ་ནི་གཟུང་བའོ།། ཤེས་རབ་ནི་རབ་ཏུ་རྣམ་པར་འབྱེད་པའི་ཕྱིར། མི་ཤེས་པའི་གཉེན་པོ་ཡིན་པས་དེ་དང་བྲལ་བ་ནི་མ་རིག་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིག་པ་ནི་ཡོད་པའི ་ངོ་བོ་མ་མཐོང་བ་སྟེ། ཅི་ཡོད་ཅེ་ན། འཁྲུལ་པ་སྤངས་པའི་རང་བཞིན་མི་རྟོགས་པའི་ངོ་བོར་ཡོད་པའི་ཕྱིར་རོ།། གཏི་མུག་ཅེས་བྱ་བ་ནི་མེད་པ་མཐོང་བའི་དོན་ཏེ། ཅི་མེད་ཅེ་ན། བདག་ལ་སོགས་པ་མེད་པའི་ཕྱིར་རོ་ལ་ལ་ནི་དགུག་བྱ་རྣམ་པར་བཅད་པ ་ཙམ་ལས་མ་གཏོགས་པའི་བསྒྲུབ་པར་བྱ་བ་མེད་པ་ཡིན་ནམ། ཇི་ལྟར་མི་རྟོག་པའི་ངོ་བོར་ཡོད་པར་འགྱུར། བདེན་མོད་ཀྱི་འདིར་ཡོངས་སུ་གཅོད་པའི་ངོ་བོ་གང་ཡང་ཁས་ལེན་པ་མ་ཡིན་ཏེ། ཆོས་ཉིད་ཙམ་ལ་ཡོད་པའི་མིང་གིས་བཏགས་པར ་ཟད་དོ།། དེ་ལྟ་མ་ཡིན་ན་འཁྲུལ་པོའི་རྒྱུ་ཡང་ཇི་ལྟར་འཕྲད། མ་རིག་པ་ལ་སོགས་གཏན་མེད་པ་ཉིད་ཀྱིས་འཁྲུལ་པའི་རྒྱུར་གྱུར་པ་ནི་མཐོང་བའི་ལམ་གྱིས་སྤང་བར་རིགས་ལ། ཡོད་པ་ཉིད་ན་གོ་ཇི་ལྟར་སྤངས་པར་འགྱུར་མིག་སེར་ལ་སོགས ་པས་དུང་སེར་པོ་ལ་སོགས་པར་སྣང་བ་ཡང་ནང་གི་ངོ་བོ་ཡོངས་སུ་སྦྱངས་པ་ཡིན་གྱི། ཕྱི་རོལ་ཏུ་ཇི་ལྟར་བསལ། ཁབ་འཛག་པ་ཉིད་སྣང་བ་ཡང་མེད་པ་ཁོ་ན་ལས་འཁྲུལ་གྱིས་ཡོད་པ་གང་ཞིག་ལས་འཁྲུལ། དེས་ན་གཉིས་དང་བྲལ་བའི ་ངོ་བོའི་དཔེ་དུང་ལྟ་བུ་ལ་གཟུང་འཛིན་གྱི་སེར་པོ་ལྟ་བུའོ།། ཞེས་བྱ་བ་ཡང་རིགས་པ་མ་ཡིན་ནོ།། གལ་ཏེ་མིག་ནང་བྱང་བའི་ཚེ་དེར་སྣང་ན་ནི་རུང་ན། མིག་ནང་བྱང་བའི་ཚེ་ཁབ་འཛག་པ་དེ་ཉིད་གང་དུ་གནས། འཁྲུལ་པ་སྤངས་པའི་དུས་ན་རྗེས་ཀྱི་ཤེས་པ ་མངའ་བ་ཞིག་ན། མ་རིག་པའང་ཇི་ལྟར་ལྡོག་པར་འགྱུར། དེ་མ་ལོག་ན་སངས་རྒྱས་ཞེས་གང་ལ་མིང་དུ་གདགས་ཞེས་ཟེར་རོ།། ལ་ལ་ན་རེ་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་རྟོགས་པ། འགའ་ཞིག་དེ་སྐད་ཟེར་མོད་ཀྱི། གཉིས་དང་བྲལ་བའི ་རང་རིག་པ་ནི་ངེས་པར་ཡོད་པ་ལུང་དང་རིག་པ་ལས་མངོན་ལ། དེ་མེད་པར་འཛིན་པ་ནི་སྐུར་པ་འདེབས་པའི་ལེགས་པར་མ་ཟིན་པའོ།། ཞེས་འཕགས་པ་ཐོགས་མེད་ཀྱིས་གསལ་བར་གསུངས་ལ། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། མེད་པར་ལྟ ་བ་ངན་འགྲོར་འགྲོ།། ཡོད་པར་ལྟ་བ་བདེ་འགྲོར་འགྲོ།། ཡང་དག་ཇི་བཞིན་ཡོངས་ཤེས་ན།། གཉིས་ལ་མི་བརྟེན་ཐར་པ་ཡིན།། ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གི་རིགས་པ་ནི་འོག་ནས་འཆད་དོ་ཞེས་ཀྱང་འདོད་དོ།། ད་ནི་ཧ་ཅང་སྤྲོས་ནས། ་དཀྱུས་མ་ཉིད་བསྟན་པར་བྱ་སྟེ། དགོངས་པ་ནི་ལོངས་པར་གྱུར་པའོ།། མེད་པ་ཉིད་གང་ཞེ་ན། བདག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཏུ་བརྗོད་པ་རྣམ་གྲངས་སོ།། དེ་ལ་བདག་ལ་སོགས་པ་ནི་བཤད་ཟིན་ཏོ།། ཁམ་གྱི་ཟས་ཀྱིས ་གནས་པས་གསོ་བའོ།། བུ་ནི་ལུས་ལ་བྱ་བར་འདོད་ལ་གནས་པས་ན་པུ་རུ་ཥ་སྟེ། སྐྱེས་བུའོ།། དེ་ལྟ་བུའི་མ་རིག་པ་སྤངས་པའི་ཕྱིར་ཆོས་བསྟན་པ་ནི་འཕགས་པའི་ཤེས་རབ་ཀྱི་མིག་ཅེས་བྱ་བ་སྟེ། འདི་དག་གིས་ནི་བདེ་བའི་རྒྱུ་མ་བསགས ་པས་སྡུག་བསྔལ་བར་གྱུར་པ་སྤངས་པར་བསྟན་ཏོ།། ནི་བསགས་པ་ཕྱིན་ཅི་ལོག་གོ་སྡུག་བསྔལ་གྱི་རྒྱུར་གྱུར་པ་སྤངས་པ་ནི། འཁོར་བ་ལ་མངོན་པར་དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། བསགས་པའི་དགེ་བསྲུང་བར ་བསྔོས་པ་ནི་སྡུག་བསྔལ་ལ་བདེ་བར་ཕྱིན་ཅི་ལོག་པས་ན་སྡུག་བསྔལ་གྱི་རྒྱུར་གྱུར་པ་སྟེ། འཁོར་བའི་ཕུང་པོ་ལྔའོ།། དེ་ཉིད་སྡུག་བསྔལ་བསྐྱེད་པས་བདེ་བའི་སྲོག་འཕྲོག་པ་ནི་གཤེད་མ་ལྟ་བུའོ།། དེ་སྤང་བའི་ཕྱིར་མྱ་ངན་ལས་འདས་པ་ལ ་དགོད་པ་ནི།། ཁམས་གསུམ་ལས་དབྱུང་ཞེས་སྨོས་ཏེ། ཁམས་གསུམ་གྱི་སྡུག་བསྔལ་སྤང་ཞེས་བྱ་བའི་དོན་ཏོ།། བསགས་པ་རྒྱུར་མི་གྱུར་པ་ནི་བར་མ་དོར་ཟད་པ་ལ་བྱ་སྟེ། འབྲས་བུ་མ་ཕྱིན་པའི་ཕྱིར་རོ།། ཟད་པའི་རྒྱུ་ནི་རྣམ་པ་གཉིས་ཏེ། ་དགེ་བའི་བཤེས་གཉེན་དང་བྲལ་བས་བདུད་ཀྱིས་གནོད་པར་བྱས་པ་དང་། དངོས་པོར་ལྟ་བས་མཚན་མ་ལ་གནས་པའོ།། དང་པོ་ནི་འདུད་ཀྱི་ཞགས་པས་བཅིངས་པ་ཞེས་བྱ་བ་སྟེ། བདུད་ནི་འདིར་ལྷའི་བུའི་བདུད་དེ་འདོད་པའི་ཁམས ་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའོ།། དེས་ཇི་ལྟར་ཟད་པར་བྱས་ཞེ་ན། བཅིངས་པས་བཅིངས་ཞེས་བྱ་སྟེ། དྲེགས་པར་བྱེད་པ་ལ་སོགས་པའི་ཕྱིར་རོ།། དངོས་པོར་ལྟ་བས་མཚོན་མ་ལ་གནས་པ་ནི། གཡོ་བ་དང་ཞེས་བྱ་སྟེ། གཡོ་བ་ནི ་རྣམ་པར་རྟོགས་པ་སྟེ། མི་བསྟན་པར་བྱེད་པའི་ཕྱིར་རོ།། རློམ་སེམས་པ་ནི་དངོས་པོར་ལྟ་བ་སྟེ། ཞེན་པའི་ཕྱིར་རོ།། དེ་སྤངས་པའི་ཕྱིར་རྫོགས་པའི་བྱང་ཆུབ་ལ་འགོད་པ་ནི། རྣམ་པར་གྲོལ་བ་ཞེས་བྱ་བ་ལ་སོགས་པའོ།། ་ནི་དངོས་པོར་ལྟ་བས་མཚན་མ་ལ་གནས་པས་བསགས་པས་རྒྱུར་མ་གྱུར་པར་ཟད་པ་ཉིད་བསྟན་པ་ནི། མྱ་ངན་ལས་འདས་པའི་སྒྲོ་བཅད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོར་ལྟ་བས་སྦྱིན་པ་ལ་སོགས་པ་ལ་ཡོངས་སུ ་མ་སྨིན་པར་བྱས་པ་ནི་མྱ་ངན་ལས་འདས་པའི་སྒོ་བཅང་བར་བྱའོ།། དེ་ལ་སྦྱིན་པ་ལ་སོགས་པ་ནི་སྒོ་ལྟ་བུ་སྟེ་འཇུག་པའི་ཕྱིར་རོ།། ཡོངས་སུ་མ་སྨིན་པ་ནི་བཅད་པ་ལྟ་བུ་སྟེ། ཟད་པར་བྱས་པོའི་ཕྱིར་རོ།། ཇི་ལྟར་ཟད་པར་བྱས ་ཤེ་ན། ཁྱིམ་པས་རབ་ཏུ་བྱུང་བ་ལ་དང་། རབ་ཏུ་བྱུང་བས་རབ་ཏུ་བྱུང་བ་ལ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བས་བྱང་ཆུབ་སེམས་དཔའ་ལ་དང་། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ལ་དང་། བྱང་ཆུབ་སེམས་དཔའ་ཁྱད་པར ་གྱིས་ཁྱད་པར་ལ་དང་། བྱང་ཆུབ་སེམས་དཔའ་ཁྱད་པར་གྱི་སྤྱི་ལ་དང་། སྤྱི་དང་ལྡན་པས་སྤྱི་ལ་དང་། དེ་བཞིན་དུ་མི་སྤེལ་བ་དང་། མ་ཐོབ་པ་དང་། འགྱོད་པ་དང་། སྒྱུམས་པ་དང་། ཐག་བསྲིངས་པ་དང་། སྔར་བསྟན་པའི་སྲིད་པར་བསྔོས ་པ་རྣམས་ནི་ཟད་པར་བྱེད་པའི་རྒྱུ་ཡིན་ནོ།། དེ་སྤང་བའི་ཕྱིར་བྱང་ཆུབ་སེམས་དཔའ་སྙིང་རྗེ་བསྒོམ་པ་ནི་མྱ་ངན་ལས་འདས་པའི་སྒོ་དབྱེ་བ་དང་། ཞེས་བྱ་བ་ལ་སོགས་པའོ།། མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་སྦྱར ་བ་ལས། སྙིང་རྗེ་རྙེད་པར་དཀའ་བའི་གཏམ་སྟེ་དྲུག་པའོ།། ། སྙིང་རྗེ་རྙེད་པར་དཀའ་བ་བཤད་ཟིན་ཏོ།། དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ད་ནི་བྱང་ཆུབ་ཀྱི་སེམས་དེ་ཉིད་མི་ཉམས་པར་རྗེས་སུ་བསྲུང ་པའི་ཚུལ་བཤད་པར་བྱ་སྟེ། འདིར་ཉམས་པའི་རྒྱུ་ནི་མི་མཐུན་པའི་ཕྱོགས་སྤུངས་པ་དང་། བརྗོད་པར་བྱ་སྟེ། གང་ཟག་ལ་ཞེ་སྡང་བ་དང་། དམ་པའི་ཆོས་སྤོང་བ་དང་། བདུད་ཀྱི་ལས་དང་། བརྙས་པའི་སེམས་དང་། བར་དུ ་གཅོད་པའི་ཆོས་བཞི་ནི་མི་མཐུན་པའི་ཕྱོགས་བྱང་ཆུབ་སེམས་དཔའ་སྡོམ་པ་དང་འབྲེལ་པའོ།། རྩ་བའི་ལྟུང་བ་བསྟན་པ་དག་ནི་ཕལ་ཆེར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འབྲེལ་བའོ།། སྡོམ་པ་དང་མ་འབྲེལ་བ་དག་ཅིའི་ཕྱིར་བསྟན ་ཅེ་ན། ཁ་ན་མ་ཐོ་བ་ཆེན་པོའི་མཚན་ཉིད་བསྟན་པས་གཞན་དགོས་པ་བསྐྱེད་པའི་ཕྱིར་རོ།། དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འབྲེལ་པའི་མི་མཐུན་པའི་ཕྱོགས་པར་དུ་གཅོད་པའི་ཆོས་སྤངས་པ་བསྟན་པ་ནི་འདི་དག་ལས ་ཀྱང་ཞེས་བྱ་བ་ལ་སོགས་པའོ།། དེ་ཉིད་རྒྱས་པར་འཆད་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། རྨ་འབྱིན་པའི་ཉེས་པ་ནི། བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པས། བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་རུང་བ་ལ་ཉེས ་པ་འདིར་འགྱུར་ཞེས་བྱ་བའི་དོན་ཏེ། སྡོམ་པ་ཉམས་པའི་གང་ཟག་ལའང་འགྱུར་ཞེས་བྱ་བའོ།། ལ་ལ་དག་ནི་ཐོབ་ལ་མ་ཉམས་ལའོ།། ཞེས་འདོད་དོ།། བསླབ་པ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ཡིན་པས་ན། གཞན་དུ་ན་ཧ་ཅང་ཐལ ་བར་འགྱུར་རོ་ཞེས་ཟེར་རོ།། དེ་ལྟར་མ་ཡིན་ཏེ། འོག་ནས་ཀྱང་དེ་ལ་རའི་ཤིང་རྟ་ལྟ་བུས་འགྲོ་བའི་བྱང་ཆུབ་སེམས་དཔའ་དང་། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་དག་ནི་ཉམས་པའོ།། ཞེས་འབྱུང་བའི་ཕྱིར་དང་། ཡང་ཇི་ལྟ་བུར་ཡང ་རུང་ཞེས་བྱ་བའི་སྒྲ་དང་། ལུང་ལས་ཀྱང་དྲི་མ་དང་ཀླན་ཀར་དཔེས་བསྟན་པའི་ཕྱིར་རོ།། འོ་ན་དགེ་བསྙེན་ལ་སོགས་བཅིའི་ཕྲར་བཤད་ཅེ་ན་ཉེས་པ་འཐིང་དུ་བསྟན་པས་ཡུལ་བྱང་ཆུབ་སེམས་དཔའ་དག་ནི་ཤིན་ཏུ་ཉེས་པ་ལྟ་བ་དང་འོག་མ ་དག་ཀྱང་སྤང་བའི་ཕྱིར་ཉེས་པ་མེད་དོ།། དེ་ལ་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པ་དཀར་པོའི་ཆོས་རྣམས་སོ།། སྟོན་པ་གཞན་ལ་མི་བརྟན་པ་ནི། སྐྱབས་གསུམ་བླངས་པའི་ཕྱིར་རོ།། དགེ་བའི་རྩ་བ ་ནི་མི་དང་ལྷ་འགྲུབ་པའི་རྒྱུ་ལའོ།། དགེ་སློང་ནི་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ།། དགེ་བའི་རྩ་བ་ནི་མྱ་ངན་ལས་འདས་པའི་རྒྱུར་བསྔོས་ལ་བྱའོ།། དང་བས་རྗེས་སུ་འབྲང་བ་ནི་གང་ཟག་ལ་ཡིད་ཆེས་པས་འཇུག ་པའོ།། ཆོས་ཀྱི་རྗེས་སུ་འབྲང་བ་ནི་རང་གི་ཤེས་རབ་གཙོར་བྱེད་པའོ།། བརྒྱད་པ་ནི་གྲངས་ཀྱི་བརྒྱད་པའོ།། རྒྱུན་ཏུ་ཞུགས་པ་ནི་མཐོང་ལམ་ཐོབ་པའོ།། ལན་ཅིག་ཕྱིར་འོང་བ་ནི་འདོད་པའི་ཁམས་སུ་སྐྱེ་བ་གཅིག་ལུས་པའོ།། ཕྱིར་མི་འོང ་བ་ནི་འདོད་པའི་ཁམས་ཀྱི་སྐྱེ་བ་ཟད་པའོ།། དགྲ་བཅོམ་པ་ནི་སྲིད་པའི་རྩེ་མོའི་སྤང་བྱ་རྣམས་ཀྱང་སྤངས་པའོ།། རླུང་སངས་རྒྱས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་རྟོགས་ནས་འབྲས་བུ་ཐོབ་པའོ།། རིའུ་ཤིང་རྟ་ལྟ་བུས་འགྲོ ་བ་དང་། གླང་པོ་ཆེའི་ཤིང་རྟ་ལྟ་བུས་འགྲོ་བ་ནི་སོ་སོའི་སྐྱེ་བོ་མི་བསྟན་པའོ།། ཟླ་བ་དང་ཉི་མ་ལྟ་བུས་འགྲོ་བ་ནི། སོ་སོའི་སྐྱེ་བོ་བསྟན་པའོ།། ཉན་ཐོས་ཀྱི་རྫུ་འཕྲུལ་ལྟ་བུས་འགྲོ་བ་ནི། ས་དང་པོ་ནས་བདུན་པའི་བར་དུའོ།། དེ་བཞིན་གཤེགས ་པའི་རྫུ་འཕྲུལ་ལྟ་བུས་འགྲོ་བ་ནི་རྣམ་པར་སྨིན་པའི་སས་བསྡུས་པའོ།། དེ་ལྟར་ན་སོ་སོའི་སྐྱེ་བོ་བསྟན་པ་ནས་བཟུང་སྟེ་བསྐལ་པ་གྲངས་མེད་པ་དང་པོ་ནི་མྱུར་བའི་དབང་དུ་བྱས་པའོ།། ས་དང་པོ་ནས་བདུན་པའི་བར ་དུ་བསྟན་པ་ནི་ངེས་ཤིང་བསྟན་པའི་དབང་དུ་བྱས་པའོ།། ས་བརྒྱད་པ་ནས་བཅུ་པའི་བར་དུ་ནི་ཤིན་ཏུ་བུལ་བའི་དབང་དུ་བྱས་པ་སྟེ། དེ་ལྟར་བསྐལ་པ་གྲངས་མེད་པ་གསུམ་དུ་རིགས་པར་བྱའོ།། མྱུར་བ་སྨོས་པས་ཤིན་ཏུ་མྱུར་བ་སྲིང ་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དཔེར་ན་དེ་བཞིན་གཤེགས་པ་སྐར་རྒྱལ་ལ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བྱའི་བརྟུལ་ཞུགས་ཀྱིས་གནས་ཏེ། ཚིགས་སུ་བཅད་པ་གཅིག་གིས་བསྟོད་པ་ལྟ་བུས་ཀྱང་བསྐལ་པ་མྱང ་པོར་འདུམས་སུ་ཟད་ཀྱང་གྲངས་མེད་པ་ནི། སུས་ཀྱང་འདུམས་པ་མི་སྲིད་པའི་ཕྱིར་རོ།། སོ་སོའི་སྐྱེ་བོ་བསྟན་པ་ནི་འདི་གང་ལ་བྱ་ཞེ་ན། ཁ་ཅིག་ན་རེ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་བྱའོ་ཞེས་ཟེར་རོ།། ཁ་ཙག་ནི་ཚོགས ་ཀྱི་ས་ནས་བཟང་བར་འདོད་པོ།། ལ་ལ་ནི་བཟོད་པ་ཐོབ་ནས་འདོད་མོད་ཀྱི་འདིར་ནི་དང་པོ་བརྡའི་སེམས་བསྐྱེད་པ་ཉིད་ནས་འདོད་དེ། གཞན་དུ་ན་འཕགས་པ་ཐོགས་མེད་ཀྱིས་མོས་པས་སྤྱོད་པའི་ས་པ་ཐམས་ཅད་ཀྱང་མི་བསྟན ་བར་གསུངས་པའི་ཕྱིར་རོ།། བསྐལ་པ་ནི་བསྐལ་པ་ཆེན་པོ་ལ་འདོང་ངོ་།། གྲངས་མེད་པ་ཞེས་བྱ་བ་ནི་གྲངས་ཀྱི་གནས་དྲུག་བཅུར་ཕྱིན་པ་འདིང་ངོ་།། ཅིའི་ཕྱིར་གྲངས་མེད་པ་ཞེས་བརྗོད་ཅེ་ན་འོག་མ་དག་ཏུ་ནི་གྲངས་ཀྱི་ཁྱད་པར་གྱི་མོང ་ཆོས་མངོན་པ་ལས་གསུངས་ཏེ། གྲངས་ནི། རྐྱང་པ་དང་། ཁུག་པའོ།། དེ་ལ་གྲངས་རྐྱང་པ་ནི་གཅིག་དང་བཅུ་དང་། བརྒྱ་དང་། སྟོང་དང་། ཁྲི་དང་། འབུམ་དང་། ས་ཡ་དང་། བྱེ་བ་དང་། དུང་ཕྱུར་ཏེ་གནས་དགུའོ།། ཁུག་པའི་གནས་ནི་གསུམ་སྟེ། ཐེར ་འབུམ་དང་། ཁྲག་ཁྲིག་དང་། རབ་བཀྲམ་དང་། གཏམས་དང་། དཀྲིགས་དང་། མི་འཁྲུགས་པ་དང་། ཁྱང་སྦྱིན་དང་། དབང་སྟེང་དང་། དེང་འདྲེན་ཞེས་བྱ་བ་དགུ་སྟེ། ཆེན་པོ་དགུ་བསྣུན་པས་ཁུག་པ་དང་པོའོ།། མཐའ་སྣང་དང་། རྒྱུ་རིག་དང་། འོད ་མཛེས་དང་། དབང་པོ་དང་། ལེགས་བྱིན་དང་། རྟོགས་འགྲོ་དང་། འགྱིང་བརྟུལ་དང་། རྟ་རྒྱགས་དང་། སྟོབས་འཁོར་དེ་དགུ་ནི་སྔ་མ་ལྟར་ཆེན་པོ་དགུ་བསྣུན་པ་ནི་ཁུག་པ་གཉིས་པའོ།། བརྡ་ཤེས་དང་། རྣམ་འབྱུང་དང་། སྟོབས་མིག་ཅེས ་བྱ་བ་གསུམ་ནི། སྔ་མ་ལྟར་ཆེན་པོ་གསུམ་ནི་བསྣན་པས་ཁུག་པ་གསུམ་སྟེ། དེ་ལྟར་ན་རྐྱང་པ་དགུ་དང་ཁུག་པའི་གནས་གསུམ་དུ་གྲངས་བཞི་བཅུ་རྩ་གཉིས་ཏེ། བསྡུས་ན་ལྔ་བཅུ་རྩ་གཅིག་ནི་མངོན་པ་ལས་སྣང་ངོ་།། ལྷག་མ་གྲངས ་བརྒྱད་ནི་གཞུང་དུ་མི་སྣང་མོད་ཀྱི། འོན་ཀྱང་ཁུག་པའི་གནས་སུ་བརྒྱད་བསྣན་ན། ལྔ་བཅུ་རྩ་དགུ་ནི་གྲངས་ཀྱི་མིང་དུ་བཏགས་ལ། དྲུག་ཅུ་པ་ནི་དེ་ལྟ་བུའི་མིང་ལས་གསུངས་པས་གྲངས་མེད་པ་ཞེས་བྱའོ།། ཞེས་སློབ་དཔོན་དབྱིག ་གཉེན་གྱིས་བཤད་དོ།། དེ་ལ་དད་པས་རྗེས་སུ་འབྲང་བ་ལ་སོགས་པ་རྣམས་ཀྱི་དགེ་བའི་རྩ་བ་ནི་རང་རང་གི་འབྲས་བུ་གོང་མ་ཐོབ་པར་འདོད་པའོ།། དགྲ་བཅོམ་པ་དག་ནི་གཞན་ལ་དམིགས་པ་ལ་བྱའོ།། རང་སངས་རྒྱས་དག་ནི ་གཉིས་ལ་དམིགས་པ་ལ་བྱའོ།། བྱང་ཆུབ་སེམས་དཔའ་དག་ནི་སངས་རྒྱས་དང་། སེམས་ཅན་གྱི་དོན་འདོད་པས་ཁྱད་པར་དུ་བྱས་པའི་དགེ་བའི་རྩ་བ་གང་ཡང་རུང་བའོ།། འདིར་དགེ་བར་རྩ་བ་དག་ན་སྦྱིན་པ་དང་། ་ཚུལ་ཁྲིམས་དང་བསྒོམ་པ་ལས་བྱུང་བའོ།། ཁྲོས་པ་ནི་ཞེ་སྡང་བའོ།། བརྙས་པ་ནི་ཁྱད་དུ་བསད་པའོ།། དཔེ་གཞན་གྱིས་བསྟན་པ་ནི། གང་ལ་ལ་ཞིག་ཅེས་བྱ་བོ་ལ་སོགས་པ་སྟེ། སེམས་ཅན་ནི་ལོག་སྲེད་ཅན་ལ་སོགས་པའོ།། བྱང་ཆུབ་སེམས ་དཔའ་ནི་ལས་དང་པོ་པ་ཐེག་པ་ཆེན་པོ་ལ་མོས་པ་ཙམ་ཡོད་པའོ།། སྐྱོ་བ་ནི་ཚིག་གིས་གཤེ་བའོ།། རྒྱང་པ་ནི་ཚུལ་ཁྲིམས་ཉམས་པ་ལ་སོགས་པས་མཚང་འདྲུ་བའོ།། ཉམས་པ་ནི་དབྱུག་པ་དང་མཚོན་དང་བོང་བ་ལ་སོགས་བརྡེག་པའོ།། ། ་རྐྱེན་དེ་ལས་འབྲས་བུ་ཅི་མྱོང་ཞེ་ན། གང་ལ་ལ་ཞེས་སྨོས་ཏེ། རྐྱེན་གང་ཡང་རུང་བ་ནི་ཚུལ་ཁྲིམས་དང་། འཚོ་བ་ཉམས་པ་ལ་སོགས་པའི་རྐྱེན་གྱིས་སོ།། ཁྱད་དུ་བསད་པ་ནི་སེམས་ཅན་གྱི་བསྒྲུབ་པའི་ཁྱད་པར་རོ།། སྨྱོ་བ་ནི་སྔ་མ་ལྟར་དག ་གི་ཁྱད་པར་རོ།། འབྲས་བུ་ཉིད་རྣམ་པར་སྨིན་པའི་འབྲས་བུ་ནི། སེམས་ཅན་དམྱལ་བ་ངུ་འབོད་ཆེན་པོ་ཞེས་སྨོས་སོ།། ངུ་འབོད་ཆེན་པོ་ནི་གྲངས་ཀྱི་གནས་གཞན་ལྔ་པའི་མིང་ངོ་།། སྡུག་བསྔལ་ཇི་ལྟ་བུ་མྱོང་བ་ཞེ་ན། ལུས་དཔག ་ཚད་ལྔ་བརྒྱ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྡུག་བསྔལ་ཉིད་མཚོན་པ་ནི་ལྕགས་ཀྱི་ཐོང་གཤོལ་འབར་བ་ཞེས་སྨོས་སོ།། འདིར་ལ་ལ་ངག་ནི་ཁྱད་དུ་བསད་དེ་སྤྱོས་པའི་འབྲུས་ཡིན་གྱི་གོང་མའི་འབྲས་བུ་མ་ཡིན ་ཏེ། ལྷག་མ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ་ཞེས་འདོད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་ཞེས་བྱ་བ་ནི། གླིང་བཞི་པ་དང་ཉི་ཟླ་དང་། རི་རབ་དག་ནི་འདོད་ལྔ་དང་།། ཚངས་པའི་འཇིག་རྟེན་སྟོང་ལ་ནི།། སྟོང་ནི་སྤྱི་ཕུད་ཡིན་པར་འདོད།། དེ་སྟོང ་ལ་ནི་སྟོང་གཉིས་པ།། བར་མའི་འཇིག་རྟེན་ཁམས་ཡིན་ནོ།། དེ་སྟོང་ལ་ནི་སྟོང་གསུམ་སྟེ།། མཉམ་དུ་འཇིག་ཅིང་འབྱུང་བ་ཡིན་ཞེས་བྱ་བའོ།། ཐེག་པ་ཆེན་པོ་ཉིད་ལས་གཞི་བླངས་པ་ནི།། ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས ་སྤོང་བའོ།། ཉེས་པ་སྐྱེ་བའི་རྒྱུའི་མཚན་ཉིད་ནི། དེ་ཅིའི་ཕྱིར་ཞེས་རྒོལ་བ་ལ། ལན་ནི་དེ་བཞིན་གཤེགས་པ་རྣམས་ནི་ཞེས་བྱ་བ་སྟེ། རྒྱུ་སྤངས་པས་འབྲས་བུ་བཅོམ་པ་ཡིན་པས་ན། དེ་བཞིན་གཤེགས་པ་ལ་གནོད་པ་བྱས་པ་བས་བྱང ་ཆུབ་སེམས་དཔའ་ལ་གནོད་པ་བྱས་པ་ཉེས་པ་ཆེ་བོར་མི་འཐད་པས་མ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། ཐེག་པ་ཆེན་པོ་དག་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། མདོ་སྡེ་ལས་མི་འཇུག་ཅིང་འདུལ་བ་ལ་མི་གནང་སྟེ། ཆོས་ཉིད་དང ་འགལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ན་སྐུར་པ་འདེབས་པའོ།། མི་འཁོར་བར་བྱེད་ཅིང་སུན་འབྱིན་པས་ན་སྤོང་བའོ།། གང་ཟག་ལ་སྐུར་པ་འདེབས་པ་ཇི་ལྟར་སྦྱོང་ཞེ་ན། ཆོས་གཞན་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས ་དང་གང་ཟག་ཐ་མི་དང་པའི་ཕྱིར་རོ།། ཞེས་བྱ་བའི་དོན་ཏོ།། ཛམྦུའི་གླིང་ཞེས་བྱ་བ་ནི་ཤིང་གི་བྱེ་བྲག་ལས་མིང་བཏགས་པ་སྟེ། དཔག་ཆད་དྲུག་སྟོང་ཕྱེད་དང་བཞིའི་ནང་དུ་ཆུད་པའི་གླིང་གི་མིང་ངོ་།། ཙ་འདྲ་ཡང་རུང་བ་ནི་ཚུལ ་ཁྲིམས་ཏེ་སོ་སོར་འཆལ་བ་ལ་ཡང་ཞེས་བྱ་བའི་དོན་ཏོ།། སོ་སོའི་སྐྱེ་བོ་ཞེས་བྱ་བ་ཡིན་ནོ།། དཔེ་འདི་དག་ནི་བཅོམ་ལྡན་འདས་ཀྱིས་འཁོར་གྱི་བསམ་པ་ལ་དགོངས་ནས་ཐ་དད་དུ་བསྟན་གྱི་རྟོགས་པའི་བྱེ་བྲག ་གིས་ནི་མ་ཡིན་ཏེ། ཐམས་ཅད་ལས་དང་པོ་པ་ཁོ་ན་ལ་ཡིན་ནོ་ཞེས་བྱའོ།། ཉེས་པ་འདི་དག་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འབྲེལ་བར་ཅི་མངོན་ཞེ་ན། འཕགས་པ་བྱམས་པ་སེང་གེ་སྒྲའི་མདོ་ལས་ཀྱང་གསུངས་པ་ཡིན་ནོ།། ། ་ལས་དང་པོ་པ་ཡིན་པར་ཅི་མངོན་ཞེ་ན། གལ་ཏེ་ངེས་ཐམས་ཅད་མཁྱེན་པ་ཡོངས་སུ་མི་གཏོང་ཞེ་ན་ཞེས་གསུངས་པསོ།། ཉོན་མོངས་པ་དག་ནི་སྣ་ཚོགས་པ་མ་ཡིན་ནམ་ཅིའི་ཕྱིར་ཞེ་སྡང་ཁོང་ནས་རྨི་འབྱུང་ཞིང་སྨྲས་པར་འགྱུར་ཞེ ་ནབྱང་ཆུབ་སེམས་དཔའ་དག་ནི་ཞེ་སྡང་ཁོང་ནས་ལྷུང་བར་འགྱུར་གྱིས། ལྷག་མས་ནི་མ་ཡིན་གྱི། ངེས་གཞན་ཡོངས་སུ་གཏོང་བར་འགྱུར་ལ་བཏང་ན་ཚུལ་ཁྲིམས་འཆལ་ཞིང་དགེ་བའི་རྩ་བ་འཆད་པའི་ཕྱིར་རོ།། འདོད་ཆགས་དག ་ནི་དེ་ལ་མ་ཡིན་ཏེ། གཞན་སྡུད་པར་འགྱུར་ལ། དེས་ན་བྱང་ཆུབ་སེམས་དཔའི་བྱ་བ་ནི་གཞན་ཡོངས་སུ་སྡུད་པས་མཆོག་གོ།། ལུང་ལས་ཀྱང་བྱང་ཆུབ་སེམས་དཔའི་ལྟུང་བ་ནི་ཞེ་སྡང་ལས་འབྱུང་ངོ་ཞེས་པ་དང་། ཡང་བྱང་ཆུབ་སེམས ་དཔའི་ལྟུང་བ་ནི་གཉིས་ཏེ། ཞེ་སྡང་དང་། གཏི་མུག་གོ་ཞེས་འབྱུང་བ་ཡང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི། ཞེ་སྡང་གིས་འཇིགས་ལ་ཐབས་མི་མཁས་པ་ནི་འདོད་ཆགས་ཀྱི་ལྟུང་བས་འཇིགས་སོ་ཞེ་སྡང་ཁོང་ནས་རྨ ་འབྱིན་པར་བསྟན་པ་ནི། འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས་ཀྱང་ཞེས་བྱ་བའོ།། འོ་ན་དེ་ལྟར་ཁོང་ཁྲོ་བས་དགེ་བའི་རྩ་བ་ཟད་པར་ཇི་ལྟ་བུ་དཔེ་སྟོན་ཅིག་ཅེ་ན། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་རབ་ཏུ་དགའ་བའི་དབང་པོ་ལ་བྱང་ཆུབ ་སེམས་དཔའ་རྒྱལ་བའི་བློ་གྲོས་མ་དང་ཅིང་།། ཁོང་ཁྲོ་བ་བསྐྱེད་པས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་གྱུར་ཅེས་འབྱུང་བ་དང་། སྡོང་པོ་བཀོད་པ་ལས་ཀྱང་དེ་དག་ཕན་ཚུན་བརྙས་པའི་སེམས་ཀྱིས་ཉེས་པས་ཚེ་དང་འོད་དང ་དོག་ལས་ཉམས་པར་གྱུར་ཏོ་ཞེས་འབྱུང་བས། ཁོང་ཁྲོ་བ་དང་བརྙས་པ་དག་ནི་དགེ་བའི་རྩ་བ་ཟད་པའི་རྒྱུར་གསལ་བས་དེ་བསྟན་པ་ནི་ཟླ་བ་སྒྲོན་མ་ལས་ཀྱང་ཞེས་གསུངས་སོ།། དེ་ལ་དགེ་བའི་རྩ་བ་དག་ནི་རྣམ་པ་གསུམ་སྟེ། སྦྱིན ་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བའོ།། དེ་ལ་སྦྱིན་པ་ལས་བྱུང་བ་ནི་རྣམ་པ་གཉིས་ཏེ། ཕན་འདོགས་པ་དང་། ཡོན་ཏན་གྱི་ཞིང་ལས་བྱུང་བ་ནི་སྦྱིན་པ་དང་སངས་རྒྱས་མཆོད་པའོ།། ལ་ལ་དག་ནི ་སྦྱིན་པར་བྱེད་མི་ནུས་པས་ལོངས་སྤྱོད་ལ་ཆགས་ན་དེའི་གཉེན་པོ་སངས་རྒྱས་མཆོད་པ་ཡིན་པས་ན་སྦྱིན་དང་སངས་རྒྱས་མཆོད་པ་ཞེས་སྨོས་སོ་ཞེའོ།། ཚུལ་ཁྲིམས་ནི་ཚུལ་ཁྲིམས་ལས་བྱུང་བའོ།། ཐོས་པ་ལ་སོགས་པ་ནི་སྒོམ་པ ་ལོས་བྱུང་བ་སྟེ། ཐོས་པའི་དོན་སྒོམ་པར་བྱེད་པ་ནི་ལུས་དང་སེམས་འདུ་འཛི་དང་རྣམ་པར་རྟོག་པ་ལས་དབེན་པར་བྱ་བས་ན། དགོན་གནས་སྨོས་སོ།། དེ་ལྟར་རྨ་འབྱིན་པའི་ཉེས་པ་བསྟན་ནས། ད་ནི་དང་བའི་ཕན་ཡོན་བསྟན་པའི་ཕྱིར་དེ ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསམ་པ་རྣམ་པར་དག་པས་ན་བྱམས་པའོ།། སྦྱོར་བ་བཟང་པོ་ནི་མིག་བསྐྱེད་པའོ།། མོས་པ་ནི་ལས་དང་པོ་པའོ།། དད་པ་ནི་དང་བའི་དད་པའོ།། བསྔགས་པ་ནི་ཡོན་ཏན་ནོ།། དེ་ཉིད་ཀྱི་ངེས ་དོན་གྱི་ལུང་ནི་དད་པའི་སྟོབས་བསྐྱེད་པའི་མདོ་ལས་ཞེས་བྱ་བའོ།། བསླབ་པ་ནི་ཁྲིམས་ལྔ་ལ་སོགས་པའོ།། དེ་ལ་ཡུལ་དམན་པས་ན་དགེ་བསྙེན་ནོ།། དུས་ཐུང་བས་ན་ཉིན་གཅིག་གོ།། དངོས་པོ་དམན་པས་ན་ཟན་ཞེས་སྨོས་སོ།། ཉུང་བས ་ན་གཅིག་ཅེས་སྨོས་སོ།། ཆེས་གྲངས་མེད་པ་ནི་སྔ་མ་ཡུལ་མང་བས་འཇིག་རྟེན་གྱི་ཁམས་རྡུལ་རྙེད་དང་། དུས་རིང་ལ་བསྐལ་པ་གངྒཱའི་བྱེ་མ་སྐད་དང་། རྟག་པས་ན་ཉིན་རེ་ཞིང་དང་། དངོས་པོ་བཟང་བས་ལྷའི་ཟས་དང་གོས་བྱིན་པ་ཟིལ ་གྱིས་གནོན་ཅེས་བྱའོ།། དེ་བཞིན་གཤེགས་པ་མཐོང་བ་ཙམ་ཡང་བསོད་ནམས་མང་དུ་འཕེལ་བ་ཅིའི་ཕྱིར་ཞེ་ན། བསོད་ནམས་དང་ཡེ་ཤེས་མཐར་ཕྱིན་པས་ན་དེའི་འབྲས་བུ་ནི་དོན་མེད་པ་མ་ཡིན་ཏེ། ལུང་ལས་ཀྱང་། སངས་རྒྱས ་སྒྲ་ཡང་དོན་མེད་པ་མ་ཡིན་ཏེ། མྱ་ངན་ལས་འདས་པའི་རྒྱུར་འགྱུར་རོ།། ཞེས་གསུངས་ན་གཟུགས་མཐོང་ན་ཅིའི་ཕྱིར་མི་འགྱུར། དགེ་འདུན་ཞེས་བྱ་བ་ནི་བདུད་ལ་སོགས་པས་མི་ཕྱེད་པའི་ཕྱིར་ཏེ། སངས་རྒྱས་ཆོས་དང་དགེ་འདུན་རྣམས ་བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང་།། གང་ཕྱིར་དབྱེ་བར་མི་ནུས་པ།། དེ་ཕྱིར་དགེ་འདུན་ཞེས་བྱའོ་ཞེའོ།། ཉན་ཐོས་སྨོས་པ་ནི་རྟག་པའི་ཕྱིར་རོ་ཡང་ན་དང་བའི་འབྲས་བུ་ཅན་ཡིན་པས་སོ།། ཡང་ན་སྡོམ་པ་མཚུངས་པས་སོ།། ཡང་ན་མི ་ཕྱེད་པས་སོ།། ཡང་ན་ཡོན་ཏན་དང་ལྡན་པས་སོ།། ཡང་ན་སྤངས་པ་འདྲ་བས་སོ།། ཡང་ན་གྲངས་མང་བའི་ཕྱིར་རོ།། ཡང་ན་མི་བརྟེན་པ་མ་ཡིན་པས་སོ།། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་བསྙེན་བཀུར་དུས་དེ་ཙམ་དུ་དངོས་པོ་བཟང་པོ་དང་མང ་བོས་བྱས་པ་བས་བྱང་ཆུབ་སེམས་དཔའ་ལ་བྱས་པ་བསོད་ནམས་ཆེ་བ་ཅིའི་ཕྱིར་ཞེ་ན། ལ་ལ་ན་རེ་རྒྱུ་གཙོ་བོ་ཡིན་པས་རྒྱུ་མཆོག་ཏུ་བཤད་དེ། བྱང་ཆུབ་སེམས་དཔའ་ལས་དེ་བཞིན་གཤེགས་པ། དེ་བཞིན་གཤེགས་པ་ལས་ནི་ཉན་ཐོས་འབྱུང ་བར་གསུངས་པའི་ཕྱིར་རོ་ཞེས་ཟེར་རོ།། ལ་ལ་ནི་བྱང་ཆུབ་ཀྱི་སེམས་བསྔགས་པར་བསྟན་པའི་ཕྱིར་ཞེས་ཟེར་རོ།། རའི་ཤིང་རྟ་ལྟ་བུའི་བསམ་པ་ཕུན་སུམ་ཚོགས་པ་གང་ཞེ་ན། དང་བའི་བསམ་པ་ལ་བྱའོ།། ཅིའི་ཕྱིར་ཞེ་ན། རྒྱུན་གྱི་བསམ་པ་ནི ་ཕུན་སུམ་ཚོགས་པ་མ་ཡིན་ལ། གལ་ཏེ་དེ་ལྟར་ཡིན་ན་རའི་ཤིང་རྟ་ལྟ་བུ་ཞེས་ཇི་སྐད་བརྗོད། སངས་རྒྱས་ལ་དགེ་བའི་དད་པ་བསྐྱེད་པ་ཞེས་བྱ་བ་ནི་སངས་རྒྱས་ལ་དམིགས་པའི་སྦྱིན་པ་ལ་སོགས་པའོ།། དེ་ལྟར་དང་པོའི་ཕན་ཡོན་བསྟན་ནས་ད་ནི ་ངེས་པ་དང་མ་ངེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ཉིད་བསྟན་པ་ནི། བྱང་ཆུབ་སེམས་དཔའ་འདི་ལ་ལྔ་སྟེ། ཞེས་བྱ་བ་ལ་སོགས་པ་སྟེ། སངས་རྒྱས་ཀྱི་ཞིང་ནི་སྟོང་གསུམ་གྱི་སྟོང་ཆེན་པོའོ།། ཕྱིར་ཕུལ་བ་ཞེས་བྱ་བ་ནི། དང་པོའི་སའི ་མནས་ཕྱིར་ངེས་པའོ།། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་ཞེས་བྱ་བ་ནི་གྲངས་ཀྱི་མཐར་ཐུག་པ་སྟེ། དེའི་གོང་ན་གྲངས་ཀྱི་མིང་གཞན་མེད་པས་ཇི་སྐད་དུ། བརྗོད་དུ་མེད་པའི་བརྗོད་དུ་མེད་པ་ནི། བརྗོད་དུ་མེད་པས་ཐམས་ཅད་ཚང་བར་འགྱུར། ་ཞེས་གསུངས་པ་ལྟ་བུའོ།། དེ་མ་ཡིན་པ་དེའི་འོག་མར་ནི་གྲངས་ཀྱི་གནས་གཞན་མིང་གིས་བརྗོད་པ་སྟེ། ཇི་སྐད་དུ་མདོ་སྡེ་ལས་གྲངས་ཀྱི་གནས་ནི་གཉིས་ཏེ། ཁྲག་པ་དང་། བརྐྱང་བའོ།། བརྒྱད་པ་ནི་བརྒྱ་བཅུ ་དྲུག་སྟེ། བྱེ་བ་དང་། ཁོང་ཁོང་དང་། ཐད་དགུ་དང་། ཁྲིག་ཁྲིག་དང་། ཐམས་ཐམས་དང་། མྱང་མྱིང་དང་། གང་ཡང་དང་། བན་བུན་དང་། ཕྱར་ཕྱུར་དང་། ལྕག་ལྕིག་དང་། བྱང་བྱིང་དང་། ཆེམ་ཆེམ་དང་། ཕྱལ་ཕྱེལ་དང་། ཁྱུད་ཁྱུད་དང་། ཟེར་ཟེར་དང་། ཁྲིབ ་ཁྲིབ་དང་། ཡགས་དང་། ཆོ་མ་དང་། ཁྲམ་ཁྲིམ་དང་། ནབ་ནུབ་དང་། སངས་དང་། བརྒྱུད་ཡས་དང་། གཏང་ཡས་དང་། བཀྲ་ཡར་དང་། གསའ་ཡས་དང་། མི་ཚུངས་དང་། ལམ་ལུམ་དང་། ཡམ་ཡོམ་དང་། ཁྲལ་ཁྲུལ་དང་། ཐད་ཕུང་དང་། བསམ་ཕྱོད ་དང་། བྲང་བྲེང་དང་། བགོད་ཡས་དང་། བསྔོ་ཡས་དང་། ཟང་ཡག་དང་། འཕྲོ་བ་ཀྱེ་དང་། རྩེ་འཕྱོ་དང་། ཡོན་ཏན་དང་། འབྲུག་གཡོས་དང་། སང་ཡལ་དང་། མཐིང་ཡུག་དང་། ཡིད་འཕྱོ་དང་། ནབ་ནེ་བ་དང་། ཁྲིག་ཐམས་དང་། ཡལ་ཡལ་དང་། བགྲང ་ཡས་དང་། ཐུག་ཡལ་དང་། ཤང་ཤང་དང་། ཡག་ཡག་དང་། ཐམ་ཐིམ་དང་། རློམ་བརྙལ་དང་། གཞལ་འཕྱོས་དང་། གཞལ་ཡལ་དང་། གཞལ་མེད་དང་། གཞལ་འཁོར་དང་། གཞལ་ཐིམ་དང་། གར་གཞལ་དང་། གཞལ་སངས་དང་། གཞལ ་བག་དང་། གཞལ་ཕུལ་དང་། གཞལ་གཞི་དང་། འབྱོ་འགྱུར་དང་། ཉར་ཉེར་དང་། ཕྱག་ཕྱིག་དང་། ཟལ་ཟུལ་དང་། སལ་སལ་དང་། གཡོ་ལྡེག་དང་། ཕན་ཕུན་དང་། བརྣ་པ་ཡ་དང་། རེམ་འཇོལ་དང་། ཇི་དང་དང་། རྫི་རྡུལ་དང་། ཕུན་ཡོལ་དང ་དང་ང་དང་། བགྲང་རྩི་དང་། ཟབ་འགྲང་དང་། དགའ་བརྐྱང་དང་། གཞུང་འདལ་དང་། འཁྲུག་ཆད་དང་། འོལ་ཕྱོད་དང་། གང་བ་ཡས་དང་། གཅལ་ཡས་དང་། བགྲང་ཡས་དང་། བྱིམ་འཕྱོ་དང་། ཡ་མེ་དང་། བསྐུལ་ཡས་དང་། ལྔཔ་ལྗི་པ་དང ་འབན་ཆད་དང་། པང་ཕུ་དང་། ཁྱེའུ་ཚང་དང་། ཁུང་ཟུང་དང་། མཆོག་ཡལ་དང་། མཐའ་བརྟུལ་དང་། སུན་འགྱངས་དང་། བྲན་ལོབ་དང་། ལམ་ལོམ་དང་། བསྙད་ཡས་དང་། ལང་ལིང་དང་། ལྟབ་ལྗིབ་དང་། མི་བརྩལ་དང་། འབྱམ་ཡིས་དང ་ང་འགྲང་དང་། སྨོས་ཡས་དང་། བཀྲ་ཚལ་དང་། ལོ་རྒྱས་དང་། འབུམ་རྡིབ་དང་། གམ་གུམ་དང་། ལ་ལོ་དང་། བགྲང་འཕྱོས་ཏེ་དེའི་སྟེང་དུ་རྩ་བའི་གྲངས་བདུན་བསྣན་ན་བརྒྱ་བཅུ་དྲུག་གི་གྲངས་བརྒྱད་པའི་དབང་དུ་བྱས་པས་སོ།། ་ཁུག་པའི་གནས་ནི་བཅུ་སྟེ། དཔག་ཡས་དང་། ཡལ་ཕྱོང་དང་། མུ་ཡལ་དང་། བགྲང་ཡོལ་དང་། མི་འཇལ་དང་། བསམ་ཕྱོང་དང་། མཐའ་འབྱམ་དང་། དཔག་ཐག་དང་། བརྗོད་དུ་མེད་པ་དང་། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ ་སྟེ། དེའི་སྟེང་དུ་བགྲང་འཕྱོས་ལ་བསྒྲེས་པ་ལ་སོགས་པ་ནས། བརྗོད་དུ་མེད་པ་བསྒྲེས་པའི་བར་དུ་བཅུ་བསྣན་པ་ནི་ཁུག་པའི་གནས་བཅུ་སྟེ། ཉི་ཤུ་དང་། སྤྱིར་སྡོམས་ན་བརྒྱ་སུམ་ཅུ་རྩ་དྲུག་ཏུ་ནི་མིང་གིས་བསྟན་པས་སོ།། དཔེ ་དེ་ཉིད་སྦྱར་བ་ནི། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོས་པའི་དབང་དུ་བྱས་པ་ནི་ཁ་ཏོན་བྱེད་པ་དང་། ཀློག་པ་དང་། འཛིན་པར་བྱེད་པའོ།། བསམ་པའི་དབང་དུ་བྱས་པ་ནི། ཚུལ་བཞིན་ཡིད་ལ་བྱེད་པའོ།། དཔྱོད་པ་ནི་ཤེས་རབ ་ཀྱིས་ཞིབ་ཏུ་རྣམ་པར་འབྱེད་པའོ།། ཀུན་ཆུབ་པར་བྱེད་པ་ནི་མ་ལུས་པར་འཛིན་པའོ།། དེ་ལ་ཚུལ་དམན་པ་ལ་སྤྱོད་པ་དང་། འདྲེ་བ་ལ་སྤྱོད་པས་ན་དཔེ་གཉིས་བསྟན་ནོ།། རང་བཞིན་གྱི་རིགས་དང་ལྡན་ཞིང་སེམ་སྐྱེད་པས ་ན་ཐེག་པ་ཆེན་པོ་པའོ།། བསམ་པ་རྒྱ་ཆེ་བས་ན་མོས་པའོ།། སྦྱོར་བ་རྒྱ་ཆེ་བས་ཀློག་པ་དང་། ཡོངས་སུ་འཛིན་པའོ།། དེ་ལ་ཀློག་པ་ནི་གཞུང་གི་བདག་ཉིད་དོ།། འཛིན་པ་ནི་དོན་རྣམ་པར་སེམས་པའོ།། གུས་པ་ནི་སེམས་ཀྱི་ཁྱད་པར་རོ།། ཞེས་ནི ་ལུས་དང་ངག་གིའོ།། གཞོལ་བ་ནི་མོས་པའོ།། འབབ་པ་ནི་ལྷ་ནོ་ཅིག་སྤྱོད་པའོ།། བརྟེན་པ་ནི་འགྲོགས་པའོ།། ཚོལ་བ་ནི་ཉན་པའོ།། འཛིན་པ་ནི་དོན་མི་ཉམས་པར་བྱེད་པའོ།། འཆང་བ་ནི་གླེགས་བམ་མི་གཏོང་བའོ།། དེ་ལྟར་བསྒྲུབས་པས་བསྟི ་སྟང་བྱེད་པ་བསྟན་ནས། ཟང་ཟིང་གིས་བསྟི་སྟང་བྱེད་པར་བསྟན་པ་ནི། རབ་ཏུ་གུས་པས་མེ་ཏོག་དང་ཞེས་བྱ་བ་ལ་སོགས་པའོ།། བྱང་ཆུབ་སེམས་དཔའི་སྤྱོད་པའི་གཙོ་བོ་ནི་གཞན་ལ་གུས་པ་ཡིན་པས་མི་བརྙས་པ་ཞེས་སྨོས་སོ།། ཕ་རོལ ་ཏུ་ཕྱིན་པ་དྲུག་ནི་ཟབ་པ་དང་། རྒྱ་ཆེ་བའོ།། ཡང་ཀུན་རྫོབ་ཀྱི་བདེན་པ་དག་ནི་ཟབ་པ་ཡིན་ལ། དོན་དམ་པའི་བདྲེན་པ་སྟོན་པ་དག་ནི་རྒྱ་ཆེ་བ་ཡིན་ནོ།། ཞེས་ཁ་ཅིག་འདོད་དོ།། བདེན་པ་གཉིས་དང་ལྡན་པའི་ཆོས་མི་སྤོང་བས་མོས་པའོ།། ཐེག ་བ་ཆེན་པོའི་དོན་ནི་ཤེས་རབ་དང་སྙིང་རྗེའོ།། ཡང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གོ་ཡང་ན་ཟབ་པ་དང་རྒྱ་ཆེ་བའི་དོན་ཏོ།། འཕགས་པ་ཐོགས་མེད་ཀྱིས་ནི་སེམས་བསྐྱེད་པ་ལ་སོགས་པ་རྣམ་པ་བདུན་བཤད་དོ།། འཕགས་པ་ཀླུ་སྒྲུབ ་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྙིང་རྗེ་ལ་བཤད་པོ། ལདྲར་གཤེགས་པ་ལས་ནི། ཆོས་ལྔ་དང་ནི་རང་བཞིན་དང་། རྣམ་པར་ཤེས་པ་བརྒྱད་ཉིད་དང་།། བདག་མེད་པ་ནི་རྣམ་གཉིས་ཀྱིས།། མ་ལུས་ཐེག་པ་ཆེན་པོ་བསྡུས་ཞེའོ།། དེ་ལ་ཆོས་ལྡན། ་མིང་དང་རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་དང་། ཀུན་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པ་ནི་རང་བཞིན་ནོ།། འཕགས་པ་བྱམས་པའི་ཞལ་ནས་ནི། ས་བོན་དང་། འཇུག་པ་དང་། ་བསྒྲུབ་པ་དང་། གོ་རིམ་དང་། འབྲས་བུ་དག་ནི་ཐེག་པ་ཆེན་པོ་ཡིན་ཏེ། རིགས་ནི་ས་བོན་ནོ།། འཇུག་པ་ནི་སེམས་བསྐྱེད་པའོ།། སྒྲུབ་པ་ནི་རང་དང་གཞན་གྱི་དོན་ཏོ།། གོ་རིམ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གོ།། འབྲས་བུ་ནི་བྱང་ཆུབ་ཀྱི་དོན་ཏེ། དེའི་ཕྱིར ་ཐེག་པ་མཆོག་བསྟན་པའི་རྣམ་པ་ཆོས་ཀྱི་འགྲོ་བའི་སེམས་ཅན་ལ། འབྱོར་པའི་དོན་ཚུལ་བླ་མེད་གྱུར་པ་རྣམ་པ་ལྔའི་བདག་ཉིད་སྟོན་ཞེས་གསུངས་སོ།། མཁས་པ་ནི་ཕྱིན་ཅི་མ་ལོག་པར་ཤེས་པའོ།། མི་གཡོ་བས་ན་རྟག་ཏུའོ།། སྐྱབས་ནི ་མཐོ་རིས་དང་བྱང་གྲོལ་ལོ།། བྱང་ཆུབ་ཀྱི་སེམས་ནི་སྨོན་པ་དང་འཇུག་པའོ།། བྱམས་པ་ནི་ཕན་པ་དང་འདོད་པའི་སེམས་སོ།། སྙིང་རྗེ་ནི་སྡུག་བསྔལ་བསལ་བའི་སེམས་སོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པའོ།། རྟོན་པ་བཞི་ནི་ཐོས ་པ་དང་། བསམ་པ་དང་། སྒོམ་པའི་གནས་སྐབས་གསུམ་དུ་ཆོས་དང་། དོན་དང་། ངེས་པའི་དོན་དང་། ཡེ་ཤེས་ལ་རྟོན་གྱི་གང་ཟག་དང་། ཚིག་དང་། དྲང་བའི་དོན་དང་། རྣམ་པར་ཤེས་པ་ལ་མི་རྟོན་པའོ།། བསྡུ་བའི་དངོས་པོ་ནི་སྦྱིན་པ་དང་། ་སྙན་པར་སྨྲ་བ་དང་། དོན་སྦྱོང་བ་དང་། དོན་མཐུན་པའོ།། རང་གི་ལམ་ལ་གཞན་སྦྱོར་བ་ནི་གཞན་ཡང་ཞེས་བྱ་བའོ།། ད་ནི་ཆོས་སྤོང་བའི་ཉེས་པ་བསྟན་པའི་ཕྱིར་དམ་པའི་ཆོས་སྤོང་བ་ནི་གསུངས་ཏེ། གང་ཟག་གང་གིས ་སྤོང་ཞེ་ན་བྱང་ཆུབ་སེམས་དཔའི་ཐེག་པ་པ་ཞེས་སྨོས་སོ།། དུས་ནམ་གྱི་ཚེ་སྤོང་ཞེ་ན། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཟོད་པ་མ་ཐོབ་ཅིང་མོས་པ་ཡོངས་སུ་མ་རྫོགས་པ་ནི། སངས་རྒྱས་མཐོང་ཡང ་ཁ་ན་མ་ཐོ་བའི་ལས་ཆེན་པོ་ལ་འཇུག་པ་སྲིད་པས་ན་དེ་སྨོས་སོ།། དམྱིགས་པའི་ཚུལ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པ་དང་མི་ལྡན་པའི་ཕྱིར་རོ།། གང་སྤོང་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཞེས་སྨོས་སོ།། ་རི་མོ་བྱེད་པ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཞེས་ཡོངས་སུ་སྤོང་བའོ།། ཇི་ལྟར་རི་མོ་བྱེད་ཅེ་ན། འཁོར་དུ་འོངས་ན་ཡང་ལུས་དང་སེམས་ཀྱིས་མཐུན་པར་མི་སྤྱོད་ཅེས་བྱ་བ་སྟེ། འཁོར་ནི་དགེ་སློང་ལ་སོགས་པའོ།། འོངས་པ་ནི་ཆོས་ཀྱི ་མཁན་པོའི་གསང་དྲང་བའི་ཕྱིར་ལྷགས་པའོ།། འདུད་པ་ལ་སོགས་པ་མེད་པས་ལུས་ཀྱིས་མཐུན་པར་མི་བྱེད་པའོ།། ཆོས་མ་ཡིན་ནོ་ཞེས་སྤོང་བས་སེམས་ཀྱིས་མཐུན་པར་མི་བྱེད་པའོ།། དེས་ཉེས་པ་ཅིར་འགྱུར་ཞེ་ན། མཐོང་བའི་ཆོས ་སོགས་པ་ནི། འཆལ་པའི་ཤེས་རབ་ཏུ་འགྱུར་ཞེས་བྱ་བ་སྟེ། ཤེས་རབ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ།། འདོར་བ་ནི་སྤོང་བའོ།། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདི་ལས་སྐྱེས་ཤིང་བྱུང་བས་ན་ཐམས་ཅད་མཁྱེན་པ་ཉིད་བོར་བའོ།། ་དེས་འབྲས་བུ་ཅི་མྱོང་ཞེ་ན། སྐྱེས་ནས་མྱོང་བའི་དབང་དུ་བྱས་ནས། ལོ་བྱེ་ག་ཁྲག་ཁྲིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། བར་མ་ཆད་པ་དམྱལ་བ་ཁོ་ན་བརྒྱུད་པས་ན་ཁ་འཁོར་བའོ།། འཇིག་པ་ནི་དུས་མཐའི་མེ་ལ་སོགས་པའོ།། ཆགས་པ་ནི ་དང་པོ་རླུང་ནས་བཟུང་སྟེའོ།། དེའི་ཚེའང་འཇིག་རྟེན་གྱི་ཁམས་གཞན་གྱི་སེམས་ཅན་དམྱལ་བར་སྐྱེ་བས་ན་དམྱལ་བ་ཆེན་པོ་ནས་དམྱལ་བ་ཆེན་པོར་ཞེས་སྨོས་པ་ཡིན་ནོ།། དེའི་ལས་ཟད་ནས་གོང་དུ་འཕོ་བ་ནི། དུད་འགྲོ་དང་གཤིན་རྗེའི་འཇིག་རྟེན ་དུ་ཞེས་སྨོས་པ་ཡིན་ནོ།། དེས་ན་ཅིས་ཏེ་མིར་སྐྱེས་ན་ཡང་ལྐུག་པ་དང་དམུས་ལོང་ལ་སོགས་པར་སྐྱེ་བས་ན་དེ་བཞིན་ནོ་ཞེས་སྨོས་པ་ཡིན་ནོ།། འོ་ན་ཁ་ན་མ་ཐོ་བ་ཆེན་པོ་ནི་མཚམས་མེད་པ་མ་ཡིན་ནམ་ཞེས་རྒོལ་བ་ལ། ལན་ནི་དེ་བས་ཀྱང་ངམ ་བའི་ཆོས་སྤོང་བ་ཁ་ན་མ་ཐོ་བ་ཆེ་བ་ཡིན་ཏེ། ཅིའི་ཕྱིར་ཞེ་ན་དུས་གསུམ་གྱི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྩ་བ་བཅད་པའི་ཕྱིར་རོ།། ཞེས་བསྟན་པ་ནི་མཚམས་མེད་པ་ལྷ་དང་འདྲ་ཞེས་མི་བྱའོ་ཞེས་གསུངས་སོ།། འདི་བྱང་ཆུབ་སེམས་དཔའི ་སྡོམ་པ་དང་འབྲེལ་བར་ཅི་མངོན་ཞེ་ན། བྱང་ཆུབ་སེམས་དཔའི་ཐེག་པ་པ་ཞེས་གསུངས་པའི་ཕྱིར་རོ།། ད་ནི་བདུད་ཀྱི་ལས་ཀྱི་གནོད་པ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི་ཞེས་གསུངས་ཏེ། འདིར ་བདུད་དག་ནི་དུ་ཞིག་ལ། གང་ཟག་ནི་གང་གི་ལ་དུས་ནི་ནམ་གྱི་ཚེ། གནོད་པ་ནི་ཇི་ལྟ་བུ་ཞིག། བདུད་ཀྱི་ལས་ནི་ངུ་ཞིག། དེ་སྤང་བའི་ཐབས་ནི་གང་ཞིག་ཅེ་ན། སྨྲས་པ། བདུད་ནི་རྣམ་པ་བཞི་སྟེ། ཕུང་པོ་དང་། ཉོན་མོངས་པ་དང་འཆི་བ་དག་དང ་ལྷའི་བུའི་བདུད་དོ།། གང་ཟག་ནི་ལས་དང་པོ་པ་ཐེག་པ་ལ་གསར་དུ་ཞུགས་པ་ལའོ།། དུས་ནི་དང་པ་དང་རྣམ་པར་རྟོག་པ་ཤས་ཆེ་བ་དང་། བརྩོན་འགྲུས་རྩོམ་པ་དང་། དགེ་བའི་བཤེས་གཉེན་དང་བྲལ ་བའི་ཚེའོ།། འཆིང་བ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་རབ་ཏུ་བརྩོན་པར་བྱེད་པ་ལ་བར་ཆད་བྱ་བའི་ཕྱིར་ཉེ་བར་འོང་ཞིང་དེ་ལས་མི་འདའ་བར་བྱེད་པའོ།། བདུད་ཀྱི་ལས་ནི་བསོད་ནམས་ཀྱི་བར་ཆད་བྱེད་པའི་བདུད ་ཀྱི་ལས་བརྒྱད་དང་། ཡེ་ཤེས་ཀྱི་བར་དུ་གཅོད་པ་ཉི་ཤུའོ།། བརྟག་པའི་ཐབས་ནི་བཞི་སྟེ། རྒྱུད་ཀྱི་ཡོན་ཏན་ལ་བརྟག་པ་དང་། འོད་ཟེར་ལ་བརྟག་པ་དང་། ཆོས་བཤད་པ་ལ་བརྟག་པ་དང་། མཆོད་པ་ལ་བརྟག་པའོ།། ་ལ་ལ་ནི་སྟོང་པ་ཉིད་ཀྱི་བརྟག་པ་དང་ལྔ་ཞེས་འདོད་དོ།། སྤང་བའི་ཐབས་ནི་ཡང་དག་པའི་དགེ་བའི་བཤེས་གཉེན་བསྟེན་པའི་སྒོ་ནས་སྤང་བར་བྱ་བའོ།། དེ་ལ་བདུད་བཞི་ནི་བྱང་ཆུབ་སེམས་དཔའི་བདུད་དོ།། ལས ་རྣམ་པ་གཉིས་མཚོན་པ་ནི། བདུད་ཀྱི་ལས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབྱུང་བའོ།། ཞེས་བྱ་བའོ།། ལས་དང་པོ་པ་ཐེག་པ་ལ་གསར་དུ་ཞུགས་པ་ལ་བདུད་འབྱུང་བས་མིང་ལ་གནས་པ་ཞེས་སྨོས་ཏེ། ་ལས་དང་པོ་པ་ཡིན་པས་ན་ཚིག་ཁོ་ན་ལའོ།། སྟོན་པས་མིང་ལ་ཞེན་པས་བསླུས་པ་ཞེས་བྱའོ།། མིང་ཇི་ལྟ་བུ་ཞེ་ན། ཁྱོད་མངོན་པར་རྫོགས་པར་སངས་རྒྱས་པ་ན་ཞེས་བྱ་བའོ།། ལས་དང་པོ་པ་ཡིན་པས་ན་ཕྱིར་མི་ལྡོག ་བའི་ལྟས་དེ་དག་མེད་པར་ཡང་ཞེས་བྱ་སྟེ། ཕྱིར་མི་ལྡོག་པའི་ལྟས་ནི་ཐེག་པ་དམན་པ་ལ་ངན་སོང་དག་གིས་ཐོད་པ་དང་འཇིགས་པ་བསྐྱེད་པ་ལས་ཀྱང་མི་ལྡོག་པ་ལ་སོགས་པའོ།། རློམ་སེམས་པ་ནི་བདུད་ཀྱི་ཚིག་གིས་ང ་རྒྱལ་བའོ།། བརྙས་པ་ནི་ཁྱད་དུ་བསོད་པའོ།། དེའི་ཕྱིར། བདག་བསྟོད་གཞན་ལ་སྨོད་པའི་བྱང་ཆུབ་སེམས་དཔའ་ནི། བདུད་ཀྱིས་ཡོངས་སུ་བླང་ཤིང་བློ་ཆུང་རིག་པར་བྱ། ཞེའོ་དུས་ནི་རྣམ་པ་བཞི་སྟེ། དགེ་བའི་བཤེས་གཉེན་དང ་བ་ལས་འབྱུང་བས་ན་དེ་ཐབས་མི་མཁས་ཤིང་ཤེས་རབ་དང་བྲལ་བ། དགེ་བའི་བཤེས་གཉེན་དང་བྲལ་བ། དགེ་བའི་བཤེས་གཉེན་གྱིས་མ་ཟིན་ཅིང་། ཞེས་སྨོས་ཏེ། མང་པོ་སྨོས་པ་ནི་མཚོན་པའི་ཕྱིར་རོ།། ལས ་གང་བྱེད་ཅེ་ན། ཉན་ཐོས་ཀྱི་ས་འམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟུང་བའི་རྩ་བ་ནི་སྲོག་གཅོད་པ་ལ་སོགས་པའོ།། ཆོས་ལྕི་བ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་བར་དུ་གཅོད་པའི་ཕྱིར་ཏེ། དམྱལ་བར་འགྲོ ་བ་བྱང་ཆུབ་ལ།། གཏན་གྱི་གེགས་བྱེད་མ་ཡིན་ཏེ།། ཉན་ཐོས་དང་ནི་རང་སངས་རྒྱས།། ཐེག་པ་མཆོག་ལ་གེགས་སུ་འགྱུར། ཞེས་བྱ་བ་ལྟ་བུའོ།། རྣམ་པར་རྟོག་པ་དང་ལྡན་པ་ལ་བདུད་འབྱུང་བ་ནི། ལྷའི་བུ་ཇི་ཙམ་དུ་ལས ་འཇུག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ནི་ལུས་ལ་སོགས་པའི་ལས་སོ།། འཇུག་པ་ནི་རྣམ་པར་རྟོག་པའོ།། བདུད་ནི་ཉོན་མོངས་པ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ། ་ཞེས་གསུངས་པའི་ཕྱིར་རོ།། སྨོན་པ་ནི་འབྲས་བུ་འདོད་པའོ།། འཛིན་པ་ནི་རྒྱུ་ལ་འཇུག་པའོ།། མཆོག་ཏུ་འཛིན་པ་ནི་གཙོར་བྱེད་པའོ།། འདོད་པ་ནི་འདུན་པའོ།། འདུ་ཤེས་པ་ནི་མཚན་མར་འཛིན་པའོ།། རློམ་སེམས ་པ་ནི་དངོས་པོར་ལྟ་བུའོ།། ཡོངས་སུ་རྟོག་པ་ནི་སྤྱོད་པའོ།། གོང་དུ་ལས་འཇུག་པ་ཞེས་སྨོས་པ་དེ་གང་ལ་ཇི་ལྟར་ཞེ་ན། བྱང་ཆུབ་ཀྱི་སེམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེན་པ་ནི་དངོས་པོར་ལྟ་བའོ།། ཅིའི་ཕྱིར ་བདུད་ཀྱི་ལས་སུ་བཤད་ཅེ་ན། དངོས་པོར་ལྟ་བ་ནི་འཆིང་བ་ཡིན་པས་ཐར་པ་ཅི་ཐོབ་ཅེས་བྱ་བའི་ཐ་ཚིག་གོ།། དངོས་པོར་ལྟ་བས་ཀུན་ནས་བསླང་བའི་སྦྱིན་པ་ལ་སོགས་པའི་སྦྱོར་བ་ཡང་འཆིང་བ་ཁོ་ན་ཡིན་པས། སྦྱིན་པས ་རློམ་སེམས་སུ་བྱེད་པ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རློམ་སེམས་པ་ནི་རང་དང་གཞན་དང་ཆོས་སུ་དངོས་པོར་ལྟ་བའོ།། མཆོག་ཏུ་འཛིན་པ་ནི་ཞེན་པའི་གནས་སུ་རྟོག་པའོ།། འཛིན་པ་ནི་ཞེ་སྡང་ལ་སོགས ་པ་བརྟགས་པའོ།། ལེན་པ་ནི་རྩོལ་བའོ།། མཚན་པ་ནི་གཡེང་བའོ།། རྒྱུ་བ་ནི་སྤྱོད་པའོ།། མངོན་དུ་རྒྱུ་བ་མི་འབྱུང་བ་ཙམ་ལ་གཙོར་བྱེད་པས་ན། དགོན་པ་ལ་དགའ་ཞིང་མོས་པ་དང་། བཏང་སྙོམས་སུ་བྱེད་ཅེས་སྨོས་ཏེ། ་སེམས་ཅན་ཡལ་བར་འདོར་བ་ན་བཏང་སྙོམས་སུ་ལྷུང་བའོ།། ཆོས་གོས་ལ་སོགས་པ་ངན་པས་ཆོག་པས་ན་འདོད་པ་ཆུང་བའོ།། མང་པོ་མི་འདོད་པས་ན་ཆོག་ཤེས་པའོ།། དེ་ལ་འདོད་པ་ཆུང་བས་ནི་ཆོས་བཞི་སྤོང་སྟེ། ་ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་བློངས་དང་། ཐོབ་ཀྱིས་འཇལ་བའོ།། ཆོག་ཤེས་པས་ནི་རྙེད་པས་རྙེད་པ་སྤོང་ངོ་།། ལུས་ལ་སོགས་པ་ལས་སུ་རུང་བར་བྱེད་པས་ན་སྦྱངས་པའོ།། ཡོན་ཏན་ནི་བཅུ་གཉིས་ཏེ། ་ཟས་ལས་གྱུར་པ་གསུམ་དང་། གོས་ལས་གྱུར་པ་གསུམ་དང་། གནས་ལས་གྱུར་པ་དྲུག་གོ།། དེ་ལ་མང་དུ་ཟ་བའི་གཉེན་པོ་ནི། སྟན་གཅིག་པ་སྟེ་དེ་ཡང་སྟན་གྱི་མཐའ་པ་དང་། ཆུའི་མཐའ་བའོ།། ཡང་ཡང་ཟ་བའི་གཉེན་པོ་ནི། ་ཕྱིས་མི་ལེན་པའོ།། བཟང་པོ་ལ་ཞེན་པའི་གཉེན་པོ་ནི་བསོད་སྙོམས་པའོ།། དེ་ཡང་ཅི་ཐོབ་པ་དང་མཐར་གྱིས་རྒྱུ་བའོ།། གོས་བཟང་པོ་ལ་ཆགས་པའི་གཉེན་པོ་ཕྱག་དར་ཁྲོད་པ་སྟེ། དེ་ཡང་བོར་བ་དང་སྨད་པའི་དབང་གིས་སོ།། ་མང་པོའི་གཉེན་པོ་ཆོས་གོས་གསུམ་པའོ།། འཇམ་པའི་གཉེན་པོ་ཕྱིང་བ་པའོ།། འདུ་འཛི་ལ་ཆགས་པའི་གཉེན་པོ་ནི་དགོན་པ་པའོ།། བླ་གབ་ལ་ཆགས་པའི་གཉེན་པོ་ནི་བླ་གབ་མེད་པའོ།། སྟན་ལ་ཆགས་པའི་གཉེན་པོ་མི ་བཞི་ཇི་བཞིན་པའོ།། གཙུག་ལག་ཁང་ལ་ཆགས་པའི་གཉེན་པོ་ནི་ཤིང་དྲུང་པའོ།། འཁྲིག་པ་ལ་ཆགས་པའི་གཉེན་པོ་ནི་དུར་ཁྲོད་པའོ།། ཉལ་བ་ལ་ཆགས་པའི་གཉེན་པོ་ནི་ཅོག་པུ་པའོ།། ཡོ་བྱད་ཀྱིས་ཕོངས་པར་བྱེད་པས ་ན་བསྐྱངས་པའོ།། བསོད་ནམས་ཀྱི་དངོས་པོ་སྦྱིན་པ་ལ་སོགས་པ་ལ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཀྱི་ཚོགས་ལ་ཞོན་པ་ཡང་འཆིང་བ་ཡིན་པས། སྟོང་པ་ཉིད་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པོ་ཉིད ་ལ་སོགས་པ་ནི་ལྷག་མཐོང་ངོ་།། སྤྲོས་པ་མེད་པ་ནི་ཞི་གནས་སོ།། རབ་ཏུ་དབེན་པ་ནི་ཏིང་ངེ་འཛིན་གྱི་ཚོགས་སོ།། ཚོགས་གཉིས་ནི་སངས་རྒྱས་ཀྱིས་གནང་བའི་ཕྱིར་བཀའ་སྒྲུབ་ཅེས་བྱ་བའོ།། དེ་ལྟར་རྒྱས་པར་བཤད ་པའི་དོན་བསྡུས་པ་ནི། ཇི་ཙམ་དུ་རྟོག་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱི་དང་ཁྱད་པར་དང་དེ་གཉིས་ཀས་སྤྱོད་པ་ནི་རྟོག་པ་དང་ཡོ་ངས་སུ་རྟོག་པའོ།། ཐ་སྙད་བཞིར་རྟོག་པས་ན་མཐོང་བ་ལ་སོགས་པའོ།། འོ་ན་ལས ་དང་པོ་པ་དག་ཇི་ལྟར་འདུག་པར་འགྱུར་ཞེ་ན། སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ལ་ཤེས་པ་ཡོངས་སུ་གཏང་ནས། ཚོགས་བསགས་པ་དེ་ཉིད་རྟོགས་པར་འགྱུར་ཞིང་ཉེས་པ་མཐའ་དག་སྤོང་བས་ལས་དང་པོ་པས ་ཀྱང་སུན་འབྱིན་པའི་སྒོ་ནས་ཡོང་གི། གཞན་དུ་ན་རྟོག་པ་དག་ནི། བརྩན་ཐབས་སུ་སྤངས་པར་འདོད་ན་འདུས་བྱས་སུན་ཕྱུང་བས་གསོར་མི་རུང་བར་འགྱུར་ཏེ། རྣམ་པར་དབེན་དོན་མི་ཤེས་ཅིང་།། ཐོས་པ་ཙམ་ལ་འཇུག་བྱེད་པ།། མི ་གང་བསོད་ནམས་མི་བྱེད་པའི། སྐྱེས་བུ་ཐ་ཤལ་དེ་དག་བརླག། ཅེས་འཕགས་པ་ཉིད་ཀྱིས་གསུངས་པ་དང་། ཡང་ཡོད་ཡང་དག་པའི་དངོས་པོ་ལ་མེད་དོ་ཞེས་སྐུར་པ་འདེབས་པའི་ལེགས་པར་མ་ཟིན་པ་ཞེས་བྱ་སྟེ། དམ་པའི ་ཆོས་འདུལ་བ་འདི་ལས་ཉམས་པར་རིག་པར་བྱའོ་ཞེས། འཕགས་པ་ཐོགས་མེད་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་ས་ལས་ཀྱང་གསུངས་པའི་ཕྱིར་ལ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་། འཇིག་ཚེགས་སུ་ལྟ་བ་རི་རབ ་དང་མཉམ་པ་ནི་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་གསོར་མི་རུང་ངོ་ཞེས་གསུངས་སོ།། འོག་ནས་ཡང་ཐབས་དང་ཤེས་རབ་དང་བྲལ་བ་ནི་འཆིང་བར་གསུངས་པ་དང་། ཡང་ཐབས་དང་མ་ལྡན་པར་དགེ་བ་སྤྱོད་པ་ཐམས ་ཅད་ཀྱང་བདུད་ཀྱི་ལས་སོ་ཞེས་འཆད་དོ།། དེ་བས་ན་འཁྲུལ་པ་ལ་འཁྲུལ་པར་ཤེས་ནས་རིམ་གྱི་སྤོང་བ་ནི་འཁྲུལ་པ་སྤངས་པ་ཞེས་བརྗོད་དོ།། སྣ་ཚོགས་འདི་དག་འཁྲུལ་པ་ན། མ་འཁྲུལ་གང་ཞིག་ཡིན་ཞེ་ན། འཁྲུལ་པ་ཙམ་དུ་ཡོངས ་ཤེས་ན། མ་འཁྲུལ་ཡིན་པར་ཤེས་པར་བྱ་ཞེས་འདོད་དོ།། ད་ནི་བརྩོན་པ་དང་ལྡན་པ་ལ་བདུད་འབྱུང་བས་ན། དེའི་མཚན་ཉིད་བརྗོད་པ་ནི་བདུད་ཀྱི་ལས་ནི་བརྩོན་པ་ལས་འབྱུང་ཞེས་སྨོས་སོ།། བརྩོན་པ་གང་དག་ནི་བདུད་ཀྱི་མི་མཐུན ་པའི་ཕྱོགས་མ་ཡིན་ནམ། ཇི་ལྟར་ན་བརྩོན་པ་ལ་བདུད་འབྱུང་ཞེས་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལ། གང་ཞིག་རིན་པོ་ཆེ་དང་། བང་མཛོད་དང་ལྡན་པ་ལ། ཆོམ་རྐུན་པ་དག་གླགས་ཚོལ་ཞིང་དབུལ་ཞིང་ཕོངས་པ་ལ་དགྲས་ཅི་ཞིག ་བྱས་པར་འགྱུར། དེ་བཞིན་དུ་དགེ་བའི་ཕྱོགས་ལ་བརྩོན་པ་ལ་བདུད་འབྱུང་གཱི་ལེ་ལོ་ལ་བདུད་ཀྱིས་ཅི་ཞིག་བྱ་ཞེས་པ་ནི་བརྩོན་པ་ལ་བདུད་གླགས་ཚོལ་གྱི་ཞེས་གསུངས་པ་ཡིན་ནོ།། བརྩོན་པ་ལ་སོགས་པ་ཉིད་གང་ཞེ་ན། ཇི་ཙམ ་དུ་གཉིས་ལ་སྦྱོར་བ་ཞེས་གསུངས་ཏེ། གཉིས་ཞེས་བྱ་བ་ནི་གཟུང་བ་དང་། འཛིན་པའི་ངོ་བོ་ཉིད་དོ།། གཟུང་བ་དང་འཛིན་པ་དག་ནི་དངོས་པོར་གྲུབ་པ་མ་ཡིན་ནམ། ལུང་ལས་ཀྱང་ང་དེའི་ཚེ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ཡན་ལག ་@་སྨད་པ་ཞེས་བྱ་བར་གྱུར་ཏོ་ཞེས་གསུངས་པ་དང་། ཡང་དགེ་སློང་དག་མཚན་མོ་ནམ་ལངས་པ་ན་རི་དགས་ཅེ་སྤྱང་སྐད་འབྱིན་པའི་སྒྲ་ཐོས་སོ་ཞེས་གསུངས་པ་མ་ཡིན་ནམ། ཇི་ལྟར་གཟུང་བ་དང་འཛིན་པ ་དགག་ཅེ་ན་དེའི་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལ། གཟུང་བ་དང་འཛིན་པ་དག་ནི་ཐོག་མ་མེད་པའི་དུས་ནས་གོམས་པའི་འཁྲུལ་པ་ཡིན་པས་ཡང་དག་པར་མི་རུང་སྟེ། རིགས་པ་དང་ལུང་གིས་གནོད་པར་གྱུར་པ་ཡིན་ལ། བདག་མེད ་པ་སྟོན་པའི་ཐ་སྙད་ཀྱིས་སྒྲོ་བཏགས་པ་ནི་བདག་དང་བདག་གིར་གཟུང་བ་དང་། འཛིན་པ་བརྗོད་པ་ཡིན་པས་ཉེས་པ་མེད་དོ།། འཇིག་རྟེན་པ་དག་ནི་ཐོག་མ་མེད་པའི་འཁྲུལ་པས་གོམས་པའི་དབང་གིས་ཡང་དག་པར་འཛིན་པ ་གཉིས་ལ་སྦྱོར་བའོ།། ཞེས་བསྟན་ཏོ།། གཉིས་དང་བྲལ་བས་ན་སྦྱོར་བ་ཡང་དག་པ་སྟེ། ཕྱིན་ཅི་མ་ལོག་པ་ཞེས་བྱ་བའི་དོན་ཏོ།། དེ་ཁོ་ན་ཉིད་དུ་ན་ཐོབ་པར་ལྟ་བ་མེད་པས་ཐོབ་པ་དམ་པ་ནི་སྦྱོར་བ་མེད་པ་སྟེ། མི་སྦྱོར་བ་ཉིད་སྦྱོར ་བ་ཡིན་པའི་ཕྱིར་རོ།། སྤྲོས་པ་མེད་པ་ཞེས་བྱ་བ་ནི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་ནི། དེ་ལྟར་བཤད་པ་བསྡུ་བ་ནི་གང་ན་མིག་ལ་མི་སྦྱོར་བ་ཞེས་གསུངས་སོ།། དད་པ་དང་ལྡན་པའི་བདུད་ཀྱི་ལས་ནི་ཤུགས་ཀྱིས་གོ་བས་ན ་འདིར་མ་གསུངས་ཏེ། འདས་མ་ཐག་པའི་བརྩོན་པ་དང་ལྡན་པའི་སྐབས་སུ་སྦྱར་བར་བྱའོ།། ང་ནི་བདུད་ཀྱི་གནོད་པ་གང་བྱེད་པ་དེ་བསྟན་ཏེ། མཐོང་བའི་ཆོས་ལ་ཐེག་པ་མཆོག་ལ་ཉམས་པར་བྱེད་པ་དང་། མ་མཐོང་བའི་ཚེ ་རྟེན་མཆོག་ལས་ཉམས་པར་བྱེད་པའོ།། དེ་ལྟ་བས་ན་བརྡར་བསྟན་པའི་ཚུལ་གྱིས་བརྟག་པ་རྣམ་པ་ལྔས་བརྟགས་ནས་དགེ་བའི་བཤེས་གཉེན་ལ་བསྟེན་པས་སྤང་བར་བྱ་བ་ནི། ལྷའི་བུ་ཉི་ཤུ་པོ་འདི་དག་ནི་ཞེས་སྨོས་ཏེ། བདུད་ཀྱི ་ལས་བརྒྱད་དང་། བདུད་ཀྱི་སྤྱོད་པ་བཅོ་བརྒྱད་དང་། བདུད་ཀྱི་ལས་ཡང་དག་ཕུལ་ཉིད་ཤུ་ཞེས་སྨོས་པ་ནི་དེ་བརྟག་པ་ལ་མཁས་པར་བྱ་བའི་ཕྱིར་རོ།། དེ་ལ་ཉི་ཤུ་གང་ཞེ་ན། རྣལ་འབྱོར་སྤྱོད་པ་ཞེས་གསུངས་ཏེ། རྣལ་འབྱོར་ནི ་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་ཏོ།། སྤྱོད་པ་ནི་རྣམ་པ་གཉིས་ཏེ། སེམས་རྣམ་པར་སྦྱོང་བའི་ཏིང་ངེ་འཛིན་སྤྱོད་པ་དང་། སྤྱོད་པ་ཉམས་སུ་ལེན་པའི་སྤྱོད་པ་སྟེ། དོན་གྱི་སྐབས་འདིར་ནི་སེམས་རྣམ་པར་སྦྱོང ་བའི་སྤྱོད་པ་ལ་འདོད་དོ།། བདུད་ཅེས་བྱ་བ་ནི་ཡོན་ཏན་སྐྱེ་བའི་བར་དུ་གཅོད་པ་ལ་བྱ་སྟེ། འདིར་ནི་ཐེག་པ་མཆོག་ལ་འདོད་དོ།། ཡང་དག་ཕུལ་ཞེས་བྱ་བ་ནི་བདུད་ཀྱི་ལས་མཆོག་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། བདུད་ཀྱི་ལས་ནི་དཔག ་ཏུ་མེད་པ་ཡིན་ནམ། ཇི་ལྟར་གྲངས་ཞེས་རྒོལ་བ་ནི། གང་ཞེ་ན་ཞེས་བྱའོ།། བདེན་མོད་ཀྱི་འདིར་མཆོག་བསྡུས་ནས་བཤད་པ་ཉེས་པ་མེད་ཅེས་བྱ་བ་ནི། འདི་ལྟ་སྟེ། ཞེས་མཚམས་སྦྱོར་བའོ།། དེ་ལ་རྣམ་པ་ཉི་ཤུ་ནི་འདི་ལྟ་སྟེ། ་ཡོངས་སུ་འཛིན་པའི་དབང་བྱས་པས་བཤེས་གཉེན་དམན་པ་ལ་བསྟེན་པ་ནི་རྣམ་པར་གྲོལ་བར་འདོད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་བས་སྐྲག་པ་ནི་ཉན་ཐོས་དང་རང་རྒྱལ་བའི་ཐེག་པའོ།། དང་པོ་དང་བར་མ ་དང་ཐ་མར་ནི་གཉེན་པོ་ལ་སོགས་པ་གསུམ་དུ་སྦྱར་ཏེ། ཐེག་པ་མཆོག་གི་རྩ་བ་དགེ་བའི་རྩ་བ་ནི་དགེ་བའི་བཤེས་གཉེན་ཡིན་པས་དེ་དང་བྲལ་བ་ནི། དེའི་བར་དུ་གཅོད་པ་བདུད་ཅེས་བྱའོ།། དེ་ལྟར་ཡོངས་སུ ་འཛིན་པ་དང་བྲལ་ན་འབྲས་བུའི་མཆོག་སྒྲུབ་པ་དང་བྲལ་བས་ཤེས་རབ་ཐབས་ཀྱིས་མ་ཟིན་ན་ནི་གཉིས་ཏེ། གཞན་དོན་གྱི་ཐབས་དང་བྲལ་བ་ནི་སྟོང་པ་ཉིད་ལས་སོ་སོར་རྟོག་ཅིང་སེམས་ཅན་ཡལ་བར་འདོར་བ་སྟེ། རང་ཉིད་ཀྱི་ཉོན་མོངས ་སྤོང་བར་འབད་པའི་ཕྱིར་རོ།། རང་དོན་གྱི་ཐབས་དང་བྲལ་བ་ནི་འདུས་མ་བྱས་ལ་སོ་སོར་རྟོག་ཅིང་འདུས་བྱས་ཀྱིས་ཡོངས་སུ་སྐྱེ་བ་ཞེས་བྱ་སྟེ། ཚོགས་ཡོངས་སུ་རྫོགས་པར་མི་འགྱུར་ཞེས་བྱའོ།། དེ་ལྟར་ཤེས་རབ་ཐམས་ཅད་ཀྱིས་ཡོངསུ ་མ་ཟིན་པས་ཟག་པ་མེད་པའི་ཤེས་རབ་ཀྱི་རྒྱུ་ལ་ལོགས་པར་ཞུགས་པ་ནི། བསམ་གཏན་བསྐྱེད་ཅིང་རྣམ་པར་ལྡོག་པ་ཚོལ་པ་སྟེ། ཟག་པ་མེད་པའི་ཤེས་རབ་ཀྱི་རྒྱུ་ནི་ཏིང་ངེ་འཛིན་ཡིན་པའི་ཕྱིར་བསམ་གཏན་བསྐྱེད་པ་ནི་རང་ཞི་བར ་འདོད་པའི་བསམ་པ་ལ་སོགས་པའོ།། ལྡོག་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཏོང་ངེ་འཛིན་ཏོ།། ཡང་དག་པའི་ཏིང་ངེ་འཛིན་དང་བྲལ་བ་ནི་གང་ཟག་ལ་བལྟོས་ཏེ་བསམ་པ་དམན་པ་དང་། ཆོས་ལ་བལྟོས་ཏེ་སྦྱོར་བ་དམན་པར ་འགྱུར་བའོ།། དེ་ལ་གང་ཟག་ལ་བལྟོས་ཏེ་བསམ་པ་དམན་པ་ནི་གཉིས་ཏེ། སྤྱིའི་དབང་དུ་བྱས་ནས་སྙིང་རྗེ་དང་བྲལ་བ་ནི་སྙིང་རྗེ་ཆེན་པོ་བསྐྱེད་ཅེས་བྱའོ།། བྱེ་བྲག་གི་དབང་དུ་བྱས་ནས་བྱམས་པ་དང་བྲལ་བ་ནི་ཁྲོ་བ་ཞེས་བྱའོ།། ཆོས ་ཀྱི་དབང་དུ་བྱས་ནས་སྦྱོར་བ་དམན་པ་ནི་གཉིས་ཏེ། བཤང་པའི་དབང་དུ་བྱས་པ་དང་སྒྲུབ་པའི་དབང་དུ་བྱས་པའོ།། དེ་ལ་བཤད་པའི་དབང་དུ་བྱས་པ་ནི་གཉིས་ཏེ། ཤེས་རབ་དམན་པ་ལ་སྦྱོར་བ་ནི་ཉན་ཐོས་དང་རང་རྒྱལ་བའི་གཏམ་སྟོན ་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། བདག་མེད་པ་ཙམ་སྟོན་པའི་ཕྱིར་རོ།། ཤེས་རབ་འཚལ་པ་ལ་སྦྱོར་བ་ནི། ཟབ་མོའི་གཏམ་འཆབ་ཅིང་ཅེས་བྱ་བ་ལ་སོགས་པ་སྟེ། ཟབ་མོ་ནི་སྟོང་པ་ཉིད་ལ་སོགས་པའོ།། གཏམ་སྣ་ཚོགས་པ་ནི་རྒྱུན་པོའི ་གཏམ་ལ་སོགས་པའོ།། སྒྲུབ་པའི་དབང་དུ་བྱས་པ་ནི་ལྔ་སྟེ། སྦྱོར་བ་ལ་མི་བརྩོན་པ་དང་། སྦྱོར་བ་ཉམས་པ་ལ་བརྩོན་པ་དང་། སྦྱོར་བ་མི་མཐུན་པ་ལ་བརྩོན་པ་དང་། སྦྱོར་བ་དང་བྲལ་བ་ལ་བརྩོན་པ་དང་། སྦྱོར་བ་ངན་པ་ལ་བརྩོན་པའོ། ་སྦྱོར་བ་ལ་མི་བརྩོན་པ་ནི་གཉིས་ཏེ། རང་གི་ལམ་སྒྲུབ་པ་ལ་མི་བརྩོན་པ་ནི། ལམ་ཤེས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་གོ།། གཞན་ལམ་དུ་ཁྲོད་པ་ལ་མི་བརྩོན་པ་ནི། རབ་ཏུ་བརྩོན་པའི་བསྔགས་པ ་བརྗོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། མི་སྦྱོར་བ་ནི་ཁྲིད་པར་མི་བྱེད་པའོ།། སྦྱོར་བ་ཉམས་པ་ལ་བརྩོན་པ་ནི་གཉིས་ཏེ། རང་གི་སྤྱོད་པ་མི་སྒྲུབ་པ་ནི། དགེ་བའི་རྩ་བ་སོགས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་སེམས ་ནི་ཐེག་པ་ཆེན་པོའི་ལམ་དུ་འགྲོ་བར་བྱེད་པོའི་ཕྱིར་རོ། རང་གི་སྤྱོད་པ་ལ་གཞོམ་སྦྱོར་བ་ནི། ལྷག་མཐོང་གི་རྣལ་འབྱོར་དང་ལྡན་པར་གནས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་ནི་གཞན་ཅེས་སུ་འཛིན་པའི་ཕྱིར ་སྦྱོར་བ་མི་མཐུན་པ་ལ་བརྩོན་པ་ནི། ཉོན་མོངས་པ་མ་ལུས་པ་ཟད་པར་ཚོལ་ཞིང་ཞེས་བྱ་བ་ལ་སོགས་པ་སྟེ། བསམ་པ་དང་སྦྱོར་བ་མི་མཐུན་པའི་ཕྱིར་རོ།། སྦྱོར་བ་དང་བྲལ་བ་ལ་སོགས་པ་ནི་གཉིས་ཏེ། གཞན་དོན ་སྒྲུབ་པའི་ཐབས་སྙིང་རྗེ་དང་བྲལ་བ་ནི་ཤེས་རབ་ཀྱི་རྣམ་པར་སྤྱོད་ཅིང་ཞེས་བྱ་བ་ལ་སོགས་པའོ།། རང་དོན་སྒྲུབ་པའི་སྦྱོར་བ་ཐབས་མ་ལུས་པ་དང་བྲལ་བ་ནི། ཐབས་དང་མི་ལྡན་པར་ཞེས་བྱ་བ་ལ་སོགས་པ་སྟེ། ཐབས་ལ་མཁས ་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ།། སྦྱོར་བ་ངན་པ་ལ་བརྩོན་པོ་ནི་གཉིས་ཏེ། བརྩོན་པར་བྱ་བ་མ་ཡིན་པ་ལ་བརྩོན་པ་ནི། སྡེ་སྣོད་མི་ཚོལ་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག ་དང་བསྡུ་བའི་དངོས་པོ་རྣམས་སོ།། འཇིག་རྟེན་རྒྱང་ཕན་ཆད་པར་ལྟ་བ་དག་གོ།། བརྩོན་པར་བྱས་པ་ལ་ལོག་པར་བརྩོན་པ་ནི་མང་དུ་ཐོས་ཀྱང་ཞེས་བྱ་བ་ལ་སོགས་པ་སྟེ། མང་དུ་ཐོས་པ་ནི་བརྩོན་པར་བྱ་བ་ཡིན་ཡང་། ཆོས་འ ་པ་ནི་ལོག་པ་ཡིན་པས། ལོག་པར་བརྩོན་པའོ།། དེ་ལྟར་དམན་པ་ལ་མོས་པ་དག་ནི། དངོས་པོར་ལྟ་བས་ན་འཇིག་རྟེན་པའི་དགོས་པའི་ཞལ་ཏ་བྱེད་པ་ཞེས་བྱ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མང་དུ་ཐོས་པ་ལས་སྐྱེས་ཀྱི།། ་དངོས་པོས་ཡོངས་སུ་འཛིན་པ་ལ་མ་སྐྱེས་པའི་ཕྱིར་རོ།། དམན་པའི་སྤྱོད་པ་ལ་སྤྱོད་པ་དག་ནི་དམན་པའི་གྲོགས་པོ་ལ་བརྟེན་པས། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། སྐལ་བ་མཉམ་པ་ནི་ཐེག ་བ་ཆེན་པོའི་སྒོ་སྐལ་ལ་སྤྱོད་པའི་ཕྱིར་རོ།། དམན་པའི་གྲོགས་པོ་ལ་བརྟེན་པ་དག་ནི་དམན་པ་ལ་བག་མེད་པར་འགྱུར་བས། གང་གི་ཚེ་བརྒྱ་བྱིན་ནམ་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་སྐྱོང་བ་ནི་ཡུལ་འཁོར་བསྲུང་ལ་སོགས་པའོ། ་དེ་ལྟར་ན་ཡང་དག་པའི་ལམ་ལས་ཟློག་པར་བྱེད་པ་བདུད་ཀྱི་ལས་ཀྱི་གོ་རིམ་འདི་ནི་སྲིད་པ་ཁོ་ནའོ།། ད་ནི་གཞན་ལ་བརྙས་པའི་ཉེས་པ་བཤད་པར་བྱའོ།། བྱང་ཆུབ་སེམས་དཔའ་གཟུགས་བཟང་ཞིང་ཞེས་བྱ་བ་ལ་སོགས་པ་ནི། གཞན་ལ ་བརྙས་པའི་རྒྱུའོ།། དེ་ལ་ལྷུན་ལེགས་པ་ནི་གཟུགས་བཟང་བའོ།། བུད་ལེགས་པ་ནི་མཛེས་པའོ།། ཕྱུག་པ་ནི་འབྱོར་པ་སྣ་ཚོགས་པའོ།། ལོངས་སྤྱོད་པས་ནོར་ཆེ་བ་ནི་གསེར་ལ་སོགས་པ་མང་བའོ།། ལོངས་སྤྱོད་ན་འཕྲལ་གྱི་དགོས་པའོ། ་ནོར་མང་བ་ནི་གསེར་ལ་སོགས་པ་སྣ་ཚོགས་པའོ།། མཛོད་ནི་སྣ་ཚོགས་པའི་གནས་སོ།། བང་བ་ནི་སྣ་རེ་རེའི་གནས་སོ།། རུས་ན་བ་ར་དྲ་ཙ་ལ་སོགས་པའོ།། རིགས་ནི་རྒྱལ་རིགས་ལ་སོགས་པའོ།། གཡོག་ན་གོ་རེ་ལོང་ངོ་།། འཁོར་ནི ་རྗེས་སུ་འཚོ་བའོ།། བསོད་ནམས་ནི་སྦྱིན་པ་ལ་སོགས་པའོ།། ཡེ་ཤེས་ནི་ཐོབ་པ་ལ་སོགས་པའོ།། བརྩོན་པ་ནི་ལྷུར་ལེན་པའོ།། དབང་ཕྱུག་ནི་རྒྱལ་པོའི་ས་ལ་གནས་པའོ།། རྒྱགས་པ་ནི་དྲེགས་པའོ།། བག་མེད་པ་ནི་བརྩམ་པ་དང ་མ་ལྡན་པའོ།། གང་ལ་བརྙས་ཤེ་ན། བྱང་ཆུབ་སེམས་དཔའ་གང་དག་རབ་ཏུ་བྱུང་བར་གཏོགས་པ་ཞེས་གསུངས་ཏེ། རབ་ཏུ་བྱུང་བ་དག་ནི་རྟེན་མཆོག་ཡིན་པས་ན། གང་ཁྱིམ་གནས་པར་བྱེད་བཞིན་དུ། བྱང་ཆུབ་དམ་པའི ་མཆོག་འདི་ཐོབ་པ་ཡི།། སངས་རྒྱས་གང་ཡང་སྔོན་ཆད་མ་བྱུང་སྟེ། མ་འོངས་པ་ན་མི་འབྱུང་གནས་པ་མེད། ཅེས་གསུངས་པའི་ཕྱིར་རོ།། ཁྱིམ་གྱི་གནས་ནས་མངོན་པར་འབྱུང་བ་ཞེས་བྱ་བ་ནི། ཁྱིམ་སྤངས་ཞེས་བྱ་བའི་ཐ་ཚིག ་ཁྱིམ་གྱི་གནས་ནི་སྡུག་བསྔལ་དུ་མིའི་གནས་ཡིན་པས་ན། འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་ལས། སྨད་པ་ལྟ་བུའོ།། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་ཚོལ་བ་ལ་བརྩོན་པ་ནི། དེ་གཙོར་བྱེད་པའོ།། འོ་ན་ཚོགས་གཉིས་ངག་ནི་ལམ་མ་ཡིན ་ནམ་ཅིའི་ཕྱིར་འདི་མཆོག་ཅེ་ན། བདེན་མོད་ཀྱི་འོན་ཀྱང་འབྱོར་པ་མཐའ་དག་སྦྱངས་པ་ཉིད་ཀྱིས། བསོད་ནམས་ཀྱི་ཚོགས་བསགས་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་ལུང་ལས་ཀྱང་རབ་ཏུ་བྱུང་བས་ཟང་ཟིང་གི་སྦྱིན་པ་མ་གནང་བས་ཇི་ལྟར་ཚོགས ་སོགས་པར་འགྱུར། དེའི་ཕྱིར་ན་ཚོགས་གཉིས་དང་ལྡན་པར་འདོད་དོ།། གང་གི་ཕྱིར་བརྙས་ཤེ་ན། ཤ་དང་ཁྲག་སྐམས་པ་ཞེས་བྱ་སྟེ། དུས་མ་ཡིན་པའི་ཟས་ལ་སོགས་པ་སྤང་བའི་ཕྱིར་རོ།། རྐེ་བ་ནི་རིང་བའོ།། ཉམས་ཆུང་བ་ནི་ལུས་ཀྱི་མཐའ ་མེད་པའོ།། ལུས་ཙམ་ཡོགས་པ་ནི་ཧ་ཅང་ཡང་རྐེ་བའི་ཕྱིར་རོ།། དེ་ལྟར་ཅིའི་ཕྱིར་ལུས་གདུང་ཞེ་ན། མགོ་དང་གོས་ལ་མེ་འབར་བ་བཞིན་དུ་ཞེས་སྨོས་ཏེ། ཤིན་ཏུ་བརྩོན་ཞེས་བྱ་བའོ།། བརྩོན་འགྲུས་བརྩམས་པ་ནི་དགེ་བའི་ཆོས་ཡོངས་སུ ་ཆོཚོལ་བ་ལ་བརྩོན་པའོ།། ཐེག་པ་ཆེན་པོ་དག་ནི་དངོས་པོ་གཙོ་བོ་ཡིན་པས་རྐེ་ཞིང་ཉམས་ཆུང་བ་མདོག་ངན་ཅིང་མི་སྡུག་པར་རིགས་ནས་བརྙས་པ་ཞེས་གསུངས་ཏེ། ཕྱི་རོལ་ལ་སྤྱད་པ་ཡིན་མོད་ཀྱི་འོན་ཀྱང་ཐལ་བའི་ནང་དུ་མེ་བྱུང་བ་ལྟ ་ཤཱར་ཉེས་པ་དང་བཅས་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་སྙམ་དུ་སེམས་དཔའ་ཞེས་བྱ་བས་ནི་བསམ་པ་བསྟན་ཏོ།། ལེགས་པར་བཤད་པ་ཉན་མི་འདོད་ཅེས་བྱ་བས་སྦྱོར་བ་བསྟན་ཏོ།། ཆེས་དམན་ཞིང་རྨུགས་པ་ཞེས་བྱ་བས་ནི། སྤྱིར་ཞིང་བག ་མེད་པར་འགྱུར་ཞེས་བྱ་བའི་དོན་ཏོ།། ད་ནི་བར་དུ་གཅོད་པའི་ཆོས་བཞི་བསྟན་པའི་ཕྱིར་བཞི་གང་ཞེ་ན། ཞེས་སྨོས་ཏེ། ལེགས་པར་བརྗོད་པ་ནི་ཚིགས་སུ་བཅད་པ་ངན་པ་སྒྲོགས་པའོ།། འདི་དག་བྱང་ཆུབ་སེམས་དཔའི་སྡོམ་པ་དང་འབྲེལ་པ ་ཅི་མངོན་ཞེ་ན། ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་ཞེས་སྨོས་པའི་ཕྱིར་དང་། འདིར་ཡང་ཐེག་པ་ཆེན་པོའི་བར་དུ་གཅོད་པའི་ཕྱིར་དང་། ཡང་ཡིད་ཆེས་པའི་ལུང་བདག་གི་བླ་མ་བརྒྱུད་པ་ལས་འདི་ལྟར་ཐོས་པའི་ཕྱིར་ཏེ། ཅིའི་ཕྱིར་ལུང་ཚད་མ ་ཡིན་ཞེ་ན། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་དག་ལ་ནི་མངོན་སུམ་དང་རྗེས་སུ་དཔག་པ་མི་འཇུག་པའི་ཕྱིར། ཚད་མ་རྣམ་འགྲེལ་ལས་ཀྱང་། གནས་གསུམ་པར་ནི་འཕོ་བ་དང་། བསྟན་བཅོས་ལེན་པ་རིགས་ལྡན་ཡིན་ཞེས་འབྱུང་བ་དང་། ཡང ་ལུང་མ་རྟོགས་པའི་རྟོག་གེ་ལ། ཆོས་རྣམས་རྣམ་པར་གནས་མ་ཡིན།། དྲང་སྲོང་རྣམས་ཀྱི་ཤེས་པ་གང་།། དེ་ཡང་ལུང་གི་སྔོན་དུ་སོང་། ཞེས་གསུངས་པས་ལུང་ཉིད་ཚད་མར་བྱའོ།། མདོ་ཀུན་ལས་བཏུས་པའི་བཤད་པ། ལུང་གི་ཚད ་མས་སྦྱར་བ་ལས་བར་དུ་གཅོད་པའི་ཆོས་སྤོང་བ་རྙེད་པར་དཀའ་བའི་གཏམ་བརྗོད་པ་སྟེ་བདུན་པའོ།། །། ད་ནི་ཁྱིམ་པ་རྣམས་ཀྱི་སྒྲུབ་པ་བཤད་པར་བྱའོ།། དེ་ལ་ཡང་དག་པའི་སྒྲུབ་པ་བསྟན་པ་ནི་འདི་དག ་པས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ཆོས་ནི་བྱང་ཆུབ་སེམས་དཔའ་སྡོམ་པའོ།། ནན་ཏན་གྱི་གསུངས་པ་ནི་མྱི་མཉམ་པར་བྱེང་བའོ།། ལྷག་པའི་བསམ་པ་རྣམ་པར་དག་པ་མ་ཡིན་པ ་ཁྱིམ་ཇི་ལྟར་གནས་ཞེས་རྒོལ་བ་ནི་ཅི་འདྲ་ཞེ་ན་ཞེས་བྱའོ།། ལན་ནི་འབད་པ་ཡོད་ཀྱང་ཁྱིམ་སྤངས་པར་མི་ནུས་པས་བསྟན་ཏོ།། འོ་ན་གཞན་གྱི་བུད་མང་ལ་ལོག་པར་མི་སྒྲུབ་པ་ཡང་འབད་པ་ཡོད་ཀྱང་མི་ནུས་པའི་ཕྱིར་ལྟུང ་བར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ་གཞན་གྱི་ཆུང་མ་ལ་བགྲོད་པ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཆེན་པོ་ཡིན་ལ། ཁྱིམ་གྱི་གནས་ནི་བཅས་པའི་ཁ་ན་མ་ཐོ་བ་ཡིན་པར་བསྟན་པ་ནི། ཁྱིམ་བདག་ཞེས་བྱ་བ་ལ་སོགས་པ་སྟེ། ་སྐྱེས་བུ་དམ་པ་ནི་སྔོན་གྱི་བྱང་ཆུབ་སེམས་དཔའོ།། ལས་ནི་ཚུལ་ཁྲིམས་རྗེས་སུ་བསྲུང་བའོ།། སྐྱེས་བྱ་ངན་པ་ནི་ཚེ་འདིའི་བདེ་བ་འདོད་པའོ།། ལས་ནི་ཁ་ན་མ་ཐོ་བའོ།། ཆོས་ཀྱི་ལོངས་སྤྱོད་ཚོལ་བ་ནི་སྲོག་གཅོད་སྤོང་བ་ལ་སོགས ་པོ་གཞན་ལ་མི་འཚེ་བའོ།། མཐུན་པ་ནི་མཆོད་རྟེན་ལ་སོགས་པ་དང་མ་འདྲེས་པའོ།། ཡང་དག་པ་ནི་སྲང་ལ་སྒྱུ་བྱེད་པ་ལ་སོགས་པ་མ་ཡིན་པའོ།། དེ་དག་གི་ནི་ལོངས་སྤྱོད་ཚོལ་བའི་དབང་དུ་བྱས་པའོ།། ལོངས་སྤྱོད་པའི ་དབང་དུ་བྱས་པས་ནི། གཞན་ལ་འཚེ་བ་མི་བྱེད་དེ། ཞེས་བྱ་བ་ལ་སོགས་པ་སྟེ། མི་རྟག་པའི་འདུ་ཤེས་ནི་མྱུར་དུ་འབྲལ་བའི་བསམ་པའོ།། སྙིང་པོ་ལེན་པ་ནི་ཕ་མ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། གཏོང་བ་འཕེལ ་བ་ནི་སྦྱིན་པའི་འབྲས་བུ་ཡོད་པར་བྱེད་པའོ།། ལོག་པར་སྒྲུབ་པ་སྤང་བ་ནི། མིང་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོག་པར་སྒྲུབ་པའི་འབྲས་བུ་བསྟན་པ་ནི་མི་ཁོམ་པར་འགྱུར་ཞེས་སྨོས་སོ།། དམུས་ལོང་ནི་མིག་མེད་པར་སྐྱེ ་བའོ།། ཡིད་ཤས་ཆུང་བས་ན་བླན་པའོ།། ལྕེ་མེད་པས་ན་ལྐུགས་པའོ།། བཤན་པ་ལ་སོགས་པ་ནི་གདོལ་བའོ།། དེ་དག་ནི་རྒྱུ་མཐུན་པའི་འབྲས་བུའོ།། རྣམ་པར་སྨིན་པའི་འབྲས་བུ་ནི། ཁྱི་དང་ཞེས་བྱ་བ་ལ་སོགས་པའོ།། འབྲས་བུའི ་རྒྱུ་གང་ཞེ་ན། ལོག་པར་བསྒྲུབ་པ་དངོས་བསྟན་པ་ནི། བཞི་གང་ཞེ་ན་ཞེས་གསུངས་ཏེ། ལྷག་པར་བྱ་བ་བྱས་པ་ནི་དགེ་བའི་རྩ་བ་བསྐྱེད་པའོ།། མངོན་པར་འབྱུང་བ་ནི་ཐར་པ་འདོད་པའོ།། འཕགས་པའི་ལམ་ནི་ལམ་བསྒོམ་པའོ།། འདོད ་པོའི་ཉེས་པ་བསྟན་པ་མི། དཔེར་ན་ཞེས་བྱ་བ་ལྔ་སོགས་པ་སྟེ། འདོད་པ་དག་ནི་ཐར་པ་དཀའ་བའི་ཕྱིར་འདམ་ལྟ་བུའོ།། ཉམ་ང་བའི་ཕྱིར་གཡང་སཱ་ལྟ་བུའོ།། རབ་ཏུ་བསྲེགས་པ་མེ་ལྟ་བུའོ།། འཇིགས་པ་བསྐྱེད་པས་སྤུ་གྲི་ལྟ་བུའོ།། ་དེ་འདོད་པའི་ཉེས་པ་དེ་ཉིད་བྱེ་བྲག་ཏུ་བསྟན་པ་ནི། རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་ནི་ཆགས་པར་གྱུར་པོའོ།། བར་དུ་ནི་མི་འབྲལ་བས་ན་བག་མེད་པར་སྤྱོད་པའོ།། ཐ་མར་ཡིད་མི་འབྱུང་བས་ན་ཕྱིར་ཞིང་ལྔ ་འདོད་པའོ།། དེའི་ཕྱིར་དམ་པ་མི་བསྟེན་པས་ན་ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོན་ཏན་འདི་ཐོས་པ་ལ་སོགས་པའོ།། རྒྱུ་དེས་ན་འཕགས་པའི་ནོར་དང་བྲལ་བ་དད་པ་དང་ཞེས་བྱ་བ་ལ་སོགས་པའོ།། ་དེ་ལ་ཡོན་ཏན་དང་བྲལ་བས་དད་པ་བྲལ་བ་ཞེས་བྱ་བ་ལ་སོགས་པའོ།། ཉེས་པ་དང་དུ་ལེན་པས་རྨ་ལ་ཆགས་པ་ལ་སོགས་པའོ།། ཞི་བ་ནི་མྱ་ངན་ལས་འདས་པའོ།། འགྲོ་བར་བྱ་བ་མ་ཡིན་པ་ནི་ངན་སོང་ངོ་།། དམན་པ་ལ ་ཞེན་པས་མི་གཙང་བའི་སྲིན་བུ་ལྟ་བུའོ།། སྙིགས་མ་ལེན་པ་ནི་སྨད་པ་འདོད་པའོ།། བརྐམ་པ་ནི་ཧཱ་ཅང་ཞེན་པའོ།། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་སྤངས་པས་ན་ལྷ་དང་མིའི་ཚོགས་ལས་ཉམས་པའོ།། ཁ་ན་མ་ཐོ་བ་ལ་མི་འཛེམ ་པས་ཁྲེལ་དང་ངོ་ཚ་བོར་བའོ།། ལོག་པར་འཚེ་བས་ན་ངན་པར་སྤང་བའི་འཚོ་བ་ཅན་ནོ།། དམ་པའི་སྤྱོད་པ་མ་ཡིན་པས་མཁས་པས་སྨད་པའོ།། བྱ་བ་མི་ཤེས་པའི་བྱིས་པའོ།། དེའི་རྗེས་སུ་འཇུག་པ་ལ་བརྟེན་པའོ།། ཁ་ན་མྱ་ཐོ་བ་ལ་དགའ ་བས་སྡིག་པའི་བསམ་པ་ཅན་ནོ། ཁ་ན་མ་ཐོ་བ་ཅན་དང་འགྲོགས་པས་བརྟེན་པའོ།། ཁ་ན་མ་ཐོ་བ་ཙན་དང་འགྲོགས་པས་བརྟེན་པའོ།། ཁ་ན་མུ་ཐོ་བ་བྱེད་པས་ཀུན་ཏུ་འཇུག་པའོ།། ཁ་ནཱ་མ་ཐོ་བ་ལ་མོས་བྱས་གཞོལ་བའོ།། གླགས་རྙེད ་པས་བུད་མེད་ཀྱིས་ཚུགས་པའོ།། རང་དབང་དུ་བྱས་པས་བུད་མེད་ཀྱི་འཁོལ་བའོ།། འཁྲིག་པའི་ཆོས་ལ་ཞེན་པས་དབང་དུ་སོང་བའོ།། ཁྲིག་པའི་ཆོས་ལ་མོས་པས་གཞོལ་བའོ།། མི་གཏོང་བའི་འགྲོགས་པའོ།། དེ་ཉིད་ནི་རྨའི་སྒོའི་སྤྱོད་ཡུལ ་ཅན་ཞེས་བྱ་བ་ལ་སོགས་པའོ།། དེའི་ཕྱིར་ཕན་འདོགས་པ་དང་ཕན་ཡོན་གྱི་ཞིང་ཡོངས་སུ་སྤོང་བས་ཕ་མ་དང་ཞེས་བྱ་བ་ལ་སོགས་པའོ།། དེས་འབྲས་བུ་གང་མྱོང་ཞེ་ན། སེམས་ཅན་དམྱལ་བ་དང་ཞེས་བྱ་བ་ལ་སོགས་པའོ།། ཕ ་དག་ནི་ཇི་ལྟར་ཕན་འདོགས་པའི་ཞིང་དུ་འགྱུར་ཞེ་ན། དཀའ་བ་བྱས་ཤིང་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟ་བུ་དེ་དམ་པ་གང་གི་སྨད་པས་ན་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ།། དེ་ཉིད་ངེས་དོན་གྱི་ལུང་བསྟན་པའི་སྒོ་ནས་བསྡུ་བ་ནི། ཟླ་བ་སྒྲོན་མའི ་མདོ་ལས་ཀྱང་ཞེས་གསུངས་སོ།། ད་ནི་འདོད་པའི་ཉེས་པ་དེ་ཉིད་སྤང་བའི་ཕྱིར། མི་སྡུག་པ་ལ་ཡང་སྦྱར་བར་བྱའོ།། ཞེས་གསུངས་ཏེ། མི་སྡུག་པ་ནི་འདོད་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་དེ་བསྟན་ཏེ། དེ་ལ་མི་སྡུག་པ་ནི་རྣམ་པ་དྲུག་སྟེ། འཁྲིག་པའི་འདོད ་ཆགས་ཀྱི་དབང་དུ་བྱས་ན་མི་གཙང་བའི་སྡུག་པ་དང་། མི་བརྟན་པས་རབ་ཏུ་འཇིགས་པའི་མི་སྡུག་པ་སྟེ། དོན་གྱི་སྐབས་འདིར་ནི་འཁྲིག་པའི་གཉེན་པོ་ལུས་དང་སེམས་ཀྱི་ཚོར་བ་སྡུག་བསྔལ་བའི་དབང་དུ་བྱས་པ་སྡུག་བསྔལ་གྱི་མི་སྡུག་པ་དང་། ་དམན་པའི་གཞི་དང་དམན་པའི་ཁམས་གང་ཡིན་པ་འདོད་པའི་ཁམས་ལྟ་བུའི་དབང་དུ་བྱས་པ་ངན་པའི་མི་སྡུག་པ་དང་། གཟུགས་མེད་པ་ལ་བལྟོས་ཏེ་གཟུགས་ཀྱི་ཁམས་སམ། མྱ་ངན་ལས་འདས་པ་ལ་བལྟོས་ཏེ་སྲིད་པའི་རྩེ་མོ་མན་ཆད་ལྟ་བུ་བལྟོ། ་པའི་མི་སྡུག་པ་དང་། ཁམས་གསུམ་གྱི་ཀུན་ཏུ་སྦྱོར་བ་དང་། འཆིང་བ་ལ་སོགས་པ་ཀུན་ཏུ་ཉོན་མོངས་པའི་སྡུག་པ་དང་། ཕུང་པོ་ལྔ་མི་རྟག་ཅིང་མི་བརྟན་པ་རབ་ཏུ་འཇིགས་པའི་མི་སྡུག་པ་སྟེ། དོན་གྱི་སྐབས་འདིར་ནི་འཁྲིག་པའི་གཉེན་པོ་ཡིན་པས་མི ་གཙང་བའི་མི་སྡུག་པ་ལ་དགོངས་སོ།། དེ་ནི་རྣམ་པ་གཉིས་ཏེ། ནང་ལ་བརྟེན་པ་དང་། ཕྱི་རོལ་ལ་བརྟེན་པའོ།། དེ་ལ་ནང་ལ་བརྟེན་པ་མི་གཙང་བ་གང་ཞེ་ན། རྫས་སུམ་ཅུ་རྩ་དྲུག་སྟེ། སྐྲ་དང་སྤུ་དང་སེན་མོ་སོ།། ཀློག་པ་དྲི་མ་ལྤགས་པ་ཤ། རུས་པ་ཆུ་རྒྱུས ་མ་པའ་མཿ།། སྙིང་དང་མཆིན་པ་གྲོ་བ་དང་།། རྒྱུ་མ་གནམ་པ་ཐན། མནྟ་བ་ཕྱིས་མཆི་མ་རྡུལ།། མཚལ་མ་སྣབས་དང་ཆུ་སར་ཞག། རྐང་དང་ཚལ་དང་བད་ཀན་མཆིས།། རྣག་དང་ཁྲག་དང་ཀླང་སྡེ་དང་།། གླང་རྒྱ་དག ་གཅིན་དག་དང་།། མི་གཙང་རྫས་ནི་སུམ་ཅུ་དྲུག། ནང་ལ་བརྟེན་པ་ཡིན་པར་འདོད།། རྣམ་པར་བསྔོས་ཤིང་རྣགས་པ་དང་།། འབུས་ཞིག་རྣམ་པར་བམ་པ་དང་།། ཟོས་ཤིང་དམར་དང་རྣམ་འཐོར་དང་།། རུས་གོང་ཀེང་རུས་རྣམ་པ་གཉིས།། དེ་བཞིན ་མོ་གཙང་གོས་པ་དང་།། བསྟི་བ་ལྡན་ལྗིན་གང་བ་རྣམས།། མི་གཙང་ཕྱི་ལ་བརྟེན་པ་སྟེ།། བསྒོམ་པའི་དམིགས་པ་ཡིན་པར་འདོད།། ཅེས་འབྱུང་ངོ་།། དེ་ལ་ནང་ལ་བརྟེན་པའི་མི་གཙང་བའི་མི་སྡུག་པ་ལ་དམིགས་པ་ནི་ནང་གི་འདོད་པ་རྣམས་འདོད་པ ་ལ་འདུན་པའི་འདོད་ཆགས་ལ་སེམས་རྣམ་པར་སྦྱོང་བར་བྱེད་དོ།། དེ་ལ་ཕྱི་རོལ་ལ་བརྟེན་པའི་མི་གཙང་བའི་སྡུག་པ་སྟོང་པ་ཉིད་ལ་དམིགས་པ་ནི། ཕྱི་རོལ་གྱི་འདོད་པ་རྣམས་ལ་འཁྲིག་པ་ལ་འདུན་པ་འཁྲིག་པ་ལ་འདོད་ཆགས་རྣམ་པ་བཞི་དང ་ལྡན་པ། ཁ་དོག་དང་། དབྱིབས་དང་། རེག་པ་དང་། ཉེ་བར་སྤྱོད་པའི་འདོད་ཆགས་དང་ལྡན་པ་ལས་སེམས་རྣམ་པར་སྦྱོང་བར་བྱེད་དོ།། དེ་ལ་རྣམ་པར་སྔོས་ཤིང་རྣགས་པ་དང་། དབུས་ཞིགས་རྣམ་པར་བམ་པ་དང་། ཟོས་ཤིང་ཞེས་བྱ་བ་ཡིད་ལ ་བྱིད་པས་ནི་ཁ་དོག་ལ་ཆགས་པ་སྤོང་བར་བྱེད་དོ།། དམར་དང་ཞེས་བྱ་བས་ནི་དབྱིབས་ཀྱི་ཁ་དོག་སྤོང་བར་བྱེད་དོ།། རུས་གོང་དང་། ཀེང་རུས་དང་། རུས་པའི་ཀེང་རུས་ཡིད་ལ་བྱེད་པས་ནི་རིག་པའི་འདོད་ཆགས་ཡོངས་སུ་སྤོང་ངོ་།། རྣམ་འཐོར ་དང་ཞེས་བྱས་པས་ནི་ཉེ་བར་སྤྱད་པའི་འདོད་ཆགས་ལ་སེམས་རྣམ་པར་སྦྱོང་བར་བྱེད་དོ།། དེ་ལྟ་བས་ན་ལུང་ལས་ཀྱང་བཅོམ་ལྡན་འདས་ཤི་ནས་ཞག་གཅིག་ལོན་པ་འམ་ཞེས་གསུངས་ཏེ། དེ་ལ་ཤི་ནས་ཞག་གཅིག་ལོན་པ་འམ་བདུན་ལོན ་པའི་བར་དུ་དུར་ཁྲོད་བྱ་རོག་དང་ཆུན་ལག་དང་། བྱ་རྒོད་དང་། ཁྱི་དང་། ཝ་ངག་གིས་ཟོས་པ་མཐོང་ནས་ཞེས་བྱ་བས་ནི་རྣམ་པར་སྔོས་ནས་ཐོས་པའི་བར་བསྟན་ཏོ།། ལྤགས་པ་དང་ཤ་དང་ཁྲག་དང་ཆུ་རྒྱུས་ཀྱི་གཟུངས་མེད་པ་ཞེས་བྱ་བས་ནི་རྣམ ་པར་དམར་བ་བསྟན་ཏོ།། དུར་ཁྲོད་ཀྱི་རུས་པ་གང་དག་མཐོང་ན་ཞེས་བྱ་བས་ནི་ཀེང་རུས་བསྟན་ཏོ།། ལག་པའི་རུས་པ་ཡང་ལོགས་ཤིག་ཅེས་བྱ་བ་ལ་སོགས་པ་རྣམས་ཀྱི་ནི་རྣམ་པར་འཐོར་བ་བསྟན་ཏོ།། དེ་ཉིད་བྱང་ཆུབ་སེམས་དཔའ ་བསྒོམ་པར་བྱ་བ་ཡིན་པས་ན། ལུང་ལས་ཀྱང་རྣམ་པར་བམ་པ་མི་དམིགས་པའི་ཕྱིར་རྣམ་པར་བམ་པའི་འདུ་ཤེས་བསྒོམ་པར་བྱའོ།། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། འདིར་ནི་སྨོས་པར་ཟད་ཀྱི་རྒྱས་པར་ནི་འོག་ནས་འབྱུང་།། ་ད་ནི་མི་དགེ་བ་བཅུའི་གནོད་བར་འགྱུར་བ་བསྟན་པ་ནི། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་དགེ་བ་བཅུ་ནི་སྲོག་གཅོད་པ་ནས་ལོག་པར་ལྟ་བའི་བར་དུའོ།། དེ་ལ་སྲོག་གཅོད་པ་ལ་སོགས་པ་དག་གི་གཞི་དང་བསམ་པ ་དང་། ཉོན་མོངས་པ་དང་། སྦྱོར་བ་དང་། མཐར་ཐུག་པའི་དབང་གིས་རིག་པར་བྱའོ།། དེ་ལ་སྲོག་གཅོད་པ་ནི་ཕ་རོལ་ཡིན་པ་དང་། སྲོག་ཆགས་སུ་འདུ་ཤེས་པ་དང་། བསད་པའི་བསམ་པ་དང་། བརྩལ་བ་བྱས་པ་དང་། དེས་ཤི་ནས ་གཞི་ལ་སོགས་པའི་ཁྱད་པར་ལས་རིག་པར་བྱའོ།། རིགས་དང་། ཆོས་དང་། རྒྱལ་མཚན་གྱི་བསྲུང་བ་འམ། རང་དབང་བའི་ཡང་དུས་མ་ཡིན་པ་དང་། གནས་མ་ཡིན་པ་དང་། ཡུལ་མ་ཡིན་པ་དང་། ཡན་ལག་མ་ཡིན་པ་ལ་ཡང ་པོ།། གཞན་གྱིས་ཡོངས་སུ་བཟུང་བ་དང་། དེར་འདུ་ཤེས་པ་དང་། རྒྱུ་བའི་བསམ་པ་དང་། གནས་ནས་གནས་སུ་སྤགས་པ་ལ་སྡིག་པའི་ཁྱད་པར་ནི་རྫས་དེ་གང་ཡིན་པའི་ཁྱད་པར་དང་། སྦྱོར་བ་ལ་སོགས་པའི་ཁྱད་པར་གྱིས་མ་བྱིན་པར་ལེན ་པའི་ཁ་ན་མ་ཕོ་བ་རིག་པར་བྱའོ།། བསླ་བའི་བསམ་པ་དང་། ལྟ་བ་ཡིད་ལ་གཞག་ནས་དོན་གོ་བ་ལ་ཚིག་གམ་ལུས་ཀྱི་རིག་བྱེད་ཀྱི་གོ་བར་བྱས་པ་དང་། ཐེ་ཚོམ་ཟ་བ་ལ་ངེས་པར་སྨྲས་ནས་ཡང་བརྫུན་དུ་སྨྲ་བའི་ཁ་ན་མ་ཕོ་བ་བསླུ་བར་བྱ། ་བའི་ཁྱད་པར་དང་། བསམ་པོའི་ཁྱད་པར་ལ་སོགས་པས་རིག་པར་བྱའོ།། མི་དགའ་བར་འདོད་པ་འམ་དབྱེ་བའི་བསམ་པས་འགའ་ཞིག་ལ་མི་དགའ་བའི་ཐོས་ནས་དེ་ལ་བསྙད་པ་དང་། དེ་ལ་ཐོས་ནས་འདི་ལ་ཡང་རུང་སྟེ། ཡང་དག ་བ་འམ། ཡང་དག་པ་མ་ཡིན་ཡང་ཕྲ་མའི་ཁ་ན་མ་ཐོ་བར་རིག་པར་བྱའོ།། ཡང་དག་པ་མ་ཡིན་ན། བརྫུན་ཡིན་ནོ་ཞེ་ན། ལ་ལ་དག་ན་རེ་བརྫུན་ནོ་ཞེས་ཟེར་རོ།། ལ་ལ་དག་ན་རེ་མ་ཡིན་ཏེ། དབྱེ་བའི་བསམ་པས་ན་འདི་ནི་ཕྲ་མ ་ཡིན་ལ་བསླུ་བའི་བསམ་པ་མེད་པས། བརྫུན་མ་ཡིན་ཏེ། དེ་ན་ཡང་དག་པ་མ་ཡིན་པར་ཚིག་རྩུབ་མོ་སྨྲས་ན་ཡང་། བརྫུན་དུ་མི་འགྱུར་ཏེ། བསམ་པ་གཉིས་ཅིག་ཅར་མི་སྲིད་པའི་ཕྱིར་རོ།། ཞེས་ཟེར་རོ།། ཟོས་པའི་སེམས ་དང་ལྡན་པ་དང་། ཕ་རོལ་པོ་སྡུག་བསྔལ་བར་འདོད་པས་དོན་གོ་བར་སྨྲས་ན་ཚིག་རྩུབ་མོའི་ཁ་ན་མ་ཐོ་བར་རིག་པར་བྱའོ།། དོན་མི་གོ་བར་སྨྲས་པ་ནི་ངག་འཁྱལ་བའོ།། དེས་གསུམ་མ་གཏོགས་པ་ཚིག་གཞན་གང་ཞིག་ཉོན་མོངས ་པ་ཅན་གྱི་སེམས་ཀྱིས་བརྗོད་ན་ངག་འཁྱལ་བའི་ཁ་ན་མ་ཐོ་བར་རིག་པར་བྱའོ།། ལས་ཀྱི་ལམ་འདི་གསུམ་ཡང་བརྫུན་ཞིང་དུ་ལས་ཀྱིས་ཀྱང་བྱེད་ལ། སྡིག་པའི་ཁྱད་པར་ཡང་བརྫུན་དང་འདྲའོ།། གཞན་གྱི་དོན་ལ་འདོད་པ་སྐྱེད་པ་ལས་ནི ་བརྣབ་སེམས་ཀྱི་ཁ་ན་མ་ཐོ་བ་རིག་པར་བྱའོ།། སེམས་ཅན་ལ་ཞེ་སྡང་བ་ལས་ནི་གནོད་སེམས་ཀྱི་ཁ་ན་མ་ཐོབ་ལས་ནི་གནོད་སེམས་ཀྱི་ཁ་ན་མ་ཐོ་བར་རིག་པར་བྱའོ།། ལོག་པར་ལྟ་བ་ནི་སྔར་བཤད་པ་བཞིན་དུ་ལྟའོ།། ལས་ཀྱི་ལམ་འདི ་གསུམ་གྱི་སྡིག་པར་ཁྱད་པར་ནི། བསམ་པའི་ཁྱད་པར་ཁོ་ནས་ལས་རིག་པར་བྱས་ལ། བརྣབ་སེམས་ཀྱི་ནི་དམིགས་པའི་དབང་གིས་ཀྱང་རིག་པར་བྱའོ།། དེ་ལྟར་མི་དགེ་བ་བཅུ་བཞི་ལ་སོགས་པའི་ཡན་ལག་ཡོངས་སུ་རྫོགས་པར་སྤྱད ་པ་ལས་ནི། གནོད་པར་འགྱུར་བས་ན་མི་འདོད་པའི་འབྲས་བུ་ནི། སོགས་པ་ཞེས་བྱ་བ་ནི་བརྫུན་དུ་སྨྲ་བ་ལ་སོགས་པར་བསྡུའོ།། འབྲས་བུ་ནི་རྣམ་པ་བཞི་སྟེ། རྣམ་པར་སྨིན་པའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། དབང་གི ་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུའོ།། དེ་ལ་སྐྱེས་བུ་བྱེད་པའི་འབྲས་བུ་ནི། འཕྲལ་ལ་འམ་དེ་མ་ཐག་ཏུ་མྱོང་བར་འགྱུར་རོ།། དབང་གི་འབྲས་བུ་ནི་ཕྱི་རོལ་ཏུ་སྨིན་པར་འགྱུར་རོ།། རྒྱུ་འཐུན་པའི་འབྲས་བུ་ནི་བྱེད་པ་དང་།། ་མྱོང་བའི་དབང་གི་རྣམ་པ་གཉིས་སོ།། རྣམ་པར་སྨིན་པའི་འབྲས་བུ་ནི་ངན་སོང་གསུམ་དུའོ།། དེ་ལྟ་བས་ན་འབྲས་བུ་བཞི་མཚོན་པའི་དོན་དུ་རྣམ་པར་སྨིན་པ་ཞེས་སྨོས་སོ།། འོ་ན་སྡོམ་པ་ཅན་ཁོ་ན་ལ་ཉེས་པར ་འགྱུར་རམ་ཞེ་ན། མ་ཡིན་ཏེ། ཐམས་ཅད་དང་ཐུན་མོང་ཡིན་པར་བསྟན་པ་ནི།། བྱང་ཆུབ་སེམས་དཔའ་ཉི་ཚེ་ལ་ལོག་པར་བསྒྲུབ་པ་སྙན་པ་མ་ཡིན་གྱི་ཞེས་སྨོས་སོ།། འདིར་ནི་མཚོན་པར་ཟད་ཀྱི་ཞིབ་ཏུ་མདོ་ཉིད་ལས་ཤེས་པར་བྱའོ།། ། ་ཞེས་ཕྱོགས་མཚོན་པ་ནི་རྒྱ་ཆེར་གསུངས་སོ་ཞེས་བྱའོ།། དེ་ལ་སྲོག་གཅོད་པའི་རྒྱུ་མཐུན་པ་ནི་མིར་གྱུར་པའི་ཚེ་རྣམ་པ་གཉིས་ཏེ། བྱེད་པ་རྒྱུ་མཐུན་དང་། མྱོང་བ་རྒྱུ་མཐུན་པའོ།། དེ་ལ་བྱེད་པའི་རྒྱུ་མཐུན་པ་ནི་ཐམས་ཅད་དུ་བྱེད ་པབཔར་དགའ་བ་སྟེ། ཐམས་ཅད་དུ་རིག་པར་བྱའོ།། མྱོང་བ་རྒྱུ་མཐུན་པ་ནི་འདི་ལྟ་སྟེ། ཚེ་ཐུང་བ་དང་ནད་མང་བའོ།། དབང་གི་འབྲས་བུ་ནི་ལོ་ཐོག་ལ་སོགས་པ་ཁ་བ་དང་། ཤིན་པ་དང་། རུལ་བར་འགྱུར་ཞིང་དེ་དུས་མ་ཡིན་པར་འཆི ་བའི་རྐྱེན་དུ་འགྱུར་བའོ།། འདོད་པ་ལ་སོགས་པར་གཡེམ་པའི་མྱོང་བ་རྒྱུ་མཐུན་པའི་འབྲས་བུ་ནི། གཡོག་འཁོར་མ་སྲན་པ་དང་། ལྷོད་པ་དང་བཅས་པའི་ཆུང་མར་འགྱུར་བའོ།། དབང་གི་འབྲས་བུ་ནི་ལུང་ཁུང་དང་། ལྡན་ལྗིན་ཅན ་དུ་སྐྱེ་བར་འགྱུར་རོ།། མ་བྱིན་པར་ལེན་པའི་མྱོང་བ་རྒྱུ་མཐུན་པོའི་འབྲས་བུ་ནི། ལོངས་སྤྱོད་མེད་པ་དང་གཞན་དང་ཐུན་མོང་བའོ།། དབང་གི་འབྲས་བུ་ནི་སང་དང་མེ་ག་ལ་སོགས་པར་འགྱུར་བའོ།། བརྫུན་དུ་སྨྲ་བའི་མྱོང་བ་རྒྱུ ་མཐུན་པས་ནི་སྨྲ་བ་དང་སྐུར་པ་མང་བའོ།། དབང་གི་འབྲས་བུ་ནི་ཧ་ཅང་ཆར་ཆེ་བ་ལ་སོགས་པའོ།། ཕྲ་མའི་མྱོང་བ་རྒྱུ་མཐུན་པས་ནི་གཡོག་འཁོར་མི་འཛུམ་པ་དང་། ངན་པར་འདུ་བའོ།། དབང་གི་འབྲས་བུ་ནི་ས་གཞི་གྱི་གུ་དང་མཐོ ་དམན་ཅན་དུ་སྐྱེ་བའོ།། ངག་རྩུབ་པོའི་མྱོང་བ་རྒྱུ་མཐུན་པ་ནི་ཞེས་འདེབས་དང་། ཡིད་དུ་མི་འོང་བའི་ཚིག་ཐོས་པའོ།། དབང་གི་འབྲས་བུ་ནི་ས་གཞི་རྩུབ་པ་དང་ཚེར་མ་ཅན་ལ་སོགས་པའོ།། ཚིག་འཁྱལ་བའི་མྱོང་བ་རྒྱུ་མཐུན་པས་ན ་ཚིག་མི་བཙུན་པ་དང་ཡ་བརྟགས་པར་སྤོབས་པ་ཅན་ནོ།། དབང་གི་འབྲས་བུ་ནི་ལྗོན་ཤིང་ཡལ་ག་དང་ལོ་མ་འབྲས་བུ་མེད་པར་འགྱུར་རོ།། བརྣབ་སེམས་ཀྱི་མྱོང་བ་རྒྱུ་མཐུན་ནི། འདོད་པ་ཆེ་བ་དང་ཆོག་མི་ཤེས་པའོ།། དབང་གི ་འབྲས་བུ་ནི་ལོངས་སྤྱོད་དང་འབྲུ་ལ་སོགས་པ་ཆེ་ཆུང་ངུ་འགྱུར་བའོ།། གནོད་སེམས་ཀྱི་མྱོང་བ་རྒྱུ་མཐུན་པས་གཞན་གྱི་འཚེ་བ་དང་། གླགས་ལྟ་བར་འགྱུར་བའོ།། དབང་གི་འབྲས་བུ་ནི་གཅན་ཟན་གདུག་པ་དང་སྲིན་དང་མེ་ལ ་སོགས་པ་མང་བར་འགྱུར་བའོ།། ལོག་པར་ལྟ་བའི་མྱོང་བ་རྒྱུ་མཐུན་པས་ནི་ལྟ་བ་ངན་པ་དང་། གཡོ་རྒྱུ་ཅན་ནོ།། དབང་གི་འབྲས་བུ་ནི་མགོན་མེད་ཅིང་སྐྱབས་མེད་པར་འགྱུར་བ་ལ་སོགས་པའོ།། དེ་ལྟ་བས་ན་རྣམ་པར་སྨིན་པ ་དང་། མྱོང་བ་རྒྱུ་མཐུན་པའི་དབང་དུ་མཛད་ནས། འཕགས་པ་ས་བཅུ་པའི་མདོ་ལས་སྲོག་གཅོད་པ་ནི་སེམས་ཅན་དམྱལ་བར་ཟད་དོ།། དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ།། གཤིན་རྗེའི་འཇིག་རྟེན་དུ་ཁྲིང་ངོ་།། ཙཾ་སྟེ་རྒྱལ་མོར ་སྐྱེས་ན་ཡང་འབྲས་བུ་གཉིས་མྱོང་བར་འགྱུར་ཏེ། འདི་ལྟ་སྟེ་ཚེ་ཐུང་བ་དང་ནད་མང་བའོ།། ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་པ་ཡིན་ནོ།། དེ་ལ་གཙོ་བོ་ཡིན་པས་སེམས་ཅན་དམྱལ་བ་འབའ་ཞིག་སྨོས་ཏེ། ཞི ་ནི་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ཉིད་ལ་རིག་པར་བྱའོ།། ད་ནི་ལོངས་སྤྱོད་དང་སྲོག་ལ་ཆགས་པའི་ལོག་པར་བསྒྲུབ་པ་སྤང་བའི་ཕྱིར། ལོངས་སྤྱོད་དང་སྲོག་ལ་ཆགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལོག་པར་བསྒྲུབ ་པ་ནི་བར་དུ་གཅོད་པའི་རྒྱུའོ།། དེ་ལ་རེ་ཞིག་སྤྱིར་བསྟན་པ་ནི། རྒྱལ་པོ་ཆེན་པོ་ལ་སོགས་པ་སྟེ། ལོངས་སྤྱོད་དང་ལུས་ལ་སོགས་པ་ནི་མི་རྟག་པ་ཉིད་ཡིན་ལ། མི་རྟག་པའི་དོན་ནི་མེད་པའི་དོན་ཡིན་པ་རྨི་ལམ་གྱི་དཔེས་བསྟན་ཏོ།། མི ་རྟག་པ་ཉིད་ནི་ཤིང་ལས་ཞེས་གསུངས་ཏེ། ལོངས་སྤྱོད་དང་ལུས་ལ་སོགས་པ་འཕེལ་བ་མི་རྟག་པར་བསྟན་པ་ནི། མེ་ཏོག་བྱུང་ནས་འབྲས་བུ་འབྱུང་ངོ་ཞེས་བྱ་བས་དཔེ་བསྟན་ཏོ།། གནས་པ་མི་རྟག་པ་ནི་འབྲས་བུ་བྱུང་ནས་ཡང ་མེད་པའི་དཔེ་བསྟན་ཏོ།། འགྲིབ་པ་མི་རྟག་པ་ནི་འདབ་མའི་དཔེས་བསྟན་ཏོ།། དེ་ལྟར་དཔེ་དོན་དུ་སྦྱར་བ་ནི། དེ་བཞིན་དུ་ཞེས་གསུངས་ཏེ། རྒྱལ་སྲོང་ནི་རིན་པོ་ཆེ་དང་ཉེ་བའི་རིན་པོ་ཆེའོ།། དབང་ཕྱུག་ནི་ལོངས་སྤྱོད་མཐའ་དག་ལ ་དབང་བའོ།། འདོད་པ་ནི་གཟུགས་ལ་སོགས་པའོ།། དབང་ནི་དབང་མེད་པའོ།། དེ་དག་གང་ཞེ་ན། གླང་པོ་ཆེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་ནི་ཐེག་པའི་ལོངས་སྤྱོད་དེའི་སྟེང་དུ་དཔུང་བུ་ཆུང་བསྣན ་པ་ནི་དཔུང་རྣམ་པ་བཞི་སྟེ། བདེ་བ་སྤྱོད་པའི་དབང་དུ་བྱས་པའོ།། སྲས་དང་བཙུན་མོ་དང་གཞོན་ནུ་ཞེས་བྱ་བ་ནི་ནང་གི་འཁོར་ཏེ། བདེ་བ་སྤྱོད་པའི་དབང་དུ་བྱས་ཏེ། དེ་ལ་ནང་གི་བླས་ནི་བླས་ཏེ། བཙུན་མོ་དམ་པའོ།། བློན་པོ་དང་རྩིས་པ་དང་། ་མནའ་ཆེན་པོ་ལ་གཏོགས་པ་ཞེས་བྱ་བ་ནི་ཉེ་བའི་འཁོར་ཏེ། ལོངས་སྤྱོད་ཀྱི་བདེ་བ་གོང་དུ་སྤེལ་བའི་དབང་དུ་བྱས་པ་སྟེ། དེ་ལ་འཁོར་ལོས་ཐབ་པའི་བློན་པོ་མན་པ་ཆེན་པོ་ལ་གཏོགས་པའོ།། སྒོ་བ་དང་འཁོར་ཞེས་བྱ་བ་ནི་དེ་དང་ཉེ་བའི ་འཁོར་ཏེ། བདེ་བ་དང་མི་མཐུན་པ་ལ་སྲུང་བའི་དབང་དུ་བྱས་པའོ།། ཕ་མཱ་ནཱས་རྟེན་གྲོགས་ཞེས་བྱ་བའི་བར་ནི། འཁོར་གྱི་གཙོ་བོ་སྟེ། བདེ་བ་ཐོབ་པའི་དབང་དུ་བྱས་པའོ།། བྲན་པོ་ནས་ཞོ་ཤས་འཚོ་བའི་བར་ནི། ཕྱིའི་འཁོར་ཏེ། བདེ ་བའི་རྒྱུ་ཆུད་མི་གསོན་པའི་དབང་དུ་བྱས་པའོ།། ཡུལ་གྱི་མི་ཞེས་བྱ་བ་ནི་རིས་སུ་གཏོགས་པའི་འཁོར་ཏེ་བདེ་བ་ལ་སྦྱར་བའི་དབང་དུ་བྱས་པའོ།། གསེར་དང་དངུལ་ལ་སོགས་པས་ནི་ནོར་བུ་དང་བྱ་བ་དག་གོ། གོས་དང་ནོར་ཞེས་བྱ ་བབ་ནི་སྤྱད་པའི་དབང་དུ་བྱས་པའོ།། འབྲུ་དང་བང་མཛོད་ཅེས་བྱ་བ་ནི་བསགས་པར་བྱ་བའོ།། སོགས་པ་ཞེས་བྱ་བ་ནི་རྐང་འགྲོས་ནས་ཞིང་གི་བར་དུ་བསྡུ་བ་སྟེ། འདི་དག་ཀྱང་འཕེལ་བ་དང་གནས་པ་དང་འཇིག་པ་མི་རྟག་པར ་བསྟན་ཏོ། ལོངས་སྤྱོད་ཇི་ལྟ་བ་བཞིན་དུ་སྲོག་མི་རྟག་པར་བསྟན་པ་ནི། བོར་ཏེ་འགྲོ་དགོས་སོ་ཞེས་བྱ་བ་སྟེ། དུས་ཀྱི་གཉེར་ཏེ་རྒྱལ་པོ་འགྲོ་དགོས་ན། ལོངས་སྤྱོང་མཛའ་དང་གཉེན་བཤེས་རྗེས་མི་འགྲོ། ཞེས་གསུངས་སོ།། ་ད་ནི་ཇི་ལྟར་མི་རྟག་པ་བསྟན་པ་དེའི་ཕྱིར་མི་རྟག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རེ་ཞིག་ཕྱིར་བསྟན་པ་ནི་སྐད་ཅིག་མི་རྟག་པས་ན་མི་རྟག་པ་སྟེ་སྐྱེས་ནས་འཇིགས་པའི་ཕྱིར་རོ།། རྒྱུན་མི་རྟག་པས་ནཱ་མི ་བརྟན་པ་སྟེ་བློ་རྩིང་པོས་ཀྱང་རྟོགས་པའི་ཕྱིར་རོ།། གློ་བུར་གྱི་མི་རྟག་པས་ན་ཡིད་མི་བརྟན་པ་སྟེ། དུས་ལ་མི་སྡོད་པར་འཇིག་པའི་ཕྱིར་རོ།། དུས་ཀྱི་མི་རྟག་པས་ན་རྣམ་པར་འགྱུར་བ་སྟེ་དུས་ཀྱིས་འགྱུར་བའི་ཕྱིར་རོ།། དེ་ལྟར་མི་རྟག ་པས་ན་ཡུན་ཐུང་སྟེ། རིང་དུ་མི་གནས་པ་ཞེས་སྔ་མ་ཕྱི་མས་བཤད་པར་བྱའོ།། ད་ནི་ཁྱད་པར་དུ་བཤད་པར་བྱ་སྟེ། རེ་ཞིག་ལ་ཚེ་མི་རྟག་པ་ནི་མཐར་སྡིག་པ་ཞེས་བྱ་སྟེ། རྒས་པ་ནི་ཡིད་དུ་མི་འོང་བའི་ཕྱིར་སྡིག་པའོ།། ལོངས་སྤྱོད ་མི་རྟག་པ་ནི་ཟད་ཙང་འཇིགས་པ་སྟེ། ཟད་པ་ནི་རང་གི་ཉམས་པའོ།། འཇིགས་པ་ནི་གློ་བུར་གྱི་རྐྱེན་གྱིའོ།། ཐམས་ཅད་ཀྱིས་རང་བཞིན་དེ་ཡིན་པས་ན་སྒོ་ཞེས་བྱ་སྟེ། དེར་འགྲོ་བའི་ཕྱིར་རོ།། ལོངས་སྤྱོད་དང་ལུས་དག་ནི་ཤིང་རྟའི ་ཡན་ལག་འདུས་པ་ལྟ་བུ་ཡིན་པས་ན་རྒུད་པ་དང་དགའ་བ་དག་ནི་སོ་སོར་འགྱེས་པ་ལྟ་བུའོ།། ནད་མེད་པ་མི་རྟག་པ་ནི་འཇིགས་པ་དང་འཚེ་བ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷན་ཅིག་སྐྱེས་པའི་ནང་ནི་སྔར ་མ་ལྟ་བུའི་ངོ་བོ་ཉིད་པས་ན། ངག་གི་སྐྲག་པ་སྟེ། འཇིགས་པ་དང་བཅས་པའོ།། གློ་བུར་བའི་ནང་ནི་མཚོན་གྱིས་ཟུག་རྔུ་ལྟ་བུ་སྟེ། འཕྲལ་དུ་འབྱུང་བས་འཚེ་བ་དང་བཅས་པའོ།། སྲོག་མི་རྟོག་པས་འཆི་བ་ནོ།། ་སེམས་ཀྱི་གདུང་དེའི་རྒྱུ་ཡིནྡྲ་བྱས་མྱ་ངན་མང་བའོ།། ལུས་གདུང་བའི་རྒྱུ་ཡིན་པས་འཁྲུག་པ་མང་བ་སྟེ། ལུས་ལས་ཀྱང་འཆི་བའི་རྐྱེན་གྱི་མྱ་ངན་དང་འཁྲུག་པ་རྣམས་འབྱུང་ངོ་།། ཞེས་གསུངས་སོ།། འཆི་བ་ཉིད་གང་ཞེ་ན། ཚེ་དང་དྲོད་དང་རྣམ ་ཤེས་ཀྱིས།། དེ་ཡི་ལུས་ནི་བོར་བོས་ན།། དྲན་པ་མེད་དེ་ཤིང་ལྟ་བུརོ།། ས་ལ་འགྱེལ་ནས་ཉལ་བར་འགྱུར་ཞེས་བྱ་བ་ནི་འཆི་བ་ཡིན་ལ། ཡན་ལག་དང་ཉིང་ལག་དག་ནི་ས་ལ་འདྲུལ། འབྱུང་བ་ཆེན་པོ་བཞིའི་ལུས་འདི་འཇིག། དབུགས ་རྒྱུ་བ་དང་སྲོག་དག་ནི་འཆང་། རུས་པ་དང་ཤ་དང་ཁྲག་དང་རྒྱས་པ་ལ་སོགས་པ་དག་ནི་སོ་སོར་འགྱིས། སྐྲ་དང་རུས་པ་དག་ནི་ཕྱོགས་དང་ཕྱོགས་མཚམས་སུ་འཐོར་ཞེས་བྱ་བའི་ཚུལ་གྱིས་འདྲུལ་བ་ལ་སོགས་པའི་ཚིག་རྣམས ་བཤད་པར་བྱའོ།། རྣམ་པར་འཇིགས་པ་ཞེས་བྱ་བ་ནི་ངེས་པར་ནི་ཞེས་བྱ་བའི་དོན་ཏོ།། དེ་དག་ཀྱང་དུས་ངེས་པ་མེད་མདོ་སྡེ་ལས་མཐར་སྒྲོ་ཅིག་ཏུ་འདུ་བས་ན་དྲ་བ་མགོ་ཅིག་ཏུ་ལན་གདབ་པའི་ཕྱིར་ཆོས་ཅན་ཞེས་བྱ་བ་སྨོས ་པ་ཡིན། དེ་ནི་ལོག་པར་བསྒྲུབ་པ་སྤང་བའི་ཕྱིར་མི་རྟག་པ་ཉིད་ལྟ་གདམས་པ་ནི། དེ་བས་ནཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མི་རྟག་པ་ནི་རྣམ་པ་གཉིས་ཏེ། ནང་གི་མི་རྟག་པར་ལྟ་བ་དང་། ཕྱིར་མི་རྟག ་པར་ལྟ་བའོ།། དེ་ལ་ནང་གི་མི་རྟག་པ་ནི་སྐད་ཅིག་པ་དང་། རྒྱུན་གྱི་མི་རྟག་པ་དང་། གློ་བུར་གྱི་མི་རྟག་པའོ།། ཕྱི་མི་རྟག་པ་ནི་དུས་ཀྱི་མི་རྟག་པ་སྟེ། རྣམ་པར་བམ་པ་ལ་སོགས་པའོ།། དེ་དག་ཀྱང་ཡང་དང་ཡང་དུ ་གོམས་པར་བྱ་བ་དང་། གནས་སྐབས་རྣམ་པ་དགུར་རང་གི་ལུས་དང་མགོ་བསྒྲེ་བས་ལོག་པ་སྒྲུབ་པ་སྤང་བར་འགྱུར་ཏེ། ཇི་སྐད་དུ། དྲན་པ་ཉེ་བར་གཞག་པའི་སྐབས་ནས་ཞིབ་ཏུ་འབྱུང་བ་བཞིན་དུ་ལྟ་བ་ནི ་མམི་རྟག་པས་ལྟ་བ་དང་ཞེས་བྱའོ།། ཟད་པ་དང་འཇིག་པ་དག་ནི་ནང་དང་ཕྱི་རོལ་ལུས་ལ་བལྟོས་པའོ།། ལོངས་སྤྱོད་ལ་ཆགས་པའི་གཉེན་པོ་ཇི་ལྟར་བསྒོམ་ཞེ་ན། ལ་ལ་ན་རེ་འདོད་པའི་ཉེས་དམིགས་བསྒོམ་པ་ཉིད་ཡིན་ནོ་ཞེས ་ཟེར་རོ།། ལ་ལ་ན་རེ་ལུས་མི་རྟག་པ་བསྒོམ་པ་ཉིད་ཀྱིས་ལོངས་སྤྱོང་ལ་ཆགས་པ་སྤོང་བར་འགྱུར་རོ།། ཞེས་ཟེར་རོ།། ཆོས་ཀྱི་རྒྱལ་པོ་ནི་ཆོས་དང་མཐུན་པར་བྱ་བའི་བབ་ཅོལ་དུ་མ་ཡིན་ཞེས་བྱ་བའོ།། ཇི་ལྟར་ཞེ་ན། རྗེས་སུ་འཇུག་པར ་གྱིས་ལ་ཞེས་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པོ་བཞིན་དུ་འཇུག་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། ཆོས་མ་ཡིན་པ་ནི་ལུགས་མ་ཡིན་ཏེ། དཔེར་ན་ཀུན་ཏུ་རྒྱུ་བྱང་ཆུབ་ཀྱི་སེམས་སྐྱེས་པའི་རབས་ལས་བསྟན་པ་ལྟ་བུའོ།། ། ་ད་ནི་གང་གི་མི་རྟག་པ་དེ་ཉིད་བསྟན་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟེ། རེ་ཞིག་དཔེར་དགོད་པ་ནི་རིན་པོ་ཆེ་ཞེས་བྱ་བ་སྟེ། ཐོག་ཏུ་བབ་ན་རི་དཔེར་དགོད་པའོ།། རྒ་བ་ལ་སོགས་པ་བསྟན་པར་ཕྱོགས་བཞི་སྨོས་སོ།། མི ་ཟློགས་ཤིང་མི་ཤིགས་པར་བསྟན་པས་ན་སྲ་བ་ལ་སོགས་པ་སྨོས་ཏེ། དབུགས་པར་མི་ནུས་པས་ན་སྲ་བའོ།། འཁྲེགས་པས་ན་སྙིང་པོ་དང་ལྡན་པའོ།། འཕན་མེད་པས་ན་མ་ཞིག་པའོ།། སེར་ག་མེད་པས་ན་མ་གས་པའོ།། ་གསེང་མེད་པས་ན་ཁོང་སྟོང་མ་ཡིན་པའོ།། གཞིག་པར་མི་ནུས་པས་ན་འཁྲིགས་པའོ།། བར་མེད་པས་ན་གཅིག་ཏུ་འདུས་པའོ།། འཕངས་དང་རྔ་མ་ཆེ་བས་ན་བྱིན་ཆེ་ཞིང་མཐོ་བའོ།། དེ་ལྟར་བཤང་བའི་དཔེ་ཉིད་སྦྱར་བ་ནི། དེ་བཞིན་དུ་སྨོས་ཏེ། ་ཟློག་པར་སླ་བ་མ་ཡིན་ནོ།། ཞེས་བྱ་བ་ནི། ཤུགས་ཀྱི་ཉོན་མོངས་པ་སྤངས་ནས་འཆིང་བ་ལས་གྲོལ་བར་འགྱུར་རོ།། ཞེས་བྱ་བ་ནི་འཕངས་པ་ཡིན་ནོ།། དེ་ལ་ལུས་དང་སྲོག་དང་ལོངས་སྤྱོད་ཀྱི་དབང་དུ་བྱས་ནས་བཞི་བསྟན་ཏེ། ལུས་ཀྱི ་དབང་དུ་བྱས་ནས་རྒ་བ་དང་ན་བའོ།། སྲོག་གི་དབང་དུ་བྱས་ནས་འཆི་བའོ།། ལོངས་སྤྱོད་ཀྱི་དབང་དུ་བྱས་ནས་རྒུད་པར་རྣམ་པར་བཞག་སྟེ། འཇོམས་པ་ནི་འཕྲོག་པའི་ཕྱིར་ཏེ་ཇི་སྐད་དུ་དགེ་སློང་དག་ལང་ཚོ་ནི་འཇིག་རྟེན་པ་ཐམས ་ཅད་ལ་སྡུག་པན་པ། ཕངས་པ་ཡིད་དུ་འོང་བ། མངོན་པར་དགའ་བར་བྱའོ།། ལང་ཚོའི་མཐའ་ནི་རྒ་བ་སྟེ། དགེ་སློང་དག་ནི་འཇིག་རྟེན་ཐམས་ཅད་མི་སྡུག་པ་དང་། མི་ན་བོ་དང་། མི་འཕངས་པ། ཡིད་དུ་མི་འོང་བ། མངོན་པར་དགའ ་བ་བྱ་བ་མ་ཡིན་པའོ།། ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ།། དེ་ལྟར་ལོག་པར་སྒྲུབ་པ་སྤྱིར་བསྟན་ནས། ད་ན་དེ་དག་ཐམས་ཅད་ཀྱི་རྩ་བ་ཡིན་པས་ལུས་ལ་ཆགས་པ་སྤངས་པ་ཁྱད་པར་དུ་བརྗོད་པར་བྱའོ།། ་དེ་ལ་རེ་ཞིག་ལུས་མི་རྟག་པ་བསྟན་པ་ནི། འཆི་བ་ཡིན་ལ། དེ་ཡང་མི་འདོད་པ་གཞན་གྱི་དབང་ཡིན་པས་རང་དབང་མེད་པར་བསྟན་པ་ནི། རི་དགས་ཀྱི་རྒྱལ་པོ་སེང་གེ་ཞེས་དཔེ་བསྟན་ཏོ།། དཔེ་གཉིས་སྦྱར་བ་ནི་དེ་བཞིན ་དུ་ཞེས་གསུངས་ཏེ། འཆི་བདག་ནི་གཤིན་རྗེ་ལ་བྱའོ།། གསལ་ཞིང་ཞེས་བྱ་བ་ནི། མི་བདེ་བའི་མིང་གི་རྣམ་གྲངས་སོ།། ཇི་ལྟར་ཞེ་ན། རྒྱགས་པ་དང་ནི་བྲལ་ཞེས་བྱ་བ་ལ་སོགས་པའོ།། ཇི་ལྟར་མི་བདེ་བར་འགྱུར ་ཞེ་ན། སྲིད་པ་བཞིར་རྒྱུད་པའི་ཚེ་སྡུག་བསྔལ་རྣམ་པ་བཞི་མྱོང་སྟེ། འཆི་བའི་སྲིད་པ་དང་། བར་མ་དོའི་སྲིད་པ་དང་། སྔོན་དུས་ཀྱི་སྲིད་པ་དང་། སྐྱེ་བའི་སྲིད་པ་སྟེ་རྣམ་པ་བཞིར་རྒྱགས་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ ་བཞི་མྱོང་སྟེ། དེ་ལ་རྒྱགས་པ་དང་བྲལ་ཞེས་བྱ་བ་ལ་སོགས་པ་ནི་འཆི་བའི་སྡུག་བསྔལ་མང་པོ་བསྟན་ཏོ།། ལས་ཀྱི་སྲིད་པ་ནས་ཡང་སྲིད་པ་ལ་ནི་འཇུག། ཞེས་བྱ་བ་ལ་སོགས་པས་ནི། བར་མ་དོའི་སྲིད་པའི་སྡུག་བསྔལ་བསྟན་ཏེ། ་འཇུ་ཞེས་བྱ་བས་འབྲས་བུའི་རྒྱུ་ལྟ་བུར་ཆད་པས་མི་འགྱུར་བར་འབྱུང་བ་ལ་བྱའོ།། འདིར་སྡུག་བསྔལ་བྱེ་བྲག་མེད་པ་ལ་སྲིད་པར་འགྱུར་བའོ།། ལ་ལ་ན་རེ་བར་མོ་དོའི་སྲིད་པ་ནི་མེད་དེ། ལུང་ལས་པར་མ་དོར་བཤད་པ་ཡང་གནས ་གཞན་དུ་འགྲོ་བའི་བར་ལ་བྱའོ་ཞེས་ཟེར་རོ།། སྔོན་དུས་ཀྱི་སྲིད་པའི་བསྡུག་བསྔལ་བསྟན་པ་ནི་གང་དུ་སྐྱེ་བ་དེའི་བྱད་གཟུགས་འཛིན་པ་སྟེ། མདོ་འདི་ཉིད་ལས་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ན། དེ་སེམས་ཅན་དམྱལ་བ་ཡང ་སོས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་མུན་པ་ཆེན་པོར་ནི་བཞུགས་ཞེས་བྱ་སྟེ། སྡིག་པ་བྱེད་པའི་སྣང་བ་ཡིན་པའི་ཕྱིར་རོ།། དེས་མ་འོངས་པའི་སྐྱེ་བ་སེམས་ཅན་དམྱལ་བ་ལ་སོགས་པར་སྐྱེ་བ་ནི་སྲིད་པའི་སྡུག ་བསྔལ་ཏེ། དེ་དག་ཏུ་ཉིང་མཚམས་སྦྱོར་བ་ནི་ཕྱིར་མདོ་འདི་ཉིད་ལས་སྐྱེ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ།། འོ་ན་སྡུག་བསྔལ་དེ་ལས་སྐྱོབ་པར་བྱེད་པ་གང་ཡིན་ཞེ་ན། སྦྱིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀའ ་ཐུབ་ནི་ཚུལ་ཁྲིམས་སོ།། ཆོས་ནི་ཐོས་པ་ལ་སོགས་པའོ།། ལ་ལ་ན་རོ་སྦྱིན་པ་ནི་གཏོང་བའོ།། དཀའ་ཐུབ་ནི་ཡན་ལག་བརྒྱ་དང་ལྡན་པའི་གསོ་སྦྱོང་དོ།། ཆོས་ནི་བཟོད་པ་སྟེ། དེ་གསུམ་གྱི་ནི་ངན་སོང་གིས་སྤོང་བར་འགྱུར་བས། ལུང ་ལས་སློང་བ་ཆུང་ཡང་སྦྱིན་པར་བྱ།། བདེན་པར་སྨྲ་བྱ་ཁྲོ་མི་བྱ། རྣམ་པ་འདི་གསུམ་གནས་བགྱིས་ན།། ལྷ་ཡི་ནང་དུ་སྐྱེ་བར་འགྱུར།། ཞེས་ཟེར་རོ།། ལེ་ལ་ན་རེ་ཆོས་ནི་སྐྱབས་སུ་འགྲོ་བའོ།། དཀའ་ཐུབ་ནི་སྡིག་པ་བཤགས་པའོ།། ་སྦྱིན་པ་དང་དངོས་པོ་དང་ཞིང་དང་བསམ་པའི་ཁྱད་པར་ཅན་ལ་བྱའོ་ཞེས་འདོད་དོ།། ལ་ལ་དག་ནི་ཆོས་ནི་བཟོད་པ་ལ་སོགས་པ་བཞི་ལ་འདོད་དོ།། འཇིག་རྟེན་ན་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་བཤད་པ་ཕྱུགས་བསད ་པོའི་མཆོད་སྦྱིན་ལ་སོགས་པ་དག་ནི་བདེ་བའི་རྒྱུ་མ་ཡིན་པས་སྐྱབས་གཞན་མེད་ཅེས་བྱ་བ་ལ་སོགས་པའོ།། ལ་ལ་ན་རེ་བུ་དང་བུ་མོ་ལ་སོགས་པ་དག་ནི། ཚེ་འདི་ལ་འབའ་ཞིག་གི་གྲོགས་ཡིན་པས། འཕགས་པ་དྲག ་ཤུལ་ཅན་གྱིས་ཞུས་པ་ལས་ཀྱང་དེ་སྐད་བརྗོད་པས་ན་ཆོས་མོ་གཏོགས་པ་སྐྱབས་གཞན་མེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། ཞེས་ཟེར་རོ།། ད་ནི་མི་རྟག་པ་སྒོམ་པར་གདམས་པ་ནི། དེ་ལྟ་བས་ན་ཞེས ་གསུངས་ཏེ། དངོས་པོ་ནི་འཇིག་པའོ།། སྐྱོ་བ་སྐྱེ་བའི་རྒྱུ་ཡིན་པས་ན། འཆི་བས་འཇིག་སྐྲག་པར་བྱའོ།། དེས་ནི་ཅི་ཞིག་བྱ་ཞེ་ན། འཆི་བ་ལ་ལས་རྗེས་སུ་འབྲེལ་བས་ན་ལས་མི་དགེ་བ་སྤངས་པ་ཡིན། ཆོས ་ཀྱི་རྒྱལ་སྲིད་གྱིས་ཤིག་ཅེས་བྱ་བ་ལ་སོགས་པའོ།། མཐུན་པ་ནི་རྗེས་སུ་འཇུག་པའོ།། འོ་ན་ལུས་འདི་ནི་གུས་ཤིང་གཅེས་པར་བྱ་བ་ཡིན་ཏེ། ཡོན་ཏན་ཐམས་ཅད་དང་ལྡན་པའི་ཕྱིར་ཞེས་བརྒོལ་བ་ནི། དེ་ཅིའི་ཕྱིར་ཞེ་ན།། ་ཞེས་བྱ་བའོ།། ལན་ནི་གུས་པར་བྱས་ཤིང་གཅེས་སུ་བྱས་པ་ཡང་འཆི་བའི་ཚེ་ཡོན་ཏན་ཐམས་ཅད་དང་བྲལ་བར་འགྱུར་བས་དེ་དོན་མེད་པར་འགྱུར་ཞེས་བསྟན་པ་ནི། ལེགས་པར་ཡོངས་སུ་བསྲུང་ལེགས་པར་ཡང ་ཡོངས་སུ་བཙས་པས་ཡང་ཞེས་བྱ་བ་སྟེ། ཕྱིའི་མི་མཐུན་པ་ལས་ནི་བསྲུང་ཞེས་བྱ་བའོ།། ནང་གི་མི་མཐུན་པ་ལས་ནི་བཙས་ཞེས་བྱ་བ་སྟེ། ཡོན་ཏན་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པའོ།། ལྡན་པ ་ཞེས་བྱ་བ་ནི་འབྱོར་པའོ།། ཡུན་རིང་པོར་ཞེས་བྱ་བ་ནི་ནམ་མཚོའི་བར་དུ། དེ་ལ་རོལ་ཕུན་སུམ་ཚོགས་པའི་མི་རྟག་པ་བརྟན་པ་ནི། བཟའ་བ་དྲང་། ཞེས་བྱ་བ་ལ་སོགས་སྟེ། བཟའ་བྱ་ནི་འབྲས་ཅན་ལ་སོགས ་པའོ།། བཅའ་བ་ནི་བུ་རམ་ཤིང་ལ་སོགས་པའོ།། མྱང་བ་ནི་སྦྲང་རྩི་ལ་སོགས་པའོ།། ངོམས་པར་འགྱུར་བ་ནི་བཏུང་བའི་བྱེ་བྲག་གོ། བསོད་པ་ནི་ཡིད་དུ་འོང་བའོ།། གཙང་བ་ནི་གཡོགས་ལེགས་པའོ།། ཚིམ ་པ་ནི་འབྲུ་ལེགས་པའོ།། དེ་ཉིད་ཀྱང་མི་རྟག་པས་ན་ཐ་མིའི་མལ་ན་འདུག་པའི་ཚེ་ཞེས་བྱ་བ་ལ་སོགས་པའོ།། དྲི་ཕུན་སུམ་ཚོགས་པ་མི་རྟག་པར་བསྟན་པ་ནི། བཀྲུགས་ཤིང་བསྐུས་ཏེ་འདུག་པས་བསྒོས་ཞེས་བྱ་བ་ལ་སོགས ་པ་སྟེ། དྲི་ང་བ་ནི་དྲི་མི་ཞིམ་པའོ།། རིག་པ་མི་རྟག་པར་བསྟན་པ་ནི། ཡུལ་ཀ་ཤིའི་རས་དང་ཞེས་བྱ་བ་ལ་སོགས་པའོ།། སྒྲ་སྙན་པ་མི་རྟག་པ་ནི། བུད་མེད་ཀྱི་ནང་ན་འདུག་ཅེས་བྱ་བ་ལ་སོགས་པའོ།། གཟུགས་མི་རྟག་པར ་བསྟན་པ་ནི། ཁྱོད་ཀྱི་ཁྱིམ་གྱི་ནང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདོན་མི་ཟ་བ་ནི་ངེས་པའོ།། ད་ནི་ལོངས་སྤྱོད་པའི་ཁྱད་པར་མི་རྟག་པར་བསྟན་པའི་ཕྱིར་གླང་པོ་ཆེའི་བྱ་བ་ལ་ཁ་འམ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། གླང་པོ་ཆེ་དང་། རྟ་དང་། ཤཱིང་རྟ་ནི་ཞོན་པའི་ལོངས་སྤྱོད་དོ།། དུང་ལ་སོགས་པ་ནི་སྒྲ་སྙན་པའི་ལོངསོ་སྤྱོད་དོ།། གདུགས་ནི་དགའ་བའི་ལོངས་སྤྱོད་དོ།། རྒྱལ་མཚན་ལ་སོགས་པ་ནི་མཚོན་པའི་ལོངས ་སྤྱོད་དོ།། གཟུགས་ཀྱི་ཁྱད་པར་རོ།། ནོར་བུའི་ཡུ་བ་ཅན་ལ་སོགས་པ་ནི་བསིལ་བའི་བྱ་བའོ།། གླང་པོ་ཆེ་དང་རྟ་དང་དཔུང་བུ་ཆུང་ནི་བདེ་བ་སྐྱོབ་པའི་དབང་དུ་བྱས་པའོ།། བློན་པོ་ལ་སོགས་པ་ནི་ཤིས་པ་བརྗོད་པར ་བྱེད་པའོ།། དེ་དག་མི་རྟག་པར་བསྟན་པ་ནི། གཡོ་བ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་སྟེ། ཞོན་པའི་ལོངས་སྤྱོད་པ་མི་རྟག་པར་བསྟན་པ་ལ་སོགས་པ་དང་རིམ་པ་བཞིན་དུ་སྦྱར་བར་བྱའོ།། འོ་ན་རྒྱལ་པོ་འབའ ་ཞིག་གི་ལུས་མི་རྟག་གམ་ཞེ་ན། ཐམས་ཅད་ཀྱི་ལུས་ཀྱི་རང་བཞིན་ན་འདི་ཡིན་ཏེ། ཞེས་སྨོས་པས་སྐྱེས་པ་ཐམས་ཅད་ནི་འཆི་བར་འགྱུར་ཞེས་མགོ་གཅིག་ཏུ་ལན་གདབ་པར་བྱའོ།། འོ་ན་འཆི་བའི་སྡུག་བསྔལ་ལ་སོགས ་པ་དེ་དག་ལས་ཐབས་གང་གི་གྲོལ་བར་འགྱུར་ཞེ་ན། སྤང་བའི་ཐབས་གསུང་བ་ནི། མི་རྟག་པར་ལྟ་བ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། སྡུག་བསྔལ་མཐའ་དག་གི་རྒྱུ་ཚེ་འདི་ལ་ཆགས་པ་ཡིན་པས་འཆི་བ་རྗེས་སུ་དྲན་པ་ལ་གདམས ་པ་ནི་མི་རྟག་པར་ལྟ་བ་དང་། ཟད་པ་དང་། འཇོག་པར་ལྟ་བ་དང་། འཆི་བའི་འོག་ཏུ་ངན་སོང་གི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ཡིན་པས། ལས་དང་འབྲས་བུ་ཡིད་ཆེས་པའི་དད་པ་བསྒོམ་པར་གདམས་པ་ནི། འདོད་ཆགས་ཀྱི་ཆགས ་པ་མེད་པར་ཞེས་བྱ་བ་ལ་སོགས་པ་སྟེ་མི་དགེ་བ་བཅུ་ལས་ཀྱི་ལམ་དག་གི་རྒྱུ་ནི་འདོད་ཆགས་ལ་སོགས་པ་ཡིན་པས་སྤང་བར་བྱའོ།། ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། འཁོར་བ་ལས་ཐར་པ་ཡིན་པར་འཆི་བའི་སྡུག་བསྔལ་མི་ལྡོག་པས ་འཁོར་བའི་ཉེས་དམིགས་སྒོམ་པར་གདམས་པ་ནི། རྒྱལ་སྲིད་ཀྱི་དབང་ཕྱུག་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྤང་ཞེས་བྱ་བའི་སྒྲས་སླར་ཡང་ཕྱིར་འཁོར་བར་འགྱུར་བས་སྤང་བར་བྱ་ཞེས་བྱ་བའི་དོན་ཏེ། སློབ་དཔོན་ཉིད་ཀྱིས ་འཁོར་བ་མཐོན་དམན་གྱི་ཉེས་པ་བཤད་པ་བཞིན་ནོ།། སྲོག་ཅེས་བྱ་བ་ནི་ཆ་ཡིན་དོན་ཏོ།། ནད་མེད་པ་ནི་ལུས་ཀྱི་སྲོག་དང་ལུས་ཀྱི་བདེ་བས་ཁེངས་པར་མི་བྱའོ།། ཞེས་བྱ་བའི་དོན་ཏོ།། འདོད་པ་དག་ནི་ལོངས་སྤྱད་པར་བྱ་བ་ཡིན་ནོ།། ཞེས ་ད་ཅིའི་ཕྱིར་ཞེ་ན། ཞེས་རྒོལ་བ་ལ་གང་ཞིག་ཚིམ་པར་འགྱུར་བ་དེ་ནི་བརྟེན་པར་རིག་ནས། འདོད་པ་དག་ནི་ལན་ཚྭའི་ཆུ་ལྟ་བུ་ཡིན་པས་ཕྱིར་ཞིང་གདུང་བར་འགྱུར་བས་དོན་མེད་པའི་ཕྱིར་བརྟེན་པར་རིགས་སོ་ཞེས་བྱ་བ་ནི། འདོད་པ་རྣམས ་རྙེད་པའམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོལ་བའི་དབང་དུ་བྱས་ནས་རྙེད་པ་འམ་སོ་སོར་རྙེད་པའོ།། སྲུང་བའི་དབང་དུ་བྱས་ནས་བསགས་པ་འམ་རབ་ཏུ་བསགས་པོའོ།། ལོངས་སྤྱོད་པའི་དབང་དུ་བྱས་ནས་རྟེན་པའོ།། ་ང་མི་སྨྲའོ་ཞེས་བྱ་བ་ནི་འདོད་པས་ཚིམ་པར་མི་གསུང་བ་སྟེ། ཞལ་གྱི་མི་བཞེས་སོ་ཞེས་བྱ་བའི་ཐ་ཚིག་གོ།། འོ་ན་འབྲས་བུ་ཡོད་པ་གང་ཡིན་ཞེ་ན། མྱ་ངན་ལས་འདས་པ་ནི་བསྒྲུབ་པར་བྱའོ་ཞེས་ཕན་ཡོན་བསྟན་པ་ནི། དོམས ་པའི་འཕགས་པ་ཤེས་རབ་བོ་ཞེས་གསུངས་ཏེ། མཐོང་བའི་ལམ་ཐོབ་པ་ལ་འབད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཤེས་རབ་ནི་བདེན་པ་མ་ནོར་བའི་ཤེས་རབ་བོ།། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པ་བཞིན་དུ ་འཇུག་པར་བྱ་བ་ནི་རྒྱལ་བའི་ཚུལ་ཏེ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཉིད་ཀྱི་རིན་པོ་ཆེའི་ཕྲེང་བའི་མདོ་ལས་གསུངས་པ་ཡིན་ནོ།། དེ་ལྟར་རྟག་པ་དང་བདེ་བ་ལ་མངོན་པར་ཞེན་པའི་ལོག་པར་བསླབ་པ་སྤང་བར་བཤད ་ནས་ད་ནི་གཙང་བར་ཕྱིན་ཅི་ལོག་པའི་ལོག་པར་སྒྲུབ་པ་སྤང་བའི་ཕྱིར། རྟག་ཏུ་ལུས་ལ་མི་སྡུག་པར་བསྒོམ་པ་དང་ལྡན་པར་བྱ་སྟེ་ཞེས་གསུངས་པའོ།། ཇི་ལྟར་བསྒོམ་པར་བྱ་ཞེ་ན། ལུས་འདི་ལ་སྒྲ་དང་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། རེ་ཞིག་ནང་གི་དབང་དུ་བྱས་པའོ།། རྣམ་པར་བམ་པ་ལ་སོགས་པ་ནི། ཕྱིའི་དབང་དུ་བྱས་པའོ།། ནང་དང་ཕྱིའི་འདོད་ཆགས་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ།། ཀུན་རྫོབ་ཏུ་མི་གཙང་བའི་རྫས ་སུམ་ཅུ་རྩ་དྲུག་ལ་སོགས་པ་བསྒོམ་ནས་ཆོས་ཉིད་ཀྱིས་དབང་དུ་བྱས་ཏེ། རང་བཞིན་མེད་པའི་འོག་ནས་བྱུང་བ་ལྟ་བུ་བསྒོམ་པ་ནི་མི་སྡུག་པ་བསྒོམ་པའི་ཐབས་ཐེག་པ་ཆེན་པོའི་དབང་དུ་བྱས་པའོ།། ཉན་ཐོས་ཀྱི་ཐེག་པའི་དབང ་དུ་བྱས་པ་ནི། ཉན་ཐོས་ཀྱི་ས་ལས་འབྱུང་བ་བཞིན་དུ་རིག་པར་བྱའོ།། བསྒོམ་པའི་ཐབས་སུ་གནས་བསྟན་པ་ནི། དགོན་པ་འདུག་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་འདུ་འཛི་ལས་དབེན་པར་བྱ་བའི་ཕྱིར་རོ།། དེ་ལ ་རྒྱང་གྲགས་ཀྱི་མཐའ་ནི་དགོན་པ་སྟེ། སྐྱེ་བོའི་རྒྱུན་ལུགས་དང་། སྒྲའི་ཚེར་མ་ལས་དབེན་པའི་ཕྱིར།། ལོ་མ་དང་ལྡན་པའི་ཤིང་གི་ཤིང་དུང་སྟེ། ཧ་ཅང་རྟག་པར་བྱ་བ་ཞེས་པས་བརྟེན་པར་བྱ་བ་ཡིན་ནོ།། ཁང་སྟོང་གི་འདུ་འཇིལ ་ཆགས་པས་བརྟེན་པར་བྱ་བ་ཡིན་ནོ།། ཡོངས་སུ་རྟོགས་པ་ནི། སྤྱོད་པར་བྱེད་པའོ།། ཕན་པ་དང་བདེ་བའི་དོན་ལ་རྨོངས་པས་ན་བྱིས་པའོ།། སྤྱི་མི་ཤེས་པས་ན་བླུན་པའོ།། བྱ་བྲག་མི་ཕྱེད་པས་ན་མི་གསལ་བའོ།། ཕན་པ་དེའི ་ཐབས་ལ་འཇུག་པ་མི་ཤེས་པས་ན་མི་མཁས་པའོ།། དངོས་པོ་འོད་དག་ཤེས་ནས་ཞེས་བྱ་བ་ནི་མི་གཙང་བརྟགས་པ་ནི། དེ་ཉིད་ངེས་པའི་དོན་དུ་བསྟན་པ་ནི། དོན་རྣམ་པར་གདོན་མི་ཟ་བའི་ཆོས་ཀྱི་རྣམ་གྲངས་ལས་སྨོསོ།། ་འདིས་ནི་རིལ་པོར་འཛིན་པའི་ལོག་པར་བསྒྲུབས་པ་སྤངས་པ་ཡང་བསྟན་པ་ཡིན་ནོ།། ད་ནི་བདག་ཏུ་ལྟ་བ་བྱེད་པ་པོའི་བདག་ཏུ་ཞེན་པའོ་ལོག་པར་སྒྲུབ་པ་སྤང་བའི་ཕྱིར། ལུས་འོད་ཐོག་མ་དང་ཐ་མའི་རྒྱུ་ལ་སོ་སོར་བརྟག་པར་བྱའོ།། ་ཞེས་གསུངས་ཏེ། དབང་ཕྱུག་དང་དུས་ལ་སོགས་པས་མ་བྱས་པས་ན་བྱེད་པ་པོ་མེད་པའོ།། འོ་ན་ཇི་ལྟར་འགྲུབ་ཅེ་ན། ཕ་དང་མ་ཕྲད་པ་དང་། དྲི་ཟ་ཉེ་བར་འཁོར་བ་དང་། ལས་ཇི་ལྟར་བསགས་པ་དང་། རྒྱུ་རྐྱེན་དེ་གཉིས་དོང ་ལྡན་པ་ལས་སྐྱེས་པས་ན། ཚོགས་པ་ཙམ་གྱིས་འབྲས་བུ་འབྱིན་ཞེས་བྱ་བའོ།། དེའི་ཕྱིར། ཕ་མའི་ཁུ་ཆུ་དང་ཁྲག་འདུས་པ་ལས་འབྱུང་སྟེ་སྨོས་ཏེ། ཕའི་ས་བོན་ལ་གནོད་པ་མེད་པ་དང་། མའི་ཟླ་མཚན་དུས་དང་ལྡན་པ་དང་། དྲི་ཟ1 ་བར་འཁོར་བས་ན་འདུས་པ་ཞེས་བྱ་སྟེ། སྐྱེ་བའི་དང་པོ་ཁྲུ་ཁྲག་གནས།། དུག་ཅན་སྲིན་བུའི་དུག་དང་མཚུངས། ཞེས་བྱ་བའོ།། ཐ་མ་ཞེས་བྱ་བ་ནི་ལུས་གནས་པའོ།། ཁམ་གྱི་ཟས་ཞེས་བྱ་བ་ནི། དྲི་དང་རོ་དང་རེག་པའི་སྐྱེ་མཆེད་འཛི་རྒྱ ་ས་གྱིས་ཉིད་དེ་ཞེའོ།། དེ་ལས་ཀྱང་རོག་པ་ཡིན་པའི་ཕྱིར་རོ།། སྐྱེ་མཆེད་སྨོས་པ་ནི་བཟའ་བའི་ཟས་ཞེས་སྨོས་སོ།། དེ་ལ་སྤྱི་བོ་ནས་ལྕེའུ་སཱའི་བར་ནི་བད་ཀུན་གྱི་གནས་པའོ།། ལྕེའུ་སྠཱ་ནས་ལྟེ་བའི་བར་ནི་མཁྲིས་པའི་གནས་སོ།། ་ལྟེ་བ་ནས་རྐང་མཐིལ་གྱི་བར་དུ་ནི་རླུང་གི་གནས་སོ།། དེ་ལ་ཚང་རྒྱང་པོ་ནི་སྨེ་བར་བྱེད་པ་སྟེ། ཆུའི་ཁམས་ཡིན་པའི་ཕྱིར་རོ།། ཞུ་བར་བྱེད་པ་ནི་མེའི་ཁམས་ཡིན་པའི་ཕྱིར་རོ།། རྣམ་པར་འབྱེད་པ་ནི་གཡོ་བར་བྱེད ་པའི་ཕྱིར་རོ།། དེ་ལྟར་རྒྱས་པར་བཤད་པ་བསྡུས་པའི་ཕྱིར་ཡང་ཞེས་སྨོས་སོ།། མངོན་པའི་ང་རྒྱལ་ནི་གཙང་བར་ཞེན་པའི་ཕྱིར་རོ།། ཇི་ལྟར་མངོན་ཞེ་ན། སྣ་ནས་སྣག་གི་རྣམ་པ་འཛག་ཅེས་པའི་ལ་སོགས་པའོ།། ། ་དེ་ལྟར་བདག་མངོན་པར་ཞེན་པའི་ལོག་པར་སྒྲུབ་པ་སྤང་བར་བཤད་ནས། ད་ནི་ཡོན་ཏན་དུ་ལྟ་བའི་ལོག་པར་སྒྲུབ་པ་སྤང་བའི་ཕྱིར་སྒོམ་པ་ནི། གྲོགས་པོ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉེས་དམིགས་རྟོགས ་ནས་སྤང་བར་བྱ་བ་དང་། སྤངས་པའི་ཕན་ཡོན་རིག་པར་བྱའོ།། དེ་ལ་ཉེས་དམིགས་ཀྱི་མཚན་ཉིད་བསྟན་པ་ནི། ལུས་འདི་ནི་འདི་ལྟར་མི་རྟག་པར་ཞེས་བྱ་བ་ལ་སོགས་པ་སྟེ། མི་རྟག་པའི་མཚན་ཉིད་ནི་མི ་རྟག་པ་ལ་སོགས་པ་ཚིག་གསུམ་སྨོས་ཏེ། སྐད་ཅིག་པ་དང་། རྒྱུན་གྱི་དང་། གློ་བུར་གྱིས་མི་རྟག་པའི་ཕྱིར་རོ།། སྟོང་པའི་མཚན་ཉིད་ནི་ཉམས་ཆུང་བ་སྟེ། དངོས་པོར་ལྟ་བ་ནི། བརྟག་མི་བཟོད་པའི་ཕྱིར་རོ།། བདག་མེད་པའི ་མཚན་ཉིད་ནི། སྙིང་པོ་མེད་པ་སྟེ། བདག་ཏུ་ལྟ་བ་དག་ནི་བཙལ་ན་མི་རྙེད་པའི་ཕྱིར་གཞན་དུ་མི་དམིགས་པ་ཕུང་པོ་དག་ནི་ངོ་བོར་སྣང་བ་ལ། བདག་གི་རང་བཞིན་ནི་གཅིག་ཏུ་བརྟག་པའི་ཕྱིར་དེ་མེད་པས་ན་ཞིག་པའོ།། སྡུག ་བསྔལ་བའི་མཚན་ཉིད་ནི། འདི་ལྟར་ཡུན་ཐུང་བ་ཞེས་བྱ་བ་ལ་སོགས་པ་སྟེ། འདུ་བྱེད་དང་། འགྱུར་བ་དང་། སྡུག་བསྔལ་གྱི་སྡུག་བསྔལ་རྣམ་པ་གསུམ་ནི། བདེ་བ་དང་། སྡུག་བསྔལ་བ་དང་བཏང་སྙོམས་ཀྱི་ཚོར་བ ་གསུམ་གྱི་དབང་དུ་བྱས་པ་སྟེ། དེ་ལ་ཚོར་བ་བཏང་སྙོམས་ཀྱི་དབང་དུ་བྱས་ནས། འདུ་བྱེད་ཀྱི་སྡུག་བསྔལ་ནི་ཡུན་ཐུང་བ་ཞེས་བྱ་སྟེ། བདེ་བ་དང་སྡུག་བསྔལ་གྱི་འདུ་བྱེད་པས་ན་རིང་དུ་མི་གནས་པ་ཡིན་ལ། བདེ་བ་དང་སྡུག་བསྔལ ་དག་ནི་སྡུག་བསྔལ་ཡིན་པའི་ཕྱིར་རོ།། ཚོར་བ་སྡུག་བསྔལ་གྱི་དབང་དུ་བྱས་ནས། སྡུག་བསྔལ་བ་ཞེས་གསུངས་སྟེ། ཚོར་བ་སྡུག་བསྔལ་བ་དག་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཡིན་པའི་ཕྱིར་རོ།། ཚོར་བ་བདེ་བའི་དབང་དུ ་བྱས་ནས། ནད་མང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ཀྱི་བདེ་བ་ནད་མེད་པའི་འགྱུར་བ་ནི་ནད་མང་བའོ།། ལོངས་སྤྱོད་ལ་སོགས་པ་ཉམས་པ་ལ་སོགས་པས་ཚོར་བ་སྡུག་བསྔལ་བསྐྱེད་པས་ན་འགྱུར་བའི་ཆོས ་ཅན་ཡིན་ནོ།། ནད་མང་བ་ཅིའི་ཕྱིར་ཞེ་ན། ནད་ཀྱིས་གནས་ཡིན་པའི་ཕྱིར་ཞེས་བསྟན་པ་ནི། ནད་མང་བའི་སྣོད་ཞེས་གསུངས་སོ།། གནང་ཉིད་བསྟན་པ་ནི། རུས་པ་ལ་རྒྱུས་པ་འབྲེལ་བ་ཞེས་གསུངས་ཏེ། རུས་པ་དུམ་བུ་གཉིས།། ་བརྒྱ་བཞི་བཅུ་ནི་ཆུ་རྒྱུས་བརྒྱ་དྲུག་ཅུས་འབྲེལ་ཞིང་ཆུ་བ་ཆེན་པོ་བཅུ་དྲུག་གིས་བསྟན་པ། ཤ་སྤར་ཐབས་བརྒྱད་ཅུས་ཞལ་ཞལ་བྱས་པ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་ལ། གཙོ་བོ་ཡིན་པས་རུས་པ་དང་རྒྱས་པ ་སྨོས་ཏེ། དེའི་དཔེ་ནི་འཁྲུལ་འཁོར་ལྟ་བུ་སྟེ། འགྲོ་བ་དང་ཉལ་བའི་བྱ་བ་བྱེད་པའི་ཕྱིར། འདི་ནི་འགྱུར་བའི་སྡུག་བསྔལ་གྱི་དབང་དུ་བྱས་པའོ།། མཁས་པ་དེ་ལ་གནས་པར་མི་བྱའོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་བརྟག ་ནས་ཞེན་པར་མི་བྱའོ།། ཞེས་གདམས་པའོ།། དེ་ལྟར་ཉེས་དམིགས་ཀྱི་མཚན་ཉིད་མདོར་བསྟན་ནས། ད་ནི་རྒྱས་པར་བཤད་པའི་ཕྱིར། ལུས་འདི་ནི་ཅང་མི་བཟོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱབ་པ་དང ་བརྩེགས་པ་དང་རྟེན་བྱེད་པའི་ཕྱིར། ལུས་ཞེས་བྱ་སྟེ་རེ་ཞིག་སྤྱིར་བཏང་བ་ཡིན་ནོ།། དེ་ལ་གཟུགས་ཀྱི་ཕུང་པོ་འདི་དག་ནི་ཧ་ཅང་མི་བཟོད་པ་ཞེས་བྱ་སྟེ། ཉམ་ཆུང་བའི་ཕྱིར་རོ།། དེའི་དཔེ་ནི་དབུ་བ་སྔོས་པ་ལྟ་བུའོ།། ལུས་ཞེས་བྱ་བ་ནི ་ཚོར་བའི་ཕུང་པོ་སྟེ། རིང་དུ་མི་གནས་པ་ནི་བྱུང་ནས་འགག་པའི་ཕྱིར་རོ།། ཆུའི་ཆུ་བུར་ལྟ་བུ་ཞེས་བྱ་བ་ནི་ཡང་སྐྱེ་ཞིང་འགག་པའི་ཕྱིར་དང་། སྡུག་བསྔལ་གྱི་ངོ་བོ་ཉིད་ཡིན་པ་སྟེ། ལུང་ལས་ཀྱང་ཚོར་བ་ནི་ཆུའི་ཆུ་བུར་ལྟ་བུ་ཡིན་ལ་ཚུརུ་བ ་གང་ཅི་ཡང་རུང་། དེ་ནི་སྡུག་བསྔལ་དུ་རིག་པར་བྱའོ།། ཞེས་གསུངས་པའི་ཕྱིར་རོ།། ལུས་ཞེས་བྱ་བ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ། ཉོན་མོངས་པའི་སྲིད་པའི་འདོད་ཆགས་ལ་སོགས་པ་ཡོངས་སུ་གདུང་བས་ཕྱིན་ཅི་ལོག་ཏུ་རྟག་པའི་ཕྱིར ་མཚན་མར་འཛིན་པའོ།། སྨིག་རྒྱུ་ལྟ་བུ་ཞེས་བྱ་བ་ནི་ཆུ་མེད་ཀྱང་དེར་སྣང་བའི་ཕྱིར་རོ།། ལ་ལ་ན་རེ་འདིར་ཉོན་མོངས་པའི་དགྲ་ནི། འདོད་ཆགས་རྣམ་པར་རྟོགས་པ་ཁོ་ན་ལ་བྱ་སྟེ། འཁོར་བར་འཚང་བའི་རྒྱུ་ཡིན་པའི་ཕྱིརརོ ་ཞེས་ཟེར་རོ།། ལུས་ཤེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། སྙིང་པོ་མེད་པ་ནི་སེམས་པའི་ཚོགས་དྲུག་འདུས་པའི་ཕྱིར་རོ།། ཆུ་ཤིང་ལྟ་བུ་ཞེས་བྱ་བ་ནི། སོ་སོར་ཕྱེ་ན་སྙིང་པོ་མེད་པའི་ཕྱིར་ཏེ། ལུང་ལས་ཀྱང་འདུ་བྱེད་ཀྱི་ཕུང་པོ ་གང་ཞེ་ན། སེམས་པའི་ཚོགས་དྲུག་སྟེ། ཞེས་གསུངས་པའི་ཕྱིར་རོ།། ལུས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། ཕྱིན་ཅི་ལོག་ནི་མེད་པ་ལ།། རྣམ་པར་ཕྱེ་ན་ཡོད་པ་ཡིན། རྣམ་ཤེས་སྒྱུ་མ་འདྲ་བས་ན།། རྒྱུ་རྐྱེན་ཚོགས་ལས་ཡང་དག ་འབྱུང་།། དེ་ཕྱིར་དངོས་པོ་མེད་ཅེས་བྱ་ཞེའོ།། མེད་པ་ལ་འཁྲུལ་པ་ཡོད་པར་འཛིན་པ་ཇི་ལྟར་རུང་། འཁྲུལ་པ་ནི་གཞི་དང་བཅས་པ་ཡིན་ནོ།། མ་ཡིན་ཏེ། འཁྲུལ་པ་ནི་མེད་པ་ལ་རུང་གི། གཞན་པོ་ལྟེར་འཁྲུལ། མཐོ་ཡོར་མེད་པ་ལ་མིར་འཁྲུལ ་བ་བཞིན་ནོ།། དེའི་ཕྱིར་གཞི་མེད་པ་ཁོ་ནའོ།། དེ་ལྟ་བས་ན་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་མཚན་ཉིད་ཡོད་དོ་ཞེས་བསྟན་པ་ནི། ཡང་དག་པ་མ་ཡིན་པ་མཐོང་ཞེས་བྱ་སྟེ། ཡིད་ཀྱི་སྐྱེ་མཆེད་ལ་སོགས་པའོ།། རྨི་ལམ་ལྟ་བུ་ཞེས ་བྱ་བ་ནི། གཞི་མེད་པ་ལ་འཁྲུལ་པས་སྣང་བའི་ཕྱིར་རོ།། མིག་གི་ཁམས་ལ་སོགས་པ་ཐམས་ཅད་ཀྱང་དེ་བཞིན་རིག་པར་བྱ་སྟེ། ཐོག་མ་མེད་པ་ཅན་གྱི་བག་ཆགས་ལྟ་བུ་གོམས་པའི་ཕྱིར་རོ།། དེ་དག་རྒྱུ་རྐྱེན་ཚོགས་པ་ལས་སྐྱེས་པས ་ནོན་རྒྱུའི་དབང་དུ་བྱས་ནས་ལས་ཀྱི་གཟུགས་བརྙན་སྣང་བ་ཞེས་སྨོས་ཏེ། སྔོན་ཞེས་བྱ་བ་ནི་ཚེ་སྔ་མ་ལ་སོགས་པའོ།། ལུས་ནི་དགེ་བ་ལ་སོགས་པའོ།། གཟུགས་བརྙན་ནི་དེ་དང་རྗེས་སུ་མཐུན་པའི་ངོ་བོ་ཉིད་དེ། སློབ་དཔོན་ཉིད་ཀྱི ་ནལ་ནས། ཁ་ཏོན་མར་མེ་མེ་ལོང་བརྒྱ།། ཡེ་ཤེས་ས་བོན་སྦྱར་དང་སྒྲས།། ཕུང་པོ་ཉིང་མཚམས་སྦྱོར་བ་ཡང་།། མི་འཕོ་བར་ཡང་མཁས་རྟོགས་བྱང་།། ཞེའོ།། སྣང་བ་ཞེས་བྱ་བ་ནི། ལུས་བླངས་པ་ལ་སོགས་པའོ།། སྔར་བཤད་པའི ་རྐྱེན་མ་ཚོགས་ན། རྒྱུའི་ངོ་བོ་ཡང་འབྲས་བུ་མི་སྐྱེད་པས་རྐྱེན་ལ་རག་ལས་པ་ཞེས་བྱ་སྟེ། བྲག་ཆ་ལྟ་བུ་རྐྱེན་ལས་འབྱུང་བའི་ཕྱིར་རོ།། རྒྱུ་རྐྱེན་ཚོགས་པ་ལས་ཕུང་པོ་གང་འགྲུབ་ཅེ་ན། འདོད་པའི་ཁམས་ཀྱི ་སྐྱེ་བའི་ལས་ཟག་པ་དང་བཅས་པས་ནི་མཐོ་རིས་ཀྱི་ལྷ་ལ་སོགས་པར་སྐྱེ་བ་སྟེ། རེ་ཞིག་ཚུལ་ཁྲིམས་ཀྱི་འབྲས་བུ་ནི་མིའི་འལུས་ཐོབ་པོ།། ཚུལ་ཁྲིམས་དང་། སྦྱིན་པ་དང་། བཟོད་པ་རླབས་པོ་ཆེ་ནི་འདོད་པའི་ཁམས་ཀྱི་ལྷའི་རིགས་སུ ་རྡོ་ལྟར་རིག་པར་སྐྱེའོ།། སྲོག་གཅོད་པའི་ལས་མང་དུ་བྱས་ཤིང་ཞེ་སྡང་གི་ཤས་ཆེ་བ་ནི། དམྱལ་བར་འཕེན་ནོ།། གཏི་མུག་གི་ཤས་ཆེ་བ་ནི་ཉེས་པ་ལྟུང་བ་ཕྲ་མོ་ཁྱད་དུ་བསད་པས་ནི་དུད་འགྲོའི་སྐྱེ་གནས་སུ་སྐྱེའོ།། འདོད་ཆགས ་ཀྱི་ཤས་ཆེ་ཞིང་སེར་སྣའི་ལས་མང་དུ་བྱས་ཤིང་ཡི་དགས་སུ་སྐྱེ་སྟེ། བདེ་བ་དག་བསམ་གཏན་དང་པོ་ནས་བཞི་པའི་བར་དུ་སྙོམས་པར་འཇུག་པའི་ཚེ། སྤངས་པ་དང་། གཟུགས་ཀྱི་འདུ་ཤེས་ལས་རྣམ་པ་ཐམས་ཅད ་དུ་ཡང་དག་པར་འདས་པ་ལ་སོགས་པ་གཟུགས་མེད་པའི་སྐྱེ་མཆེད་རྣམ་པ་བཞི་ནི། ཏིང་ངེ་འཛིན་དང་ལྡན་པས་ན་དགྱེས་པ་ཞེས་བྱ་སྟེ། ཡིད་མི་བདེ་བ་ལ་སོགས་པ་ནུབ་པའི་ཕྱིར་རོ།། སྤྲིན་ལྟ་བུ་ཞེས་བྱ་བ་ནི་འབྱུང་བ ་དང་ནུབ་པའི་ཕྱིར་རོ།། མཚན་མ་ཞེས་བྱ་བ་ནི། རྟགས་ཏེ་མཚོན་མའི་ཕྱིར་རོ།། དེ་དག་ཀྱང་ཇི་ལྟར་རིག་པར་སྐད་ཅིག་པ་དང་རྒྱུན་གྱི་ངོ་བོས་འཇིགས་པས་སྐད་ཅིག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། རྒྱུ་ལ་མི་རྟོག་པའི་ཕྱིར་རོ།། ་གློག་ཅེས་བྱ་བ་ནི་ཧ་ཅང་མྱུར་བའི་ཕྱིར་རོ་ལ་ལ་ན་རེ་ད་ལྟར་དང་མ་འོངས་པའི་ཕུང་པོ་ནི་གློག་དང་སྤྲིན་ལྟ་བུ་ཡིན་ལ་འདས་པའི་དངོས་པོ་ངག་ནི་རྨི་ལམ་ལ་སོགས་པ་ལྟ་བུ་སྟེ། ཐམས་ཅད་ཀྱང་མི་རྟག་པར་བསྟན་པ་ཡིན་ནོ།། ་ཞེས་ཀྱང་ཟེར་རོ།། ལ་ལ་ནཱ་རེ་མི་རྟག་པར་བསྟན་པའི་ཕྱིར་གཟུགས་བརྙན་དང་། བྲག་ཆ་ལྟ་བུར་བཤད་ལ། གནས་པ་མི་རྟག་པ་སྤྲིན་ལྟ་བུའོ།། འཆི་བ་མི་རྟག་པ་གློག་ལྟ་བུ་སྟེ། དེ་ལྟ་བུ་ཡིན་ཐམས་ཅད་ཀྱང་མི་རྟག་པ་ཞེས་ཟེར་རོ།། ། ་དེ་ལྟར་ཕུང་པོ་ཞེ་ན་ལ་སོགས་པའོ་ཉེས་དམིགས་སྤངས་པར་བཤད་ནས། ད་ནི་གང་ཟག་ཏུ་ལྟ་བ་སྤང་བའི་ཕྱིར་རོ།། དེར་གཏོགས་པའི་ཉེས་དམིགས་ཀྱི་མཚན་ཉིད་བསྟན་པ་ནི། རྐྱེན་སྣ་ཚོགས་ལས་འབྱུང་བ་ཞེས་བྱ་བ ་ལ་སོགས་པ་སྟེ། རྐྱེན་སྣ་ཚོགས་པ་ནི་མི་ཤེས་པ་དང་། ལུས་དང་སྲེད་པའི་རང་བཞིན་ནོ།། བདག་པོ་ཞེས་བྱ་བ་ནི་བྱེད་པ་པོ་སྟེ། དབང་ཕྱུག་ལ་སོགས་པའི།། དེ་དག་བཙལ་ན་མི་རྙེད་པས་ན་མེད་པའོ།། དེའི་ཕྱིར། ཕུང་པོ ་འདོད་རྒྱལ་དུས་དང་རང་བཞིན་དང་།། ངོ་བོ་ཉིད་ལས་མ་ཡིན་རྒྱུ་མེད་ཡིན།། དབང་ཕྱུག་དེའི་རྒྱུ་ཡིན་དེ་ལྟ་བས་ན།། མི་ཤེས་ལས་དང་སྲིད་ལས་བྱུང་རིག་མཛོད། ཅེས་སློབ་དཔོན་ཉིད་ཀྱིས་གསུངས་སོ།། ས་དང་འདྲ་བ་ནི་དྲི་བའི ་མཚན་ཉིད་དོ།། བྱེད་པ་ནི་ལས་དེ་དབང་ཕྱུག་ལ་སོགས་པས་མི་བྱས་པ་སྟེ། སྔ་མ་བཞིན་མོ།། ཆུ་དང་འདྲ་བ་ནི་གཤེར་བའི་མཚན་ཉིད་དོ།། བག་མེད་ཅེས་བྱ་བ་ནི་རྟགས་པ་ལ་སོགས་པ་མེད་པའོ།། མེ་དང་འདྲ་བ་ནི་ཚ་ཞིང་སྲེག ་བའི་མཚན་ཉིད་དོ།། སྲོག་མེད་པ་དྲོད་མེ་ཡིན་པའི་ཕྱིར་རོ།། རླུང་དང་འདྲ་བ་ནི་ཡང་བ་དང་། གཡོ་བའི་མཚན་ཉིད་དོ།། གང་ཟག་མེད་པ་ནི་སྐྱེ་ཞིང་འཇིགས་པའི་མཚན་ཉིད་ལས་དང་ཉོན་མོངས་པའི་དབང ་ཡིན་པའི་ཕྱིར་རོ།། ནམ་མཁའ་དང་འདྲ་བ་ནི་རང་བཞིན་མེད་པའི་ཕྱིར་ཏེ། རིགས་པས་བཙལ་ན་མི་རྙེད་པས་སོ།། དེ་ལྟ་བས་ན་འབྱུང་བ་ཆེན་པོ་རྣམས་ཀྱི་གནསོ་ཞེས་བྱ་སྟེ། ཡང་དག་པ་མ་ཡིན་པ་དག་ནི་ཁོ་ན་ཉིད་དུ་བརྫུན་པའི ་ཕྱིར་རོ།། ཇི་ལྟར་ཞེ་ན། ལུས་ནི་ས་ལ་སོགས་པ་རྒྱུ་རྐྱེན་ཚོགས་པ་ལས་སྐྱེས་པ་ཡིན་པས་གནས་ཞེས་བྱ་ལ། དེ་དག་ཀྱང་རྒྱུ་གཅིག་གིས་འབྲས་བུ་དུ་མ་མི་བྱེད་ལ། རྒྱུ་གཅིག་གིས་འབྲས་བུ་གཅིག་ཀྱང་མི་བྱེད་པའི་ཕྱིར་དང་། ་རྒྱུ་དུ་མས་འབྲས་བུ་དུ་མ་མི་བྱེད་ལ་། རྒྱུ་དུ་མས་འབྲས་བུ་གཅིག་ཀྱང་མི་བྱེད་པའི་ཕྱིར་ལ། འོན་ཀྱང་མ་རྟག་པའི་མཚན་ཉིད་དུ་རྒྱུ་འབྲས་བུ་ཡང་དག་པ་མ་ཡིན་པའོ།། ཕུང་པོ་ལྔ་ནི་བདག་དང་བདག་གིས་འཛིན་པའི་གཞི་སྟེ། ་དེ་ཡང་རྣམ་པར་ཤེས་པ་ལ་ནི་བདག་ཏུ་འཛིན་པ་ལ་ཕུང་པོ་ལྷག་མ་ལ་ནི་བདག་གིར་འཛིན་པས་ན་བདག་དང་བདག་གིའོ།། དེ་དག་ཀྱང་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་མེད་པས་ཏེ་སྟོང་པའོ།། ཅིས་སྟོང་ཞེ་ན། ལ་ལ་བདག་ནི ་བདག་ཅེས་བྱ་བ་དངོས་པོར་གྲུབ་པར་འདོད་དེ། དེ་དག་ཀྱང་ཅི་བདག་ཅེས་བྱ་བ་ཕུང་པོའི་ངོ་བོ་ཉིད་དམ་དེ་ལ་མ་རྟོགས་པ་ཞིག་ཏུ་ལོང་གྲང་ན། ཕྱོགས་དང་པོ་ལྟར་ན་ཕུང་པོ་དག་ནི་མི་རྟག་ལ་དུ་མའི་རོ་སྣང་བའི་ཕྱིར་དང་། བདག་ཅེས་བྱ་བ ་ནི་རྟག་པ་དང་། གཅིག་པུར་བརྟགས་པའི་ཕྱིར་རོ།། ཕྱོགས་གཉིས་པ་ལྟར་ན། ཕུང་པོ་ལས་མ་གཏོགས་པའི་བདག་ནི་སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར་དང་། བདག་གི་ངོ་བོར་འདོད་པའི་ཕྱིར་མི་རུང་བ་ཉིད་དོ།། ལ་ལ་དག་ནི་རྡུལ་ཕྲ་རབ ་འབྱུང་བ་ལ་སོགས་པའི་ངོ་བོར་གནས་ཞེས་འདོད་དོ།། དེ་དག་ཀྱང་ཆ་ཤས་དང་བཅས་པ་ལ་སོགས་པའི་སྐྱོན་དུ་འགྱུར་བའི་ཕྱིར་གང་ཡང་མི་རུང་བའོ།། ཧ་ཅང་སྤྲོས་པས་ཆོག་ནས་ད་ནི་དཀྱུས་མ་ཉིད་བརྗོད་པར་བྱ་སྟེ། བེམ་པོ་ཞེས་བྱ་བ ་ནི་རྟོགས་པ་དང་བྲལ་བའོ།། དེ་ནི་དཔེ་ནི་རྩཝ་ལ་སོགས་པའོ།། འོ་ན་ཅིའི་ཕྱིར་གཟུགས་ཀྱི་ཕུང་པོ་འགྲུབ་ཅེ་ན། རྣམ་པར་ཤེས་པ་ལ་ཅན་པའི་རླུང་གིས་བྱེད་པས་ན་འཁྲུལ་འཁོར་དང་ལྡན་པར་འབྱུང་བའོ།། འོ་ན་བམ་པོ་མ་ཡིན་ནོ་ཞེས་ན། ་ཚོར་བ་མེད་པས་ཏེ་ཉམས་སུ་མ་མྱོང་བའི་ཕྱིར་རོ།། འབྱུང་བ་ཞེས་བྱ་བ་ནི་སྐྱེ་གནས་རླུང་གི་འཕེན་ཅེས་བྱ་བའི་དོན་ཏོ།། དེའི་དངོས་པོ་གང་ཞེ་ན། རྣག་དང་མི་གཙང་བ་ལ་སོགས་བསགས་པ་ཞེས་བྱ་བ་སྟེ། ཁུ་བ་དང་ཁྲག་ལས ་མཆིག་གུའི་རྣམ་པ་ལྟ་བུར་འགྱུར་རོ།། སྙིང་པོ་མེད་པས་ན་གསོག་གོ། གནས་པའི་འདུ་བྱེད་ཀྱིས་ཀྱང་དགོས་པས་ན་རྟག་ཏུ་བྱུག་པ་ལ་སོགས་པའོ།། གང་ལས་ཞེ་ན། ནད་ཅེས་སྨོས་ཏེ། རླུང་དང་མཁྲིས་པ་དང་བད་ཀན་དང་། ་འདུས་པ་ལས་གྱུར་པའི་ནད་བརྒྱ་རྩ་གཅིག་པ་བཞི་ནི་བཞི་བརྒྱ་རྩ་བཞིའོ།། གཙེ་བ་ནི་གཉེན་པོའོ།། རྒ་བ་ནི་འབྱུང་བ་ཡོངས་སུ་སྨིན་པའོ།། ཟིལ་གྱིས་ནོན་པ་ནི་རྟག་ཏུ་ཉེན་པའོ།། འཆི་བ་ནི་རྣམ་པར་ཤེས་པས་ལུས་ཡོངས ་སུ་བཏང་བའོ།། དེ་ལ་རྩའི་རྒྱལ་བ་ལྟ་བུ་ཡིན་པས་ན་གཡོབ་བོ།། ཁྲོན་པ་རྙིང་པའོ།། དེ་ལྟར་ན་སྐྱེ་བ་དང་གནས་པ་དང་ན་བ་དང་འཆི་བའི་ངོ་བོ་ཉིད་པས་ཉེས་དམིགས་སྣ་ཚོགས་པ་བཤད་ནས་ད་ནི་མདོར་བསྡུས་ཏེ་བཤད ་པ་ནི། ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཕུང་པོ་ལྔ་ནི་གཤེད་མ་ལྟ་བུ་སྟེ། འདིར་ཟག་པ་མེད་པའི་ཕུང་པོ་ལྔ་ལས་ལོགས་ཤིན་ཏུ་བསྟན་པའི་ཕྱིར་གཤེད་མ་ལྟ་བུ་ཞེས་སྨོས་པ་ཡིན་ནོ།། ཁམས་རྣམས་ནི་དུག་དྲག་པོ་ཞེས་སྨོས་ཏེ། ་སྦྲུལ་གདུག་པ་ལྟ་བུའོ།། སྐྱེ་མཆེད་རྣམས་ནི་གྲོང་སྟོང་པ་ལྟ་བུ་ཞེས་སྨོས་ཏེ། འདི་དག་གིས་ནི་ཉེས་དམིགས་མཚོན་པ་ཡིན་ནོ།། ཕུང་པོ་ལ་སོགས་པ་ལ་ཡོན་ཏན་དུ་ལྟ་བ་ནི་ལོག་པར་སྒྲུབ་པ་ཡིན་པས་མི་རྟག་པ་ལ་སོགས་པའི ་མཚན་ཉིད་དུ་བཤད་ནས། ད་ནི་ཉེས་དམིགས་རྟོགས་ནས་དེ་སྤང་བར་བྱ་བའི་ཕྱིར་གདམས་པ་ནི། ཁྱེད་ཀྱིས་དེ་ལྟ་བུའི་ལུས་དེ་ལ་སྲན་པ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སུན་པ་ནི་དམུས་བྱུང་བར་བྱའོ།། སྐྱོ་བ་བསྐྱེད ་པ་ནི་སྤང་བར་བྱའོ།། ཇི་ལྟར་ཞེ་ན། སྔར་བཤད་པ་ལྟར་གོམས་པར་བྱས་ལ་ཉེས་དམིགས་རྟོགས་པར་འགྱུར་རོ།། རྟོགས་ནས་སྤོང་བར་འགྱུར་རོ།། འོ་ན་ཐོབ་པར་བྱ་བ་ཡིན་ཞེ་ན། དེ་བཞིན་གཤེགས་པོའི་སྒོ་ལ་མོས་པ ་བསྐྱེས་པར་བྱའོ།། ཞེས་གསུངས་ཏེ། འབྲས་བྲི་ཐོབ་པར་བྱ་བ་ཡིན་པོར་ཕྱིར་རོ།། སྐྲ་ནི་རྣམ་པ་གནས། གཟུགས་ཀྱི་སྐུ་དང་། ཆོས་ཀྱི་སྒྲའོ།། ད་ལ་ག་ཟོ་ཡིན་པའི་ཕྱིར། ཆོས་ཀྱི་སྐུ་སྨོས་ཏེ། ལུང་ལས་ཀྱང་། ་གང་ཞིག་ང་ལ་གཟུགས་སུ་མཐོང་།། གང་ཞིག་ང་ལ་སྒྲར་ཤེས་པ།། ལོག་པར་སྤོང་བས་ཞུགས་པ་སྟེ།། སྐྱེ་བོ་དེས་ནི་ང་མི་མཐོང་།། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ།། འདྲེན་པ་རྣམས་ནི་ཆོས་ཉིད་ལྟ།། ཆོས་ཉིད་ཤེས་པར་བྱ་མིན་པར།། དེས་ནི་ཡང ་དག་ཤེས་མི་ནུས། ཞེས་གསུངས་པ་དང་། ཡང་དགེ་སློང་དག་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུར་ཡོངས་སུ་རྫོགས་པར་ལྟོས་ལ་འཇིག་ཚོགས་ལ་སྐུར་མ་འཛིན་ཅིག་ཅེས་གསུངས་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྐུ ་ནི་སྔར་བཤད་པ་ལྟར་ཁྱབ་པ་དང་རྟག་པའི་ཕྱིར་ལ།། གཟུགས་ཀྱི་སྐུ་ནི་ཀུན་རྫོབ་ཡིན་པས་དེ་མེད་པའི་ཕྱིར་རོ།། རྐྱེན་ལས་སྐྱེས་པ་ནི་རང་གི་དངོས་མ་སྐྱེས།། རྒྱལ་བ་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུ།། ཆོས་ཉིད་ན་མཁའ་ལྟ་བུར་རྟག ་ནས་ཞེས།། བསྟན་པས་ཆོས་སྦྱོང་འོད་ཟེར་འགྲུབ་པར་འགྱུར། ཞེས་གསུངས་ལ། དགེ་སློང་དགྲ་མཚན་བཟང་པོ་དང་དཔེ་བྱེད་ཀྱི་ངོ་བོར་དེ་བཞིན་གཤེགས་པ་ལྟ་བ་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དེ་བཞིན་གཤེགས་པར ་ར་རོ་ཞེས་གསུངས་པའི་ཕྱིར་དང་། ཡང་བདག་ནི་རིང་བསྲེལ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལེན་ཏོ།། ཞེས་གསུངས་པའི་ཕྱིར་རོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་མཚན་སུམ་ཅུ་རྩ་གཉིས་སུ་ཡིད་ལ་མི་བྱེད། དཔེ་བྱད་བཟང་པོ་བརྒྱད་ཅུར་ཡིད་ལ་མི་བྱེད་དེ། དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་ཞེས་བྱའོ།། ཞེས་གསུངས་པས་ན་ཆོས ་ཀྱི་སྐུ་ནི་ཐོབ་པར་བྱ་བ་ཡིན་པའི་ཕྱིར་རོ།། དེ་ཐོབ་པའི་ཐབས་ལམ་གྱི་བདེན་པ་གང་ཞེ་ན། བསོད་ནམས་ལ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་གཉིས་ཀྱི་འབྲས་བུ་ཡིན་པའི་ཕྱིར་ལ་བར་གྱི་ཚིག ་མི་མངོན་པར་བྱས་པས་བསོད་ནམས་ལས་སྐྱེས་པའི་ཞེ་སྦྲེལ་ཏོ།། དེ་ལྟ་མ་ཡིན་ན་བསོད་ནམས་ཡེ་ཤེས་ལས་བྱུང་བའི། དམ་པ་གཉིས་ནི་ཐོབ་པར་ཤོག། ཅེས་སློབ་དཔོན་ཉིད་ཀྱི་ལུང་ལས་ཡང་ཇི་ལྟར་གྲང་། ལ་ལ་ན་རེ ་ཡོན་ཏན་གྱི་མཚོན་ཉིད་ཙམ་ལ་ཆོས་ཀྱི་སྐུར་བཤད་པས་བསོད་ནམས་སྐྱེས་ཞེས་བྱའོ།། ཞེས་ཀྱང་ཟེར་རོ།། ལ་ལ་ནི་དེ་ལྟ་ན་ནི་རྒྱུ་ནི་མ་ཚང་བའི་ཕྱིར་ཏེ། ཡོན་ཏན་གྱི་སྐུ་ལ་ཆོས་ཀྱི་སྐུར་བཤད་ལ། ཡེ་ཤེས་ཀྱི་ཆ་ལ་བསོད་ནམས ་སུ་ཅིའི་ཕྱིར་མི་འདོགས། འདོགས་ན་ནི། འདོད་པ་ཁོ་ན་ཡིན་ལམ་ཡིན་ན་ནི། རྒྱུ་མ་ཚང་བར་འགྱུར་རོ།། ཞེས་ཀྱང་ཟེར་རོ།། བསོད་ནམས་ཉིད་གང་ཞེ་ན་སྦྱིན་པ་ལ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པ་ནི ་གཏོང་བ་དང་། གཏོང་བ་ནི་ཆེན་པོ་དང་། ཤིན་ཏུ་གཏོང་བའི་ངོ་བོ་ཉིད་དེ། སྔར་བཤད་པའི་ཕུང་པོ་ཡོངས་སུ་དག་པ་གང་ཡིན་པ་ནི། ཚུལ་ཁྲིམས་ལ་སོགས་པ་སྟེ། ཚུལ་ཁྲིམས་ཀྱི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པའོ།། ཏིང་ངེ ་འཛིན་ནི་སྒྱུ་མ་ལྟ་བུ་ལ་སོགས་པའོ།། ཤེས་རབ་ནི་མཁྱེན་པ་སྟེ། གསུམ་ཆར་ཡང་ཟག་པ་མེད་པ་ལ་བྱའོ།། རྣམ་པར་གྲོལ་བ་ནི་མཐོང་བས་ཡང་བར་བྱ་བ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་སྤངས་པའོ།། རྣམ་པར་གྲོལ་བའི ་ཡེ་ཤེས་མཐོང་བ་ནི་ཁྱད་པར་ཅན་གྱི་ཡེ་ཤེས་མངོན་སུམ་དུ་བྱས་པའོ།། བྱམས་པ་ལ་སོགས་པ་བཞི་ནི་ཚད་མེད་པའོ།། སྦྱིན་པ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། དུལ་བ་ནི་ཉོན་མོངས་པ་འདུལ་བའོ།། ཡང་དག་པར་སྡོམ་པ་ནི ་ཟག་པ་སྡོམ་པར་བྱེད་པའོ།། དགེ་བ་བཅུ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པ་སྟེ་ཚུལ་ཁྲིམས་ཀྱི་རབ་ཏུ་དབྱེ་བའོ།། སྡུག་བསྔལ་ལ་ཇི་མི་སྙམ་པ་ལ་སོགས་པ་རྣམ་པ་གསུམ་ནི་བཟོད་པའོ།། གཞན་ལ་མི་འཚ་བ་ནི་ངེས་པ་སྟེ། ་འདི་ད་གཉིས་ནི་བཟོད་པའི་རབ་ཏུ་དབྱེའོ།། རྒྱུན་མི་གཅོད་པས་ན་བརྩོན་འགྲུས་སོ།། བརྩོན་པ་མི་འདོར་བ་ནི་བསྟན་པའོ།། སེམས་རབ་ཏུ་འཛིན་པའི་ཕྱིར་ཡང་བསྟན་པ་སྟེ། འདི་གསུམ་ནི་སྤོ་བའི་ཁྱད་པར་རོ།། བསམ ་གཏན་ནི་བསམ་གཏན་དང་པོ་ལ་སོགས་པའོ།། རྣམ་པར་ཐར་པ་ནི་གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ལ་སོགས་པ་བརྒྱད་དོ།། ཏིང་ངེ་འཛིན་ནི་དཔའ་བར་འགྲོ་བ་ལ་སོགས་པ་རྣམས་སོ།། སྙོམས་པར་འཇུག ་པ་ནི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པའོ།། འདི་བཞི་ནི་ཏིང་ངེ་འཛིན་གྱི་རབ་ཏུ་དབྱེ་བ་ཡིན་ནོ།། ཐོས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་དོན་སྣང་བའི ་མིག་གི་ཡུལ་ཅན་ནོ།། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ།། ཐབས་ནི་ཐབས་ལ་མཁས་པའི་ཡོངས་སུ་འཛིན་པའོ།། འདིས་ནི་སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་ཀྱང་བསྡུས་པར་རིག་པར་བྱ་སྟེ། འདི་གསུམ་ནི ་ཤེས་རབ་ཀྱི་རབ་ཏུ་དབྱེ་བ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཀྱང་ལམ་གང་དུ་སྙམ་ན་ན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆས་སྦྲུལ་ཅུ་རྩ་བདུན་ནས་སྨྲས་ཏེ། དྲན་པ་ཉེ་བར་གནག་པ་བན་ལ་སོགས་པ་ལ ་ལམ་བཞིའི་ངོ་བོ་ཉིད་དུ་སྒོམ་མོ།། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་དེ་དག་ཇི་ལྟར་བསྒོམ་ཞེ་ན། ཞི་གནས་དང་ལྷག་མཐོང་ཞེས་གསུངས་ཏེ། ཞི་གནས་ནི་སེམས་རྩེ་གཅིག་པའོ།། ལྷག་མཐོང་ནི་སོ་སོར་རྟོགས་པའོ།། ་ལམ་ལྔ་པ་མི་སློབ་པའི་ལམ་ལ་ནི་སྟོབས་བཅུ་ཞེས་སྨོས་ཏེ། གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པ་བཅུའོ།། མི་འཇིགས་པ་ནི་ཉོན་མོངས་པ་སྤང་བ་ཞལ་གྱིས་བཞེས་པ་ལ་སོགས་པ་བཞི་ལ ་ཀླན་ཀའི་རྒོལ་བ་ཆོས་དང་མཐུན་པ་མེད་པ་བཞིའོ།། མི་འདྲེས་པ་བཅོ་བརྒྱད་ནི། སྤྱོད་པ་མ་འདྲེས་པ་དང་། རྟོག་པ་མ་འདྲེས་པ་དང་། ཕྲིན་ལས་དང་ཡེ་ཤེས་ཀྱི་མ་འདྲེས་པ་སྟེ། འཁྲུལ་བ་མི་མངའ་བ་ལ་སོགས ་པ་བཅོ་བརྒྱད་དོ།། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ནི་དད་པའི་སྟོབས་སུ་བཤད་པའི་ཡོན་ཏན་ཐམས་ཅད་ཀྱི་མཐར་ཕྱིན་པའོ།། མངོན་པར་ཤེས་པ་ནི་རྫུ་འཕྲུལ་ལ་སོགས་པ་རྣམ་པ་དྲུག་ཤེས་པའོ།། རིག་པ ་ནི་རྣམ་པ་གསུམ་ཤེས་པའོ།། མི་དགེ་བ་ནི་སྡུག་བསྔལ་རྣམ་པ་གསུམ་མོ།། སྤོང་བ་ནི་ཀུན་འབྱུང་ངོ་།། དགེ་བ་ནི་འགོག་པའི་ངོ་བོའོ།། སྡུད་པ་ནི་ལམ་མོ།། བདེན་པ་ནི་བསོད་ནམས་ཀྱི་ཚོགས་སོ།། ཡང ་དག་པ་ནི་ཡེ་ཤེས་ཀྱི་ཚོགས་སོ།། བག་ཡོད་པ་ནི་ཡོན་རྒྱུན་དེ་དག་འགྲུབ་པའི་རྒྱུའི་དབང་དུ་བྱས་པའོ།། དེ་ལ་རྒྱས་པར་བཤད་ནས་མདོར་བསྡུས་ན། དགེ་བའི་ལས་ཚད་མེད་པ་ཞེས་བྱ་སྟེ། དངོས་པོ་དང་དུས་སོ།། དེ་ལ་དངོས ་པོ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་གོ།། དུས་ནི་བསྐལ་པ་གྲངས་མེད་པ་གསུམ་མོ།། དེ་ལྟར་ན་དངོས་པོ་དང་དུས་ཚད་མེད་པས་ཚད་མེད་པའོ།། རྣམ་གྲངས་གཞན་ཡང་སྔར་བཤད་པའི་ལམ་རྣམ་པ་བཞིའི ་ངོ་བོར་ཕྱོགས་ཀྱི་ཆོས་རྣམས་སྒོམ་པར་བྱེད་པ་ན། ལམ་གང་ལ་གང་གཙོར་བྱེད་ཅེ་ན་ཚེགས་ཀྱི་ས་ལ་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་ཞེས་བྱ་སྟེ། ལོག་པའི་ཚུལ་ཁྲིམས་གཙོར་བསྒོམ་མོ།། སྦྱོར་བའི་ལམ་ལ་དགེ་བ ་སྡུད་པ་ཞེས་བྱ་སྟེ། འཇུག་པའི་ཚུལ་ཁྲིམས་སོ།། མཐོང་བའི་ལམ་ལ་བདེན་པ་ལོས་སྐྱེས་པ་ཞེས་བྱ་སྟེ། ཡེ་ཤེས་བཅུ་དྲུག་ལ་དམིགས་པའི་ཕྱིར་རོ།། སྒོམ་པའི་ལམ་ལ་ཡང་དག་པ་ཉིད་ལས་སྐྱེས་པ་ཞེས་བྱ་སྟེ། ཡང་དག་པ ་ནི་ཕྱིན་ཅི་ལོག་པའི་ཆོས་ཉིད་དོ།། ཉིད་ཅེས་བྱ་བ་ནི་ཇི་ལྟར་མཐོང་བའི་དོན་དེ་ཉིད་གོམས་པར་བྱེད་པའི་ཕྱིར་རོ།། བག་ཡོད་པ་ཞེས་བྱ་བ་ནི་ཆོས་དེ་དག་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་མཐའ་དག་པར་སྦྱར་བར་བྱའོ།། དགེ་བའི ་ལས་ཚད་མེད་པ་ཞེས་བྱ་བ་ནི། བསོད་ནམས་དང་རྒྱ་ལས་སྐྱེས་པའོ་ཞེས་བྱའོ།། དེ་ལྟར་ན་སྐུ་རྣམ་པ་གཉིས་ནི། ཚེགས་རྣམ་པ་གཉིས་ལས་སྐྱེས་སོ་ཞེས་འདོད་དོ།། འོ་ན་ལམ་གྱི་ཆོས་ནི་འཕགས་པའི་ལམ་ཡན ་ལག་བརྒྱད་པའོ་ཞེས་འབྱུང་བ་མ་ཡིན་ནམ། བདེན་མོད་ཀྱི་འགལ་བ་མེད་དེ་དེར་ནི་གཙོ་བོ་སྨོས་ཏེ། འདིར་ནི་ལམ་མཐའ་དག་གཙོར་གཟུང་བ་ཡིན་ནོ།། དེ་ལྟར་བདེན་པ་བཞི་ནི་ཤེས་པར་བྱ་བ་ནི་ལོག་པར་སྒྲུབ་པ ་སྤངས་པར་འགྱུར་རོ།། དེ་ལྟར་ཁྱིམ་པ་རྣམས་ཀྱི་སྒྲུབ་པ་སྤྱིར་བཤད་ནས། ད་ནི་དབང་ཕྱུག་གི་གནས་རྙེད་པ་རྣམས་ཀྱི་སྒྲུབ་པ་བྱེ་བྲག་ཏུ་བཤད་པར་བྱའོ།། དེ་ལ་ཡང་དག་པའི་སྒྲུབ་པ་བསྟན་པའི་ཕྱིར། དབང་ཕྱུག་གི་གནས་རྙེད་ན ་ཡང་ཞེས་གསུངས་ཏེ། ལོག་པར་སྒྲུབ་པ་ནི་མི་དག་པ་ལ་སོགས་པ་འོག་ནས་འབྱུང་བ་རྣམས་སོ།། ཡང་དག་པའི་སྒྲུབ་པ་ནི་ཚུལ་རྣམ་པ་བརྒྱད་ལ་སོགས་པའོ།། དེ་ཉིད་བསྟན་པ་ནི་སྐྱེ་དགུ་བསྐྱང་བ་ལ་བརྩོན་པའི་ཆོས་ཀྱི་རྒྱལ་པོ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་དགུ་ནི་རིས་སུ་གཏོགས་པའོ།། བསྐྱང་བ་ནི་ཆོས་ཀྱིས་བསྐྱང་བར་བྱ་བའོ།། ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི་ཆོས་དང་མཐུན་པར་བྱེད་པ་མཐའ་དག་གོ།། ལ་ལ་ནི་ཆོས་ཀྱི་རྒྱལ་པོ་ཞེས་བོང ་པ་སྟེ། གང་ཕྱིར་བཟོད་དང་མི་བཟོད་པ། ཤེས་པར་དཀའ་བས་རྒྱལ་པོ་ནི།། ཆོས་མིན་རིག་པས་མི་སྤྱོད་ཀྱང་།། རྗེས་སུ་འཚོ་བས་ཕལ་ཆེར་བསྟོད། ཅེས་བྱ་བས་རབ་སྣང་གཏུམ་པོ་ལ་ངོར་བསྟོད་པ་བཞིན་ནོ་ཞེས་ཟེར་རོ།། ་དེ་ནི་མ་ཡིན་ཏེ། གཅེར་བུ་བདེན་སྨྲ་ནི་ངོར་བསྟོད་པའི་ཁ་གསག་ཅན་ཡང་མ་ཡིན་ཏེ། མདོ་འདི་ཉིད་ལས་རྒྱལ་པོ་ཆེན་པོ་ཁྱོད་ནི་གཏུམ་པོའོ་ཁྱེད་ནི་ཁྲོ་བོའོ་ཞེས་ངོར་ལྡོག་པའི་ཕྱིར་དང་། བདེ་བའི་ཚིག་ནི་གོང་གི་འབྲེལ་བའི ་སྒྲས་དྲངས་ཀྱང་མི་འཐད་པའི་ཕྱིར་རོ།། བརྒྱད་ཅེས་སྨོས་པ་ནི་བྱ་བའི་ངོ་བོ་བསྡུས་པའི་ཕྱིར་ཏེ། ཞིབ་ཏུ་ནི་རྣམ་པའི་རབ་ཏུ་དབྱེ་བ་མཐའ་ཡས་པའི་ཕྱིར་རོ།། དེ་ཡང་གང་ཞེ་ན། གཞན་ལ་བལྟོས་པའི་དབང་དུ་བྱས་པ་དང་། རང ་ལ་བལྟོས་པའི་དབང་དུ་བྱས་པའོ།། གཞན་ལ་བལྟོས་པ་ནི་རྣམ་པ་གསུམ་སྟེ། སེམས་ཅན་སྡུག་བསྔལ་སྤྱོད་པ་དང་། བདེ་བ་ལ་གནས་པ་དང་། རྗེས་སུ་འབྲེལ་བའི་དབང་དུ་བྱས་པའོ།། སྡུག་བསྔལ་ལ་སྤྱོད་པ་ནི་རྣམ་པ ་གཉིས་ཏེ། རྒྱུ་ལ་ཞུགས་པ་དང་། སྡུག་བསྔལ་དངོས་ལ་སྤྱོད་པའི་དབང་དུ་བྱས་པའོ།། སྡུག་བསྔལ་གྱི་རྒྱུ་ལ་ཞུགས་པ་ནི་རྣམ་པ་གཉིས་ཏེ། བག་མེད་པ་དང་ལོག་པར་སྒྲུབ་པའོ།། དེ་ལ་བག་མེད་པའི་དབང་དུ་བྱས་ནས། རིས ་སུ་གཏོགས་པ་ལ་བུའི་འདུ་ཤེས་ཞེས་བྱའོ།། ལོག་པར་སྒྲུབ་པའི་དབང་དུ་བྱས་ནས་ནད་པའི་འདུ་ཤེས་ཞེས་བྱའོ།། སྡུག་བསྔལ་དངོས་ལ་སྤྱོད་པའི་དབང་དུ་བྱས་ནས་སྙིང་རྗེའི་འདུ་ཤེས་ཞེས་བྱའོ།། བདེ་བ་ལ་གནས ་པའི་དབང་དུ་བྱས་ནས་དགའ་བའི་འདུ་ཤེས་ཞེས་བྱའོ།། རྗེས་སུ་འབྲེལ་བ་རྣམ་པ་གཉིས་ཏེ། ཁོ་ན་པས་རྗེས་སུ་འབྲེལ་བ་དང་། མཛའ་བས་རྗེས་སུ་འབྲེལ་བའོ།། དེ་ལ་ཁོན་པས་རྗེས་སུ་འབྲེལ་བའི་དབང་དུ་བྱས ་ནས། དེའི་གཞི་ལ་ཉེས་པར་ལྟ་བའི་འདུ་ཤེས་ཞེས་བྱའོ།། མཛའ་བས་རྗེས་སུ་འབྲེལ་བའི་དབང་དུ་བྱས་ནས། རྗེས་སུ་བསྲུང་བའི་འདུ་ཤེས་ཞེས་བྱའོ།། རང་ལ་བལྟོས་པའི་རྣམ་པ་གཉིས་ཏེ། ལོངས་སྤྱོད་དབང་དུ་བྱས ་པ་དང་། བདག་གི་དབང་དུ་བྱས་པའོ།། དེ་ལ་ལོངས་སྤྱོད་ཀྱི་དབང་དུ་བྱས་པ་ནི། སྨན་གྱི་འདུ་ཤེས་ཞེས་བྱའོ།། བདག་གི་དབང་དུ་བྱས་པ་ནི་བདག་མེད་པའི་འདུ་ཤེས་ཞེས་བྱའོ།། ར་བྱུ་ཡན་ནགསས ་བ་ནི་རྒྱལ་པོ་ཆེན་པོ་ཞེས་བྱ་ལ་སོགས་སྟེ་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ནི་བདེ་བའི་མཉེས་པའི་ཚིག་གོ།། རིས་ནི་འཁོར་དུ་གྱུར་པའོ།། མི་སྲུན་པ་ནི་འཁོར་དུ་གྱུར་པ་བག་མེད་པའོ།། བག་མེད་པ་ནི་རྣམ་པ་གཉིས་ཏེ། སྡིག་པ་སྤྱོད་པ་དང་། ་སོ་ཆོས་མི་ཤེས་པའོ།། ཚར་བཅད་པ་ནི་རྣམ་པ་བཞི་སྟེ། བཞམས་ཏེ་སྒོ་བ་དང་། འཁྱིག་ཅིང་སྡོད་པ་དང་། ཚོགས་སུ་སྨད་པ་དང་། བསྐྲད་པའི་ལས་བྱ་བའོ།། བསྐྲད་པ་ནི་རྣམ་པ་གཉིས་ཏེ། རེ་ཞིག་པ་དང་། གཏན་དུ ་བའོ།། སྙིང་རྗེའི་བསམ་པ་མི་གཏོང་བ་ནི། ཐམས་ཅད་དུ་རང་གི་ཉོན་མོངས་པ་ལ་བསྲུང་བའོ།། ནད་པའི་འདུ་ཤེས་ནི་ཇི་སྐད་དུ། རྟག་ཏུ་ཉེས་པས་རང་དབང་མེད་པར་བྱས་སེམས་ཀྱིས། སྐྱེ་བོ་རྣམས་ལ་བློ་ལྡན་ཉེས་པར ་མི་འཛིན་ཏེ། མི་འདོད་བཞིན་དུ་ལོག་པར་སྒྲུབ་པར་འགྱུར་རོ་ཞེས།། སྐྱེ་བོ་དག་ལ་སྙིང་རྗེ་རྣམ་པར་འཕེལ།། ཕྱི་རོལ་ཞེས་གསུངས་པ་ལྟ་བུའོ།། མི་ཁྲོ་བ་ནི་བྱམས་པ་བསྒོམ་པའོ།། འགྱོད་པོ་སྤོང་བ་ནི་ཉེས་པ་སྤོང་བར་བྱེད ་པའོ།། སྡུག་བསྔལ་ནི་རྣམ་པ་བརྒྱད་ཅུ་དག་ལ་ཅི་རིགས་པར་སྡུག་བསྔལ་བའོ།། སྙིང་རྗེ་ནི་གསལ་བར་འདོད་པའོ།། གནོད་པ་སྤོང་བ་ནི་དེ་ཉིད་དེའི་སྙིང་རྗེའོ།། ཕན་པ་སྒྲུབ་པ་ནི་བྱམས་པའོ།། བདེ་བ་ལ་གནས ་ནི་རྣམ་པ་གསུམ་སྟེ། དམན་པ་དང་། མཉམ་པ་དང་། མཆོག་ཏུ་གྱུར་པའོ།། དེ་ལ་དམན་པ་དང་། མཉམ་པའི་གང་ཟག་གི་དབང་དུ་བྱས་ནས་བརྣབ་སེམས་མི་སྐྱེད་པའོ།། མཆོག་གི་དབང་དུ་བྱས་ནས་ཕྲག་དོག་མེད་པའོ།། ་མི་མཛའ་བ་ནི་མཁོན་པ་རྗེས་སུ་འབྲེལ་བའོ།། གཞི་ནི་སེམས་ལ་བྱའོ།། མཛའ་བ་ནི་མཐུན་པ་ཉིད་དོ།། བསྟན་པ་ནི་མི་གཡོ་བའོ།། དེ་ལྟ་བས་ན་ཞེ་སྡང་བ་དང་ཆགས་པའི་སེམས་སྤོང་བ་སྟེ། འདི་ཉིད་ནི་བཏང་སྙོམས་སུ ་བཤད་པ་ཡིན་ནོ།། དེ་ལྟར་ན་སྙིང་རྗེ་དང་། བྱམས་པ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཚད་མེད་པ་བཞི་ནི་གཞན་དོན་སྒྲུབ་པའི་ཐབས་སུ་བསྟན་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། གནོད་སེམས་ལ་སོགས་པ་དང་ལྡན་ན། ་སེམས་ཅན་ཡོངས་སུ་སྤོང་བར་བྱེད་པའི་ཕྱིར་རོ།། ལོངས་སྤྱོད་རྣམ་པ་གཉིས་ཏེ། ལུས་ལ་བརྟེན་པ་དང་། ལོངས་སྤྱོད་ལ་བརྟེན་པའོ།། དེ་ལ་ལུས་ལ་བརྟེན་པའི་དབོང་དུ་བྱས་ནས་འདོད་པ་ལོག་པར་མི་སྤྱོད་པ་ཞེས ་བྱ་སྟེ། རང་གི་ཆུང་མས་ཆོག་ཤེས་པའོ།། ལོངས་སྤྱོད་ལ་བརྟེན་པའི་དབང་དུ་བྱས་ན། མ་ཆགས་པར་ཡོངས་སུ་སྤྱོད་པ་ཞེས་གསུངས་ཏེ། ཆགས་པ་ནི་ཞེན་པའོ།། དེས་ན་འཕགས་པ་ཉིད་ཀྱིས་ཀྱང་། ཁ་ཟས ་སྨན་དང་འདྲ་བ་རིག་པ་ཡིས།། ཆགས་དང་ཞེ་སྡང་མེད་པར་བརྟེན་བགྱིས་ཏེ།། རྒྱགས་པའི་ཕྱིར་དང་སྙེམས་པའི་ཕྱིར་མ་ལགས།། མཆོག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར།། ཞེས་གསུངས་སོ།། བདག ་གིས་དབང་དུ་བྱས་པ་ནི་སྐྱེས་བུ་དམ་པ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའོ།། དེ་ལ་སྐྱེས་བུ་དམ་པ་ལ་བརྟེན་པའི་དབང་དུ་བྱས་ནས་དྲུང་དུ་འགྲོ་བ་སྨོས་སོ།། དམ་པའི་ཆོས ་ཉན་པའི་དབང་དུ་བྱས་ནས་ཆོས་དོན་དུ་གཉེར་བ་སྨོས་སོ།། ཚུལ་བཞིན་ཡིད་ལ་བྱེད་པའི་ཆོས་སྒྲུབ་པ་སྨོས་ཏེ། ཆོས་ནི་མྱ་ངན་ལས་འདས་པའོ།། རྗེས་སུ་མཐུན་པའི་ཆོས་ནི་ཐར་པ་རྗེས་སུ་མཐུན་པའོ།། ལ་ལ་ན་རེ་ཆོས་ནི་མཐོང ་བའི་ལམ་སྟེ། དེ་དང་རྗེས་སུ་མཐུན་པ་ནི་སྦྱོར་བའི་ལམ་མོ་ཞེས་ཟེར་རོ།། དེ་ལ་འདོད་པས་ལོག་པར་གཡེམ་པ་སྤོང་བ་ནི་ལུས་ཕུན་སུམ་ཚོགས་པའི་རྒྱུ་ཡིན་ནོ།། ལོངས་སྤྱོད་ལམ་ཆགས་པར་སྤྱོད་པ་ནི། ལོངས་སྤྱོད ་ཕུན་སུམ་ཚོགས་པའི་རྒྱུ་སྟེ། འདི་གཉིས་ནི་མཐོ་རིས་ཐོབ་པར་བྱེད་པའི་ཐབས་སོ།། སྐྱེས་བུ་དམ་པ་ལ་བརྟེན་པ་ལ་སོགས་པ་ནི་ཐར་པའི་རྒྱུ་སྟེ། དེ་ལྟར་ན་མཐོ་རིས་དང་བྱོང་གྲོལ་དག་ནི་རང་གི་ཕན་པ་ཡིན་ཏེ། དེ་ལྟར ་ན་རང་དོན་གཉིས་ལས་བསྒྲུབ་པར་བྱ་བ་གཞན་མེད་ལ། འདི་དག་གི་ཐབས་ཀྱང་འདི་དོག་གི་བསྟན་པས་ན་བརྒྱད་ཅེས་བསྟན་ནོ།། འོ་ན་བདེ་བ་གང་ཡིན་པ་བསྟན་དགོས་སོ་ཞེ་ན། ཕན་པའི་སྤྱོད་པ་ལ་ཞུགས་པ ་དག་ནི་བདེ་བ་ཞར་ལ་འོངས་པས་ལོགས་ཤིན་ཏུ་བསྟན་མི་དགོས་པ་ནི། འདུ་ཤེས་བརྒྱད་པོ་དེ་དག་ལ་གནས་པ་ལ་ནི་ཞེས་སྨོས་ཏེ། ལྡོག་པའི་སྒོ་ནས་བསྟན་པ་ནི་ཆོས་དང་མི་ལྡན་པས།། ཞེས་བྱ་བ་ལ་སོགས་པ་སྟེ། གཡོ ་ནི་བསླུ་བའི་སེམས་སོ།། འདུན་པ་ནི་ཡོ་བྱད་འདོད་པའོ།། ལ་ལ་ནི་རེ་རྒྱལ་པོའི་ངོར་བྱས་པས་ན་བརྒྱད་དུ་བསྟན་ཏོ།། ཅིའི་ཕྱིར་ཞེ་ན། རབ་སྣང་གཏུམ་པོ་ལ་སོགས་པ་ནི་རྣམ་པར་འཚེ་བ་ལ་སོགས་པའི་བསྐྱོན་བརྒྱད་ཧ་ཅང་ཤེས ་ཆེ་བའི་ཕྱིར་རོ།། དེའི་གཉེན་པོ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བསྟན་ཏོ་ཞེས་ཀྱང་ཟེར་རོ།། ལ་ལ་ནི་བྱ་བའི་མཆོག་བསྡུས་པ་ཡིན་ཞེས་ཀྱང་ཟེར་རོ།། ལ་ལ་ན་རེ་འཁོར་དེར་ཚོགས་ཀྱི་བསམ་པས་བསྟན་ཏོ།། ཞེས་ཀྱང་འདོད་དོ།། དེ ་ལྟར་བདེན་པ་པོའི་ལེའུ་ལས་ཀྱང་ཡང་དག་པའི་སྒྲུབ་པ་བསྟན་ནས། ད་ནི་ཡིད་གཉིས་ཡང་དག་པར་སེམས་པའི་སྒྲུབ་པ་བསྟན་པའི་ཕྱིར། ཆོས་བཞི་དང་ལྡན་ན་ཞེས་སྨོས་ཏེ། རང་དང་གཞན་གྱིས་དོན་འགྲུབ་པའི་སྦྱོར་བ ་སྤྱིསྦྱོར་བསྟན་ནས། རང་མ་དུལ་བས་གཞན་དུལ་བར་མི་འགྱུར་བའི་ཕྱིར། རང་གི་དོན་འཐོབ་པའི་ཐབས་བྱེ་བྲག་ཏུ་བསྟན་པའི་ཕྱིར། ཆོས་བཞི་ཞེས་སྨོས་སོ།། རང་གི་དོན་ནི་རྣམ་པ་གཉིས་ཏེ། ཕན་པ་དང་། བདེ་བའོ།། ཕན ་བཻ་ནི་རྣམ་པ་གཉིས་ཏེ། གཏན་དུ་བ་དང་། གཏན་དུ་བླ་མ་ཡིན་པའོ།། དེ་ལྟར་ན་བསྟན་པ་ཕན་པ་གཏན་དུ་མ་ཡིན་པ་ནི་རེ་ཞིག་པ་སྟེ་ལྷ་དང་མི་ཐོབ་པའོ།། དེའི་དབང་དུ་བྱས་ནས་ལོག་པར་མི་ལྟུང་བ་ཞེས་གསུངས་ཏེ། ལོག་པ ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ།། མི་ལྟུང་བ་ནི་དེ་དག་ཡོངས་སུ་སྤོང་བའོ།། དེ་ལྟ་བུའི་ལུས་ལ་བརྟེན་ནས་ཕན་པ་གཏན་དུ་འགྲུབ་པས་དེ་བསྟན་པ་ནི། མྱུར་དུ་མཉེས་པར་བྱེད་པ་གསུངས་ཏེ། མཉེས་པར་བྱེད་པ་ནི་སངས་རྒྱས ་མཐོང་བའོ།། སངས་རྒྱས་མཐོང་བ་ཙམ་གྱི་ཕན་པ་གཏན་དུ་བར་ཇི་ལྟར་འགྱུར། རྒྱལ་པོ་མ་སྐྱེས་དགྲས་རྩེ་མོ་ཐོབ་པ་ཡིན་ཡང་མཚམས་མེད་པ་ལ་ཞུགས་པ་ལྟ་བུའོ།། ཞེ་ན་ཆོས་ཅན་ཞེས་སྨོས་ཏེ་བཟོད་པ་མྱུར་དུ་འཐོབ་བོ། ་ཞེས་བྱ་བའི་ཚིག་གི་ལྷག་མའོ།། དེའི་ཕྱིར་ཕན་པ་གཏན་དུ་བ་ཉིད་དུ་འགྱུར་ཏེ། བཟོད་པ་ཐོབ་ནས་ངན་སོང་དུ་མི་ལྟུང་བའི་ཕྱིར་རོ།། བདེ་བའི་དབང་དུ་བྱས་ནས། ལོངས་སྤྱོད་ཆེན་པོ་ཡང་ཡོངས་སུ་འཛིན་ཏོ།། ཞེས་གསུངས་ཏེ། ཕུན་སུམ ་ཚོགས་པ་ནི། མ་ལུས་པ་མཐའ་དག་པའོ།། མ་འོངས་པའི་ཕན་པར་འགྱུར་བ་ཚེ་འདིའི་བདེ་བ་ཇི་ལྟར་གཞག། གལ་ཏེ་ཚེ་འདི་ཉིད་དུ་འདོད་དོ།། ཞེ་ན། མཉེས་པར་བྱེད་ཅིང་ཞེས་བྱ་བའི་སྒྲའི་འབྲེལ་པ་ཇི་ལྟར་གྲང་ཞེ་ན། རྩ་བའི་འབྲེལ ་པས་སྡེབས་པའི་ཕྱིར་མཉེས་པར་བྱེད་ཅིང་ཞེས་འོག་མ་ཉིད་དུ་བསྟན་ཀྱང་ཧཱ་ཞེས་བྱ་བ་བདེ་བའི་བརྡ་ཅན་དུ་བྱས་ནས་ཚིག་འདིའི་བདེ་བར་འགྱུར་བར་མངོན་ནོ།། འང་ཞེས་བྱ་བ་བསྡུ་བའི་ཚིག་ནི་ཧེའི་བྱེད་པར་སྣང་གི་བའི་ཚིག་ཏུ ་མི་འགྱུར་བའི་ཡང་ཕྱིར་རོ།། དེ་ལྟ་མ་ཡིན་ན་རྒྱུ་འབྲས་བུ་དག་གི་ཟློག་པ་ཇི་ལྟར་འཐད། མངོན་པའི་མཛོད་ལས། རྒྱུ་སྔར་ཡོད་པར་བསྟན་པའང་བསམ་པ་དམན་པ་ལ་དགོངས་པའི་ཕྱིར་རོ།། ཐེག་པ་ཆེན་པོ་ལ་རྨྱི་འབྲས་ངེས་པ ་མེད་པར་བསྟན་པས། ཉེས་པ་མེད་དོ།། མངོན་པར་ཞེན་པ་བཟློག་པར་ཟད་ཀྱིས་འདིར་ནི་ངེས་པ་ཅན་ཁོ་ནར་འདོད་དོ།། དེ་ལྟ་མ་ཡིན་ན་འབྲས་བུ་དག་ཇི་ལྟར་ཐོབ་པར་འགྱུར། འབྲས་བུ་འདོད་པས་རྒྱུ་ལ་ནན་ཏན་བྱས་ན་ཐོབ ་ཀྱི་འབྲས་བུ་ལ་ཇི་ལྟར་གཞན་དུ་འབད་ཧ་ཅང་སྤྲོས་པས་ཆོག་གོ། འབྲས་བུ་ཐོབ་པའི་རྒྱུ་ཉིད་གང་ཞེ་ན། དེ་བསྟན་པའི་ཕྱིར། བསྟན་པ་སྲུང་བའི་སླད་དུ་གནས་པ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བསྟན་པ་ནི ་དམ་པའི་ཆོས་ལ་བྱའོ།། སྲུང་བ་ནི་ཡོངས་སུ་འཛིན་པའོ།། འཛིན་པའི་ཚུལ་ནི་རྣམ་པ་བཞི་སྟེ། སྒྲུབ་པ་དང་ལྡན་པས་འཛིན་པ་དང་། རིགས་པ་དང་ལྡན་པས་འཛིན་པ་དང་། དབང་ཕྱུག་དང་ལྡན་པས་འཛིན་པ་དང་། རྣལ་འབྱོར་དང་ལྡན་པས ་འཛིན་པའོ།། སྒྲུབ་དང་ལྡན་པས་འཛིན་པའི་ཐོས་པ་དང་། བསམ་པ་དང་། སྒོམ་པ་ལ་རབ་ཏུ་སྦྱོར་བའོ།། རིག་པ་ནི་རྣམ་པ་མང་སྟེ། མངོན་སུམ་དང་རྗེས་སུ་དཔག་པས་དེ་དག་གིས་ཇི་ལྟར་འཛིན་ཅེ་ན། མངོན་སུམ་དང་རྗེས་སུ་དཔག ་པ་ལ་བརྟེན་ནས་ཆོས་མོ་མཐུན་པར་སྨྲ་བའི་ཕྱི་རོལ་གྱི་མུ་སྟེགས་ཀུན་ཏུ་རྒྱུ་ལ་སོགས་པ་དག་གིས། རྟག་པར་འཛིན་པ་ལ་སོགས་པའི་གྲུབ་པའི་མཐའ་ངན་པ་རྣམ་པར་འཇོམས་ཤིང་། ཡང་དག་པའི་ལྟ་བ་ལ་འགོད་པ་དང་། ་ཡིད་ཆེས་པའི་ལུང་ལ་བརྟེན་ནས། ནང་གི་མུ་སྟེགས་ཁ་ཅིག་བརྗོད་དུ་མེད་པའི་གང་ཟག་དུ་ལྟ་བ་ལ་སོགས་པ་ལོག་པའི་གྲུབ་པའི་མཐའ་ལ་ཞེན་པ་རྣམས་དེ་ལས་ཟློག་ཅིང་། ཡང་དག་པའི་ལྟ་བ་ལ་འགོད་པ་དག་ནི། རིགས་དང ་ལྡན་པས་ཆོས་ཡོངས་སུ་འཛིན་པ་ཡིན་ནོ།། དབང་ཕྱུག་དང་ལྡན་པ་ཇི་ལྟར་འཛིན་ཅེ་ན། ཁ་ཅིག་རྒྱལ་པོ་དབང་ཕྱུག་གི་ཆེ་བ་ཉིད་ཐོབ་པར་འགྱུར་བའི་ཚེ། དེའི་འཁོར་དུ་དགེ་སྦྱོང་དང་བྲམ་ཟེ་གང་ཡང་རུང་། ཡང་ལ་ལ་ཞིག་ཆེན་པོ ་ཡོངས་སུ་སྤངས་ཤིང་བོར། དེ་བཏང་ནས་ནག་པོ་བསྟན་པའི་ཆོས་སྟོན་ཅིང་འདུལ་བ་ལ་འགོད་པས་དམ་པའི་ཆོས་ནུབ་པར་བྱེད་པ་མཐོང་ན། ཀྱེ་མ་སེམས་ཅན་འདི་དག་ནི་ལོག་པའི་ལམ་དུ་ཞུགས་ཤིང་། གཞན་ཡང་དེའི་རྗེས ་སུ་འཁྲིད་པར་བྱེད་པ་ལ་ཕན་པ་དང་བདེ་བ་འབྱུང་བའི་རྒྱུ་ཡང་ནུབ་པར་བྱེད་པས། མ་ལ་བདག་ནི་ངན་སོང་དུ་ལྷུང་ཡང་བླའི། འདི་དག་ནི་དེ་ལྟ་མ་ཡིན་ནོ་སྙམ་ནས་སྙིང་རྗེའི་བསམ་པས་དེ་དག་སྲོག་དང་བྲལ་བའི་བར་དུ་བྱེད་ཅིང་། དེས་ཆོས ་ཡུན་རིང་དུ་ནི་གནས་པ་ནི་དབང་ཕྱུག་དང་ལྡན་པས་ཡོངས་སུ་འཛིན་པའོ།། རྣལ་འབྱོར་དང་ལྡན་པས་འཛིན་པ་གང་ཞེ་ན། འགའ་ཞིག་བསམ་གཏན་གྱི་མཐུ་ཕུལ་དུ་བྱུང་ཞིང་ཏིང་ངེ་འཛིན་ལ་དབང་ཐོབ་པར་འགྱུར་བས། སྔར་བཤད་པ་ལྟ་བུའི ་གང་ཟ་ག་ལ་རྫུ་འཕྲུལ་སྟོན་ཅིང་། སྐྲག་པ་འམ་འདུན་པར་བྱེད་པས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱེད་པ་ནི་རྣལ་འབྱོར་དང་ལྡན་པས། དམ་པའི་ཆོས་ཡོངས་སུ་འཛིན་པའོ།། དོན་གྱི་སྐབས་འདིར་ནི་སྒྲུབ་པས་འཛིན་པའི་ཕྱོགས་གཅིག ་བསྟན་ཏོ།། གཉིས་པ་ནི་སྡིག་པ་མི་དགེ་བའི་ཆོས་ལ་སྨོད་པ་ཞེས་བྱ་སྟེ། ཀུན་རྫོབ་ལ་སྐུར་བ་མི་འདེབས་པ་འི་ཕྱིར། གསུམ་པ་ནི་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྟེ། བཞི་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཏུ་སེམས་བསྐྱེད་པ་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ནི་ཀུན་རྫོབ་དང་། དོན་དམ་པའོ།། དེས་ན་ཆོས་ཡོངས་སུ་འཛིན་པ་ནི་ཕན་པ་དང་བདེ་བའི་རྒྱུ་ཡིན་ནོ།། ཞེས་བཤད་པར་བྱའོ།། དོན་འགྲུབ་པའི་ཐབས་ཐམས་ཅད་ཀྱང་ཕན་ཚུན་དུ་འདྲ་བ་མ ་ཡིན་ནོ།། ཞེ་ན་བདེན་མོད་ཀྱི་འདིར་སྔར་བརྗོད་པའི་རྗེས་སུ་མཐུན་པའི་ཆོས་བསྒྲུབ་པར་བཤད་པ་དེ་ཉིད་ནི་རྒྱས་པར་བྱས་པ་ཡིན་པས་དོན་ཐོབ་པ་གཙོ་བོ་ཞེས་བཤད་པར་བྱའོ།། དེ་ལྟར་ཡང་དག་པར་སྒྲུབ་པར་བཤད་ནས། ད་ནི་ལོག་པར་སྒྲུབ་པ ་བསྟན་པའི་ཕྱིར་རེ་ཞིག་མཚམས་སྦྱར་བ་ནི་མི་དགེ་བ་ཡོངས་སུ་སྤང་བར་བྱ་བ་གང་ཞེ་ན། ཞེས་སྨོས་ཏེ། སྔར་བཤད་པ་དེའི་མི་མཐུན་པའི་ཕྱོགས་ཉིད་མི་དགེ་བ་ཡིན་པ་མ་ཡིན་ནམ། དེ་ལས་ལྷག་པ་ཅི་ཞིག་ཡོད་ཞེས་རྒོལ་བ་ནི་ག་ང་ཞེ ་ན་ཞེས་བྱ་བའོ།། ལན་ནི་དེར་མ་ཟད་ཀྱི་རྩ་བའི་ལྟུང་བ་དག་ཀྱང་ཡིན་ནོ།། ཞེས་བསྟན་པ་ནི་ཉི་མའི་སྙིང་པོའི་ལེའུ་ལས་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལ་རྩ་བའི་ལྟུང་བ་ནི་འདིར་རྣམ་པ་བཞི་སྟེ། རྒྱལ་པོའི་རྩ་བའི་ལྟུང་བ་དང་། ་བློན་པོའི་རྩ་བའི་ལྟུང་བ་དང་། ཉན་ཐོས་ཀྱི་རྩ་བའི་ལྟུང་བ་དང་། བྱང་ཆུབ་སེམས་དཔའ་ལས་དང་པོ་པའི་ལྟུང་བའོ།། དེ་ལ་ཉན་ཐོས་ཀྱི་རྩ་བའི་ལྟུང་བ་ནི་རྣམ་པ་ལྔ་སྟེ། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ནས་མཚམས་མེད་པའི་ལས་ཀྱི་བར་དུའོ།། ་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ནི་རྣམ་པ་བརྒྱད་དེ། ཡོངས་སུ་མ་སྨིན་པའི་གང་ཟག་ལ་སྟོང་པ་ཉིད་བརྗོད་པ་ལ་སོགས་པའོ།། དེ་ལ་ཉེན་ཐོས་ཀྱི་རྩ་བའི་ལྟུང་བ་དག་ནི་གོང་མ་དང་འབྲེལ་བའོ།། བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་དག ་ནི་འོག་མ་དང་འབྲེལ་བའོ།། དེ་ལ་ཉན་ཐོས་ཀྱི་དང་འབྲེལ་བ་དག་ནི་ཉན་ཐོས་ཀྱི་ས་རྣམས་སུ་རིག་པར་བྱའོ།། བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་བརྗོད་པར་བྱ་སྟེ། འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ནི་བྱང་ཆུབ་སེམས་དཔའ་ལས་དང་པོ་པའི ་རྩ་བའི་ལྟུང་བ་ནི་བཅུ་གཉིས་སུ་བཞེད་དེ། གང་ཞེ་ན་འཕགས་པ་ནམ་མཁའི་སྙིང་པོའི་མདོ་ལས་རྩ་བའི་ལྟུང་བ་རྣམ་པ་བརྒྱད་དང་། ཐུན་མོང་བར་གྱུར་པ་བཞིའོ།། དེ་ལ་ལས་ཀྱི་སྦྱོར་བ་དང་། དངོས་བཞི་དང་། མཇུག་ཡོངས ་རྫོགས་པ་ལ་ཕམ་པའི་ལྟུང་བ་རྣམ་པར་བཞག་གོ། ལ་ལ་ན་རེ་འཕགས་པ་ཀླུ་སྒྲུབ་ཉིད་ཀྱི་ནི་སྔར་བསྟན་པ་བརྒྱད་དང་། དེའི་སྟེང་དུ་སེར་སྣས་སློང་བ་ལ་སྦྱིན་པར་མི་བྱེད་པ་དང་། ཆོས་མ་ཡིན་པ་ཆོས་སུ་བརྗོད་པ་དང་། བྱང་ཆུབ་ཀྱི་སེམས ་ཡོངས་སུ་སྤོང་བ་སྟེ། བཅི་ལྔ་བོ་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་རྣམ་པར་བཞག་གོ། ལ་ལ་ན་རེ་འཕགས་པ་ཐོགས་མེད་དང་རྗེས་སུ་མཐུན་པར་བཞག་གོ་ཞེས་ཟེར་རོ།། འཕགས་པ་ཐོགས་མེད་ཞབས་ཀྱིས་ནི་བྱང་ཆུབ ་སེམས་དཔའི་ས་ལ་རྩ་བའི་ལྟུང་བ་རྣམ་པ་བརྒྱད་དུ་གསལ་བར་བཞག་པ་ནའོ།། འདིར་རྒྱལ་པོ་ལ་སོགས་པའི་རྩ་བའི་ལྟུང་བ་ཅིའི་ཕྱིར་བསྟན། གལ་ཏེ་སྡོམ་པ་དང་འབྲེལ་བས་སོ།། ཞེ་ན། དེ་དག་ལས་ཇི་ལྟར་ངེས་ཀྱི་གཞན་ལ་མ་ཡིན། ་མ་ཡིན་ན་ནི་རྩ་བའི་ལྟུང་བར་ཇི་ལྟར་བཞག། ཉེས་པ་མེད་དེ་འདིར་ནི་དགེ་བའི་རྩ་བ་ཆུད་པ་ལ་དགོངས་པ་དང་། འབྱུང་བ་ཉེ་བས་རྩ་བའི་ལྟུང་བ་དང་། རྒྱལ་པོ་ལ་སོགས་པ་ལས་བཞག་གོ།། དེ་ལྟ་བས་ན་དགེ་བའི་རྩ་བ་སྔོན་བསྐྱེད་པ ་ཐམས་ཅད་ཆུང་གསན་པར་འགྱུར་ཞེས་འབྱུང་བ་དང་། ཡང་ལོག་པར་ལྟ་བ་དང་གྲོང་འཇོམས་པ་དག་སོ་སོར་བསྟན་པ་འབྱུང་ཉེ་བར་གསལ་བ་ཉིད་དོ།། གང་ལྟར་ཡང་ཟད་མོང་སྡོམ་པའི་རྩ་བར་ལྟུང་བར་བཞག་གོ། མ་ཡིན་ཏེ། ་རྩ་བའི་ལྟུང་བ་དག་ནི་སྡོམ་པ་གཅོད་པར་བྱེད་པའི་ཕྱིར་ལས་འདི་དག་སྡོམ་པ་ཅན་ལས་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་དུ་ཟིན་ཀྱང་། སྡོམ་པ་གཅོད་པར་བྱེད་པར་མི་འགྱུར་བས་རྩ་བའི་ལྟུང་བར་བཞག་པར་མི་བྱའོ།། མ་བྱིན་པར་ལེན་པ་དང ་སྲོག་གཅོད་པ་དག་གིས་ཀྱང་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ནི་འདོད་པ་ཉིད་ཡིན་ཡང་ཚུལ་ཁྲིམས་འཆལ་པ་ལ་ཞེ་སྡང་བ་དང་། ཆོས་སྤོང་བ་དང་། ལོག་པར་ལྟ་བ་དག་ཇི་ལྟར་བཞག་པར་བྱ། བར་དུ་གཅོད་པའི་ཆོས་དང་། མི་དགེ་བ ་བཅུའི་གནོད་པ་ཞེས་མིང་དུ་བསྟན་པ་ལས་ན་རྩ་བའི་ལྟུང་བ་མ་ཡིན་པར་མངོན་ནོ།། དེ་ལྟ་བས་ན་རྒྱལ་པོ་དང་བློན་པོའི་ལྟུང་བ་བསྟན་པས་ན། སྡོམ་པ་དང་རྗེ་སུ་འབྲེལ་བའི་རྩ་བའི་ལྟུང་བ་མཚན་པ་ཡིན་ནོ།། དེ་དག་དངོས་སུ་ཅིའི་ཕྱིར་མི ་བསྟན་ཞེ་ན། སོ་སོར་ཐར་པ་དང་། ན་མཁའི་སྙིང་པོའི་མདོ་ལས་གསལ་བའི་ཕྱིར་རོ།། རྒྱལ་པོ་ལ་སོགས་པ་དག་ཀྱང་འདྲ་བ་མ་ཡིན་ནམ་ཞེ་ན། དེ་ནི་ཐེ་ཚོམ་ཟ་བ་སྲིད་པས་མདོ་མང་པོ་ངེས་དོན་དུ་བྱས་པའི་ཕྱིར་དང་། ཁྱིམ་པ་སྒྲུབ་པ ་ཡི་ན་བ་དེ་དག་ཕྱོགས་གཅིག་ཏུ་བསྟན་པའི་ཕྱིར་རོ།། སྡོམ་པ་དང་རྗེས་སུ་འབྲེལ་བའི་ཡང་དེ་དང་འདྲ་བ་ཁོ་ན་ཡིན་པས་བསྟན་པར་རིག་པར་བྱ་ཞེ་ན། དེ་ནི་གོང་དུ་སེམས་བསྐྱེད་པ་བསྟན་པས་དེའི་མི་མཐུན་པའི་ཆོས་ཡང་བར ་གོ་བའི་ཕྱིར་དང་། སྡོམ་པ་འཇིག་པའི་རྒྱུ་གསུངས་པ་ལ་ཐེ་ཚོམ་ཟ་བ་མ་སྲིད་པའི་ཕྱིར་རོ།། དེ་ལྟ་བས་ན་དང་པོ་ཉི་མའི་སྙིང་པོའི་མདོ་ལས་འབྱུང་བའི་རྩ་བའི་ལྟུང་བ་བསྟན་པོ་ནི་མ་འོངས་པའི་དུས་ན་ཞེས་གསུངས་ཏེ། རེ་ཞིག་གང ་དང་འབྲེལ་ཞེ་ན། རྒྱལ་རིགས་དང་ཞེས་བྱ་བ་ལ་སོགས་པའོ།། གང་གི་དང་འབྲེལ་ཞེ་ན། ཆོས་ཀྱི་གནས་པའི་ཞེས་བྱ་བ་ལ་སོགས་པའོ།། དངོས་པོ་གང་ཞེ་ན། ཁྱིམ་གྱི་གཞི་དང་ཞེས་བྱ་བ་ལ་སོགས་པའོ་འདི་ལྟ་བུར ་ན། རྐུ་བ་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། འདི་དག་རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་པ་དང་། དགའ་ཞིང་མགུ་ལ་ཡོན་ཏན་དུ་ལྟ་བ་དང་། ངོ་ཚ་དང་ཁྲེལ་མེད་པར་འགྱུར་བ་དང་། གཞན་གྱིས་གསོལ་བའི་རྗེས་སུ་མ་བཏང་བ་ལ་ཁ་ན་མ་ཐོ ་རིག་པར་བྱ་སྟེ། འོག་མ་དག་ལ་ཡང་དེ་བཞིན་དུ་རིག་པར་བྱའོ།། དེ་ལ་རྒྱུན་མ་ཆད་པ་ནི་ཐུན་ཚོང་ལས་འདས་པའོ།། ཀུན་ཏུ་སྤྱོང་བ་ནི་ཡུལ་དང་དུས་མ་ངེས་པའོ།། ལྷག་མ་ནི་གོ་བར་ཟད་ངོ་།། དེས་འབྲས་བུ་གང་མྱོང་ཞེ་ན། གཞི་དང ་བསམ་པའི་ཁྱད་པར་ལས།། མཐོང་ཆོས་འབྲས་བུ་ཅན་གྱི་ལས། ཞེས་བྱ་བའི་ཚུལ་གྱིས་མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་ནི། ཚེ་འདི་ལ་ཞེས་གསུངས་ཏེ། སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་པའི་ཕྱིར་རོ།། རྣམ་པར་སྨིན་པའི ་འབྲས་བུ་ནི། མནར་མེད་པ་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་ཡི་དགས་ཀྱི་དབང་དུ་བྱས་ནས། བསྐལ་པར་འདུག་པའི་ཚེ་ཟད་ནས་མྱ་ངན་དགོན་པར་ཞེས་བྱ་བ་ལ་སོགས་པའོ།། དུད་འགྲོའི་དབང་དུ་བྱས་ནས། རྒྱ་མཚོ་ཆེན་པོར་ཤ་སྣ་གུའི ་ལུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ལམ་གྱི་དབུས་ན་མི་འདུག་པ་ལས་གོལ་བའོ།། མནར་མེད་པ་ནི་བསྟི་བའི་གནས་མེད་པའོ།། བསྐལ་པ་ཞེས་བྱ་བ་ནི་བསྐལ་པ་ཆེན་པོའོ།། བར་དུ་ཞེས་བྱ་བ་ནི་མཐར་ཐུག་འགྱུར་བའོ།། ་འོ་ན་མནར་མེད་ནི་བར་གྱི་བསྐལ་པའོ་ཞེས་བྱ་བ་དང་། འགལ་ལོ་ཞེ་ན། དེ་ནི་ཐེག་པ་ཆུང་ངུའི་དབང་དུ་མཛད་པས་འགལ་བ་མེད་དོ།། ལུས་དཔག་ཚད་བརྒྱ་པ་ཞེས་བྱ་བ་ནི་ཉའི་རིས་སོ།། དབང་གི་འབྲས་བུ་ནི། སངས་རྒྱས་མེད་པའི་ཞིང་སྙིགས ་མ་ལྔ་ཅན་དུ་སྐྱེ་ཞེས་གསུངས་ཏེ། སྙིགས་མ་ལྔ་ནི་སེམས་ཅན་གྱི་སྙིགས་མ་ལ་སོགས་པའོ།། རྒྱུ་མཐུན་པའི་འབྲས་བུ་ནི་མིག་མེད་ལ་མི་སྡུག་པ་ཞེས་བྱའོ།། དོན་བསྡུ་བ་ནི་རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟར་རྩ་བའི ་ལྟུང་བ་སྤྱིར་བསྟན་ནས། ད་ནི་ཁྱད་པར་བརྗོད་པར་བྱའོ།། དེའི་ཕྱིར་དང་པོ་རྟེན་གྱི་ཁྱད་པར་དུ་བྱས་ནས་ཐུན་མོང་མ་ཡིན་པའི་ལུང་བསྟན་པ་ནི། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རིགས་ཀྱི་གཙོ་བོ་ཡིན་པས་རྒྱལ་པོ ་ཞེས་སྨོས་སོ།། རིགས་མཉམ་པ་ལས་འཚེས་པའི་བུ་ཡིན་པས་རྒྱལ་རིགས་སོ།། ལྷ་ཆེན་པོ་ལ་སོགས་པའི་དཀྱིལ་འཁོར་དུ་བཞུགས་པས་ན་སྤྱི་བོ་ནས་དབང་བསྐུར་བའོ།། ངན་སོང་དུ་འགྲོ་བར་བྱེད་པ་ན་ལྟུང་བའོ།། གཙོ་བོ་ཡིན་པས ་ན་རྩ་བའོ།། ཇི་ལྟར་ཞེ་ན། ལྷ་དང་མིའི་བདེ་བ་གནས་ནས་ལྷུང་སྟེ་ཞེས་སྨོས་ཏེ། ཅིའི་ཕྱིར་ཞེ་ན། ཕས་ཕམ་ཞིང་ཞེས་སྨོས་ཏེ། དེའི་གཉེན་པོ་གྱུར་པས་ཞེས་སྨོས་པའི་ཐ་ཚིག་གོ། ངན་སོང་གི་རྒྱུ་དག་ནི་མཐའ་ཡས་པ་མ་ཡིན་ནམ ་དེས་རྒོལ་བ་ནི་ལྔ་གང་ཞེ་ན། བདེན་མོད་ཀྱི་འདིར་གཙོ་བོ་སྨོས་པ་ཉེས་པ་མེད་ཅེས་བསྟན་པ་ནི། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པའོ།། གང་ལ་བརྟེན་ནས་བསོད་ནམས་རྒྱ་ཆེན་པོ་སྐྱེ་བ་ནི་མཆོད་རྟེན་ཞེས་བྱ་བའི་དོན་ཏོ།། ་ཞེས་པ་ཁ་ཅིག་ཟེར་རོ།། ལ་ལ་ནི་ལྷ་ཡུལ་ནས་བབས་པ་ལ་སོགས་པ་ལ་བྱའོ།། ཞེས་བསྟོད་དོ།། རྫས་ནི་ཡོ་བྱད་དོ།། ཆོས་ནི་ཐེག་པ་གསུམ་གྱི་ཆོས་སོ།། སྤོང་བ་ནི་མི་མཁོ་བར་བྱེད་པ་སྟེ། གླེགས་བམ ་འཇིག་པ་ལ་སོགས་པའོ།། འགོག་པ་ནི་དོན་ཐོབ་པའི་བར་དུ་གཅོད་པའོ།། ཉན་ཐོས་ངེས་པར་འབྱུང་བ་ནི། བདེན་པ་གཙེར་བསྟན་པའོ།། རང་སངས་རྒྱས་ངེས་པར་བྱུང་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་གཙེར་སྟོན་པའོ།། ཐེག་པ ་ཆེན་པོས་ངེས་པར་འབྱུང་བ་ནི། ཤེས་རབ་དང་སྙིང་རྗེ་ཆེན་པོ་གཙོར་སྟོན་པའོ།། ཡང་ན་གསུང་རབ་ཡན་ལག་བཅུ་གཉིས་ལས་ཤིན་ཏུ་རྒྱས་པའི་མདོ་སྡེ་མ་གཏོགས་པ་མདོ་སྡེ་ལ་སོགས་པ་སྟེ། ཉན་ཐོས་དང་རང་སངས ་རྒྱས་ངེས་པར་འབྱུང་བའོ།། ཤིན་ཏུ་རྒྱས་པ་དེ་ནི་ཐེག་པ་ཆེན་པོ་ལ་ངེས་པར་འབྱུང་བའོ།། ཞེས་ཀྱང་ཁ་ཅིག་འདོད་དོ།། དགེ་འདུན་འདུམ་པ་བྱེད་པ་ནི་འཁོར་ལོ་ཕྱེ་བའོ།། གྲོང་ནི་ཁྱིམ་གཅིག་ལྔ་སོགས་པའོ།། ལྗོངས་ནི ་ཁྱིམ་བཅུ་ལ་སོགས་པའོ།། གྲོང་ཁྱེར་ནི་རིགས་པའི་གནས་བཅོ་བརྒྱད་དང་ལྡན་པའོ།། ཡུལ་འཁོར་ནི་རིགས་སུ་བཅད་པའོ།། སྤོང་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། ཡང་ན་སྤོང་བ་ནི་འདོར་བར་བྱེད་པའོ།། འགོག ་པ་ནི་སྔ་མ་བཞིན་ནོ།། སྲུབ་པར་བྱེད་པ་ནི་གླེགས་བམ་འཇིག་པའོ།། རྟེན་གྱི་ཁྱེད་པར་དུ་བྱས་པ་བཤད་ཟིན་ཏོ།། ང་ནི་ཡུལ་གྱི་ཁྱད་པར་ལས་གྱུར་པའི་རྩ་བའི་ལྟུང་བ་ཐུན་མོང་པ་བསྟན་པར་བྱ་སྟེ། དང་པོ་ཐ ་སྙིང་པོའི་ལེའུ་ལས་དགེ་སྦྱོང་རྟེན་གྱི་ཁྱད་པར་བརྗོད་པ་ནི། གྲོགས་པོ་དག་ཅེས་གསུངས་ཏེ། ཉམས་པ་ལས་རྗེས་སུ་སྒྲུབ་པའི་ཚུལ་བསྟན་པ་ནི། གྲོང་ཁྱེར་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཚུལ་ཁྲིམས་འཆལ་པ ་ལ་སྤྱོད་པ་ཞིག་ན། རྒྱལ་པོ་ལ་སོགས་པ་དགེ་འདུན་བསྡུས་ནས་གསོལ་བར་བྱ་སྟེ། དགེ་འདུན་གྱིས་ཀྱང་གཎྜི་བརྡུངས་ནས་དགེ་འདུན་བསྡུས་ཏེ། ལས་བརྗོད་པའི་སྒོ་ནས་དབྱུང་བར་བྱ་བ་ནི། ཉམས་པ་ལ་བསྒྲུབ་པའི་ཚུལ་ལོ།། དེ་ལ ་གྲོང་ཁྱེར་ནི་སྤྱོང་ཡུལ་གྱི་གྲོང་ངོ་།། ཡུལ་ནི་མཚམས་ཇི་ལྟར་བཅད་པའི་ནང་དུ་ཆུད་པའོ།། གཙུག་ལག་ཁང་ནི་ཆོས་དང་ལྡན་པ་འདུ་བའི་སའི་ཁྱད་པར་རོ།། ལོངས་སྤྱོད་ནི་ལྷན་ཅིག་གནས་པ་དང་གཏམ་འདྲེ་བ་ལ་སོགས་པའོ།། ་རྗེས་སུ་མཐུན་པ་ནི་བཤད་པ་ལྟར་བྱས་པའོ།། གང་གིས་ཆད་པ་ནི་ཤིག་པའི་ཁྱད་པར་བརྗོད་པའོ།། ཚུལ་ལས་ཉམས་པའི་ཁྱད་པར་དངོས་བསྟན་པ་ནི། སུ་ཞིག་ཅེས་གསུངས་ཏེ། ཁྱིམ་པ་འམ་རབ་ཏུ་བྱུང་བའོ།། བདེ་བ ་ཐམས་ཅད་ནི་བདེ་བའོ་རྒྱུ་སྤངས་པ་སྟེ། མཐོང་བ་དང་མ་མཐོང་བའི་ཁྱད་པར་རོ།། འབྲས་བུ་ཉམས་པ་ནི་མིར་སྐྱེ་བ་དང་བྲལ་བ་ལ་སྤོགས་པའོ།། ལྟུང་བ་སྐྱེད་པའི་ཁྱད་པར་འཐད་པ་ནི་དེ་ནས་ཞེས་གསུངས་ཏེ། ཡིད་དུ་འོང ་བའི་ཕྱིར་ལྷའོ།། ཐམས་ཅད་ནི་འདོད་པའི་ཁམས་ལ་སོགས་པའོ།། ནས་ཞེས་བྱ་བ་ནི་དང་པོ་སྨོས་སོ།། ལུས་སྲུལ་པོ་ནི་གང་གིས་ལུས་སྲུལ་བྱེད་པོ་སྟེ། གདོན་གྱི་ཁྱད་པར་རོ།། བར་དུ་ཞེས་བྱ་བ་ནི་ཐ་མར་བཟུང་བ་སྟེ། ་འཁོར་དུ་གཏོགས་པ་དེ་བརྒྱད་།། བསླང་པ་འདུལ་བ་ནི་བསླབ་པ་ཞི་བསྟེ་ཕམ་པར་གྱུར་པའོ།། བསླབ་པ་བཞིན་མི་བགྱིད་པ་ནི་རྗེས་སུ་མི་སྒྲུབ་པའོ།། ཡོངས་སུ་འཛིན་པ་མེད་པ་མི་ཚུལ་ཁྲིམས་རལ་པ ་གྱུར་པས་སོ།། སྟོན་པ་ནི་བཅོམ་ལྡན་འདས་སོ།། ཕྱིའི་གནོད་པ་ལས་ནི་བསྲུང་བར་བྱའོ།། ནང་གི་གནོད་པ་ལས་ནི་བསྐྱང་བར་བགྱིའོ།། དེ་ལྟར་མི་མཐུན་པའི་རྐྱེན་སྤང་བ་ལྟར་མཐུན་པའི་རྐྱེན་སྒྲུབ་པ་ནི་ཡོ་བྱད་ཐམས་ཅད་སྦྱར་བར ་བྱའོ།། དེའི་ཕྱིར་དེ་ལ་ཡང་དག་པའི་ཚུལ་ལས་ཉམས་ན་ཉེས་དམིགས་བསྟན་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ།། ལ་ལ་ནི་སྔར་བཤད་པའི་ཚུལ་ལས་ཉམས་པའི་འབྲས་བུ་གཉིས་པ་མཐོང་བའི་ཆོས་ཀྱི་འབྲས་བུ ་མཚོན་པའི་ཕྱིར་ཏེ། ལྷག་མ་ནི་ཞར་ལས་བྱུང་ཞེས་ཀྱང་ཟེར་རོ།། ད་ནི་སའི་སྙིང་པོའི་མདོ་ལས་ཡུལ་ཁྱད་པར་ལས་བྱུང་བའི་རྩ་བའི་ལྟུང་བ་བརྗོད་པར་བྱ་སྟེ། རེ་ཞིག་ལྟུང་བ་བསྐྱེད་པའི་འཐད་པ་ནི། སྡེན་འབྱུང་བ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། སྲིན་པོའི་ཤ་ཟ་དུད་འགྲོའི་གཏི་མུག་པས་ཀྱང་གུས་པར་བཀུར་བའི་ཕྱིར་ཡུལ་ཁྱད་པར་ཅན་དུ་གྱུར་མངོན་ནོ་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་ཅིའི་ཕྱིར་རྗེས་སུ་དཔག་པ་འཛིན་ཅེ་ན་འཁོར ་ངེས་པར་བསྐྱེད་པའི་ཕྱིར་རོ།། དེ་ལྟ་ཡིན་ཡང་རྨོངས་པ་འགའ་ཞིག་ནི་དེ་ལྟ་མི་ཤེས་སོ།། ཞེས་སྨད་པ་ནི། ཡང་མ་འོངས་པའི་དུས་ན་ཞེས་བྱ་བ་ལ་སོགས་པའོ།། ལྟུང་བར་བྱེད་པའི་མཚན་ཉིད་ནི། རྐྱེན་སྣ་ཚོགས་ལ ་དང་བཏགས་ཞེས་བྱ་བ་སྟེ། ལྟུང་བའི་འབྲས་བུ་ནི་རབ་ཏུ་ཉེས་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དགེ་བའི་རྩ་བ་ཆད་པ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པ་དགེ་བའི་རྩ་བཞིག་པའོ།། སེམས་ཀྱི་རྒྱུད་བསྲེགས་པ་ཞེས ་བ་ནི། དཀར་པོའི་ཆོས་རྒྱུད་ལ་མི་སྐྱེ་བའོ།། མཁས་པ་སྤངས་པ་ནི་དམ་པས་ཡོངས་སུ་བོར་བའོ།། ལུས་ལ་ཆད་པས་བཅད་པ་འབའ་ཞིག་གིས་ལྟུང་བར་འགྱུར་བར་མ་ཟད་ཀྱི། ལོངས་སྤྱོད་དང་ཕྲལ་བས་ཀྱང་འགྱུར་རོ་ཞེས ་བསྟན་པ་ནི་གཞན་ཡང་ཞེས་བྱའོ།། དེ་ལྟར་རྩ་བའི་ལྟུང་བའི་མཚན་ཉིད་བསྟན་ནས། འོ་ན་དབང་ཕྱུག་གནས་གང་ལ་གནས་ཞེ་ན། བཟོད་པ་ཐིབ་པའི་གང་ཟག་ཅེས་གསུངས་སོ།། དེ་ལ་མོས་པས་སྤྱོད་པ་ལ་གནས་པ་ན ་བཟོད་པ་ཐོབ་པའོ།། འོ་ན་མོས་པ་སྤྱོད་པ་མ་ཡིན་པའི་གང་ཟག་དེ་དག་ནི་ལྟུང་བར་འགྱུར་རོ་ཞེས་ཐལ་བ་བརྗོད་པ་ནི། གསོལ་བ་ཞེས་གསུངས་ཏེ། ཇི་ལྟར་ངན་སོང་དུ་མི་འགྲོ་བར་འགྱུར་ཞེས་བྱ་བ་ནི། འགྲོ་བར་ཐལ་བ་ཁོ་ནའོ།། ་ཞེས་སྐྱོན་བརྗོད་པའོ།། མ་ཡིན་ཏེ་གལ་ཏེ་བཟོད་པ་མ་ཐོབ་པའི་སྡིག་པ་ལ་སྤྱོད་པ་དག་ནི། དེ་ལྟར་འདོད་པ་ཁོ་ནའོ།། ལྷག་མ་ནི་གཏན་ཚིག་གྲུབ་པ་ཉིད་དོ།། གལ་ཏེ་བཟོད་པ་མ་ཐོབ་ཀྱང་ཆོས་ཀྱིས་རྗེས་སུ་འཇུག ་པ་དག་ནི། ངན་སོང་དུ་འགྲོ་བར་མི་འགྱུར་རོ་བསྟན་པ་ནི་གང་བཟོད་པ་མ་ཐོབ་ཀྱང་ཞེས་བྱའོ།། དེ་ལྟ་བས་ན་བཟོད་པ་མ་ཐོབ་ཀྱང་ཆོས་བཞིན་དུ་མི་བྱེད་པ་ལ་ནི། དབང་ཕྱུག་གི་གནས་གནང་བ་མ་ཡིན་ལ། དེ་ལ་སྤྱོད་པས ་ནུ་ཁ་ན་མ་ཐོ་བའི་ལས་རྩ་བའི་ལྟུང་བ་འབྱུང་བས་ན། བསྟན་པ་ཟབ་མོ་འདི་འཇིག་པ་སྟེ། བཅས་པ་ལས་དྲུལ་བར་འགྱུར་ཞེས་བྱ་བའོ།། གཞན་དག་ནི་གལ་ཏེ་གདོལ་པར་གྱུར་ན་དེའི་རྗེས་སུ་གཞན་འཇུག་པས། ་ཚུལ་ཁྲིམས་བཏང་སྟེ། སའི་སྙིང་པོ་འཁོར་ལོ་བཅུ་བའི་མདོ་ནུབ་པར་བྱེད་ཅིང་། དེའི་རྗེས་སུ་འཇུག་པས་ངན་སོང་དུ་འགྲོའོ།། ཞེས་མདོ་ཉིད་ཚད་མར་བྱའོ་ཞེས་ཀྱང་འདོད་དོ།། ཇི་ལྟར་ཐར་བར་འགྱུར་ཞེས་བྱ་བ་ནི་ཕར་པར ་མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་གནང་བ་དང་མ་གནང་བའི་གང་ཟག་གིས་རབ་ཏུ་དབྱེ་བ་བསྟན་ནས། ད་ནི་གནང་བའི་གང་ཟག་གིས་རྗེས་སུ་སྒྲུབ་པའི་ཐབས་བསྟན་པ་ནི། གང་དད་པའི་སྟོབས་ཀྱིས་གོ། ་ཆ་བགོས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་རྩ་བའི་ཉེས་པ་བསྟན་པ་དེ་ཉིད་ལས་ཟློག་པའི་ཆོས་དང་ལྡན་པ་ནི། དེའི་གཉེན་པོ་སྟེ། ལོག་པར་སྒྲུབ་པ་སྤོང་བ་ཡིན་པས་ན། རྗེས་སུ་སྒྲུབ་པའི་ཚུལ་ལོ།། ་དེ་ལ་དད་པ་ནི་ཡིད་ཆེས་པ་ལ་སོགས་པའོ།། དེ་ཉིད་མི་མཐུན་པའི་ཕྱོགས་ཀྱིས་མི་རྫི་བས་ན་སྟོབས་ཞེས་བྱའོ།། གོ་ཆ་ནི་བརྩོན་འགྲུས་སོ།། ཇི་ལྟར་ཞེ་ན། རྒྱལ་པོའི་ལྟུང་བའི་རྩ་བ་དང་པོའི་གཉེན་པོ་ནི། དཀོན་མཆོག་གསུ ་ལ་དད་པ་མང་ཞིང་ཞེས་བྱ་བ་སྟེ་འདིར་དད་པ་མང་ཞིང་གསུམ་བསྒོམ་མོ།། རྩ་བའི་ལྟུང་བ་གཉིས་པ་དམ་པའི་ཆོས་སྤོང་བའི་གཉེན་པོ་ནི། ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ཆོས་མི་སྤོང་བ་ཞེས་བྱ་བ་ལ ་སོགས་པའོ།། གསུམ་པ་དགེ་སྦྱོང་ལ་བརྟེན་པའི་རྩ་བའི་ལྟུང་བའི་གཉེན་པོ་ནི་ཚུལ་ཁྲིམས་དང་ལྡན་པ་དང་ཚུལ་ཁྲིམས་འཆལ་པ་ལ་ཡང་རྣམ་པར་མི་འཚེ་ཞེས་བྱ་བ་ལ་སོགས་པའོ།། མཚམས་མེད་པ་ལ་ཏེ། རྣ་བའི་ལྟུང་བ ་གཉེན་པོ་ནི། དགེ་འདུན་དང་མཆོད་རྟེན་གྱི་རྫས་མི་འཕྲོག་པ་ཞེས་བྱ་བ་ལ་སོགས་པ་སྟེ། ལོངས་སྤྱོད་འཕྲོག་པ་ནི་མཚམས་མེད་པ་དང་ཉེ་བ་ཡིན་ལ། དེ་སྤོང་བས་མཚམས་མེད་པ་ག་ལ་ཞིག་བྱེད་ཅེས་གཉེན་པོར་བསྟན ་པ་ཡིན་ནོ།། བཟློག་པ་ནི་གཞན་ཡང་དེ་ལྟར་རྗེས་སུ་འཛིན་པས་ན། རང་ཉིད་ག་ལ་ཞིག་ཅེས་བྱ་བའི་དོན་ཏོ།། ལོག་པར་ལྟ་བའི་གཉེན་པོ་ནི། ཡང་དག་པའི་ལྟ་བ་ཡིན་ཏེ། དེའི་ཕྱིར་ཡང་དག་པའི་ལྟ་བ་སྐྱེ་བའི་རྒྱུ་སྐྱེས་བུ་དམ་པ ་ལ་བརྟེན་པ་ནི། ཐེག་པ་གསུམ་ལ་ནན་ཏན་བྱེད་པའི་དགེ་སློང་རྣམས་ལ་བརྟེན་པ་དང་། བསྙེན་བཀུར་བྱེད་པའོ།། གཉིས་པ་དམ་པའི་ཆོས་ཉན་པ་ནི། ཐེག་པ་གསུམ་གྱིས་ངེས་པར་འབྱུང་བའི་ཆོས་ཀྱིས་གཽཏམ་ཉན་ཅེས ་བྱའོ།། གསུམ་པ་ཚུལ་བཞིན་ཡིད་ལ་བྱེད་པ་ནི། ཇི་ལྟར་ཐོས་པ་ཉམས་ཀྱིས་ཅི་ནུས་སུ་སྒྲུབ་པ་དང་། ཡིད་དུ་མ་ལ་བརྟན་པ་དང་། སེམས་ཅན་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་འཛིན་དུ་འཇུག་པ་དང་། དེ་ལ ་ཡིད་མ་ནི་རང་གི་ངམ་བཅས་པ་ལྟར་བསྟན་པ་རྣམས་སོ།། གཞན་དེ་དག་འགོད་པ་ནི་འཁོར་མང་པོ་ཁ་ན་མ་ཐོ་བ་དག་ལ་སྦྱོར་བའི་གཉེན་པོ་བསྟན་པ་ཡིན་ཏེ། སྔར་ཇི་སྐད་དུ་སེམས་ཅན་མང་པོ་དག་ཀྱང་དགེ ་པ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་འཇུག་ཅིང་ཞེས་བསྟན་པའི་ཕྱིར་རོ།། དེ་ལྟ་བས་ན་སྐྱེས་བུ་དམ་པ་བསྟེན་པ་ལ་སོགས་པ་དག་ནི། ཡང་དག་པའི་ལྟ་བ་སྐྱེ་བའི་རྒྱུ་ཡིན་ལ། དེ་སྐྱེས་ན་ལོག་པར་ལྟ་བ ་སྟོང་བས་ན་འདི་ནི་རྩ་བའི་ལྟུང་བ་ལྔ་པོའི་གཉེན་པོར་བཞག་པ་ཡིན་ནོ།། གྲོང་འཇོམས་པ་ལ་སོགས་པའི་གཉེན་པོ་ནི་མི་བསླུ་བའི་སེམས་དང་ལྡན་པ་ཞེས་གསུངས་ཏེ། གྲོང་ལ་སོགས་པ་འཇོམས་པ་ནི་གཡོའི་སྦྱོར་བ་མ ་ཡིན་པའི་ཕྱིར་རོ།། དེའི་ཕན་ཡོན་བསྟན་པ་ནི། ལོག་པར་ལྟུང་བར་མི་འགྱུར་བར་ཞེས་བྱ་བའོ།། དེ་བཞིན་དུ་རྗེས་སུ་སྒྲུབ་པའི་ཕན་ཡོན་བསྟན་པ་ནི། ཡང་དག་ཉིད་ལས་འབྱུང་བ་ཞེས་སྨོས་ཏེ། དགེ་བ་ནི་སྔར་བཤད ་པའི་ཆོས་རྣམས་དང་ལྡན་པའོ།། ལྔ་བརྒྱ་ཐ་མ་ཞེས་བྱ་བ་ནི། ཕྲག་བཅུའི་ཐ་མ་བརྟགས་ཙམ་འཛིན་པའི་དུས་སོ།། བདག་བསྲུང་བ་ནི་སྔར་བཤད་པའི་ཉམས་པ་ལས་རྗེས་སུ་སྒྲུབ་པའི་ཚུལ་དུ་བྱེད་པའོ།། གཞན ་བསྲུང་བ་ནི་དེ་ལྟར་རྗེས་སུ་སྒྲུབ་པས་ཡུལ་འཁོར་དུ་བྱ་བ་ཐམས་ཅད་བྱེད་པ་སྟེ། ཉེས་པ་ལས་བཟློག་པའི་ཕན་ཡོན་འབྱུང་བའོ།། འཇིག་རྟེན་ཕ་རོལ་བསྲུང་བ་ནི། ལྷ་དང་མིའི་སྐྱེ་བ་ལ་སོགས་པའོ།། བསྟན་པ་བསྲུང ་བ་ནི་དབང་ཕྱུག་གི་སྟོབས་ལ་སོ་གྲྀ་པའོ།། ཡོན་ཏན་ནི་ཐོས་པ་ལ་སོགས་པའོ།། སྣོད་ནི་ཚུལ་ཁྲིམས་རྣམ་པར་དག་པའོ།། བསྲུང་བར་བྱེད་པ་ནི་འཚེ་བ་ལ་སོགས་པ་ལས་བཟློག་པར་རོ།། མི་སྤྱོད་པ་ནི་འཕྲོག་པ་དང་སྤྱོད་པ་ལས ་བཟློག་པའོ།། སྦྱོང་དུ་མི་འཇུག་པ་ནི་འཕྲོག་ཏུ་འཇུག་པ་དང་། སྤྱོད་དུ་འཇུག་པ་ལས་བཟློག་པའོ།། དེའི་ཕན་ཡོན་བསྟན་པ་ནི། བསོད་ནམས་ཀྱི་ཕུང་པོ་ཞེས་སྨོས་ཏེ། མ་མཐོང་བའི་ཕན་ཡོན་གྱི་དབང་དུ་བྱས་ནས་བསོད་ནམས་ཀྱི ་ཕུང་པོ་ཚད་མེད་ཅེས་བྱ་བ་ལ་སོགས་པ་སྟེ། ཚད་མེད་པ་ནི་ཚད་མེད་པའི་ཕྱིར་རོ།། གྲངས་མེད་པ་ནི་བགྲང་བར་མི་ནུས་པའི་ཕྱིར་རོ།། དཔག་ཏུ་མེད་པ་ནི་ཤེས་པས་མིང་པོགས་པའོ།། མཐོང་བའི་པནཱ་ཡོན་ནི། ཚེ་བསྲིང་བ་ལ་སོགས ་པ་སྟེ། བཅུ་ཚན་དང་པོ་ནི་བདེ་བའི་རྐྱེན་སྒྲུབ་པའོ།། གཉིས་པ་ནི་མི་བདེ་བའི་རྐྱེན་སྤོང་བའོ།། ལོངས་སྦྱོང་དང་བྲལ་བར་བྱེད་པའི་ལྟུང་བ་ལས་བཟློག་པས་ན་ཡོངས་སུ་སྐྱོང་བ་ཞེས་གསུངས་སོ།། ལ་ལ་ནི་ཐམས་ཅད་དོན་བསྡུས ་པ་ཡིན་ནོ་ཞེས་ཀྱང་ཟེར་རོ།། གཏོང་བ་པོ་ནི་རྐྱེན་སྒྲུབ་པའི་མིང་ངོ་།། སྦྱིན་བདག་ནི་རྒྱུ་སྦྱོར་བའོ།། དེར་མ་ཟད་པས་ན་ལྷ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བསྟན་པ་འཛིན་པ་ནི་སྔ་མ་བཞིན་ནོ།། དེས་ནི་ཆོས་ཀྱི་བར་ཆད ་བྱེད་པའི་གཉེན་པའོ།། ཆོས་ཀྱི་ཚུལ་ཡུན་རིང་དུ་གནས་པབྱེད་པནི། ཆོས་སྨྲ་བ་ལ་བརྟེན་པ་ལ་སོགས་པའོ།། ཆོས་འགྲེལྟ་ཅིང་བཤད་པར་བྱེད་དོ།། དེས་ནི་ཆོས་སྨྲ་བ་ལ་གནོད་པར་བྱེད་པའི་གཉེན་པ་ཡང་ཡིན་ནོ།། རིགས་རྒྱུན་མི་གཅོད་པ་ནི།། ་བྱང་ཆུབ་ཏུ་སེམ་ས་སྐྱེད་པ་ལ་སྦྱོར་བའོ།། ངག་ལས་སྐྱེས་པ་ནི་ཉན་ཐོས་ཀྱི་ཐེག་པ་པའི་འབྲས་བུ་ཐོབ་པ་སྟེ། བདེན་པ་བཞིའི་ཆོས་བཤད་པས་འབྲས་བུ་རྙེད་པའི་ཕྱིར་རོ།། ཆོས་ལས་སྐྱེས་པ་ནི། རང་རྒྱ་ལ་བའི ་བའི་ཐེག་པས་འབྲས་བུ་ཐོབ་པ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་རྟོགས་པ་ལས་འབྲས་བུ་རྙེད་པའི་ཕྱིར་རོ།། ཆོས་ཀྱི་སྤྲུལ་པ་ནི་ཐེག་པ་ཆེན་པོས་འབྲས་བུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟེ། འབྲས ་བུ་ཐོབ་ཀྱང་མངོན་དུ་མི་བྱེད་པའི་ཕྱིར་རོ།། གཞན་དད་པ་ནི་སྐྱབས་སུ་འགྲོ་བ་དང་ལྡན་པའོ།། དོན་དམ་པའི་བདེན་པ་ནི་སྟོང་པ་ཉིད་བསྒོམ་པའོ།། འོ་ན་ཉན་ཐོས་ལ་སོགས་པ་དག་ཀྱང་ཡིན་ནོ་ཞེ་ན། ཡང་དག་པར་རྫོགས ་པའི་ཞེས་གསུངས་ཏེ། ཐེག་པ་མཆོག་འདོད་པ་ཞེས་བྱ་བའོ།། དེའི་ཕན་ཡོན་ནི། ལག་ཏུ་གཏང་ངོ་དོ།། ཞེས་གསུངས་ཏེ། མི་ལྡོག་པར་འགྱུར་རོ།། ཞེས་བྱ་བ་ཡིན་ནོ།། དེ་ལྟར་ན་ཡུལ་གྱི་ཁྱད་པར་ལས་གྱུར་པ་ལྟུང་བ་ཐུན་མོང ་པའི་གཉེན་པོ་བསྟན་པ་ཡིན་ནོ།། ཐུན་མོང་དང་བུན་མོང་མ་ཡིན་པའི་ཉིད་གང་ཞེ་ན། རྒྱལ་པོ་དང་བློན་པོའི་རྩ་བའི་ལྟུང་བ་དགྲ་ནི། ཁྱིམ་པར་གྱུར་པ་གཞན་དང་ཐུན་མོང་པ་མ་ཡིན་ལ། ཡུལ་གྱི་ཁྱད་པར་དགེ ་སྦྱོང་ལ་བརྟེན་པ་དག་ནི། རྒྱལ་པོ་ལ་སོགས་པའི་ཡང་ཡིན་པས་ཐུན་མོང་པར་བཞག་གོ། དེ་ལྟར་ན་མི་མཐུན་པ་དང་གཉེན་པོ་ཇི་སྐད་བསྟན་པ་དག་ནི་ཕལ་ཆེར་སྡོམ་པ་དང་མ་འབྲེལ་བར་བལྟའོ།། མདོ ་ཀུན་ལས་བཅས་པའི་བཤད་པ་ལུང་གི་ཚད་མས་སྦྱར་བ་ལས་དབང་ཕྱུག་གི་གནས་རྙེད་པ་རྣམས་ཀྱིས་སྒྲུབ་པ་བསྟན་ཟིན་ཏོ།། དེ་ལྟར་ཐུན་མོང་པའི་ཕྱོགས་བེར་དུ་གཅོད་པ་སྤོང་བའི་ཐབས་བསྟན ་པར་བྱ་སྟེ། དེའི་ཕྱིར་ཆོས་སྒྲུབ་པ་ལ་གནས་པར་འདོད་པས། སེམས་ལ་མཁས་པར་བྱའོ་ཞེས་གསུངས་པ་སྟེ། ཆོས་ནི་ཇི་ལྟར་བཤད་པའི་ཚུལ་ཁྲིམས་སོ།། བསྒྲུབ་པ་ནི་མི་མཉམ་པར་བྱ་བར་འདོད་པའོ།། སེམས་ནི་དྲན་པ་དང་ཤེས ་བཞིན་དང་། བག་ཡོད་པའོ།། མཁས་པའི་འོག་ནས་ཅི་ཞེས་སྤྱོད་པར་བྱེད་པའོ།། དེ་དག་འདས་པའི་དུས་སུ་ཁ་ན་མ་ཐོབས་མཉམ་པར་བྱས་པ་ནི་སྟོབས་བཞིས་དག་པར་བྱ་བ་དང་། ད་ལྟར་གྱི་ཉེས་པ་ནི་ཐུན་ཚོད་ལས་མ ་འདས་པས། ཇི་ལྟར་རིགས་པར་བཤད་པར་བྱ་བ་དང་། མ་འོངས་པའི་ཉེས་པས་གོས་པར་དོགས་པས་ནི་དྲན་པ་ལ་སོགས་པ་གོམས་པར་བྱ་བ་ཡིན་ནོ།། ཚུལ་ཁྲིམས་ནི་ལུས་ལ་སོགས་པ་གསུམ་གྱི་བསྲུང་བར་བྱ་བ་མ ་ཡིན་ནམ། ཇི་ལྟར་ན་སེམས་ཁོ་ན་ལ་མཁས་པར་བྱེད་པ་ཅེས་རྒོལ་བ་ནི། ཇི་ལྟར་ནི་ཞེས་བྱ་བའོ།། བྱང་ཆུབ་སེམས་དཔའ་ཞེས་སྨོས་པ་ནི། སེམས་བསྐྱེད་པ་མི་ཉམས་པར་བསྲུང་བར་བསྟན་ཏོ།། དེའི་ཕྱིར་ལུས་དང་སེམས ་རབ་ཏུ་དབེན་པས་ཞེས་སྨོས་ཏེ། སེམས་ཉིད་གཙོ་བོ་ཡིན་པར་བསྟན་ཏེ། གཞན་དུ་ན་དྲན་པ་ལ་སོགས་པ་མེད་ན། ལུས་ལ་སོགས་པ་ཉེས་པ་ལ་འཇུག་པར་འགྱུར་བའི་ཕྱིར་རོ།། ལུས་ལ་སོགས་པ་ལ་དབེན་པར་མ་གྱུར་ན།། ་ཡང་དྲན་པ་འཇུག་པར་མི་འགྱུར་ཏེ། དེའི་ཕྱིར་ལུས་དང་ཞེས་སྨོས་སོ།། དེ་ལ་ལུས་དབེན་པ་ནི། འདུ་འཛི་ལ་སོགས་པ་སྤངས་པའོ།། འདུ་འཛི་ཉིད་གང་ཞེ་ན། ལ་ལ་ནི་སྐྱེ་བོའི་ཚོགས་ལ་བྱའོ་ཞེས་ཟེར་རོ།། ལ་ལ་ན་རེ་ཚེ་འདིའི ་རྟོགས་པ་དང་ལྡན་པ་ནི་གཅིག་ཁོ་ན་ཡང་འདུ་འཛིའི་གནས་ཡིན་ནོ་ཞེས་ཟེར་རོ།། སེམས་རབ་ཏུ་དབེན་པ་ནི། འདོད་པའི་རྣམ་པར་རྟོགས་པ་ལ་སོགས་པ་སྦྱངས་པའོ།། དེ་ལ་དྲན་པ་ཡོངས་སུ་བསྲུང ་བ་ནི། ཅི་བདག་གི་སེམས་འདི་དགེ་བ་ལ་སྤྱོད་དམ་ཞེས་བྱ་བ་ལ་སོགས་པའོ།། ཤེས་བཞིན་གྱི་བསྲུང་བ་ནི། དགའ་བ་དང་རངས་པ་དང་། མོས་པ་སྐྱེད་དོ།། ཞེས་གསུངས་ཏེ། དགའ་བ་ནི་ཐོག་མར་སེམས་བདེ་བའོ།། རངས་པ་ནི ་རབ་ཏུ་མགུ་བའོ།། མོས་པ་ནི་ཐ་མར་འགྱོད་པ་མེད་པའོ།། བག་ཡོད་པ་ནི་སྐྱོ་བ་དང་རྟོག་པ་མང་བ་སྟེ། སྐྱོན་མང་བ་ནི་མི་མཐུན་པར་སྤོང་བའོ།། རྟོག་པ་ནི་གཉེན་པོ་བསྒོམ་པའོ།། དེ་ལྟ་བས་ན་དང་པོ་དྲན་པས་རང་གི་སེམས་གང ་ལ་སྤྱོད་ཅེས་མི་བརྗོད་པར་བྱེད་དོ།། ཤེས་བཞིན་གྱིས་དགེ་བ་ལ་སྤྱོད་ཅིང་རྗེས་སུ་མི་འགྱོད་པ་ལ་སོགས་པ་བྱེད་དོ།། བག་ཡོད་པ་དགེ་བ་བསྒོམ་ཤིང་སྡིག་པ་སྤོང་བར་བྱེད་དོ།། དེ་ལྟ་བུའི་ཚུལ་ཁྲིམས་དེ་དག་གི་དོན་དུ་ཞེ་ན། ་རྣམ་པ་ཐམས་ཅང་མཁྱེན་པ་ཉིད་ཀྱི་དོན་དུ་ཡིན་པས། མ་སྐྱེས་དགྲའི་མདོ་ལས་ཀྱང་ཞེས་གསུངས་པ། འདུན་པས་འགྲོ་བ་དང་། ཞེ་སྡང་གི་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། གཏི་མུག་གི་འགྲོ་བ་དག་ནི་བདུད་ཀྱི་སྤྱོད ་ཡུལ་ཡིན་པས་གླགས་རྙེད་པའོ།། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང་མི་ལྡན་པ་ནི། དེ་བཞིན་གཤེགས་པ་མི་མཉེས་པ་སྟེ། སྙིང་རྗེ་མེད་ན་སེམས་ཅན་ཡོངས་སུ་གཏོང་བར་འགྱུར་བས་ན་དེའི་ཕྱིར། གང་གི་སེམས་ཅན ་ངདག་ལ་ཡིད་ཀྱི་གནོད་བྱེད་ཀྱང་། ང་ལ་ཇི་ལྟར་རྟེན་ཏེ་དེ་ནི་བལྟོས་དང་བྲལ་ཞེས་བྱ་བ་ལྟ་བུའོ།། བྱང་ཆུབ་ཀྱི་སེམས་མེད་པའང་ཇི་ལྟར་རིག་པར་བྱའོ།། དངོས་པོར་ལྟ་བ་ཡང་དེ་བཞིན་ཏེ། འོག་ནས་ཀྱང་ཞལ་ཏ་བས་རིན་པོ་ཆེའི ་མཆོང་རྟེན་གྱི་སྟོང་གསུམ་གང་བར་བྱས་ནའང་། ང་མཉེས་པར་མི་འགྱུར་རོ་ཞེའོ།། མ་བརྩོན་པའང་དེ་བཞིན་ཏེ། འདིར་བརྩོན་འགྲུས་ཀྱི་སྒྲ་ནི་ཐེག་པ་མཆོག་ལ་སྤྲོ་བའི་ཕྱིརཐེག་པ་མཆོག་ལ་སོགས་སྤྲོ་བའི་ཕྱིར་ཐེག་པ ་དམན་པའི་ཆོས་ཡོངས་སུ་བཟུང་བས་ཀྱང་། ང་ལ་བྱ་བ་བྱས་པར་མི་འགྱུར་ཞེའོ།། ཚུལ་ཁྲིམས་དང་སྦྱིན་པ་དང་བཟོད་པ་གཙོར་གྱུར་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་བྲལ་བ་ནི་ལྷ་རྣམས་མི་དགའ་བ་སྟེ། རང་གི་ཕྱོགས་བསྒྲིབ ་བའི་ཕྱིར་རོ།། རྣམ་གྲངས་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ནི། ལྷ་རྣམས་དགའ་བའི་རྒྱུ་ཡིན་པས་ཏེ། མྱུར་དུ་མངོན་པར་འཚང་རྒྱུ་བའི་ཕྱིར་རོ།། རྒྱལ་ཆེན་བཞི་པོ་ལྷུང་བཟེང་ཡོངས་སུ་འབུལ་བ་དང་ཞེས་བྱ་བ་ལ་སོགས ་པ་ནས་ཚངས་པ་ནི་གསོལ་བ་གདབ་པར་སྤྲོའོ།། ཞེས་གསུངས་པ་ལྟ་བུའོ།། དམིགས་པ་ནི་དགེ་བ་མི་ཟད་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང་། ཡོངས་སུ་བསྔོ་བའང་དེ་བཞིན་ཏེ། ཐམས་ཅད་མཁྱེན་པར་དམིགས་པ་ནི ་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ།། ཞེ་ས་འབྱུང་བ་དང་། ལྡོག་པ་དང་རྗེས་སུ་འགྲོ་བའི་སྒོ་ནས་སྦྱོར་བ་དང་། དངོས་གཞི་དང་། རྗེས་ཀྱིས་ཏེ་ཕུན་སུམ་ཚོགས་པར་བྱ་བར་བསྟན་ཏོ།། ད་ནི་ཚུལ ་ཁྲིམས་འཆལ་པའི་རྒྱུ་ཡང་བསྟན་པ་ནི། སྨྲ་བ་ལ་དགའ་བར་མི་བྱ་སྟེ། ཞེས་གསུངས་ཏེ། མདོ་འདི་ཉིད་ལས་ཇི་སྐད་དུ། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། དགའ་བར་བྱ་བའི་རོ་ནི་ནང་ན་འདུག། ཤུན་པ་ཟོས་པའི ་མིས་ནི་བུ་རམ་རོ།། ཞིམ་པོ་མྱོང་བར་འགྱུར་ས་ཡིན་ཏེ།། ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྗེ་དངས་པའི་དྲན་པ་དང་བྲལ་ཞེས་བྱ་བའི་དོན་ཏོ།། ཚུལ ་བཞིན་ཡིད་ལ་བྱེད་པ་དང་བྲལ་ནི་ཤེས་བཞིན་མེད་ཅེས་བྱ་བའོ།། སེམས་ཀྱི་རྒྱུད་མུ་རྒོད་དུ་གྱུར་པ་ནི། བག་ཡོད་པ་དང་བྲལ་ཞེས་བྱ་བའོ།། དེ་ལྟར་ཚུལ་ཁྲིམས་འཆལ་པ་ལ་ཏིང་ངེ་འཛིན་དང་ཤེས་རབ་མེད་པས་ན་ཞི ་གནས་དང་ལྷག་མཐོང་ཡོངས་སུ་སྤངས་པའོ།། བསླབ་པ་གསུམ་དང་བྲལ་བས་ན་དམ་པར་མི་འགྱུར་བའོ།། ནང་གི་གདུང་བ་དང་ལྡན་པས་ན་འགྱོད་པ་དང་ལྡན་པ་སྟེ། ཚུལ་ཁྲིམས་མེད་པའི་ཕྱིར་རོ།། ཆོས་འཆང་པ་ནི ་ཚུལ་ཁྲིམས་འཆལ་པའི་རྒྱུ་ཇི་ལྟར་ཡིན་ཞེ་ན། བདེན་མོད་ཀྱི། འོ་ན་སྨྲ་བ་ནི་རྒྱུད་འཁྲུག་པར་བྱེད་པ་ཡིན་ལ། དེས་ན་དྲན་པ་ཉམས་པ་ལ་སོགས་པའི་རྐྱེན་གྱིས་སོ་ཞེས་བྱ་བ་ནི། སྒྲུབ་པ་ལ་མི་གནས་པ་ཡིན་ནོ།། ཞེས ་གསུངས་ཏེ། ཡོན་ཏན་ལེན་པར་མི་བྱེད་པའི་ཕྱིར་ཇི་སྐད་དུ། ཡང་དག་སངས་རྒྱས་བསྟན་པ་ནི།། ཐོས་པ་ཙམ་གྱིས་མི་འགྲུབ་སྟེ། ལ་ལ་སྟོབས་མེད་ཆུ་ཀླུང་གིས།། ནམ་གྱི་ཁྱེར་བར་གྱུར་པ་དག། སྐོམ་གྱིས་འཆི་བར ་གྱུར་པ་བཞིན། མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ།། ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་། སྔར་བཤད་པ་ལྟ་བུ་ཡིན་པའི་ཕྱིར་རོ།། འདི་ནི་ལས་ལ་དགའ་བ་དང་། སྤྲོས་པ་ལ་དགའ་བ་དང་། གཉིད་ལ་དགའ་བ་དང་། འདུ ་འཛི་ལ་དགའ་བ་དང་། རྙེད་པ་དང་བཀུར་སྟི་ལ་དགའ་བ་དང་། འཇིག་རྟེན་གྱི་ཆོས་དྲུག་སྦྱང་བར་བསྟན་པ་ནི་ཡིན་ནོ།། མདོ་ཀུན་ལས་བཏུས་པའི་བཤད་པ། ལུང་གི་ཚད་མས་སྦྱར་བ་ལས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ ་ཕྱིན་པ་བཤད་ཟིན་ནོ།། དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྡོམ་པ་མ་ཉམས་པར་བསྲུང་བ་དང་ལྡན་པ་ནི་ཁྱད་པར་འགྲོ་བའི་རྒྱུ་སྒྲུབ་པ་ལ་འཇུག་པ་སྟེ། འཕགས་པ་ཟླ་བ་སྒྲོན་མའི་མདོ ་ལས། སྒྲུབ་པ་མེད་ན་ཚུལ་ཁྲིམས་ཀྱི་འབྲས་བུ་ཟད་ནས་ལྟུང་བར་འགྱུར་བ་གསུངས་པའི་ཕྱིར་རོ།། དེའི་ཕྱིར་དང་པོ་སྒྲུབ་པའི་ཕན་ཡོན་བསྟན་པ་ནི། དམིགས་པར་སྤྱོད་པ་ལ་སྒྲུབ་པ་མེད་དེ་ཞེས་གསུངས་ཏེ། དམིགས ་པར་སྤྱོད་པ་ནི། དངོས་པོར་ལྡན་པས་ཀུན་ནས་བླངས་པའི་དགེ་བ་སྤྱོད་པའོ།། སྒྲུབ་པ་མེད་པ་དངོས་པོར་ཞེན་ནས་གྲོལ་བའི་ཐབས་ཡང་དག་པ་ལ་རྨོངས་པའོ།། དེའི་ཕྱིར་མང་དུ་ཐོས་པ་དང་ཞེས་གསུངས་ཏེ། ཟག ་པ་མེད་པའི་རྒྱུ་ཡིན་པའི་ཕྱིར་རོ།། ནང་དུ་ཡང་དག་འཇོག་པ་ནི་ཚུལ་བཞིན་དུ་ཡང་ལ་བྱེད་པའོ།། དེ་དག་གང་ཞེ་ན། མང་དུ་ཐོས་པ་ནི་རིག་པའི་གནས་ལྔ་ལ་མཁས་པར་བྱེད་པའོ།། ཚུལ་བཞིན་ཡིད་ལ་བྱེད་པ་ནི ་བསམ་པའི་ཤེས་རབ་བོ།། དེས་འཕངས་པ་ནི་བསྒོམས་པ་སྟེ། ཐབས་བསྒོམ་པ་དང་། ཤེས་རབ་བསྒོམ་པ་དང་། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་བསྒོམ་པའི་མཚན་ཉིད་དོ།། དེ་ལྟ་བས་མགལ་ཏེ་ཞེས་བྱ་བ་ལ ་སོགས་པ་གསུངས་སོ།། འོ་ན་གང་གི་ཞེ་ན། གལ་ཏེ་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཞེས་བྱ་བ་སྟེ། བསྟི་སྟང་ནི་བསྙེན་བཀུར་བའོ།། མཆོད་རྟེན་ནི་བསོད་ནམས་ཆེ་བའི་རྒྱུར་གྲགས་པས་ན། ཅིའི་ཕྱིར་ཞེ་ན་ཞེས་བརྒལ་བ་ལ། རིགས་པ་ནི། ་མང་དུ་ཐོས་པ་ལ་སྐྱེས་ཀྱིས་ཞེས་གསུངས་ཏེ། བསོད་ནམས་ཆེན་པོ་ཐོབ་པ་ཡིན་ཡང་། མ་རིག་པ་དང་འགལ་བའི་རྒྱུ་མ་ཡིན་པས་དེ་དང་འགལ་བ་ནི་ཐོས་པ་ལ་ཡིན་ནོ་ཞེས་བསྟན་ཏོ།། དེའི་ཕྱིར་གལ་ཏེ་ཞེས་བྱ་བས་དམན་པ་བསྟན ་ཏེ། བསོད་ནམས་མ་ཡིན་པ་སྐྱེ་བ་མི་དམན་པ་ལ་སྦྱར་བའི་ཕྱིར་རོ།། དེ་ལ་ཐོས་པའི་ཕན་ཡོན་བསྟན་པ་ནི། གལ་ཏེ་ཞེས་བྱ་བའོ།། བསྒོམ་པའི་ཕན་ཡོན་བསྟན་པ་ནི། ནང་དུ་ཡང་དག་འཇོག་ལ་བརྩོན་པ་ཞེས་གསུངས་ཏེ། གནང ་བ་ནི་བཀའ་སྩལ་པའོ།། དེ་ལྟར་མངོན་པར་འཕགས་པའི་རྒྱུ་གང་ཞེས་འདྲི་བ་ནི། དེ་ཅིའི་ཕྱིར་ཞེ་ན། ཞེས་རྟོགས་པ་ལ། དཀའ་བའི་ལས་ཏེ་ཞེས་གསུངས་ཏེ། དཀའ་བ་ནི་འཁོར་པ་ལས་བཟློག་པར་ཆས་པའི་ཕྱིར་རོ།། འོ་ན་ཐེག་པ ་འོག་མ་དག་ཀྱང་ཡིན་ནོ་ཞེ་ན་བླ་ན་མེད་པ་ཞེས་གསུངས་ཏེ། འཁོར་བའི་འདྲེན་པ་དག་ཀྱང་ངེད་དཔོན་དམ་པར་འདོད་པའི་ཕྱིར་རོ།། དེའི་ཕྱིར་ཁམས་གསུམ་པའི་ཐམས་ཅད་ལས་ཁྱད་པར་ཅན་དུ་གྱུར་པ་ཏེ། ཐམས་ཅད་ཀྱི ་དེད་དཔོན་ཡིན་པའི་ཕྱིར་རོ།། མངོན་པར་འཕགས་པ་ནི་གཙོ་བོར་གྱུར་པའོ།། ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་སྒྲུབ་ཐབས་གང་ཞེ་ན། སྒྲུབ་པ་ནི་རྣམ་པ་གསུམ་སྟེ། ཐོས་པ་ལས་བྱུང་བའི་ཤེས་རབ་དང་། བསམ་པ་ལས་བྱུང་བ་དང་། ་སྒོམ་པ་ལས་བྱུང་བའི་ཤེས་རབ་བོ།། དེ་ལྟ་བས་ན་དང་པོ་ཐོས་པ་ལས་བྱུང་བའི་ཤེས་རབ་སྐྱེད་པའི་ཕྱིར། ཡང་ཆོས་སྒྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ནི་འདིར་ཐོས་པའི་ཤེས་རབ་ལ་བྱའོ།། སྒྲུབ་པ་ནི་དེ ་ཉིད་ཉམས་སུ་ལེན་པའོ།། དེ་ལ་ཐོས་པ་ཇི་ལྟར་བྱ་ཞེ་ན། ཆོས་ཐམས་ཅད་དངོས་པོ་མེད་པར་སྟོན་ཀའི་ཉི་མ་ཕྱེད་ཀྱི་དཀྱིལ་ལྟ་བུ་སྤྲོས་པའི་མཐའ་དང་བྲལ་བ་དེ་ལྟ་བུར་རྟོགས་པའི་ཐབས་སུ་བྱ་བར་བསྟན་ཏོ།། ཐབས་གང་གིས ་ཞེ་ན། བསམ་པ་རྣམ་པར་དག་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པའི་ཐབས་ཀྱིས་སོ།། དེ་ལ་བསམ་པ་ནི་རྣམ་པ་བཞི་སྟེ། བདག་བསྒྲགས་པའི་བསམ་པ་མ་ཡིན་པ་དང་། རྩོད་པ་ལས་རྒྱལ་བར་འདོད་པའི་བསམ་པ་མ་ཡིན ་པ་དང་། མཚང་འདྲུ་བའི་བསམ་པས་མ་ཡིན་པ་དང་། དེའི་ཕྱིར་སེམས་ཅན་ཡོངས་སུ་བསྒྲལ་བར་དམིགས་པ་དང་། ཉོན་མོངས་པའི་དགྲ་ལས་རྒྱལ་བའི་བསམ་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད ་བའི་བསམ་པ་དང་། ཆོས་དང་ཆོས་སྨྲ་བ་ལ་གུས་པར་བྱ་བའི་བསམ་པས་མཉན་པར་བྱ་བའོ།། སྦྱོར་བ་ནི་རྣམ་པ་གསུམ་སྟེ། སྦྱོར་བ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཅན་བྱང་ཆུབ་ཀྱི་ཟིན་ཅིང་གོ་ཆའི་བརྩོན་འགྲུས་དང་ལྡན་པ ་དངོས་གཞི་འཁོར་གསུམ་རྣམ་པར་དག་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པ་དང་། རྗེས་ལ་མི་དམིགས་པས་དགེ་བ་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྟེ། ཐབས་དེ་ལྟ་བུས་མཉམ་པར་བྱའོ།། ་ཞེས་བསྟན་ཏོ།། འདི་དག་གི་མཚན་ཉིད་དུ་ནི་མདོ་སྡེ་རྒྱུན་ལ་སློབ་དཔོན་རྟ་དབྱངས་ཀྱིས་བཤད་པར་ལྟ་བར་བྱའོ།། འདིར་ནི་མདོ་ཙམ་དུ་བརྗོད་པའི་ཕྱིར་དང་པོ་སྦྱོར་བ་སྟོང་པ་ཉིད་ལ་སོགས་པ་ནི། འོད་སྲུངས་ཞེས་གསུངས་ཏེ། ་བྱང་ཆུབ་ཀྱི་ཟིན་པ་ནི་ཐམས་ཅད་མཁྱེན་པའི་རྒྱ་མཚོ་ལས་འཇུག་པར་འདོད་པའོ།། སྟོང་པ་ཉིད་དང་ལྡན་བྱས་བྲིས་པ་སོ་སོའི་སྐྱེ་བོའི་ས་ལས་འདས་པའོ།། སྙིང་རྗེ་དང་ལྡན་པས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདའོ།། ་གོ་ཆ་དང་ལྡན་པའི་བདག་གི་ཞེས་སྨོས་ཏེ། ཕའི་སྤྱོད་ཡུལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ།། མདོ་སྡེ་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཕའི་སྤྱོད་ཡུལ་དུ་བཤད་པའོ།། དངོས་པོ་འཁོར་གསུམ་རྣམ་པར་དག་པ་ལ་སོགས ་པ་ནི་རྩ་བ་མི་གཅོད་པ་ལ་སོགས་པ་ཞེས་བྱ་སྟེ། བརྩོན་འགྲུས་ཀྱི་བྱ་བ་རྣམས་བྱེད་པའི་ཕྱིར་རོ།། རྗེས་ཀྱི་ཡོངས་སུ་བསྔོ་བ་ནི། ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོག ་མི་ཤེས་པ་རྒྱ་མཚོ་ལྟ་བུ་མི་ངོམས་པའོ།། ཟག་པ་མེད་པའི་ལས་ཡོངས་སུ་སྦྱོང་བ་ལ་བསླབ་པ་དག་ཡོངས་སུ་གནས་པས་ཁ་ན་མ་ཐོ་བ་མེད་པའོ་ཞེས་གསུངས་ཏེ། ཇི་སྐད་དུ། ཤེས་རབ་རྣམ་པ་གསུམ་ལ་འཇུག ་པ་ནི། ཉེས་པ་དང་ལྟུང་བ་ཕ་མོ་དག་ལས་གྲོལ་བར་འགྱུར་ཞེས་གསུངས་པ་ལྟ་བུའོ།། བསམ་པ་ནི་རྣམ་པ་བཞི་སྟེ། བདག་བསྒྲགས་པའི་བསམ་པས་མ་ཡིན་པ་ནི། སྒྲུབ་པ་དོན་དུ་གཉེར་བས་ཞེས་གསུངས་ཏེ། སེམས་སྙོམས་པ་ནི ་བྱམས་པ་ལ་སོགས་པའོ་དེ་བས་ན་རྩོད་པའི་བསམ་པས་མ་ཡིན་པ་ནི་སོགས་པ་རྣམས་ཀྱང་རིག་པར་བྱ་སྟེ། འདིར་ནི་མཚོན་པར་ཟད་དོ།། རང་བཞིན་ཇི་ལྟ་བུ་ཞིག་མཉན་ཅེ་མ་རིག་པའི་གནས་ལྔ་ལ་མཁས་པར་བྱ་བར་གསུངས་སོ།། ་འོ་ན་ལུང་ལས་ཚུལ་གཅིག་གིས་འཚང་རྒྱ་བར་གསུངས་པ་དང་འགལ་ལོ་ཞེ་ན། དོན་དགོངས་པའི་དོན་དུ་གསུངས་པ་ཡིན་པར་རིག་པར་བྱ་སྟེ། ཇི་ལྟར་ཞེ་ན་གང་ཟག་དབང་པོ་བརྟུལ་པོ་ལ་དགོངས་པ་དང་། འཇིག་རྟེན་པའི་ལམ ་བསྐྱེད་པ་ལ་དགོངས་པ་དང་། གཞན་དྲང་བ་ལ་དགོངས་པའི་ཕྱིར་རོ།། ཡང་རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། འཕགས་མཆོག་ཅི་སེམས་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། ཞེས་གསུངས་པ་དང་། ཡང་འགལ་བར ་འགྱུར་རོ།། དེ་ནི་དྲང་བའི་དོན་ཡིན་ནོ་ཞེ་ན། གལ་ཏེ་སངས་རྒྱས་ཀྱི་གསུངས་ནི་དགོངས་པ་སྣ་ཚོགས་སུ་འཇུག་པས་རུང་བ་ཞེ་ན། བཀའ་དོན་གཏན་ལ་འབེབས་པར་བྱེད་པས་ཇི་ལྟར་གཞན་བུ་བཤད། དེ་ལྟར་ན་ནི་དོན་གཏན་ལ ་ཕབ་པར་ཡང་མི་འགྱུར་ལ། ཧ་ཅང་ཐུག་པ་མེད་པའི་ཐལ་བས་ཡང་འགྱུར་བའི་ཕྱིར་རོ།། དེ་ལྟ་བས་ན་ལྡོག་པའི་སྒོ་ནས་སྤང་བར་བྱ་བ་བསྟན་པ་ནི། འདུ་འཛིའི་གཏམ་ཉན་པ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། འདུ་འཛིའི་གཏམ་ནི་བརྟགས ་བའི་བསྟན་བཅོས་རྣམས་སོ།། མཉན་ནས་ནི་རང་གཟོ་བའི་གཏམ་མོ།། ལྷག་མ་ནི་གོ་བླ་བ་རྣམས་ཏེ། འདི་དག་ལས་དོན་དུ་འགྱུར་བ་ཅུང་ཟད་བཤད་མོད་ཀྱི་དོན་ཆེན་པོ་ཉམས་པས་ན་བར་དུ་གཅོད་པའོ།། ད་ནི་ཚུལ ་ཁྲིམས་ཅི་ལྟ་བུས་མཉན་པ་དེ་བཤད་པར་བྱ་སྟེ། དང་པོ་ཉོན་མོངས་པའི་གཉེན་པོར་འགྱུར་བར་བྱ་དགོས་པས་རྩོད་པའི་བསམ་པས་མ་ཡིན་པ་ནི། ལྷའི་བུ་ཞེས་གསུངས་ཏེ། ཆོས་ཐམས་ཅད་ལ་མི་གནས་སྒྲུབ་དངོས་པོར་ལྟ་བ ་འདོར་བ་ཏེ། དངོས་པོ་ནི་འཆིང་བའི་གནས་ཡིན་པའི་ཕྱིར་རོ།། ཇི་ལྟར་འཆིང་ཞེ་ན། དངོས་པོར་ཞེན་པ་ཡོད་ན་བདག་ཏུ་རྟོགས་པར་གྱུར་ལ། བདག་ཡོད་ན་གཞན་དུ་ཤེས་པས་དེ་ལས་ཉོན་མོངས་པ་མཐའ་དག་འབྱུང་བར་འགྱུར་ཏེ། ་བདག་ཡོད་ན་ནི་གཞན་དུ་ཤེས།། བདག་གཞན་ཆ་ལས་འཛིན་དང་སྡང་།། འདི་དག་དང་ནི་ཀུན་འབྲེལ་ལས།། སྐྱེ་བོ་ཀུན་ལས་ཉེས་ཚོགས་རྟེན།། ཅེས་བྱ་བ་ལྟ་བུའོ།། འོ་ན་དངོས་པོར་ལྟ་བ་ཉིད་ཐབས་གང་གིས་འདོར་ཞེས་དེ་ཅིའི་ཕྱིར ་ཞེ་ན་ཞེས་རྒོལ་བ་ལ་འབད་ཅིང་རྩོལ་བ་ནི་རྣམ་པར་རྟོག་པ་ཡིན་པས། བྱང་ཆུབ་སེམས་དཔའི་ཉོན་མོངས་པར་འགྱུར་ལ། འབད་པ་མེད་ཅིང་རྩོལ་བ་དང་བྲལ་བ་ནི་ཉོན་མོངས་པ་མི་སྐྱེ་བས་ན་ཆོས་མི་བྱེད་པའོ།། འོ་ན་འབད་པ་མེད ་པབཔར་ན་གྲོལ་བར་འགྱུར་རམ་ཞེ་མ་དེ་ནི་མ་ཡིན་ཏེ། འདིར་འབད་པ་མེད་ཅིང་རྩོལ་བ་མེད་ཅེས་བྱ་བ་ནི་དངོས་པོར་གྲུབ་པའི་ཉོན་མོངས་པ་སྤང་བར་རྩོལ་བར་མི་བྱ་སྟེ། དེ་ནི་ལོག་པ་ཡིན་པའི་ཕྱིར་རོ།། ཅི་ལྟར་ཞེ་ན། གལ་ཏེ་དངོས་པོ་ཉིད ་གྲུབ་པ་ཞིག་ཡོད་ན་དེ་ཐབས་གང་གིས་སེལ་བར་འགྱུར་གྲུབ་ཅེས་བྱ་བ་རང་བཞིན་ཉིད་དུ་ཁས་བླངས་ལ། རང་བཞིན་གཞན་དུ་འགྱུར་བ་མི་རིགས་ཏེ། མ་བྱས་པའི་ཕྱིར་རོ།། དེ་ལྟར་ན་སྤངས་པའི་གྲོལ་བ་ཐག་བསྲིངས་པ་ཡིན་ཏེ། ་གཉེན་པོ་མེད་པའི་ཕྱིར་རོ།། འོ་ན་ཇི་ལྟ་བུ་ཞེ་ན་མེད་པ་ལས་ཡོད་པར་རྟོག་པ་ནི་ཕྱིན་ཅི་ལོག་ཡིན་པས་ཉོན་མོངས་པའི་ཤེས་པ་བཤད་ལ། ཡོད་པའི་རྟོག་པ་དང་། བྲལ་བ་ནི་མ་འཁྲུལ་པའི་ཤེས་པས་ཞེས་བྱའོ།། འོ་ན་མེད་པར་རྟོགས ་པས་བསམ་ཞེ་ན། ཡོད་པའི་དངོས་པོ་མ་གྲུབ་ན་གང་ཞིག་མེད་པར་འགྱུར་དེས་ན་མེད་པར་རྟོག་པའང་མི་འབྱུང་སྟེ། མཐའ་ཡོངས་སུ་སྤངས་པའི་ཕྱིར་རོ།། དེ་ལྟ་བས་ན་ཉོན་མོངས་པ་དག་ནི་རྫུན་ལ་དངོས་པོར་མ་གྱུར་པ་ཡིན་པ ་མི་རྟོག་པ་ནི་བདེ་བའི་ངོ་བོ་ཉིད་དུ་གནས་པ་དེ་སྐྱེས་ན་སྣང་བས་མུན་པ་ལྟར་སེལ་གྱི། ཡུལ་གཞན་དུ་འཕོས་པ་འམ་དངོས་པོ་བཞག་པ་ལྟ་བུ་མ་ཡིན་པས་ན་ནང་གི་མུ་སྟེགས་པ་འགའ་ཞིག་དེ་ལྟ་བུར་འདོད་པ་དགག་པའི་ཕྱིར་རོ།། ་འབད་པ་དང་རྩོལ་བ་མེད་ཅེས་བསྟན་ཏོ།། རྣམ་གྲངས་གཞན་ཡང་མཉམ་པར་གཞག་པའི་དུས་ན་མི་རྟོག་པའི་ངོ་བོ་ཉིད་དུ་གནས་པ་ནི། ཡེ་ཤེས་བསྐྱེད་པའི་རྒྱུར་འཐད་ཀྱི། གཞན་དུ་ན། བྱམས་པ་ལ་སོགས་པ་ནི་རྨོངས་པ་དང ་འགལ་བའི་རྒྱུ་མ་ཡིན་གྱི་དེ་སྐད་ཅེས་བརྗོད་དོ།། མི་བྱེད་པ་ནི་ཉོན་མོངས་པ་སྤོང་བར་མི་རྩོལ་བའོ།། རྣམ་པར་མི་བྱེད་པ་ནི་གཉེན་པོ་བསྐྱེད་པ་ལ་མི་འབད་པ་སྟེ། དེའི་ཕྱིར་འདི་ལ་བསལ་བྱ་ཅི་ཡང་མེད།། བཞག་པར་བྱ་བ ་ཅུང་ཟད་མེད།། ཡང་དག་ཉིད་ལ་ཡང་དགྲ་ལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ།། ཞེས་གསུངས་སོ།། འོ་ན་མི་རྟག་པ་ཉིད་ཐབས་གང་གིས་སྐྱེད་ཅེ་ན། རྟོག་པ་ལ་བརྟེན་པས་སོ།། རྟོག་པ་ཉིད་གང་གིས་སྤོང་ཞེ་ན། མི ་རྟོག་ཉིད་ཀྱིས་ཏེ། དེའི་ཕྱིར་དམིགས་པ་ལ་ནི་བརྟེན་ནས་སུ། མི་དམིགས་པ་ནི་རབ་ཏུ་སྐྱེ།། ཞེས་གསུངས་པ་ལྟ་བུའོ།། གཉིས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་དགོས་པས། རྙེད་པ་དང་བཀུར་སྟི་བསམ་པ་ཡིན་པ ་ནི་ཆོས་རྣམས་བསྒྲུབ་པར་བྱ་འདོད་པའོ།། ཞེས་གསུངས་ཏེ། ཆོས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། སྒྲུབ་པ་ནི་དེ་ཐོབ་པར་བྱ་བའོ།། རྙེད་པ་ནི་ཡོ་བྱད་དོ།། བཀུརོ་སྟི་ནི་སྟན་འདིང་བ་ལ་སོགས་པའོ།། ཡོངས་སུ་སྦྱང ་བར་བྱ་བ་ཅིའི་ཕྱིར་ཞེ་ནཱ། མཐོང་བ་དང་མཐོང་བའི་ཡོན་ཏན་ཐམས་ཅད་འཇོམས་ཤིང་ཉེས་པ་ཐམས་ཅད་འཕེལ་བར་བྱེད་པའི་ཕྱིར་རོ།། དེ་ལ་ཡོན་ཏན་ནི་ཚུལ་ཁྲིམས་ལ་སོགས་པའོ།། ཉེས་པ་ནི་འཆལ་པའི་ཚུལ་ཁྲིམས ་ལ་སོགས་པའོ།། དེའི་ཕྱིར་གཏི་མུག་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཏི་མུག་ནི་འདིར་ཤེས་བཞིན་མ་ཡིན་པ་ལ་དགོངས་སོ།། དྲན་པ་འཇོམས་པ་ནི་སྡོམ་པའི་ཚུལ་ཁྲིམས་ཉམས་པར་བྱེད་པའོ།། བདག་གི ་དོན་ནི། ཚེ་འདིའི་བདེ་བའོ།། གཡོ་བ་བསྐྱེད་པ་ནི་སེམས་ཅན་གྱི་དོན་བྱེད་པ་ལས་ཉམས་པ་སྟེ། གཞན་སླུ་བ་ཉིད་དོ།། རྒྱགས་པ་ལ་སོགས་པ་ནི་ང་རྒྱལ་ཏེ། དེས་ཡོན་ཏན་སྦྱིན་པ་ལ་སོགས་པ་མི་སྐྱེད་ཅིང་ཉམས་པར་བྱེད ་བས་ན་དགེ་བའི་ཆོས་ཡོངས་སུ་བསྡུས་པར་མི་འགྱུར་བའོ།། སོ་སོར་ཐར་པའི་སྡོམ་པ་ལས་ཉམས་པར་བྱེད་པས་ན་གནས་མ་ཡིན་པ་སྟེ། མི་དགེ་བ་བཅུ་སྤྱོད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའི་སྡོམ་པ་ལས་ཉམས་པར་བྱེད ་བས་ན། ལྟུང་བའི་རྩ་བ་དེ་ཕམ་པ་ལྟ་བུའི་ཆོས་ཡིན་པའི་ཕྱིར་རོ།། སེར་སྣ་བསྐྱེད་པས་ན། སྔར་བཀུར་བྱེད་པ་ཞེས་སྨོས་ཏེ། ཕྱིས་མི་བྱེད་པ་ནི་ཡོངས་སུ་འཛིན་པའི་སྐྱོན་གྱིས་སོ།། སེམས་རྣམ་པར་གཡེང་བས་ན་བསམ་གཏན་དང ་ཚད་མེད་པ་ཡོངས་སུ་སྤངས་པ་སྟེ། ཚད་མེད་པ་ནི་ཚངས་པར་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ།། ལེ་ལོ་དང་ལྡན་པས་ན། ལྷག་སྤྱོད་ཀྱི་སྤྱོད་པ་དང་མཚུངས་པ་སྟེ། ལེ་ལོ་ནི་ཐོབ་པ་ཉམས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ།། ཁོང་ཁྲོ་བ་སྐྱེད ་བས་ན་རབ་ཏུ་འཇུག་པ་ཞེ་སྡང་ནི་སེམས་ལ་གནོད་པས་ན་ཚེར་མོ་ལྟ་བུ་ཡིན་པའི་ཕྱིརརོ།། འཆལ་བའི་ཤེས་རབ་ནི་འདམ་ལྟ་བུ་སྟེ། མི་ཤེས་པ་ནི་འབྱུང་ལམ་ལ་རྨོངས་པའི་ཕྱིར་རོ།། རྣམ་པར་སྨིན་པའི་འབྲས་བུ་ནི་སེམས་ཅན་དམྱའོ ་བ་ལ་སོགས་པའོ།། ལ་ལ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བསྐྱེད་པས་ན། དྲན་པ་འཇོམས་པ་དང་། རྒྱགས་པ་ལ་སོགས་པ་བསྐྱེད་པའོ།། བཀའ་ལས་འདས་པས་ན་མ་གནང་བ་ལ་སྤྱོད་པའོ།། ཚུལ་ཁྲིམས ་ཉམས་པར་བྱེད་པས་ན་དགེ་བའི་རྩ་བ་སྟོར་བར་བྱེད་པའོ།། མཐོང་བའི་ཉེས་དམིགས་ནི་ཕྱིས་མི་བྱེད་པའོ།། མ་ཐོབ་པའི་ཉམས་པ་ནི་བསམོ་གཏན་དང་ཚད་མེད་པ་ཡོངས་སུ་སྤངས་པའོ།། ཐོབ་པའི་ཉམས་པ་ནི་ལྷག་སྦྱོང ་ཆོ་ག་ལྟ་བུའོ།། ཕྲག་དོག་བསྐྱེད་པས་ཚེར་མ་ལྟ་བུའོ།། དཔྲལ་བར་དཀའ་བས་འདམ་ལྟ་བུའོ་ཞེས་ཀྱང་ཟེར་རོ།། སེམས་ཅན་ཐམས་ཅད་བསྒྲལ་བར་དམིགས་པའི་ཕྱིར་བདག་བསྒྲགས་པའི་བསམ་པ་མ་ཡིན་པ ་ནིམི་སོ་སོར་བརྟགས་ཞེས་བྱ་བ་སྟེ། སོ་སོར་བརྟགས་ནས་ཞེས་བྱ་བ་ནི། སེམས་ཅན་ཡོངས་སུ་ཐར་བར་བྱ་བ་ནི་དམིགས་པར་སྤྱད་ནས་སོ།། འདོད་པ་ནི་བདག་གི་ཡོན་ཏན་ནོ།། ཆུང་བ་དེ་བསྒྲགས་པའི་བསམ་པ་གཏང་ནས་སོ།། ། ་བཟློག་པའི་སྒོ་ནས་དཔེ་དྲང་བ་ནི། ཤིང་ནྱ་གྲོ་ཏའི་དྲུང་ན་ཞེས་སྨོས་སོ།། གྲོང་རྡལ་ནི་ཚེང་འདུས་ཀྱི་ཁྱིམ་མོ།། དྲང་བ་ནི་འདོད་པ་ཆུང་བའོ།། ངེས་པ་ནི་ངང་འཇམ་པའོ།། དེ་ལྟར་ཉེས་དམིགས་ཀྱི་སྒོ་ནས་སྤང་བར་བྱ་དགོས་པས་ན་མི་ཟད ་པབ་ཞེས་བྱ་སྟེ། མ་རུངས་པའོ།། བརྙས་པ་ནི་ཁྱད་དུ་གསོད་པའོ།། གྲགས་པ་ནི་སྙན་པ་བརྗོད་པའོ།། ཆོས་དང་ཆོས་སྨྲ་བ་ལ་གུས་པར་བྱ་དགོས་པས། ཆོས་ཀྱི་མཁན་པོའི་མཚང་འདྲ་བའི་བསམ་པས་མ་ཡིན་པ་ནི། གཡོང ་སྦྱར་ཡང་ཡོངས་སུ་སྤང་བར་བྱ་བ་ཞེས་བྱ་བ་སྟེ། ཡོན་ཏན་ལ་སོགས་པ་ཐོབ་པར་འདོད་པའི་རེ་བའི་ཡིད་ཀྱིས་ཚུལ་གཞན་དུ་སྦྱར་བ་ནི་བསླུ་བྱས་ན་གཡོའོ།། དྲང་པོར་མི་བྱེད་པས་ན་སྐྱའོ།། དེ་ཉིད་ལྡོག་པའི་སྒོ་ནས་བསྟན ་པ་ནི་བར་དུ་གཅོད་པ་ནའོ་ཞེས་བྱ་བའོ།། ཡོངས་སུ་སྤང་བར་ནི་ཆོས་དང་ཆོས་སྨྲ་བ་ལ་གུས་པ་བསྐྱེད་པར་བྱ་བའི་ཕྱིར་རོ།། དེའི་ཕྱིར་ལུང་ལས་ཀྱང་། ཆོས་ལ་ནི་སྨན་གྱི་འདུ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྗེས་སུ ་འགྲོ་བའི་སྒོ་ནས་བསྟན་པ་ནི། གཞིའང་གཉིས་ཏེ་ཞེས་བྱ་བ་སྟེ། དྲང་པོ་དང་གཡོ་མེད་པ་ནི་གསང་མཚང་འབྲུ་བའི་བསམ་པས་མ་ཡིན་པའོ།། དེ་ལྟར་ཆོས་ཉན་པའི་ཚུལ་དེ་ལྟ་བུས་ཡུལ་ནས་གང་ལ་མཉན་ཅེ་ན། ཡོངས་སུ་འཛིན་པའི ་ཁྱད་པར་བསྟན་པ་ལ་ནི་ནན་ཏན་སྒྲུབ་པར་འདོད་པས་ཞེས་གསུངས་པས་ཏེ། ནཱན་ཏན་དུ་བྱ་བ་ནི་བསྒྲུབ་པའི་དོན་ལའོ།། ཡོངས་སུ་འཛིན་པ་ལས་ཅིའི་ཕྱིར་ཞེ་ན། ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་ནི་ལུང་གཙོ་བོ་ཡིན་ཏེ། མངོན་སུམ་དང ་རྗེས་དཔག་པ་མི་འཇུག་པའི་ཕྱིར་རོ།། འོ་ན་བྱང་ཆུབ་སེམས་དཔའ་བྱོཐོས་པ་དྲི་མ་མེད་པའི་གཟི་རྗིད་དང་ལྡན་པ་ནི་ཆོས་རི་སྲུལ་དང་། ཀ་བ་དང་། རྩིག་པའི་ནང་དག་ཏུའང་འབྱུང་བར་འགྱུར་རོ་ཞེས་བསྟན་པས་ཡོངས་སུ་འཛིན་པ ་ཇི་ལྟར་བསྔགས་དེ་ནི་ལྷག་པའི་བསམ་པ་རྣམ་པར་དག་པའི་ཕན་ཡོན་དུ་བསྟན་མོད་ཀྱི། འདིར་ལས་དང་པོ་པ་དག་དཀར་པོ་ཡོངས་སུ་འཛིན་པ་ལ་མ་བརྟེན་པ་མ་ཐབས་གང་གིས་འཇུག་པར་འགྱུར། རང་གི་སྤྱོད་པས་སོ།། ཞེ་ན། ་གལ་ཏེ་ལྷག་པའི་བསམ་པ་རྣམ་པར་དག་པ་ལ་འདོད་པ་ཁོ་ན་སྟེ། རྟོགས་པ་རང་སྐྱེ་བར་སྔར་བསྟན་ཏོ།། དེ་མ་ཡིན་པ་ལ་ནི་ཅི་ལྟར་རུང་། ལུང་ཅུང་ཟད་ལ་བརྟེན་པ་ལ་སོགས་པ་ཡང་མ་ཡིན་ཏེ། ཅི་ལྟར་རྟོག་གེ་བརྟེན་ཅིང ་མ་ངེས་ལ།། མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན།། བྱིས་པ་ལ་ནི་བརྟེན་པས་ན།། དེ་ཕྱིར་དེ་ནི་ཡུལ་མིན་འདོད་ཅེས་བྱ་བ་ལྟ་བུའོ།། ལུང་ཅི་ཞིག་དགོངས་ཞེ་ན། དེ་ཡང་མ་ཡིན་ཏེ། ལུང་མེད་པའི་རྟོག་གིས་ནི་སྣང་བའི་དོན་ཀྱང་རྟོགས་པར ་མི་ནུས་ན། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་ལྟ་ཅི་སྨོས། འཕགས་པ་ཐོགས་མེད་ཀྱང་། ལུང་མ་རྟོགས་པར་རྟོགས་གེ་ལ། ཆོས་རྣམས་རྣམ་པར་གནས་མ་ཡིན་ཞེས་གསུངས་སོ།། གལ་ཏེ་རྟོགས་ཤིང་ཁང ་དུ་ཆུང་བ་ཉིད་ན་དེ་ཉིད་ཀྱིས་སོ་ཞེ་ན་དེ་ཡང་མ་ཡིན་ཏེ། འཇིག་པའི་ཚུལ་དུ་ཡང་། རིག་པ་གླེགས་བུམ་ལ་བསླབས་ཤིང་།། བླ་མའི་ཁ་ནས་མ་ཡིན་པ། མང་པོའི་ནང་དུ་མི་མཛེས་ཏེ། འཕྱོན་མའི་བུད་མེད་སྦྲུམ་མ་བཞིན་ཞེས ་འབྱུང་ན། ཤིན་ཏུ་ལྐོག་ཏུ་གྱུར་པའི་དོན་ལ་དགེ་བའི་བཤེས་གཉེན་མེད་པར་ནི། ལུང་ལུས་གྲུ་ཡི་སྐྱེ་བ་འཛིན་མེད་པས།། རྒྱ་མཚོའི་ངོགས་སུ་ཕྱིན་མི་འགྱུར།། དེ་བཞིན་བླ་མ་མེད་པ་ཡི། སྒྲུབ་པས་སྲིད་པའི་མཐར་མི ་ཕྱིན། ཅེས་བྱ་བ་གསུངས་པ་ལྟ་བུ་དང་། ཡང་འཕགས་པ་ནོར་བཟངས་ཀྱིས་དགེ་བའི་བཤེས་གཉེན་སྟོང་གི་བརྒྱ་ལས་འདས་པ་བཙལ་བ་ཡིན་པའི་ཕྱིར་དང་། ཡང་དགེ་བའི་བཤེས་གཉེན་ནི་སྲོག་གི་ཕྱིར་ཡང ་བཏང་བར་མི་བྱ་ཞེས་གསུངས་པ་ནི། ཡོངས་སུ་འཛིན་པ་ངེས་པར་བསྟན་པར་བྱ་དགོས་སོ།། དགོས་པ་ཆེན་པོ་དང་ལྡན་པའི་ཡོངས་སུ་འཛིན་པ་དུ་ཞེ་ན། དེ་ནི་རྣམ་པ་གཉིས་ཏེ། བླ་ན་ཡོད་པའི་དགེ་བའི་བཤེས ་གཉེན་དང་། བླ་ན་མེད་པའི་དགེ་བའི་བཤེས་གཉེན་ནོ།། དང་པོ་ནི་རྣམ་པ་གཉིས་ཏེ། ལུང་དང་ལྡན་པ་དང་། སྒྲུབ་པ་དང་ལྡན་པའོ།། དེ་ལ་ལུང་དང་ལྡན་པ་ནི་འདམས་པ་ཕྱིན་ཅི་མ་ལོག་པ་དང་ལྡན་པའོ།། སྒྲུབ ་བ་དང་ལྡན་པ་ནི་ཕུན་སུམ་ཚོགས་དེའི་དགེ་བའི་བཤེས་གཉེན་ནོ།། དེ་གང་ཞེ་ན་ཆོས་རྣམ་པ་བཞི་དང་ལྡན་པ་ལ་བྱ་སྟེ། འདོད་པ་ཆུང་ཤིང་ཆོག་ཤེས་པ་དང་། སྙིང་རྗེས་རྗེས་སུ་འཛིན་པ་དང་། སོ་སོར་ཐར་པ་དང་། བྱང་ཆུབ་སེམས ་དཔའི་སྡོམ་པ་དང་ལྡན་པ་དང་། ཤེས་རབ་ཕུན་སུམ་ཚོགས་པ་ཉིད་དོ།། ལ་ལ་ན་རེ་དུལ་བ་ལ་སོགས་པ་ཆོས་རྣམ་པ་བཅུ་བཤད་པ་ལ་བྱའོ་ཞེས་ཟེར་རོ།། ལ་ལ་ན་རེ་མང་དུ་ཐོས་པ་ལ་སོགས་པ་ཆོས་རྣམ་པ་ལྔ་དང་ལྡན་པའོ་ཞེས ་ཟེར་རོ།། ལ་ལ་ན་རེ་སྡོམ་པ་ལ་སོགས་པ་ཆོས་རྣམ་པ་ལྔ་དང་ལྡན་པའོ་ཞེས་ཟེར་རོ།། ལ་ལ་ན་རེ་ཚུལ་ཁྲིམས་དང་ལྡན་པར་གནས་པ་ལ་སོགས་པ་ཆོས་རྣམ་པ་བདུན་དང་ལྡན་པ་ལ་བྱའོ་ཞེས་ཟེར་རོ།། ལ་ལ་ནེ་རེ་ཚུལ་ཁྲིམས་འཆལ ་བ་ལ་སོགས་པ་སྐྱོན་རྣམ་པ་གསུམ་དང་མི་ལྡན་པ་ནི། ཕུན་སུམ་ཚོགས་པའི་དགེ་བའི་བཤེས་གཉེན་དུ་འདོད་དོ།། དེ་ལ་ལུང་ལྡན་པ་ནི་ལུང་ལེན་པའི་དགེ་བའི་བཤེས་གཉེན་ནོ།། སྒྲུབ་པ་དང་ལྡན་པའི་དགེ་བའི་བཤེས་གཉེན་ནོ།། དེ ་ལྔ་ལུང་ལས་ནི་ལུང་ལེན་པ་འབའ་ཞིག་གོ།། སྒྲུབ་པ་དང་ལྡན་པ་ནི་ལུང་དང་སྒྲུབ་པ་གཉིས་སོ།། ལུང་དང་ལྡན་པ་དང་། སྒྲུབ་པ་དང་ལྡན་པ་རེ་རེས་ཀྱང་གཉིས་ཀ་འགྲུབ་པོ།། གཉིས་ཀྱིས་ནི་རེ་རེས་བསྒྲུབ་པ་མ་ཡིན་ནོ།། དེའི་ཕྱིར་འདི ་ཚིགས་སུ་བཅད་པ། ལག་གཉིས་དང་པོ་གཉིས་པ་དང་། དེ་ཡི་གཉེན་པོའི་དབྱེ་བ་ནི།། དུས་དང་མདའ་ནི་རྣམ་པ་གཉིས།། མདའ་ནི་རེ་རེ་དྲང་སྲོང་དང་།། ཡོན་ཏན་དག་སྟེ་དུས་གཞན་གྱིས།། འདོད་པ་མ་སྤོང་གོ་བྱའི་ཕྱིར།། བསྟན ་གྱི་ལག་པ་གཉིས་ཀྱི་ལས།། བསྡུས་ཏེ་རྣམ་པ་རེ་རེ་གཉིས། བསྡུ་བའི་ཚིག་སུ་བཅད་པའོ།། དེ་ལ་གཙོ་བོ་ཡིན་པས་སྒྲུབ་པ་ཞེས་སྨོས་སོ།། དེ་ལ་དགེ་བའི་བཤེས་གཉེན་བསྟེན་པའི་མཚན་ཉིད་བསྟན་པ་ནི། དཔལ ་འབྱུང་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ། དང་པོ་བསྟེན་པའི་དངོས་པོར་བསྟན་པ་ནི། རག་ལས་པའོ་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱོད་པ་ནི་ཚུལ་ཁྲིམས་ལ་སོགས་པ་ནི་རྣ་བའི་དབང་པོ་ཡུལ་མ་གྲགས་པའོ།། སྒྲུབ་པའི་དབང ་དུ་བྱས་ནས། ཡོན་ཏན་ཡོངས་སུ་རྫོགས་པར་བྱ་བ་ཞེས་གསུངས་ཏེ། ཡོན་ཏན་ནི་ཐོས་པ་ལ་སོགས་པའོ།། ཡོངས་སུ་རྫོགས་པ་ནི་མ་མ་བ་མེད་པའོ།། དེ་ལྟར་སྒྲུབ་པ་དང་ལྡན་པ་ནི་འཇིག་རྟེན་ལས་འདས་པའོ།། གནས་སྐབས་རྣམས ་སུ་ཡོན་ཏན་གྱི་ཚོགས་སྐྱེ་བ་ནས་གནས་སྐབས་ཐམས་ཅད་དུ་ཡོངས་སུ་འཛིན་པའི་ཁྱད་པར་གྱིས་དང་པོར་འཇིག་རྟེན་པའི་ལམ་དུ་བསྐྱེད་པ་ཞེས་བྱ་བ་སྟེ། དགེ་བའི་རྩ་བ་ནི་སྦྱིན་པ་ལས་བྱུང་བ་ལ་སོགས་པ་ཤེས་རབ་ཀྱིས ་ཡོངས་སུ་ཟིན་པའི་ཁྱད་པར་རོ།། བསླབ་པ་ནན་ཏན་དུ་བྱ་བ་ནི་སྤྲོ་བའི་ཁྱད་པར་ཏེ། བརྩོན་འགྲུས་ཀྱིས་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་ལ་སོགས་པའོ།། ལྷག་པའི་བསམ་པ་ཡོངས་སུ་དག་པ་ནི། སེམས་པའི ་ཏིང་ངེ་འཛིན་ལ་སོགས་པའོ།། ཞི་གནས་དང་ལྷག་མཐོང་གི་ཁྱད་པར་རོ།། བསོད་ནམས་བསགས་པ་ནི་དད་པ་ལ་སོགས་པའི་དབང་པོས་ཁྱད་པར་དུ་བྱས་པའོ།། བྱང་ཆུབ་ནི་ཇི་ལྟ་བ་ལ་སོགས་པ་ཤེས་པའི་ཡེ་ཤེས་ཏེ། དེ་དང ་རྗེསུ་མཐུན་པས་ན་མགུ་བར་བྱེད་པ་དད་པ་ལ་སོགས་པའི་ཁྱད་པར་བྱས་པའོ།། ངན་སོང་དུ་མི་ལྟུང་བ་ནི་བཟོད་པའི་གནས་སྐབས་སུ་སོང་བའི་མྱ་ངན་ལས་འདས་པ་སྟེ། ཟིན་པ་ནི་རང་བཞིན་མེད་པ་རྟོགས་པའི་ཁྱད་པར་རོ།། ཐེག་པ་ཆེན་པོ ་ནི་སྟོང་པ་ཉིད་ལ་བྱ་བར་དགོངས་ཏེ། དེའི་ཁྱབ་པར་ཆོས་ཐམས་ཅད་ལ་བདག་མེད་པར་ཡིད་ཆེས་པ་ནི་མི་ལྡོག་པའོ།། འཇིག་རྟེན་ལས་འདས་པའི་གནས་སྐབས་དང་པོ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པས་ན། སོ་སོའི་སྐྱེ་བོའི་ས་སྟེ། ་ཀུན་ཏུ་སྦྱོར་བ་གསུམ་ལ་སོགས་པ་ཟད་པས་ན། ཡོངས་སུ་འདའ་བའོ།། བསླབ་པ་ནི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པའི།། འགལ་བ་ནི་སྲོག་གཅོད་པ་ལ་སོགས་པ་སྟེ།། དེའི་ཉེས་པ་མི་སྤྱོད་པས་ནས་མི་བྱེད་པའོ།། ཉན་ཐོས་དང ་རླུང་སངས་རྒྱས་ཀྱིས་ངེས་པ་ནི་བདག་མེད་རྟོགས་པའི་ཤེས་རབ་སྟེ། ལྷག་པའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མི་འཇུག་པའོ།། ལཱམ་ནི་སྡུག་བསྔལ་ཤེས་པའི་མཚན་ཉིད་ལ་སོགས་པ་སྟེ། དེའི་མི་མཐུན་པའི་ཕྱོགས་ལུས ་ཀྱི་གཙང་བར་འཛིན་པ་ལ་སོགས་པ་ནི་གོལ་བའོ།། ཡོངས་སུ་བསྲུང་བི་ནི་རང་གིས་ཤེས་པ་བསྐྱེད་པར་བྱེད་པས་སོ།། ཆོས་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ།། ཆར་རབ་ཏུ་འབེབས་པ་ནི་ཤེས་རབ་ཀྱིས་སྟོབས་བསྐྱེད ་བས་སོ།། དེའི་ཕྱིར་འཕགས་པ་ཉིད་ཀྱིས་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི།། གསུང་གི་མཛོད་ཀྱི་གཅེས་པ་བབ་མོས་ཏེ།། ཞེས་གསུངས་སོ།། སངས་རྒྱས་ཀྱི་ཆོས་ནི་དྲན་པ་ཉེ་བར་བཞག་པ་ལ་སོགས་པ ་རྣམས་སོ།། གནས་པར་བྱེད་པ་ན་སྔ་མ་ལྟར་རང་གིས་ཤེས་རབ་བསྐྱེད་པས་སོ།། ཕན་པ་ནི་མཚན་མ་མེད་ཅིང་བརྩོལ་བ་དང་བཅས་པའོ།། རྒྱ་ཆེན་པོ་ནི་མཚན་མ་མེད་པ་སྟེ། མཚན་མ་ནི་རྒྱ་ཆུང ་བའི་ཕྱིར་རོ།། སངས་རྒྱས་ཀྱི་རིགས་ནི་སྔར་བཤད་པ་རྣམས་སོ།། ཡང་སངས་རྒྱས་ཀྱི་རིགས་ནི་མཚན་མ་མེད་པར་རྟོགས་པའོ།། བསྐྱེད་པ་ནི་ལྷུན་གྱིས་གྲུབ་པ་སྟེ། ངང་གིས་འབྱུང་བས་མ་ལྟ་བུའོ།། སྡིག་པ་ནི་མི་ཤེས ་པའི་རྣམ་གྲངས་ཏེ། དོན་ལ་རྨོངས་པ་ལ་སོགས་པ་ནི་སྡིག་པའོ།། སོ་སོ་ཡང་དག་པར་རིག་པ་རྣམ་གྲངས་དང་མཚན་ཉིད་ལ་རྨོངས་པ་སེར་བས་ན་བསྲུང་བ་སྟེ། སོ་སོ་ཡང་དག་པར་རིག་པའི་གོང་དུ་བསྐྱེད་པས་མ་མ་ལྟ་བུའོ།། ་འཁོར་བ་ནི་ཕུང་པོ་ལྔའི་རང་བཞིན་ཏེ། སྡུག་བསྔལ་བརྒྱུད་པའི་ཕྱིར་རོ།། ཆུ་བོ་ནི་ཁྱེར་བྱར་བྱེད་པ་སྟེ། རྒྱུ་དང་འབྲས་བུའི་ཆོས་རྣམས་སོ།། སྒྲོལ་བ་ནི་ཕྲིན་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་དང་འདྲ་བའི་ཕྱིར ་རོ།། དེའི་ཕྱིར་སྣ་བཅུ་པ་ལཱ་ནི་སངས་རྒྱས་སྣོད་དུ་བེཛྙཱད་དྲྀནའོ།། རྣམ་པ་ཐམས་ཅད་ཀྱི་མཆོག་མ་ཁྱེན་བྱས་ན་ཐམས་ཅད་མཁྱེན་པའོ།། ཀུན་རྫོབ་མཁྱེན་པས་ན་ཡེ་ཤེས་སོ།། གླིང་ནི་འཁོར་བའི་སྡུག་བསྔལ་ཡོངས ་སུ་ཆད་པའོ།། རིན་པོ་ཆེ་སྔར་བཤད་པའི་འདྲ་བའི་ཕྱིར་དཔེར་བརྗོད་པ་ནི་ཕྲིན་ལས་ལ་བྱའོ་ཁ་ཅིག་ཟེར་རོ།། ལ་ལ་ནི་ཡོན་ཏན་མཐའ་དག་གི་དཔེ་ཡིན་པར་འདོད་དོ་དེ་ལྟར་ཚོགས་ཀྱི་ས་ནས་མཐར་ཕྱིན་པའི་བར་དུ ་ཡོན་ཏན་མཐའ་དག་སྐྱེ་བ་ནི་ཡོངས་སུ་འཛིན་པའི་དབང་ལས་འབྱུང་བར་རིག་པར་བྱ་སྟེ། འདིར་ནི་མདོར་བསྡུས་ཏེ་བསྟན་གྱི་ཞིབ་ཏུ་འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་ཤེས་པར་བྱའོ།། ཡོངས་སུ་འཛིན་པའི་ཕན་ཡོན་གྱི ་དོན་བཤད་པ་ནི་སློབ་དཔོན་རྩཝ་དབྱངས་ཀྱིས་མདོ་སྡེའི་བརྒྱན་དུ་བཤད་པར་རིག་པར་བྱའོ།། མོས་པས་སྤྱོད་པ་ནས་མཐར་ཕྱིན་པའི་སའི་བར་དུ་ཡོན་ཏན་གྱི་ཆོས་རྣམས་ཡོངས་སུ་སྦྱར་བ་ནི། འཕགས་པ་ཐོགས་མེད་ཀྱི་བྱང ་ཆུབ་སེམས་དཔའི་ས་ལས་ཤེས་པར་བྱའོ།། ས་དང་པོ་ནས་མཐར་ཕྱིན་པའི་སྐུའི་བར་དེ་ཉིད་ཀྱི་རྒྱས་པ་ནི་ས་བཅུ་པ་ལས་རིག་པར་བྱའོ།། འདིར་སྨྲས་པ། མདོ་སྡེ་རྣམས་སུ་སངས་རྒྱས་འབྱུང་བ་རྙེད་པར་དཀའ་བ་ལ་སོགས ་པ་མང་དུ་གསུངས་ཤིང་། མདོ་གཅིག་ཏུ་ཡང་དཔེས་མཚོན་ན་སེམས་བསྐྱེད་པའི་ཕན་ཡོན་ལ་སོགས་པ་མང་དུ་འབྱུང་བ་ལས། མདོ་གྲངས་འགའ་ཞིག་ཏུ་འཆང་བ་དང་། སེམས་བསྐྱེད་པའི་ཕན་ཡོན་ལ་སོགས་པ་གྲངས ་སུ་ཆད་པ་བསྡུས་པའི་དགོངས་པ་གང་ཡིན་པ་བརྗོད་དགོས་སོ་ཞེ་ན། ལ་ལ་ན་རེ་ཕྱོགས་མཚོན་པ་ཡིན་ནོ་ཞེས་ཟེར་རོ།། ལ་ལ་ན་རེ་མདོ་དུ་མ་དང་གཅིག་ཏུ་བཤད་པ་བསྡུས་པསོ་ནི་མཐའ་དག་པ་ཡིན་ལ་སེམས་བསྐྱེད ་པའི་ཡོན་ཏན་ལ་སོགས་པ་ནི་ཕྱོགས་མཚོན་པ་ཡིན་ནོ།། ཞེས་བཤད་དོ།། ལ་ལ་ན་རེ་དོགས་པའི་དབང་གིས་དོན་དུ་མ་དང་གཅིག་ཏུ་བཤད་པ་ཡིན་ལ་ཕྱོགས་མཚོན་པ་རྣམས་ནི་སོགས་པའི་སྒྲ་དང་ལྡན་པ་གང ་འབྱུང་བ་ལ་ཇི་ལྟར་རིགས་པར་སྦྱར་རོ།། མདོ་སྡེ་ལས་མང་དུ་གསུངས་པ་ཉུང་ངུ་བསྒྲངས་པ་རྣམས་ནི་སྐྱེས་བུའི་དོན་འགྲུབ་པའི་རྒྱུར་འགྱུར་བ་རྣམས་ཡིན་ནོ།། དེའི་ཕྱིར་ཕྱོགས་ཚད་ཀྱི་འདོད་པ་རྣམས་ལ ་རིགས་པ་དང་ལུང་གང་ཡང་མེད་དེ། འདིར་ནི་གཞུང་མངས་ཀྱི་དོགས་འཇིགས་པས་མ་སྤྲོས་ཏེ། བཟློག་པ་གནོད་པ་མེད་པ་ཡང་དེ་བཞིན་ནོ།། དེ་བཞིན་དུ་མཚན་པ་ཡང་ཇི་ལྟར་རིགས་པར་ཤེས་པར་བྱའོ།། ཞེས་བླ་མ་བརྒྱུད་བ ་ལས་བདག་གིས་ཐོས་སོ་ཞེས་ཟེར་རོ།། དེ་ལྟར་ཕན་ཡོན་དང་ལྡན་པའི་ཡོངས་སུ་འཛིན་པའི་བསྙེན་བཀུར་བར་གདམས་པ་ནི། དེ་ལྟར་ཡིད་ལ་བྱ་བསྲུན་མ་ཆད་པས་བསྟེན་པར་གྱིས་ཤིག་ཅེས་གསུངས་ཏེ། ཡིད་ལ་བྱ་བ་ནི ་ཡོན་ཏན་གྱི་སྒོ་ནས་སོ།། ཅི་ལྟར་བསྟེན་ཅེ་ན། རྣམ་པར་དག་པའི་སྒོ་ནས་ནི་ས་ལྟ་བུའི་སེམས་དང་ཞེས་བྱ་བ་ལ་སོགས་པ་སྟེ། ཁུར་ནི་དམ་བཅས་པའི་དོན་ནོ།། བཀུར་བ་ནི་རྗེས་སུ་སྒྲུབ་པའོ།། མི་སྐྱོན་པ་ནི་སུན་པར་མི་བྱ ་བྱའོ།། མི་ཕྱེད་པ་ནི་བདུད་དང་བདུད་ཀྱི་རིགས་ཀྱིས་བྱིན་གྱིས་བརླབས་པའི་གང་ཟག་གི་རྗེས་སུ་མི་འཇུག་པའོ།། སྡུག་བསྔལ་ནི་ཐ་མལ་བའི་ལས་ཀྱིས་དུབ་པའོ།། མི་འགུལ་བ་ནི་གཡོ་བར་མི་ནུས་པའོ།། ཅི་དགའ་བ ་ན་ཅི་ལྟར་དགྱེས་པར་བྱའོ།། མི་ཁྲོ་བ་ནི་གུས་པའི་ཕྱིར་རང་བསྟེན་པའོ།། ཅི་ལྟ་བུས་ཤེ་ན་སྔར་བསྟན་པ་ལྟར་གུས་པའི་སེམས་ནི་བདག་ནི་དད་པར་འདུ་ཤེས་བསྐྱེད་པའི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། ་དགེ་བའི་བཤེས་གཉེན་ཁོ་ན་ལ་གུས་པ་ཅིའི་ཕྱིར་ཞེས་ཏེ། ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཞེས་ཕན་ཡོན་བསྟན་པ་ནི། རིགས་ཀྱི་བུ་ཞེས་བྱ་བ་ལ་སོགས་པ་སྟེ། རི་གངས་ཅན་ནི་སྨན་སྣ ་ཚོགས་ཀྱི་གནས་ཡིན་པས། དེ་དག་ཡོངས་སུ་འཕེལ་བ་ལྟར་དགེ་བའི་བཤེས་གཉེན་ཡང་ཡོན་ཏན་ཐམས་ཅད་སྐྱེ་བའི་གནས་ཡིན་པས་གོང་དུ་འཕེལ་བ་ནི་རྣམ་པར་འཕེལ་ལོ་ཞེས་གསུངས་སོ།། རྒྱལ་མཚོ་ཆེན་པོ་ཆུ ་ཡོངས་སུ་འཛིན་པ་ལྟར་དགེ་བའི་བཤེས་གཉེན་ཡང་ཡོན་ཏན་གྱི་སྣོད་ཡིན་པར་བསྟན་པ་ནི་སྣོད་དུ་འགྱུར་རོ།། ཞེས་གསུངས་སོ།། དེ་ལྟར་མ་ཐོབ་པའི་ཡོན་ཏན་ཐོབ་པ་དང་། ཐོས་པ་མི་ཉམས་ཤིང་འཕེལ་བའི་ཁྱད་པར ་བསྟན་ནས་དེ་ཉིད་མདོར་བསྡུ་བ་ནི་མདོར་ན་ཞེས་གསུངས་ཏེ། ཐོབ་པ་ནཱི་རྙེད་པའོ།། ཆོས་ནི་སྟོབས་ལ་སོགས་པ་སྟེ། ཡོངས་སུ་འགྲུབ་པ་ན་མི་ཉམས་པའོ།། ཁ་ན་ལུས་པ་ནི་ལུང་ལས་སོ།། བྱུང་བ་ནི་སྒྲུབ་པ་དང་ལྡན་པ་ལྔསོ།། ་དེ་ནི་ཡོན་ཏན་ཉམས་པ་སོར་ཆུད་པར་བྱེད་པའི་ཕན་ཡོན་བསྟན་པ་ནི། འོད་སྲུངས་ཞེས་གསུངས་ཏེ། ཤིང་ལེབ་ནི་གྲུའི་ཚལ་པ་ཅི་ཡང་རུང་བ་འམ་མི་རོ་ལ་སོགས་པའོ།། འགྲམ་ནི་ངོགས་སོ།། དཔེ་དེ་ཉིད་སྦྱར་བ་ནི་དེ ་བཞིན་དུ་ཞེས་པ་སྟེ། ཐམས་ཅད་མཁྱེན་པའི་སེམས་ནི་རྫོགས་པའི་བྱང་ཆུབ་འདོད་པའི་སྨོན་པའི་སེམས་སོ།། ཞིག་པའི་སེམས་ནི་ཉམས་པར་བྱེད་པའི་ཆོས་བཞི་ཐུན་ཚོད་ལས་འདས་པ་དང་། སེམས་ཅན་ཡལ ་བར་དོར་བ་དང་། བྱང་ཆུབ་ཏུ་སྨོན་པ་བཏང་བའོ།། བྱང་ཆུབ་ནི་འབྲས་བུ་སྟེ་ཐོབ་པར་བྱ་བའོ།། ཉམས་པ་ནི་རྒྱུ་རུ་སྤང་བའི་ཕྱིར་རོ།། འོན་ཀྱང་ཡོངས་སུ་འཛིན་པ་ལ་བརྟེན་ནས། སོར་ཆུང་བར་འགྱུར་བ་ནི། གང་ཞེས ་ངས་པ་ཡིན་ནོ།། ཐམས་ཅད་མཁྱེན་པའི་སེམས་རབ་ཏུ་ཐོབ་པ་ནི། མོས་པས་སྦྱོང་པའི་ལས་སོ།། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུས་བཅུ་ལས་འདས་ནས་སོ།། ཆོས་ཀྱི་དབྱིངས་ནི་ཆོས་ཐམས ་ཅད་ཀྱི་སྟོང་པ་ཉིད་དོ།། ཕྱིན་པ་ནི་མངོན་དུ་མཛད་པ་སྟེ། མངོན་པར་སངས་རྒྱས་པའོ།། དེ་ཉིད་མདོར་བསྡུས་པ་ནི། དེ་བས་ན་ཞེས་གཏན་ཚིགས་སུ་བསྟན་པས་དོན་བསྡུས་པ་ཡིན་ནོ།། དེ་ལྟར་བླ་ན་ཡོད་པའི་དགེ་བའི་བཤེས ་གཉེན་བརྟེན་པ་ཕན་ཡོན་དང་བཅས་པ་བསྟན་པའོ།། བླ་ན་མེད་པའི་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་བསྟན་པ་མི་བླ་ན་མེད་པ་ཞེས་གསུངས་ཏེ། འདིར་ཡོངས་སུ་འཛིན་པའི་ཁྱད་པར་གཉིས་སྨོས་པ་ཅིའི་ཕྱིར་ཞེ་ན། ་གོང་དུ་སེམས་བསྐྱེད་པའི་ཡུལ་གཉིས་བསྟན་པའི་ཕྱིར་ཏེ། ཡུལ་ཡོད་པ་ལས་བླང་བ་ནི་བསྒྲུབ་པའི་དགེ་བའི་བཤེས་གཉེན་གྱིས་བྱ་བར་བསྟན་ཏོ།། ཡུལ་མེད་པ་ལས་བླང་བར་བསྟན་པ་ནི་བླ་ན་མེད་པའི་བཤེས་གཉེན ་གྱིས་སོ།། ཡོད་པ་དང་མེད་པ་ཉིད་ཇི་ལྟ་བུ་ཞེ་ན། གལ་ཏེ་དོན་ཆེན་པོ་ཉམས་པར་འགྱུར་བས་ངེས་པ་ལས་ནི་རྒྱང་གྲངས་ཀྱི་མཐར་ཡང་མེད་པ་ཉིད་དོ།། མ་ངེས་པ་ལས་ནི་དཔག་ཚད་བརྒྱའི་ཕ་རོལ་ཏུ་ཡང་ཡོད་པ་ཉིད ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ཅི་དངོས་པོའི་སྟོབས་ཀྱིས་སམ་འོན་ཏེ་བསམ་པའི་དབང་གི་འདོད་ཅེ་ན། དངོས་པོའི་སྟོབས་ཀྱིས་ཏེ། ཐེག་པ་ཆེན་པོ་ནི་དངོས་པོའི་དབང་གི་བཞག་པར་འདོད་ཀྱིས་བསམ་པའི་དབང་གིས ་ནི་མ་ཡིན་ནོ།། དེ་ཅི་ལྟར་ཤེས་ཞེ་ན། ལུང་བརྒྱུད་པ་ལས་ཏེ། གལ་ཏེ་བསམ་པའི་དབང་གིས་འགྲུབ་ན་གང་ལ་འདུ་ཤེས་ཉེ་བར་བཞག་པ་དང་མ་བཞག་པ་དང་མ་བཞག་པ་ལས་ཡོན་ཏན་དང་ཉེས་པ་དངོས ་པོའི་དབང་གིས་ཇི་ལྟར་བཞག་འདུ་ཤེས་གཙོ་ཆེར་བྱེད་པ་པོ་ཡིན་པ་ལ་ནི་དངོས་པོའི་སྟོབས་ཀྱིས་འཇིག་པར་མི་རིགས་ཏེ། དཔེར་ན་ནང་ཡོངས་སུ་སྨིན་པ་ལས་ཕྱི་མ་སྨིན་པའི་དབང་གིས་ལོག་པར་སྒྲུབ་པ་ལས་འབྲས་བུ་མ་རུངས ་བར་བཤད་པའི་ཕྱིར་ལ། དེ་བཞིན་མཐོང་བ་ལ་སོགས་པའི་གཞི་ནི་ཐེག་པ་ཆེན་པོ་ལ་མེད་དེ། དངོས་པོ་ལ་ཉེས་པ་དང་ལྡན་པས་ན་དེར་མ་ཉེས་ཀྱང་བར་ཆད་ཇི་ལྟ་བ་བཞིན་དུ་བྱེད་པར་འགྱུར་རོ་ཞེས་ཐེག་པ་བསྡུས་པ་ལས་འབྱུང་བའི ་ཕྱིར་རོ།། ཡང་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་དངོས་པོའི་དབང་ཁོ་ན་ལས་རིག་པར་བྱའོ།། ཉན་ཐོས་ཀྱི་ནི་བསམ་པའི་དབང་གིས་ཞེས་བསྡུ་བ་ལས་གསུངས་སོ།། ཡང་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་ནི། ཕུན ་སུམ་ཚོགས་པ་མིན་ལ་དེར་འདུ་ཤེས།། ཡིད་ལ་མེད་པར་འདུ་ཤེས་གང་གིས་ན།། དངོས་པོའི་དབང་གིས་ཐ་མ་ཉིད་དེར་བཤད་ཞེས་ལུང་བསྡུས་པ་ལས་གསུངས་སོ།། ཧ་ཅང་སྤྲོས་པས་ད་ནི་དཀྱུས་མ་ཉིད་ལ་འཇུག་པར་བྱའོ།། བླ་ན ་མེད་པ་ཞེས་བྱ་བ་ནི་ཡོན་ཏན་མཐར་ཐུག་པའི་ཕྱིར་རོ།། དགེ་བའི་དོན་དམ་ལས་དགེ་བ་མྱ་ངན་ལས་འདས་པའོ།། དེའི་རྒྱུ་སྟོན་པས་ན་བཤེས་གཉེན་ནོ།། དེ་གང་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བའོ།། བཞུགས་པ་ནི ་སྐུ་མངོན་སུམ་པའོ།། ཡོངས་སུ་མྱ་ངན་ལས་འདས་པ་ནི་རྟེན་མངོན་སུམ་པའོ།། མཆོད་པ་ནི་ཟང་ཟིང་དང་སྒྲུབ་པའོ།། རིམ་གྲོ་ནི་སྐུ་མངོན་སུམ་དུ་གྱུར་པ་ལ་སྟན་འདིང་བ་ལ་སོགས་པའོ།། བླ་ན་ཡོད་པ་དང་མེད་པ་ཞེས་བྱ་བ་ཅི ་དངོས་པོའི་དབང་གིས་སམ། བསམ་པའི་དབང་ལས་བཞག་ཅེས་ན་དངོས་པོའི་དབང་གིས་ཏེ། དེ་བཞིན་གཤེགས་པ་ནི་མིའི་གཙོ་བོ་ཞེས་བཤད་ཅིང་། གཞན་རྣམས་ནི་དེའི་རྗེས་སུ་བསླབ་པ་གསུངས་པའི་ཕྱིར་ལ། བསམ ་པའི་དབང་གིས་ན་ཐམས་ཅད་ཀྱང་བླ་ན་མེད་པ་ཉིད་དེ། ཇི་སྐད་དུ་ཐ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ།། མེད་པ་ལ་ཡོད་པ་ཉིད་དུ་ལྟ་བ་ནི་ལོག་པའི་འདུ་ཤེས་མ ་ཡིན་ནམ་ཞེ་ན། མ་ཡིན་ཏེ། སྐུ་དང་། གསུང་དང་། ཐུགས་ཀྱིས་མཛད་པ་ཐ་མི་དད་པའི་ཕྱིར་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཡིས་འདུལ་བ་རྣམས་ལ་སྐལ་བ་མཉམ་པའི་གཟུགས་སུ་སྟོན་པས་མཚན་དང་དཔེ་བྱད་མ ་ངེས་པའི་ཕྱིར་དང་། གསུང་གི་འདུལ་བ་རྣམས་ལ་ཆོས་འཆང་བའི་བྱ་བ་སྣང་བའི་ཕྱིར་དང་། ཐུགས་ཀྱི་འཕྲིན་ལས་བསམ་པའི་དབང་གིས་རྗེས་སུ་སྟོན་པ་རྣམས་ཡིན་ལ། སོ་སོའི་སྐྱེ་བོའི་ཡོངས་སུ་འཛིན་པ་ཡང་དེ་དང ་ཐ་དད་པ་གང་ཞིག་ཡིན་དེའི་ཕྱིར་བྱ་བ་ལ་ལྟོས་ཏེ་ཐ་མི་དད་པ་ཉིད་དེ། སེམས་ཅན་དང་སངས་རྒྱས་དག་ནི་ཁམས་ཐ་མི་དད་པའི་ཕྱིར་རོ།། སྤྲོས་པས་ཆོག་ནས་ནི་བླན་མེད་པའི་དགེ་བའི་བཤེས་གཉེན་བསྟེན་པའི་ཕན་ཡོན་བསྟན་པར ་ཕྱིར། བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་ཡོངས་སུ་རྫོགས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་ནི་འབྲས་བུ་ལ་འཇུག་པའོ།། དཔག་ཏུ་མེད་པ་ཞེས་བྱ་བ་ནི་བསམ་པས་མི་དཔོགས་པའོ།། མི་ཟད་པ་ནི་ཡུལ་ཁྱད ་པར་ཅན་ལ་བསྟེན་པའི་ཕྱིར་རོ།། དངོས་པ་ཀྱི་སྟོབས་ཀྱིས་སོ།། དེ་ལ་ཡུལ་གྱི་དབང་དུ་བྱས་ནས་མཆོད་པའི་ཕན་ཡོན་བསྟན་པ་ནི། གང་གིས་དེ་བཞིན་གཤེགས་པ་མཐོང་སྟེ་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་རབ་ཏུ་རྒྱས་པའི ་དབང་དུ་བྱས་ནས་རིང་སྤེལ་ཡུངས་འབྲུ་ཙམ་ཞེས་སྨོས་སོ།། བསམ་པའི་དབང་གིས་ཕན་ཡོན་ནི། སྙིང་རྗེ་ཆེན་པོའི་མདོ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། རྟེན་གྱི་དབང་གི་ཕན་ཡོན་ནི། གལ་ཏེ་ཐ་ན་ཞེས་བྱ་བ ་མན་པ་གསུངས་པའོ།། ངོ་བོ་ཉིད་ཀྱི་དབང་གིས་ཕན་ཡོན་ནི། ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟར་ཕན་ཡོན་སྤྱིའི་ཚུལ་དུ་མདོར་བཤད་པ་ནཱི། ཀླུའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འབྲས་བུའི་ཁྱད ་བར་འགྲུབ་པའི་ཕན་ཡོན་བསྟན་པ་ནི། སངས་རྒྱས་དང་ཕྲད་པར་འགྲུབ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། ཡུལ་གྱི་ཁྱད་པར་གྱིས་ཕན་ཡོན་བསྟན་པ་ནི། བྱང་ཆུབ་སེམས་དཔའི་སྔོ་སྣོད་ལས་ཀྱང་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ཡུལ་ནི་རྟེན་གྱི་ངོ་བོ་ཉིད་དེའི་ཕྱིར་དང་པོ་རྟེན་མཆོད་པའི་དབང་དུ་བྱས་ནས། མཆོད་རྟེན་བྱི་དོར་བྱེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། རྟེན་བྱེད་པའི་དབྱུང་དུ་བྱས་ནས ་ས་འམ་རྡོ་ཐ་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གང་ཟག་གི་ཁྱད་པར་ལས་དམན་པའི་དབང་དུ་བྱས་པ་ནི། གལ་ཏེ་མཚམས་མེད་པ་ལྔ་བྱས་སུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། གང་ཟག་མཆོག ་གི་དབང་དུ་བྱས་པ་ནི། བྱང་ཆུབ་སེམས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྟེ། རྟེན་དམའ་བའི་དབང་དུ་བྱས་ནས་ཁྱིམ་པ་ཞེས་ཁྱད་པར་གྱི་གཞིར་བཞག་པས་རྟེན་མཆོག་ཏུ་གྱུར་པས་ནད་མན་པ་དང་ཁྱད་པར་གྱིས་ཕན ་ཡོན་ཡང་རིག་པར་བྱའོ།། ལ་ལ་ནཱ་རེ་མི་དགེ་བ་བཅུ་བྱེད་པ་ཞེས་སྨོས་པ་ནི། རྟེན་དམན་པའི་དབང་དུ་བྱས་པ་ཡིན་ལ། ཁྱིམ་པ་ཞེས་བྱ་བ་ནི་གཞི་གཅིག་ཏུ་བཞག་པས་ན། གྲོང་མ་ཁྱད་པར་དུ་འཕགས་པར་བསྟན་པའི་ཐབས་ཡིན ་པས་རྟེན་དམན་པ་དང་ཁྱད་པར་ནི་དེ་ཡིན་ནོ་ཞེས་ཟེར་རོ།། དེ་ལྟར་ན་མཚམས་མེད་པ་ཡང་རྟེན་དམན་པར་ཇི་ལྟར་མི་བཞག། དེས་ན་འདི་མི་རིགས་ཞེས་ཀྱང་ཁ་ཅིག་ཟེར་རོ།། ད་ནི་སྤྲོ་བའི་ཁྱད་པར་དེ་བརྩོན་འགྲུས་ཀྱི་དབང་དུ་བྱས ་པའི་ཕན་ཡོན་བསྟན་པ་ནི་པ་ནི། སྦྱིན་གནས་མཆོག་ལ་མཆོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། མཆོད་པའི་ངོ་བོ་ཉིད་ཀྱི་ཁྱད་པར་གྱི་ཕན་ཡོན་བསྟན་པ་ནི། བློ་གྲོས་རྒྱ་མཚོ་ཞེས་གསུངས་ཏེ། ཀུན་རྫོབ་དུ་བསོད་ནམས ་ཀྱི་སྒྲུབ་པ་བསྟན་པས་རྫས་ཀྱི་ངོ་བོ་ཉིད་ལས་ཁྱད་པར་འཕགས་པ་ནི། གང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཞེས་བྱ་བ་ལ་སོགས་པའོ།། དོན་དམ་པར་ཡེ་ཤེས་ཀྱི་སྒྲུབ་པ་བསྟན་པས་རྫས་དང་ཀུན་རྫོབ་པ་ལས་ཁྱད་པར་དུ ་གྱུ་ར་བ་བསྟན་པ་ནི། སངས་རྒྱསུ་འདུ་ཤེས་པ་ལ་སངས་རྒྱས་མཐོང་བ་ཡང་མེད་ན་ཞེས་བྱ་བ་ལ་སོག་པ་གང་གསུངས་པའོ།། དེ་ལ་སངས་རྒྱས་སུ་འདུ་ཤེས་པ་ཞེས་བྱ་བ་ནི་དངོས་པོར་ལྟ་བ་ཅན་གྱི་ཕྱིན་ཅི་ལྡོག་གི ་འདུ་ཤེས་གཟུང་བ་དང་འཛིན་པར་ལྟ་བའོ།། མཐོང་བ་ཡང་མེད་པ་ནི་གཟུགས་ལ་སོགས་པར་ཞེན་པའི་ཕྱིར། ལོག་པར་ཞུགས་པས་བསྒྲིབས་པའི་ཕྱིར་གང་ཞིག་ང་ལ་གཟུགས་སུ་མཐོང་།། དེ་བཞིན་ང་ལ་སྒྲར་ཤེས་པ།། ། ་ལོག་པར་སྤོང་བར་ཞུགས་པ་ན། སྐྱེ་བོ་དེས་ནཱི་ང་མི་མཐོང་ཞེས་གསུངས་པ་ལྟ་བུའོ།། ཅི་སྨོས་ཞེས་པ་ནི་དེས་མཉེས་པ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། འོ་ན་ཅི་ལྟ་བུ་ཞེ་ན་འདུ་ཤེས་ཀྱི་མཚན་མ་མོ་སྐྱེད་པ་ཞེས ་གསུངས་ཏེ། ཆོས་ཀྱི་སྐུས་དམིགས་པའོ།། ཅི་ལྟར་དམིགས་ཞེ་ནུ། རྒྱུ་དང་འབྲས་བུ་དང་། རང་གི་ངོ་བོ་ཉིད་རྣམས་ལ།། རེང་དང་གཞན་དང་གཉི་ག་དང་།། རྒྱུ་མེད་པ་ལ་སྐྱེ་བུ་མི་འཐད་པ་དང་། ཡོད་པ་དང་མེད་པ ་གཉི་ག་མི་སྐྱེ་བ་དང་། གཅིག་དང་དུ་མའི་ངོ་བོ་ཉིད་དང་བྲལ་བའི་མཚན་ཉིད་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་སྒོམ་པ་ནི་ཆོས་ཀྱི་སྐུར་དམིགས་པ་སྟེ་དམིགས་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ།། ་དེར་ཕྱིར་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་ནི་སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་ཞེས་བཤད་དོ།། མཉམ་པར་བཞག་པའི་གནས་སྐབས་སུ་འབང་བ་དང་། རྩོལ་བ་མེད་པར་རང་གི་ཆོས་ཉིད་ལ ་འཇུག་པ་ནི། སེམས་དང་སེམས་ལ་བྱུང་བ་ཡིད་ལ་མི་བྱེད་པ་སྟེ། གཟུགས་ཀྱི་སྐུའི་ངོ་བོ་སངས་རྒྱས་ཉིད་ཀྱང་མི་དམིགས་ན་དེས་མཚན་མ་དང་དཔེ་བྱད་ཀྱིས་ཁྱད་པར་ག་ལ་ཞིག་དམིགས། ངོ་བོ་དང་རྒྱུ་དང་འབྲས་བུ་མ་སྐྱེས ་པས་སྐྱེ་བ་མེད་པ་ཉིད་སྤྲོས་པ་མཐའ་དག་ཟང་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་སྟེ། སྐྱེ་མེད་ཆོས་ནི་རྟག་ཏུ་དེ་བཞིན་གཤེགས།། ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ།། བྱིས་པ་བློ་ཅན། ་མཚན་མར་འཛིན་པ་ནི།། འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད་ཅེས་གསུངས་པས་དངོས་པོར་སྤྲོ་བ་རྣམས་ནི་མེད་པ་ལ་ཡོད་པར་འཁྲུལ་པས་སྒྲོ་འདོགས་པར་ཟད་ཀྱི་རིགས་པས་བརྟགས་ཤིང་དཔྱད་ན་ཅི་ལྟར་ཡང ་བདེན་པ་མ་ཡིན་ནོ།། འདུ་ཤེས་མེད་པ་ཞེས་བྱ་བ་ནི་སྒྲོ་འདོགས་པ་དང་བྲལ་བའོ།། དེ་ལྟ་བས་ན་ཁོ་བོ་ཅག་ནི་ཡོད་པར་སྒྲོ་འདོགས་པའི་འཁྲུལ་པ་དང་མེད་པར་སྐུར་པ་འདེབས་པའི་འཁྲུལ་བྱ་སྟེ། དེ་དག་བསལ་བའི ་ར་བཤད་པ་ཡིན་ནོ།། དཀོན་མཆོག་ཟ་མ་ཏོག་གི་མདོ་ལས། བདག་ཅག་སངས་རྒྱས་ལྟ་བ་དང་། ཆོས་མཉན་པ་དང་། དགེ་འདུན་བསྙེན་བཀུར་བ་དོན་དུ་མི་གཉེར་ཏེ། ཞེས་གསུངས་པ་ཡང་ཆོས་ཉིད་དོན་དམ་པ་འབར ་པ་དང་རྩོལ་བ་དང་བྲལ་བའི་ངོ་བོ་ཉིད་ལ་དགོངས་པས་ན་འདུ་ཤེས་མེད་འདི་ནི་མཆོད་པའོ་ཞེས་གསུངས་སོ།། དོན་དམ་པའི་མཆོད་པ་ཟང་ཟིང་དང་ཀུན་རྫོབ་ལས་ཁྱད་པར་དུ་འཕགས་པར་བསྟན་པ་ངེས་པའི་དོན་དུ་སྒྲུབ ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་ཞེས་གསུངས་པ་མ་ཡིན་ནོ།། རིང་བསྲེལ་ནི་བསོད་ནམས་ཆེན་པོ་ཐོབ་པར་བྱེད་པའི་རྒྱུ་ཡིན་ན། ཅིའི་ཕྱིར་གཞན་ལས་གུས་ཞེས་རྒོལ་བ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ། ་བའོ།། ལ་ལ་ནི་སྟོང་པ་ཉིད་ཐམས་ཅད་ཀྱི་མཆོག་དང་ལྡན་པ་བསྒོམ་པ་ནི་ཉིད་ཀྱིས་དེ་ལ་གུས་པར་ཡང་འགྱུར་ལ། རྣམ་གྲངས་གཞན་ཡང་སྟོང་པ་ཉིད་གོམས་པ་མེད་ན་དངོས་པོར་ལྟ་བས་གྲོལ་བར་ཡང་མི་འགྱུར། ་བར་བསྟན་པ་ནི་དེ་ལས་འབྱུང་བས་ན་ཞེས་བྱ་བའོ།། མདོ་ཀུན་ལས་བཏུས་པའི་བཤད་པ། ལུང་གི་ཚད་མེས་རབ་ཏུ་སྦྱར་བ་ལས་སྒྲུབ་པ་རྙེད་པར་དཀའ་བའི་གཏམ་བརྗོད་པ་སྟེ་བརྒྱད་པའོ།། མདོ་ཀུན་ལས ་བཏུས་པ་ལས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྫོགས་སོ།། །། ཐོས་བྱ་ལྷ་བརྩོན་འགྲུས་ཐཱརྞྞ་མྦྷས་བྷ་མི་ཟད་པརྱ་བྱ་བའི་ཕྱིར་བསམ་པའི་ཤེས་རབ་ཀྱི་བསྲུང་དགོས་པས་ན ་དེ་བརྗོད་པར་བྱ་སྟེ། འདིར་རྒྱལ་བ་བྱམས་པོའི་ཞལ་སྔ་ནས། སྦྱིན་པ་ལ་སོགས་རེ་རེ་ནི།། དེ་དག་སོ་སོར་བསྡུས་པ་ཡིསོ།། གོ་ཆའི་སྒྲུབ་པ་གང་ཡིན་ཏེ། དྲུག་ཚན་དྲུག་གིས་ཇི་བཞིན་བཤད། ཅེས་ཡོངས་སུ་སྦྱར ་བ་ལྟར་འདིར་ཡང་བསམ་པའི་རང་བཞིན་གོ་ཆ་སུམ་ཅུ་རྩ་དྲུག་ཏུ་བརྗོད་པར་བྱ་སྟེ། ལུང་ལས་ཀྱང་སྦྱིན་པ་ནས་ཤེས་རབ་ཀྱི་བར་དུ་གསལ་བར་གསུངས་པའི་ཕྱིར། དེའི་ཕྱིར་བསམ་པའི་རང་བཞིན་གོ ་ཆའི་ཚོགས་ཀྱི་ས་ནས་འཇུག་པ་བརྒྱད་པ་སྦྱོར་བའི་ལམ་ལས་བསྒོམ་པར་བྱ་བ་ཡིན་ཏེ། དེའི་གང་ཟག་གི་མཚན་ཉིད་ནི། གང་དག་ཅེས་གསུངས་པ་ཡིན་ཏེ། ཐར་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བ་དང་ལྡན་པའི ་གང་ཟག་གྲང་དག་ཅེས་བྱ་བའོ།། ཡོངསུ་མྱ་ངན་ལས་འདས་པ་ནི་གནས་པའི་མཚན་ཉིད་དང་ལྡན་པའོ།། ཡང་དག་པ་ཇི་ལྟ་བ་བཞིན་ནི་དེའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་འོག་ནས་འཆད་པ་ལྟ་བུའོ།། དམན་པ་ལ་མོས ་པ་འགའ་ཞིག་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པའི་རང་བཞིན་མི་ཤེས་པས་འདུས་བྱས་ཀྱིས་ཐོབ་པ་དང་བྲལ་བ་འདུས་མ་བྱས་པའི་རྗེས་ཡིན་ནོ་ཞེས་ཟེར་ལ། ལ་ལ་ན་རེ་ན་མཁའི་སྤྲིན་དེངས་པ་ལྟ་བུར ་གྱུར་ཏོ་ཞེས་དངོས་པོར་ལྟ་བས་བཅིངས་པས་ཇི་ལྟ་བར་མི་ཤེས་པས་རྒོལ་ནི་མི་དྲ་ཞེས་བྱ་བའོ།། ལན་ནི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ།། ངོ་བོ་ཉིད་ལ་དུས་རྟག་ཏུ་བཞུགས་པས་གདུལ་བའི་ངོ་བོར་མྱ་ངན་ལས་འདའ་བར་སྣང ་ཡང་། ཆོས་ཉིད་ལ་དེ་མེད་པའི་ངོ་བོ་ཉིད་དེ་དངོས་པོར་ལྟ་བ་རྣམས་སྐྲག་པའི་གནས་སུ་འགྱུར་བར་ཡང་སློབ་དཔོན་ཉིད་ཀྱིས་ཀྱང་ལེགས་པའི་ཆོས་དག་ནི་ཕྲ་ཞིང་ཟབ་པར་སྣང་བ་ཡང་།། བྱིས་པ་ཐོས་དང་མི་ལྡན་རྣམས ་སྐྲག་པར་བྱེད་པར་རྒྱལ་བས་གསུངས་ཞེས་ཆོས་རྣམས་ཀྱི་ངོ་བོ་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ་རྟོག་གེ་པ་རྣམས་ཀྱིས་ཤེས་པར་བྱ་བ་མ་ཡིན་པ། བསམ་གྱི་མི་ཁྱབ་པའི་དབྱིངས་དེ་ལྟ་བུ་ནི་མྱ་ངན་ལས་འདས་པ་ཡིན། དེ་ཐོབ་པ ་གང་ལ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ཞེས་བྱའོ།། དེ་ཡང་ཅིས་ཤེས་ཞེ་ན། རང་གི་རྟོག་གེ་མ་ཡིན་པས་མདོ་སྡེ་ལས་ཤེས་ཞེས་བྱ་བའོ།། མདོ་ཉིད་ངེས་པའི་དོན་དུ་བསྟན་པས། དུ་མ་ཞེས་སྨོས་སོ།། དེ་དགེ་གིས་མྱ་ངན་ལས་འདས ་པའི་རང་བཞིན་བསྟན་པའི་རང་བཞིན་ཀྱེ་རྒྱལ་བའི་སྲས་ཞེས་གསུངས་ཏེ། དང་པོ་རང་བཞིན་གྱི་སྒོ་ནས་བསྟན་པ་ནི། རང་བཞིན་གྱི་ངོ་བོ་ཉིད་ལ་བློ་ཡོངས་སུ་བཏང་ཏེ་ཞེས་གསུངས་ཏེ། རང་བཞིན་གྱི་ནི་ཆོས་ཀྱི་དབྱིངས་སོ།། ངོ་བོ་ཉིད ་ནི་དེའི་རང་བཞིན་ཏེ་དེ་བཞིན་ཉིད་ཅེས་བྱ་བའོ།། བློ་ཡོངས་སུ་བཏང་བ་ནི། ཤེས་རབ་ཀྱི་རྣམ་པར་དཔྱད་ནས་སོ།། ཅི་ལྟར་དཔྱད་ཅེ་ན། ཡོད་པར་ལྟ་བ་ནི་དངོས་པོའི་མཐའ་ཡིན་ལ། མེད་པར་ལྟ་བ་ནི་ཆད་པའི་མཐའ་ཡིན་པས། དངོས ་དང་ཆད་པའི་མཐའ་དང་བྲལ་བ་དབུ་མིའི་ལམ་ལ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའོ།། འཛིན་པ་ནི་ངེས་པར་འབྱེད་པའོ།། དེ་ལ་ཡོད་པར་ལྟ་བ་ནི་ཕྱི་དང་ནང་གིས་མུ་སྟེགས་པ་འགའ་ཞིག་རྟག་པ་དང་། ཁ་ཅིག་མི་རྟག་པ ་ལ་སོགས་པར་ལྟ་བ་དང་། རྡུལ་ཕྲ་རབ་རྫས་ཀྱི་ངོ་བོ་ཉིད་དུ་ལྟ་བ་སྟེ། བྱེ་བྲག་ཏུ་སྨྲ་བ་དང་། བཙུན་པ་དགེ་འདུན་སྲུངས་དང་། མདོ་སྡེ་པ་དག་ན་རེ། རྡུལ་ཕྲ་རབ་སྦྱར་བ་དང་བསྐོར་བ་དང་བར་མཚམས་མེད་པར་འདོད་པ་དག་གོ།། ་ཆད་པར་ལྟ་བ་ནི་ཡོད་ཡང་དག་པའི་དངོས་པོ་གཟུང་བ་དང་འཛིན་པ་དང་། བྲལ་བ་གཉིས་སུ་མེད་པའི་ཤེས་པ་རང་བཞིན་གཅིག་པའི་ངོ་བོ་ཡང་མེད་པར་ལྟ་བ་དག་སྟེ། འདི་གཉིས་ནི་དངོས་པོ་དང་ཆད་པར ་ལྟ་བའི་མཐའ་སྟེ་མཐའ་དེ་གཉིས་དང་བྲལ་བ་ནི། དབུ་མའི་ལམ་ཡང་དག་པའི་དོན་གྱི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་ཞེས་བྱའོ།། དེ་ཉིད་མ་བཅོས་ཤིང་རང་བཞིན་གྱིས་འགྱུར་བ་མེད་པས་དེ་བཞིན་ཉིད་ཅེས་བྱའོ།། དངོས་པོར་ལྟ ་ནི་ཡང་དག་པ་མ་ཡིན་པས། དངོས་པོ་དང་བྲལ་བ་ནི་ཕྱིན་ཅི་མ་ལོགས་པའི་དོན་གྱིས་ཡང་དག་པའི་མཐའོ།། སྤྲོས་པ་རྣམས་ནི་བློ་ཡིས་བྱས་པའི་ཕྱིར་ཐ་དད་པ་ཡིན་པས་བློའི་ཡུལ་དུ་མ་གྱུར་པས་དབྱེར་མེད་པའི་དོན་གྱིས ་སྤྲོས་པ་མེད་པ་མེད་པ་ནི་ཆོས་ཀྱི་དབྱིངས་ཏེ། ཡོན་ཏན་བསྐྱེད་པའི་ཕྱིར་དྷཱ་ཏུ་སྟེ་ཁ་མས་ཀྱི་དོན་ཏོ།། རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་ཤིང་རང་བཞིན་གྱིས་སྟོན་པས་ན་མཁའོ།། ཆོས་རྣམས་ཀྱི་ངོ་བོ་ཉིད་གཟུངས་པ་དང ་འཛིན་པ་དང་བྲ་བ་ནི་སྔ་མ་ལྟར་བྱས་པ་མ་ཡིན་པས་རང་བཞིན་དང་ངོ་།། སྤང་བར་བྱ་བ་དང་གཉེན་པོ་ནི་བཏགས་པས་བཞག་པས། དེ་ཁོ་ན་ཉིད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་དང་། འཕགས་པ་བྱམས་པའི་ཞལ་སྔ་ནས ་ཀྱིས། འདི་ལ་བསལ་བ་ཅི་ཡང་མེད། བསྣན་པར་བྱ་བ་ཅུང་ཟད་མེད།། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ། ཞེས་དོན་དམ་པ་ལ་སྤོང་བ་དང་སྤོང་བྱེད་མེད་པས་འདོད་ཆགས་དང་བྲལ་བའི་མཐའོ།། ་སྣང་བ་རྣམས་ནི་སེམས་ཉིད་ལས་མ་གཏོགས་པའི་ཕྱི་རོལ་གྱི་དོན་མེད་དེ་དེའི་ཕྱིར་ན། འཕགས་པ་ཉིད་ཀྱིས། འབྱུང་བ་ཆེ་ལ་སོགས་བཤད་པ།། རྣམ་པར་ཤེས་སུ་ཡང་དག་འདུ།། དེ་ཤེས་པས་ནི་འབྲལ་འགྱུར་ལ།། ལོག་པར ་རྣམ་བརྟགས་མ་ཡིན་ནམ། ཞེས་གསུངས་པ་དང་། འཕགས་པ་བྱམས་པའི་ཞལ་སྔ་ནས་ཀྱང་། བདག་དང་ཆོས་སུ་གཏེར་འདོད་པས།། སྣ་ཚོགས་དག་ནི་གང་བྱུང་བ།། དེ་ནི་རྣམ་པར་ཤེས་པར་གྱུར།། གྱུར་པ་དེ་ཡང་རྣམ ་གསུམ་སྟེ།། རྣམ་པར་སྨིན་དང་ངར་སེམས་དང་།། ཡུལ་ལ་རྣམ་པར་རིག་པའོ་ཞེས་རབ་ཏུ་བྱེད་པ་སུམ་ཅུ་པ་ལས་གསུངས་པ་ལྟ་བུའི་དོན་གྱི་རྨི་ལམ་གྱི་མཐའོ།། ཆོས་ཉིད་ལ་རང་དང་སྤྱིའི་མཚན་ཉིད་མི་འཐད་དེ ་ཡོངས་སུ་གྲུབ་པ་ནི་གཟུང་འཛིན་དང་བྲལ་བས་མཚན་ཉིད་མེད་པའོ།། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལས་བྱུང་བ་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བའི་མཚན་ཉིད་གཞན་གྱི་དབང་དུ་གྱུར་པ ་མི་ཆགས་པ་སྟེ་དངོས་པོར་ཞེན་ཅེས་བྱ་བའི་དོན་ཏེ། དེ་ཉིད་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱིས་མུ་སྐྱེས་པར་ཁོང་དུ་ཆུད་པས་ཆགས་པ་མེད་པའི་མཐའོ།། ཕུང་པོ་དང་དེ་ལས་གཞན་པར་ཡོད་པར་མི་འཐད་པས། གང ་ཟག་དུ་ལྟ་བ་རྣམས་ནི་མེད་པའི་དོན་གྱིས་བདག་གི་རང་བཞིན་གྱིས་མཐའོ།། གཟུང་བ་དང་འཛིན་པའི་ངོ་བོ་ཉིད་ཆོས་སུ་ལྟ་བ་རྣམས་ནི་གཟུགས་ལ་སོགས་པ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བས་ན། ་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ་ངོ་བོ་ཉིད་མེད་པས་ན་མཐའ་སྟེ་སྟོང་པ་ཉིད་དོ།། ཅི་ལྟ་བ་བཞིན་ཞེས་བྱ་བ་ནི་དེ་དག་ཐམས་ཅད་རང་བཞིན་གྱིས་སྟོང་གི་ཡོད་པས་བཤིགས་པ་ལྟ་བུ་མ་ཡིན་པས་སོ།། དམ་བཅའ་བ་ཙམ ་ནི་མི་ལྟོགས་པ་མ་ཡིན་ཏེ། གནོད་པ་བྱེད་པའི་ཚད་མ་གཞན་ཡོད་དོ།། དེ་གང་ཞེ་ན། དངོས་པོ་དང་། དངོས་པོ་མེད་པ་དག་ནི་ཕན་ཚུན་འགལ་བར་སྨྲ་བ་མ་ཡིན་ནམ། འདི་ལས་ལྷག་པ་གང་གིས་དངོས་པོ་མི་བརྫུན་ལ།། མེད་པ་ནི ་ཡང་དག་པ་ཡིན་ཚད་མ་ཐམས་ཅད་ཀྱི་ནང་ནས་མངོན་སུམ་གྱི་ཚད་མ་ནི་གཙོ་བོ་ཡིན་ལ་མངོན་སུམ་གྱི་ཚད་མ་ཡང་དབང་པོ་ཉིད་གཙོ་བོ་ཡིན་པས་ཐམས་ཅད་ལ་གསལ་བར་སྣང་བ་གོ་ཅི་ལྟར་བཟློག། ཅེས་དེ་ཅིའི ་ཕྱིར་ཞེ་ན་ཞེས་རྒོལ་བ་ལ། ལན་ནི་དེ་ལྟར་མ་ཡིན་ཏེ། དངོས་པོར་ལྟ་བ་ནི་རིགས་པས་བརྟགས་ཀྱང་བརྫུན་པ་ཡིན་ལ། ཆོས་རྣམས་ཀྱི་དངོས་པོ་མེད་པ་ནི་བདེན་པ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། རིགས་པས་གྲུབ་ཅིང་དེས ་གནོད་པ་མེད་པའི་ཕྱིར་རོ།། དངོས་པོར་ལྟ་བ་ཅི་ལྟར་རིགས་པས་བརྟག་ཅེ་ན། ཐོག་མ་ནས་མ་སྐྱེས་ཤིང་མ་བྱུང་བའི་ཕྱིར་ཏེ་ཞེས་གསུངས་ཏེ། ཐོག་མ་ཞེས་བྱ་བ་ནི་དང་པོ་ཉིད་ནས་སོ།། དང་པོ་ཞེས་བྱ་བ་ནི་བྱིས་པ་ཡོད ་པའི་དངོས་པོ་བཤིག་པ་མ་ཡིན་ཏེ། དེ་ནི་སྐུར་པ་ཡིན་ཏེ་སྔར་བཤད་པ་བཞིན་ནོ།། ལུང་ལས་ཀྱང་། དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་དུ་བྱུང་ཡང་རུང་། མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་རྟག་ཏུ ་གནས་པའོ་ཞེས་གསུངས་སོ།། མ་སྐྱེས་པ་ནི་སྐྱེ་བ་མེད་པས་བརྗོད་དུ་མེད་པའི་ངོ་བོ་ཉིད་དེ། འཕགས་པ་ཀླུ་སྒྲུབ་ཉིད་ཀྱིས་ཀྱང་དབུ་མ་ཤེས་རབ་ལས། རང་ལས་མ་ཡིན་གཞན་ལས་མིན།། གཉིས་ལས་མ་ཡིན་རྒྱུ་མེད ་མེད་མིན།། དངོས་པོ་གང་དག་གང་ན་ཡང་། སྐྱེ་བ་ནམ་ཡང་ཡོད་མ་ཡིན།། ཞེས་བྱ་བ་ལ་སོགས་པ་གསུངས་ལ།། ཡང་རྟེན་ཅིང་འབྲེལ་པར་གང་འབྱུང་བ།། རང་བཞིན་གྱིས་ནི་དེ་མ་སྐྱེས།། རང་བཞིན་གྱིས་ནི་མ་སྐྱེས་གང་།། ། ་དེ་ལ་སྐྱེས་ཞེས་ཅི་སྐད་བརྗོད།། ཤིན་ཏུ་ཕྲ་བོའི་དངོས་རྣམས་ལ།། གང་གི་སྐྱེ་བ་རྣམས་བརྟགས་ལ།། རྣམ་པར་མི་མཁས་དེ་ཡིས་ནི།། རྐྱེན་ལས་བྱུང་བའི་དོན་མ་མཐོང་ཞེས་གསུངས་པ་དང་། ཡང་འཕགས་པ་བྱམ ་པ་དང་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང་། སྒྲོ་འདོགས་པའི་ལེགས་པར་མ་ཟིན་པ་དམ་པའི་ཆོས་འདུལ་བ་ལས་ཉམས་པ་གང་ཞེ་ན་གལ་ཏེ་ཆོས་གང་དག་དང་། དངོས་པོ་གང་ལ་ཡང་ཇི་ལྟར་བརྗོད་པ ་འཇུག་པ་ལྟར་ཆོས་དེ་དག་དང་དངོས་པོ་དེའི་བདག་ཉིད་དུ་འགྱུར་ན་ནི་དེ་ལྟར་ན་ཆོས་གཅིག་བྱ་དང་། དངོས་པོ་གཅིག་པུའི་ངོ་བོ་ཉིད་རྣམ་པ་སྣ་ཚོགས་མང་བར་ཐལ་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར ་ཆོས་གཅིག་པུ་དང་། དངོས་པོ་གཅིག་པུ་ལ་མང་པོར་བདག་གི་རྣམ་པ་སྣ་ཚོགས་མང་པོར་བརྗོད་ཅིང་བརྟགས་ཏེ་འོད་གསལ། བརྟགས་པའི་ཚིག་རྣམ་པ་སྣ་ཚོགས་མང་པོ་དག་ལོས་བརྟགས་པའི་ཚིག ་གང་རུང་གཅིག་ཆོས་དེ་དང་དངོས་པོ་དེ་ལ། དེའི་བདག་ཉིད་དང་། དེའི་རང་བཞིན་གྱི་ངོ་བོ་ཉིད་དུ་གྱུར་ལ། བརྟགས་པའི་ཚིག་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བའི་ངེས་པ་ཅི་ཡང་མི་དམིགས་ཏེ། དེའི་ཕྱིར ་བརྟགས་པའི་ཚིག་ཐམས་ཅད་ནི་མ་ལུས་པའམ་གཅིག་ཀྱང་རུང་སྟེ། ཆོས་ཐམས་ཅད་དངོས་པོ་ཐམས་ཅད་ཀྱི་དེའི་བདག་ཉིད་དུ་འགྱུར་བའང་མེད་ལ། དེའི་རང་བཞིན་གྱིས་ངོ་བོ་ཉིད་དུ་འགྱུར་བ་ཡང་མེད་དོ།། གཞན ་གལ་ཏེ་གཟུགས་ལ་སོགས་པའི་ཆོས་རྣམས་འདོགས་པའི་ཚིག་གི་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེ་ན། དེ་ལྟར་ན་དང་པོ་དངོས་པོ་སྔར་བྱུང་ལ། ཕྱིས་དགའ་དགུར་འདོགས་པའི་ཚིག་ཉེ་བར་འདོགས་ན་ནི། འདོགས ་པའི་ཚིག་གི་ཉེ་བར་འདོགས་པའི་སྔ་རོལ་དེས་ཉེ་བར་མ་བརྟགས་པའི་ཚེ།། ཆོས་དེ་དང་དངོས་པོ་དེ་ངོ་བོ་ཉིད་མེད་པར་འགྱུར་རོ།། ངོ་བོ་ཉིད་མེད་ན་ཡང་དངོས་པོ་མེད་པ་ལ་ནི་འདོགས་པའི་ཚིག་གིས་ཉེ་བར་ཇི ་ལྟར་གདགས། འདོགས་པའི་ཚིག་གིས་ཉེ་བར་འདོགས་པ་དེ་མེད་ན་ཡང་། ཆོས་དང་དངོས་པོར་འདོགས་པའི་ཚིག་གིས་ངོ་བོ་ཉིད་ཡང་བར་མི་རུང་ངོ་།། གལ་ཏེ་འདོགས་པའི་ཚིག་ཉེ་བར་འདོགས་པའི་སྔ་རོལ་ནས ་གཟུགས་དེ་གཟུགས་ཀྱི་བདག་ཉིད་ཡིན་ཏེ། ཕྱིས་ཀྱང་དེ་ལ་གདགས་པའི་ཚིག་གིས་བསྡུས་པའི་དུས་སུ་གཟུགས་སུ་ཉེ་བར་འདོགས་པར་བྱེད་ན་ཡང་། དེ་ལྟར་ན་ནི་གཟུགས་ཞེས་འདོགས་པའི་ཚིག་ཉེ་བར་འདོག ་པ་དེ་མེད་བཞིན་དུ་ཡང་། གཟུགས་ཞེས་བྱ་བར་འགྱུར་བའི་ཆོས་དང་དེར་འགྱུར་བའི་དངོས་པོ་ལ། དེའི་བློ་འཇུག་པར་འགྱུར་བར་རིགས་ན། དེ་མི་འཇུག་པས་ན་རིགས་པ་དང་གཏན་ཚིགས་འདིས་ཆོས་གཟུགས་ནས་མྱ་ངན ་ལས་འདས་པའི་བར་དུ་བརྗོད་པའི་ངོ་བོ་ཉིད་དུ་རིགས་པར་བྱའོ་ཞེས་གསུངས་པ་སྐྱེ་བོ་མེད་ཅིང་བརྗོད་དུ་མེད་པ་ཉིད་དུ་རིག་པར་བྱའོ།། མ་བྱུང་བ་ཞེས་བྱ་བ་ནི་འབྲས་བུ་ལ་བརྟགས་པ་སྟེ། རྒྱུ་སྐྱེ་བ་མེད་པ་ལ་འབྲས ་བུ་ཡང་སྔར་བསྟན་པ་ལྟར་འབྱུང་བ་མེད་པའི་ཕྱིར་རོ།། ལ་ལཱ་ན་རེ་མ་སྐྱེས་པ་དང་མོ་བྱུང་བ་ནི་ངོ་བོ་གཅིག་ལ་ཐ་སྙད་གཉིས་སུ་བརྟགས་པའོ་ཞེས་ཟེར་རོ།། ལ་ལ་ནི་རེ་མ་སྐྱེས་པ་ནི་ད་ལྟར་རོ།། མ་བྱུང་བ་ནི་འདུས ་པའོ།། འབྲལ་བ་མེད་པ་ནི་མ་འོངས་པ་ན་ཡང་སྐྱེ་བ་མེད་པའོ་ཞེས་ཀྱང་ཟེར་རོ།། གཞན་དག་ནི་སྤང་བྱའི་ཉོན་མོངས་པ་ལ་སོགས་པ་ནི་སྐྱེ་བ་མེད་ལ། དེའི་གཉེན་པོ་ནི་མོ་བྱུང་བ་སྟེ་ཅིའི་ཕྱིར་ཞེ་ན། གཉེན་པོ ་ནི་སྤང་བར་བྱ་བ་ལ་སོགས་པའི་ཕྱིར་རོ།། དེ་ལྟར་སྤང་བྱ་དང་སྤོང་བྱེད་མེད་ན་གང་གིས་གང་ཞིག་ཅི་ལྟར་སྤོང་སྟེ། དེས་ན་སྤངས་པའོ་འབྲལ་བ་ཡང་མེད་དོ་ཞེས་ཟེར་རོ།། དེ་ལྟར་རྒྱུ་དང་འབྲས་བུ་མ་སྐྱེས ་ཤིང་མ་བྱུང་བ་མེད་ལ། གཉེན་པོར་བྱར་མེད་པས་ན་སྤང་བར་བྱ་བའི་འབྲལ་བ་ཡང་མེད་དོ།། འོ་ན་ཡོད་པ་སུན་ཕྱུང་ན་མེད་པར་འགྱུར་རོ་ཞེ་ན་མ་ཡན་ཏེ། ཁོ་བོ་ཅག་དབུ་མ་པ་ནི་མེད་པར་ཡང་ཁས་མི ་མི་ལེན་ཏེ། མེད་པ་ནི་སྐུར་པ་ཡིན་པས་སྔར་བཤད་པ་བཞིན་ནོ།། གཏན་ཚིགས་གཞན་ཡང་ཡོད་དེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། གང་ལ་མེད་པ་འདོད་པ་ལ། བྱང་ཆུབ་བརྟེན་ཕྱིར་སེམས ་མེད་ཅིང་།། ཁས་ལེན་མེད་ཅིང་སྤྱོད་པ་མེད།། དེ་ལ་ཅི་ལྟར་མེད་པས་ཤེས་ཞེས་གསུངས་པ་དང་། ཡང་རྣམ་པར་དབེན་དོན་མི་ཤེས་ཤིང་།། ཐོས་པ་ཙམ་ལ་འཇུག་བྱེད་པ།། མི་གང་བསོད་ནམས་མི་བྱེད་པའི།། སྐྱེས་བུ ་ཐ་ཤལ་དེ་དག་བརླག། ཅེས་གསུངས་པ་དྲང་། ཡང་ལུང་ལས། སྟོང་ཉིད་དོན་ནི་མི་ཤེས་ཤིང་།། སྟོང་པ་ཉིད་དུ་མཁས་འཚེ་ལ། ཆད་པར་ལྟ་བར་གྱུར་པ་ནི།། སྟོང་མིན་སྟོང་པར་ལྟ་ཞེས་གསུངས་ལ། འཕགས་པ ་བྱམས་པ་དང་འཕགས་པ་ཐོགས་མེད་ཀྱིས་ཀྱང་། སྔར་བསྟན་པའི་རྗེས་ཐོགས་ཉིད་དུ་སྐུར་པ་འདེབས་པའི་ལེགས་པར་མ་ཟིན་པ་དམ་པའི་ཆོས་འདུལ་བ་ལས་ཉམས་པ་གང་ཞེ་ན། གཟུགས་ལ ་སོགས་པ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ལ་སྐུར་འདེབས་པ་ནི་དེ་ཁོ་ན་ཡང་མེད་ལ་འདོགས་པ་ཡང་མེད་དེ། དེ་གཉིས་ཡང་མི་རིགས་སོ།། འདི་ལྟ་སྟེ་དཔེར་ན་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཡོད ་ན་གང་ཟག་ཏུ་གདགས་སུ་རུང་གི། མེད་དུ་ཟིན་ན་དངོས་པོ་མེད་པ་ལ་གང་ཟག་གདགས་སུ་མེད་དོ།། དེ་བཞིན་དུ་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དངོས་པོ་ཙམ་ཡོད་ན། གཟུགས་ལ་སོགས་པའི་ཚིག་འདོགས ་བའི་ཚིག་ཉེ་བར་གདགས་སུ་རུང་གི། མེད་ན་དངོས་པོ་མེད་པ་ལ་གདགས་པའི་ཚིག་ཉེ་བར་འདོགས་པ་མེད་དོ།། དེ་ལ་འདོགས་པའི་དོན་མེད་དུ་ཟིན་ན་ནི་གཞི་མེད་པར་འགྱུར་བས། འདོགས་པ་ཡང་མེད་པར་འགྱུར་རོ།། དེ་ལྟ་བས་ནུ་གང ་ཟག་ཁ་ཅིག་ཤེས་པར་དཀའ་བའི་མདོ་སྡེ་ཐེག་པ་ཆེན་པོ་དང་ལྡན་པ་ཟབ་མོ་སྟོང་པ་ཉིད་དང་ལྡན་པ། དགོངས་པའི་དོན་བསྟན་པ་དག་ཐོས་ནས། བཤད་པའི་དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་ནས། ཚུལ་བཞིན་མ་ཡིན་པར ་རྣམ་པར་བརྟགས་ཏེ་རིགས་པ་མ་ཡིན་པས་བསྐྱེད་པའི་རྟོག་པ་ཙམ་གྱིས། འདི་ཐམས་ཅད་ནི་བརྟགས་པ་ཙམ་དུ་ཟིང་དེ་འདི་ནི་དེ་ཁོ་ན་ཡིན་ནོ།། སུ་འདི་ལྟར་ལྟ་བ་དེ་ནི་ཡང་དག་པར་ལྟ་བ་ཡིན་ནོ་ཞེས་དེ་ལྟར་ལྟ་ཞིང་དེ་སྐད་སྨྲའོ།། ་དེ་དག་གི་ལྟར་ན་འདོགས་པའི་གཞིའི་དངོས་པོ་ཙམ་ཡང་མེད་པས་འདོགས་པ་ཉིད་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་པར་འགྱུར་ན། བརྟགས་པ་ཙམ་གྱིས་དེ་ཁོ་ན་ལྟ་ཡོད་པར་ག་ལ་འགྱུར། དེ་བས་ན་དེ་དག་གིས ་ནི་དེ་ཁོ་ན་ཉིད་དང་།། རྟགས་པ་དང་། དེ་གཉིས་གཱ་ལ་སྐུར་པ་བཏབ་པར་འགྱུར་ཏེ། དེའི་ཕྱིར་མེད་པར་ལྟ་བའི་གཙོ་བོ་ཡིན་པར་རིག་པར་བྱའོ།། དེ་ལྟར་མེད་པ་དེ་ནི་ཚངས་པ་མཚུངས་པར་སྤྱོད་པ་ལ་འཛངས་པ་རྣམས་ཀྱིས ་སྨོས་པའི་འོས་མ་ཡིན་ཞིང་འགྲོགས་པར་མི་བྱ་བ་སྟེ། དེ་རང་གང་ལྟ་བ་འཛིན་ཡང་འཕུང་བར་བྱེད་པའི་ཕྱིར་རོ།། འདི་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་འདི་ན་ལ་ལ་གང་ཟག་ཏུ་ལྟ་བ་ནི་བླའི། ལ་ལ ་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ནི་གསོར་མི་རུང་ངོ་ཞེས་གསུངས་ཏེ། ཅིའི་ཕྱིར་ཞེ་ན། གང་ཟག་དུ་ལྟ་བ་ནི་ཤེས་བྱ་ལ་རྨོངས་སུ་ཟིན་ཡང་ཤེས་བྱ་ལ་སྐུར་པ་མི་འདེབས་པས་ན། ངན་སོང་དུ་ཡང་སྐྱེ་བར ་མི་འགྱུར་ལ།། གཞན་དག་ཀྱང་མི་སླུ་ཞིང་ཆོས་དང་བདེན་པ་ལ་འགོད་པར་བྱེད་དོ།། བསླབ་པའི་གཞི་ཡང་ཉམས་སུ་ལེན་པར་འགྱུར་ལ། སྟོང་པ་ཉིད་ལ་ལོག་པར་ཟིན་པས་ནི། དེ་ལས་ཟློག་པར་འགྱུར་རོ།། ཅི་ལྟར་ལོག་པར ་ཟིན་ཅེ་ན། གང་ལ་གང་གིས་སྟོང་པ་དེ་ལ་ཡང་མི་འདོད་ལ། གང་གིས་གང་སྟོང་པ་དེ་ཡང་མི་འདོད་པ་འདི་ལྟ་བུ་ནི་ལོག་པར་ཟིན་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན་གང་གིས་སྟོང་པ་མེད་པ་དང་། གང་སྟོང་པ་སྟེ་ཡོད་པའི་སྟོང་པ་ཉིད ་ནི་རིགས་པའི་ཕྱིར་རོ།། ཐམས་ཅད་མེད་ན་ནི་གང་དུ་ཅི་ཞིག་གང་གིས་སྟོང་པར་འགྱུར་ཏེ། དེས་དེ་ཉིད་སྟོང་པ་ཉིད་དུ་མི་འགྱུར་དུ་མི་རུང་ངོ་།། དེའི་ཕྱིར་དེ་ལྟ་བུ་ནི་སྟོང་པ་ཉིད་ལ་ལོག་པར་ཟིན་པ་ཡིན་ནོ་ཞེས་གསུངས་སོ།། འོ་ན ་ཆོས་རྣམས་ཀྱི་ངོ་བོ་ཉིད་གང་ཡིན་ཞེ་ན། བརྗོད་དུ་མེད་པ་ཉིད་དེ།། བརྗོད་པ་ནི་མཐའ་ཡིན་པའི་ཕྱིར་རོ།། དེའི་ཕྱིར་འཕགས་པ་འཇམ་དཔལ་གྱིས་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་ལ་སྤོབས་པ་དྲིས་ནས། དེའི་ཅིའི་ཕྱིར་ཞེ་ན ་ཞེས་རྒོལ་བ་ལ། ལན་ནི་ཅང་མི་སྨྲ་བར་གྱུར་པ་དང་། འཕགས་པ་འཇམ་དཔལ་གྱིས་རྗེས་སུ་བསྟོད་པ་ལྟ་བུ་དང་། འཕགས་པ་བྱམས་པ་དང་འཕགས་པ་ཐོགས་མེད་ཀྱིས་ཀྱང་། ཡང་དག་མ་ཡིན་ཀུན་རྟོག་ཡོད།། དེ ་ལ་གཉིས་པོ་ཡོད་མ་ཡིན།། སྟོང་པ་ཉིད་ནི་འདི་ལ་ཡོད།། དེ་ལ་ཡང་ནི་དེ་ཡོད་དོ།། སྟོང་པ་མ་ཡིན་མི་སྟོང་མིན།། དེ་ལྟ་བས་ན་ཐམས་ཅད་བཤད།། ཡོད་པས་མེད་པས་ཡོད་པས་ན། དེ་ནི་དབུ་མའི་ལམ་ཡིན་ནོ་ཞེས་གསུངས་པས་ཡང་དག ་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡོད་པ་དང་གཟུང་བ་དང་འཛིན་པ་མེད་པ་དང་། གཟུང་བ་དང་འཛིན་པ་དང་བྲལ་བ་དང་། རང་རིག་པ་ཡོད་པས་ན། ཁོ་བོ་ཅག་དབུ་མ་ནི་མཐའ་གཉིས་དང་བྲལ་བའི་ལམ་ལ་ལེགས་པར་འཇུག་པས ་ལོག་པར་ཟིན་པའི་གང་ཟག་ཕྱི་དང་ནང་གི་མུ་སྟེགས་བྱེད་ཀྱི་རྟོག་གེ་པ་ངན་པའི་གཞུང་ལྟ་ཞིག་ག་ལ་འཛིན། དེའི་ཕྱིར་ཚུ་རོལ་མཐོང་བའི་མངོན་སུམ་ལ་སོགས་པ་ནི་སྣང་བའི་དོན་ལ་ཡང་འཁྲུལ་པར་འགྱུར་ན། ཤིན་ཏུ་ལྐོག་ཏུ ་གྱུར་པའི་དོན་ལས་ཀྱང་རྨོངས་པར་འགྱུར། དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་ལུང་གི་རྗེས་སུ་འབྲངས་པས་ལུང་ཉིད་ཚད་མ་ཡིན་ཏེ། སྔར་བཤད་པ་ལྟ་བུའོ།། ཅིའི་ཕྱིར་ཞེ་ན། འཕགས་པ་ཀླུ་སྒྲུབ་ནི་ས་དང་པོ་ལ ་གནས་པ་ཡིན་འཕགས་པ་ཐོགས་མང་ནི་ས་གསུམ་པ་ལ་གནས་པ་ཡིན་པས་གྲུབ་པའི་མཐའ་ཡང་མཚུངས་པ་ཉིད་དེ། ཅི་ལྟར་ཁོ་བོས་བསྒྲུབས་པ་བཞིན་ནོ།། ཁོ་བོ་ཅག་ཤེས་བྱ་ནང་གི་ཡིན་པར་འདོད་བ་ལ་སུན་འབྱིན་པའི ་གང་ཟག་ཞེ་སྡང་བས་སྨྲ་བ་རྣམས་ཀྱིས་ལོག་པར་ཟིན་པའི་རྣམ་གྲངས་མང་དུ་ཡོད་མོད་ཀྱིས་འདིར་ཧ་ཅང་སྤྲོས་པས་ཆོག་ནས་ད་ནི་དཀྱུ་ས་ལ་འཇུག་པར་བྱ་སྟེ། གལ་ཏེ་མྱ་ངན་ལས་འདས་པའི་རང་བཞིན་དེ་ལྟ་བུ ་རྟོགས་པར་བྱ་ན། འོ་ན་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པའི་མཐར་ལྟུང་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། མྱ་ངན་ལས་འདས་པའི་རང་བཞིན་དེ་དག་གི་ཕྱོགས་འགའ་ཞིག་རྟོགས་པར་ཟད་ཀྱིས་མཐའ ་དག་པ་ནི་ས་བཅུའི་དབང་ཕྱུག་གིས་རྟོགས་པར་འགྱུར་བས། ཤིན་ཏུ་མཐའ་ཐུག་པ་མི་བརྗོད་མི་སྟོན་ཏེ་ཞེས་བྱ་བའོ།། བརྗོད་ན་ནི་དེར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། ཕྱོགས་འགའ་ཞིག་མ་རྟོགས་ན་ནཱ་དངོས་པོར་ལྟ་བར་འགྱུར ་ལ། ཐམས་ཅད་དུ་རྟོགས་ན་ནི་ཡང་དག་པའི་མཐའ་མངོན་དུ་བྱས་པར་འགྱུར་བས། དེ་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལ། ལན་ནི་འོག་ནས་བཤད་པ་ལྟར་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པར་བསྒོམ་པའི་དབང་གི་སྲིད་པ་དང་ཞི ་པའི་མཐའ་བསྲིངས་པ་ཡིན་ནོ་ཞེས་བསྟན་པ་ནི་དེ་དག་གིས་ནི་ཞེས་བྱ་བའོ།། ཕྱོགས་འགའ་ཞིག་ཞེས་བྱ་བ་ནི་མོས་པར་སྦྱོང་བའི་ས་ལ་མོས་པས་ཡུལ་དུ་བྱེད་པ་ན་ཁོང་དུ་ཆུད་པར་འདོད་པ་སྟེ་འདུན་པའོ།། མོས་པས་སྤྱོད་པའི ་ས་ཆེན་པོ་ལ་བདེན་པ་རྟོགས་པ་དང་། རྗེས་སུ་མཐུན་པའི་ཆོས་མོས་བྱས་ཡུལ་དུ་བྱེད་པ་རང་བཞིན་གྱིས་ངོ་བོ་ཉིད་ལ་བློ་ཡོངས་སུ་བཏང་བའོ།། ས་དང་པོ་ལ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དེ་བཞིན་ཉིད་རྟོགས་པ་ནས་སངས ་རྒྱས་ཀྱི་ས་ལ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པས་ན། ཆོས་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་དང་བྲལ་བའི་ངོ་བོ་ཉིད་རྟོགས་པའི་བར་དུ་ཡོན་ཏན་ཐམས་ཅད་གྱེན་དུ ་ལྡན་པ་ཡིན་པར་སྦྱར་བར་བྱ་སྟེ། ཁོ་བོས་ནི་གཞུང་མངས་པའི་དོགས་པ་སྦྱར་བ་མ་བྱས་སོ།། དེ་ལ་མངོན་དུ་བྱ་བ་ནི་གཟུགས་ཀྱི་སྐུའི་རྣམ་པ་གཉིས་ཏེ། ཇི་སྐད་དུ་ས་དང་པོ་ལས་སངས་རྒྱས་བརྒྱའི་ཞལ་མཐོང་ཞིང་ཞེས་བྱ་བ་ལ་སོགས ་པ་གསུངས་སོ།། སྐད་ཅིག་གཅིག་ལ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སོ།། དེ་དག་ཀྱང་དངོས་པོར་མ་ཞེན་པར་ཀུན་རྫོབ་ཀྱི་སྒོ་ནས་ཡེ་ཤེས་ཀྱི་སྐད་ཅིག་གིས་རྗེས་སུ་འབྲང་བར་བྱ་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་ཡུལ་ནི་ཀུན ་རྫོབ་ཡིན་པའི་ཕྱིར་ལ། ཏིང་ངེ་འཛིན་གྱི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ན་སྐད་ཅིག་ཀྱང་བྱ་བའོ།། རྗེས་སུ་འབྲེང་བ་ནི་རྗེས་སུ་འགྲོ་བའོ།། སྐད་ཅིག་དེ་ལ་ཡང་ཞེས་བྱ་བ་ནི་དེའི་སྐད་ཅིག་མ་གཅིག་ལ་ཡང་ངོ་།། ཐམས་ཅད་ཅེས་བྱ་བ་ནི་དུས ་གསུམ་པ་རྣམས་སོ།། མངོན་པར་བསྒྲུབ་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། ཞིང་ཡོངས་སུ་སྦྱར་བར་བྱ་བའོ།། འོ་ན་དངོས་པོར་ལྟ་བར་འགྱུར་ཞེ་ན། གཉིས་ཀྱི་འདུ་ཤེས་ཀྱང་བསྐྱེད་པར་མི་བྱ་ཞེས་བྱ་བ་སྟེ། གཉིས ་ནི་བདག་གཞན་ནོ།། འདུ་ཤེས་ནི་རྣམ་པར་རྟོག་པ་སྟེ། དེ་བསྐྱེད་པར་མི་བྷ་བ་ནི་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ཡིན་པའི་ཕྱིར་རོ།། འོ་ན་འདུས་མ་བྱས་པ་འབའ་ཞིག་བསྒོམ་པ་འམ་ཞེ་ན། དེ་ནི་མོ་ཡིན་ཏོ། འགོག ་པའི་མཐའ་སྤང་དགོས་པའི་མི་གཉིས་པའི་འདུ་ཤེས་ཀྱང་མོ་ཞེས་བྱ་སྟེ། སྒྱུ་མ་ཙམ་དུ་དམིགས་པར་བྱ་དགོས་པའི་ཕྱིར་རོ།། སྒྱུ་མ་ཙམ་ཞེས་སྨོས་པས་གང་ཟག་དང་ཆོས་སུ་བལྟ་བའི་འདུ་ཤེས་སྤང་བར་བྱ་བ་ནི། ་སེམས་ཅན་གྱི་ཞེས་བྱ་བ་ལ་སོགས་པའོ།། གཉིས་དང་གཉིས་མ་ཡིན་པའི་ལྟ་བ་སྤངས་ན་ཅི་ལྟར་འབྲས་བུ་ཐོབ་ཅེས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྟོག་པ་ལ། སྔར་བཤད་པ་ལྟར་མཐའ་གཉིས་ནི་སྤང་བྱ་ཡིན་པས ་ཡོད་པ་དང་མེད་པར་ཞེན་པའི་ལམ་རྣམས་དང་བྲལ་ཞིང་བདག་དང་ཆོས་སུ་ལྟ་བའི་འདུ་ཤེས་སྲུང་དགོས་པ་ནི་ལམ་གྱི་གེགས་ཡིན་པའི་ཕྱིར་རོ།། དེ་ལ་ཞེན་པའི་འདོད་ཆགས་པའོ།། དེ་ལྟར་མྱ་ངན་ལས་འདས་པའི་རང་བཞིན ་གྱི་སྒོ་ནས་བསྟན་ནས། ད་ནི་ཕྲིན་ལས་ཀྱི་སྒོ་ནས་མྱ་ངན་ལས་འདས་པའི་རང་བཞིན་བསྟན་པ་ནི། ཀྱེ་རྒྱལ་བའི་སྲས་ཞེས་གསུངས་ཏེ། འཕྲིན་ལས་ནི་རྣམ་པ་གཉིས་ཏེ། མི་རྟོག་པ་དང་། དུས་ཐམས་ཅད་པའོ།། དེ་དག་བསྟན ་བ་ནི། གཞན་ཡང་ཞེས་བྱ་སྟེ། འབྱུང་བའི་ཕྲིན་ལས་ནི་དེ་བཞིན་གཤེགས་པ་འབྱུང་བ་ཞེས་གསུངས་ཏེ། ཆོས་ཀྱི་སྐུའི་ཕྲིན་ལས་སྤྲུལ་པའི་ངོ་བོ་ཉིད་བསྟན་པས་འདུལ་བ་རྣམས་ལ་ཡང་དག་པར་རྫོགས་པའི་སངས ་རྒྱས་འཕྲོ་བ་དང་ལྷུམས་སུ་འཇུག་པ་ལ་སོགས་པ་སྣང་བ་ནི་འབྱུང་བའོ།། འཇིག་པའི་ཕྲིན་ལས་ནི་སྤྲུལ་པའི་སྣང་བ་བརྟུལ་བར་བྱེད་པ་སྟེ། རྟག་པར་འཛིན་པའི་ལྟ་བ་བཟློག་པར་མཛད་པས། ཀུ་ཤིའི་གྲོང་ལ་སོགས་པར ་རྡོ་རྗེ་ལྟ་བུའི་སྐུ་གཤེགས་པར་མཛད་པ། ཡོངས་སུ་སྨིན་པར་བྱེད་པ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་སྟེ། སྐྱོ་བ་བསྐྱེད་པ་ནི་རྟག་པར་ལྟ་བ་ཅན་རྣམས་སོ།། འོ་ན་དེ་བཞིན་གཤེགས་པ་ནི་འདུས་བྱས་པའོ། ་སྙམ་དུ་སེམས་ན་མི་རྟོག་པའི་ཕྲིན་ལས་ཡིན་པས་སྐྱེ་བའང་མེད་ཅེས་བྱ་བ་ལ་སོགས་པ་སྟེ། དུས་རྣམས་ཀུན་ཏུ་དེ་བཞིན་གཤེགས་པ་ནི། དབྱིངས་དང་ཡེ་ཤེས་གཉིས་མེད་རང་བཞིན་གྱིས།། ཆོས་ཀྱི་སྐུ་སྟེ་དེ་ལ་དེ་ཞུགས་ནས་མྱ་ངན ་ལས་འདས་མིན་གཞན་ལས་འདས་མིན་ཞེས་བྱ་བའོ།། དེའི་དཔེ་གང་ཞེ་ན། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་ཕྲིན་ལས་ནི་ཡུལ་ལ་ཁྱབ་པས་ན། སངས་རྒྱས་གཅིག་གིས་ཀྱང་མཛད་པ ་ཐམས་ཅད་དུ་མཛད་པ་མྱ་ངན་ལས་འདའ་བའང་ཐམས་ཅད་དུ་སྟོང་པ་ནི། ཉི་མའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་དང་མཉམ་པ་ཞེས་དེས་གསུངས་པ་ཡིན་ནོ།། མྱ་ངན་ལས་འདས་པ་སྣང་བ་ཡང་ཐུགས་རྗེ་ཉི་ཚེ་བ་མ་ཡིན་མོད་ཀྱི།། ་འོན་ཀྱང་གདུལ་བྱ་རྣམས་ཀྱིས་ཉེས་པས་ཡིན་ན། སྣོད་ཆག་གམ་ཞེས་བྱ་བ་ལ་སོགས་པའི་དཔེས་གསུངས་པ་ཡིན་ཏེ། དེ་ལ་ཚོགས་མ་བསགས་པ་དང་། དམན་པར་བསགས་པ་དང་། བསགས་པ་ཐག་བསྲིངས་པ་གསུམ་གྱི ་དབང་དུ་མཛད་ནས་ཆགས་པ་དང་ལོགས་ཤིག་ཕྱུང་བ་དང་། སྟོང་པར་གྱུར་པ་ཞིག་སྨོས་ཏེ། སྣོད་ཆག་པ་ལྟ་བུ་ནི་རྣམ་པར་སྨིན་པའི་སྒྲིབ་པ་དང་ལྡན་པ་སྟེ་དེས་ཐག་བསྲིངས་པའི་ཕྱིར་རོ།། ལོགས་ཤིག་ཏུ་ཕྱུང་བ་ལྟ་བུ་ནི་སེམས་རྙོག ་པབ་དང་ལྡན་པ་སྟེ། དེས་ཚོགས་དམན་པར་བསགས་པའི་ཕྱིར་རོ།། སྟོང་པ་ལྟ་བུ་ནི་ལས་དང་ཉོན་མོངས་པའི་སྒྲིབ་པས་ཁེབས་པས་ཏེ། དེའི་དབང་གིས་ཚོགས་མ་བསགས་པའི་ཕྱིར་རོ།། དེ་ལྟ་བུའི་སྒྲིབ་པ་དང་ལྡན་པས་ན་དེ་བཞིན་གཤེགས་པ་མི ་མཐོང་བས། ཅི་ལྟར་ཆུ་ཡི་སྣོད་ཆག་ན། ཟླ་བའི་གཟུགས་བརྙན་མི་སྣང་ལྟར།། དེ་བཞིན་སེམས་ཅན་ངན་པ་ལ། སངས་རྒྱས་སྐུ་ནི་མི་སྣང་ངོ་།། ཞེས་གསུངས་པ་ལྟ་བུའོ།། འོ་ན་དེ་བཞིན་གཤེགས་པ་གཅིག་གིས ་ཕྲིན་ལས་མཛད་པས་ཟིན་པ་ན་ཐམས་ཅད་མ་ཡིན་ནམ། ལུང་ལས་ཀྱང་སངས་རྒྱས་ཐམས་ཅད་ནི་མཛད་པ་གཅིག་གོ་ཞེས་འབྱུང་ངོ་སྙམ་དུ་སེམས་ན། འཇིག་པའི་ཕྲིན་ལས་ནི་མེའི་དཔེ་གསུངས་ཏེ། མེ་ནི་གཅིག་ཏུ་འབར་བ ་ང། ཤི་བས་ཐམས་ཅད་མ་ཡིན་པ་ལྟར་དེ་བཞིན་གཤེགས་པའི་ཕྲིན་ལས་ཀྱང་གཅིག་ཏུ་རྫོགས་ཐམས་ཅད་དུ་མ་ཡིན་ཏེ། གདུལ་བྱ་ཤིང་ལྟ་བུ་ཡོད་པ་དང་མེད་པ་ལས་འཕྲིན་ལས་མེ་ལྟ་བུ་འབར་བ་དང་། མི་འབར་བར ་ཤེས་པར་བྱ་བ་དང་། ཅི་ལྟར་མེ་ནི་གཞན་དུ་འབར། གཞན་དུ་ཤི་བར་གྱུར་པ་ལྟར།། སངས་རྒྱས་འཕྲིན་ལས་སེམས་ཅན་ལ།། སྣང་དང་མི་སྣང་ཤེས་པར་བྱ། ཞེས་གསུངས་པ་ལྟ་བུའོ།། འོ་ན་དང་པོ་སེམས་བསྐྱེད་པའི་ཚེ།། ་སེམས་ཅན་ཐམས་ཅད་གདོན་པར་དམ་བཅས་ནས་ཐ་མ་མྱ་ངན་ལས་འདས་ཀྱང་། སེམས་ཅན་གྱི་ཁམས་བྲི་བ་འམ་གང་བ་མི་མངོན་པས་མཛད་པ་ཅི་ལྟར་མཐར་ཕྱིན་ཅེ་ན། ལ་ལ་ནི་རིགས་པ་དང་ལྡན་པའི་གང་ཟག ་རྣམས་ལ་ཡིན་པས་རིགས་མེད་པ་རྣམས་ཅི་ལྟར་དག་པར་འགྱུར་རིགས་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ཅན། རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་པ། ཆོས་ཉིད་ཀྱིས་ཐོབ་པ། སྐྱེ་མཆེད་ཀྱིས་ཁྱད་པར་ཡིན་པའི་ཕྱིར་རོ།། ་དེ་ལྟ་བས་ན་རིགས་དང་ལྡན་པ་རྣམས་ནི་གྲོལ་བ་ཉིད་པས་མེད་དོ་ཞེས་བྱ་བ་དང་། ཡང་བསམ་པ་ལ་རྣམ་པར་བཞག་པ་བྱེད་པ་པོས་དངོས་པོའི་སྟོབས་ཀྱིས་མ་ཡིན་པས་ཉེས་པ་མེད་པ་ཡིན་ལ། འོ་ན་བརྫུན་དུ་སྨྲ་བར་ཅི་ལྟར་མི་འགྱུར ་ཞེ་ན། མི་འགྱུར་ཏེ། ནང་གི་བསམ་པའི་དབང་གིས་འདུ་ཤེས་བསྒྱུར་བ་མེད་པའི་ཕྱིར་ལ། རིགས་ཀྱི་ཁྱད་པར་གྱིས་གྲོལ་བ་དང་། མ་གྲོལ་བ་སྲིད་པའི་ཕྱིར་རོ་ཞེས་ཟེར་ལ། གཞན་དག་ལ་ནི། མ་ཁུམ་པའི་ལུས་ཀྱིས་མཚོར་བར་ལྷག་པར ་ཟོད་བྱེད་ཅིང་།། མར་མེ་ཤི་བར་གྱུར་པ་བཞིན།། དེ་ཡི་སེམས་ནི་རྣམ་པར་གྲོལ།། ཞེས་གསུངས་པའི་མྱ་ངན་ལས་འདས་པ་སྤངས་ནས། སངས་རྒྱས་མྱ་ངན་ཡོད་མི་འདའ།། ཆོས་ཀྱང་ནུབ་པར་མི་འགྱུར་ཏེ།། སེམས་ཅན་རྣམས་ལ ་ཕན་གདོགས་ཕྱིར།། ཐབས་ཀྱིས་མྱ་ངན་འདས་པ་སྟོན།། ཅེས་གསུངས་པའི་ལུང་ཚད་མར་བྱས་ནས། བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ།། སེམས་ནི་རྒྱ་ཆེ་མཆོག་ཏུ་རབ་བསྐྱེད་དོ།། འགྲོ་བ་འདི་དག་ཐམས་ཅད་སངས ་རྒྱས་འགྱུར།། དེའི་ཕྱིར་སྣོད་མིན་སེམས་ཅན་གང་ཡང་མེད།། ཅེས་བྱ་བ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པར་འགྱུར་བས། ཕྲིན་ལས་ཉིད་ཀྱི་ཁྱད་པར་དེ་དག་གདུལ་བའི་ཐབས་སུ་སྟོན་པས། གཞན་ཡང་ཡོངས་སུ་མྱ་ངན ་ལས་འདའ་བས་གདུལ་བ་རྣམས་ལ་ཞེས་གསུངས་པ་ཡིན་ནོ།། ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་སྒྲུབ་པ་ནི། བཤད་ཟིན་འཆད་པར་འགྱུར་བས་གཞན།། ཅེས་བྱ་བའི་ཚུལ་གྱིས་རེ་ཞིག་བཞག་གོ།། བྲི་བ ་དང་གང་བ་མེད་པ་ནི་སེམས་ཅན་གྱི་ཁམས་མི་ཟད་པའི་ཕྱིར་ལ། མི་ཟད་པའང་སྤྱིའི་དབང་དུ་བྱས་པའི་ཕྱིར་ཏེ། སོ་སོའི་དབང་དུ་བྱས་ནས་གྲོལ་བའི་ཕྱིར་ཟད་པ་ཁོར་ནའོ།། སྤྱི་ནི་སོ་སོ་བ་འདུས་པ་མ་ཡིན་ལ། ་སོ་སོར་གྲོལ་བ་ཉིད་ཀྱིས་སྤྱི་ཅི་ལྟར་མི་གྲོལ།། གང་ཞིག་སྨོན་པ་མེད་ལ་བྲི་བ་ཡོད་པ་དེ་ནི་ཟད་པའི་ཆོས་ཅན་ཏེ། དཔེར་ན་འབྲུའི་ཕུང་པོ་ལྟ་བུའོ་ཞེ་ན་མ་ཡིན་ཏེ། རིས་སུ་ཆད་པའི་ཕྱིར་དཔེ་འདྲ་བ་མ་ཡིན་ནོ།། གང་ཞིག་པ་མཐའ་ཡོད་པ་དེ ་ནི་ཟད་པར་རིགས་པ་ལས། སེམས་ཅན་གྱི་ཁམས་ནི་ན་མཁའི་ཁམས་དང་མཉམ་པས་ཕ་མཐའ་མེད་པས། ཟད་པར་ཅི་ལྟར་རིགས། དེ་མ་གྲུབ་པ་ཞེ་ན། ལུང་དང་འགལ་བའི་ཕྱིར་ལ། ཉེས་པ་ཟད་པའི་ལུང་ནི་ཆོས་དང་མཐུན ་པར་ཟློག་པར་མི་རིགས་སོ།། དྲང་བའི་དོན་དུ་ཡང་བཀྲི་བར་མི་ནུས་ཏེ། སྔ་མ་ལྟར་ངེས་པའི་དོན་གྱི་མཚན་ཉིད་དག་དང་ལྡན་པའི་ཕྱིར་རོ་ཞེས་ཟེར་རོ།། ཡུལ་ལ་ཁྱབ་པ་ཅི་ལྟ་བ་བཞིན་དུ་དུས་ལ་ཁྱབ་པ་དེ་ཉིད་ཀྱི་དཔེ་གང་ཞེ་ན། ་སྒྱུ་མའི་མཁན་པོ་ཞེས་གསུངས་ཏེ། མཁས་པ་ནི་བཟོའི་ཁྱད་པར་ལེགས་པའོ།། ལོབས་པ་ནི་རྣམ་པ་མཐའ་དག་ཤེས་པའོ།། ཤིན་ཏུ་བྱང་བ་ནི་མང་དུ་བྱས་པས་མྱུར་བ་ཉིད་དོ།། སྔགས་ནི་ལྷ་ཕོ་དང་འབྲེལ་པ་སྟེ་གསང་བའི ་ཕྱིར་རོ།། རིག་པ་ནི་ལྷ་མོ་དང་འབྲེལ་བ་སྟེ་རིག་མ་ཡིན་པའི་ཕྱིར་རོ།། དཔེ་དང་སྦྱར་བ་ནི་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། ཡེ་ཤེས་ཀྱི་རྒྱུ་ཚད་མེད་པ་ནི། བསྐལ་པ་གྲངས་མེད་པ་གསུམ་དུ་བསགས་པའི་ཚོགས་སོ།། ་ལལ་ན་རེ་བསྐལ་པ་གྲངས་མེད་པ་སུམ་ཅུ་རྩ་གསུམ་གྱི་ངེས་པར་འབྱུང་ངོ་ཞེས་ཟེར་རོ།། ཐབས་ནི་བབས་སུ་གྱུར་པ་སྟེ་ཐབས་ཉིད་དོ།། དེ་གང་ཞེ་ན། བསོད་ནམས་ཀྱི་ཚོགས་ཏེ་གསང་སྔགས་ལྟ་བུའོ།། ཤེས་རབ་ནི་དོན་དམ་པ་ཤེས ་པའོ།། ཡེ་ཤེས་ནི་ཀུན་རྫོབ་ཤེས་པ་སྟེ། ཤེས་རབ་དང་ཡེ་ཤེས་ནི་རིག་མ་ལྟ་བུའོ།། མི་འཇིགས་པ་ནི་འོག་ནས་འབྱུང་བ་ལྟར་དུས་གསུམ་ལ་ཁྱབ་པའོ།། དེ་ལྟར་ན་མྱ་ངན་ལས་འདས་པ་ནི་ཕྲིན་ལས་ཀྱི་སྒོ་ནས་ཀྱང་རིག་པར་བྱའོ།། ་དེ་ལྟར་ན་མྱ་ངན་ལས་འདས་པ་རང་བཞིན་དང་། ཕྲིན་ལས་ཀྱི་སྒོ་ནས་རྒྱས་པར་བཤད་ནས། དེ་དག་གི་དོན་བསྡུ་བ་ནི་ཀྱེ་རྒྱལ་བའི་སྲས་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་བཞིན་གྱི་སྒོ་ནས་བསྡུ་བ་ནི། ཚད ་མེད་པའི་རྗེས་སུ་སོང་བ་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་སྔར་བསྟན་པའི་རང་བཞིན་དང་འདོད་ཆགས་དང་བྲལ་བ་དང་། རྨི་ལམ་དང་། མཚན་ཉིད་མེད་པ་དང་། བདག་དང་ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་མཐའ ་རྣམས་ནི་ཚད་མེད་པའི་རྗེས་སུ་སོང་བ་ཞེས་བྱ་ལ། ལྷག་མ་རྣམས་ནི་གྲངས་ཇི་བཞིན་དུ་སྦྱར་བར་བྱའོ།། ཕྲིན་ལས་ཀྱི་སྒོ་ནས་བསྡུ་བ་ནི། དུས་བཞིན་རབ་ཏུ་སྟོན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བ་དང ་འཇིག་པའི་ཕྲིན་ལས་ཡུལ་ལ་ཁྱབ་པ་ཉིད་ཉི་མའི་དཀྱིལ་འཁོར་ལྟར་སྣང་བ་ནི། དུས་ཅི་བཞིན་དུ་རབ་ཏུ་སྟོན་པའོ།། དེ་ཉིད་མེ་ལྟར་རྒྱུ་ཡོད་པ་དང་། མེད་པས་འབར་བ་དང་། མི་འབར་བ་ནི་འགྲོ་བ་ཐམས་ཅད་དུ་རྒྱུན ་མི་འཆད་པ་སྟེ། གདུལ་བྱའི་སེམས་ཅན་ཡོད་ན་ཕྲིན་ལས་རྒྱུན་མི་འཆད་པ་ཡིན་ནོ།། དུས་ལ་ཁྱབ་པརའི་ཕྲིན་ལས་སྒྱུ་མ་བསྐལ་པར་གནས་པ་ལྟར་ཕྲིན་ལས་བསྐལ་པར་གན་པ་ལྟར་བྱིན་གྱི་རླབས་པས་སྔུན་གྱི་བྱིན་གྱིས་བརླངས་རྒྱ་ན་དུ། ་བྱིན་གྱིས་བརླབས་སྟེ། སྔོན་གྱི་ཞེས་བྱ་བ་ནི་བསྐལ་པ་གྲངས་མེད་པ་རྣམསོ།། བྱིན་གྱིས་བརླབས་ནི་བྱིན་གྱིས་བརླབས་ཀྱི་མཐུ་ཉིད་དོ།། འགྲོ་བའི་ཞིང་ནི་གདུལ་བྱའོ་གནས་སོ།། ཆོས་ཀྱི་དབྱིངས་ཁམས་ཀྱི་དོན་ཏེ། སེམས་ཅན་གྱི་རྗེ་སུ ་ཞུགས་པ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་མྱ་ངན་ལས་འདས་པའི་རང་བཞིན་བསྟན་ནས་ད་ནི་མྱ་ངན་ལས་འདས་པ་སྒོ་སྣ་ཚོགས་ནས་འཇུག་པར་བསྟན་པ་ནི། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་དག་པའི་སྒོ ་ནས་འཇུག་པ་ནི་རང་བཞིན་གྱིས་སྟོང་པ་ཉིད་དོ་ཞེས་བྱ་བ་སྟེ། རང་བཞིན་གྱིས་སྟོང་པ་ཉིད་ཀྱིས་ངོ་བོ་ཉིད་ཀྱིས་དག་པའོ།། རྟོགས་པ་ཐོབ་པའི་སྒོ་ནས་འཇུག་པ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་ཞེས་གསུངས་ཏེ། མཉམ ་པ་ཉིད་ནི་དེ་བཞིན་ཉིད་ཐ་མི་དད་པའི་ཕྱིར་རོ།། རྟོགས་པ་ནི་ཁོང་དུ་ཆུད་པའོ།། བྱེད་པའི་སྒོ་ནས་འཇུག་པ་ནི། རིགས་ཀྱི་བུ་ཞེས་གསུངས་ཏེ། བྱེད་པ་ནི་ཕྲིན་ལས་ཉིད་དོ།། སྤངས་པའི་སྒོ་ནུས་འཇུག་པ་ནི་ལས་ཟད་པ་དང་ཞེས་བྱ་བྱ་ལ ་སོགས་པ་སྟེ། ལས་དེང་ཉོན་མོངས་པ་ནི་རྒྱུ་ཡིན་ལ། སྡུག་བསྔལ་ནི་འབྲས་ཟེར་གྱུར་པའོ།། ཞི་བ་ནི་མངོན་དུ་རྒྱ་སྤངས་པའི།། བྱ་བ་ནི་ངག་ལ་ཉལ་བཅོམ་པའི།། རྣམ་པར་ནི་བནི་ཚོར་བ་རྒྱན་ཚད་བ་སྟེ། དེ་ནི་གཏོང་སྙོམས ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟར་དག་པ་དང་ཕྲིན་ལས་ཀྱི་སྒོ་ནས་འཇུག་པ་མྱ་ངན་ལས་འདས་པར་བསྟན་པ་དང་། འོག་ནས་མཚན་མ་རབ་ཏུ་ཞི་བ་ལ་སོགས་པ་མྱ་ངན་ལས་འདས་པར་བསྟན་པ་རྣམས། རབ་ཏུ་རྨོངས་པས་གོང་འོག་གོ།། ་འབྲེལ་པ་གྲོ་བར་བྱ་ཕྱིར་བསྟན།། ཞེས་བྱ་བའི་ཚུལ་གྱིས་མྱ་ངན་ལས་འདས་པ་ཀུན་ཏུ་བསྟན་པ་ལ་འཇུག་པ་ནི་མཐའ་ཡས་སོ་ཞེས་གསུངས་ཏེ། ཀུན་ཏུ་བསྟན་པ་ནི། མདོ་སྣ་ཚོགས་སུའོ།། འཇུག་པ་མཐའ་ཡས་པ་ནི། དག་པ་ལ་སོགས་པ་ལ ་འཇུག་པའི་ཕྱིར་རོ།། དེ་ལ་མཚན་མ་ནི་བཟུང་བར་བྱ་སྟེ། གཟུགས་ལ་སོགས་པའི་མཚན་མ་ལའོ།། གཡོ་བ་ནི་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཏེ། གཟུང་བ་དང་འཛིན་པ་འགུག་པས་ན་བྲལ་བ་སྟེ། དེའི་ཕྱིར ་རྣམ་རྟོག་ཟད་པས་ན། དེའི་ཚེ་མྱ་ངན་ལས་འདས་ཞེས་གསུངས་པ་ལྟ་བུའོ།། འདུས་མ་བྱས་པའི་སྒོ་ནས་འཇུག་པ་ནི། རྐྱེན་གྱི་སྒྲོ་བཏགས་པ་མེད་པ་སྟེ། སོ་སོར་བརྟགས་པའི་འགོག་པ་ཡིན་པའི་ཕྱིར་རོ།། དེ་ལས་འདུས་མ་བྱས ་པ་ནི་རྒྱུ་དང་རྐྱེན་གྱིས་མ་བྱས་པ་སྟེ། སྒྲོ་བཏགས་པ་ནི་མེད་པ་ལ་བྱས་པ་ཡིན་པའི་ཕྱིར་ཏེ་དེ་མེད་བྱའོ།། འདུས་བྱ་བའི་སྒོ་ནས་འཇུག་པ་ནི་འདོད་ཆགས་ཟད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་གྱི་བདེན་པས ་འདུས་བྱས་པའི་སྒོ་ནས་ཉོན་མོངས་པ་སྤངས་པའི་ཕྱིར་རོ།། འཕྲིན་ལས་ཀྱི་སྒོ་ནས་འཇུག་པ་ནི། མདྒལ་གྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ཐམས་ཅད་པ་ཡིན་པའི་ཕྱིར། དེའི་ཚེ་དེའི་དུས་ན་ཞེས་སྨོས་པ་ཡིན་ནོ།། ་དེ་ལ་མཐོང་བའི་ལམ་མ་སྐྱེས་པས་ན་བྱང་ཆུབ་ཀྱི་སེམས་ལ་མ་ཞུགས་པའོ།། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་ཐེག་པ་ཆེན་པོ་ལ་ཞུགས་བྱའོ།། རང་བཟོས་ཞུགས་པས་ན་དབང་ཟོས་པའོ།། དེས་ཐ་མའི་རྣམ་པར་ཤེས་པ ་དང་བར་མ་དོར་ལོགས་པར་ཤེས་པ་སྐྱེས་པས་ན་ལྟུང་བར་འགྱུར་བའོ།། དེ་དག་སྐལ་པོ་མཉམ་པར་སྐྱེ་བར་མཛད་པས་ན་སྤྲུལ་པ་སྟེ། ཐབས་སྣ་ཚོགས་ལ་དགོད་པས་ན་མི་བདེ་བ་མྱོང་ཞེས་བྱའོ།། ཐུགས་རྗེ་ཆེན་པོ་ནི་དུས་ཐམས ་ཅད་པའི་མཛད་པའོ།། ཕྱིར་མི་ལྡོག་པ་ནི་ས་བརྒྱད་པ་ལ་བཞག་པའོ།། དེ་ལྟ་བུའི་ཐམས་ཅད་པའི་ཕྲིན་ལོས་བསྟན་པ་ནི་བྲང་བའི་དོན་ཡིན་པས་ཁོངས་སུ་མི་རུང་ཞེ་ན། ངེས་དོན་དུ་སྒྲུབ་པ་ནི་དགེ་སློང་དག་ཅེས་བྱ་བ་ལ་སོགས ་བྱའོ།། དེ་ལ་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ནི་འདོད་པའི་བདེ་བའོ།། ཚངས་པར་སྤྱོད་པའི་ཕྱོགས་གཅིག་པའི་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར། ཁྱིམ་ནས་འབྱུང་བའི་བདེ་བའོ།། སྔར་བསྟན་པའི་དོན་རྣམས ་ཀྱིས་ན་བསམ་གཏན་བཞི་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་བདེ་བའོ།། མཐོང་བའི་ལམ་ཐོབ་པས་ན་རྫོགས་པའི་བྱང་ཆུབ་ཀྱི་བདེ་བའོ།། དེ་དག་ཀྱང་མངོན་པར་མ་ཞེན་པས་བྱུང་བབྱའི་དཔེས་བསྟན་ཏེ། དྲ ་ཐམས་ཅད་པ་ནི་ཡིན་པས་ན་དེའི་ཚེ་ཞེས་གསུངས་པ་ཡིན་ནོ།། དེ་ལྟར་ན་མཚན་མ་རབ་ཏུ་ཞི་བ་ལ་སོགས་པའི་མདོ་འདི་རྣམས་ཀྱིས་སྔ་མའི་མདོ་རྣམས་བཤད་པ་ཡིན་ཏེ། མཚན་མ་རབ་ཏུ་ཞི་བ་དང་། གཡོ་བ་དང་བྲལ་བས་ནི་རྟོགས ་བའི་དག་པ་བཤད་པ་རིག་པར་བྱའོ།། རྐྱེན་གྱིས་སྒྲོ་བཏགས་པ་མེད་པས་ནི་ཆོས་ཉིད་ཀྱིས་བཤད་པར་རིག་པར་བྱའོ།། འདོད་ཆགས་ཟད་པ་ལ་སོགས་པས་ནི། སྤངས་པའི་སྒོ་ནས་འཇུག་པར་བཤད་པར་རིག་པར་བྱའོ།། ཡེ་ཤེས་ཤིན་ཏུ ་རྒྱས་པའི་མདོ་ལས་བྱུང་བ་རྣམས་ཀྱིས་ནི་བྱེད་པའི་སྒོ་ནས་འཇུག་པ་བཤད་པར་རིག་པར་བྱ་སྟེ། དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ནི་མདོ་སྡེ་གཞན་གྱིས་བཤད་པར་བྱའོ་ཞེས་གསུངས་པ་ཡིན་ནོ།། དེ་ལྟ་བས་ན་འདི་དག་གིས ་ནི་རང་དང་གཞན་གྱི་དོན་མཐར་ཕྱིན་པ་མྱ་ངན་ལས་འདས་པར་རིག་པར་བྱའོ་ཞེས་བཤད་ནས། དེ་ནི་དེ་དག་གི་དོན་བསྡུ་བ་མདོ་གཞན་གྱིས་བསྟན་པས། ལངྐར་གཤེགས་པ་ལས་ཞེས་གསུངས་ཏེ། ཕྲིན་ལས་རྒྱུན་མི་འཆད་པས ་ན་བྱ་བ་ལ་སོགས་པ་མྱ་ངན་ལས་མི་འདའ་བ་སྟེ་དུས་ཐམས་ཅད་དང་ཡུལ་ལ་ཁྱབ་པའི་ཕྱིར་རོ།། སྔར་བསྟན་པའི་རང་བཞིན་དེ་བཞིན་ཉིད་ལ་སོགས་པ་རྣམས་ནི། རང་བཞིན་གྱིས་ཆད་པ་མེད་པའི་མཚན་ཉིད་མྱ་ངན་ལས་མི་འདའ ་བའོ།། དེ་བཞིན་གཤེགས་པའི་མཛད་པ་རྒྱུན་ཆད་པ་མར་མེ་ཤི་བ་ལྟ་བུ་གྱུར་པ་མ་ཡིན་པོས་དངོས་པོ་ཆད་པས་མ་ཡིན་དངོས་པོར་མྱ་ངན་ལས་མི་འདའ་བའོ།། འོ་ན་ཅི་ལྟ་བུར་ཞེ་ན། རྟོག་པ་ཟད་པ་སྟེ། ལུང་ལས་བྱང་ཆུབ་སེམས་ད ་ཉོན་མོངས་པ་ནི་རྣམ་པར་རྟོག་པའོ།། ཞེས་གསུངས་ལ། རྣམ་རྟོག་ཐམས་ཅད་ཟད་པས་ན། དེ་ཚེ་ང་ཡི་མྱ་ངན་འདའ་ཞེས་གསུངས་པས་རྣམ་པར་རྟོགས་པ་ཟད་པའོ།། རྣམ་པར་ཤེས་པ་ནི་མཚན་མར་འཛིན་པ་སྟེ། མཚན་མར་འཛིན ་བ་སྤངས་པས་ན་རྣམ་པར་ཤེས་པ་ཟད་པའོ།། དེ་ལ་རྟོག་པ་ནི་སྤྱིར་རྟོག་པའོ།། རྣམ་པར་ཤེས་པ་ནི་བྱེ་བྲག་ཏུ་རྟོག་པས་དེ་དེའི་ཁྱད་པར་ནི་དེ་ཡིན་ནོ།། མདོ་ཀུན་ལས་བཏུས་པའི་བཤད་པ་ལུང་གི་ཚད་མས་སྦྱར་བ་ལས ་མྱ་ངན་ལས་འདས་པ་ལ་མོས་པ་རྙེད་པར་དགའ་བའི་གཏམ་བརྗོད་པ་སྟེ་དགུ་པའོ།། མདོ་ཀུན་ལས་བཏུས་པ་ལས་ཆོས་ཟབ་མོ་ལ་བཟོད་པའི་ལེའུ་སྟེ་དང་པོ་རྫོགས་སོ།། །། དེ་ལྟར་ཐོབ་བྱ ་འབྲས་བུ་མྱ་ངན་ལས་འདས་པའི་རང་བཞིན་གྱིས་མཚན་ཉིད་གཏན་ལ་ཕབ་ནས། ད་ནི་ཐོབ་པར་བྱེད་པའི་ལམ་གྱི་ཁྱད་པར་བརྗོད་པར་བྱ་སྟེ། འདིར་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་ཀྱི་གྲུབ་པའི་མཐའ་མི་ཤེས་པའི ་མངོན་པའི་ང་རྒྱལ་ཅན་འགའ་ཞིག་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱིས་ཐེག་པ་གསུམ་དུ་གསུངས་པ་ངེས་པའི་དོན་ཡིན་ཏེ། ཉན་ཐོས་རང་རྒྱལ་བླ་མེད་ཀྱི།། ཐེག་པ་ཆེ་དག་ངས་བཤད་དོ།། ཞེས་གསུངས་པའི་མདོ་ཚད་མར ་བྱས་ནས། འཕགས་པ་ཐོགས་མེད་ཀྱིས་ལྡེམ་པོར་དགོངས་ཏེ། ཐེག་པ་གསུམ་དུ་བཤད་པ་ཡང་ངེས་པའི་དོན་ཡིན་ནོ།། ཞེས་བཅོམ་ལྡན་འདས་ཀྱིས་ལུང་དང་འཕགས་པ་ཐོགས་མེད་ཀྱིས་དགོངས་པའི་དོན་མི་རྟོགས་པ་དེ ་ལྟ་བུའི་གང་ཟག་འབྱུང་བར་དགོངས་ནས། དེ་དག་ལ་ཕན་གདགས་ཤིང་ངེས་པའི་དོན་དུ་གཏན་ལ་དབབ་པར་མཛད་པས། ཐེག་པ་གཅིག་ཏུ་བསྟན་པའི་ཕྱིར་ཐེག་པ་གཅིག་ལ་ཞེས་སྨོས་ཏེ། མོས་པ་ནི་ངེས་པར་འཛིན ་བའོ།། ཤིན་ཏུ་རྙེད་པར་དཀའ་བ་ནི་ཚོགས་བསགས་པ་རུང་བའི་ཕྱིར། དེ་དག་འདི་སྐད་ཅེས་སེམས་ཅན་རྣམས་ནི་རིགས་རྣམས་པ་ལྔའི་བདག་ཉིད་པས་དེའི་འབྲས་བུ་ཐེག་པ་ཡང་གསུམ་སྟེ། རིགས་གཅིག་ཏུ་གསུངས་པ་ཡང་། དེ་བཞིན་ཉིད་ནི ་ཐམས་ཅད་ལ།། ཁྱད་པར་མེད་ཕྱིར་དག་གྱུར་པས།། དེ་བཞིན་གཤེགས་ཉིད་དེ་ཡི་ཕྱིར།། འགྲོ་ཀུན་དེ་ཡི་སྙིང་པོ་ཅན་ཞེས་བྱ་བ་ཡིན་པས། དེའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་པ་ཡང་། རིགས་མ་ངེས་པ་དང་། ཐེག་པ་ཆེན་པོ་པའི་རིགས་ཅན་ལ ་དགོངས་པ་སྟེ། འཕགས་པ་བྱམས་པས། ཁ་ཅིག་དག་ནི་དྲང་ཕྱིར་དང་།། གཞན་དག་ངེས་པར་གཟུང་བའི་ཕྱིར།། རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི།། མ་ངེས་རྣམས་ལ་ཐེག་གཅིག་བསྟན་ཅེས་ཟེར་ཏེ། དེ་དག་གིས་འཕགས་པ་བྱམས་པའི ་དགོངས་པ་མ་རྟོགས་ཤིང་མི་ཤེས་པར་རིག་པར་བྱའོ།། ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་བཞིན་ཉིད་ཐམས་ཅད་ལ་ཡོད་ན་བྱེ་བྲག་མེད་པའི་ཕྱིར། གང་ཞིག་གྲོལ་བ་ཆེན་པོར་མི་འགྱུར། བྱེ་བྲག་ཡོད་ན་དེ་བཞིན་ཉིད་དུ་ཅི་ལྟར་འགྱུར། གལ་ཏེ་རྐྱེན ་གྱི་སྟོབས་ཀྱིས་སོ་ཞེ་ན། དེ་ནི་འདོད་པ་ཁོ་ན་སྟེ། རིགས་ལྔ་གསུངས་པ་ནི་རྐྱེན་གྱིས་བྱས་པའི་ཕྱིར་རོ།། དེ་བཞིན་ཉིད་ནི་འདོད་པ་མ་ཡིན་ཏེ། སྐྱེ་མཆེད་ཀྱི་ཁྱད་པར་རོ་ཞེ་ན། མ་ཡིན་ཏེ། དེ་བཞིན་ཉིད་མེད་ན། སྐྱེ་མཆེད་ཀྱི་ཁྱད་པར་གང་ལས ་འགྲུབ་རྒྱུ་དང་རྐྱེན་གྱིས་འདུས་མ་བྱས་པ་ཞེས་འདོད་པ་ལས་ཀྱང་དེ་བཞིན་དུ་མངོན་ནོ།། འོ་ན་ཁྱོད་ཅག་ཀྱང་ཐེག་པ་གསུམ་དུ་ཇི་ལྟར་མི་འདོད།། དེའི་ཕྱིར་དེ་བཞིན་ཉིད་ལ་དབྱེ་བ་མེད་ན། རིགས་གཅིག་པའི་ཕྱིར་དེ་ཅི་ལྟར་རུང་། མ་ཡིན་ཏེ། ་དེ་བཞིན་ཉིད་གཅིག་པ་ཉིད་ལས་ཀྱང་སྒྲུབ་པར་ཁྱད་པར་བགྱིས་ཏེ། རྟེན་པ་ཆོས་ཀྱི་བྱེ་བྲག་གིས།། རིགས་ཀྱི་དབྱེ་བ་ཡོངས་སུ་བརྗོད།། ཅེས་འདོད་དོ།། དེ་ནི་མཚུངས་སོ་ཞེ་ན། གང་དུ་གནས་སྐབས་སུའོ་ཞེ་ན། དེ་ནི་མི ་འདོད་པ་མ་ཡིན་ནོ།། མཐར་ཐུག་པ་རོ་ཞེ་ན་ཅི་ལྟར་མཚུངས་ཏེ་སྔར་བསྟན་པའི་རིགས་པ་ཉིད་ཀྱིས་སོ།། ཟབ་མོའི་དོན་ལ་རིགས་པ་མ་ཡིན་ཏེ་ལུང་ཡོད་དོ་ཞེས། རིག་པས་བསྟན་པར་མ་གྱུར་པའི། ལུང་ནི་བཀྲིར་བཏུབ་པའི་ཕྱིར ་ངེངེས་པར་མི་འགྱུར་ལ། བཟློག་པ་ནི་ངེས་པ་ཅན་ཡིན་པས་ཆོས་ཀྱི་དབྱིངས་ནི་རིགས་ཀྱི་དོན་ཡིན་པས་དབྱེར་མེད་པའི་ཕྱིར། ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པས། དེའི་འབྲས་བུ་ཐེག་པ་གཅིག ་པ་ཉིད་དེ། རྟོགས་པའི་ཐབས་རིམས་ཅན་དུ་ཐེག་པ་སྣ་ཚོགས་སུ་བསྟན་ཅིང་། རིག་དེ་ཉོན་མོངས་པ་ལ་སོགས་པས་སྣང་བར་མ་གྱུར་པས། རེ་ཞིགས་ལྔར་གསུངས་པ་ཡིན་ཏེ། ཅི་ལྟར་རྡོ་རྗེ་ཕྱི་མའི་གསེར་མིག་ལམ ་སྣང་བར་མ་གྱུར་པ།། སྦྱངས་པས་སྣང་བར་གྱུར་པ་བཞིན།། འཇིག་རྟེན་བདེ་བར་གཤེགས་པ་བརྗོད།། ཅེས་གསུངས་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། སྦྲུམ་མའི་ལྟོ་ན་འདུག་པའི་བུ། མིག་ལམ་སྣང་བར་མི་འགྱུར ་ལྟར།། ཉོན་མོངས་ཐིབས་པོའི་བཀབ་པ་ཡི།། ཆོས་དབྱིངས་མིག་ལས་སྣང་མ་ཡིན་ཞེས་གསུངས་སོ།། དེ་བཞིན་དུ་འཕགས་པ་བྱམས་པས་ཀྱང་། ཆོས་དབྱིངས་སྣང་བྱེད་འོད་འབྱུང་ཞིང་།། དེ་བཞིན་ཉིད་ལ་ཐ་དད་མེད།། ། ་རིགས་ཀྱི་དོན་ནི་སྣང་བའི་ཕྱིར།། ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་ཞེས་གསུངས་པས་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པས་དཀྲིས་སུ་ཟིན་ཀྱང་སད་པའི་རྐྱེན་གྱིས་འདུས་བྱས ་ན་ཐམས་ཅད་ཐེག་པ་གཅིག་ཏུ་ཟད་དོ།། དེ་རྟོགས་པའི་ཐབས་སུ་ཐེག་པ་སྣ་ཚོགས་སུ་བསྟན་པ་ལ་འགལ་བ་མེད་དོ།། སྐས་ཀྱི་སྡང་བུ་བྲེ་བའི་ཚུལ་གྱིས་ཇི་སྐད་དུ།། ལྷ་ཡི་ཐེག་དང་ཚངས་པའི་ཐེག། དེ་བཞིན་ཉན་ཐོས ་རང་རྒྱལ་དང་།། བླ་ན་མེད་པའི་ཐེག་པ་ཞེས། རྣམ་པ་དུ་མར་ངས་བཤད་དོ།། ཞེས་གསུངས་ལ། འོག་ནས་ཀྱང་ཐེག་པ་གསུམ་དུ་ཡང་མ་ཟད་ཀྱིས་ཞེས་འབྱུང་བ་དང་། དེ་ཡང་སྔར་བསྟན་པ་ལྟར་འོག་མ་མེད་ན་གོང་མ་མི་སྐྱེ་བའི ་ཕྱིར་བསྟན་ལ། དེའི་དགོངས་པ་གང་ཞིག་ཅེ་ན། དབང་པོ་རྟུལ་པོ་དྲང་བའི་ཐབས་དགོན་པ་ཆེན་པོར་གྲོང་ཁྱེར་སྤྲུལ་པ་དང་འདྲའོ་ཞེས་བཤད་པར་བྱའོ།། དེའི་ཕྱིར་ཐེག་པ་གཅིག་ཏུ་སྒྲུབ་པའི་འཐད་པ་གསུང་བ་ནི། ཐེག་པ ་གཅིག་ཏུ་ཟད་པ་ལ་ཞེས་དང་བཅས་པར་མཛད་དོ།། གཏན་ཚིགས་གང་ཞེ་ན། རིགས་པ་ཅི་ལྟ་བ་བཞིན་དུ་ལུང་གིས་གཏན་ཚིགས་བཀོད་པ་ནི། ང་ཡང་ཐེག་པ་གཅིག་ལས་བརྩ་མ་ཏེ་ཞེས་གསུངས་ཏེ་ཐེག་པ་གཅིག ་གང་ཞེ་ན། སངས་རྒྱས་ཀྱི་ཐེག་པ་ཞེས་གསུངས་སོ།། རང་སངས་རྒྱས་སུ་ཐལ་བར་འགྱུར་ཞེས་དོགས་ནས་ཐམས་ཅད་མཁྱེན་པའི་མཐར་ཐུག་པ་ཞེས་སྨོས་སོ།། རིགས་པ་ཉིད་གང་ཞེ་ན། གཉིས་སམ་གསུམ་ཞེས་བྱ ་@#བ་མེད་དོ་ཞེས་གསུངས་ཏེ། སྔར་བསྟན་པའི་རིགས་པས་མི་འཐད་པའི་ཕྱིར་རོ།། དེ་ལ་གཉིས་ཞེས་བྱ་བ་ནི། ཐེག་པ་དམན་པ་དང་། མཆོག་ཏུ་གྱུར་པའོ།། གསུམ་ཞེས་བྱ་བ་ནི་ཐེག་པ་གསུམ་མོ།། ཅི་ལྟར་མེད་ཅེ་ན། ་ཆོས་ཀྱི་དབྱིངས་ལ་ཐ་དད་མེད་པའི་ཕྱིར་རོ།། འཁོར་གྱིས་ལོག་པར་འགའ་ཞིག་སྔར་བསྟན་པ་ལྟར་རྒོལ་བ་ནི་ཅིའི་ཕྱིར་ན་ཞེས་བྱའོ།། ལན་ནི་རིགས་པ་ལྟར་ལུང་གིས་རང་ཉིད་ཚད་མའི་སྐྱེས་བུར་བསྒྲུབ་པ་ནི། ཕྱོགས་བཅུའི་ཞེས་བྱ ་བ་སྟེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་སྙིགས་མ་དང་ལྡན་པའི་ཁམས་གསུམ་དུ་བྱོན་པས་དམན་པའི་སྙམ་པའི་ལོག་རྟོག་བསལ་བའི་ཕྱིར་སངས་རྒྱས་ཐམས་ཅད་མཉམ་པ་སྟེ། སྐུ་ཚེ་མཚན་དང་རིགས་ཀྱིས་མིན ་ཞེས་བྱ་བའི་ཚུལ་གྱིས་གང་འདས་པའི་དུས་ན་བྱུང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། རིམ་ཅན་དུ་གསུངས་པ་ཐམས་ཅད་མ་ཡིན་ཏེ། དབང་པོ་རྣོན་པོའི་གང་ཟག་ལ་ནི། ཙོག་ཅར་དྭའོ་ཞེས་བསྟན་པ་ནི། ཐེག ་པ་གཉིས་སུ་བཏགས་པའང་མེད་ན་ཞེས་གསུངས་པ་ཡིན་ཏེ། དབང་པོ་རྣོན་པོས་ནི་དང་པོ་ཉིད་ནས་ཐེག་པ་གཅིག་ཏུ་སློབ་པ་ཡིན་པའི་ཕྱིར་ལ། དེ་དག་དུརང་དབང་པོ་རྣོན་པོ་འདུས་པས་ཞེས་བྱ་བའི་དོན་ཏོ།། ཛཱ་སྨོས་ཞེས་བྱ ་བ་ནི་གང་ལ་ཞིག་ཅེས་བྱ་བའི་དོན་ཏོ།། དེའི་ཕྱིར་འཇམ་དཔལ་ཞེས་གསུངས་ཏེ། སྙིང་པོའི་གཙོ་བོའི་དོན་ཡིན་པའི་ཕྱིར་རོ།། འོ་ན་མི་མཇེད་ཀྱི་འཇིག་རྟེན་འདིར་དབང་པོ་རྟུལ་པོ་ཤ་སྟག་འདུས་སམ་ཞེ་ན། དེ་ནི་མ་ཡིན་ཏེ། གང ་ཟག་དབང་པོ་རྣོན་པོའི་དབང་དང་ངེས་པའི་དོན་དུ་ན། ང་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་རྣམ་པར་དགོད་པ་མེད་ཅེས་གསུངས་ཏེ། ཐེག་པ་གསུམ་ནི་བསམ་པ་དམན་པ་ལ་དགོངས་ཏེ། བཤད་ཅེས་བྱ་བའི་དོན ་ཏེ། འོ་ན་ཐེག་པ་གསུམ་དུ་ངས་བཤད་དོ་ཞེས་གསུངས་པ་དང་འགལ་བས་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ། དེ་ནི་སྤྱིའི་སྒོ་ནས་བྱེ་བྲག་མཚོན་པས་ཉེས་པ་མེད་དོ་ཞེས་བྱ་བ་ནི་ལན་ཡིན་ནོ།། རྣམ་གྲངས་གཞན་ཡང་ངས ་ཡི་གེ་གཅིག་ཀྱང་བརྗོད་པ་མེད་དོ་ཞེས་གསུངས་པ་ལས་ནི་འདུལ་བའི་བསམ་པོའི་དབང་གིས་རྟོག་པ་སྣ་ཚོགས་སུ་བྱུང་དུ་ཟད་ཀྱིས། དེ་བཞིན་གཤེགས་པ་ནི་རྟོག་པ་སྤངས་པས། འདུ་ཤེས་སྣ་ཚོགས་པ་ཐ་དད་ཀྱི་འདུ ་ཤེས་མི་མདའ་བས་མེད་པའི་ཕྱིར་ཏེ། གལ་ཏེ་འདུ་ཤེས་ཐ་དད་ལྡན་ན། དེ་བཞིན་གཤེགས་པ་མ་ཡིན་པར་འགྱུར་ཞེས་བྱ་བ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལ་རྟོག་པ་མ་འགགས་སེམས་ཡོངས ་སུ་མ་དག་པའོ།། དེ་ཉིད་གང་ཞེ་ན། མངོན་པར་ཞེན་པ་ཞེས་བྱ་བ་སྟེ་ཞེན་པ་ནི་འཁོར་འདུན་པ་དང་ལྡན་པ་ལ་ཆགས་པོའོ།། ཉི་ཚེ་བ་ནི་ཕྱོགས་གཅིག་པའོ།། འདུ་ཤེས་ཐ་དད་པ་ནི་ཆགས་པས་ཞེ་སྡང་བའོ།། དཔེ་མཁྱུད ་ནི་གསང་བ་སྟེ། མདོར་ན་ཐེག་པ་སྣ་ཚོགས་སུ་བསྟན་ན་ཉེས་པ་དང་བཅས་པར་འགྱུར་ཞེས་བྱ་བའོ།། དེ་ལ་ཐེག་པ་གཅིག་ཏུ་བློ་སྦྱངས་པ་ལ་ལེགས་པ་རྣམ་པ་བཞི་ཡོད་དེ་རང་གི་ལམ་ལ་ཐེ་ཚོམ་མི་ཟ་བ་དང་། ལམ་གཞན་ལ ་བརྙས་པ་མི་སྐྱེ་བ་དང་། བདུད་ཀྱི་བསླུས་པར་མི་བཏུབ་པ་སྟེ། ཕན་ཡོན་རྣམ་པ་བཞི་མཚོན་པའི་དོན་དུ་ལེགས་པ་དང་པོ་རང་གི་ལམ་ལ་ཐེ་ཚོམ་མི་ཟ་བ་བསྟན་པ་ནི། འཇམ་དཔལ་ཞེས་བྱ་བ་གསུངས་པ ་ཡིན་ནོ།། ཆོས་གང་དང་གང་བསྟན་པ་ཞེས་བྱ་བ་ནི། ཚུལ་གཞན་དང་གཞན་གྱིས་སོ།། ཐེག་པ་གཅིག་ཏུ་ཡང་དག་འདུ་བ་ནི། བྱང་ཆུབ་ལ་གཞོལ་བའོ།། འབབ་པ་ནི་ཐོགས་པར་བྱེད་པའོ།། སྒྲུབ་པ་ནི་དེའི་རྒྱུར་གྱུར་པའོ།། ཡུལ་གཅིག་ནི ་ས་པའི་བྱང་ཆུབ་པོ།། དེ་ལྟ་བས་ན་ཐེག་པ་གཅིག་ཏུ་བློས་སྦྱངས་པས། རང་གི་ལམ་ཐེག་པ་ཆེན་པོར་ཤེས་པར་འགྱུར་རོ།། དེ་ལྟར་ཐེག་པ་གཅིག་པུ་ལས་ཀྱང་གསུམ་དུ་གསུངས་པའི་དགོངས་པ་གང་ཞེ་ན། སྔ་མ་ལྟར ་གང་ཟག་གི་དབང་པོ་ལ་སོགས་པ་མ་ཡིན་པས་ན། འཇམ་དཔལ་ཞེས་གསུངས་ཏེ། རང་བཞིན་གྱི་རིགས་དེ་ལྟ་བུ་རྟོགས་པའི་ཁྱད་པར་ལ་དགོངས་པས། ཐེག་པ་རྣམ་པར་དགོད་པ་གསུངས་ཏེ། རྣམ་པར་དགོད་པ་ནི་རིམ ་པ་ཞེས་ནི་སའི་དབང་དུ་བྱས་པ་ནི། ས་རྣམ་པར་དགོད་པ་ཞེས་གསུངས་ཏེ། ཆོས་ཀྱི་རིགས་ལ་བདག་མེད་པ་ཙམ་རྟོགས་པ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱིས་གཞན་པ་ལྟ་བའོ།། གང་ཟག་ནི་དབང་པོའི་རིམ་པ་ཏེ ་དང་པའི་རྗེས་སུ་འབྲང་བ་ལ་སོགས་པ་གང་ཟག་གི་རྣམ་པར་བཞག་པ་བྱེད་པ་ལྟ་བུའོ།། ཚོགས་ནི་རྒྱུའི་དོན་ཏེ། ཚོགས་བསགས་པའི་བྱེ་བྲག་ལས་རྟོགས་པ་ཐ་དད་པ་དཔེར་ན་ཆོས་ཉིད་ཐ་དད་པ་མེད་པའི་མདོ ་ལས་བསྟན་པ་ལྟ་བུའོ།། ཐབས་ཀྱི་དབང་དུ་བྱས་པ་ནི་འཇུག་པའོ།། དེ་དག་དགོངས་པ་ཅན་དུ་བསྟན་པས་དོན་དམ་པར་ཞེས་གསུངས་པ་ཡིན་ན།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་། ཐེག་པ་གསུམ་དུ་གསུངས ་པ་དགོངས་པ་ཅན་དུ་བསྟན་པ་ནི། ལྷའི་བུ་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་བསྐྱེད་པར་བྱེད་པའོ་ཞེས་པ་ནི་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་སྣོད་དུ་བྱ་བའི་ཕྱིར་རོ།། སེམས་བསྐྱེད་པའི་མཐུ་མེད་དོ་ཞེས ་བྱ་བ་ནི། འདོད་པ་དང་སྲེད་པའི་ཟག་པ་སྤངས་པའི་ཕྱིར་དགྲ་བཅོམ་པར་གྱུར་པའོ།། སེམས་བསྐྱེད་ན་ནི། ཐེག་པ་གསུམ་དུ་གསུངས་པ་ནི་དགོངས་པ་ཅན་ཡིན་པའི་ཕྱིར་ལ། བར་ཆད་མི་བྱེད་པ་ནི་རིགས་ལྔ་དང ་ག་པ་གསུམ་དུ་མི་སྨྲ་བའོ།། ཁྱད་པར་དུ་འཕགས་པ་ནི་དགྲ་བཅོམ་པ་ཐོབ་པ་སྟེ། ཁམས་གསུམ་གྱི་སྤངས་བྱ་སྤང་བའི་ཕྱིར་རོ།། ཤིན་ཏུ་ཁྱད་པར་དུ་འཕགས་པ་ནི། བསམ་གྱིས་མི་ཁྱབ་པ་སྒྲུབ་པའི་སྐྱེ་བ་ལ་བརྟེན ་ནས་སེམས་བསྐྱེད་པར་བྱེད་པའོ།། དེ་བཞིན་དུ་འདུས་པ་ཆེན་པོའི་མདོ་ལས་ཀྱང་གསུངས་པ་ནི། ཐེག་པ་གཅིག་ཡང་དག་པར་འདུ་བ་ནི་ཞེས་གསུངས་ཏེ། རྟོགས་པ་ཐ་དད་པ་ཐམས་ཅད་ཀྱང་ཐེག་པ་ཆེན་པོར་ཕྱིན ་པར་བྱེད་པས་ན། ཡང་དག་པར་འདུ་བའོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེས་གསུངས་ཏེ། གཏམ་སྣ་ཚོགས་ནི་ཐེག་པ་ཐ་དད་པའོ།། མི་འབྱུང་བ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ཐ་དད་པ ་མེད་པའི་ཕྱིར་རོ།། དེའི་ཕྱིར་ཆོས་ཀྱི་དབྱིངས་རོ་གཅིག་པ་ཞེས་གསུངས་ཏེ། སྒྲིབ་པ་མེད་པ་ཞེས་བྱ་བ་ནི། སྒྲིབ་པ་མཐའ་དག་སྤངས་པའོ།། རོ་གཅིག་པ་ནི་གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་རྣམ་པ་ཐམས ་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་རྗེས་སུ་སོང་བ་ཞེས་གསུངས་པ་ལྟ་བུའོ།། ཉིད་ཀྱིས་གཟིགས་པའི་ལམ་སྟོན་པས་ན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རོ།། ཕྱིར་མི་ལྡོག་པའི་འཁོར་ལོ་ནི། དེ་ལྟར་མདོ་ཀྱི་གང་ཟག་གི ་དབང་པོ་རིམ་པས་རྟོགས་པར་བྱ་བའི་ཐབས་སྟོན་པ་ནི། རེ་ཞིག་དཔེས་གོ་བར་བྱ་བའི་ཕྱིར། དཔེར་ན་ཞེས་གསུངས་པ་ཡིན་ནོ།། དེ་ལ་བསྒོམ་པར་བྱ་བའི་རིམ་པ་ནི་ནོར་བུ་མཁན་གྱིས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ནོར་བུ་མཁན་ལྟ་བུ་ནི་ཐམས་ཅད་མཁྱེན་པའི་སངས་རྒྱས་ཉིད་དེ། དེས་སྣའམ་རྡོ་ནི་ནང་དུ་གསེར།། བག་ལ་ཞུ་བ་ལྟ་བུ་ནི། འདི་ཡི་ཁམས་ནི་རྣམ་དག་པ།། བག་ལ་ཉྫ་ལ་ནི་ཕྲ་བོར་གཟིགས།། དགེ ་སློང་དག་སེམས་ཅན་གྱི་ཁམས་རྣམ་པར་དག་པ་ནི། དེ་བཞིན་གཤེགས་པས་གཟིགས་སོ་ཞེས་གསུངས་པ་ལྟ་བུའོ།། ནོར་བུ་སྦྱང་བ་མ་བྱས་པ་ལྟ་བྱ་ནཱི། འདོད་ཆགས་ཀྱི་བག་ལ་ཉལ་བ་ལ་སྩོགས ་པས་དཀྲིས་པའི་ཁམས་རྣམ་པར་དག་པའོ།། བུལ་ཏོག་གི་ཆུ་ལྟ་བུ་ནི། མི་རྟག་པར་ཡིད་ལ་འབྱུང་བ་ལ་སོགས་པ་སྟེ། མི་རྟག་པ་ལ་སོགས་པ་ནི་བསྒོམ་པ་ཡིན་པའི་ཕྱིར་རོ།། ཚད་མའི་རྒྱན་ལས་འཁོར་བ་ལས་ཡིད་མ ་བྱུང་བར།། སེམས་ནི་ཐར་པར་འདོད་མ་ཡིན།། སྡུག་བསྔལ་མེ་ཡིས་མ་གདུངས་པར།། སྐྱེ་བོ་སྐྱོ་བ་སྐྱེ་མི་འགྱུར།། ཅེས་གསུངས་པ་ལྟ་བུའོ།། འཕགས་པ་ཆོས་འདུལ་བའི་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པའོ།། སྒྲ་འི་ལྟ་བ་དཔེར་བྱ་བ ་ནོརྩུབ་པས་མྱུར་དུ་རེག་པར་བྱེད་པ་ལྟར་འཁོར་བ་ལ་ཡིད་བྱུང་བར་བྱེད་པའི་ཕྱིར། མི་རྟག་པ་ལ་སོགས་པ་ནི་མི་འདོད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལ། དེས་ན་མྱུར་དུ་སོང་ངོ་ཞེས་བྱ་བར་དགོངས་པ་སྟེ། རྟག་པར་འཛིན་པ ་པ་སོགས་པ་ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་པའི་ཕྱིར་རོ།། བརྩོན་འགྲུས་མི་འདོར་བ་ནི་དེ་ཙམ་གྱིས་ཆོག་པར་མི་འཛིན་པའི་ཕྱིར།། དངུལ་ཆུ་རྣོན་པོ་ལྟ་བུ་ནི། སྟོང་པ་ཉིད་ལ་སོགས་པ་སྟེ། ངོ་བོ་དང་རྒྱུ་དང་འབྲས་བྱས ་སྟོང་པའི་རང་བཞིན་བསྒོམས་ན་ཉོན་མོངས་པ་སྤོང་བར་འགྱུར་བས། ཆོས་ཀྱི་གྲགས་པས། བྱམས་སོགས་རྨོངས་དང་མི་འགལ་ཕྱིར།། ཉེས་པ་ཤིན་ཏུ་ཆར་གཅོད་མིན།། སྟོང་ཉིད་ལྷ་དང་དེ་འགལ་ཕྱིར།། ཉེས་པ་ཤིན་ཏུ ་ཚར་གཅོད་བྱེད། ཅེས་གསུངས་པ་ལྟ་བུར་སྟོང་པ་ཉིད་ཤེས་རབ་ཀྱིས་མཐོང་བའི་ལམ་རྟོགསོ་པར་འགྱུར་རོ་ཞེས་བྱ་བ་སྟེ། དེ་བཞིནོ་གཤེགས་པའི་གཏམ་གྱི་ཚུལ་ནི། རྣམ་པར་རྟོག་པ་ཐམས་ཅད་ཀྱིས་དབེན་པའོ།། ་བཅས་པའི་སྒྲ་ནི་བུལ་ཏོག་དང་། དངུལ་ཆུ་འདྲེ་བར་བྱེད་པ་ལྟར། ཤེས་རབ་ཐབས་ཀྱིས་ཟིན་པ་བསྒོམ་པའི་ཕྱིར་རོ།། ཤིང་དང་སྣ་མ་བུའི་བྱི་དོར་ནི་སྔར་གྱི་སྦྲམ་མའི་རེག་བྱི་འདོར་བར་བྱེད་པ་སྟེ། དེ་བས་འཇམ་པའི་རེག ་ངའི་ཕྱི་དོར་བྱེད་པ་ལྟར། འདི་ན་བདག་གམ་སེམས་ཅན་མེད།། ཅེས་བྱ་བའི་ཚུལ་གྱིས་མཚན་མར་འཛིན་པ་སྤོང་བའི་ཕྱིར་རོ།། སྨན་ཆེན་པོ་དཔེར་བྱ་བ་ནི་ཕྱིར་མི་ལྡོག་པའི་འཁོར་ལོ་རཱི་གཏམ་ཐབས་དང ་ཤེས་རབ་ཟུང་དུ་འབྲེལ་པར་སྒོམ་པ་ཡིན་པས་འོག་ནས་ཀྱང་ཐབས་དང་ཤེས་རབ་ཡ་བྲལ་བ་ནི་འཆིང་བར་གསུངས་པའི་ཕྱིར་ལ།། འཁོར་གསུམ་ཡོངས་སུ་དག་པོ་ཞེས་བྱ་བ་ནི། བདག་ལ་སོགས་པའི་འདུ་ཤེས་དང་བྲལ་པ ་སྟེ། དེ་བཞིན་གཤེགས་པའི་ཡུལ་ནི་འཁོར་པ་དང་ཞི་བའི་མི་རྟོག་པའོ།། རས་སྲབ་མོ་དཔེར་བྱ་བ་ནི། ས་རྣམ་པ་དགུ་ལ་ཤེས་བྱའི་སྒྲིབ་པ་སྲབ་མོ་སྦྱང་དགོས་པའི་ཕྱིར་རོ།། དེ་ལྟར་རིམ་གྱིས་བསྒོམས་ནས་མཐར་ཕྱིན་པར ་འགྱུར་བ་ནི། རྒྱུད་དང་ཞེས་བྱ་བ་ལ་སོགས་པ་སྟེ་རང་བཞིན་ནི་ཁམས་སོ།། སྣ་ཚོགས་པ་ནི་བཻ་རུ་ཥའི་མདོ་ལས་ཅི་སྐད་དུ། པ་རུ་རྀའི་ཕུང་པོ་འཕང་དུ་རི་རེ་པ་དང་མཉམ་པ་ཞིག་ལ། སྐྱེས་བུ་འགའ་ཞིག་གིས་སེམས་ཅན་འདིའི ་ཁམས་ནི་འདི་ལྟ་བུའོ་ཞེས་བརྗོད་ཅིང་། བ་རུ་རུའི་ཕུང་པོ་ལས་རེ་རེ་ནས་ངོར་ཡང་། བ་རུ་རའི་ཕུང་པོ་ནི་ཟད་པར་མི་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ།། འོ་ན་རིགས་གཅིག་ཉིད་ཉམས་སོ་ཞེ་ན། མཉམ་དུ་ཞུགས་ནས་ཞེས ་གསུངས་ཏེ། ཐམས་ཅད་ཀྱང་མཐར་རིམ་གྱིས་སོང་བ་ནས་འཚང་རྒྱ་བར་འགྱུར་ཏེ། དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་དགྲ་བཅོམ་པ་རྣམས་སངས་རྒྱས་སུ་ལུང་བསྟན་པ་ལྟ་བུ་དང་། ཡང་བྱང་ཆུབ་སེམས ་དཔའ་ལག་ན་རྡོ་རྗེ་ནི། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོར་འགྱུར་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་ནི། ཆོས་ཉིད་ཁོང་དུ་ཆུད་པ་ནས་ཞེས་གསུངས་ཏེ། ཆོས་ཉིད་ཁོང་དུ་ཆུད་པ་ནི་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར ་རྫོགས་པར་སངས་རྒྱས་པའོ།། སྦྱིན་གནས་བླ་ན་མེད་པ་ཞེས་བྱ་བ་ནི་ཅི་སྐད་དུ། སངས་རྒྱས་སྦྱིན་གནས་དམ་པ་མཚུངས་མེད་འགྱུར་ཞེས་བྱ་བ་ལྟ་བུ་སྟེ། སངས་རྒྱས་ཉིད་དོ།། དེའི་ཕྱིར་ངེས་པའི་ཤེས་བྱེད་དཀོན་པ་ནི། ཕྱིར་མི་ལྡོག ་པ་འཁོར་ལོའི་མདོ་ལས་ཀྱང་ཉེས་གསུངས་པ་ཡིན་ནོ།། གཞོན་གྱི་ལོག་པར་རྟོག་པ་བསལ་བའི་ཕྱིར་འཇམ་དཔལ་གྱིས་ཞུས་པ་ཡིན་ནོ།། འོ་ན་ཐེག་པ་གཅིག་ཏུ་ཟད་ན་གསུམ་དུ་གསུངས་པའི་དགོངས་པ་གང་ཞེ་ན། དགོངས་བསྟན ་པ་ནི་གསོལ་བ་ཞེས་གསུངས་པ་ཡིན་ནོ།། དགོངས་པ་གང་གི་སླད་དུ་ཅི་ལྟར་ཐེག་པ་གསུམ་སྟོན་ཅེ་ན། བསམ་པ་དམན་པ་དྲང་བའི་ཕྱིར་ཏེ། གལ་ཏེ་ཐེག་པ་ཆེན་པོར་བསྐལ་པ་གྲངས་མེད་པ་མང་པོར་རུམ། བསོད་ནམས ་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་སམ། དེ་བཞིན་དུ་འཕགས་པ་བྱམས་པས་གསུངས་པ་ལྟར། ཆེན་པོ་རྣམ་པ་དུ་མ་བསྟན་ན་བསམ་པ་རྣམས་དང་བར་འགྱུར་བས། སློབ་དཔོན་ཉིད་ཀྱིས་ཀྱང་། སྤོང་བས་མ་རུང་བདག ་ཉིད་ཅན། མནར་མེད་པར་ནི་སྤྱིའུ་ཚུགས་འགྲོ།། ཞེས་ཉེས་པ་དེ་ལྟ་བུ་ལ་སོགས་པ་སྤང་བའི་ཕྱིར་རྒྱལ་པོ་འཆར་བྱེད་ལ། བཙུན་མོ་སྔོ་བསངས་མ་ཤི་བ་བརྡ་སྤྲོང་པ་ལྟར། ཐབས་མཁས་པས་དེ་དག་རིམ་གྱིས ་སངས་རྒྱས་ཀྱི་སར་ཉེ་བར་ཁྲིད་དེ། སྦྱར་ལྟར་ཅིག་ཅར་བསྟན་ན། མི་འཇུག་པ་སྤོང་བའི་ཕྱིར་རོ།། དེའི་ཐབས་མཁས་པ་སྟེ། མི་སྐྲག་པ་མཛད་ཅེས་བྱ་བའོ།། དེ་ལྟར་མི་འཇུག་ཅིང་བསམ་པ་དམན་པ་ཡང་གང་གིས ་ཉེས་ཞེ་ན། སྙིགས་མ་ལྔའི་དུས་ན་བྱུང་ཞེས་བྱ་བ་སྟེ། ལྟ་བའི་སྙིགས་མ་ལ་སོགས་པས་གོས་པའི་ཕྱིར་དང་ཡང་། དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན།། གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ།། ཞེས་གསུངས་པས། ་མོངས་པ་སྟེ་སྤོང་བ་དག་གོ་ཞེས་བྱ་བའོ།། དེ་ལྟར་རྩ་བའི་ལུང་བཀོད་ནས། ད་ནི་དེ་ཉིད་ཀྱིས་ཤེས་པར་བྱེད་པའི་ལུང་བཀོད་པ་མི་འཕགས་པ་དཔལ་འཕྲེང་གིས་མདོ་ལས་ཀྱང་ཞེས་གསུངས་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་ནི། ཉན ་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པའོ།། ཐབས་སོ་ཞེས་བྱ་བ་ནི། དགོན་པར་སྤྲུལ་པ་ལྟ་བུའོ།། གྲངས་སུ་འགྲོ་བ་ནི་ནང་དུ་ཆུད་པའོ།། དེའི་ལེགས་པ་ནི་ཁོང་དུ་ཆུད་ངོ་ཞེས་བྱའོ།། དེ་བཞིན་དུ་ལངྐར་གཤེགས་པའི་མདོ་ལས་ཀྱང་གསུངས ་ཏེ། བག་ཆགས་ནི་ཉོན་མོངས་པ་དང་རྗེས་སུ་མཐུན་པའི་སྤྱོད་པ་སྟེ། དགྲ་བཅོམ་པ་མཆོངས་པ་ཅན་དཔེར་བརྗོད་པའོ།། ཏིང་ངེ་འཛིན་ནི་ཞི་གནས་སོ།། ཟག་པ་མེད་པ་ནི་འདོད་པ་དང་སྲིད་པ་དང་། མ་རིག་པ་དང་། ལྟ་བ་སྟེ། དེ་སྤངས ་བས་ན་མེད་པའོ།། འཇིག་རྟེན་གྱི་ཞེས་པ་ནི། སྤྱིར་ཡང་ཁམས་འོག་མར་བསམ་གྱིས་མི་ཁྱབ་པར་བསྐུར་བའི། འཆི་འཕོ་བ་ལ་བརྟེན་ནས་སྐྱེ་བའི་ཕྱི་ར།། འཇིག་རྟེན་ལས་འདས་པའི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང ་ལྡན་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཚོགས་རྣམས་སོ།། བསྐངས་པ་ནི་རྫོགས་པར་བྱས་པའོ།། ཡང་རྭ་ཡང་ཞེས་བྱ་བ་ནི། རྒྱལ་པོའི་བུ་བློ་རྟུལ་པོ་ལྟར། སྔོན་དུ་བྱ་བ་གང་ཡིན་པ་ནི་ཕྱིས་ཡང་བྱེད་པར་འགྱུར་ཞེས་བྱ་བའོ།། སྔར་བསྟན་པ་ལྟར ་ཁ་ཅིག་ན་རཾ་ཐེག་པ་གསུམ་ཁོ་ན་ངེས་པའི་དོན་ཡིན་ནོ།། སྙམ་དུ་སེམས་མ་ངེས་པའི་དོན་ནི་སྔར་བསྟན་པ་ལྟར། ཐེག་པ་ཅིག་ཏུ་ཟང་ལ། དྲང་བའི་དོན་དུ་ནི་ཐོག་པ་སྣ་ཚོགས་པས་གསུམ་དུ་ཡང་མ་ཟད་ཀྱིས་ཞེས་བྱ་བ་ནི། དེ་ལྟར ་མོད་ཀྱི་ཞེས་གསུངས་པའོ།། དེ་ལྟ་མྱོད་ཀྱི་ཞེས་བྱ་བ་ནི་ངེས་པའི་དོན་དུ་ནྱ་ཐེག་པ་གཅིག་ཏུ་ཟུང་བ་ལས་ཀྱང་ངོ་།། གདུལ་བྱ་ལ་བལྟོས་ནས་ནི་ཐེག་པ་སྣ་ཚོགས་སུ་ཞེས་བྱ་བར་དགེ་བའི་ཚོགས་སྤྱོད་བྱ་བ་དད་པ་དང་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། དགེ་བ་ནི་དོན་དམ་པོ་མྱ་ངན་ལས་འདས་པའོ།། ཚོགས་ནི་རྒྱུའི་དོན་ཏོ།། དེ་ཉིད་ནི་སྤྱོད་པ་ཞེས་པ་སྟེ། ཉམས་སུ་ལེན་པ་ལ་བལྟོས་པའོ།། འདུལ་བའི་དབང་གི་སློབ་མའི་རྒྱུད་ཀྱིས་སོ།། ཐེག་པ་སྣ་ཚོགས ་པ་ནི་འཇིག་རྟེན་ལས་འདས་པའི་ལམ་དུའོ།། སྒོ་ནི་འཇུག་པའི་ཚུལ་ལོ།། ཕ་དད་པ་ནི་མཆེད་ལ་སོགས་པའོ།། ཆོས་བསྟན་པ་ནི་འོག་ནས་འབྱུང་བ་རྣམས་སོ།། དྲྀ་དག་གང་ཞེ་ན། ཉན་ཐོས་ཀྱི་ས་ལ་བཀོད་ཅེས་བྱ་བ་ལ་སོགས་པ་སྟེ། འདི ་དག་གིས་ཀྱང་ཐེག་པ་གསུམ་དུ་འཇོག་པ་སྤོང་བར་བྱེད་པ་སྟེ། དེ་ལ་བདེན་པའི་ལམ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ལམ་དང་། ཏིང་ངེ་འཛིན་གྱི་ལམ་དང་། བརྩོན་འགྲུས་ཀྱིས་ལམ་དང་། ཤེས་རབ་ཀྱི་ལམ་དང་། དབང ་པོའི་ལམ་དང་། སྟོབས་ཀྱིས་ལམ་དང་། རྣམ་པར་ཐར་པའི་ལམ་དང་། མངོན་པར་ཤེས་པའི་ལམ་དང་། ཚད་མེད་པའི་ལམ་དང་། ཏིང་ངེ་འཛིན་གྱི་ལམ་དང་། དམིགས་པ་ཡོངས་སུ་དག་པའི་ལམ་དང་། བསམ་པ་རྣམ་པར ་དག་པའི་ལམ་དང་། སྦྱོར་བ་ཚད་མེད་པའི་ལམ་དང་། སྦྱོར་བའི་ཁྱད་པར་གྱི་ལམ་དང་། ཁྱད་པར་འབྲས་བུའི་ལམ་དང་། འབྲས་བུ་རྣམ་པར་དབྱེ་བའི་ལམ་གྱི་དབང་དུ་བྱས་ནས་ཉན་ཐོས་ཀྱི་ས་ལ་བཀོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ་སྡུག་བསྔལ་ལ་སོགས་པའི་བདེན་པ་ལ་སྐྱེས་པས་ན། ཉན་ཐོས་ཏེ་ཆོས་ཀྱི་འཁོར་ལོ་ལན་གསུམ་གྱི་རྣམ་པ་བཅུ་གཉིས་སུ་བསྐོར་བས་འབྲས་བུ་ཐོབ་པའི་ཕྱིར་རོ།། དབང་པོ་རྣམ་པ་གསུམ་གྱིས་ཚོགས་ཀྱི་ས་ལ་སོགས་པ་ནས། རང་གི ་མི་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ལུགས་སུ་འབྱུང་བ་དང་། བཟློག་པ་བསྒོམ་པ་རང་གི་བྱང་ཆུབ་མངོན་པར་འདུ་བྱེད་པས་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་ལམ་མོ།། ཐེག་པ་ཆེན་པོ་ལ་སོགས་ཀྱི་ལམ་དུ་དྲན་པ་ཉེ་བར ་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པས་ན། ཤེས་རབ་དང་བརྩོན་འགྲུས་དང་ཏཱིང་ངེ་འཛིན་ཏེ། དེ་ལ་རྫུ་འཕྲུལ་གྱི་རྐང་པ་ནཱི། ཤུགས་དང་ལྡན་པའི་སྤོབསྡུ་བ་སྟེ། སེམས་པ་ལ་སོགས ་པས་འཕངས་པའི་སྟོབས་ཀྱིས་ཤེས་རབ་ལ་སྤོབས་པས་སྒྲིབ་པ་སེལ་བ་ངེས་པར་འབྱུང་བའོ།། ཡང་དག་པར་སྤོང་བ་ནི་ཕ་རོལ་གནོན་པ་སྟེ། སྡིག་པའམི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་ཅིང་། སྐྱེས་པ་སྤོང་བས་ན་མི་མཐུན ་བའི་ཕྱོགས་ཕ་རོལ་གནོན་པའོ།། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་གོང་དུ་སྦྲེལ་བས་ན། དྲི་མ་མེད་པའི་རྒྱལ་མཚན་འཛིན་ཏོ།། དྲན་པ་ཉེ་བར་གཞུག་པ་ནི་བདེན་པ་བཞི་རྟོགས་པས་ན་ཆོས་ལ་སྤོབས་པ་སྟེ། ངེས་པར་འབྱུང་བ ་ནི་ཕྱིན་ཅི་ལོག་སྤོང་བའི་ཕྱིར་རོ།། དབང་བྱེད་པ་ནི་དྲོད་ཀྱི་ངང་ལོ་སོགས་པ་ནི་དབང་པོ་ཡོངས་སུ་དག་པ་སྟེ། དྲོང་དང་རྩེ་མོའི་གནས་སྐབས་སུ་རྟོགས་པ་ནི་སྤོབས་པའོ།། མི་མཐུན་པའི་ཕྱོགས་སྤངས་པས་ན་ངེས་པར་འབྱུང་བ་སྟེ། ཐམས ་ཅད་དུ་སྦྱར་བར་བྱའོ།། མཱཾ་རྫི་བའི་ཕྱིར་ནི་སྟོབས་ཏེ་དད་པ་ལ་སོགས་པ་ཆེན་པོ་ནི་བཟོད་པ་དང་ཆོས་ཀྱི་མཆོག་ཏུ་མཉམ་པ་སྟེ། ཐ་མི་དད་པར་སྤྱོད་པ་སྟེ། མཐོང་བའི་ལམ་གྱི་ཆ་དང་མཐུན་པས་ན་རྗེས་སུ་འགྲོ་བའོ།། སྟོང་པ་ཉིད ་ལ་སོགས་པ་ནི་སྦྱོར་བའི་ལམ་གྱི་གཙོ་བོར་བྱེད་པའི་ཆོས་ཡིན་པས། ངོ་བོ་ཉིད་མ་གྲུབ་པ་ལ་སོགས་པས་ཆོས་ཏེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་མངོན་པར་ཕྱོགས་པ་སྟེ། རྗེས་སུ་འགྲོ་བས་དེ་ཉིད་གཙོ་བོ་ཡིན་པས་ཡུལ ་གྱི་ཐེག་པ་སྟེ། ཞོན་པ་ལྟ་བུ་ཁམས་ལ་སྨོན་པ་མེད་པས་སྲིད་པ་ངེས་པར་འབྱུང་བའོ།། མངོན་པར་ཤེས་པ་དྲུག་ནི་གཞན་གྱི་དོན་བྱེད་འགྲུབ་པའི་གཙོ་བོ་ཡིན་པས་ཐམས་ཅད་དུ་སོང་བའི་རྫུ་འཕྲུལ་མི་ཕྱེད་པ་ཞེས་སྨོས་ཏེ། ་ཐམས་ཅད་ཅེས་བྱ་བ་ནི་ཁམས་གསུམ་མ་ལུས་པའོ།། དང་པོ་ཡིན་པས་རྫུ་འཕྲུལ་ཞེས་སྨོས་སོ།། མི་ཕྱེད་པ་ནི་མི་ཕྲོགས་པའོ།། དྲོ་བ་ལ་སོགས་པ་དེ་དག་ཀྱང་བྱམས་པ་ལ་སོགས་པའི་སྟོབས་ཀྱི་སོ་ཐེག་པ་ཆེན་པོར ་འགྱུར་བས། ཆོས་ཉིད་ཀྱི་སྒོ་ནས་མ་ཡིན་ཏེ། ཁ་ཅིག་གང་ཟག་མེད་པར་རྟོགས་པས་ཉན་ཐོས་སུ་གྱུར་ཏོ་ཞེས་ལུང་ལས་གཟུང་བའི་རྟོག་པ་སྤང་ཕྱིར་དང་། ཞེས་འབྱུང་བའི་ཕྱིར་རང་སངས་རྒྱས་ཀྱིས་གཟུང་བ ་རང་བཞིན་མེད་པར་རྟོགས་པའི་ཕྱིར་འཕགས་པ་བྱམས་པའི་དགོངས་པ་དྲང་བའི་དོན་དུ་འཇུག་པ་ངེས་པར་སྦྱར་བར་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཆོས་སུ་ལྟ་བ་མ་སྤངས་ན་གང་ཐག་དུ་ལྟ་བ་ལྡོག་པར་མི་འགྱུར་ཏེ། ་འཕགས་པ་ཉིད་ཀྱིས་ཀྱང་། ཇི་སྲིད་ཕུང་པོར་འཛིན་ཡོད་པ།། དེ་སྲིད་བདག་ཏུ་ལྟ་བར་འགྱུར།། ཞེས་གསུངས་པོས་ན་ཚད་མེད་པ་ལ་ཡང་རག་ལུས་སོ་ཞེས་བྱ་བ་ན། སྤྱོད་པའི་སྦྱོར་བ་ཚད་མེད་པ་ཡང་དག་པར་འདུ་བ་ཞེས ་གསུངས་ཏེ། སྤྱོད་པ་ནི་རང་ཡོངས་སུ་སྨིན་པ་དང་སེམས་ཅན་ཡོངས་སུ་སྨིན་པའི་སྤྱོད་པའོ།། དེའི་སྦྱོར་བ་ནི་བྱམས་པ་ལ་སོགས་པའོ།། ཚད་མེད་པ་ནི་ཡུལ་གྱི་དབང་དུ་བྱས་པ་སྟེ། ཡང་དག་པར་འདུ་བ་སེམས ་ཅན་ཇི་སྙེད་ཡོད་པ་ལས་བརྟེན་པ་རྣམས་ཀྱིས་བསོད་ནམས་འདུ་བའོ།། དེ་དགེ་ཀྱང་ཆོས་ཀྱི་མཆོགླ་ཆེན་པོ་འགྲུབ་པའི་ཏིང་ངེ་འཛིན་ལ་གནས་པའོ།། དེ་བཞིན་དུ་སྦྱིན་ལྔས་ཀྱང་ཡིན་པས། དམིགས ་པ་ཐམས་ཅད་ཀྱི་ཡུལ་ཡོངས་སུ་དག་པའི་དཀྱིལ་འཁོར་ཞེས་གསུངས་ཏེ། དམིགས་པའི་ཡུལ་ནི་སྤྱན་ལྔའི་ཡུལ་ཏེ། གཟུགས་སོ་སོར་ངེས་པ་ལ་སོགས་པའོ།། ཡོངས་སུ་དག་པ་ནི་སྒྲིབ་པ་མེད་པའོ།། ་དེ་དག་ཀྱང་མཐའ་དག་པས་དཀྱིལ་འཁོར་ཞེས་བྱའོ།། དེ་ལ་བསམ་པ་རྣམ་པར་དག་པ་ནི་སྨོན་པ་དང་ལྡན་པ་སྟེ། འབྲས་བུ་ཐོབ་པའི་བསམ་པ་ཡིན་པའི་ཕྱིར་རོ།། སྦྱོར་བ་ཚད་མེད་པ་ནི་ཚུལ་ཁྲིམས་རྣམ་པ་གསུམ་དང་ལྡན་པ་སྟེ། ་དེས་རྒྱུ་ལ་འཇུག་པའི་ཕྱིར་རོ།། སྦྱོར་བའི་ཁྱད་པོར་ནི་གོ་རིམ་ལ་བྱ་སྟེ། འདིར་ཕ་རོལ་ཏུ་ཕྱིན་པ་རྣམས་སོ།། རྣམ་པར་དག་པ་ནི་སྒོ་གསུམ་ཡོངས་སུ་དག་པའོ།། ཁྱད་པར་གྱི་འབྲས་བུ་ནི་ས་བཅུ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུས་ངེས ་པར་འབྱུང་བའི་ཕྱིར་རོ།། འབྲས་བུ་རྣམ་པར་དབྱེ་བ་ནི་རྣམ་པ་གཉིས་ཏེ། རྒྱལ་པོ་ལྟ་བུར་སེམས་བསྐྱེད་པ་ནི་སྤྱོད་པའི་སྨོན་ལམ་གྱིས་ཁྱད་པར་དུ་གྱུར་པ་ཞེས་སྨོས་ཏེ། སྤྱོང་པ་ནི་སྔར་བསྟན་པ་གཉིས་སོ།། སྨོན་ལམ་གྱིས་ཁྱད ་པར་དུ་གྱུར་པ་ནི། ཅི་ལྟ་ཅི་ལྟར་གདུལ་བྱ་ཡི།། དོན་རྣམས་ཡོངས་སུ་རྫོགས་འགྱུར་བ།། དེ་ལྟ་དེ་ལྟའི་སྣང་བའང་།། བདག་ལ་བརྟེན་དེ་འབྱུང་གྱུར་ཡི།། ཅེས་དང་པོ་སྨོན་པའི་སྟོབས་ཀྱིས་འཚང་རྒྱ་བ་ལ་སོགས་པས་དོན་བྱེད་པའོ།། ་ཕྱུགས་རྫི་ལྟ་བུ་ནི་རྟག་ཏུ་གཞོན་ནུའི་ས་ལ་གནས་པ་ནི། ཅི་སྲིད་སེམས་ཅན་འགའ་ཞིག་ཀྱང་།། གང་དུ་མ་གྲོལ་དེ་སྲིད་དུ།། དེ་ཕྱིར་བླ་ན་མེད་པ་ཡི། བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག། ཅེས་སེམས་སྨོན་པས་ན་ཀུན་ཏུ་བཟང་པོའི ་སྤྱོད་པའི་སྨོན་ལམ་མོ།། དེ་ལྟ་བས་ན་ཐེག་པ་བཅུ་བདུན་དུ་གསུངས་པ་ལས་ཀྱང་གདུལ་བྱ་ལ་ཕན་པ་དཔག་ཏུ་མེད་པ་མཛད་པའི་ཐབས་མངའ་བ། ཐེག་པ་གསུམ་དུ་ཅི་ལྟར་ངེས།། ངེས་པའི་དོན་ནི་ཐེག་པ་གཅིག་ཏུ་སྔར་གཏན ་ལ་ཕབ་པ་བཞིན་ནོ།། མདོ་ཀུན་ལས་བཏུས་པའི་བཤང་བ། ལུང་གི་ཚད་མས་སྦྱར་བ་ལས་ཐེག་པ་གཅིག་ཏུ་སྒྲུབ་པ་སྟེ། ཆོས་ཟབ་མོ་ལ་བཟོད་པའི་ལེའུ་གཉིས་པ་རྫོགས་སོ།། ་དེ་ལྟར་ཐེག་པ་གཅིག་དང་ལྡན་པར་དམ་པའི་ཆོས་ཡོངས་སུ་འཛིན་པར་བསྟན་པ་ནི། དམ་པའི་ཆོས་ཡོངས་སུ་གཟུང་བར་བྱའོ་ཞེས་གསུངས་ཏེ། རྟག་ཏུ་ཞེས་བྱ་བ་ནི། རྒྱུན་མི་འཆད་པར་ཞེས་བྱ་བའི་དོན་ཏོ།། དེ་དག་ཀྱང་ཤེས་རབ་ཀྱི ་སྟོང་པ་ཉིད་ལ་དམིགས་པ་དང་། སྙིང་རྗེས་སེམས་ཅན་ལ་དམིགས་པས་ན་ཡོངས་སུ་བཟུང་བར་བྱའོ།། སྔར་བསྟན་པའི་ཐོས་པའི་བརྩོན་འགྲུས་ལས་ལྷག་པ་ཅི་ཞིག་ཡོད་ཅེས་རྒོལ་བ་ནི། གང་ཞེ་ན་ཞེས་གསུངས་སོ།། ་སྒྱུ་དང་ཁྱད་པར་གྱི་དབང་གིས་ཉེས་པ་མེད་པ་ནི། འཇམ་དཔལ་ཞེས་གསུངས་པ་སྟེ། གོང་དུ་ནི་ཐོས་པ་འབའ་ཞིག་ཏུ་བསྟན་ལ། འདིར་ནི་ངེས་འཕངས་པའི་དོན་བསྒྲུབས་པས་སྤྱིར་བཤད་པ་ཡིན་ནོ།། ཞེས་བྱ་བ་ནི་ལན ་ཡིན་ཏེ། དེའི་ཕྱིར་དང་པོ་ཆོས་འཛིན་པའི་དགོས་པ་བསྟན་པ་ནི། དམ་པའི་ཆོས་ཡོངས་སུ་གཟུང་ན་ཞེས་བྱ་བ་ལ་སོགས་པ་སྟེ། ཆོས་དང་ཆོས་ཡོངས་སུ་འཛིན་པ་མི་ངང་པའི་དོན་གྱིས་ན། བྱང་ཆུབ་སེམས་དཔའ་ཞེས་བྱ ་བ་ལ་སོགས་པོ་གསུངས་པ་ཡིན་ནོ།། རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བ་ན། སེམས་ཅན་ཡོངས་སུ་བཟུང་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ།། ཆུ་བོ་ཚ་སྒོ་ཅན་གྱི་མདོ་ལས། སེམས་ཅན་ལ་གུས་པ་སངས་རྒྱས་ཀྱི་རྒྱུར་གསུངས ་བས་ན་སངས་རྒྱས་ཀྱི་རིགས་མི་འཆད་པར་བྱ་བ་ཡིན་ནོ་ཞེས་གསུངས་སོ།། དེ་ལྟར་སྤྱིར་བསྟན་ནས་ང་ནི་བྱེ་བྲག་ཏུ་བཤད་པར་བྱའོ།། སངས་རྒྱས་ཀྱི་རིགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་རིགས ་ནི་སྔར་བསྟན་པ་རྣམས་ལས་བཅས་པའི་བསླབ་པ་མི་དོར་བར་བྱ་བར་དགོངས་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་བྱ་བར་འདོད་པས། ཆོས་ཡོངས་སུ་བཟུང་ངོ་ཞེས་བྱ་བའོ།། གཞན་ལ་ཕན་པ་སྒྲུབ་པར་འདོད་པར་ཀྱང་ཞེས ་བྱ་བ་ནི། སེམས་ཅན་གྱི་ཉོན་མོངས་པ་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའི་བྱ་བ་ནི་གཞན་ལ་ཕན་པ་གཙོ་བོ་ཡིན་པའི་ཕྱིར་རོ།། རང་ཡོངས་སུ་སྨིན་པར་བྱ་བའི་དབང་དུ་བྱས་ནས། རེ་ཞིག་མཐོ་རིས་ཀྱི་དབང་དུ ་བྱས་ནས། ངན་འགྲོ་ཀུན་གྱི་སྒོ་གཅོད་པ་ཞེས་སྨྱོས་ཏེ། ངན་འགྲོ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ།། སྒོ་ནི་སྲོག་གཅོད་པ་ལ་སོགས་པ་སྟེ། གཅོད་པ་ནི་ཆོས་འཛིན་པའི་ཕྱིར་རོ།། མཐོ་རིས་ཉིད་གང་ཞེ་ན། འཁོར ་ལོས་སྒྱུར་བ་ཞེས་སྨོས་ཏེ། མིའི་ཕུན་སུམ་ཚོགས་པའི་དབང་དུ་བྱས་པའི་ཕྱིར་རོ།། ལྷའི་ཕུན་སུམ་ཚོགས་པའི་དབང་དུ་བྱས་ནས། བརྒྱ་བྱིན་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བྱང་གྲོལ་གྱི་དབང་དུ་བྱས་ནས། ་བདུད་ཀྱི་ཞགས་པ་གཅོད་པར་འདོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདུད་ནི་ཉོན་མོངས་པ་ལ་སོགས་པའོ།། ཞགས་པ་ནི་འདོད་ཆགས་འཕེལ་བ་ལ་སོགས་པའོ།། གཅོད་པ་ནི་ཏོང་ངེ་འཛིན་བསྒོམ་པ་ལ་སོགས ་པའོ།། བྱང་གྲོལ་ཉིད་གང་ཞེ་ན། བླ་ན་མེད་པ་ཞེས་སྨོས་ཏེ། གཙོ་བོ་ཡིན་པའི་ཕྱིར་འདིར་སྨོས་ཏེ། ཆུང་ངུ་བྱ་བ་ནི་ཐ་ན་དང་བའི་སེམས་ཀྱིས་ལྟ་བ་ལ་སོགས་པའོ།། ཆོས་འཛིན་པའི་ལས་གང་ཞེ་ན། མདོ་བློ་གྲོས ་རྒྱ་མཚོའི་དབང་དུ་བྱས་ནས། བློ་གྲོས་རྒྱ་མཚོ་ཞེས་གསུངས་ཏེ། ཚུལ་ཁྲིམས་རྣམ་པར་དག་པ་དམ་པའི་ཆོས་འཛིན་པ་ཡིན་པ་ན། བྱང་ཆུབ་ཀྱི་སེམས་མི་བརྗེད་ཅིང་བག་ཡོད་པའོ་ཞེས་གསུངས་ཏེ། མི་བརྗེད་པ་ནི་བྱང་ཆུབ ་སེམས་པའི་ཚུལ་ཁྲིམས་མི་ཉམས་པར་བསྲུང་བའོ།། བག་ཡོད་པ་ནི་སོ་སོ་ཐར་པའི་འདུལ་བ་མི་ཉམས་པར་བསྲུང་བའོ།། ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་པས། གཅིག་པའི་སྒྲར་བསྟན་པའོ།། དེ་ཉིད་ཀྱི་ཁྱད་པར་བདག་དང་གཞན་གྱི ་དོན་སྒྲུབ་པའི་དབང་དུ་བྱས་ནས། བདག་བདེ་བ་ལ་མི་ཆགས་པའི་སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གེགས་སེལ་བའི་དུས་སུ་བྱས་པས་ན། གཞན་གྱི་དོན་ལ་མི་ཕྱོགས་པ་ནི་རྣམ་པར་འཚེ་བ་སྟེ། དེའི་གེགས ་སེལ་བ་ནི་སྙིང་རྗེའོ།། རང་གི་དོན་ལ་མི་ཕྱོགས་པ་ནི། ལུས་དང་ལོངས་སྤྱོད་ལ་ཆགས་པཱ་སྟེ།། ལུས་ལ་ཆགས་པ་སྤངས་པའི་ཕྱིར། ཆོས་སྨྲ་བ་རྣམས་ལ་གུས་པའོ།། ལོངས་སྤྱོང་ལ་ཆགས་པ་སྤང་བའི་ཕྱིར། དེ་བཞིན ་གཤེགས་པ་རྣམས་ལ་མཆོད་པའོ།། རྒྱ་མཚོ་ཆུས་མི་ངོམས་པ་ལྟར་ཆོ་ག་མི་ཤེས་པ་སྟེ་ཕྱིར་ཞིང་འདོད་པའོ།། ངོ་བོ་ཉིད་ཐ་དད་པས་གཅིག་པའི་སྒྲར་སོ་སོར་བསྟན་ཏོ།། དེ་ཉིད་རྣམ་པར་དག་པའི་རྒྱུའི་དབང་དུ་བྱས་ནས། ་ཡེ་ཤེས་ཀྱི་ཁྱད་པར་ནི་སྒྱུ་མ་ལྟར་ཆོས་ཐམས་ཅད་མ་སྐྱེས་པ་ལ་སོགས་པར་བསྒོམས་པ་དང་། དངོས་པོར་ལྟ་བ་ནི། རྣམ་པར་མ་དག་པའི་ཕྱིར་རོ།། བཟོད་པ་ནི་བཟོད་པ་ཉིད་དོ།། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དབང་དུ་བྱས་ནས་རེ་ཞིག ་ཆོས་འཛིན་པའི་ཕན་ཡོན་ནི། བྱང་ཆུབ་ལས་མི་ཉམས་ཏེ་ཞེས་བྱ་བ་ལ་སོགས་པ་སྟེ། ཉམས་པ་ནི་འབྲས་བུ་མ་མྱོང་བར་ཟད་དོ།། རྗེས་སུ་མཐུན་པ་ལྟར་འགྲུབ་པའོ།། སྟོབས་ཆེ་བ་ནི་ལུས་ཀྱི་དབང་དུ་བྱས་པའོ།། མཐུ་ཆེ་བ་ནི་གྱད ་སྟོབས་པོ་ཆེ་སྟེ། སྲེད་མེད་ཀྱི་བུའོ།། གསང་བ་བསམ་གྱིས་མི་ཁྱབ་པ་ལས་ཀྱང་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྟོབས་འགྲུབ་པའི་རྒྱུ་གསུངས་པས་ན། དགོས་པ་མེད་ཅེས་བརྩད་པར་མི་བྱའོ།། དེ་ལ་མི་ཤིགས་པ་རྫི་བར་མི་ནུས་པ་སྟེ། ་སྟོབས་མི་འཕྲོགས་པ་ཞེས་བྱའོ།། སྲིད་པ་ནི་དབང་ཕྱུག་ཉིད་།། ཆོས་འཛིན་པ་ཉིད་ཀྱིས་དབང་དུ་བྱས་ནས། བཞི་གང་ཞེ་ན་ཞེས་གསུངས་ཏེ། བསོད་ནམས་ཀྱི་ཚོགས་སོགས་པའི་དབང་དུ་བྱས་ནས། མཆོད་རྟེན་ཞིག་པ ་མཐོང་ན་ཞེས་གསུངས་པ་ཡིན་ནོ།། ཡེ་ཤེས་ཀྱི་ཚོགས་སྒྲུབ་པའི་དབང་དུ་བྱས་ནས། ཆོས་འཇོག་པའི་ཚེ་བསྲུང་བ་གསུངས་པ་ཡིན་ནོ།། དཀོན་མཆོག་སྤྲིན་གྱིས་མདོའི་དབང་དུ་བྱས་ནས་ཆོས་འཛིན་པ་བསྟན་པ་ནི། རིགས ་ཀྱི་བུ་ཞེས་བྱ་བ་གསུངས་ཏེ། དུས་ནས་གྱི་ཚེ་གཟུང་བ་བསྟན་པ་མི་ཕྱི་མའི་དུས་ཕྱི་མའི་ཚེ་ཞེས་སྨོས་ཏེ། དུས་ཀྱི་དབང་དུ་བྱས་པ་ནི་ལྔ་བརྒྱའོ།། ཆོས་ཀྱི་དབང་དུ་བྱས་པ་ནི་རྣམ་པར་འཇིག་པ་ལ་སོགས་པ་སྟེ། འཇིག་པ་ནི་ནུབ་པར། ་གྱུར་པའོ།། འཁྲུག་པ་ནི་གླག་པའོ།། གང་ཟག་གི་དབང་དུ་བྱས་པ་ནི་ལམ་ངན་པར་ཁུགས་པའོ།། འདྲེན་པ་མེད་པས་མྱ་ངན་ལས་འདས་པའོ།། དངོས་པོ་གང་འཛིན་པ་བསྟན་པ་ནི་མདོ་སྡེ་ཞེས་གསུངས་ཏེ། ་ལྷག་པའི་སེམས་ཀྱི་བསླབ་པ་སྟོན་པས་ན་མདོ་སྡེ་སྟེ། མ་མོ་ལ་སོགས་པ་ཡང་གཟུང་ངོ་།། སངས་རྒྱས་ཀྱི་ཆོས་སྟོབས་ལ་སོགས་པ་བསྟན་པས་ན་རྒྱ་ཆེ་བའོ།། ས་དང་ཕ་རོལ་ཏུ་ཕྱིན་པ་སྟོན་པས་ན་རྒྱ་ཆེན་པོ་ཞེས་བྱའོ།། ཕན་པ ་འབྱུང་བས་ན་དོན་ཆེན་པོའོ།། བདེ་བ་འབྱུང་བས་ན་མཐུ་ཆེ་བའོ།། གཞིར་གྱུར་པས་ན་མ་མོ་ལྟ་བུའོ།། ཐབས་ཇི་ལྟ་བུས་འཛིན་པ་ནི་རྟོགས་པའི་ཆོས་བསྒྲུབ་པའི་དབང་དུ་བྱས་པ་ནི། འཛིན་ཅིང་ཀློག་པ་དང་ཁ་ཏོན་བྱེད་ཅིང་ཀུན་ཆུབ ་བྱེད་པ་སྟེ། འཛིན་པ་ནི་དོན་བསྒྲུབ་པའོ།། ལུང་གི་ཆོས་སྨྲ་བའི་དབང་དུ་བྱས་པ་ནི། བརྗོད་ཅིང་སྟོན་ལ་ཡང་དག་པར་སྟོན་ལ་གསལ་བར་བྱེད་བ་སྟེ། མི་ཤེས་པའི་གང་ཟག་ལ་བརྗོད་པའོ།། ལོག་ཤེས་དང་ལྡན་པ་ལ་སྟོན་པའོ།། ་ཐེ་ཚོམ་དང་ལྡན་པ་ལ་ཡང་དག་པར་སྟོན་པ་དང་། གསལ་བར་བྱེད་པ་སྟེ་མ་ཞུགས་པ་དང་ལྡོག་པར་ཞུགས་པ་དང་ཐེ་ཚོམ་གྱིས་ཞུགས་པའི་དབང་དུ་བྱས་པའོ།། ཡང་དག་པར་ཞུགས་པའི་གང་ཟག་གི་དབང་དུ་བྱས་ནས་དགའ ་དང་དད་པ་དང་རངས་པར་བྱེད་པ་སྟེ། དང་པོ་དང་བར་དང་ཐ་མར་བསམས་པས་རྗེས་སུ་འཛིན་པའོ།། སྦྱོར་བས་རྗེས་སུ་འཛིན་པ་ནི་ཕན་འདོགས་སྟེ། མཐུན་པའི་རྐྱེན་སྒྲུབ་པའི་དང་། མི་མཐུན་པའི་རྐྱེན་སེལ་བའོ།། ལུང་དང་རྟོགས་པའི ་ཆོས་འགྲུབ་པའི་རྐྱེན་གང་ཞེ་ན། རྒྱུའི་དབང་དུ་བྱས་ནས་སྔར་བསྟན་པའི་བསམ་པ་བཞི་དང་ལྡན་པས་ན། ཟང་ཟིང་མེད་པའི་སེམས་དང་ལྡན་པའོ།། རྐྱེན་གྱི་དབང་དུ་བྱས་ནས་ཡོངས་སུ་འཛིན་པའི་ཁྱད་པར་ལ་གུས་པས་ན་སྟོན་པ ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ལྟར་སེམས་པས་ཆོས་སྨྲ་བ་ལ་གུས་པའོ།། ཆོས་ལ་གུས་པ་ནི། བདུད་རྩིར་འདུ་ཤེས་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། ངེས་པར་ལེགས་པའི་དབང་དུ་བྱས་ནས་བདུད་རྩིའི་འདུ ་ཤེས་ཏེ། མྱ་ངན་ལས་འདས་པ་ནི་འཆི་བ་མེད་པའི་ཕྱིར་རོ།། བཅུད་བསོད་ནི་བཅུད་ཕན་པ་སྟེ། མ་འོངས་པའི་མངོན་པར་མཐོ་བ་འགྲུབ་པའི་བསམ་པའི་དབང་དུ་བྱས་པའོ།། རྩི་ནི་ཡན་ལག་གཅིག་པ་སྟེ། ཚེ་འདིའི་བདེ་བ་མི་ཉམས ་བའི་ཕན་ཡོན་གྱི་དཔེར་བྱས་པ་ཡིན་ནོ།། ལ་ལ་ནི་མ་ཐོབ་པའི་དོན་ཐོབ་པར་བྱེད་པ་དང་། ཐོབ་པ་མི་ཉམས་ཤིང་འཕེལ་བར་བྱེད་པ་དང་། ཉམས་པ་སོར་ཆུད་པར་བྱེད་པའི་དང་། དོན་འབྱུང་བས་ན་དེ་གསུམ་དུ་བསྟན་ཏོ་ཞེས་ཀྱང་ཟེར་རོ།། ་བསམ་པ་རྣམ་པར་དག་པའི་སྦྱོར་བ་གང་ཞེ་ན། ལུས་དང་སྲོག་ལ་མི་ལྟ་བར་ཞེས་བྱ་སྟེ། སྟོང་གསུམ་གྱིས་སྟོང་ཆེན་པོ་མེ་མུར་གྱིས་གང་བའི་འོབས་སུ་བསྐལ་པ་གཅིག་གིས་ཀྱང་ཚོགས་སུ་བཅང་བ་གཅིག་ཀྱང་ཡོངས་སུ་ཚོལོ། ་ཞེས་གསུངས་པ་ལྟ་བུའོ།། རྙེ་པ་ཆུ་ང་མི་གཟོན་པས་བསྒྲུབ་པ་ཞེས་སྨོས་ཏེ། དེ་ལྟར་ན་སྐྱེས་བུ་དམ་པ་བསྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དག་གིས་ཆོས་ཡོངསུ་འཛིན་པས་ན། སྟོན་པའི་དམ་ཆོས་རྣམ་གཉིས ་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་དང་།། སྒྲུབ་པར་བྱེད་པ་ཁོ་ན་ཡིན་ཞེས་བཤད་པ་ཡིན་ནོ།། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་དབང་དུ་བྱས་ནས། ཆོས་འཛིན་པའི་ངོ་བོ་ཉིད ་བསྟན་པ་ནི། བདག་བདེ་བ་ལ་ཆགས་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ན་རྟེན་མ་ཆོག་ལས་མི་ཉམས་པའི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་དང་། ཐེག་པ་མཆོག་ལས་མི་ཉམས་པའི་རྒྱུ་སྙིང་རྗེ་དང་། སྤྱོད་པ་ཆེན་པོའི་རྒྱུ་བྱིན ་པ་དང་། དགེ་བ་རྣམ་པར་བྱེད་པའི་ཡེ་ཤེས་ཀྱི་ཚོགས་དང་། དགེ་བ་ལ་ནུས་པའི་ཕྱིར་ལུས་དང་སེམས་ཀྱི་སྟོབས་ཕུན་སུམ་ཚོགས་པ་དང་། རྣམ་པར་དག་པ་མཐར་ཕྱིན་པའི་རྒྱུ་ཆོས་བཤད་པ་དང་། སྒྲུབ་པ་དང་། རྣམ་པར་དག་པ་མྱུར ་བའི་རྒྱུ་ཚད་མེད་པ་བསྒོམ་པ་སྟེ། ཆོས་རྣམ་པ་འདི་བདུན་གྱིས་དགོས་པ་འགྲུབ་པར་འགྱུར་བས་བསྒོམ་པར་བྱ་བ་ཡིན་ནོ།། ཅི་ལྟར་ཞེ་ན། སྦྱོར་བ་སྙིང་རྗེ་དང་ལྡན་པ་དང་། དངོས་གཞིན་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཛིན་པ་དང་། ་རྗེས་བསྔོ་བ་ཡོངས་སུ་བསྔོ་བ་མི་དམིགས་པའི་རྒྱས་བཏབ་པར་བསྒོམ་པ་སྤྲོ་བ་ཆེན་པོ་དང་ལྡན་པས། བརྩོན་འགྲུས་ཀྱི་ངོ་བོ་ཉིད་དུ་བཞག་པར་བྱའོ།། ངོ་བོ་ཉིད་ཀྱི་ཕན་ཡོན་བསྟན་པ་ནི། ཡང་མདོ་སྡེ་དེ་ཉིད་ཀྱི་སྔོན་གྱི ་ལུའུ་ལས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་ཚུལ་ནི་འདས་པའི་གཏམ་བརྗོད་པའོ།། ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པའི་ཕྱིར། ཡེ་ཤེས་ཀྱི་ཚོགས་ལ་དགོས་པ་ནི་ཤིང་གི་བར་དུ་ཞེས་གསུངས ་ཆོས་ཡོངས་སུ་ཚོལ་བ་ནི་ཡེ་ཤེས་ཀྱི་ཚོགས་སྒྲུབ་པའོ།། དེ་ལ་ལུང་འབོག་པ་ནི་ཚིག་དང་དོན་སྟོན་པའོ།། ཁ་ཏོན་ལ་བརྩོན་པ་ནི་དེ་ཉིད་བསྟན་པའོ།། གུས་པ་ནི་ཆོས་སྨྲ་བ་ལ་གུས་པའོ།། སེམས་བསྐྱེད་ན་ཞེས་བྱ་བ་ནི་ཟང་ཟིང་གི་སྦྱིན་པ་དང་ལྡན ་པའི་དངོས་པོ་ནི་ཡེ་ཤེས་ཀྱི་ཚོགས་བསྒྲེད་པའི་བསམ་པས་ཟིལ་གྱིས་གནོན་ཅེས་བྱ་བའི་དོན་ཏོ།། ནས་ཞེས་བྱ་བ་ནི་གྲངས་དང་། མཐུ་དང་། རིགས་དང་། རྒྱུ་དང་། ད་པེར་མི་བཟོད་ཅེས་བྱ་བ་བསྲོས་པའོ།། ཡེ་ཤེས་ཀྱི་ཚོགས་སྒྲུབ་པའི ་བསོད་རྣམས་དེ་ནི་རྒྱལ་པོའི་ང་རྒྱལ་བཅག་པའི་དོན་དུ་དགོངས་པ་ཡིན་ནོ་ཞེ་ན། ངེས་པའི་དོན་དུ་སྒྲུབ་པ་ནི། བྱང་ཆུབ་སེམས་དཔའི་བསོད་ནམས་ཀྱིས་ཞེས་གསུངས་ཏེ། བསོད་ནམས་ནི་སྦྱིན་པ་ལས་བྱུང་བའོ།། ལྷག་མ་ནི་གོ་སླའོ།། ་ཕན་ཡོན་ཆེན་པོ་དེ་དག་ག་ལ་ཞེ་ན། ཐེག་པ་ཆེན་པོ་ཉིད་ལའོ་ཞེས་བྱ་བར་ཆོས་ཀྱི་རང་བཞིན་བརྗོད་པ་ནི། དམ་པའི་ཆོས་གང་ཞེ་ན་ཞེས་བྱ་སྟེ། ཐམས་ཅད་ལའང་སྒྲར་འཇུག་པའི་ཕྱིར་ཞེས་རྒོལ་བའོ།། ལན་ནི་མ་ཡིན་ཏེ། བསམ་པ ་དང་ནི་བསྟན་པ་དང་།། སྦྱོར་བ་དང་ནི་སྟོན་པ་དང་།། དུས་འགལ་ཕྱིར་ན་དམན་པ་དང་།། དེ་ནི་དམན་པ་ཁོ་ན་ཡིན་ཞེས་བསྟན་པས། ཉན་ཐོས་ཀྱི་ཐེག་པ་ལ་མ་ཡིན་པས་ན། ཐེག་པ་ཆེན་པོའི་ཚིག་བླ་དགས་སོ་ཞེས་བྱ་བ་གསུངས་ཏེ། ཐེག ་པ་ཆེན་པོ་ནི་སྔར་བསྟན་པ་ཉིད་དོ།། འོ་ན་ཉན་ཐོས་ཀྱི་ཐེག་པ་མེད་ན་ཐེག་པ་ཆེན་པོ་ཞེས་ཅི་ལྟར་བྱ། དེའི་ཕྱིར་ཐུན་མོང་བ་ཉིད་དོ་ཞེས་རྒོལ་བ་ནི། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའོ།། ལན་ནི་དེ་ལྟ་མ་ཡིན་ཏེ་ཐེག་པ་ཆེན་པོ་ནི་རྒྱུ་ཡིན་པས། ་ཡོད་དང་མེད་དང་ཡོད་མེད་པའོ།། ཞེས་བྱ་བའི་ཚུལ་གྱིས་ཐེག་པ་ཆེན་པོ་ཡོད་ན་ཉན་ཐོས་ཀྱི་ཐེག་པ་ཡོད་ལ་དེ་མེད་ནའང་མེད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ་ཞེས་གསུངས་སོ།། རྣམ་གྲངས་གཞན་ཡང་འདིར་རང་གི་སྡེ་བ ་དག་ན་རེ། དམ་པའི་ཆོས་ནི་ཐེག་པ་ཆེན་པོ་ཞེས་བརྗོད་པར་མི་རིགས་ཏེ། ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། མདོ་སྡེ་ལ་མི་འཇུག་ཅིང་འདུལ་པོ་ལ་མི་སྣང་ལ་ཆོས་ཉིད་དང་ཡང་འགལ་བའི་ཕྱིར་ཞེས་རྒོལ་བ་ནི་དེ་ཅིའི ་ཕྱིར་ཞེ་ན་ཞེས་བྱ་བའོ།། ལན་ནི་དེ་ལྟ་མ་ཡིན་ཏེ། སྔར་ལུང་མ་བསྟན་ལྷན་གཅིག་བྱུང་།། སྤྱོད་ཡུལ་མ་ཡིན་གྲུབ་པ་དང་།། ཡོད་དང་མེད་ན་ཡོད་མེད་དང་། གཉེན་པོ་དང་ནི་སྒྲ་གཞན་ཕྱིར།། སངས་རྒྱས་རྣམས་ནི་མངོན་སུམ ་སྤྱན།། བསྟན་པ་དག་ཀྱང་བསྲུང་བར་མཛད།། དུས་ལ་ཡེ་ཤེས་མ་བསྒྲིབས་པས།། དེ་ཕྱིར་བཏོང་སྙོམས་མི་རུང་ངོ་།། མ་ཚང་བ་དང་འགལ་བ་དང་།། ཐབས་མིན་དེ་ལྟར་མ་བསྟན་ཕྱིར། ཉན་ཐོས་ཀྱི་ནི་ཐེག་པ་ནི།། ཐེག་ཆེན་ཆོས ་ཞེས་བྱ་བ་མིན།། བསམ་པ་དང་ནི་བསྟན་པ་དང་།། སྦྱོར་བ་དང་ནི་སྟོན་པ་དང་།། དུས་འགལ་ཕྱིར་ན་དམན་པ་གང་།། དེ་ནི་དམན་པ་ཁོ་ན་ཡིན།། རང་གི་ཉིད་ལ་འཇུག་ཕྱིར་དང་།། རང་གི་འདུལ་ལ་སྣང་ཕྱིར་དང་།། ཟབ་པའི་ཕྱིར་དང ་རྒྱ་ཆེ་ཕྱིར། ཆོས་ཉིད་དང་ནི་འགལ་བ་མེད།། ཅེས་བྱ་བའི་ཚུལ་གྱིས་ཉན་ཐོས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ནི་དུས་མཁྱེན་པའི་ཕྱིར་མ་འོངས་པའི་འཇིགས་པོ་བཞིན་དུ་ཅིའི་ཕྱིར་སྔར་ལུང་མ ་བསྟན་ཅེས་བྱ་བ་ལ་སོགས་པ་འཕགས་པ་ཐོགས་མེད་ཀྱིས་བསྟན་ཅིང་བཤད་པ་བཞིན་དུ་ལན་གདབ་པར་བྱ་སྟེ་གོ་སླ་བས་འདིར་ནི་མ་བཤད་དོ།། དེ་དག་ཀྱང་དུས་མཁྱེན་པ་ནི་མདོ་ལས་ཕྱིས་འབྱུང་བའི་ཕྱིར་གསུངས་པ་ན། ་ཅིའི་ཕྱིར་སྟོན་པ་ལ་རྒོལ་བར་བྱེད་ཅེས་བརྩད་པར་ཡང་མི་བྱེད་དོ།། དེ་ཉིད་ངེས་པའི་དོན་དུ་བསྒྲུབ་པ་ནི། ཆོས་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་གསུངས་པ་ཡིན་ཏེ། ཟབ་མོ་ནི་སྟོང་པ་ཉིད་ལ་སོགས་པ་སྟེ་ཅི་སྐད་དུ།། ་ཟབ་མོ་སྟོང་པ་ཉིད་སྒྲོ་འདོགས།། སྐུར་པ་དང་བྲལ་ཟབ་པ་ཡིན་ཞེའོ།། མདོ་ཀུན་ལས་བཏུས་པའི་བཤད་པ། ལུང་གི་ཚད་མས་སྦྱར་བ་ལས། དམ་པའི་ཆོས་བཟུང་བ་སྟེ། བཟོད་པའི་ལེའུ་གསུམ་པ་རྫོགས་སོ།། ་དེ་ལྟར་བརྩོན་འགྲུས་ཀྱི་ངོ་བོ་ཉིད་རྣམ་པ་གསུམ་དུ་སྤྱིར་བཤད་པ་ལས། ད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སེམས་ཀྱིས་ཡོངས་སུ་རྫོགས་པས་ན། ཆོས་ཟབ་མོ་བསྒོམ་པར་བརྗོད་པ་ནི། བྱང་ཆུབ་སེམས་དཔའ་གང་ཞེས་གསུངས ་ཏེ། བྱང་ཆུབ་སེམས་དཔའ་ནི་རྟེན་གྱི་གང་ཟག་གོ།། དམིགས་པའི་སྤྱོད་པ་ནི་དངོས་པོར་ལྟ་བའོ།། དུས་དཔག་ཏུ་མེད་པ་ནི་བསྐལ་པ་མང་པོར་ཡང་ངོ་།། དེ་བཞིན་གཤེགས་པ་ལ་མཆོད་པ་ནི། ཟང་ཟིང་གི་དང་སྒྲུབ་པའོ།། ་ལ་ལྀ་ཟང་ཟིང་གིའོ་ཞེས་ཟེར་ཏེ། དེ་ནི་འོག་ནས་ཚངས་པར་སྤྱོད་པོ་སྤྱད་ཅིང་ཞེས་འབྱུང་བས་རིགས་པ་མེད་ཁོ་ནའོ།། ལུང་བསྟན་པ་ནི་མང་སྟེ། འཕགས་པ་དཔའ་བར་འགྲོ་བའི་མདོ་ཚད་མར་བྱས་ན། གསང་སྟེ་ལུང ་བསྟན་པ་ལ་སོགས་པ་ལུང་བསྟན་པ་གང་ཞེ་ན། ལ་ལ་ནི་ལུང་སྟོན་པ་ལུང་བསྟན་པ་ལ་བྱ་སྟེ། ཅིའི་ཕྱིར་ཞེ་ན་ཡང་ཞེས་སྨོས་པའི་ཕྱིར་རོ་ཞེས་ཟེར་རོ།། ལ་ལ་ནི་རེ་མངོན་དུ་ལུང་བསྟན་པ་ལ་བྱའོ་ཞེས་ཟེར་ཏེ། དེའི་ཕྱིར ་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པས། སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་སོ་ཞེས་གསུངས་ཏེ། ཡོངས་སུ་རྫོགས་པའི་ཁྱད་པར་ཅན་དང་། ཁྱད་པར་མེད་པའི་དབང་དུ་བྱས་པ་ལས་དང་པོ་མ་ཡིན ་པའི་ཕྱིར་ཏེ། གཞན་དུ་ན་འཕགས་པ་ས་བཅུ་པའི་མདོ་ལས་འབྱུང་བ་དང་འགལ་བའི་ཕྱིར་རོ་མར་མེ་མཛད་ནི་ལ་ལ་ན་རེ། བསྐལ་པ་གྲངས་མེད་པ་གཉིས་ལ་སངས་རྒྱས་བདུན་ཁྲི་དྲུག་སྟོང་བསྙེན་བཀུར་བའི་ཐ་མའི་མཚན་ནོ།། ་ལ་ལ་ན་རེ་དེ་ལྟར་ན་ས་བརྒྱད་པའི་གནས་སྐབས་སུ་མི་འགྱུར་ཏེ། བསྐལ་པ་གྲངས་མེད་པ་ལྔར་བཤད་པའི་དང་པོ་ནི། ཚོགས་ཀྱི་ལམ་ནས་ས་དང་པོའི་བྱར་དུ་རྫོགས་པར་འགྱུར་པའི་ཚེ། སངས་རྒྱས་བདུན་ཁྲི་ལྔ་སྟོང་གི ་ཐ་མ་ནི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཡིན་ལ། གཉིས་པ་ནས་ས་བདུན་པའི་བར་དུ་བསྐལ་པ་གྲངས་མེད་པ་གཉིས་པ་ལ། སངས་རྒྱས་བདུན་ཁྲི་དྲུག་སྟོང་གི་ཐ་མ་ནི་སངས་རྒྱས་མར་མེ་མཛད་ཡིན་ནོ།། ས་བརྒྱད་པ་ནས ་སངས་རྒྱས་ཀྱི་སའི་བར་དུ་བསྐལ་པ་གྲངས་མེད་པ་གསུམ་པ་ལ་སངས་རྒྱས་བདུན་ཁྲི་བདུན་སྟོང་གི་ཐ་མ་སངས་རྒྱས་རྣམ་པར་གཟིགས་ཡིན་པས་ན། རྣམ་གཟིགས་མར་མེ་རིན་ཆེན་གཙུག། གྲངས་མེད་གསུམ་གྱི་བ་མར ་བྱུང་། ཞེས་འབྱུང་བ་དང་འགལ་ལོ་ཞེས་ཟེར་རོ།། ལ་ལ་ན་རེ་ཉན་ཐོས་བསམ་པ་དམན་པ་ལ་བལྟོས་ནས་དེ་སྐད་བཤད་ཀྱི། གཞན་དུ་ན་ས་དང་པོ་ནས་བཟུང་སྟེ་རྣམ་པར་ཐར་པ་ཚད་མེད་པ་ཐོབ་པའི་ཕྱིར་སངས་རྒྱས་ཀྱི་གྲངས་ཇི་ལྟར་ངེས ་དེ་ལྟར་ན་ནི་ས་བཅུ་ཞེས་ཀྱང་ཅི་ལྟར་རིགས་ཏེ། དེའི་དགོངས་པའི་དོན་བལྟ་བར་བྱའོ་ཞེས་ཟེར་རོ།། ལ་ལ་ན་རེ་གྲངས་མེད་པ་གཉིས་པའི་ཐ་མེར་བརྗོད་པ་ནི་གཞན་གྱི་བསམ་པ་དང་མཐུན་པར་བྱ་བའི་ཕྱིར་བསྟན་གྱི་ཐེག་པ་ཆེན་པོ་ལ་ངེས ་བར་ག་ལ་ཞིག་བསམ་པ་ཐ་དད་པས་ལུང་ཉིད་ལས་ངེས་པར་མ་གསུངས་ཏེ། ཁ་ཅིག་ཏུ་ནི་བདུན་ཁྲི་ལྔ་སྟོང་གི་ཐ་མ་ནི། ཡུལ་འཁོར་སྐྱོང་ཡིན་པ་ནས། གཉིས་པ་ལ་ནི་མར་མེ་མཛད་ནས་དབང་པོའི་རྒྱལ་མཚན་ཡིན་ལ། གསུམ་པ ་ལ་ནི་ལེགས་མཛད་ནས་འོད་སྲུངས་ཀྱི་བར་དུའོ་ཞེས་གསུངས་པའང་དམིགས་པ་མ་ངེས་པ་ཉིད་ལ། དེ་བཞིན་དུ་རྩ་བའི་ལྡང་ཐ་དད་པར་གསུངས་པ་ཐ་དད་པར་སྣང་བས་ངེས་པའི་ཐེར་ཟུག་པའང་མི་སྣང་ན་དེ་ཐེག་པ་ཆེན་པོ་ལ་སྔར ་བཤད་པ་ལྟ་བུ་ནི་གང་ལ་ངེས། རྣམ་གྲངས་གཞན་ཡང་གལ་ཏེ་དེ་ལྟར་ཡིན་ཡང་སྔར་བསྟན་པའི་ཚུལ་གྱིས་བརྟག་པའི་ཕྱིར་དང་། མཚན་མ་མཐུན་པར་མངའ་བའི་ཕྱིར་ཡང་གཞན་དུ་དང་གཞན་ལས་ཀྱང་ཉེས་པ་མེད་དོ་ཞེས་ཟེར་རོ། ་ལ་ལ་ན་རེ་བསྐལ་པ་གྲངས་མེད་པ་སུམ་ཅུ་རྩ་གཉིས་ཀྱིས་སངས་རྒྱས་ཀྱིས་ཐོབ་པས་ཚོགས་ཀྱི་ལམ་ནི་བསྐལ་པ་གཅིག་གིས་སོ།། སྦྱོར་བའི་ལམོ་ནཱི་གཉིས་སོ།། ས་དང་པོ་ནས་ས་བཅུ་པའི་བར་བསྐལ་པ་གྲངས་མེད་པ་གསུམ ་གསུམ་གྱི་འདའ་བས་ན་གྲངས་མེད་པ་ནི་སུམ་ཅུ་རྩ་གསུམ་པོ་དེའི་ཕྱིར་ཡང་ངེས་པར་མི་བཞག་གོ་ཞེས་ཟེར་རོ།། མཐོང་མ་ཐག་ཅེས་བྱ་བས་ནི། པདྨ་ཅན་གྱི་ཚོང་འདུས་ཀྱི་དབུས་སུ་སྤོས་འཚོང་གི་ཁྱེའུ ་གྱུར་པས་ཨུཏྤ་ལ་ལྔ་གཏོར་བའི་ཚེ། ལུང་བསྟན་པ་ནི། མངོན་དུ་ལུང་བསྟན་པ་སྟེ། མ་འོངས་པའི་དུས་སུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བར་གྱུར་ཏོ་ཞེས་བསྟན་པའོ།། ལུང་བསྐྲུན་པའི་རྒྱུ་མཚན་ནི། སྤྱོད་པ ་ཐམས་ཅད་ལས་འདས་སོ་ཞེས་བྱ་བ་ལ་སོགས་པའོ།། ལ་ལ་ན་རེ་ལུང་བསྟན་མ་ཐག་ཏུ་ཞེས་ཕན་ཡོན་དུ་འདྲེན་ནོ།། འོ་ན་སྒྲུབ་པའང་དེ་ཉིད་དུ་འམ་ཞེ་ན། མ་ཡིན་ཏེ། དེ་ནི་ཡོངས་སུ་རྫོགས་པའི་ཡིན་ལ། འདིར་ནི་དངོ་པོ ་བསྒོམ་པའི་མཚན་ཉིད་དུ་བཞག་པས་ཉེས་པ་མེད་དེ། སྦྱིན་པ་ནས་ཤེས་རབ་ཀྱི་བྱར་གྱི་བར་སྤྱོད་པ་དང་། དངོས་གཞི་དང་རྗེས་ལ་མི་དམིགས་པས་ཡོངས་སུ་ཟིན་པ་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ནི་གོ་ཆའི་སྒྲུབ་པའོ་ཞེས ་མཁས་པས་ངག་གིས་བཤད་པའི་རྗེས་སུ་འབྲངས་པས་ཡིད་གཉིས་མི་བྱའོ།། མདོ་ཀུན་ལས་བཏུས་པའི་བཤད་པ།། ལུང་གི་ཆེད་མས་སྦྱར་བ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ལེའུ་སྟེ། ཆོས་ཟབ་མོ་བཟོད་པ་བཞི་པ་རྫོགསོ།། ། ་ཇི་སྐད་བཤད་པ་ཆོས་ཟབ་མོ་ལ་མོས་པར་བྱ་བ་ནི། བྱང་ཆུབ་སེམས་དཔའ་ཆོས་ཟབ་མོ་ལ་ཞེས་གསུངས་ཏེ། རེ་ཞིག་ཆོས་ཟབ་མོ་ལ་མོས་པ་བསྟན་པ་ནི། ལྡོག་པའི་སྒོ་ནས་བདག་དང་གཞན་གྱི་དོན་བྱ་བ་ཡོངསུ་རྫོགས་པར་མི་འགྱུར ་ཞེས་གསུངས་ཏེ། དངོས་པོར་ཞེན་པས་འབྲས་བུ་མི་འབྱུང་བས་ན་རྫོགས་པར་མི་འགྱུར་བའོ།། ལྡོག་པའི་སྒོ་ནས་བསྟན་ནས་རྗེས་སུ་འབྲང་བའི་སྒོ་ནས་བསྟན་པ་ནི་དོན་དམ་པའི་བདེན་པ་ནི་ཞེས་གསུངས་ཏེ། དོན་དམ་པའི་བདེན་པ་ནི་སྤྲོས་པའི ་མཐའ་རྣམ་པ་བརྒྱད་དང་བྲལ་བའོ།། བྱང་ཆུབ་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་དེ་རྟོགས་པའི་ཕྱིར་རོ།། ཆོས་ཉིད་འབའ་ཞིག་ལ་བཞུགས་པའོ།། དེའི་ཕྱིར་བྱང་ཆུབ་ན་མཁའི་མཚན་ཉིད་དེ།། རྟོག་པ་ཐམས་ཅད་སྤངས་པ་ཡིན།། ཞེས ་གསུངས་པ་ལྟ་བུའོ།། འོ་ན་ཆོས་ཉིད་ལ་ཐ་དད་པ་མེད་པས་ན། སྟོང་པ་ཉིད་ལ་ནི་ཐ་དད་པ་མེད་པའོ་ཞེས་བྱ་བས་ཉན་ཐོས་དང་རང་སངས་རྒྱས་ཐ་དད་པ་མང་ངོ་ཞེས་ཟེར་རོ།། དེ་ནི་བདེན་ཏེ་འོན་ཀྱང་སྙིང་རྗེས་ཁྱབ་པར་བྱས་པས ་ན། ཐུན་མོང་མ་ཡིན་ནོ་ཞེས་གསུངས་ཏེ། སྟོང་པ་ཉིད་ནི་རྟོགས་པར་འདྲ་ཡང་སྙིང་རྗེས་ཡོངས་སུ་གཟུང་པོའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ།། ལ་ལ་ནཱ་རེ་གང་ཟག་བདག་མེད་པ་དང་བཟུང་བ་མེད་པར་རྟོགས་པ་དང་ཉོན་ཐོས ་དྲང་རང་སངས་རྒྱས་ཀྱི་རྟོགས་པ་ཡིན་པས་སོ་ཞེས་ཀྱང་ཟེར་རོ།། དེ་ལྟར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་བསྒོམ་པ་མཆོག་ཡིན་བྱས་ན། དེ་བས་ན་ཞེས་གསུངས་ཏེ། ཀུན་རྫོབ་ཀྱི་བདེན་པ་ནི་བསླུ་བའི་ཕྱིརརོ།། ། ་ཅི་ལྟར་ཞེ་ན། སྤང་བར་བྱ་བ་ཡིན་པའི་ཕྱིར་རོ།། མཆོག་ཅེས་བྱ་བ་ནི་དམ་པར་གྱུར་པ་སྟེ། ཉོན་མོངས་པ་སྤོང་བའི་ཕྱིར་ཚོགས་ཡོངསུ་རྫོགས་པར་འགྱུར་རོ།། དགེ་བ་ནི་དོན་དམ་པ་མྱ་ངན་ལས་འདས་པའོ།། རྩ་བ་ནི་དེའི་རྒྱུར་གྱུར་པའོ།། དེའི་དཔེ་ནི ་ཞེས་བྱ་བ་སྟེ། དཔེ་བཀོད་པའོ།། ཐེག་པ་དམན་པ་མི་འགྲུབ་པས་ན། རང་གི་ཞེས་གསུངས་པ་ཡིན་ཏེ། དེ་ལྟ་བས་ན་ཆོས་ཟབ་མོ་ལ་མོས་པར་བྱའོ་ཞེས་བྱ་བའི་ཚིག་གི་ལྷག་མའོ།། དེ་ལྟར་ཆོས་ཟབ་མོ་ལཱ་མོས་པའི་དགོས ་པ་བསྟན་ནས། ད་ནི་ཆོས་ཟབ་མོ་ལ་མོས་པའི་རང་བཞིན་བསྟན་པ་ནི། ཆོས་ཟབ་མོ་ནི་གང་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ཀུན་རྫོབ་ཉིད་ལས་མ་གཏོགས་པ།། དོན་དམ་ཡོད་པ་མ་ཡིན་པས།། ཀུན་རྫོག་གང་ཡིན་དེ་ཉིད་ནི།། ་དམ་པའི་དོན་དུ་འདོད་པ་ཡིན།། ཞེས་གསུངས་པ་ཇི་ལྟ་བུ་ཞེས་རྒོལ་བ་ལ། དེ་ནི་བདེན་མོད་ཀྱི་ཐོབ་པའི་ཐབས་ལ་འཇུག་པ་ལ་དེ་སྐད་ཅེས་བྱའོ་ཞེས་བསྟན་པ་ནི་ཡང་དག་པའི་ལྟ་བུ་འབྱུང་བའི་རྒྱུ་གཉིས་དང་རྐྱེན་གཉིས་ཏེ་ཞེས ་གསུངས་ཏེ། འཕགས་པའི་ཞེས་གསུངས་པ་ལས་ན། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ཞེས་བཤད་པར་བྱའོ།། གཞན་གྱི་སྒྲ་ནི་ཕ་རོལ་ལས་ཐོས་པའོ།། ཚུལ་བཞིན་ཡིད་ལ་བྱེད་པ་ནི་ཐོས་པ་རྗེ་སུ་བསྲུང ་བྱའོ།། མདོར་བསྟན་པ་དེ་ཉིད་རྒྱས་པར་བཤད་པ་ནི། དྲི་བས་མཚམས་སྦྱར་བར་དེ་ཞེས་གསུངས་པ་ཡིན་ནོ།། དེ་ལ་དང་པོ་སྦྱོར་བ་ནི་དབང་དུ་བྱས་ནས་འདི་སྙམ་དུ་སེམས་པར་གྱུར་ཏོ་ཞེས་གསུངས་ཏེ། རྣལ་འབྱོར ་ཡིད་ལ་བྱེད་པ་གང་གིས་གཞན་ལས་རྗེས་སུ་མཐུན་པར་མ་ཐོབ་པར་ཞི་གོནས་ཙམ་གྱིས་ནི། ཉོན་མོངས་པ་མི་སྤོང་ངོ་ཞེས་བྱ་བ་ནི། རྣལ་འབྱོར་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དངོས་གཞི་ཡིད ་ལ་བྱེད་པའི་དབང་དུ་བྱས་ནས་ཆོས་གང་ལའང་སྦྱོར་བར་མི་བྱེད་ཅེས་བྱ་བ་ལ་སོགས་པ་ཡིན་ནོ།། སྒོམ་པ་རྣམ་པར་མི་བསྒོམ་པའི།། སྒོམ་པ་དམ་པར་འདོད་པ་སྟེ། ཐོབ་པར་བྱ་བ་མེདན་མ་བྱས། ཐོབ་པ་ཡང་མི་དམ་པར་འདོད།། ཅེས་བྱ་བའི་ཚུལ་སྒོ་མངོན་པདྲན་ནཱ། ་པའི་མཚན་མ་ཡིད་ལ་མི་བྱེད་པ་ནི། སྒྲ་འབྱིན་པར་མི་བྱེད་པའོ།། ཟློས་པའི་རྟག་ཏུ་བརྗོད་པའོ།། རྒྱུ་མི་དམིགས་པས་གང་ནས་ཞེས་བྱ་བའོ།། ཅི་ལྟར་ཞེ་ན། འབྱུང་བ་དང་འགག་པའི་སྔོན་དང་ཕྱི་མའི་མཐའ་ལ་སྤྱོད་པས། དེ་ཁོ་ན་ཉིད་དུ་ན ་བྱེད་པ་པོ་མེད་པ་ལས་བྱ་བ་མི་འཐད་པས། དེ་བཞིན་གཤེགས་པ་ལ་སོགས་པས་ཆོས་བཤད་པ་ལ་སོགས་པ་ནི། བྱུང་མ་ཐག་ཏུ་རྒྱུ་མེད་པས་འཇིག་པས་ནི་ཆོས་ཀྱི་དབང་དུ་བྱས་པ་དང་། གང་ཟག་གི་དབང་དུ་བྱས་པ་དང་། ཉེན ་མོངས་པའི་དབང་དུ་བྱས་པ་དང་། དེ་སྤང་བའི་གཉེན་པོའི་དབང་དུ་བྱས་ནས་འགགས་པ་དང་། མི་གནས་པ་དང་། མ་བྱུང་བའི་དབང་དུ་བྱས་པས། གང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། མཉམ་པར་བཞག་པའི་རྗེས་ཀྱི་དུས་སུ ་ཚུལ་བཞིན་དུ་སྦྱོར་བས། བྱང་ཆུབ་སེམས་དཔའ་དེ་ལྟར་ཚུལ་བཞིན་དུ་སྦྱོར་བས། ཇི་ལྟར་ན་ཚུལ་བཞིན་དུ་མཐོང་ཞེས་རྒོལ་ཏེ། ཐོབ་པ་དང་སྤངས་པ་མེད་པར་འགྱུར་རོ་ཞེས་བསམས་པའོ།། མ་ཡིན་ཏེ་མདོ་ལས། གཅིག ་ཀྱང་མཐོང་བ་མེད་པ་ནི་དེ་ཁོ་ན་མཐོང་བ་ཉིད་དོ་ཞེས་བསྟན་པ་ནི། གང་གི་ཚེ་ན་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་མཐོང་བའི་ལམ་གྱིས་མཉམ་པར་བཞག་པའི་གནས་སྐབས་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་དབེན་པས་ན་རང་བཞིན ་གྱིས་འགགས་པའོ།། མཐོང་བས་སྲུང་བར་བྱ་བའི་རྒྱ་རྩ་སྤངས་པ་ན། ཉེ་བར་ཞི་བ་སྟེ་ལོག་པའི་འདུ་ཤེས་སྤངས་པ་ཙམ་དུ་ཟད་པས། ཐམས་ཅད་ལ་རང་བཞིན་གྱིས་ཞེས་བྱ་སྟེ། ཡོད་པ་བཤིག་པ་མ་ཡིན་ཞེས་བྱ་བའོ།། ་ངག་གི་བག་ལ་ཉལ་བཅོམ་པས་ན་རྣམ་པར་ཞི་བའོ།། ཆོས་ཉིད་ཀུན་ཏུ་འགྲོ་བར་རྟོགས་པས་ན། སྙོམས་པར་ཞུགས་པར།། སྔར་བཤད་པ་ལྟར་མ་སྐྱེས་པ་དང་མ་བྱུང་བའི་འཇིག་རྟེན་པའི་དག་པ་ལས་ཁྱད་པར་དུ་གྱུར་པས་ནི་ཤིན ་ཏུ་ཞེས་བྱ་བའོ།། འཇིག་རྟེན་ལས་འདས་པ་ལས་ཁྱད་པར་དུ་གྱུར་པ་མྱ་ངན་ལས་འདས་པའོ།། སྔ་རབས་དག་ན་རེ། ངོ་བོ་ཉིད་ཀྱིས་མ་སྐྱེས་པས་ན་རང་བཞིན་གྱིས་འགགས་པའོ།། གདོད་ནས་དག་པས་ཉེ་བར་ཞི་བའོ།། ཚོར་བ་རྒྱུན ་ཆད་པས་ཉེ་བར་ཞི་བའོ།། གཉེན་པོ་མེད་པས་སྙོམས་པར་ཞུགས་པའོ།། རྒྱུ་མེད་པས་ས་སྐྱེས་པའོ།། འབྲས་བུ་མ་གྲུབ་པས་མ་བྱུང་བའོ།། ངོ་བོ་ཉིད་དང་བྲལ་བས་ཤིན་ཏུ་མ་བྱུང་བའོ།། སྡུག་བསྔལ་སྤངས་པས་མྱ་ངན་ལས ་འདས་པའོ་ཞེས་ཀྱང་ཟེར་རོ།། རྣམ་གྲངས་གཞན་ཡང་ཚེགས་ཀྱི་ས་ལ་ཆོས་ཐམས་ཅད་ལོ་བདག་ཏུ་ལྟ་བ་སྤངས་པས་བདག་མེད་པར་ཡིད་ཆེས་པས་རང་བཞིན་གྱིས་འགགས་པས་ཏེ། གང་ཟག་ཏུ་ལྟ་བ་ནི་རང་གི་ངང་གིས ་མེད་པའི་ཕྱིར་རོ།། དྲོད་ཀྱི་གནས་སྐབས་སུ་ཆོས་ཀྱི་བདག་ཉིད་མེད་པའི་ཕྱོགས་གཅིག་ཀྱང་རྟོགས་པས་རྣམ་པར་མི་རྟོག་པའི་སྣང་བ་ཐོབ་པས། ཉེ་བར་ཞི་བ་སྟེ་མ་རིག་པའི་བྱེ་བྲག་སྤངས་པའི་ཕྱིར་རོ།། རྩེ་མོའི ་གནས་སྐབས་སུ་བདག་མེད་པའི་ཁྱད་པར་དེ་དག་གྲོང་དུ་འཕེལ་བས་ན། མི་མཐུན་པ་རྣམ་པར་ཞི་བའོ།། བཟོད་པའི་གནས་སྐབས་སུ་བདག་མེད་པའི་ཁྱད་པར་གྱིས་ཕྱོགས་གཅིག་རྟོགས་པས་ན་སྙོམས་པར་ཞུགས་པའོ།། ཆོས་ཀྱི ་མཆོག་གི་གནས་སྐབས་སུ་དེ་མ་ཐག་ཏུ་མཐོང་བའི་ལམ་རྟོགས་པའི་ཏིང་ངེ་འཛིན་ཐོབ་པས་ན་མ་སྐྱེས་པ་སྟེ། སྒྲོ་སྐུར་དང་བྲལ་བའོ།། མཐོང་བའི་ལམ་དུ་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བ་རྟོགས་པས་ན་འབྲས་བུ་ལ་ཞེན་པ་མེད ་པས་མ་བྱུང་བར་མཐོང་བའོ།། བསྒོམ་པའི་ལམ་ལ་ནི་ཇི་ལྟར་མཐོང་བའི་དོན་གོམས་པར་བྱེད་པས་ཤིན་ཏུ་ས་བྱུང་བ་སྟེ། གསེར་ལྟ་བུར་ཡོངས་སུ་སྦྱོང་བའི་ཕྱིར་རོ།། མི་སློབ་པའི་ལམ་དུ་མཐར་ཕྱིན་པས་ན། མྱ་ངན་ལས་འདས ་པ་མཐོང་སྟེ། དེ་ལྟར་ན་འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་རྟོགས་པའོ་ཞེས་བྱའོ།། རྣམ་གྲངས་གཞན་ཡང་། བར་ཆད་མེད་པ་དང་། རྣམ་པར་གྲོལ་བའི་ལམ་གྱིས་བསྡུས་པའི་མཐོང་བའི་ལམ་ལ་སྐད་ཅིག་མ ་བརྒྱད་དང་། བརྒྱད་དེ། བདེན་པ་བཞིས་བསྡུས་པས་ན་བཞི་དང་། བཞི་དང་། བཞི་དང་། བཞི་སྟེ། དེ་དག་ཀྱང་གཉིས་གཉིས་ཀྱིས་བསྡུས་པའི་གཉིས་དང་། གཉིས་དང་། གཉིས་དང་། གཉིས་དང་། གཉིས་དང་། གཉིས་དང་། གཉིས ་དང་། གཉིས་ལ་རིམ་བཞིན་དུ། རང་བཞིན་གྱིས་འགགས་པར་མཐོང་བ་ལ་སོགས་པ་དང་སྦྱར་བར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དེ་སྐད་གསུངས་པའི་ཕྱིར་རོ།། རྣམ་གྲངས་གཞན་ཡང་། མཉམ་པར་བཞག་པའི ་དུས་སུ་ཆོས་གཟུགས་ལ་སོགས་པ། ངོ་བོ་ཉིད་ཀྱིས་འགགས་པར་རྟོགས་པ་ནི། དངོས་པོའི་གནས་ལུགས་ཚུལ་བཞིན་དུ་ཤེས་རབ་ཀྱིས་མཐོང་ངོ་།། འགག་པ་གང་ཞེ་ན་ཉེ་བ་ལ་ནི་བསྟེ་བསྒོས་པ་བྲལ་བའི་ཕྱིར།། བསྒོམས་པས་བྲལ ་བ་ཉིད་གང་ཞེ་ན། རྣམ་པར་ཞི་བ་སྟེ་བག་ལ་ཉལ་སྦྱངས་པའི་ཕྱིར་རོ།། བག་ལ་ཉལ་སྦྱངས་པ་ཉིད་གང་ཞེ་ན་སྙོམས་པར་ཞུགས་པ་སྟེ། མཚན་མ་རྒྱུན་ཆད་པའོ།། མཚན་མ་རྒྱུན་ཆད་པ་ཉིད་གང་ཞེ་ན། སྔར་བཤད་པ་ལྟར་མོ་སྐྱེས་ཤིང་མ ་བྱུང་བའོ།། མ་སྐྱེས་ཤིང་མ་བྱུང་བ་ཉིད་གང་ཞེ་ན། ཤིན་ཏུ་མ་བྱུང་བ་སྟེ་རབ་ཏུ་བྲལ་བའོ།། རབ་ཏུ་བྲལ་བ་གང་ཞེ་ན། མྱ་ངན་ལས་འདས་པ་སྟེ། ཚོར་བ་རྒྱུན་ཆད་པའི་ཕྱིར་རོ་ཞེས་བཤད་པར་བྱའོ།། དེ་ལྟར་སྤྱོད་པའི་ཤེས་རབ་ཉིད་ལ་རྟོགས ་པས་ནི། གང་གིས་མཐོང་བ་དེ་ལའང་རྟོག་གེ་ཞེས་གསུངས་ཏེ། གང་གིས་ཞེས་བྱ་བ་ནི་ཤེས་རབ་དེ་ཉིད་ཀྱིས་སོ།། མཐོང་བ་ནི་མཐོང་བ་མེད་པའི་ཚུལ་དུའོ།། རྟོག་པ་ནི་སྤྱོད་པར་བྱེད་པའོ།། མཚན་མའི་འདུ་ཤེས་དང་བྲལ་བས་ན་ཅི་ནས་ཀྱང ་ཞེས་བྱ་བ་སྟེ། ཆོས་རྣམས་མི་འཛིན་གང་ཡིན་དང་།། དེ་དག་མཚན་མར་མི་མཐོང་ཕྱིར།། ཐམས་ཅད་དམིགས་སུ་མེད་པར་ནི།། ཤེས་རབ་ལ་ནི་ཡོངས་སུ་རྟོག། ཅེས་བྱ་བའི་ཚུལ་གྱིས་མི་མཐོང་བ་དང་། མི་རྟོག་པའོ།། དེ་ལྟར་ཚུལ ་བཞིན་དུ་མཐོང་བའི་ཕན་ཡོན་གང་ཞེ་ན། ཆོས་གང་ལ་ཡང་ཐེ་ཚོམ་དང་རྨོངས་པ་མེད་དོ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟར་སློབ་སྟེ་ཞེས་བྱ་བ་ནི་ཕན་ཡོན་དུ་ལྟ་བར་བྱེད་པའོ།། ཆོས་ནི་མཚན་ཉིད་འཛིན་པ་སྟེ། གཟུགས་ལ་སོགས་པའོ། ་ཐེ་ཚོམ་ནི་ཡིད་གཉིས་ཟ་བའོ།། རྨོངས་པ་ནི་མི་ཤེས་པའོ།། སྒྲིབ་པ་ནི་ཁེབས་པ་སྟེ། གཟུང་བ་དང་འཛིན་པ་དང་བྲལ་བའི་སྟོང་པ་ཉིད་མི་མཐོང་བའོ།། ཐམས་ཅད་སེམས་སུ་ཤེས་པས་ན།། སྒོར་མི་འགྱུར་བ་མེད་པ་སྟེ།། འཁོར་བའི་རྒྱུར ་གྱུར་གང་ཡིན་པ།། དེ་ཉིད་སྦྱངས་པ་བྱས་པ་ལས།། དག་པ་དེ་ནི་མྱ་ངན་འདས།། ཆོས་ཀྱི་སྐུ་ཡང་དེ་ཉིད་དོ།། ཞེས་སློབ་དཔོན་ཉིད་ཀྱིས་གསུངས་པ་དང་། ཡང་འཁོར་བ་ཡོངསུ་ཤེས་པས་ན། མྱ་ངན་འདས་ཞེས་དེ་ལ་བརྗོད་ཅེས་གསུངས་ལ། ་སློབ་དཔོན་ཉིད་ཀྱིས་རིམ་པོ་ལྔ་པ་ལས། ཅི་ལྟར་ཆུ་ལ་ཆུ་བཞག་དང་།། ཅི་ལྟར་མར་ལ་མར་བཞག་དང་།། རང་གི་རང་གིས་ཡེ་ཤེས་ནི།། ལེགས་རྟོགས་དེ་ནི་འདིར་ཕྱག་ཡིན།། ཞེས་གསུངས་པ་ལྟ་བུས་ན། སྦྱངས་པའི་ཕྱིར་འབད་པ་མེད་པ་ནི།། ་སྤང་བར་བྱ་བ་མི་དམིགས་པའི་ཕྱིར་རོ།། རྟོགས་པར་བྱ་བ་འབད་པ་མེད་པ་ནི་ཐོབ་བྱ་ལ་དམིགས་པའི་ཕྱིར་ཏེ། ཉོན་མོངས་པ་དང་གཉེན་པོ་ནི་བརྟགས་པ་ཙམ་དུ་ཟད་པའོ།། གང་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར། ཡང་དག་པར་མཐོང་ཞེས་བྱ ་བ་ལ་སོགས་པ་སྟེ། ཕྱིན་ཅི་མ་ལོག་པས་ན་ཡང་དག་པ་སྟེ། དངོས་པོར་ལྟ་བ་ན་ལོག་པ་ཡིན་པའི་ཕྱིར་རོ།། ཅི་ལྟ་བ་བཞིན་ནི་གནས་ལུགས་དེ་རང་བཞིན་པའི་ཕྱིར་རོ།། འོ་ན་མེད་པ་ལས་རྒྱུ་འབྲས་ཅི་ལྟར་འཐད་ཅེས་གང་ཞེ་ན་ཞེས་རྒོལ ་བ་ལ། ལན་ནི་ཡོད་པ་ནི་འཁྲུལ་པ་ཡིན་པས་འཁྲུལ་པ་ཟད་པ་ནི་ཡང་དག་པའོ།། མ་མཐོང་བའོ་ཞེས་བྱ་བ་དངོས་པོར་མ་དམིགས་པ་ནི། ཡང་དག་པ་སྟེ་རིགས་པས་རྟགས་ན་ཡོད་པ་ནི་འཐད་པའི་ཕྱིར་རོ་ཞེས་བྱའོ།། འོ་ན་ཅི་དངོས་པོའི ་བཤིག་པས་སམ་ཞེ་ན། མ་སྐྱེས་པས་ཞེས་སྨོས་ཏེ། ཡོད་པ་ལ་སོགས་པར་ཞེན་པས་སྤོང་གི་དེ་ནི་མ་ཡིན་ནོ་ཞེས་བྱ་བའི་ཚིག་གོ། རྒྱུ་མེད་པ་ལས་འབྲས་བུ་མི་འཐད་པའོ།། རྒྱུ་མ་སྐྱེས་པས་ན་འབྲས་བུ་མ ་བྱུང་བའོ་ཞེས་བྱ་བ་ནི། མ་སྐྱེས་པ་ཞེས་བྱ་བ་དེ་ནི། དེ་ལྟར་རྒྱུ་དང་འབྲས་བུ་མེད་པ་གང་ཡིན་པ་ནི་ངོ་བོ་ཉིད་མེད་པས་ན་དེ་ནི་མི་སྣང་བའི་ཚིག་བླ་དགས་ཏེ། དེ་ཁོ་ན་ཉིད་དུ་ན་རྒྱུ་མེད་ཅེས་བྱ་བས་འབྲས་བུ་མེད་པར་བསྟན་ཏེ། འབྲས་བུ ་ནི་རྒྱུ་ལ་བལྟོས་པའི་ཕྱིར་རོ།། རྒྱུ་དང་འབྲས་བུ་མེད་ཅེས་བྱ་བས་རང་གི་ངོ་བོ་ཉིད་བསལ་ཏེ། མེད་པ་ལ་རྒྱུ་དང་འབྲས་བུ་མི་འཐད་པའི་ཕྱིར་ཞེས་བྱ་བའོ།། དེའི་ཕྱིར་མདོ་སྡེ་ནི་མདོ་སྡེ་གཞན་གྱིས་བཤད་པ་ཡིན་པས། ལུང་བསྟན་པ ་མི་སྐྱེ་བ་སྟེ། སྒྲོ་སྐུར་དང་བྲལ་བས་ཤེས་རབ་ཀྱིས་རྟོགས་ན། ཕྱིན་ཅི་མ་ལོག་པ་ཡང་དག་པའི་ཆོས་ཉིད་རྟོགས་པས་ན། དེ་ལ་འཕགས་པའི་ཡང་དག་པའི་ལྟ་བ་ཞེས་བྱའོ་ཞེས་བསྟན་པ་ནི། འདུ་བྱེད་ཐམས་ཅད་ཅེས་བྱ་བ ་ལ་སོགས་པའོ།། རྣལ་འབྱོར་པའི་ཐེ་ཚོམ་ནི་ནང་ནས་ལྡོག་པ་ཡིན་པས་ན་འདི་སྙམ་དུ་སེམས་ཏེ་ཞེས་གསུངས་ཏེ། ཐོབ་པ་དང་སྤངས་པ་མེད་དོ་སྙམ་ནས་སྦྱར་བསྟན་པོ་ལྟ་བུར་ཆོས་ཐམས་ཅད་ནི་མ་ཁའ་ལྟ་བྱ་ཡིན་པ ་སྟོབས་ལ་སོགས་པ་ཡང་དེ་ལྟ་བུར་རྟོགས་ན། ཡང་དག་པའི་དོན་རྟོགས་པར་འགྱུར་སྙམ་ནས་ཐེ་ཚོམ་ལྡོག་པ་ནི། འདིར་ལྟར་སློབ་སྟེ་ཞེས་བྱ་བའོ།། དེ་ལྟར་ཆོས་ཟབ་མོ་ལ་མོས་པའི་ཚུལ་བསྟན་ནས། ང་ནི་ཟབ་མོའི་དོན ་བསྟན་པའི་ཕྱིར་དང་པོ་ཡབ་དང་སྲས་འཇལ་བའི་མདོ་ལས་ཀྱང་ཞེས་གསུངས་ཏེ། ཁམས་དྲུག་མེད་པར་བསྟན་པ་ནི། རྒྱལ་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། འཇིག་རྟེན་གྱི་སེམས་ཅན་དང་སྣོད་ཀྱི་བྱེ་བྲག་གིས་རྣམ་པ་གཉིས ་ཏེ། དམྱལ་བ་ཡི་དགས་དུང་འགྲོ་དང་།། མི་རྣམས་དང་ནི་ལྷ་དྲུག་དག། འདོད་པའི་ཁམས་ཡིན་དམྱལ་བ་དག། གླིང་དབྱེ་བ་ལས་དེ་ཉི་ཤུའོ།། གོང་མའི་གནས་ངག་བཅུ་བདུན་ནི།། གཟུགས་ཁམས་ཡིན་དེར་སོ་སྲོ་ཡི།། བསམ ་གཏན་ས་ནི་གསུམ་པ་ཡིན།། བཞི་པ་ས་ནི་བརྒྱད་པ་ཡིན།། གཟུགས་མེད་ཁམས་ནི་གནས་མེད་དོ།། སྐྱེ་བ་ལས་ནི་རྣམ་པ་བཞི།། དེར་ནི་རིས་དང་སྲོག་ལ་ཡང་།། སེམས་ཀྱི་རྒྱུད་ནི་བརྟེན་པ་ཡིན།། ཞེས་བྱ་བ་ལྟ་བུ་ནི་སེམས་ཅན ་གྱི་འཇིག་རྟེན་བསྟན་པའོ།། སྣོད་ཀྱི་འཇིག་རྟེན་གྱི་དབང་དུ་བྱས་ནས། ཚངས་པའི་གཞལ་མེད་ཁང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚངས་པ་ནི་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་དང་པོའི་གནས་ནི་གཞལ་མེད་ཁང ་ཞེས་བྱ་བའོ།། གནས་པ་ནི་དང་པོ་ཆགས་པ་སྟེ།། ཆགས་པོ་དང་པོ་རླུང་ནས་ནི།། དམྱལ་བ་སྲིད་པའི་བར་དུའོ།། བར་གྱི་བསྐལ་པ་ཉི་ཤུ་ནི།། འཆགས་པར་གྱུར་པ་དུས་ཡིན་ནོ་ཞེས་བྱ་བ་ལྟ་བུའོ།། གཞན་འཕྲུ་ལྔ་དབྱུང་བྱེད་ནི། འདོད ་བའི་ལྷའི་རིས་དྲུག་པའོ།། ཁོར་ཡུག་དུ་ནི་ལྕག་རིའི་མིང་ངོ་།། ཁོར་ཡུག་ཆེན་པོར་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་མཐའ་བསྐོར་བའོ།། དེའི་རྒྱུ་ནི་ལྕགས་ཡིན་ཏེ། ལ་ལ་ནི་གསེར་ཁོ་དོག་ལྕགས་སུ་སྣང་བ་ཡིན་ནོ་ཞེས་ཀྱང་ཟེར་རོ།། ་གཞིག་པར་མི་ནུས་བསྲ་ན་བསྲ་བའོ།། མི་གཡོ་བས་ན་བསྟན་པའོ།། རྔམ་ཆེ་བས་ན་ལྷུན་སྡུག་པའོ།། རིབ་རབ་ནི་དཔག་ཚད་འབུམ་དྲུག་ཁྲི་ཡོད་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། ལྷུན་པོ་རིན་ཆེན་བཞིའི་རང ་བཞིན།། ཆུ་ཡི་ནང་དུ་བརྒྱད་ཁྲི་དག། ནུབ་པོ་ཆུ་ཡི་སྟེང་དུ་ཡང་།། དཔག་ཚད་དག་ནི་བརྒྱད་ཁྲིའོ་ཞེས་བྱ་བའོ།། གཉའ་ཤིང་འཛིན་ལ་སོགས་པ་ནི་རི་བདུན་ཏེ། དེ་ལ་ལྷུན་པོ་གཉའ་ཤིང་འཛིན།། གཤོལ་མངའ་འཛིན་དང་སེང་ལྡེང་ཅན།། ་དེ་བཞིན་ལྟ་ན་སྡུག་རི་དང་།། རྟ་རྣ་དང་ནི་རྣམ་འདུད་དང་།། མུ་ཁྱུང་འཛིན་རིའོ་དེ་བདུན་གསེར།། ཕྱེད་ཕྱེད་བྲི་བ་བརྒྱད་ཅར་ལ།། དེ་དག་ཞེང་ཡང་འཕང་དང་མཉམ།། དེ་རྣམས་པར་ནི་རོལ་མཚོ་བདུན་ཞེས་བྱ་སྟེ། དེ་ལ་རྡོ་རྗེ་འཛིན་ནི་རྡོ་རྗེ ་ལས་གྲུབ་པའོ།། ཐེ་སྒ་ལ་སོགས་པ་ནི་ཛམྦུའི་གླིང་གཱི་རི་སྟེ། དེ་ལ་སྤོས་ཀྱི་ངང་ལྡན་ནི་སྤོས་ངང་དང་ལྡན་པའི་རིའོ།། གངས་རི་ནཱི་རི་གངས་ཅནོ།། རི་ནག་པོ་ནི་འབིག་བྱེད་ལ་སོགས་པའོ།། འཇིག་པའི་དབང་དུ་བྱས་ནས་ས་ཆེན་པོ་འདི་མེས་ཚིག་པའམ ་ཞེས་བྱ་བ་ལ་སོགས་པ་སྟེ། མེ་དང་ཆུ་དང་རླུང་དག་གིས།། འཇིག་པ་རྣམ་པ་གསུམ་དུ་འགྱུར།། བསམ་གཏན་གཉིས་སོགས་གསུམ་པོ་ནི།། གསུམ་པོ་དག་གིས་རིམ་བཞིན་འཇིག། ནང་གི་སྐྱོན་དང་ཆོས་མཐུན་ཕྱིར།། བཞི་པ ་ན་མོད་མི་གཡོའི་ཕྱིར།། མི་རྟག་དེ་བཞིན་གཞལ་མེད་ཁང་།། སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར།། མ་ཡིས་བདུན་ནོ་ཆུ་ཡིས་གཅིག། དེ་ལྟར་མེ་བདུན་ཐལ་ནས་ཀྱང་།། ཆུ་ཡིས་བདུན་ཏེ་དེ་ནས་ནི།། ཐ་མར ་རླུང་གིས་འཇིག་པ་ཡིན་ཞེས་བྱ་བའོ།། དེ་དག་གིས་ནི་མཚོན་པ་ཡིན་པས་ན། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་པའི་སེམས་ཅན་གྱི་ཁམས་ཀྱིས་ཟིན་པའི་འབྱུང་བའི་དབང་དུ་བྱས་པ་སྐྱེ་བ་ལ་སོགས་པ་དང་། ་གཉི་ག་འབྱུང་ཆེན་པོ་རྣམས་དང་། དེ་བཞིན་དུ་སྐྱེ་མཆེད་ལ་སོགས་པ་དག་ཀྱང་ཡིན་ནོ་ཞེས་བསྟན་པ་ནི། དེ་བཞིན་དུ་ནང་གི་ཞེས་བྱ་བ་ལ་སོགས་པའོ།། ད་ནི་ཆོས་ཟབ་མོའི་དོན་མ་སྐྱེས་དགྲའི་མདོ་ལས་གསུངས་པ་དེ་བཤད་པར ་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྔར་གང་ཟག་ལ་བདག་མེད་པར་བཤད་པས། ཆོས་ཀྱི་བདག་མེད་པའི་སྣོད་དུ་བྱས་པའི་ཕྱིར་ང་ནི་ཆོས་ཀྱི་བདག་མེད་པ་སྟོན་པས། དེ་ནས་ཞེས་མཚམས་སྦྱོར་བའོ།། ཤེས་རབ་ཐབས་ཀྱིས་ཡོངས་ཟིན་པ ་འཇིག་རྟེན་བློ་ན་མེད་པར་གཞག་ཅེས་བྱ་བའི་ཚུལ་གྱིས་ཤེས་རབ་བསྒོམ་པ་ནི། བསོད་ནམས་ཀྱི་ཚོགས་སྔོན་དུ་འགྲོ་བ་ཅན་ཡིན་པས་དེ་བསྟན་པའི་ཕྱིར། རང་གི་ཁྱིམ་དུ་བསོད་སྙོམས་ལ་སྤྱན་དྲང་བ་ཡིན་ནོ།། དམ་པའི་ཆོས་ནི་རཱིན་ཆེ ་བས། བཅོམ་ལྡན་འདས་ལ་ཚངས་པས་གསོལ་བ་བཏབ་པ་ལྟར།། འདིར་ཡང་ཆོས་རིན་ཆེ་བར་བསྟན་པ་ནི། གསོལ་བ་བཏབ་པ་ཡིན་ནོ།། མཚམོས་མེད་པ་ལ་སོགས་པའི་ཁ་ན་མ་ཐོ་བོ་རྣམས་སེལ་བ་ནི། སྟོབས་བཞི་ཡིས་ཡིན་ལ། ་དེ་ཡང་སྟོང་པ་ཉིད་ཀྱི་གཉེན་པོའི་སྟོབས་ཀྱིས་བག་ཆགས་དང་བཅས་པ་འཇོམས་པས་ན། དཔེར་ནི་མེ་སྟག་གང་གིས་ཀྱང་།། རྒྱ་མཚོ་ཟབ་མོ་སྐེམས་མི་ནུས།། དེ་བཞིན་ཀུན་རྫོབ་བདེན་པས་ཀྱང་།། ཉོན་མོངས་རྒྱ་མཚོ་སྐེམས ་ནུས།། ཞེས་བྱ་བས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་གཉེན་པོར་སྟོང་པ་ཉིད་བསྟན་པ་ཡིན་ནོ།། སྟོང་པ་ཉིད་ནི་ཤེས་རབ་ཀྱི་སྤྱོད་ཡུལ་ཡིན་པ་དང་། དེས་འདུལ་བའི་ཕྱིར་ཤེས་རབ་ལ་མངའ་བརྙེས་པ ་འཇམ་དཔལ་གྱིས་བསྟན་པ་ཡིན་ནོ།། ཉེས་པ་དག་གིས་འཆབ་པའི་འཕེལ་བས་ན། ཐམས་ཅད་དུ་བསྒྲགས་པས་དག་པར་བསྟན་པ་ནི། འཁོར་མང་པོའི་ནང་དུ་བསྟན་པ་ཡིན་ནོ།། བྱང་ཆུབ་སེམས་དཔའི་ལྟུང་བ་དག་ནི། ཡུལ ་ཐམས་ཅད་དུ་འཆགས་པར་རུང་བསྟན་པ་ནི། ཉན་ཐོས་ལ་སོགས་པའི་མདུན་དུ་བསྟན་པ་ཡིན་ནོ།། དེ་ལྟར་གསོལ་བ་བཏབ་པ་ལ་སྟོང་པ་ཉིད་མདོར་བསྟན་པ་ནི། རྒྱལ་པོ་ཆེན་པོ་ཁྱེད་ཀྱིས་འགྱོད་པ་ནི་བསལ་བར་མི་སྤྱོད་དོ་ཞེས ་གསུངས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་བསལ་བར་བྱ་བ་མེད་དོ་ཞེས་བྱ་བའོ།། ངོ་བོ་ཉིད་ཀྱིས་མེད་པ་ལ།། ཡོད་མེད་གང་གིས་སྒྲོ་སྐུར་བྱེད།། ན་མཁའ་ལ་ནི་གང་ཞིག་གིས།། ཚོན་གྱིས་རི་མོ་བྲི་བར་ནུས།། ཞེས་བྱ་བའི ་ཚུལ་གྱིས་ན། བསལ་བར་མི་སྤྱོད་དོ་ཞེས་བྱ་བའོ།། དངོས་པོར་ལྟ་བ་འགའ་ཞིག་སྟོང་པ་ཉིད་ལ་ལོག་པར་འཛིན་པས། ཆོས་ཐམས་ཅད་སྟོང་པ་ཉིད་ནི། དཀར་པོའི་ཆོས་ཡོངས་སུ་སྤོང་ངོ་།། ཞེས་སྐྲག་པས་སྟོང་པ་ཉིད་ལ ་ལོག་པར་རྟོགས་པ་ནི། སྐྱབས་མོ་རྙེད་ནས་ཤིང་བཅད་པ་ལྟར་ས་ལ་འགྱེལ་ཏོ་ཞེས་གསུངས་ཏེ། སྐྱབས་ནི་སྡུག་བསྔལ་སྤང་བའི་ཐབས་སོ།། མ་རྙེད་པ་ནི་དངོས་པོར་ཞེན་པའི་དབང་གིས་མ་རྟོགས་པའོ།། དྲན་པ་མེད་པས་ན ་ཤིང་ལྟ་བར་གྱུར་པའོ།། སྟོང་པ་ཉིད་ནི་ཚུལ་རོལ་མཐོང་བའི་ཤེས་པས་མི་རྟོགས་པས་སྔར་བཤད་པ་ལྟར་ལུང་ཚད་མ་ཡིན་པར་བསྟན་པས་ཡོངས་སུ་འཛིན་པ་ལ་རག་ལུས་པ་ཉིད་ཀྱིས་ན། འཕགས་པ་འོད་སྲུངས་ཀྱིས་དབུགས ་དབྱུང་བའི་ཕྱིར་བསྐུལ་བ་ནི། རྒྱལ་པོ་ཆེན་པོ་མ་སྐྱེས་དགྲ་ལ་སྨྲས་པ་བཞིན་ནོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུངས་ནི། བསྒྱུར་བ་ལ་སོགས་པ་ལ་ལྡེམ་པོར་དགོངས་པ་ཡིན་པས། ཕ་དང་མ་ནི་བསད་བྱ་ཞིང་། ་བྲམ་ཟེ་གཙང་སྦྲ་ཅན་ཉིད་དང་།། རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ལ།། མི་དེ་ཡོངསུ་དག་པར་འགྱུར།། ཞེས་བྱ་བ་དང་། ཡིད་མོ་ཚེས་དང་བྱས་མི་གཟོ།། མི་ནི་གང་གི་ཁྱིམ་འབིགས་བྱེད།། གོ་སྐབས་བཅོམ་དང་སྐྱུགས་པ་ཟ།། ་སྐྱེས་བུ་དེ་ནི་དམ་པ་ཡིན།། ཞེས་བྱ་བ་ལྟ་བུར་ལྡེམ་པོརྭ་དགོངས་པའི་སྒོ་ནས། གཏིང་དཔག་པར་བྱ་དཀའ་བས། སྤང་བར་མི་རིགས་ཏེ། ཟབ་མོའི་དོན་ཚུ་རོལ་པས་མི་རྟོགས་པས། འཕགས་པའི་སྤྱོད་ཡུལ་ཡིན་ཞེས་བསྟན ་བོ་ནི། དྲིས་ཤིག་ཅེས་བྱ་བའོ།། དེ་ལྟ་བུའི་སྟོང་པ་ཉིད་ནི། ཤིན་ཏུ་ལྐོག་ཏུ་གྱུར་པ་ལུང་ཚད་མ་ཡིན་པས་རྗེས་སུ།། འབྲང་བ་ནི་སླར་ལངས་ཏེ། དོན་ཞུས་པས་བསྟན་པ་ཡིན་ནོ།། དེ་ལྟ་བུའི་གང་ཟག་ལ་སྟོང་པ་ཉིད་རྒྱས ་པར་འཆད་ཀྱིས། གཞན་དུ་ན་ཆུང་ཟ་བར་འགྱུར་བའི་ཕྱིར་རོ།། དེ་ལྟ་བས་ན་སྣོད་དུ་གྱུར་པ་ལ་བསྟན་པ་ནི། རྒྱལ་པོ་ཆེན་པོ་ཞེས་གསུངས་ཏེ། རེ་ཞིག་གཉེན་པོ་མ་སྐྱེས་པར་བསྟན་པ་ནི། སངས་རྒྱས་བཅོམ་ལྡན་འདས་སེམས ་ཀྱིས་དམིགས་པས་རབ་ཏུ་ཕྱེ་བས་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། སེམས་ཅན་ཀུན་གཞི་རྣམ་པར་ཤེས་པ་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་ངོ་བོ་ཉིད་ནི་བག་ཆགས་ཐམས་ཅད་ཀྱི་གཞིར ་གྱུར་པས་གཉེན་པོའི་ངོ་བོར་མི་འཐད་པ་དང་། ཡིད་ཀྱི་མངོན་པར་ཤེས་པ་ལ་སོགས་པ་མངོན་པར་འདུས་བྱས་པ་རྣམས་ནི་མི་རྟག་པའི་ཕྱིར་ཡང་མ་ཡིན་པར་བསྟན་པ་ནི། སེམས་ཀྱི་ཞེས་བྱ་བ་ལ་སོགས་པའོ།། དེ་ལ་སེམས་ཀྱི ་དམིགས་པ་རྣམས་ནི། ཕྱིན་ཅི་ལོག་ཡིན་པས་མེད་པ་ལ་ཡོད་པར་འཛིན་པའི་ངོ་བོ་ཉིད་ཀྱིས་ཀྱིས་ན། འོག་ནས་ཀྱང་སངས་རྒྱས་ནི་སེམས་དང་ཡིད་དང་རྣམ་པར་ཤེས་དང་བྲལ་བ་སྟེ། ཡེ་ཤེས་ལྷུན་གྱིས་གྲུབ་པ་རབ་ཏུ་བརྙེས་པའི་ཕྱིར ་རོ་ཞེས་གསུངས་པས་དེ་ལས་བྱུང་བ་མ་ཡིན་པའོ།། ལྷུན་གྱི་གྲུབ་པའི་ཡེ་ཤེས་ཀྱང་། སེམས་མངོན་པར་འདུ་བྱེད་པ་ལས་བྱུང་བ་ཡིན་པས་འོ་ན་ཞེས་རྒོལ་བ་ལ།། འདུ་བྱེད་པ་ལ་རྒྱུ་དང་རྐྱེན་གྱི་ངོ་བོ་ཉིད་ལས་བྱུང་བ་ཡིན་ལ་ཡོ ་ཤེས་ནི་རྒྱུ་དང་རྐྱེན་དང་བྲལ་བས་ན། ཕན་ཚན་དེ་མ་ལགས་སོ་ཞེས་བྱའོ།། འོ་ན་མངོན་པར་འདུས་བྱས་པ་ལས་བྱུང་བར་མི་འཐད་ན། ལྡོག་པ་ལས་སམ་ཞེས་རྒོལ་བ་ནི་འོན་ཏེ་ཞེས་བྱའོ།། མ་ཡིན་ཏེ། འདུས་མ་བྱས་ལ་འདུསྔ་མ ་པ་འབྱུང་བར་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་གང་ཞིག་སྔ་མ་དང་ཕྱི་མའི་འོ་ཞེ་ན། སྔ་མ་ནི་ཕྱི་མ་ལ་བལྟོས་པ་ཡིན་ན་ཕྱི་མ་གང་གིས་སྔ་མའོ་ཞེས་བཞག། དེ་བཞིན་དུ་ཕྱི་མའང་སྔ་མ་ལ་བལྟོས་པ་ཡིན་ན། སྔ་མ་གང་གིས ་ཕྱི་མའོ་ཞེས་བཞག། སྔ་མའི་སྔ་མ་ནི་དེའི་ཡང་སྔ་མ་ལ་བལྟོས་ན་མེད་པ་མ་ཡིན་ལ་བཟློག་པ་ཚུལ་དེ་ཉིད་པས་ཅི་ལྟར་རུང་། མ་བྱས་པས་རྒྱུ་དང་འབྲས་བུ་གང་དུའང་མི་རུང་བས་ན། དེ་མ་ལགས་སོ་ཞེས་བྱ་བའོ།། དེ་ནི་མ་ཡིན་ཏེ། ་མ་བསྒོམ་པས་འབྲས་བུ་ཐོབ་པོ་ཞེས་བྱ་བ་ནི། འོ་ན་ཞེས་རྒོལ་བའོ།། ལན་ནི་བསྒོམ་པ་ནི་སེམས་ལ་གོམས་པར་བྱེད་པ་ཡིན་ན། གང་གིས་གང་ཞིག་ལ་འདུས་བྱས་ལ་ཅང་རྒྱུད་མེད་པར་འཇིག་པས་སྐད་ཅིག་མི་གནས་པས་མི་རུང ་ལ་འདས་པའི་སེམས་ནི་ཞིག་ཅིང་། མ་འོངས་པ་ནི་མ་སྐྱེས་པ་དང་། ད་ལྟར་བྱུང་བ་ནི་མི་གནས་པས་གང་ཞིག་ལ་སྡོ་མའི་ནུས་པ་ཕྱི་མ་ལའོ་ཞེ་ན། འཕོས་པ་ལ་ནི་འཕོས་པ་མེད་ལ། མ་འཕོས་པ་ལ་འཕོ་བ་མི་འཐུད་པས། དེ ་གཉིས་ལས་མ་གཏོགས་པའི།། ནུས་པ་ཡོད་པ་མ་ཡིན་པས་མི་རུང་ངོ་།། རྣམ་པ་དེ་དག་ལས་མ་གཏོགས་པའི་འཕོ་བ་ནི་ཡོད་པར་མི་རུང་ངོ་།། འོ་ན་ལམ་གོམས་པ་ཉིད་དོ།། ཆོས་ཉིད་ལ་ནི་འདོད་པ་ཁོ་ན་སྟེ། སྤང་བྱ་ནི་སྤོང་བར་བྱེད ་པའི་གཉེན་པོ་ནི་ཅི་ལྟ་བུ། ཉོན་མོངས་པ་ཉིད་ནི་ཉོན་མོངས་པ་མ་ཡིན་ཏེ། འདུས་བྱས་བའི་ཕྱིར་ཉོན་མོངས་པ་གཞན་ལྟ་བུའོ།། དེའི་སྔ་རོལ་ནི་མེད་པ་ཉིད་ལྟ་ཕྱི་མ་ནི་མ་བྱུང་བ་ཉིད་དོ།། དེ་གཉིས་མ་བྱུང་བ་ནི་ཡོད་པ་མ་ཡིན་ཏེ།། ་སྐབས་མེད་པའི་ཕྱིར་རོ།། གཉེན་པོ་ནི་སྤང་བྱ་ལ་བལྟོས་པས་མ་མེད་པ་ལ་གང་གོས་བྱེད་པར་འགྱུར། བྱེད་པ་པོ་ཡོད་ན་ནི་བྱ་བ་རུང་བ་ལས། དེ་གང་ཞིག་ཡིན། རེ་ཞིག་བྱས་པ་ལས་ནི་བྱ་བ་མེད་ལ། མ་བྱས་པ་ལས་ཡང་བྱས ་བ་མེད་དོ།། དེ་གཉིས་མ་ཡིན་པའི་བྱེད་པ་ནི། གང་ན་ཡང་མེད་པ་སྟེ། སྐབས་མེད་པའི་ཕྱིར་རོ།། དེ་ལྟ་ཡིན་ཡང་འཁྲུལ་པ་སྤང་བའི་རིམ་པ་ལས་བཞག་གོ་ཞེ་ན། དེ་གང་ཞིག་གང་གིས་སྤོང་། འཁྲུལ་པ་ནི་བརྫུན ་བ་ཉིད་པས་དེ་སྤོང་བར་བྱེད་པ་དེ་དང་ཐ་མི་དད་ན་ཅི་ལྟར་སྤོང་སྟེ། གཅིག་པའི་ཕྱིར་འཁྲུལ་པ་ཉིད་ལྟ་བུ་ཡིན་ནོ།། ཐ་དད་པ་ནི་ཅི་ལྟར་སྤོང་སྟེ། དེ་མི་འདྲ་བའི་ཕྱིར་སྤང་བར་བྱ་བའི་ནུས་པ་ཇི་ལྟར་འཇུག། ཐ་དད་པས་ཐ་མི་དད་པའི་བྱ་བ ་བྱེད་པ་ན། ཐ་དད་པ་དང་ཐ་མི་དད་པའི་བྱ་བ་ཐ་དད་དམ་ཐ་མི་དང་། བྱ་བ་ཐ་དདོ་ན་ཐ་མི་དད་པ་ཉིད་ཉམས་པ་ཡིན་ལ། ཐ་མི་དང་ན་ཐ་དད་པ་གང་ལ་བརྗོད་པར་བྱ། ཐ་དད་པས་ཐ་དད་པའི་བྱ་བ་བྱེད་ན་ནི། བྱ་བ་དང་བྱེད་པོ་ཉིད ་ཀྱང་མི་འདྲ་བ་ལས། ཅི་ལྟར་འཇུག་པར་འགྱུར། དེའི་ཕྱིར་མི་འཐད་པས་ན་མ་ལགས་སོ་ཞེས་བྱ་བའོ།། དེ་ལྟར་ཡིན་ཡང་ཤེས་བྱ་ཐམས་ཅད་ཤེས་པ་ལ་འདོད་དོ་ཞེས་རྒོལ་བ་ནི། སྨྲས་པ་ཞེས་བྱའོ།། ལན་ནི་མ་ཡིན་ཏེ། ཤེས་བྱ ་ནི་བརྫུན་པ་ཉིད་པས་དེ་དང་གཅིག་ན་གོ་ཅི་ལྟར་ཡེ་ཤེས་བདེན་པར་འགྱུར།། ཐ་དད་ན་གང་གིས་དེ་ཤེས་པར་འགྱུར་ཏེ། སྔར་བཤད་པ་བཞིན་ནོ།། ཡེ་ཤེས་ལྟར་ཤེས་བྱ་རྣམས་བདེན་པར་གྱུར་པ་ལོས་ཀྱང་གཅིག་པར་མི་རུང་ངོ་ཞེས ་བྱ་བ་ནི་མ་ལགས་སོ་ཞེས་བྱ་བའོ།། དེ་ལྟར་བཤད་པ་བསྡུས་པའི་ཕྱིར་ཆོས་གང་ཞེས་གསུངས་ཏེ། གཉེན་པོའི་ཡེ་ཤེས་གང་ཀུན་གཞི་ལ་སོགས་པའི་དམིགས་པ་ལས་བྱུང་བར་མི་འཐད་པས། དེའི་ཕྱིར་ཉེས་པ་གང་ཡང ་བསལ་བར་མི་ནུས་པས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་ནི་བསལ་བར་ནུས་ཞེས་སྨྲས་པ་ཡིན་ནོ།། དེ་ལྟར་ཡེ་ཤེས་སྟོང་པ་ནི་ཆོས་ཉིད་ལ་བཤད་ཀྱི། འོན་ཀྱང་ཀུན་རྫོབ་ཏུ་ཡེ་ཤེས་བསྐྱེད་པར་བྱའོ།། སྐུར་བར་མི་བྱ ་སྟེ། འཁྲུལ་པ་ལ་སྣང་ཞེས་བྱ་བ་ནི་འདི་ལ་བསམས་ནས་ཞེས་བྱ་བ་ཡིན་ནོ།། གཉེན་པོ་ནི་སྤང་བྱ་བ་ལ་བཞག་པས་ན་སྤང་བྱ་ཉིད་ཀྱང་མེད་པར་བསྟན་པ་ནི། གཞན་ཡང་ཞེས་གསུངས་ཏེ། སྔར་བཤད་པ་ཉིད་ལས་གཞན ་པའི་ཚུལ་གྱིས་ཞེས་བྱའོ།། དེ་གང་ཞེ་ན། སེམས་ནི་རང་བཞིན་འོད་གསལ་བས།། ཉོན་མོངས་རྣམས་ནི་མཚན་ཉིད་མེད། ཅེས་བྱ་བའི་ཚུལ་གྱིས་སྔར་བཤད་པ་ལྟ་བུས་ན། ཆོས་ཉིད་རྣམ་པར་དག་པས་ནི་དངོས་པོར་བསྒྱུར ་བས་ན། ཆོས་ཉིད་འོབའ་ཞིག་ལ་དམིགས་པར་བྱ་བ་ནི་བརྫུན་པ་ལ་ཞེན་པར་ནི་མི་བྱའོ།། ཞེས་སྟོང་པ་ཉིད་བསྟན་པ་ནི། ན་མཁའ་ཞེས་དཔེ་གསུངས་པ་ཡིན་ནོ།། གླང་ཞིག་ཡོད་པ་ནི་བསལ་བ་སྲིད་ན། མེད་པ་ཇི་ལྟར ་སྦྱང་ཞེས་སྟོང་པ་ཉིད་བསྟན་པ་ནི། ངེས་པར་སྣང་འདི་ནི་རྣམ་པར་སྦྱང་ངོ་ཞེས་ཟེར་ན་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟ་བུ་ནི་སྟོང་པ་ཉིད་གང་གིས་རྟོགས་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་ཞེས་གསུངས་པ ་ཡིན་ནོ།། དེ་ཉིད་ཚད་མའི་སྐྱེས་བུ་ཡིན་པས་དེའི་གསུང་གི་རྗེས་སུ་འབྲང་བར་བྱའོ་ཞེས་བསྟན་པ་ནི། དེ་དག་གིས་ཞེས་བྱ་བའོ།། ཆོས་ཉིད་དེ་ལྟ་བུ་ལས་ཀྱང་ཀུན་རྫོབ་ཏུ་ཉེས་པ་སྤང་བར་བྱའོ་ཞེས་བསྟན་པ་ནི་ངས་དོན་གྱི ་དབང་གིས་མཐོང་ནས་ཞེས་གསུངས་པ་ཡིན་ནོ།། དེ་ལྟར་གཉེན་པོ་དང་སྤང་བྱ་མེད་པས་སྤོང་བའི་ཐབས་ཀྱང་མེད་པར་བསྟན་པ་ནི། གཞན་ཡང་ཞེས་བྱ་བ་གསུངས་ཏེ། ཉེས་པ་ནི་ནང་དུའང་མི་དམིགས། ་ཕྱི་རོལ་དུའང་མི་དམིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་མེད་པ་ཉིད་པས་མེད་པ་ནི་གང་དུའང་གནས་པ་མི་དམིགས་སོ་ཞེས་བྱ་བ་ནི། གང་ནའང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལྟར་ན་ཉེས་པ་དེ་སྤོང་བ ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་ཏེ། ངོ་བོ་ཉིད་ཤེས་ན་སྦྲུལ་གྱི་རིགས་འདོན་ཤེས་པ་ལ། སྦྲུལ་གྱི་གནོད་པ་མེད་པ་ལྟར་ཉོན་མོངས་པའི་རིགས་ཤེས་ན། དེ་སྤོང་བར་འགྱུར་ཏེ། དེས་མི་གོས་སོ་ཞེས་བྱ་བ་ནི། གནས་མེད་ཀྱང་ཞེས ་བྱ་བ་ལ་སོགས་པའོ།། ངོ་བོ་ཉིད་ཀྱིས་མེད་པ་མི་འཐད་དེ་དམིགས་པའི་ཕྱིར་རོ་ཞེས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལ། ལན་ནི་མེད་པ་ཉིད་ཀྱིས་སྣང་མ་རུང་སྟེ། རབ་རིབ་ཅན་ལ་སྐྲ་ཤང་འཛིངས་པ་ལྟ་བུའོ་ཞེས་བསྟན་པ་ནི ་ལྡན་ཡིན་ནོ།། ཅི་ལྟར་མེད་ཅེས་ངོ་བོ་ཉིད་ཀྱིས་དབེན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། སྤང་བར་བྱ་བའི་ངོ་བོ་ཉིད་པས་ན། གཅིག་དང་དྲི་མ་དང་བྲལ་བས་དབེན་པ་སྟེ་སྟོང་པ་དང་། སྣང་བའང་འཁྲུལ་པ་ཡིན་པས ་རིགས་པ་ལ་མ་གྲུབ་པ་ནི་ཚིག་གཉིས་ཀྱིས་བསྟན་ཏོ།། སྤོང་བར་བྱེད་པའི་གཉེན་པོའི་དབང་དུ་བྱས་ནས་ཆོས་ཉིད་ལ་སྐྱེ་བ་མེད་པ་དང་། མ་སྐྱེས་པའང་མ་བྱུང་བ་སྟེ་དངོས་པོ་མེད་པ་ལ་ཕྲད་པས་སྟོང་པ་མེད་པར་བསྟན ་པ་ནི། འདྲེ་བ་མེད་པ་ལ་སོགས་པའོ།། མི་མཐུན་པ་དང་གཉེན་པོ་མེད་པ་ལ། བྱ་བ་མི་འཐད་པ་ལ་རྩོལ་བའི་ནུས་པ་མེད་ཅིང་། དེའང་བེམ་པོ་སྟེ། ངོ་བོ་ཉིད་ཀྱིས་ལུང་མ་བསྟན་ལ། དེའང་རྣམ་པར་རིགས་པའི་མཚན་ཉིད་མ་ཡིན་པས་ནི།། ་བྱ་བའི་མཐུ་མེད་པ་ལ་སོགས་པའོ།། དེ་ལྟ་བུ་ལ་སྤངས་པ་མི་འཐད་པ་ནི་ངོ་བོ་ཉིད་མི་འགྱུར་བས་བྱེད་པ་མི་འཐད་པ་དང་། གཞན་དུ་འམི་འཕོ་བས་སྤངས་པ་མེད་པ་དང་། རྟག་པ་མེད་པའི་ཚུལ་གྱིས་རྟག་པ་མི་འགྱུར་བ་དང་། ཐུལ་བ ་མེད་པས་གཉེན་པོ་མི་སྐྱེ་བ་དང་། མི་མཐུན་པ་དང་གཉེན་པོ་ཕྲད་པ་མེད་པས་སྤངས་པ་མེད་པ་ནི་རང་བཞིན་གྱིས་མི་འཕོ་བ་ལ་སོགས་པའོ།། འོ་ན་འབད་པ་མེད་པར་ཅི་ལྟར་ཐར་པར་མི་འགྱུར་ཞེ་ན། མ་ཡིན་ཏེ། གློ་བུར་བའི་དྲི་མ ་བསལ་བ་ལ་རག་ལས་པོ་ནི། ཡོད་པ་དང་མེད་པར་ལྟ་བའི་ལོག་པར་ཞེན་པ་སྤངས་ན་ཡིན་པ་དང་། སྤངས་པའང་འབད་པ་མེད་པ་ན་མི་འགྱུར་བ་དང་། འབད་པའང་ལོག་པར་འབད་པ་སྤང་བའི་ཕྱིར། བླ་མ་རིང་དང་མཚན་མ་དང་། ་བདག་གི་བརྩོན་འགྲུས་ལྷག་ལྟ་བའི།། བྱང་ཆུབ་སེམས་དཔའ་ང་རྒྱལ་ཅན།། བྱང་ཆུབ་ལས་ནི་རིང་ཞེས་བྱ།། ཞེས་བྱ་བའི་ཚུལ་སྤངས་ནས།། ཅི་སྐད་བཤད་པའི་སྐད་དུ་ན།། རྟོག་པ་ཙམ་དུ་ལྟ་བ་ཡི།། བྱང་ཆུབ་སེམས་དཔའ་རྟོག་མེད། ་རྣམས།། བྱང་ཆུབ་ཐོབ་ཅེས་ངེས་པར་བརྗོད།། ཅེས་བྱ་བའི་ཚུལ་གྱིས་འདི་དག་རྟོག་པ་ཙམ་དུ་བལྟ་ལ། རྟོག་པ་ཙམ་དེ་ཡང་ཡོངས་སུ་སྤོང་བ་ན། མཐའ་གཉིས་དང་བྲལ་བ་ལ་སོགས་པའོ།། དེ་ལ་མེད་པར་ལྟ་བ་སྤངས་པའི་དབང ་དུ་བྱས་པ་ནི། མུ་མེད་པ་ལ་སོགས་པ་སྟེ། འཁྲུལ་པའི་སྣང་བ་རྒྱ་ཆེ་བས་ནཱ་མུ་མེད་མཐའ་ཐུག་པ་མེད་པའོ།། མཐའ་ནི་མཐའ་སྟེ་ཟད་པར་དམིགས་པ་ནི། མཐར་ཐུག་པ་ཡིན་ལ། དེ་མེད་པས་ན་དམིགས་པ་མེད་པའོ།། ་ཡོད་པར་ལྟ་བ་སྤང་བར་བྱ་བའི་དབང་དུ་བྱས་ནས། ཕྱིན་ཅི་ལོག་མེད་པར་ཞེས་བྱ་བ་བསྟན་པ་ཡིན་ནོ།། དེ་ཉིད་བཤད་པ་ནི་རྟག་པ་དང་ཞེས་བྱ་བ་ལ་སོགས་པའོ།། བཤད་པ་དེ་ཉིད་གསལ་བར་བྱ་བ་ནི་འབྲལ་བ་མེད་པ་ལ་སོགས་པ་སྟེ། ་དེ་ལྟར་ན་སྟོང་པ་ཉིད་ཀྱིས་དོན་གཅིག་གིས་གཅིག་བཤད་དེ། དངོས་པོར་ལྟ་བ་ཡོངས་སུ་སྤང་བར་བསྟན་ཏོ།། འོ་ཐོབ་པའི་འབྲས་བུ་མེད་པར་ཐལ་ལོ་ཞེ་ན། མ་ཡིན་ཏེ། སྟོང་པ་ཉིད་ལ་ཐ་དད་ནི།། ཅུང་ཟད་ཡོད་པ་མ་ཡིན་ཡང་། རྟོག་མེད ་ཚུལ་གྱིས་རྟོགས་པ་ན། སྟོང་པ་ཉིད་མཐོང་ཞེས་ཐ་སྙད་གདགས།། ཞེས་བྱ་བས་མི་རྟོག་པ་ཉིད་ཀྱིས་རྟོགས་པ་ཡོད་དོ་ཞེས་བསྟན་པ་ནི་རྒྱལ་པོ་ཆེན་པོ་ཞེས་གསུངས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་དུ། ནང ་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས ་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། སྟོང་པ་ཉིད་བཅུ་དྲུག་དུ་གསུངས་པ་ཉིད་བསྟན་པ་ནི་ཆོས་ཐམས་ཅད་ནི་ཉེ་བར་ཞི་བ་ཞེས་བྱ་བ་ལ་སོགས་པ་སྟེ། ནང་ནི་མིག་ལ་སོགས་པའི་དབང་པོ་རྣམས་སོ།། ཞི ་བ་ནི་སྟོང་པ་ཉིད་དེ། དེའི་ཕྱིར་འགྱོད་པ་སྟེ་ཡིད་ལ་གཅགས་པ་མེད་པའོ་ཞེས་ཐམས་ཅད་དུ་སྦྱར་བར་བྱའོ།། ཆོས་ཐམས་ཅད་ནི་གཟུགས་ལ་སོགས་པ་ཡུལ་རྣམས་ཏེ། རྣམ་པར་ཤེས་པ་ཉིད་དེར་སྣང་བས་ན། འབྱུང་བ་ཆེ ་ལ་སོགས་བཤད་པ།། རྣམ་པར་ཤེས་སུ་ཡང་དག་འདུ།། དེ་ཤེས་པས་ནི་འབྲལ་འགྱུར་ན།། ལོག་པར་རྣམ་བརྟགས་མ་ཡིན་མ།། ཞེས་བྱ་བའི་ཚུལ་གྱིས་བརྫུན་པའོ།། ཆོས་ནི་ནང་དང་ཕྱིའི་སྐྱེ་མཆེད་རྣམས་ཏེ། ཞི་བ་ནི་སྟོང་པ། ་ཉིད་དོ།། མཚན་ཉིད་ནི་དེའི་རང་བཞིན་ཏེ་དེའི་གསུམ་ནི་སྟོང་པ་ཉིད་དང་པོ་གསུམ་ཡིན་ཏེ་ཚོགས་ཀྱི་ས་ལ་རྟོགས་པར་འགྱུར་རོ།། ཆོས་ནི་ནང་གི་ངོ་བོ་ཉིད་ལ་སོགས་པའི་སྟོང་པ་ཉིད་ལ་དམིགས་པའི་ཤེས་པ་ཉིད་དེ། ་བདག་གིར་འཛིན་པ་ནི་དེ་དག་ལ་དམིགས་པའི་ཤེས་པའི་ངོ་བོ་ཉིད་ཀྱང་སྟོང་པས་ན་བྲལ་བ་སྟེ། སྟོང་པ་ཉིད་དུ་འཛིན་པའི་རྣམ་པར་རྟོག་པ་སྤོང་བས་ན། སྦྱོར་བའི་ལམ་དུ་རྟོག་པ་ཡིན་ནོ།། ཆོས་ནི་ཤར་ལ་སོགས་པའི ་ཕྱོགས་བཅུ་པོ་སྟེ། ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པས་ན་མཐོང་བས་སྤངས་པ་ལས་རྣམ་པར་གྲོལ་བའི་མཚན་ཉིད་ལས་རྣམ་པར་རྟོགས་པ་ཐམས་ཅད་ཀྱིས་དབེན་པས་ས་དང་པོ་ལ་ར་མྱང་བ་མེད་དོ།། ཆོས ་ནི་མྱ་ངན་ལས་འདས་པ་སྟེ། དོན་དམ་པར་ཐ་སྙད་ཀྱིས་མིང་དུ་གདགས་པ་མེད་པ་སྟེ། སྟོང་པ་ཉིད་ནི་བྲལ་བ་ཙམ་ཡིན་པས་མཆོག་གི་དོན་གྱིས་ས་གཉིས་པ་ལའོ།། ཆོས་ནི་འདུས་བྱས་རྣམས་ཏེ། རྐྱེན་གྱིས ་འདུས་བྱས་པར་གཅིག་པ་ཉིད་ཀྱིས། སྤྱིའི་མཚན་ཉིད་ཐ་དད་པ་ཁམས་གསུམ་འདུས་བྱས་སྟོང་པ་ཉིད་དེ། དངོས་པོར་མ་གྲུབ་པའི་ངོ་བོ་ཉིད་ཀྱིས་ན། གཉེན་པོ་ནུས་པའི་ཕྱིར་རྒྱུ་མཐུན་པའི་དོན་གྱི་མཆོགས་གསུམ་པར་རོ།། ། ་ཆོས་ནི་འདུས་མ་བྱས་པ་སྟེ། སྐྱེ་བ་དང་འགག་པ་དང་གནས་པ་ལས་གཞན་དུ་འགྱུར་བ་མེད་པས། རྒྱུ་དང་རྐྱེན་ལས་རྣམ་པར་གྲོལ་བར་རོ་གཅིག་པས། འདུས་བྱས་ཀྱི་གཉེན་པོ་སྦྱོར་བས་བཏགས་པའི་མཚན་མ་མེད ་པས་འདི་ནི་ཡོངས་སུ་འཛིན་པོ་མེད་པའི་དོན་གྱི་ས་བཞི་པའོ།། ཆོས་ནི་འདུས་བྱས་ཏེ། རྟག་པ་དང་ཆད་པའི་མཐའ་ནི་མཚན་མའོ།། མཐའ་དེ་ལས་འདས་པས་ན་མཚན་མ་མེད་པའི་མཐའ་སྟེ་དབེན་པ་ནི་སྟོང་པ་ཉིད་དོ།། ་འདི་ནི་རྒྱུ་ཐ་དད་པ་མེད་པས་ས་ལྔ་པ་ལའོ།། ཐོག་མ་དང་དབུས་དང་ཐ་མར་གྱུར་པའི་བྱེ་བྲག་མེད་པས་ན་འཇུག་པ་སྟེ་ཚར་བཅང་དུ་མེད་པས། ཐ་དད་པའི་དམིགས་པ་མེད་པའི་དག་པ་སྟེ་ཀུན་ནས་ཉོན་མོངས་པ་དང་རྣམ ་པར་བྱང་བ་མེད་པས་ས་དྲུག་པའོ།། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ནི་དོར་བར་བྱ་བ་ཡིན་པ་ལས། ཆོས་ཉིད་ཀྱི་དབང་དུ་བྱས་ན་མེད་པ་སྟེ་བྲལ་བ་ནི་སྟོང་པ་ཉིད་དོ།། སྣ་ཚོགས་པ་མ་ཡིན་པས་ས་བདུན་པ་ལའོ།། འཕགས ་བ་རྣམས་ཀྱི་མ་མཛད་པས་རང་བཞིན་ནི་འགྱུར་བ་མེད་པའི་ཕྱིར་དང་། འདུས་བྱས་ལ་སོགས་པའི་ཆོས་ཐམས་ཅད་ནི་ཕན་ཚུན་བལྟོས་པས་བཞག་པས་ན་རང་བཞིན་འགྲུབ་པ་མེད་པས་ནི་སྟོང་པ་འདི་གཉིས་ནི་དུས་གསུམ་ལས ་འདས་པས་འགྲིབ་པདུ་འཕེལ་བ་མེད་པ་དང་། རྣམ་པར་མི་རྟོག་པ་ཞིང་ཡོངས་སུ་དག་པ་ལ་དབང་བས་འདུས་བྱས་ལ་སྨོད་པ་མེད་པས་ས་བརྒྱད་པ་ལའོ།། ཆོས་རྣམས་ཀྱི་རང་བཞིན་མཚན་ཉིད་རྟགས་པ་ཙམ་དུ་ཟང ་པ་དང་། འདས་པ་ལ་སོགས་པའི་ཆོས་རྣམས་ནི་འདུ་བ་ལ་སོགས་པའི་དུས་རྣམས་གཅིག་པ་གཅིག་གོ།། བཟློག་ན་མི་དམིགས་པས་དུས་གསུམ་ཡོངས་སུ་ཆད་པ་སྟེ་ཡེ་ཤེས་ལ་དབང་བས་སྭ་དགུ་པའོ།། ཤིན་ཏུ་མ་སྐྱེས་པ ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་རོ།། ཚོགས་པ་དང་ལྡན་པའི་ཆོས་རྣམས་ནི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པས་མྱ་ངན་ལས་འདས་པ་སྟེ། སྟོང་པ་ཉིད་ཡང་དག་པར་འདུས་པ་སྟེ། གཅིག་པས་ན་ལས་ལ་དབོང་བས ་ན་ས་བཅུ་པའོ།། ཞེས་སྟོང་པ་ཉིད་རྟོགས་པའི་འབྲས་བུ་འབྱུང་བས་དེ་མེད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། ཞེས་འདས་པ་པ་ཁ་ཅིག་ཟེར་རོ།། ལ་ལ་ནི་སྟོང་པ་ཉིད་བཅུ་དྲུག་ཏུ་བཞག་པ་ནི་ཤིན་ཏུ་རིགས་པས་ལུང་དང ་ཡང་མི་འགལ་བ་ལས་ས་དང་ལམ་གྱི་རིམ་པར་སྦྱར་བ་ནི། ཧ་ཅང་རིགས་པ་མེད་དོ་ཞེས་ཟེར་རོ།། ད་ལྟ་བ་ཁ་ཅིག་ནི་ཚོགས་ཀྱི་ས་ལ་འཇུག་པ་འབྱེད་པའི་སྟོང་པ་ཉིད་གཅིག་དང་། ཚོགས་ཀྱི་ས་ལ་གསུམ་དང་། སྦྱོར་བའི་ལམ་དུ ་གཅིག་དང་། ས་བཅུ་ལ་དགུ་རྟོགས་སོ་ཞེས་ཀྱང་ཟེར་རོ།། དེ་ལྟར་ཐམས་ཅད་སྟོང་པ་ཉིད་ཡིན་པ་དེའི་ཕྱིར་དོན་བསྡུ་བའི་སྒོ་ནས་ངེས་པའི་ཤེས་པ་བསྐྱེད་པ་ནི་འདི་ཇི་སྙམ་དུ་སེམས་ཞེས་གསུངས་ཏེ། སྟོང་པ་ཉིད ་ནི་སྒྲོ་སྐུར་དང་བྲལ་བས་དེ་ལ་འབྲས་བུ་མི་སྐྱེ་བའི་ངོ་བོ་ཉིད་པས་ཆོས་ཐམས་ཅད་ལ་ཉེས་པས་གོས་པ་མེད་པ་ནི། ཆོས་གང་མ་སྐྱེས་པ་ཞེས་བྱ་བ་ལ་སོགས་པའོ།། མེད་པ་ལོ་སྤང་བར་བྱ་བ་མི་འཇུག་པས་དེ་བསལ་བར་ནུས་སམ་ཞེས ་གསུངས་སོ།། དེ་ལྟ་བུ་གང་གིས་རྟོགས་ཤེ་ན། ཡང་དག་པའི་དོན་བསྒོམ་པ་ནི། རྣལ་འབྱོར་པས་རྟོག་སོ་ཞེས་བསྟན་པ་ནི། དེ་ལྟར་ཞེས་གསུངས་སོ།། ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་སྟོང་པ་ཉིད་ལ་སྦྱར་བར་གདམས་པ་ནི། དེ་ལྟ་བས་ན་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་བཞིན་ནི་གནས་ལུགས་ཏེ་སྟོང་པ་ཉིད་དོ།། ཕྱིན་ཅི་ལོག་ནི་དངོས་པོར་ལྟ་བའོ།། བསལ་བ་དང་བཞག་པ་མེད་པའི་སེམས་ཀྱིས་སྟོང་པ་ཉིད་བསྒོམ་པར་བྱ་བ་ནི། ཅི་ལྟར་ཞེས་བྱ་བ་ལ་སོགས་པའོ།། དེ ་ལ་ལེན་པ་ནི་འབྲས་བུའོ།། དོར་བ་ནི་ཉེས་པའོ།། དེའི་འདུ་ཤེས་དང་ཡང་མི་འགྲོགས་པས་ལྷན་ཅིག་མི་གནས་པའོ།། ཤིན་ཏུ་སྦྱངས་པ་སྟེ། དག་པ་ནི་ལས་སུ་རུང་ངོ་།། ཞི་བ་ནི་ཐར་པའོ།། རང་བཞིན་ནི་ངོ་བོ་ཉིད་དོ།། རང་བཞིན་མེད་པ ་ནི་མ་གྲུབ་པའོ།། རྒྱུ་རྐྱེན་དང་བྲལ་བས་བདག་པོ་སྟེ། བྱེད་པ་པོ་མེད་པའོ།། དེ་ལྟར་བུའི་སྟོང་པ་ཉིད་ལ་བསྒོམ་པར་བྱ་བས་ན་བཟོད་པར་བྱ་བའོ།། མི་བྱ་བ་ནི་དངོས་པོར་ཞེན་པའོ།། འོ་ན་འབད་པ་མེད་ན་ཅི་ལྟར་གྲོལ་ཞེས། དེ་ཅིའི་ཕྱིར་ཞེ ་ན་ཞེས་རྒོལ་བ་ལ། འབད་པ་ནི་ཀུན་རྫོབ་དུ་ཡིན་ལ་དོན་དམ་པའི་བདེན་པ་ནི་དེ་དང་བྲལ་བས་ན། བྱ་བ་མེད་པ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ལ་བྱ་བ་ནི་རྒྱུར་འབད་པའོ།། འགྱུར་བ་ནི་འབྲས་བུའི་མིང་ངོ་།། དེ་དག་དང་བྲལ་བས་ན ་སྟོང་པ་ཉིད་ནི་གདུང་བ་མེད་པས་མྱ་ངན་ལས་འདས་པ་ཞེས་བྱའོ།། ཆོས་བཤད་པ་ལ་ཡི་རང་ནས་འཆད་པ་པོ་ལ་བསྙེན་བཀུར་བྱས་པ་ནི། ཆོས་དང་ཆོས་སྨྲ་བ་ལ་གུས་པར་བྱ་བའི་ཕྱིར་ཡིན་ནོ།། དེ་ལྟ་བུའི་སྟོང་པ་ཉིད་སྣང་བ་ཐམས་ཅད ་དང་བྲལ་བའི་ངོ་བོ་ཉིད་དེ་བསྟན་པའི་ཕྱིར། དེས་རས་ཀཪྵ་པ་ཎ་བརྒྱ་སྟོང་རི་བདེ་མ་བླངས་པ་ཡིན་ནོ།། ལ་ལ་ནཱ་རེ། ཆོས་སྨྲ་བ་ནི་ཟང་ཟིང་གི་ཕྱིར་མ་ཡིན་གྱི། སྙིང་རྗེ་འབའ་ཞིག་གིས་བསྟན་པར་བྱ་བ་ཡིན་པས། དེ་མ་བླངས་པ་ཡིན་ཞེས་ཟེར་རོ།། ། ་ལ་ལ་ན་རེ་རང་ཉིད་འདོད་པ་ཆུང་བར་བསྟན་པས་སོ་ཞེས་ཀྱང་ཟེར་རོ།། ལ་ལ་ནུ་རེ་སྟོང་པ་ཉིད་དངོས་པོར་ལྟ་བ་མི་ལེན་པའི་ཕྱིར། རང་གི་སྟོང་པ་ཉིད་རྟོགས་པར་བསྟན་པའི་ཕྱིར་རོ་ཞེས་ཀྱང་ཟེར་རོ།། ཐམས་ཅད་དུ་ནང་གིས་སེམས་ཀྱིས ་ཚོ་གས་ཡོངས་སུ་རྫོགས་པ་ཡིན་པར་བསྟན་པ་ནི་དེའི་ལུས་ལ་བོར་བ་ཡིན་ནོ།། རྣམ་གྲངས་གཞན་ཡང་འཕགས་པ་འཇམ་དཔལ་གྱིས་བྱིན་གྱིས་བརླབས་ནས་འདོར་དུ་བཅུག་པ་ཡིན་ནོ།། སྟོང་པ་ཉིད་རྣམ་པ་ཐམས་ཅད་དང་བྲལ་བ་ཡིན་པས ་རང་གི་ལུས་མི་སྣང་བར་བྱས་པ་ཡིན་ནོ།། སྟོང་པ་ཉིད་ནི་སྒྲའི་རྗེས་སུ་ཞུགས་ནས་དེ་བསྟན་པའི་དོན་གོམས་པར་བྱས་པས་རྟོགས་པ་ཡིན་པར་བསྟན་པ་ནི་སྒྲ་གྲགས་པས་བསྟན་པ་ཡིན་ནོ།། ཤིང་གཉིས་དྲུད་པ་ལས་མེ་བྱུང་ནས་ཤིང་ཉིད་ཀྱང ་ཚིག་པ་ལྟར་སྟོང་པ་ཉིད་ཤེས་རབ་ཀྱིས་རྟོགས་ནས། ཤེས་རབ་ཉིད་ཀྱང་སྔར་བཤད་པ་ལྟར་རང་བཞིན་མེད་པ་ཡིན་པར་རྟོགས་པ་ནི། གང་གིས་མཐོང་བ་དེ་ལས་ཡང་ཞེས་གསུངས་པ་ཡིན་ནོ།། སྲིད་པ་ཐམས་ཅད ་ཡེ་ནས་སྟོང་པ་སྟེ།། ཉི་ཚེ་སྟོང་ཉིད་མུ་སྟེགས་ཅན་རྣམས་ཡིན།། ཞེས་འབྱུང་བས་ཐམས་ཅད་སྟོང་པར་བསྟན་པ་ནི། སུའི་ལུས་མཐོང་བ་དེ་ལ་ཞེས་གསུངས་པ་ཡིན་ནོ།། རྒྱལ་པོ་མ་སྐྱེས་དགྲ་ནི་རྩེ་མོ་ཐོབ་པ་ཡིན་པས་བཟོད་པ་ལ་དཀོད་པ ་ནི་རང་གི་ལུས་ལ་འདུ་ཤེས་འབྱུང་བ་མ་གཏོགས་པར་གཟུགས་ཀྱི་འདུ་ཤེས་དང་བྲལ་བ་སྟེ། གཟུང་བ་མེད་པར་རྟོགས་པ་མཚོན་པ་ཡིན་ནོ།། འཇིག་རྟེན་ཆོས་ཀྱི་མཆོག་ལ་བཀོད་པ་ནི། རང་གི་ལུས་ཀྱང་མི་མཐོང་བར་བྱ་སྟེ། གཟུགས ་ཀྱི་འདུ་ཤེས་ཐམས་ཅད་དང་བྲལ་བ་ནི་གཟུང་བ་དང་འཛིན་པ་དང་བྲལ་བའི་ཡེ་ཤེས་རྟོགས་པར་བསྟན་པ་ཡིན་ནོ།། མཐོང་བའི་ལམ་ལ་བཀོད་པ་ནི། ཡང་ཞེས་གསུངས་པ་ཡིན་ཏེ། རགས་པ་ནི་འདོད་པའི་ཁམས་དང་གཟུགས་ཀྱི ་ཁམས་སོ།། ཕྲ་བ་ནི་གཟུགས་མེད་པ་སྟེ། དམན་པར་དགག་པ་ཡིན་པའི་ཕྱིར་མེད་པ་མ་ཡིན་པས་ཕྲ་བའོ།། མ་མཐོང་བ་ནི་བཟོད་པ་བརྒྱད་ཀྱིས་བར་ཆད་མེད་པའི་ལམ་དུའོ།། རྣམ་པར་མི་མཐོང་བ་ནི་ཤེས་པ་བརྒྱད ་ཀྱིས་རྣམ་པར་གྲོལ་བའི་ལམ་དུའོ།། དངོས་པོར་མི་མཐོང་བ་ནི་དེ་མེད་པས་མི་མཐོང་བས། མི་རྟོག་པའི་ཡེ་ཤེས་ཀྱི་ཕྱིན་ཅི་མ་ལོག་པར་ཆོས་ཀྱིས་དབྱིངས་སུ་མཐོང་བས་ཆོས་ཐམས་ཅད་མི་མཐོང་བ་ནི་ཞེས་བྱ་བ་ལ ་སོགས་པའོ།། ཆོམ་སེམས་ནི་དངོས་པོར་ལྟ་བ་སྟེ། འཇིག་རྟེན་པའི་ལམ་གྱིས་ཆོས་ཐམས་ཅད་བདག་མེད་པར་ཡིད་ཆེས་པས་བྲལ་བའོ།། རྣམ་པར་རྟོག་པ་ནི་འཇིག་རྟེན་པའི་ལམ་གྱི་ངོ་བོ་སྟེ། མཐོང་བའི་ལམ་ཐོབ་པར་རྣམ་པར ་རྟོག་པ་ཐམས་ཅད་ཀྱིས་དབེན་པའོ།། ཏིང་ངེ་འཛིན་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཀུན་རྫོབ་ཏུ་ལས་དང་འབྲས་བུ་མི་བསླུ་བར་བསྟན་པ་ནི་འཁོར་ཐམས་ཅད་མཐོང་ངོ་ཞེས་གསུངས་པ་ཡིན་ནོ།། རྣམ་གྲངས་གཞན་ཡང ་མཉམ་པར་བཞག་པའི་རྗེས་ལ་ཐོབ་པ་ལ་སྣང་བ་མི་འགག་པར་བསྟན་པར་བསྟན་པ་ཡིན་ནོ་ཞེས་ཀྱང་བཤད་པར་བྱའོ།། ད་ནི་དེ་ལྟར་ཆོས་ཉིད་ཟབ་མོའི་དོན་ལ་གང་ཟག་དང་ཆོས་བདག་མེད་པའི་མཚན་ཉིད་རྒྱས་པར ་བཤད་པ་དེ་ཉིད་མདོ་གཞན་གྱི་སྒོ་ནས་བསྡུ་བའི་ཕྱིར་བཤད་པ་ནི། སྒྱུ་མ་མཁན་བཟང་པོའི་མདོ་ལས་ཀྱང་ཞེས་གསུངས་ཏེ། ཕྱི་དང་རླུང་གི་མུ་སྟེགས་བྱེད་པ་འགའ་ཞིག་རྒྱུ་མེད་པ་ལས་སྐྱེ་བར་འདོད་པ་དགག་པ་ནི། ཆོས ་རྣམས་རྟེན་ནས་འབྱུང་སྟེ། རྒྱུ་མེད་པ་མ་ཡིན་པ་དང་། ཞེས་གསུངས་ཏེ། རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ།། གང་ཟག་རྒྱུར་ཡོད་པ་དགག་པའི་ཕྱིར། གང་ཟག་མེད་པའི་ཕྱིར་ཞེས་གསུངས ་སྔར་བཤད་པའི་ཚུལ་གྱིས་ནི་མ་ཡིན་ནོ།། ནང་གི་མུ་སྟེགས་པ་དངོས་པོར་སྨྲ་བའི་འདོད་པ་དགག་པ་ནི་ཆོས་གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་མ་སྐྱེས་པ་ཞེས་བྱ་བ་སྟེ། རང་དང་གཞན་དང་གཉི་ག་རྒྱུ་མེད་པ ་ལས་སྐྱེ་བར་མི་འཐད་པས་མ་སྐྱེས་པའོ།། གཅིག་དང་དུ་མ་དང་བྲལ་བ་སྟེ། དངོས་པོ་མེད་པའོ།། དངོས་པོ་མེད་པ་ནི་ན་མཁའ་དང་འདྲ་བས་རྣམ་པར་མི་འཇིག་པ་སྟེ་རྟག་པའི་ཕྱིར་རོ།། ཞེས་བྱ་བའོ།། དེ་ལྟར་ཆོས ་ཟབ་མོའི་མཚན་ཉིད་སྤྱིར་བཤད་ནས། ད་ནི་ཁྱད་པར་བསྟན་པའི་ཕྱིར། རྣམ་གྲངས་གཞན་གྱིས་ཀྱང་ཞེས་གསུངས་ཏེ། རྣམ་གྲངས་ནི་བྱེ་བྲག་གོ།། ཆོས་ཉིད་ནི་སྟོང་པ་ཉིད་དོ།། སོ་སོའི་སྐྱེ་བོས་མ་ཡིན་པས་ཟབ་མོ་ཞེས་བསྟན་ཏོ།། ་དབུགས་འབྱིན་པ་ནི་ཕོན་ཡོན་གྱི་མིང་གི་རྣམ་གྲངས་སོ།། ཡོངས་སུ་སྦྱོང་བ་ནི་ཐོབ་པ་མི་ཉམས་པར་བྱེད་པའོ།། ལ་ལ་ནི་ཐོབ་པར་བྱེད་པའི་ཕྱིར་ཡོངས་སུ་སྦྱོང་བའོ་ཞེས་ཀྱང་ཟེར་རོ།། ཡོངས་སུ་སྦྱོང་བའི་ཁྱད་པར་མང་དུ་བཤད ་པ་གང་ཞེ་ན་ཞེས་རྒོལ་བ་ལ། གཙོ་བོ་བསྡུས་པས་ཉེས་པ་མེད་ཅེས་བྱ་བ་ནི། འདི་ལྟ་སྟེ་ཞེས་བྱ་བའོ།། དེ་ཉིད་བསྟན་པ་ནི། མི་དམིགས་པའི་ཞེས་བྱ་བ་སྟེ། སྟོང་པ་ཉིད་ཀུན་ཏུ་འགྲོ་བ་རྟོགས་པས་མཉམ་པར་བཞག་པ་ལ་སྣང་བ་ནུབ ་པའོ།། རྣམ་པར་ཐར་པའི་ཡོན་ཏན་གྱི་ཆེ་བའོ།། ཀུན་རྫོབ་ལ་རྗེས་སུ་དཔག་པར་བྱ་བས་ན། ཡེ་ཤེས་གནས་པའོ།། རང་གི་རྟོགས་པ་ལ་གཞན་འགོད་པས་ན། གཞན་དག་ཀྱང་ཞེས་བྱ་བའོ།། བསྟན་པ་དེ་ཉིད་བཤད་པ་ནི་གང་གི ་གཉིས་དང་ཞེས་བྱ་བ་ལ་སོགས་པ་སྟེ། གཟུང་བ་དང་བྲལ་བ་མི་གཉིས་པ་རྣམ་པར་དག་པ་སྣ་སྦྱངས་པའོ།། མཐོང་བའི་ལམ་མཐོང་བ་ཉིད་ཀྱིས་རང་རིག་པའི་ཡེ་ཤེས་གཉིས་སུ་མེད་པར་འཛིན་པའང་སྤངས་པས་ནི་གཉིས་མ་ཡིན ་བ་རྣམ་པར་དག་པའོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པས། རང་བཞིན་མེད་ཅེས་བྱ་བའི་ཚུལ་གྱིས་ཆོས་རྣམས་བརྟེན་ཏེ། མི་འབྱུང་བར་མོས་པ་ཞེས་བྱ་སྟེ། ཆོས་ཉིད་བརྩན་པར་བྱས་ནས་སྔར་བཤད་པ་ལྔར་སྐྱེ་བ་མི་འཐད་པའི་ཕྱིར་རོ།། ། ་གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས།། དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན།། རྐྱེན་ལས་རག་ལས་གང་དེ་སྟོང་པ་སྟེ།། གང་ཞིག་སྟོང་ཉིད་ཤེས་པ་དེ་བག་ཡོད།། ཅེས་བྱ་བའི་ཚུལ་གྱིས་རྟེན་ཏེ་མི་འབྱུང་བའོ།། གནས་ནི་བཞི་སྟེ། དངོས ་པོ་ཞེས་བྱ་བའི་དོན་ཏོ།། དངོས་པོ་ནི་རྡུལ་ཕྲ་རབ་འདུས་པར་འདོད་པས་ན། ཅི་སྐད་བཤད་པའི་རིགས་པས་དེ་མེད་པར་བསྟན་པ་མི་ཕྱོགས་པ་དད་པའི་རང་བཞིན་ཡིན་ལ་དེའང་བཙལ་ན་མི་རྙེད་པས་མེད་པའོ།། ཅི་སྐད་བཤད ་བའི་དོན་གོམས་པའི་འབྲས་བུ་ཉིད་ནི་སྤངས་རྒྱས་ནམཁའ་དང་འདྲ་བར་མོས་ཞེས་བྱ་བ་སྟེ། ལུས་མེད་པས་ཐ་དད་བ་མེད་པའི་ཕྱིར་ཏེ། མཁོའ་ལྟར་ལུས་མེད་པའི་ཕྱིར།། སངས་རྒྱས་དུ་མ་ཉིད་མི་འདོད།། ཅེས་བྱ་བས་ཐ་དད་པ་ལ་མི ་གནས་པའོ།། དབྱིབས་རྣམ་པར་དག་པ་ཅི་ལྟ་བཛྲར།། ཡེ་ཤེས་རྣམ་པར་དག་པའི་དབང་དུ་བྱས་ནས། སེམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ།། ཡིད་ནི་ཉོན་མོངས་པ་ཅན་ནོ།། རྣམ་པར་ཤེས ་བ་ནི་འཇུག་པའི་ཚོགས་དྲུག་གོ།། ཡེ་ཤེས་ལྷུན་གྱིས་གྲུབ་པ་ནི་ཀུན་གཞི་ལ་སོགས་པ་གནས་ཡོངས་སུ་གྱུར་པའི་ངོ་བོ་ཉིད་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་སོ།། མདོ་ཀུན་ལས་བཏུས་པའི་བཤད་པ། ལུང་གི་ཚད་མས་རབ་ཏུ ་སྦྱར་བ་ལས། ཆོས་ཟབ་མོ་ལྔ་བཟོད་པ་ལྔ་པ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བཤད་ཟིན་ཏོ།། །། དེ་ལྟར་ཐོགས་པ་ལ་སོགས་པ་ཡོངས་སུ་ཤེས་པར་བྱས་པ་རྣམས་ཐོབ་པར་བྱ་བའི་ཕྱིར། བསྒོམ ་པ་ལས་བྱུང་བའི་ཤེས་རབ་བསྐྱེད་པར་བྱ་སྟེ། གང་གི་དོན་དུ་དྲིས་པ་རྣམས།། སངས་རྒྱས་སྦོས་པོ་ང་ལ་ཉོན།། ཡང་དག་སངས་རྒྱས་བསྟན་པ་འདི།། ཐོས་པ་ཙམ་གྱིས་མི་འགྲུབ་སྟེ། ལོ་ལ་སྟོབས་མེད་ཆུ་ཀླུང་གིས།། མི་འདོད་བཞིན ་དུ་ཁྱེར་བ་དག། སྐོམ་བཞིན་འཆི་བར་གྱུར་པ་དག། མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ།། ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་པས་ན། ངེས་པར་སྒོམ་པར་བྱ་དགོས་པར་མངོན་ནོ།། དེའི་ཕྱིར་དང་པོ་ཐོ་བ་པར་བྱ་བའི་ཡུལ ་བསྟན་པ་ནི། སྔར་བཤད་པའི་དབྱིངས་རྣམ་པར་དག་པ་དང་། ཡེ་ཤེས་རྣམ་པར་དག་པའི་ངོ་བོ་སྟེ། འཕགས་པ་བྱམས་པའི་ཞལ་སྔ་ནས། ཐུབ་པའི་ངོ་བོ་ཉིད་ཀྱི་སྐུ།། ཟག་མེད་ཆོས་ནི་རྣམ་ཀུན་ཏུ།། རྣམ་པར་དག་འགྱུར་གང་ཡིན ་པ།། དེ་ཡི་རང་བཞིན་མཚན་ཉིད་ཅན།། ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ།། དེ་ལ་དབྱིངས་རྣམ་པར་དག་པ་ནི་ཆོས་ཉིད་ཀྱི་སྐུ། ཡེ་ཤེས་རྣམ་པར་དག་པ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཏེ། ཐོབ་པར་བྱ་བ་ནི་ཡེ་ཤེས ་ལྔ་ཁོ་ནར་ཟད་པས། དེའི་ཕྱིར་དབྱིངས་རྣམ་པར་དག་པའི་དབང་དུ་བྱས་ནས། བསམ་དུ་མེད་པ་ཞེས་གསུངས་ཏེ། བསམ་པ་ལས་འདས་པས་ན་བསམ་དུ་ས་མེད་པ་སྟེ། སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ཕྱིར་རོ།། ་ཆོས་ནི་ཀུན་ནས་ཉོན་མོངས་པ་ལ་སོགས་པའོ།། རོ་གཅིག་པས་ནས་ཚུལ་བཞིན་ཏེ་གནས་ལུགས་ཞེས་བྱའོ།། སེམས་དང་ལྡན་པ་ནི་དངོས་པོར་སྨྲ་བ་རྣམས་རྫས་ལ་སོགས་པར་འདོད་པའོ།། ཡེ་ཤེས་རྣམ་པར་དག་པའི་དབང ་དུ་བྱས་ནས། དབེན་པའི་མཚན་ཉིད་ཅེས་གསུངས་ཏེ། དབེན་པ་ནི་རྣམ་པར་རྟོགས་པ་རྣམས་ཀྱིས་སྟོང་པ་སྟེ། གནས་ཡོང་སུ་གྱུར་པའི་ཕྱིར་རོ།། མི་བརྩོན་པ་ནི་ཡེ་ཤེས་ཚོལ་བར་མི་འབད་པའོ།། ལྷག་པར་བྱེད་པ་ནི་ལོག་པར་འབད་པ་སྟེ། ་མཚན་མར་བསྟན་པའོ།། ཉམས་སུ་ལེན་པའི་མཚན་ཉིད་བསྟན་པ་ནི། སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ཆོས་ལྔར་བཤད་པའི་དབྱིངས་དང་ཡེ་ཤེས་རྣམ་པར་དག་པ་ཐོབ་པར་བྱེད་པ་ནི། ལྷག་པར་བྱེད་པ་ལ ་བརྩོན་པས་མ་ཡིན་ནོ།། གང་གིས་ཞེ་ན། སྨྲས་པ་ཞེས་གསུངས་ཏེ། རིགས་དང་ཆོས་དང་ཆོས་ཀྱི་སྐུ་ནི་གཅིག་པའི་ཕྱིར།། སེམས་ཅན་གྱི་དུས་ན་རིགས་ཞེས་བྱ་བ་དང་། བསྒྲུབ་པ་ན་ཆོས་ཞེས་བྱ་བ་དང་། གྲུབ་པ་ན་ཆོས་སྐུ་ཞེས ་བརྗོད་པའི་ཕྱིར་རོ།། དེའི་ཕྱིར་རང་གི་ཡེ་ཤེས་རྟོགས་ན་ཞེས་གསུངས་པ་ཡིན་པས། ཆོས་རྣམས་ཞེས་བྱ་བ་ཆོས་ཀྱི་སྐུ་ཡོན་ཏན་དང་བཅས་པ་རྣམས་འགྲུབ་པའི་རྒྱུ་ཡིན་ནོ།། དེའི་ཕྱིར་གང་ལ་གནས་ནས། ཤེས་རབ་སྟོང་པ ་ཉིད་ལ་བསྒོམོས་ཞེས་སླར་དྲིས་ན། གནས་པ་མེད་པར་བསྒོམ་པ་ཡིན་ཞེས་བསྟན་ལ། ཅི་ལ་གནས་པ་མེད་ཅེ་ན། འཁོར་བ་དང་མྱ་ངན་ལས་འདས་པར་རོ་གཅིག་པ་རྟོགས་པས། སྲིད་པ་དང་ཞི་བ་ལ་མི་གནས ་པར་བསྒོམ་མོ་ཞེས་བཤད་པ་ཡིན་ནོ།། དེའི་ཕྱིར་ལུང་ལས་ཀྱང་། བཅོམ་ལྡན་འདས་ཤེས་རབ་ནི་ཚུ་རོལ་ན་ཡང་མི་གནས། ཕ་རོལ་ན་ཡང་མི་གནས། དབུས་ན་ཡང་མི་གནས་ཏེ། དུས་གསུམ་མཉམ་པ་ཉིད ་དུ་རྟོགས་པའི་ཕྱིར་ཞེས་གསུངས་པ་ཡིན་ནོ།། དེ་ལ་མི་གནས་པ་ནི་རྟོག་པ་སྤངས་པས་མི་རྟོག་པ་ཉིད་དོ།། འོ་ན་ཐོབ་པ་དང་སྤངས་པ་མེད་དོ་ཞེ་ན་ཆོས་ཉིད་ལ་ནི་འདོད་པ་ཁོ་ནུ་སྟེ། ཐོབ་པ་སྤངས་པ་ནི་རྟོག་པ་ཡིན་པའི ་ཕྱིར་ལ། རྟོག་པ་ནི་ཉོན་མོངས་པ་ཡིན་པའི་ཕྱིར་སྤང་བར་བྱ་བ་ཁོ་ནའོ།། ཀུན་རྫོབ་ཏུ་ནི་མི་འགོག་པ་སྟེ། ཞིང་ཡོངས་སུ་དག་པ་ལ་སོགས་པའི་སྦྱོར་བ་གསུངས་པའི་ཕྱིར་རོ།། དེ་ལྟ་བུ་ཆོས་ཉིད་ཟབ་མོ་དེ་གང་གི་ཡུལ ་ཡིན་ཞེ་ན། འཕགས་པའི་ཡེ་ཤེས་ཀྱི་ཡུལ་ཡིན་པས།། ཚུ་རོལ་པའི་ཉེས་པའི་བུལ་མ་ཡིན་པར་བསྟན་པ་ནི། ཁྱོད་འདི་ལྟར་ཤེས་པར་རུང་བར་འགྱུར་བ་དེ་ལྟ་བུར་སྟོན་ཏཱམ་ཞེས་དྲིས་པ་སྟེ། མངོན་སུམ་ལ་སོགས་མཚན ་མའི་ཡུལ་ཡིན་ན་ཅི་ལྟར་ཟབ་པ་ཡིན་ཞེས་རྒོལ་བའོ།། ལན་ནི་དོན་དམ་པའི་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་མ་ཡིན་ཏེ། ཤིན་ཏུ་ཟབ་པས་ལུང་མི་བསླུ་བ་དང་ལྡན་པ་ཁོ་ནས་རྟོགས་པར་བྱ་བ་ན།། ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་ཀུན་ཤེས་པ་འམ། རྣམ་པར་ཤེས་པར་མི་ནུས་སོ་ཞེས་བྱ་བ་སྟེ། ཀུན་ཤེས་པར་མི་ནུས་པ་ནི་རྟོག་པ་དང་བྲལ་བའི་ཤེས་པ་སྟེ། མངོན་སུམ་གྱིས་ཀུན་ཏུ་ཤེས་པར་མི་ནུས་པ ་རྣམ་པར་ཤེས་པར་མི་ནུས་པ་ནི།། རྟོག་པ་དང་བཅས་པའི་ཤེས་པ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་ཚད་མས་མི་རྟོགས་པའོ།། ཚད་མས་མི་རྟོགས་པ་ཅིའི་ཕྱིར་ཞེས་རྒོལ་བ་ལ།། དེའི་ཡུལ་མ་ཡིན་པས་ཞེས་བསྐྲུན་པ་ནི ་ཆགས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དངོས་པོ་མ་ཡིན་པས་ཆགས་པ་སྟེ། ཐོགས་པ་མེད་ཅེས་བྱ་བའོ།། དངོས་པོ་དང་བྲལ་བ་ལས་སེམས་མི་འཇུག་པས་རྣམ་པར་རྟོག་པ་མེད་པས་ཏེ། རྟོག་པ་ནི་སྤྱོད་པར་བྱེད་པའོ།། ་སེམས་ཀྱི་བསམ་དུ་མེད་པ་ཕ་སྙད་མི་འཇུག་པས་བརྗོད་དུ་མེད་པ་ལ་སོགས་པ་སྟེ། བརྗོད་པ་ནི་གཅིག་དང་དུ་མ་ལ་སོགས་པ་བརྗོད་པའོ།། བསྙད་པ་ནི་འདི་དང་གཞན་ལ་སོགས་པའི་ཐ་སྙད་དོ།། སྦྱོར་བ་ནི་མིང་གིས ་སྒྲོ་འདོགས་པ་ལ་སོགས་པའོ།། ཚིག་ནི་རྗོད་པར་བྱེད་པའི་ངག་གོ།། བསམ་པ་ལས་འདས་པས་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བའོ།། རྣམ་གྲངས་གཞན་ཡང་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས ་དེ་ནི་འདས་པ་ལ་སོགས་པའི་དུ་མ་ཆགས་ཤིང་ཐོགས་པ་མེད་པ་ཉིད་དང་། དེའང་ཉེས་པ་ཐམས་ཅད་སྤངས་པ་རྣམ་པར་རྟོགས་པ་མེད་ཅིང་། མི་རྟོག་པ་མི་རྟོག་པ་སྟེ། སྔར་བཤད་པའི་ཉི་མ་ལྟར་གཞན་གྱི ་དོན་བྱེད་པའོ།། དེ་ལྟ་བུའི་སངས་རྒྱས་དེ་ནི་རྟེན་གྱི་དབང་དུ་བྱས་ནས་ནམཁའ་ལྟར་ལུས་མེད་ལ། སྔོན་གྱིས་རྗེས་སུ་འབྲངས་ནས་དེ་མ་ཡིན་པས། གཅིག་དང་དུ་མར་བརྗོད་པར་མི་བྱ་བས་བརྗོད་དུ་མེད་པའོ།། ་བྱེད་པའི་དབང་དུ་བྱས་ན་གནས་དང་། དབྱིབས་དང་ཁ་དོག་དང་འཁོར་དང་ཆོས་མ་ངེས་པས་བསྙད་དུ་མེད་པའོ།། དངོས་པོ་མ་ཡིན་པས་སྦྱོར་བ་མེད་པ་སྟེ། སྦྱོར་བ་ནི་དངོས་པོའི་མཚན་ཉིད་ཡིན ་པའོ།། བརྗོད་པ་ལས་འདས་པས་བརྗོད་དུ་མེད་པ་ནི་ཚིག་མོད་པའོ།། རྣམ་པར་ཤེས་པ་ལས་འདས་པས་ཡེ་ཤེས་ཀྱི་ངོ་བོ་ཉིད་ནི་སེམས་ལ་སོགས་པ་དང་བྲལ་བའོ།། རྣམ་གྲངས་གཞན་ཡང་ཡེ་ཤེས་ནི་ཅི་ལྟ་བ་ལ ་སོགས་པ་མཁྱེན་པའོ།། དེ་ཉིད་ནི་ཉོན་མོངས་པ་སྤངས་པས་ཆགས་པ་མེད་པ་རྣམ་པར་རྟོག་པ་མེད་པ་སྟེ། དེ་ལ་ཆགས་པ་ནི་འདོད་ཆགས་སོ།། རྣམ་པར་རྟོག་པ་ནི་གཏི་མུག་སྟེ་སྒྲ་འཕྲུལ་དྲ་བ་ལས་ཀྱང་རྣམ་པར་རྟོག་པ་མ་རིག་པ། ་པོས་འཁོར་བའི་མཚོ་ཆེན་དུ།། ཁྱེར་བས་མི་རྟོག་རྣམས་བསྒོམས་ན།། ཏོག་མེད་འགྱུར་ཏེ་ན་མཁའ་བཞིན།། ཞེས་གསུངས་པ་ལྟ་བུའོ།། ཉོན་མོངས་པ་སྤངས་པ་ནི།། འདུས་མ་བྱས་པ་ཡིན་པས་རྒྱུ་རྐྱེན་དང་བྲལ་ཡང་། ཉན་ཐོས ་པ་དག་འདོད་པ་ལྟར་བུར་མི་ཤི་བ་ལྟར་གྱུར་པ་བཞིན་མ་ཡིན་པས། བྱ་བ་འཇུག་པར་ཡང་སྣང་བས་བརྗོད་དུ་མེད་པའོ།། བྱེད་པ་ནི་འགལ་བ་བླུགསུ་སྟོན་པས། མེའི་དབུས་སུ་པདྨ་དང་། རྒྱ་མཚོར་མི་ཆེན་འབར་བ་སྟོན།། ལུས ་གཅིག་དག་གིས་ཀུན་ཏུ་ཁྱབ།། རི་རབ་རྡུལ་ཕྲན་ནང་དུ་འཛུད།། ཅེས་བྱ་བ་ལྟ་བུར་སྟོན་པས་ན། ངེས་པའི་ཚིག་གིས་གཞན་ལ་བསྙད་དུ་མེད་པའོ།། དེ་ལྟ་བུ་དེ་ལུས་ཀྱིས་འདུ་བྱེད་པས་རྟོགས་པས་མ་ཡིན་པས་སྦྱོར་བ ་བི་མེད་པའོ།། ཚིག་གིས་བརྗོད་དུ་མེད་པས་ཚིག་མེད་པའོ།། སེམས་མི་འཇུག་པས་སེམས་ལ་སོགས་པ་དང་བྲལ་བའོ།། རྣམ་གྲངས་གཞན་ཡང་ཆགས་པ་མེད་པ་ནི། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནས་ཚིག་མེད་པ ་སེམས་དང་། ཡིད་དང་རྣམ་པར་ཤེས་པ་དང་། བྲལ་བའི་ཕྱིར་ཞེས་ཀྱང་བཤད་པར་བྱའོ།། རྣམ་གྲངས་གཞན་ཡང་དབྱིངས་རྣམ་པར་དག་པ་ནི། ཆགས་པ་མེད་པས་ན་ཚིག་མེད་པའི་བར་ཏེ། ཆགས་པ་ནི་དངོས་པོར་ཞེན་པའོ།། རྣམ ་པར་རྟོག་པ་ནི་སྤྱི་དང་ཁྱད་པར་དུ་སེམས་པའོ།། སེམས་པའི་མངོན་བརྟགས་ནི་བརྗོད་པ་ལ་སོགས་པ་སྟེ། སྤྱིར་བརྗོད་དུ་མེད་པ་ནི་བརྗོད་དུ་མེད་པའོ།། བྱེ་བྲག་ཏུ་བརྗོད་དུ་མེད་པས་ན། བསྙང་དུ་མེད་པའོ།། སྦྱོར་བ་ནི་བྱེད་པ་སྟེ།། ་སྒྲོ་འདོགས་པའོ།། དེ་དག་དང་བྲལ་བས་མེད་པའོ།། མྱ་ངན་འདས་པ་ཚིག་ཏུ་བརྗོད་དུ་མེད་པ་ནི་ཚིག་མེད་པའོ།། ཡེ་ཤེས་རྣམ་པར་དག་པ་ནི་སེམས་ལ་སོགས་པ་དང་བྲལ་བ་སྟེ། མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ནི་ཀུན ་གཞི་ལ་སོགས་པ་དང་བྲལ་བ་སྟེ། གནས་ཡོངསུ་གྱུར་པའོ།། རྣམ་གྲངས་གཞན་ཡང་ངོ་བོ་ཉིད་ཀྱིས་དབང་དུ་བྱས་ནས་ཆགས་པ་མེད་པའོ།། རྣམ་པར་རྟོགས་པ་མྱེད་པའོ།། མཚན་ཉིད་ཀྱི་དབང་དུ་བྱས་ནས་བརྗོད་དུ ་མེད་པའོ།། བྱེད་པའི་དབང་དུ་བྱས་ནས་སྦྱོར་བ་མེད་པའི་ཚིག་མེད་པའོ།། རྣམ་གྲངས་ཀྱི་དབང་དུ་བྱས་ནས་སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བའོ།། དེ་ལ་ངོ་བོ་ཉིད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ ་པ་དང་བྲལ་བ་སྟེ། ཉོན་མོངས་པ་དང་བྲལ་བས་ཆགས་པ་མེད་པའོ།། ཤེས་བྱའི་སྒྲིབ་པ་དང་བྲལ་བས་རྟོགས་པ་མེད་པའོ།། མཚན་ཉིད་མེད་པ་མཚན་ཉིད་ཡིན་པས་བརྗོད་པ་དང་བསྙད་པ་མེད་པའོ།། མི་རྟོག ་བ་དང་དུས་ཐམས་ཅད་པ་ཉིད་ཀྱིས་མ་སྦྱོར་བ་མེད་པ་སྟེ། དགོངས་པ་ཉེ་བར་བཞག་པ་གསུམ་དང་ལྡན་པས་རྗེསུ་ཆགས་པ་དང་ཁོང་ཁྲོ་བསལ་བའོ།། ངས་ཡི་གེ་གཅིག་ཀྱང་མ་བརྗོད་ཅེས་གསུངས་ཀྱང་། གདུལ་བྱ་ལ་ཆོས ་སྣང་བས་ཚིག་མེད་པའོ།། མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་། སྟོ་སོར་རྟོག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་རྣམས་ནི། སེམས་ཏེ་ཀུན་གཞི་ལ་སོགས་པ་གནསུ་དག་པའི་རྣམ་གྲངས་ཡིན་ནོ།། འོ་ན་རྣལ་འབྱོར་གྱི་མངོན་སུམ་ཉིད ་ཐབས་གང་གིས་སྒྲུབ་ཅེ་ན། གལ་ཏེ་ཞེས་རྒོལ་བ་ལ། ཡོངས་སུ་འཛིན་པ་ཐབས་ཀྱིས་སྟོན་ཞེས་པས་སོ་ཞེས་བྱ་བ་ནི་ཡི་གེ་རྣམས་ཀྱིས་ཞེས་བྱ་བའོ།། དེ་ལྟར་སྒྲོ་བཏགས་ནས་སྟོན་པ་མ་ཡིན་ན། ཐབས་གཞན་མེད་པས་ཐབས ་ཏཱཾ་ཞེས་བྱ་བ་སྟེ། སྒྲོ་བཏགས་ནས་ཞེས་བྱའོ།། དེ་ལྟ་བུའི་ཟབ་མོའི་ཡེ་ཤེས་དེ་ཐབས་ཀྱིས་བསྒྲུབ་པར་བྱ་བའི་རྣམ་པ་གང་གིས་སྒྲུབ་ཅེ་ན། རྣམ་པ་ཇི་ལྟར་ཡིད་ལྟ་བྱེ་བ་བསྟན་པ་ནི། ལྷའི་བུ་ཞེས་གསུངས་ཏེ། བསྒོམ་པའི་ཞེས་པས་སོ ་ཞེས་བྱ་བར་དགོངས་སོ།། རྒྱུ་ཚོགས་པ་ལ་འབྲས་བུ་སྐྱེ་བས་ཏིང་ངེ་འཛིན་འགྲུབ་པའི་རྒྱུ་ཏིང་ངེ་འཛིན་གྱི་ཚོགས་ལ་གནས་པ་བསྟན་པ་ནི། གཙུབས་ཤིང་གི་དཔེས་བསྟན་ཏོ། དཔེར་ན་ཤིང་སྐམ་པ་དང་། གུས་པ་དང་། ་ཡུན་རིང་བ་དང་། བར་མ་ཆད་པར་གཙུབས་པ་ལ་མེ་འབྱུང་གི། ཡན་ལག་གང་ཡང་རུང་བ་ཞིག་མ་ཚང་བ་ཚང་བ་ལ་མ་ཡིན་པ་ལྟར་ཏིང་ངེ་འཛིན་འགྲུབ་པའང་དེ་དང་འདྲའོ་ཞེས་བསྟན་པའི་ཕྱིར་སྡོམ་པ་དང་ཡོ་བྱད་བསྙུངས་པའི་གཏམ་ཞེས ་གསུངས་ཏེ། ལུས་དང་ལོངས་སྤྱོད་ལ་ཆགས་པ་མི་ཤཱིང་རླན་དང་བཅས་པ་ལྟ་བུ་ནི་ཡིན་པས་ལུས་ལ་ཆགས་པ་སྦྱང་ངོ་ཞེས་བསྣུན་པ་ནི་སྡོམ་པའི་གཏམ་ཞེས་གསུངས་ཏེ། ཚུལ་ཁྲིམས་ལ་གནས་ཏིང་ངེ་འཛིན་ཐོབ་སྟེ། ཏིང་ངེ་འཛིན ་ཐོ་པ་ནས་ཤེས་རབ་སྒོམ་པར་བྱེད་ཅེས་གསུངས་པའི་ཕྱིར་རོ།། ལོངས་སྤྱོད་ལ་ཆགས་པ་སྤང་བར་བསྟན་པ་ནི། ཡོ་བྱད་བསྐྱངས་པའི་གཏམ་ཞེས་གསུངས་ཏེ། ཟང་ཟིང་ངན་པ་ལ་ཞོན་པའི་གཡེང་བས་ཏིང་ངེ་འཛིན་འགྲུབ་པ་ཡིན། འགྲུབ ་པའང་ཉམས་པར་འགྱུར་བས་ན། ཡོ་བྱད་བསྙུངས་པར་ངས་བཤད་དོ།། ཞེས་བྱ་བའི་ཚུལ་གྱིས་ལོངས་སྤྱོད་ལ་མ་ཆགོས་པ་བསྒོམས་པར་བྱ་སྟེ། མདོར་ན་ལུས་དང་ལོངས་སྤྱོད་ལ་མ་ཆགས་པས། ཞི་གནས་དང་ལྷག་མཐོང་འགྲུབ་པར ་འགྱུར་ཞེས་བྱ་བར་དགོངས་སོ།། དེ་ལ་ལྱེ་ལཾ་མེད་པས་གུས་པའོ།། འབྲས་བུ་མཐར་མི་སྟོང་པས་ན་ཡུན་རིང་བའོ།། གོ་སྐབས་མི་འབྱིན་པས་བར་མ་ཆད་པས་སོ།། དེ་ལི་མ་ཆགས་པ་ནི་ཏིང་ངེ་འཛིན་འགྲུབ་པའི་ཚོགས་སོ།། ་གུས་པ་ལ་སོགས་པ་ནི་གནས་པའི་ཚོགས་སོ།། བར་མ་ཆང་བ་ནི་འཕེལ་བའི་ཚོགས་ཏེ། མདོར་ན་ཏིང་ངེ་འཛིན་གྱི་ཚོགས་ཇི་སྙེད་བཤད་པ་དེ་དག་ཐམས་ཅད་ཀྱང་འདིར་འདུས་པར་ཤེས་པར་བྱའོ།། མ་དོ་ཀུན་ལས་བཏུས ་པའི་བཤད་པ།། ལུང་གི་ཚད་མས་སྦྱར་བ་ལས། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་སྟེ་དྲང་པའོ།། །། དེ་ལྟར་ཏིང་ངེ་འཛིན་གྱི་ཚོགས་ལ་གནས་པས། དམིགས་པ་ལ་སེམས ་གཏང་བར་བྱ་སྟེ། འཕགས་པ་ཐོགས་མེད་ཀྱི་དམིགས་པ་ལ་སེམས་གཏད་པར་བྱ་བའི་ཐབས་རྒྱ་ཆེར་ནི། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པར་ཞིབ་ཏུ་གསུངས་པ་ཡིན་པས་འདིར་ཧ་ཅང་སྤྲོས་པར་མི་བྱའོ།། འཕགས ་པ་ཀླུ་སྒྲུབ་ཀྱི་སྭཱ་ཇི་ལྟར་གསུངས་པ་དེ་བཞིན་དུ་རིག་པར་བྱའོ།། འདིར་ནི་འཕགས་པ་དེ་དག་གིས་གསུངས་པ་མདོར་བརྗོད་པར་བྱའོ།། རེ་ཞིག་དམིགས་པའི་ཡུལ་ནི་གང་ཟག་དང་ཆོས་ཞེས་བྱ་བའོ།། དེ་ལ་གང་ཟག་ནི ་རིལ་བོར་འཛིན་པ་དང་། རྟག་པ་དང་བདེ་བ་དང་། བདག་དང་། གཙང་མར་འཛིན་པའོ།། ཆོས་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའོ།། དེ་དག་ལ་ཇི་ལྟར་རིགས་པར་རིལ་པོར་འཛིན་པ་དང་། ཆོས་ཀྱི་བདག ་གི་བར་དུ་མེད་པར་བསྒོམ་པས། གསལ་བ་དང་། ངེས་པ་དང་། མེ་ཏོག་པ་དང་། ལས་སུ་རུང་བ་དང་། རྩེ་གཅིག་པ་ནི་ཐོབ་པའི་རྣམ་པ་སྟེ། ཞི་གནས་ཀྱི་ལམ་མོ།། རྒྱ་ཆེར་ནི་འཕགས་པ་བྱམས་པ་དང་། འཕགས་པ ་ཐོགས་མེད་ཀྱིས་གསོལ་བར་གསུངས་པ་ཁོ་ནའོ།། ཞི་གནས་ཀྱི་ཉེས་པ་ལ་སོགས་པ་ཁོ་ནའང་དེ་བཞིན་དུ་རིག་པར་བྱའོ།། སྤོང་བའི་འདུ་བྱེད་ཀྱང་དེ་ཁོ་ན་ལྟར་ཤེས་པར་བྱའོ།། དེ་ལྟར་སེམས་ཡོངས་སུ་གཟུང་བ་དང ་ཡུལ་གང་ལ་ཞེ་མ་དེ་བསྒོམ་པ་ནི། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བའི་གཏམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱོད་པ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་དྲན་པ་ཉེ་བར་གཞག་པ་ལ་སོགས ་པ་ནི་ཚུལ་བཞིན་ཡིན་པས་སོ།། དེ་དག་ཀྱང་ལམ་གྱིས་གནས་སྐབས་སུ་ཡུལ་ཐམས་ཅད་དུ་ཐམས་ཅད་པ་ཡིན་པས་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཞེས་གཉིས་སུ་སྨོས་པ་ཡིན་ནོ།། མདོ་ཀུན་ལས་བཏུས་པའི ་བཤད་པ། ལུང་གི་ཚད་མས་སྦྱར་བ་ལས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བཤད་ཟིན་ཏོ།། དེ་ལྟར་བྱང་ཆུབ་ཀྱི་སེམས་ལ་སོགས་པ་བསོད་ནམས་ཀྱི་ཚོགས་བསྐྱེད་ནས། དེ་དག་ཀྱང་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བར་བྱ་བའི ་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དགོས་པ་དེ་ངག་མེད་པའི་ངོ་བོ་ཉིད་མདོར་བསྟན་པ་ནི། ལྷའི་བུ་ཞེས་གསུངས་ཏེ། ཤེས་རབ་ནི་དོན་དམ་པར་ཤེས་པའོ་ཞེས་འཕགས་པ་ཐོགས་མེད་ཀྱིས་གསུངས་པ ་དང་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། ཟབ་པ་ཤེས་པས་ཤེས་རབ་པོ་ཞེས་གསུངས་པ་དེ་བཤད་པ་ནི། འདུས་བྱས་མ་ཡིན་པས་སྐྱེ་བ་དང་། ཞེས་བྱ་བ་ལ་སོགས་པ་སྟེ། འདུས་བྱས་ཆོས་ནི་སྐྱེ་བ་དང་། རྒ་དང་གནས ་དང་མི་རྟག་ཉིད།། ཅེས་གསུངས་པའི་ཕྱིར་རོ།། གཉེན་པོ་དང་མི་མཐུན་པའི་ཆོས་དང་བྲལ་བས་འདྲེན་པ་དང་སེལ་བ་ཞེས་གསུངས་སོ།། སྤང་བ་དང་བླང་བའི་མཚན་ཉིད་དང་བྲལ་བས་ཉོན་མོངས་པ་དང་རྣམ་པར ་བྱང་བ་ཞེས་གསུངས་པ་ཡིན་ནོ།། ཉེས་དམིགས་དང་ཕན་ཡོན་གྱི་དབང་དུ་བྱས་ནས། ཡིད་འབྱུང་བ་མངོན་པར་དགའ་བ་མ་ཡིན་པ་ཞེས་གསུངས་པ་ཡིན་མོ།། སྡུག་བསྔལ་དང་ཀུན་འབྱུང་གི་དབང་དུ་བྱས་ནས། ཤེས ་པར་བྱ་བ་དང་སྤང་བར་བྱ་བ་ཞེས་གསུངས་པ་ཡིན་ནོ།། འགོག་པ་དང་ལམ་གྱི་དབང་བྱས་ནས། མངོན་སུམ་དུ་བྱ་བ་དང་བསྒོམ་པར་བྱ་བ་ཞེས་གསུངས་པ་ཡིན་ནོ།། མངོན་པརའི་རྟོགས་པའི་དབང་དུ་བྱས་ནས། ཐོབ་པ་དང་མངོན་པར ་རྟོགས་པ་ཞེས་གསུངས་ཏེ། ཐོབ་པ་ནི་རྙེད་པ་དང་ལྡན་པའོ།། མངོན་པར་རྟོགས་པ་ནི་ཁོང་དུ་ཆུད་པའོ།། དེ་ལ་ཐོབ་པ་ནི་འདིས་ས་དང་པོ་ལའོ།། མངོན་པར་རྟོགས་པ་ནི་ལྷག་མ་དགུ་ལ་སྟེ། མཉམ་པར་བཞག་པའི་དུས་སུ་ཆོས་ཉིད་ལ ་དམིགས་པ་མ་ཡིན་ཞེས་བྱའོ།། དེ་ལ་ཆོས་ཉིད་ལ་དམིགས་པས་ན་དག་པའོ།། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པར་བྱེད་པས་སྙིང་པོ་ཡོད་པའོ།། དེ་ཉིད་རྒྱས་པར་བཤད་པའི་ཕྱིར། ཆོས་ཐམས་ཅད་སེམས་མེད་ཅིང་ཞེས་བྱ་བ་ལ་སོགས ་བ། གསུངས་ཏེ། ཐོབ་པ་དོན་དམ་པ་མྱ་ངན་ལས་འདས་པའི་རང་བཞིན་བསྟན་པ་ནི། སྔར་བསྟན་པ་དེ་ཉིད་ཐ་སྙད་གཞན་གྱིས་དམིགས་སུ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ནི་གཞལ་བར་བྱ་བའི་མཚན་ཉིད ་གཟུགས་ལ་སོགས་པའོ།། ངོ་བོ་ཉིད་ཀྱིས་སྟོངས་པས་ན་དམིགས་སུ་མེད་པའོ།། སེམས་ལ་སོགས་པ་དང་བྲལ་བས་ན་སེམས་མེད་པའོ།། དེ་གང་ཞེ་ན། དྲི་བ་སྔོན་དུ་བཏང་ནས་དབྱིངས་གང་སེམས་མ་འཆིས་པ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དབྱིངས་ནི་ཁམས་ཏེ་རྒྱུའི་དོན་ཏོ་གང་བསྐྱེད་ཅེ་ན། མྱ་ངན་ལས་འདས་པའི་རང་བཞིན་ནི་སེམས་མ་མཆིས་པའོ།། ཚད་མེད་པས་ན། སེམས་འགྲོ་བ་མ་ལགས་པ་སྟེ། དམིགས་པ་ནི་རྒྱུ་ཆུང་བའི་ཕྱིར་ཚད་ཡོད ་པའོ།། དཔག་པ་ནི་གཞལ་བ་སྟེ་ཚད་མའི་ཡུལ་དུ་བྱ་བའོ།། བསམ་པ་ནི་ཐ་སྙད་འདོགས་པ་སྟེ་དེ་དག་དང་བྲལ་བས་མ་ལགས་པའོ།། འོ་ན་དབྱིངས་གང་ཞེས་དྲིས་པའི་མཚན་ཉིད་བསྟན་གྱི། བསྐྱེད་བྱ་མ་བསྟན་ན་ཅིའི་ཕྱིར་འབྲས ་བུའི་མིང་གིས་གདགས་ཞེ་ན། སེམས་ཉིད་ཅེས་གསུངས་ཏེ། འཁོར་བའི་རྒྱུ་ནི་གང་ཡིན་པ། དེ་ཉིད་སྦྱང་བར་བྱས་པ་ལས།། དག་པ་དེ་ནི་མྱ་ངན་འདས།། ཆོས་ཀྱི་སྐུ་ཡང་དེ་ཉིད་དོ་ཞེས་སྡེར་བཤད་པ་ལྷོར་རྒྱུ་ཡང་དེ་ཉིད་ལོས་འབྲས་བུ ་ཡང་དེ་ཉིད་དོ་ཞེས་བསྟན་ཏོ།། དེ་ནི་འཐད་པ་མ་ཡིན་ཏོ།། སེམས་ཅན་དང་སངས་རྒྱས་དག་ཐ་མི་དད་པར་འགྱུར་རོ་ཞེས་དེ་ཅིའི་ཕྱིར་ཞེ་ན་ཞེས་རྒོལ་བ་ལ། ལཱྀ་ནི་ཆོས་ཉིད་དུ་ནི་འདོད་པ་ཁོ་ན་ཡིན་ལ། ཀུན་རྫོབ་ཏུ་ནི་དབུལ་མོའི ་ཁྱིམ་གྱི་རིན་པོ་ཆེ་ལྟརྱ་མ་བསྒྲུབས་པས།། མ་རྟོགས་པར་ཟད་པ་ཞེས་བྱ་བ་ནཽ། སེམས་ལ་ཞེས་བྱ་བ་ལ་སྩོགས་པའོ།། དེ་ལོ་སེམས་ནི་འཁོར་བ་པའི་སེམས་སོ།། སེམས་མ་ཡིན་པ་ནི་རྣམ་པར་བྱང་བའི་སེམས་ཏེ། ཀུནྡ ་གཞི་ལ་སོགས་པ་ཡོངས་སུ་གྱུར་པ་རྣམས་སོ།། འོ་ན་པ་མི་དད་པ་ཉིད་ཀྱིས་ཐམས་ཅད་གྲོལ་བའམ་མི་གྲོལ་བ་ཉིད་དུ་ཇི་ལྟར་མི་འགྱུར་ཞེ་ན། སེམས་ཉང་སེམས་མ་ལགས་པ་ཞེས་གསུངས་ཏེ། མི་རྟག་པ་ཉིད་དང་ཅིག ་ཅར་མི་སྐྱེ་བ་ཉིད་ཀྱིས་ད་ལྟར་གྱི་སེམས་ནི་མ་འོངས་པའི་སེམས་ཉིད་མ་ཡིན་ཞེས་བྱ་སྟེ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནི། མཚན་ཉིད་མི་འདྲ་བའི་ཕྱིར་རོ།། འོ་ན་དེ་ཉིད་ཅི་ལྟར་འཕང་ཅེ་ན། མ་ཡིན་ཏེ། ་འཁྲུལ་པ་དང་མ་འཁྲུལ་པའི་དབྱེ་བ་ཐ་དད་ཀྱིས་སེམས་ཀྱི་ཆོས་ཉིད་ཐ་དད་པ་མེད་དོ་ཞེས་སེམས་ནི་ངོ་བོ་ཉིད་ཀྱིས་མ་མཆིས་པའོ་ཞེས་གསུངས་ཏེ། ཀུན་ནས་ཉོན་མོངས་པ་ནི་འཁྲུལ་པ་ཡིན་པས་ངོ་བོ་ཉིད་ཀྱིས་ཏེ། རིགས་པས ་མ་གྲུབ་པའོ།། འོ་ན་རྣམ་པར་བྱུང་པོ་ཅི་ལྟར་འགྲུབ་ཅེ་ན། སེམས་ཅི་ལྟ་བ་བཞིན་པས་ཞེས་གསུངས་ཏེ། གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱིས་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དང་བྲེལ་བ་ཉིད་རང་རིག་པའི་སེམས་འོད་གསལ ་བ་རྒི་ཛཱ་ལྟ་བ་བཞིན་ནོ།། སེམས་མ་མཆིས་པ་ནི་དེ་དང་བྲལ་བའི་རང་རིག་པའོ།། དེ་ཉིད་ཚུ་རོལ་མཐོང་བ་བས་མི་ཤེས་པས་ན། བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ། མདོར་ན་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། རང་རིག་པ་འོད་གསལ ་བྷའི་ཉིད་རྟོགས་པ་ཡིན་པར་ཤེས་རབ་ཀྱིས་སྤྱོད་པའོ།། དེ་ཐོབ་པར་བྱེད་པ་གང་ཞེ་ན། ཐོབ་བྱེད་ལམ་གྱི་མཚན་ཉིད་བསྟན་པ་ནི་ཡང་མདོ་དེ་ཉིད་ལས་ཞེས་མཚམས་སྦྱོར་ཏེ། སྔར་བསྟན་པའི་མྱ་ངན་ལས་འདས་པ་དེ་ནི་དམིགས་པ ་མེད་པ་ཉིད་བསྒོམས་པས་འཐོབ་པོ་ཞེས་བྱ་བའོ།། དེའི་ཕྱིར་སྤོང་བའི་ཚུལ་གྱིས་སླར་དྲོ་བ་ནི།། ཁྱོད་ཀྱིས་ནས་གསུངས་ཏེ། སེམས་ཅན་ལ་སོགས་པར་དམིགས་པ་ནི་འཆིང་བ་ཡིན་ན་ཅི་ལྟར་དེའི་དོན་དུ་ཞུགས་ཞེས་རྒོལ་བའོ།། ་ལན་ནི་དོན་དམ་པའི་ཀླན་ཀ་ལ་ཀུན་རྫོབ་ཀྱིས་ལན་གདབ་པར་ནི། དམིགས་པ་ལ་བརྟེན་ནས་ཞེས་བྱ་བ་ནི་ཤུགས་ཀྱིས་འཕངས་ནས། འདིར་ཁས་ལེན་པའི་ཚུལ་གྱིས་གསོལ་པ་ཞེས་གསུངས་པ་ཡིན་ཏེ། མི་དམིགས་པ ་དང་འགལ་ཞེས་བྱ་བ་ནི། ཤུགས་ཀྱིས་ཕྱོགས་སྔ་མ་ཡིན་ཏེ། སེམས་ཅན་གྱི་དོན་དུ་ཞུགས་ཏེ། སྔར་བཤད་པ་ལྟར་སེམས་བསྐྱེད་ནུས། དེ་མི་དམིགས་ན་ཅི་ལྟར་དོན་བྱེད་ཅེས་སེམས་པའོ།། ལན་ནི་དོན་དམ་པའི་སྒོ་ནས་བྲི་བ་འམ། ཞེས་པ་ལ་སོགས་པས ་གསུངས་ཏེ། བཅོམ་ལྡན་འདས་ཉིད་ཀྱིས་དང་པོ་སེམས་བསྐྱེད་ནས། ཐ་མ་མཛད་པ་རྫོགས་ཀྱི་བར་དུ། སེམས་ཅན་བསྒྲལ་ཡང་འཁོར་བ་ལ་འབྲི་བ་འམ་མྱ་ངན་ལས་འདས་པ་ལ་གང་བ་མ་གཟིགས་པ་ལྔར་ཞེས་བྱ་བའོ།། རྣམ་གྲངས་གཞན་ཡང་ཆས ་ཆོས་ཉིད་ལ་ཟང་པ་མེད་པས་ཞེས་ཀྱང་བཤད་པར་བྱའོ།། ཀུན་རྫོབ་ཏུ་སོ་སོའི་རྒྱུད་ནི་དེར་འགྱུར་གྱི། སྤྱི་ནི་མ་ཡིན་ནོ་ཞེས་ཀྱང་བཤད་པར་བྱའོ།། དེའི་ཕྱིར་མི་ཟད་པའི་དཔེ་ནི། མམཁའ་ཞེས་གསུངས་ཏེ། གཉེན་པོ་མེད་པའི་ཕྱིར་རོ།། དེས་སྔ ་བཤད་པ་ལྟར་སྟོང་པ་ཉིད་དུ་ཐམས་ཅད་འདུས་པས་ཆོས་ཐམས་ཅད་ནི་བྱང་ཆུབ་པའོ།། ཞེས་གསུངས་ཏེ། ཆུ་ཁམས་གསེར་དང་ན་མཁའ་རྣམས།། དག་པ་བཞིན་དུ་དག་པར་འདོད།། ཞུགས་པ་དང་སྦྱར་བ་ནི་རྣམས་གྲངསུ་རིག་པར་བྱའོ།། དེ ་ལྟར་ཁས་ལེན་པས་མཇུག་བསྡུད་པ་ནི་དེའི་སླད་དུ་ཞེས་གསུངས་པའོ།། འོ་ན་སེམས་ཅན་གྱི་དོན་དུ་ཞུགས་པ་ཉིད་ཉམས་སོ་ཞེ་ན་ལ་ནི་སེམས་ཅན་ཞིག་མཆིས་ན་ནི་ཞེས་གསུངས་ཏེ། ཆོས་ཉིད་དུ་ན་མེད་པའི་ཕྱིར་ཞེས་བྱ་བའོ།། དེ་ཉིད་ལྡོག ་པའི་སྒོ་ནས་ནི་འགྱུར་ན་ཞེས་བྱ་བའོ།། རྗེས་སུ་འགྲོ་བའི་སྒོ་ནས་མ་མཆིས་པས་སོ་ཞེས་གསུངས་སོ།། རིགས་པ་གང་གིས་ཞེ་ན། དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དང་། མི་འགལ་ཞེས་གསུངས་མ་སྐྱེས་པའི ་ཕྱིར་ཞེས་བྱ་བའོ།། ཆོས་ཅན་མེད་པ་ལ་ཆོས་ཉིད་མི་འཐད་པས་ནི་ཞེས་བྱ་བ་སྟེ། མེད་པ་ལ་ཐར་པ་དང་བཅིངས་པ་མི་འཐད་ཅེས་བྱའོ།། སྔར་བཤད་པའི་རྟེན་ཅིང་འབྲེལ་པཱཪྵ་འབྱུང་བ་དང་། ཅི་ལྟར་མི་འགལ་ཞེ་ན། ངོ་བོ་ཉིད་མ་མཆིས་པར ་ཞེས་བྱ་བ་ལ་སོགས་པ་ལ་འཇུག་གོ།། ཞེས་གཞན་དག་ཟེར་རོ།། ལ་ལ་ནི་གང་ཡོད་པ་དེ་ལ་ཁྱད་པར་གྱིས་ཆོས་འཐང་དེ། མེད་པ་ལ་ཁྱད་པར་མེད་པས་མི་འཐད་པ་ནི་རིགས་ལ་སེམས་ཅན་ཡང་མེད་པས་ཞེས་བྱ་བ་ནི། སྔར ་བཤད་པའི་རྟེན་ཅིང་འབྱུང་བ་སྟེ། རྒྱུ་རྐྱེན་གྱི་འཕང་པ་དང་། མི་འགལ་བ་ནི། འོ་ན་སྐྱེ་བ་ལ་སོགས་པ་དམིགས་པསོ་ཞེ་ན། དོན་དམ་པར་ཞེས་པ་ཁ་བསྐང་བ་ནི། མ་མཆིས་པའོ་ཞེས་བྱ་བ་ལ་སོགས་པའོ།། དོན་ངོམ་པར་སྐྱེ་བ ་ལ་སོགས་པ་མེད་ཀྱང་། ཀུན་རྫོབ་ནི་ཅི་ལྟར་གནས་སོ་ཞེས་བསྟན་པ་ནི། བརྟེན་ནས་འབྱུང་བའི་དོན་ཏོ་ཞེས་བྱ་བའོ།། དེ་ལྟ་བས་ནི་ཤེས་རབ་དང་ལྡན་པ་ནི་མེད་པ་ལ་སྒྲོ་འདོགས་པ་དང་ཡོད་པ་ལ་སྐུར་པཱ་གང་ཡང་མི་བྱེད་དྱོ ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཞེས་གསུངས་ཏེ། ཤེས་བྱ་རྣམས་ནི་འགལ་བའི་དོན་དུ་སྣང་བས་ན་རིགས་པས་བརྟགས་ན་མེད་པ་ཉིད་འཁྲུལ་པའི་ཤིས་པ་ལ་སྣང་བས་ན། མེད་པ་ལ་སྣང་བ་ནི་མ་མཆིས་པའི་དོན་ནི་ཞེས་བྱ་བའོ།། ། ་མེད་པ་ལ་སྣང་བས་འཁྲུལ་པ་ཡིན་པས་ན། ཡང་དག་པར་མི་འཛིན་པ་ནི། མཁས་པ་རྣམས་ནི་ཞེས་བྱ་བ་སྟེ། སྒྱུ་མ་བྱེད་པ་དེའི་མཚན་ཉིད་ཤེས་པ་ལྟ་བུའོ།། དེའི་ཕྱིར་བརྟེན་ནས་སྐྱེས་པ་རང་གི་དངོས་མ་སྐྱེས། ཞེས་འཐད་པར་འགྱུརརོ ་དེ་ལྟར་རྟོགས་པ་ལ་ཕན་ཡོན་ཅི་ཡོད་ཅེ་ན། ཕན་ཡོན་ནི་གང་ལ་རྣམ་པར་མི་རྟོག་པ་དེ་ལ་ཞེས་གསུངས་སོ།། འདས་པ་དེ་རྣམས་ཀྱི་དཔེ་གང་ཞེ་ན་དཔེར་ན་ཞེས་གསུངས་ཏེ། མོད་པ་ལ་ཡོད་པར་ལྟ་བ་ནི་ལོག་པར་ལྟ་བ་ཡིན་ནོ་ཞེས ་བྱ་བའོ།། འདིས་ཇི་ལྟར་བསྟན་ཅེ་ན། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་ནི་ཐབས་ཀྱིས་ཟིན་པའི་སྟོང་པ་ཉིད་སྒོམ་པ་ཡིན་ལ། དེར་འཕགས་པ་རྣམས་གཤེགས་པས་ན་ལམ་ཞེས་བྱ་བའོ་ཞེས་བཤད་དོ།། དེ་ལྟ་བུའི་ལམ་དེ ་གང་གིས་རྟོགས་ཞེ་ན་སྤྱོད་པའི་བདག་ཉིད་ཀྱིས་སོ་ཞེས་ཤེས་རབ་ཀྱིས་རང་བཞིན་བསྟན་པ་ནི། ཡང་མདོ་དེ་ཉིད་ལས་ཞེས་གསུངས་ཏེ། ངོ་བོ་ཉིད་དང་། བྱེད་པ་དང་། ཕན་ཡོན་ཡང་རིག་པར་བྱའོ།། དེ་ལ་ཤེས་རབ་ཀྱི་ངོ་བོ་ཉིད ་ནི་རབ་ཏུ་རྣམ་པར་འབྱེད་པ་སྟེ། ཅེ་ལྟར་འབྱེད་ཅེ་ན། གསལ་བར་བྱེད་པ་སྟེ། མ་མཐོང་བ་རྟོགས་པར་བྱེད་པའོ།། དེའི་ཕྱིར་དྲི་བ་སྔོན་དུ་སོང་བའི་ལམ་ནི། སོ་སོར་རྟོགས་པ་གང་ཆོས་ལ་ཡང་ཐ་དད་པ་ཟེར་རམ། མི་བགྱིད ་ལ་གཅིག་ཏུ་ཡང་མི་བགྱིད་དོ་ཞེས་གསུངས་ཏེ། དོན་དམ་པར་ཆོས་རྣམས་རོ་གཅིག་པར་རྟོགས་པས་ཐ་དད་པ་མི་བྱེད་པའོ།། ཀུན་རྫོབ་སྣ་ཚོགས་པས་གཅིག་ཏུ་མི་བྱེད་པ་སྟེ། དེ་ལ་ཐ་དད་པ་ནི་དངོས་པོར་སྒྲོ་འདོགས་པའོ།། ། ་གཅིག་པ་ནི་མེད་པར་སྐུར་བ་ཉིད་དེ་གང་ལ་དེ་གཉིས་མེད་པར་ཤེས་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་མི་འགྱུར་བ་དང་། ཕྱིན་ཅི་མ་ལོག་པར་རྟོགས་པའོ།། འོ་ན་ཤེས་རབ་ཉིད་ནི་ཅི་འདྲ་ཞེ་ན། ཡང་དག་པར་སོ་སོར ་རྟོགས་པ་མ་མཆིས་པའི་ཚིག་བླ་དགས་ཞེས་གསུངས་ཏེ། ཤིང་གཉིས་དྲུད་པའི་མེས་ཤིང་ཉིད་ཚིག་པ་ལྟར་སྦྱོང་པ་ཉིད་ཀྱིས་དཔྱད་ན་དེ་ཉིད་ཀྱང་མི་དམིགས་སོ་ཞེས་བྱ་སྟེ། འདི་ནི་ཆོས་རྣམ་པར་འབྱེད་པའི་ངོ་བོ་ཉིད་དོ།། དེའི ་བྱེད་པ་བསྟན་པ་ནི་སོ་སོར་རྟོགས་པ་ལ་བརྟེན་ཏེ་ཞེས་གསུངས་ཏེ། ཅི་ལྟར་འཛིན་པ་དེ་ལྟར་ཀུན་ནས་ཉོན་མོངས་བསྟན།། བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བས་གསུངས།། དེ་ལ་གང་ཡང་ཉོན་མོངས་རྣམ་དག ་འགྱུར་མེད་པར།། བྱང་ཆུབ་སེམས་དཔའ་ཤེས་རབ་ཕ་རོལ་ཕྱིན་འདི་རྟོགས།། ཞེས་ཐ་དད་དུ་འཛིན་པ་སྤོང་ངོ་ཞེས་བསྟན་པའོ།། འོ་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་བཞག་པ་དང་། འགལ་ཞེས་དེ་ཅིའི་ཕྱིར། ་ཞེ་ན་ཞེས་རྟོག་པ་ལ། ལན་ནི་རྣམ་པར་བཞུག་པའི་ཤེས་པ་ལྷོ་མི་དམིགས་པ་ནི་ཆོས་ཉིད་དོ་ཞེས་དོན་དམ་པས་ལན་གདབ་པ་ནི་རྗེ་སུ་མི་མཐོང་ཞེས་གསུངས་སོ།། ཆོས་ནི་ཀུན་ནས་ཉོན་མོངས་པ་ལ་སོགས་པའོ།། ། ་འགྱུར་བ་ནི་བྱེད་པ་ཉིད་ངོ་བཅིངས་པ་དང་གྲོལ་བ་ཞེས་སྦྱར་རོ།། ཤེས་རབ་ཀྱིས་འཇལ་བའི་ཕན་ཡོན་ནི། སོ་སོར་རྟོག་པ་ལ་བརྟེན་ནས། རིགས་ཀྱི་བུ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བ་དང་མྱ་ངན་ལས་འདས ་བ་མཉམ་པར་རྟོགས་པར་འགྱུར་རོ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ཐམས་ཅད་ཟད་པའི་གྲོལ་བ་ཐོབ་པོ་ཞེས་བཤད་པ་ཡིན་ནོ།། གཟུང་བའི་དབང་དུ་བྱས་ནས། ཆོས་གང་ལ་ཡང་ཞེས་གསུངས་སོ།། འཛིན་པའི་དབང་དུ་བྱས་ནས ་གང་གིས་ཞེས་གསུངས་སོ།། དེ་ཡང་མཉམ་པར་བཞག་པའི་དབང་དུ་བྱས་ནས། འཛིན་པ་ཡང་ཞེས་གསུངས་སོ།། དེ་ལྟ་བུའི་ཤེས་རབ་དེས་ཡུལ་གང་ལ་འཇལ་ཞེ་ན་དེའི་དམིགས་པ་བསྟན་པ་ནི། ནད་གཞིའི་དེ་གང་ཞེ་ན་ཞེས ་གསུངས་ཏེ། ནད་ནི་ཉོན་མོངས་པའི་མིང་གི་རྣམ་གྲངས་སོ།། གཞི་ནི་དེ་བསྐྱེད་པའི་ཡུལ་ལོ།། ལྷག་པར་དམིགས་པ་ཞེས་བྱ་བ་ནི། མེད་པ་ལ་ཡོད་པར་ཞེན་པའི་མིང་སྟེ། ལྷག་པ་ནི་སྒྲོ་འདྲོགས་པའི་ཐ་ཚིག་གོ།། ཡུལ་ཉིད་གང་ཞེ ་ན། ཁམས་གསུམ་ཞེས་བྱ་སྟེ། འདོད་པ་ལ་སོགས་པ་ལ་ཞེན་ཅེས་བྱའོ།། དེ་ལྟར་ཀུན་ཏུ་འཇུག་པའི་དམིགས་པ་བསྟན་ནས། ལྡོག་པའི་དམིགས་པ་ནི། གཞི་ཡོངས་སུ་ཤེས་པ་ཞེས་བྱ་སྟེ། གང་ཟག་དང་ཆོས་སུ་ལྟ་བ། ་སྤོང་བ་ནི་ཉོན་མོངས་པ་སྤངས་པསྟེ་འཁོར་བ་ལས་ལྡོག་པའོ།། ལྷག་པར་མི་དམིགས་པ་ནི་སྒྲོ་མི་འདོགས་པའོ།། ལྡོག་པའི་ཡུལ་བསྟན་པ་ནི་འདི་ལྟ་སྟེ། བདག་ཏུ་ལྟ་བ་དང་ཞེས་བྱ་བ་ལ་སོགས་ཏེ།། བདག་ཡོད་ནི་ནི ་གཞན་དུ་ཤེས།། བདག་གཞན་ཆ་ལ་འཛིན་དང་སྡང་།། འདི་དག་དང་ནི་ཀུན་འབྲེལ་ལས།། ཉེས་པ་ཐམས་ཅད་འབྱུང་བ་ཡིན་ཞེས་བྱ་བའི་ཚུལ་གྱིས་སོ།། དེ་ལྟར་གང་ཟག་ཏུ་ལྟ་བ་ལྡོག་པའི་ཡུལ་དུ་བསྟན་ནས། ཆོས་སུ་ལྟ་བ ་ཡང་སྤང་དགོས་པས་གཟུགས་ཉིད་ཅེས་གསུངས་ཏེ། ཕུང་པོ་ལྔ་ལ་སོགས་པའི་ཆོས་ཉིད་མི་དམིགས་པར་སྒྲོ་མི་འདོགས་པ་ནི། རང་བཞིན་སྟོང་པའོ་སྣང་བ་ཙམ་དུ་མི་འོག་པས། སྐུར་པ་འདེབས་པ་ནི ་བཤིག་པས་སྟོང་པ་མ་ཡིན་པ་སྟེ། ཡོད་པ་འཇིག་པ་ནི། ལོག་པར་ལྟ་བ་ཡིན་པའི་ཕྱིར་རོ།། ཆོས་ཅན་ལ་ཆོས་ཉིད་ཐ་དད་པ་མ་ཡིན་པས་ཉིད་ཅེས་གསུངས་སྟེ། དེ་ལྟར་རྟོགས་པའི་ཕན་ཡོན་ནི་གཉིས་སུ་མེད་པར་འཇུག་གོ ་ཞེས་བྱ་བ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པོ་ཞེས་བྱ་བའོ།། དེ་ལ་ཤེས་པ་ནི་ཐོས་པ་དང་བསམ་པའི་ཤེས་རབ་ཀྱིས་སོ།། རིག་པ་ནི་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་སོ།། དེ་ལྟར་ཆོས་ཐམས་ཅད་གཏན་ལ་ཕབ ་ནས་དེ་བསྒོམ་པའི་ཐབས་བསྟན་པ་ནཱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཞེས་གསུངས་ཏེ། དྲི་བ་སྔོན་དུ་བསྟན་པས་ལན་བསྟན་པ་ནི། གཟུགས་ལས་མི་སྤྱོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཉམ་པར་བཞག ་བ་ལ་མི་རྟོག་པའི་ཕྱིར་ཆོས་ཅན་མི་དམིགས་པའོ།། ཆོས་ཀྱི་ཁྱད་པར་ནི་མཚན་མ་སྟེ། སྔོན་པོ་དང་རིང་པོ་ལ་སོགས་པའོ།། བྱེ་བྲག་ནི་རྟག་པ་ལ་སོགས་པ་སྟེ། མཐའ་གཉིས་དང་བྲལ་བར་བསྟན་པ་ནི། ཐེག་པ་ཆེན་པོ ་གང་དུའང་མི་གནོས་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའི་མཐོང་བའི་ལམ་ནི་མཉམ་པར་བཞག་ལ། སྐད་ཅིག་མ་གཅིག་ཏུ་བསྟན་པའི་ཕྱིར་རོ།། དེ་ལ་རྟག་པ་མ་ཡིན་པ་ལ་སོགས་པ་ནི། བདེན་པ་བཞིའི་རྣམ་པ་རྣམས་ཏེ། ་སྐད་ཅིག་ཏུ་འཇིག་པ་དང་ལྡན་པར་རྟག་པར་མ་ཡིན་ནོ།། འདྲ་བར་འབྱུང་བས་མི་རྟག་པ་མ་ཡིན་ནོ།། ཡང་ན་ཀུན་ཏུ་བརྟགས་པ་དང་གཞན་གྱི་དབང་ནི་མེད་པ་དང་འགྱུར་བས་རྟག་པ་མ་ཡིན་ནོ།། ཆོས་ཉིད་ཀྱིས་གཟུགས་ནི་སྔ ་མ་པོ་མེད་པས་མི་རྟག་པ་མ་ཡིན་པའོ།། ཡང་ན་ཀུན་ནས་ཉོན་མོངས་པའི་གཟུགས་ནི་རྟག་པ་མ་ཡིན་པའོ།། ལྷག་མ་རྣམས་ཀྱང་ཇི་ལྟར་རིགས་པར་དེ་ཁོ་ན་བཞིན་བརྗོད་པར་བྱའོ།། དེ་ལྟར་མི་སྤྱོད། ཇི་ལྟར་སྤྱོད་ཅེས་ཅིའི ་ཕྱིར་ཞེ་ན་ཞེས་རྒོལ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ནི་མཐའ་གཉིས་དང་བྲལ་བར་བསྒོམ་དགོས་ལ། དེ་ན་མི་གནས་ཞེས་བསྟན་པ་ནི། གཟུགས་ཀྱི་སྟོང་པ་ཉིད་སྤྲོས་པ་དང་བ་དེ་ནི་དངོས་པོར་ལྟ་བ་སྒྲོ་འདོགས་པའི ་ངོ་བོ་མ་ཡིན་ལ། ཡོད་པའི་གཟུགས་སྣང་བ་ལ་མེད་པར་སྐུར་པ་མི་འདེབས་པས། མཐའ་གཉིས་དང་བྲལ་བ་ནི། གཟུགས་ཀྱིས་ཞེས་བྱ་བ་ལ་སོགས་པའོ།། དེ་ཉིད་བསྡུ་བ་ནི། གཟུགས་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ།། ་མཐའ་གཉིས་སྤོང་བའི་དགོས་པར་བསྟན་ཏོ།། དེ་ལྟར་མཉམ་པར་བཞག་པ་ལ་མྱི་རྟོག་པ་བསྒོམ་པ་ནི། ལངས་པའི་ཚེ་སྒྱུ་མ་དང་། སྨིག་སྒྱུ་ལ་སོགས་པ་བསྒོམ་པ་སྟེ། རྣམ་པར་མི་རྟོག་པ་ལ་འཇུག་པ་ལས། ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཆོས་ཐམས་ཅད་ན་མཁའི་དཀྱིལ་ལྟ་བུར་མཐོང་ལ། རྗེས་ལས་ཐོབ་པ་ནི། སྒྱུ་མ་ལ་སོགས་ཀྱི་མིང་ལྟ་བུར་ཡོངས་སུ་ཤེས་སོ།། ཞེས་གསུངས་པས་དེའི་ཕྱིར་སྣང་ཡང་ངོ་བོ་མེད་པ་དང ་དངོས་པོ་མེད་ཀྱང་སྣང་བའི་ཕྱིར་དེ་སྤྱོང་ངོ་ཞེས་ཀྱང་ཁས་མི་ལེན་ཅེས་བྱ་བ་ལ་སོགས་པ་སྟེ་དངོས་པོར་སྣང་བ་ཙམ་གྱིས་མི་སྤྱོད་པ་ཁས་མི་ལེན་ལ་སྣང་བ་རང་བཞིན་དང་བྲལ་བས་སྤྱོད་པར་ཁས་མྱི་ལེན ་པའོ།། དེའི་ཕྱིར་ཆོས་ཉིད་ལ་བལྟོས་ཏེ་འོག་མར་བཤད་པ། འཁྲུལ་པ་ལ་བལྟོས་ཏེ། གོང་མར་བཤད་པའོ།། སྒྲུབ་པ་དང་དགགི་པའི་ཕུང་པོ་གསུམ་པོ་ཡང་དེ་ཁོ་ན་ལྟར་ཡི་ནི་ཏེ། སྤྱོད་པ་དང་མི་སྦྱོང་བའི་སྒྲུབ་པའི་ཕུང་པོ་དང་པོ ་ནི། གོང་མ་དང་འོག་མར་རིམ་པར་སྟོན་ལ། དགག་པ་གཉིས་པར་ནི་རིམ་པ་ལས་བཟློག་པར་བསྟན་ཏེ། དེའི་རྒྱུ་མཚན་ནི་དངོས་པོ་མེད་པ་སྟེ། ཆོས་ཉིད་ལ་བཞག་གོ་ཞེས་བྱའོ།། དེས་ན་སྒྱུ་མ་དང་ཆོས་མཐུན་ཏེ། མེད ་ཀྱང་སྣང་བ་ཞེས་བྱའོ།། དེ་ལྟར་ཟབ་མོ་བསྒོམ་པའི་ཐབས་བསྟན་ནས། དེ་ཉིད་ཀྱི་ཐབས་ལ་མཁས་པ་བསྟན་པ་ནི། ཡང་ཞེས་གསུངས་ཏེ། བཅོས་མ་དང་བཅོས་མ་མ་ཡིན་པ་ལ་མ་བས་པར་བྱ་བའི་དམིགས ་པ་བསྟན་པ་ནི། གོལ་བའི་ལམ་ལས་བཟློག་པའི་ཕྱིར་རོ།། དེ་ལ་སྤང་བྱ་ལ་མཁས་པར་བྱ་བའི་ཕྱིར། འདི་ལ་ཞེས་གསུངས་ཏེ། ནང་གི་མུ་སྟེགས་འགའ་ཞིག་མྱེད་པའི་དངོས་པོ་རྡུལ་ཕྲ་རབཱི་འབྱར་བ་ལ ་སོགས་པ་འདོད་ཅིང་།། དེ་དག་སྐད་ཅིག་ལ་སོགས་པས་མི་རྟག་པར་ལྟ་བ་ཞེས་བྱ་བའོ།། བློང་བྱ་ལ་མཁས་པ་ནི་དེ་ལ་ཞེས་པ་ལ་སོགས་པ་སྟེ། གཏན་ཚོགས་བཀོད་པ་ནི་གཟུགས་ནི་ཞེས་བྱ་བ་ལ ་སོགས་པའོ།། དེའི་དོན་ནི་ཀུན་བརྟགས་ལ་སོགས་པ་མཚན་ཉིད་ལ་སོགས་པ་ངོ་བོའི་ཉིད་མེད་པར་བསྒོམ་པ་ནི། བསྒོམ་པ་དམ་པའོ་ཞེས་བཤད་པར་བྱའོ།། དེས་ཀྱང་བདེན་པ་ཟུང་དུ་འཇུག་པར་བྱ ་དགོས་པས་ན་ཡང་ཞེས་གསུངས་ཏེ། ཤིན་ཏུ་མི་འདའ་ཞེས་རང་རིག་ཙམ་ཡང་མེད་པར་ལྟ་བ་ནི་སྐུར་བྱ་ཡིན་པས་སོ་ཞེས་བྱ་བའོ།། མ་གནས་ཤིག་ཅེས་བྱ་བ་ནི། གཟུང་བ་དང་འཛིན་པར་མ་ཞེན་ཅིག་ཅེས ་བྱ་བའོ།། དེའི་རྒྱུ་མཚན་ནི་འདི་ལྟར་གསུངས་ཏེ། ཆོས་ཐམས་ཅད་ནི་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའོ།། ངོ་བོ་ཉིད་ཀྱི་སྟོང་པ་ཉིད་ནི་མཚོན་ཉིད་དང་། སྐྱེ་བ་དང་། དོན་ངེས་པར་ངོ་བོ་ཉིད ་མེད་པ་སྟེ། རྒྱ་རྣལ་བ་བྱམས་པའི་ཞལ་སྔ་ནས། ངོ་བོ་ཉིད་ནི་རྣམ་གསུམ་གྱི།། ངོ་བོ་ཉིད་ནི་རྣམ་གསུམ་ལ།། དགོངས་ནས་ཆོས་རྣམས་ཐམས་ཅད་ནི། རང་བཞིན་མེད་པ་ཉིད་དུ་བསྟན།། ཅེ་ས་གསུངས་སོ།། དངོས་པོ་མེད ་པ་ནི། ཆོས་ཉིད་དེ་ཀུན་པོརྟགས་ལ་སོགས་དབེན་པས་ན། རྒྱལ་བ་བྱམས་པའི་ཞལ་སྔ་ནས་འབྱུང་ལ། རབ་ཏུ་བྱེད་པ་སུམ་ཅུ་པ་ལས་ཀྱང་། གྲུབ་ནི་དེ་དང་སྔ་མའོ།། རྟག་ཏུ་མེད་པར་འགྱུར་ཏེ་ཉིད་ཅེས་གསུངས་ལ། དེ ་བཞིན་དུ་གཉིས་པོ་མེད་པའི་ཕྱིར་བཤད་དོ་ཞེས་ཀྱང་གསུངས་སོ།། ཤེས་རབ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། ཡེ་ཤེས་ནི་མཉམ་པར་བཞག་པའི་དུསུ་ཆོས་ཉིད་ལ་དམིགས་པས་ན། བོར་བ་དང་ཞི་བའི་དབང་དུ་བྱས ་ནས་དོར་བ་དང་བླང་བ་མེད་པའོ།། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱུང་བའི་དབང་དུ་བྱས་ནས་དགག་པ་དང་བསྐྱེད་པར་བྱ་བ་མེད་པ་སྟེ། འཕགས་པ་བྱམས་པས་ཤེས་རབ་ནི་དོན་དམ་པ་ལ་དམིགས་དུའོ་ཞེས ་གསུངས་སོ།། དེ་ལྟར་ཐབས་ལ་མཁས་པ་བསྟན་ནས། དེ་ནི་ཟབ་མོའི་དོན་དེ་ཉིད་ལ་འགའ་ཞིག་རྩོད་པར་རྩོམ་པ་ན། ཇི་ཙམ་གྱིས་ན་ཞེས་བྱ་བ་ལ་སོགས་པ་སྟེ། དམིགས་པ་དང་། ལམ་དང་། འབྲས་བུ་དང་། ཐབྱས་དང་། འབྲས་བུའི་བྱེ་བྲག ་ལ་ལོག་པར་རྟོགས་པ་ཡིན་ཏེ། དེ་ལ་དམིགས་པ་ནི་གཉིས་ཏེ། སྤང་བར་བྱ་བའི་དམིགས་པ་དང་། བླང་བར་བྱ་བའི་དམིགས་པ་ལ་ལོག་པར་རྟོགས་པ་སྤང་བ་སྟེ། དང་པོའི་དབང་དུ་བྱས་ནས། སྔར་བཅོས་མ་ཉིད་དུ་བསྟན་པོས ་གཟུགས་ཉིད་ཀྱང་མེད་ན་རྟག་པ་ལྟ་ག་ལ་ཡོད་ཅེས་བསྟན་པས་མེད་པ་ཡིན་མ་འཁྲུལ་པའི་ག་ནི་མྱེད་པའི་ཕྱིར། དེ་སྟེ་འཕྱང་བར་བརྩད་པ་ནི་ཅི་ཙམ་གྱིས་ན། དམིགས་པ་ལྕགས་ཞེས་བྱ་བ་སྟེ། ཕོ་ཡོར་མེད་ནཱ་གང་ལ་འཁྲུལ་པའི ་ཡུལ་མེད་པ་དང་འདྲ་ཞེས་བསམས་པས་སོ།། དེ་བཞིན་དུ་མེད་པ་ཉིད་ལ་ཅི་ལྟར་དམིགས་ཞེས་བྱ་བའོ།། དམིགས་པའི་མངོན་དུ་སྤྱོད་བ་ལས་བཀགྶ་པཱ་ནི་མི་དམིགས་པ་ཡིན་ན་མེད་པ་ལ་ཆང་པ་ལ་ཚད་པ་ཉིད་ཇི་ལྟར་བཞག་པ ་དང་འདྲ་བར། ཆོས་ཅན་ཉིད་མེད་པའི་ཁྱད་པར་གྱིས་ཆོས་སེམས་པ་ནི། ངལ་བ་ཁོ་ན་ཡིན་ལོ་གཞན་ཏུ་ན་སྔ་མ་དོན་མེད་པ་ཁོ་ནའོ་ཞེ་ན། ལན་ནི་ཇི་ཙམ་དུ་ཞེས་གསུངས་ཏེ། མཐོ་ཡོར་མེད་ན་སྐྱེས་བུར་འཁྲུལ་པ་འམ། སྒྲ་བཤད ་འཛིངས་པ་རྟོགས་པ་ལྟ་བུར་མེད་པ་ལ་ཡོད་པར་ཞེན་པས་དམིགས་པ་ཡིན་ལ། དེ་བསལ་བ་ནི་མི་དམིགས་པ་ཡིན་པས། གཞན་དུ་ན་བདེན་པ་ཉིད་ལ་ལོག་པར་བྱས་པར་འགྱུར་བའི་ཕྱིར་རོ།། དེ་ནི་ཇི་སྲིད་འཁྲུལ་པ་མ་སྦྱངས་ཀྱི་བར་དུ ་གཉིས་སུ་དམྱིགས་པས། དེ་ལོག་པ་ཡིན་ལ་དེ་སྤངས་པའི་ཚེ་གཉི་སུ་སྣང་བའི་འཁྲུལ་པ་ལྡོག་པས་གཉིས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ཉིད་བཤད་པ་ནི་མྱིག་དང་ཞེས་བྱ་བ་ལ་སོགས་པའོ།། དེའི་ཕྱིར་མི་དམིགས་པ་ནི་རྣམ ་པར་བྱང་བའི་ངོ་བོ་ཉིད་ཡིན་ནོ་ཞེས་བཤད་པར་བྱའོ།། འོ་ན་དམིགས་པ་མཐའ་དྲག་བཀག་པས་ན། གལ་ཏེ་རྣམ་པར་བྱུང་བ་མི་དམིགས་པས་ནི་ངལ་བ་ཙམ་དུ་ཟད་དོ།། ཀུན་ནས་ཉོན་མོངས་པ་མི་དམིགས་ན་ནི་འབྱེད་པ་མེད་པར ་གྲོལ་བའི་ཕྱིར་ལ། གལ་ཏེ་སྤངས་པའི་ཕྱིར་ཉོན་མོངས་པ་མི་དམིགས་སོ་ཞེ་ན་ནི། སྤང་བྱ་མ་དམིགས་པའི་ཕྱིར་ཅི་ལྟ་གཉེན་པོའང་མི་དམིགས། གཉེན་པོ་མི་དམིགས་ན། སྤང་བྱ་ཅི་ལྟར་དམིགས། དེའི་ཕྱིར་སྤང་བྱ་དངོས་པོར་གྱུར་པ ་འམ། གཉེན་པོ་མེད་པར་ཐལ་བ་ནི། ཙི་ཞེས་རྒོལ་བའོ།། དེ་ནི་མ་ཡིན་ཏེ། འཁྲུལ་པ་ལ་འཁྲུལ་པར་ཤེས་ནོས་སུན་ཕྱུང་བ་གོམས་པ་ལས་རབ་ཀྱི་མཐར་ཐུགས་པའི་འབྲས་བུའི་དུས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར ་པ་ཐོབ་ཅིང་། དེའང་དམིགས་པ་ལ་སོགས་པར་རྟོགས་པ་གོམས་པ་ལ་ས་ཡིན་ནོ་ཞེས་བསྟན་པ་ནི། རབ་འབྱོར་ཅེས་གསུངས་ཏེ། དམིགས་པ་དང་ནི་མི་དམིགས་པ་མཉམ་པ་ཞེས་བྱ་བ་ནི། དམིགས་པ་མེད་ལ་བྱ་སྟེ། དམིགས ་བ་ནི་ཐར་པའི་རྒྱུ་མ་ཡིན་ནོ།། ལན་ལ་བརྩད་པ་ནི་ཡང་དེར་ཞེས་གསུངས་ཏེ། བདེན་པ་གཉིས་ནི་ལམ་དུ་འདོད་པས། གལ་ཏེ་དོན་དམ་པར་འབྲས་བུ་ཐོབ་ན་ནི། མེད་པ་རྒྱུར་གྱུར་པའམ། ཀུན་རྫོབ་དོན་དམ་པར་འགྱུར ་བས། དོན་དམ་པ་ལ་བརྟེན་ནས་སམ། ཞེས་གསུངས་སོ།། འོན་ཏེ་ཀུན་རྫོབ་ལས་སོ་ཞེ་ན་ནི། འཁྲུལ་པ་རྒྱུར་གྱུར་པས། འཁྲུལ་པ་དང་མ་འཁྲུལ་པའི་བྱེ་བྲག་མེད་པའང་། ཆོས་ཉིད་ལ་རག་མ་ལས་པར་གྱུར་པས། དེ་ལས་བཟློག་པས ་སམ་ཞེས་གསུངས་སོ།། ལན་ནི་མ་ཡིན་ནོ་ཞེས་གསུངས་ཏེ། མཐའ་རྣམ་པར་སྤངས་པས་ཞེས་བྱ་བའོ།། འོ་ནཱ་ཇི་ལྟར་འཚང་རྒྱ་བར་གྱུརཏེ། ཐབས་མེད་པར་རྒོལ་བ་ནི། འོ་ན་ཞེས་བྱ་བའོ།། ལམ་ནི་འཁོར་བ་དང་ཞི་བ་རོ་གཅིག་པར་རྟོགས ་པས་ཡིན་གྱིས་ཐ་དད་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། དེ་ཡང་ཞེས་གསུངས་ཏེ། འདུས་བྱས་ནི་ཀུན་རྫོབ་ཏེ་འཁོར་བའོ།། འདུས་མི་བྱས་པ་ནི་དོན་དམ་པ་སྟེ་མྱ་ངན་ལས་འདས་པའོ།། མི་གནས་པ་ནི་རྣམ་པར་རྟོག་པ་ཟད་པའི་ཕྱིར ་རམ། རོ་གཅིག་པར་རྟོགས་པས་སམ། ཤེས་རབ་དང་སྙིང་རྗེ་དབང་བསྐུར་བའི་ཕྱིར་རོ།། དེའི་རྒྱུ་མཚན་བསྟན་པ་ནི། དངོས་པོ་མེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་མེད་པས་འབྲས་བུ་མེད་པར་འགྲུབ་ན་ནི་མེད ་པར་རྒྱུ་འབྲས་བུ་འགྱུར་བའི་ཕྱིར་རོ།། དངོས་པོས་དངོས་པོ་མེད་པར་འགྲུབ་ན་ནི་འགལ་བ་གནས་པར་འགྱུར་ཏེ། ཡོད་པ་དང་མེད་པ་གཉིས་ཕན་ཚུལ་སྤངས་པའི་ཕྱིར་རོ།། དངོས་པོ་མེད་པས་དངོས་པོར་འགྲུབ་ན་ནི་མེད་པ་རྒྱུར ་འགྱུར་བའི་ཕྱིར་རོ།། དངོས་པོ་དངོས་པོར་འགྲུབ་ནུ་ནི་དུས་མཉམ་པ་ཞིག་གམ་ཐ་དད་པ་ཞིག། དུས་མཉམ་པའི་རྒྱུ་འབྲས་བུ་འཐད་པ་མ་ཡིན་ལ། ཐ་དད་པ་ནི་ཕྲད་པ་མེད་པའི་ཕྱིར་རོ།། འོ་ན་ཐོབ་པ་དང་རྟོགས་པ་གང་ཞིག་ཅེ་ན།། ་ཞེས་འབྲས་བུ་ལ་བརྩད་པ་ནི་འོ་ན་ཞེས་བྱ་བའོ།། ལན་ནི་སྤྲོས་པའི་མཐའ་དང་བྲལ་བ་རྟག་པ་འབྲས་བུ་ཡིན་པས་སྤྲོས་པ་ལ་དེར་མི་འཇོག་པ་ནི། གང་ལ་ཞེས་གསུངས་ཏེ། སྤྲོས་པ་མེད་པ་ནི། སྤྲོས་པ་ཟད་པའོ།། མ་སྤྲོས་པ་ནི ་ཟད་པའི་ཁྱད་པ་ཏེ། ཆོས་ཉིད་འབའ་ཞིག་པའོ།། སྤྲོས་པ་ཟད་པ་ནི་ཁྱད་པར་གཉིས་པ་རྟོགས་པའི་དག་པའོ།། འོ་ན་མཐའ་གཉིས་གང་ཞེ་ན། གཟུགས་རྟག་ཅེས་བྱ་བའམ་ཞེས་བྱ་བ་ལ་སོགས་པའོ།། ང་ནི་འཐད་པ་མ་ཡིན་ནོ་ཞེས ་ཐབས་ཀྱིས་ངོ་བོ་ཉིད་ལ་བརྩད་པ་ནི་སྟོང་པ་ཉིད་འབྱའ་ཞིག་ལ་གླནས་ན། ཐེག་པ་འོག་མར་ལྷུང་ངོ་ཞེས་ལ་ནཱི། འདི་ལྟ་སྟེ་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྟྭ~ཾ། གོམས་ཤིང་མངོན་དུ་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ།། འོ་ན ་མངོན་དུ་མི་བྱེད་པ་ལས་ནི་འབྲས་བུའི་བྱེ་བྲག་མེད་དོ་ཞེ་ན། ལན་ནི་ཅི་ལྟར་ཞེས་གསུངས་སོ།། དེ་ནི་འཐད་པ་ནི། གཟུང་དུ་མྱ་མཆིས་ཞེས་བྱ་བ་ལ་སྩོགས་པ་སྟེ། ཆོས་ཉིད་ལ་ནི་འདོད་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་ནི་རྟོགས ་པ་ཡོད་པར་བསྟན་པ་ནི་འཕགས་པའོ་ཞེས་གསུངས་ཏེ། འདུས་མ་བྱས་འགོག་པོའི་མྱ་ངན་ལས་འདས་པ་ནི་གཅིག་པའི་ཕྱིར་རོ།། དེ་ལྟར་ཟབ་མོའི་བསྒོམ་པའི་ཐབས་ཞར་ལ་བྱུང་བ་དང་བཅས་པ་བསྟན་ནས། ད་ནི་ཆོས ་ཉིད་ཟབ་མའི་རྣམ་གྲངས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པས་གསུངས་ཏེ། འདུལ་བ་ནི་སློབ་མའི་མང་གི་རྣམ་གྲངས་སོ།། དེའི་དབང་ནི་སྟོང་པ་ཉིད་དུ་རྟོགས་ན་སྐྲག་པ་རྣམས་ལ་མི་སྤོང་བའི་ཐབས་ལ་མཁས་པ ་སྟོན་ཏེ། ཐེག་པའི་སྒོ་ནི་འཇུག་པའི་ཚུལ་ལོ།། སྣ་ཚོགས་པ་ནི་བསམ་པའི་དབང་གི་ཐབས་ལ་རྨོངས་པའོ།། འདི་ཞེས་བྱ་བ་ནི་ལོག་པར་རྟོགས་པ་སྤང་བའི་ཕྱིར་ཏེ་སྟོང་པ་ཉིད་འདི་ཞེས་བྱ་བའོ།། དེ་ལྟར་དོགས་པས་མཚམས་སྦྱར་ནས ་དེ་ཉིད་བསྟན་པ་ནི། ཅི་ལྟར་ཞེས་གསུངས་ཏེ། དེ་ལ་དང་པོ་ཆོས་ཉིད་ཀྱི་ངོ་བོ་ཉིད་ནི། དེ་བཞིན་གཤེགས་པའི་སྙིང་པོ་ཞེས་གསུངས་ཏེ། ཁམས་ནི་རང་བཞིན་གྱིས་རྣམ་པར་དག་པ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་དོ།། མ་ངོ་གཞན ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་སོགས་པའོ།། བརྗོད་པ་ནི་དཔེ་རྣམ་པ་དགུ་གསུངས་ཏཱཾ། པདྨ་ངན་ལ་རྒྱལ་བའི་སྐུ་དང་ནཾ།། སྦྲང་མའི་སྦྲང་རྩི་ཤུན་པའི་ནང་ན་གནས།། མི་གཙང་དོང་དུ་རིན་ཆེན་གསེར་དང་ནི།། ས་ཡི་གཏེར་དང ་མྱུ་གུ་ལ་སོགས་འབྲས།། རྡུལ་པའི་གོས་ནང་རྒྱལ་བའི་གཟུགས་བརྙན་དང་།། དམང་མོའི་ལྷོ་ན་རྒྱལ་པོའི་སྲས་བཞིན་དང་།། ས་ལ་རིན་ཆེན་ཅི་བཞིན་དྲི་མ་ཡིས།། སྒྲིབ་པའི་ཁམས་ནི་འགྲོ་བ་ཀུནྡ་ལ་གནས་ཞེས་གསུངས ་པའོ།། དེའི་མཚན་ཉིད་ནི། རང་བཞིན་གྱིས་འོད་གསལ་ཞེས་བྱ་བ་ལ་སོགས་པ་སྟེ། དྲི་མ་ཐོག་མ་ཉིད་ནས་བྲལ་བའི་མཚན་ཉིད་དོ།། རྣམ་པར་དག་པ་ཞེས་བྱ་བ་ནི་གཟུང་འཛིན་དང་བྲལ་བའོ།། ཆ་འཛིན་པས་ན་མཚན་སུམ ་ཅུ་རྩ་གཉིས་དང་ལྡན་པ་སྟེ། ས་བོན་གྱི་དོན་ཏོ།། ལུས་ཀྱི་ནང་ཞེས་བྱ་བ་ལ་ནི་སེམས་ལ་གནས་པའི་ཚིག་བླ་དགས་སོ།། འོ་ན་ཇི་ལྟར་འཁོར་ཞེ་ན། ཕུང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོག་པར་བྱེད་པར་གོས་དང་འདྲ་བ་སྟེ།། ་ཀུན་ཏུ་ཞེས་པས་དཀྲིས་པའི་ཕྱིར་རོ།། འདོད་ཆགས་ལ་སོགས་པ་ནི་སྟོབས་དང་ལྡན་པས་གནོད་པའི་ཕྱིར་རོ།། རྟོག་པའི་འཁྲུལ་པས་བག་ཆགས་ཀྱིས་བསྒོས་པའི་ཕྱིར་རོ།། སྒྲིབ་པ་རྣམས་ཀྱི་མཚན་ཉིད་འདོད་ཆགས་ཀྱི་བག་ལ་ཉལ ་ལ་སོགས་པ་རྣམས་ནི་འཕགས་པ་བྱམས་པས་རྒྱུད་བླ་མ་ལས་བསྡུས་པར་རིག་པར་བྱའོ།། སྒྲིབ་པོས་གཡོགས་པ་དེའི་ཆོས་ཉིད་ནི་རྟག་པ་ཞེས་བྱ་བ་ལ་སོགས་པ་སྟེ། སྐེད་ཅིག་པ་མ་ཡིན་པས་རྟག་པའོ།། རྒྱུན་གྱིས་གནས ་པས་བརྟན་པའོ།། མི་འགྱུར་བས་ཐེར་ཟུག་པའོ།། རྟག་པ་ལ་སོགས་པར་གསུངས་པ་གཞན་དག་ལོག་པར་རྟོགས་པ་ནི། བཅོམ་ལྡན་འདས་ཞེས་གསུངས་ཏེ། ཅི་ལྟར་མོ་འདྲ་ཞེས་བྱ་བ་ནི། འདྲ་བར་བསྟན་པའོ།། ཅི་ལྟར་འདྲ་བས ་ཅིག་ཅེས་ན། མུ་སྟེགས་བྱེད་རྣམས་ཀྱང་ཞེས་གསུངས་ཏེ། བདག་གི་རང་བཞིན་ཡང་དེ་ལྟ་བུར་སྨྲ་སྟེ། དེས་ན་བདག་སུན་ཕྱུང་ན་སྙིང་པོ་ཉིད་སུན་ཕྱུང་ལ།། སྙིང་པོ་གྲུབ་ན་བདག་གྲུབ་པར་འགྱུར་བས།། ཞེས་ཅི་ལྟར་སྦྱོང་ཞེས་སྤྲོ ་བའོ།། ལན་ནི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ་ཞེས་གསུངས་ཏེ། འདིར་ཆོས་ཉིད་ལ་མིང་གཞན་དུ་བརྗོད་པའོ།། ཞེས་བསྟན་པ་ནི་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པའོ།། སོགས་པའི་སྒྲ་ནི་དེ་བཞིན་ཉིད ་དང་། དོན་དམ་པ་དང་། ཆོས་ཉིད་ཀྱིས་དབྱིངས་དང་ཆོས་སྐྱོན་མེད་པ་ཉིད་དང་ཆོས་གནས་པ་རྣམས་བསྡུའོ།། དེ་ལྟར་མིང་གཞན་གྱིས་བཏགས་པའི་དགོས་པ་ནི། བྱིས་པ་རྣམས་ཞེས་གསུངས་ཏེ། དོན་མི་ཤེས ་པས་ན་བྱིས་པའོ།། འཇིགས་པ་ནི་སྐྲག་པའོ།། སྤངས་པ་ནི་སྒྲོག་པ་སྤངས་པོའི་ཕྱིར་རོ།། དགོས་པའི་འབྲས་བུ་ནཱི། རྣམ་པར་མི་རྟོག་པའི་གནས་ཞེས་གསུངས་ཏེ། སྒོ་ནི་འཇུག་པའི་ཐབས་ཀྱི་ཁྱད་པར་རོ།། གནས་ནི་ཡུལ་ལོ།། ་སྣང་བ་ནི་འཁྲུལ་པའོ།། མེད་པ་ནི་སྦྱངས་པ་སྟེ། འཁྲུལ་པ་དང་བྲལ་བའི་ཐབས་ཞེས་བྱ་བའོ།། སྤྱོད་ཡུལ་ནི་སྤྱོད་ཡུལ་ཏེ་ཡུལ་ཉིད་དོ།། དེའི་ཕྱིར་གདམས་པ་ནི་བློ་གྲོས་ཆེན་པོ་ཞེས་གསུངས་སོ།། འཇམ་དཔལ་ནི ་ཤེས་རབ་དང་ལྡན་པས་ན། འདིའི་ཤེས་རབ་ཁོ་ནས་རྟོགས་སོ།། ཞེས་འཕགས་པ་འཇམ་དཔལ་ལ་གདམས་སོ།། དེའང་གང་གི་ཆེད་དུ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་གསུངས་ཏེ། ་ཉན་ཐོས་ཀྱི་ཐེག་པ་དག་ལ་བསྟནྟ་ཅེས་བྱ་བྷའོ།། འོ་ནཱ་ཆོས་ཉིད་བརྗོད་དུ་མེད་པ་ཉིད་མ་ཡཱིན་ནཱམ། ཙཱི་ལྟར་ཚིག་གིས་བསྟན་ཅེ་ན། བདེན་བས་ཀྱིས་བསྟན་ཏོ།། ཞེས་དཔེ་བཤད་པཱ་ནི། དཔེར་ན་ཞེས ་གསུངས་ཏེ། གཞན་དུ་སྲས་ཀྱང་རྟོགས་པར་མི་འགྱུ་རོ་ཞེས་བྱ་བའོ།། དཔ་དེ་ཉིད་དོན་དང་སྦྱར་བ་ནི་བཞིན་དུ་ཞེས་གསུངས་ཏེ། རྣམ་པར་རྟོག་པ་ལས་ལོག་པར་མི་རྟོགས་པའོ།། པ་ཉིད་བརྗོད་དུ་མེད་པ་ཉིད་མ་ཡིན་ནམ ་ལྟར་ཚིག་གིས་བསྟན་ཅེ་ན། དེ་ཉིད་ཇི་ལྟར་བསྟན་དུ་རུང་ཞེ་ན། ཤེས་རབ་ཐབས་ཀྱི་ཞེས་བྱ་སྟེ། བརྡར་བཏགས་ནས་སྟོན་པ་ལྟར་ཞེས་བྱ་བའོ།། དེ་ཉིད་བཤད་པ་ནི་སྙིང་པོར་བཤད་པའམ་ཞེས་བྱ་བའོ།། དེ་ཉིད་བསྡུ་བ་ནི་དེའི་ཕྱིར་ཞེས ་བྱ་བ་ལ་སོགས་པའོ།། དེ་ལྟར་སྔར་བསྟན་པའི་དགོས་པའི་དེ་ཉིད་ཁྱད་པར་དུ་བཤད་པོ་ནི་དེ་ལྟར་ཞེས་གསུངས་སོ།། དྲང་བའི་ནི་ཁྲིད་པའི་མིང་ངོ་།། གང་ཞེ་ན་མུ་སྟེགས་བྱེད་ཅེས་བྱ་སྟེ། ཅིའི་ཕྱིར་བརྗོད་ཅེ་ན། བདག་ཏུ་སྨྲ་བ་ལ ་ཞེན་པའོ།། གང་གི་ཕྱིར་ཞེ་ན། བདག་ཏུ་རྟོགས་པས་ཞེས་གསུངས་ཏེ། ལོག་པར་ཞུགས་པ་དེའི་ཕྱིར་ཞེས་སྦྱར་རོ།། ཅི་ལྟར་ཞུགས་ཅེ་ན་ཡང་དག་པ་མ་ཡིན་པར་ཞེས་བྱ་སྟེ། བདག་ནི་ལོག་པའི་ཕྱིར་བརྫུན་པར་བརྗོད་དེ། མེད་པས ་བཅིངས་པའི་ཕྱིར་ཞེས་སྦྱར་རོ།། དཀའ་ཐུབ་དྲག་པོ་ཅན་ཡང་ལྡོག་པའི་བསམ་པས་ཁྲིད་བས་རྡོལ་བ་ཅན་དྲ་བསྟནྡ་པ་ནི། དེར་ལྟུང་བའི་བསམ་པ་ཅན་དག་ཐུར་པར་ཇི་ལྟར་འགྱུར་ཞེས་སྦྱར་རོ།། ཐར་པ་ཉིད་གང་ཞེ་ན། རྣམ ་བར་ཐར་པ་གསུམ་ཞེས་གསུངས་ཏེ། དངོས་པོར་ལྟ་བས་སྟོང་ཉིད་རྟོགས་པ་མིན།། མཚན་མེད་སྨོན་པ་དང་བྲལ་ཡུལ་མིན་ཏེ།། དམུས་ལོང་ཉི་མའི་དཀྱིལ་འཁོར་ཇི་བཞིན་པས།། དེ་ཕྱིར་ཐུག་ཚོན་མྱ་ངན་ལས་འདས་མི་རེག་ཅེའོ།། ། ་ཅི་ལྟར་འགྱུར་ཏེ་མི་འགྱུར་ཞེས་བྱ་བའོ།། དེ་ལྟ་བས་ན་དེ་དག་དེ་ལ་རེག་པར་བྱ་བའི་ཕྱིར་ཐབས་བསྟན་པ་ནི་དེའི་དོན་དུ་ཞེས་བྱ་བའོ།། དོན་གྱི་ཐབས་ཉིད་གང་ཞེ་ན། ལྟ་བ་རྣམ་པར་ལྡོག་པའི་ཕྱིར་ཞེས་གསུངས་ཏེ། དེའི ་དོན་དུ་འབད་པར་བྱའོ་ཞེས་བསྟན་པ་ཡིན་ནོ།། དེ་ཅིའི་ཕྱིར་བདག་མེད་པ་ཁོ་ན་ལ་འཇུག་པར་བྱ་ཞེ་ན། འདི་ལྟ་སྟེ་ཞེས་གསུངས་ཏེ། ཡང་དག་པའི་ལྟ་བ་ཡིན་པ་ནི། ཆོས་སྟོང་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྟོང་པ ་ཉིད་ནི་དངོས་པོར་ལྟ་བ་འཇོམས་པའི་ཕྱིར་གྲུབ་པའི་མཐའ་སྟེ་གྲུབ་པོའི་མཐའ་ནི་མི་ཤེགས་པའོ།། དེའི་མཐོའ་ནི་མུར་ཐུག་པའོ།། གོང་མ་མེད་པས་བླ་ན་མེད་པའོ།། ཡང་དག་པའི་སྤྱོད་པ་ཡིན་པ་ནི་ཆོས་ཟབ་མོ་བསྟན་པ་ནི་གཟུང་བས ་ཞེས་བྱ་སྟེ། ཆོས་འཛིན་པ་ནི་སྤྱོད་པ་རྣམས་ཀྱི་དམ་པ་ཡིན་ཏེ་ཡང་དག་པའི་ལྟ་བ་འགྲུབ་པའི་རྒྱུ་ཡིན་ནོ།། སྤྱོད་པ་ཕུན་སུམ་ཚོགས་པར་བསྟན་པ་ནི། འདི་ལྟར་ཞེས་གསུངསྲ་ཏེ། ཇི་ལྟར་མཐའ་དག་གཟུང་ཅེ་ན། ལན་དུ་བསྟན་པ་སྟེ། འདུས ་པའི་ཕྱིར་ཞེས་བྱ་བས་ཤེས་རབ་ཀྱི་དབང་དུ་བྱས་པའི་སྦྱིན་པ་ལ་སོགས་པ་རྣམས་ནི་སྤྱོད་པ་ཕུན་སུམ་ཚོགས་པ་ཞེས་བཤད་ལ། ཡང་དག་པའི་ལྟ་བ་ནི། དེའི་རྒྱུ་ཡིན་པའི་ཕྱིར་རོ།། དེ་ཉིད་ངེས་པའི་དོན་དུ་བྱ་བ་ནི། ཡང་ཞེས་གསུངས་སོ།། ། ་སྤྱོད་པ་ཕུན་སུམ་ཚོགས་པར་ཇི་ལྟར་འགྱུར་ཞེ་ན། དེའི་འཐད་པ་ནི་ཟླ་བ་སྒྲོན་མའི་མདོ་ལས་ཞེས་གསུངས་ཏེ། སྟོང་ནི་སྟོང་ཆུང་ངུའོ།། དག་ཅེས་བྱ་བ་ནི་མང་པོས་སྟོང་པོར་བྱེད་པ་སྟེ། སྟོང་གཉིས་པ་ནས་སྟོང་གསུམ་དུ་ཞེས་བྱ་བའོ།། ་ངས་ནི་ཞེས་བྱ་བ་ནི་ཤཱཀྱ་ཐུབ་པ་ཉིད་ཀྱིས་ཏེ། དེའི་ཞིང་སྟོང་གསུམ་ཡིན་པོའི་ཕྱིར་རོ།། ལ་ལ་ནི་སྟོང་ཉིད་ལ་སོགས་པ་ནི་མཚོན་པ་སྟེ། སྔར་བཤད་པ་ལྟར། སངས་རྒྱས་རྣམས་ནི་མཉམ་པ་ཉིད་ཀྱིས་འཇིག་རྟེན་ཐམས་ཅད་དུ་སངས ་རྒྱུས་ཐམས་ཅད་ཀྱིས་ཞེས་ཟེར་རོ།། ལ་ལ་ནི་མཚན་འདྲ་བས་མང་པོ་གཟིགས་པས་སོ་ཞེས་ཟེར་རོ།། ཚིག་འབྲུ་ཐ་དད་པ་ནི། སྒྲ་སྣ་ཚོགས་པས་བཤད་པས་སོ།། ཚིག་གཅིག་པོ་གང་ཞེ་ན། ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བའོ།། དོན་ལ་མཁས ་པ་ནི་སྔར་བཤད་པ་ལྟ་བུ་སྟེ། གཞན་དུ་ན་སྔར་བཤད་པ་ལྟར་ཆུད་ཟ་བ་ཡིན་ནོ།། དཀོན་པ་མ་ཡིན་པ་ནི། མི་དཀོན་པ་སྟེ་མོས་པའོ།། གང་ཞེ་ན། སངས་རྒྱས་ཆོས་རྣམས་ཏེ་སྟོབས་ལ་སོགས་པའོ།། དེ་ལྟར་ཟབ་མོ་ལ་མོས་པའི་དགོས་པ་བསྟན་ནས། དེ་ཉིད ་ཁྱད་པར་ཟབ་མོ་ལ་མོས་པའི་ཕན་ཡོན་བསྟན་པ་ནི། ཆོས་ཟབ་མོ་ལ་མོས་པའི་ཞེས་གསུངས་ཏེ། བསོད་ནམས་ཇི་ལྟར་སྡུད་ཅེ་ན། འཇིག་རྟེན་དང་། ཞེས་བྱ་བ་ལ་སོགས་པའོ།། དེ་ཉིད་ལུང་དང་སྦྱར་བ་ནི། དང་པོ་ཁྱེའུ་རིན་ཆེན་གྱི་མདོ་ལས་བསྟན་པ་ནི།། ་འཇམ་དཔལ་ཞེས་གསུངས་ཏེ་ཁྱད་པར་གྱི་གཞི་ནི་། རྐྱེན་གྱི་ཁྱད་པར་ནི་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་དང་བྲལ་བའོ།། དུས་ནི་བསྐལ་པ་བརྒྱ་སྟོང་ངོ་།། སྤྱོད་པ་ནི་དྲུག་སྟེ། ཁྱད་པར་གྱི་གཞིའོ།། ཁྱད་པར་གྱི་མཚན་ཉིད་ནི། གང་གིས་ཞེས་བྱ ་བ་ལ་སོགས་པ་སྟེ། ཐེ་ཚོམ་ནཱི་ཡིད་གཉིས་སོ།། ལུང་འབོགས་པ་ནི་སྟོན་པའོ།། མདོ་གཉིས་པ་ནི། དཔེ་དགོས་པར་གངྒཱའི་ཀླུང་གི་ཞེས་བྱ་བའིའོ།། དོན་གྱི་ཁྱད་པར་ནི་དེ་སྙེད་ཀྱི་ཞེས་གསུངས་ཏེ། ཁྱད་པར་གྱི་གཞི་རྟེན་ནི་དེ་སྙེད་ཀྱི་སྐྱེས་པའམ་བུད་མེད་ཅེས་སྨོས་ཏེ། ་རྟེན་མཆོག་ཡིན་པས་སོ།། དངོས་པོ་ནི་རིན་པོ་ཆེ་སྟེ། དཀོན་པ་ལ་སོགས་པའི་ཕྱིར་བཟང་བའོ།། མཐའ་དག་པས་སྣ་བདུན་ནོ།། མང་བ་ནི་བཀང་བའོ།། ཡུལ་བཟང་པོ་ནི་དེ་བཞིན་གཤེགས་པ་སྟེ། བྱས་པ་མི་ཟད་པའི་ཕྱིར་རོ།། ཁྱད་པར་གྱི་མཚན་ཉིད་ནི།། ་གང་ཞིག་ཅེས་གསུངས་པའོ།། ཕན་ཡོན་འགྱི་འབྲས་བུ་ཉིད་གང་ཞེ་ན། མངོན་པར་མཐོ་བའི་དབང་དུ་བྱས་ནས། བསོད་ནམས་འདོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བར་ཞེས་བྱ་བ་ནི་མཐའ་བཟུང་བའོ།། ངེས་པར་ལེག ་པའི་དབང་བུ་བྱས་ནས། ཤཱ་རིའི་བུའི་གསོལ་པ་ཞེས་གསུངས་ཏེ། ས་བརྒྱད་པའི་དབང་དུ་བྱས་ནས་ངེས་པའོ།། དགུ་པ་ལ་ཉེ་བའོ།། ས་བཅུ་པ་ལས་ཐོབ་པས་ན། སངས་རྒྱས་ཉིད་དུ་ལྟ་བར་བགྱིའོ།། ལ་ལ་ནི་མོས་པ་ལ་གསུམ་དུ་རང་གི་རྟོགས་པའི ་དབང་གིས་ངེས་པ་ལ་སོགས་པར་བཤད་དོ།། ཞེས་ཟེར་རོ།། གཞན་དག་ནི་ཡུལ་འགྲེལ་པས་ལས་དང་པོ་པ་མོས་པ་དང་ལྡན་པ་རྣམས་ནི་ངེས་པ་སྟེ་མི་ལྡོག་པར་འགྱུར་བའོ།། སེམས་བསྐྱེད་པ་རྣམས་ནི་ཉེ་བ་སྟེ་ཉེ་བར་གྱུར་པ་སྟེ། སྤྱོད་པ་ལ་ཞུགས ་པའི་དེ་བཞིན་དུ་ལྟ་བར་བྱའོ།། ཕྱིར་མི་ལྡོག་པའང་དེ་བཞིན་ནོ།། སྐྱེ་བ་གཅིག་གིས་ཐོགས་པ་ནི་སངས་རྒྱས་ཉིད་དུ་ལྟ་བར་བགྱིའོ།། ལ་ལ་ནི་ཐམས་ཅད་ཀྱང་སྙིང་པོ་དང་ལྡན་པས་ངེས་པར་བཞག་སྟེ། ཐམས་ཅད་ཀྱང་དེ་ཐོབ་ཏུ་རུང་བས་དེའི་རྐྱེན ་ཡུལ་ཡིན་པས་ངེས་པའོ།། རིགས་དང་ལྡན་པས་སེམས་བསྐྱེད་པས་ནི་སྔ་མ་ལྟར་ཉེ་བའོ།། སྤྱོད་པ་བསྒྲུབ་པ་ཡང་མ་སྔ་མ་ལྟར། སངས་རྒྱས་ཉིད་དུ་ལྟའོ།། ཞེས་ཀྱང་ཟེར་རོ།། ལ་ལ་ནི་ལུང་བསྟན་པའི་ཕན་ཡོན་གསུམ་སྟེ། གསང་སྟེ ་ལུང་བསྟན་པ་དང་སེམས་བསྐྱེད་པར་ལུང་སྟོན་པ་ནི་ངེས་པའོ།། ལུང་སྟོན་པར་ལུང་སྟོན་པ་ནི་ཉེ་བའོ།། དངོས་སུ་ལུང་བསྟན་པ་ནི་སངས་རྒྱས་ཉིད་དུ་ལྟ་བར་བྱའོ་ཞེའོ།། ཕན་ཡོན་གཉིས་པ་ནི། ཉེས་པ་ཐམས་ཅད་སེལ་བས་ན་ལྟུང ་བ་དང་ཞེས་གསུངས་ཏེ། བཅས་པས་རྗེས་སུ་འགལ་བ་ནི་ལྟུང་བ་སྟེ། ལྟུང་བར་བྱེད་པ་དང་སྒྲིབ་པར་བྱེད་པའི་ཕྱིར་ཏེ། སྒྲིབ་པ་ནི་ལས་དང་ལམ་གྱི་གླེགས་བྱེད་པའི་ཕྱིར་རོ།། ལྷག་མ་ནི་འགྱོད་པ་སྟེ། ཡིད་ལ་བཅགས་པའོ།། ཡང་ན་རྒྱུ་ནི ་ལྟུང་བའོ།། འབྲས་བུ་ནི་འགྱོད་པའོ།། ཡང་ན་ལྟུང་བས་ན་ལྟུང་བའོ།། སྒྲིབ་པས་ན་འགྱོད་པའོ།། ལས་ཀྱི་སྒྲིབ་པ་ནི་ལས་ཀྱི་སྒྲིབ་པའི་ངོ་བོ་ཉིད་དེ་ལས་ཀྱི་སྒྲིབ་པ་གང་གིས་ལས་ལ་སྒྲིབ་པའོ།། ཡང་ན་བྱེད་པར་ཉེ་བར་གཟུང ་བ་ཉིད་ནི་ལས་ཀྱི་སྒྲིབ་པའོ།། དེ་ཉིད་གང་ཞེ་ན། འོད་སྲུངས་ཏེ་སྡིག་པའི་རྣམ་གྲངས་བརྟག་པའི་ཕྱིར་ཏེ། སྲོག་གཅོད་པ་ལ་སོགས་པ་འདི་དག་གི་བསམ་པ་ལ་སོགས་པའི་ཡན་ལག་ནི་སྔར་བཤད་པ་ཉིད་དོ།། ཁ་ན་མ་ཐོ་བ ་ཆེན་པོ་རྣམས་བསྡུ་བའི་ཕྱིར་དང་། སྟོང་པ་ཉིད་ཀྱི་ཕན་ཡོན་བསྟེན་པའི་ཕྱིར་རོ།། དེ་ལ་མཚམས་མེད་པའི་ལས་ནི་གཉིས་གཞི་གཅིག་ལ་བསྡུ་བ་ནི་ཕ་དང་རང་སངས་རྒྱས་ཏེ། ཕ་བསད་པ་དང་དགྲ་བཅོམ་པ་བསད་པའི་ཕྱིར་རོ།། ་དཀོར་ནི་དབྱིག་ལ་སོགས་པ་སྟེ། ཡུལ་གསུམ་ལ་བརྐུས་པའི་ཕྱིར་རོ།། ཉེ་བ་ནི་མ་དགྲ་བཙོ་པ་སྟེ་མ་ནི་མ་སྐྱེད་མ་ལ་བྱ་སྟེ། མཚམས་མེད་པ་དང་ཆ་འདྲ་བའི་ཕྱིར་རོ།། ལྷག་མ་ནི་གོ་བླ་བའོ།། དེ་དག་གང་ཞེ་ན་གཱི་ཅག་ལ་བསྡུ་བ་ནི། གལ ་ཏེ་ཞེས་གསུངས་ཏེ། གཅིག་བརྒྱུད་ཀྱིས་བསྡུས་པས་ཉེས་པ་ཤིན་ཏུ་ཆེ་བའི་ཕྱིར་ཞེས་བཤད་དོ།། དེའང་འཇོམས་པར་འགྱུར་བས་ན། དེ་ཡང་ཞེས་གསུངས་སོ།། ཅི་ལྟ་ན་དེ་སྤོང་ཞེ་ན། རྒྱུ་དང་ཞེས་གསུངས་ཏེ། ལྡན་པ་ནི་འཇོམས་པ་སྟེ། ་འཕྲོད་པ་ཉིད་དོ།། ཅི་ལྟར་འཕྲོད་པ་ཅེ་ན་ལ་ལ་ནི་རྟེན་དང་། སུན་འབྱིན་པ་དང་། སོར་ཆུད་པ་དང་། གཉེན་པོ་སྟེ་སྟོབས་བཞི་ལྡན་པ་ལ་བྱའོ་ཞེས་ཟེར་རོ།། ལ་ལ་ནི་རྒྱུ་ནི་ནང་གི་ཉེ་བར་ལེན་པ་དང་། ཕྱི་རོལ་གྱི་རྐྱེན་ཡོངས ་སུ་འཛིན་པར་ལྡན་པས་ཀུན་རྫོབ་ཏུ་འགྱོད་ཅིང་གཉེན་པོ་སྟོང་པ་ཉིད་བསྒོམ་པའོ་ཞེས་ཟེར་རོ།། ལ་ལ་རང་བཞིན་མེད་པ་ཉིད་ལ་བྱ་སྟེ། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས་པ་ལྷར་བས་ན་འོག་ནས་ཀྱང་སྐྱེས་མ་ཐག་ཏུ་འགག་གོ་ཞེས ་བྱ་བ་ནི། མི་གནས་པར་བསྟན་པའི་ཕྱིར་རོ།། ཞེས་ཟེར་རོ།། ལ་ལ་ནི་བྱས་པ་ཆུད་མི་ཟ་བར་ཤེས་ནས། ཡོངས་སུ་སྤོང་བའི་ཕྱིར་རྩོལ་བ་ལ་བྱའོ་ཞེའོ།། ལ་ལ་ནི་མེ་ལྔ་བསྟོན་པ་ལ་སོགས་པ་ནི་རྒྱུ་མ་ཡིན་པས་ན་དེའི་རྒྱུ་ནི་དེ་དག་དང་འགལ་བ ་ཡིན་པས་དངོས་པོར་ལྟ་བ་དང་། སྟོང་པ་ཉིད་འགལ་ཏེ་དེས་ན་གང་བྱེད་པ་འམ་ཞེས་བྱ་བ་ལ་སོགས་པ་ལ་འཇུག་གོ་ཞེས་ཟེར་རོ།། དེ་ལྟ་བས་ན་མ་བྱས་པ་ནི་བྱེད་པ་པོ་མེད་པའི་ཕྱིརརོ།། འདུས་མ་བྱས་པ་ནི་རྒྱུ་རྐྱེན་ཚེགས་པ་མེད་པ་སྟེ། སྐྱེས ་ནས་འཇིག་པའི་ཕྱིར་སྔ་མ་དང་ཕྱི་མ་ཕྲད་པར་མི་འགྱུར་བ་ལ་བྱའོ།། འོ་ན་མངོན་སུམ་དང་འགལ་ཞེ་ན་སྒྱུ་མའི་ཆོས་ཉིད་ཅེས་བྱ་སྟེ། མ་བརྟགས་ན་སྣང་བའི་ཕྱིར་རོ།། སྟོང་པ་ལ་སྟོང་པས་གླགས་མི་རྙེད་པས་ནི་ཉོན་མོངས་པ་མེད་པའོ།། ཅིའི་ཕྱིར ་གླགས་མི་རྙེད་ཅེ་ན་རང་བཞིན་གྱིས་འོད་གསལ་བ་སྟེ། བསྒྱུར་དུ་མི་ནུས་པས་སོ།། དེ་ལ་རྒྱུ་རྐྱེན་མེད་པས་ཐོག་མ་ནས་དག་པའོ།། འོ་ན་ཐམས་ཅད་ཅིའི་ཕྱིར་མ་གྲོལ་ལོ།། མངོན་པར་དད་ཅིང་མོས་པ་ཞེས་བྱ་སྟེ། རང་འབྱུང་རྣམས་ཀྱི་དམ་པའི ་དོན།། དད་པ་མེད་ན་རྟོགས་མིན་ཏེ། ཉི་མའི་དཀྱིལ་འཁོར་འོད་ལྡན་པ།། ལོང་བ་རྣམས་ཀྱིས་ཇི་བཞིན་ནོ་ཞེའོ།། ཆོས་རྣམས་སྟོང་པ་ཉིད་ཡིན་ཡང་ཅིའི་ཕྱིར་ཉེས་པ་དང་ལྡན་པ་རྣམས་མི་གྲོལ་ཞེ་ན། རིགས་པས་སྔར་བསྟན་པ་བཞིན་པས ་དངོས་པོས་མེད་པའོ།། ཅི་ལྟར་མེད་ཅེ་ན། སྐྱེས་ནས་འཇིག་ཅིང་འཇུའོ།། ཅི་ལྟར་སྐྱེ་ཞེ་ན། རྒྱུ་དང་ཞེས་བྱ་བའོ།། ཅི་ལྟར་འཇིག་ཅེ་ན། རྒྱུ་ལ་མ་བལྟོས་པས་སྐྱེས་མ་ཐག་ཏུའོ།། སེམས་ཅན་ལྟ་བར་ཉོན་མོངས་པ་ཡང་དེ་བཞིན་པས་གང ་ཞེས་གསུངས་སོ།། ཉོན་མོངས་པ་ཟད་ཀྱང་ལས་ཀྱི་འབྲས་བུ་འབྱིན་ནོ་ཞེ་ན། གང་སྒྲིབ་པ་མེད་པ་དེ་ལ་ཞེས་གསུངས་ཏེ། ཉོན་མོངས་པ་ཟད་ན་གྲོལ་བར་འགྱུར་རོ།། བསྟན་ཏོ།། འོ་ན་ཉོན་མོངས་པ་ཟད་ན་ལས་སོགས་པར་མི་བྱེད་ལ་ལྭ ་སྒྲིབ་པ་ནི་ཉོན་མོངས་པ་ལས་གྲོལ་བ་རིགས་པ་མ་ཡིན་པས་ཅི་ལྟར་འཐད་ཅེ་ན། མདོ་གཉིས་པ་བསྟན་ཏེ། ཉེས་པ་ཆེན་པོ་བྱས་ཀྱང་དེའི་རྗེས་སུ་རྟེན་ལ་སོགས་པའི་སྟོབས་ཉིད་སྔོན་ཏུ་བཏང་སྟེ། གཉེན་པོ་བསྒོམས་ན་གྲོལ་བ་ནི ་སྔར་མ་སྐྱེས་དགྲའི་མདོ་ལས་གསུངས་པ་བཞིན་དུ། འདིར་ཡང་ནམ་ཆོས་ཐམས་ཅད་ཤིན་ཏུ་དུལ་བར་ཤེས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ནི་ཆོས་ཀྱི་སྒྲར་བསྟན་པའམ། མཚན་ཉིད་འཛིན་པའི་ཕྱིར་རོ།། ཡང་ན ་ཆོས་མཐུན་པར་བཤད་པས་ཉེས་པ་རྣམས་ཀྱི་ཞེས་ཏེ་ལྟུང་བ་རྣམས་ཀྱི་རྒྱུ་ཉོན་མོངས་པ་དང་། དེའི་རྒྱུ་སྟོང་པ་སྟེ། དངོས་པོས་དབེན་པ་སྟེ། འདས་པ་ནི་ཞིག་ལ་མ་འོངས་པ་ནི་མ་བྱུང་བ་ད་ལྟར་ནི་མི་གནས་པས་དབེན་པ་སྟེ་སྟོང ་པ་ཉིད་དོ།། འགྱོད་པ་སེལ་བ་ནི་ལྟུང་བའི་ཆོས་བཞིན་དུའང་ཕྱིར་བཅོས་པ་སྟེ། ཆད་པའི་ལ་སོགས་པའོ།། བརྟན་པོར་མི་བྱེད་པ་ནི་འགྱོད་པ་མི་གནས་པར་བྱེད་པ་སྟེ། འགྱོད་པ་ཉིད་སྒྲིབ་པ་ཡིན་པའི་ཕྱིར་རོ།། ། ་ལྡང་བའི་ཐབས་བསམ་པ་འམ། ལྡང་བའི་ཐབས་སྦྱོར་བ་ཕྱིར་བཅོས་པ་ཉིད་གང་ཞེ་ན། དེ་དག་ལ་ཞེས་གསུངས་ཏེ། སྟོབས་བཞིས་ནི་ཁ་ན་མ་ཐོ་བ་ཆེན་པོའང་སེལ་ན་ཞེས་བྱ་བའོ།། དེ་ལ་ཆོ་ག་ནི་བཅསྲ་པའི་ཉེས་པ་ཕྲ་མོ་ལོ་བྱའོ།། ་ཚུལ་ཁྲིམས་ནི་སྲོག་གཅོད་པ་ལ་སོགས་པའོ།། ཚུལ་ཁྲིམས་ཀྱི་རྣམ་པ་ནི་སྟོབས་བཞི་དག་པར་བྱེད་པའོ།། འདས་པའི་ཉེས་པ་བཤད་ཀྱང་ཉེས་པས་གོས་ན་ཅི་ལྟར་བྱ་ཞེ་ན། དེའི་རྒྱུ་སྤངས་པའི་ཕྱིར་རོ།། ཉོན་མོངས་པ་འདུལ ་བ་ལ་མཁས་ཞེས་གསུངས་ཏེ། མི་སྡུག་པ་དང་བྱམས་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམ་ཞེས་བྱ་བའོ།། ཅི་ལྟར་འདུལ་ཞེ་ན། གློ་བུར་གྱི་ཞེས་བྱ་སྟེ། བརྫུན་ཞེས་བྱ་བའི་དོན་ཏོ།། བརྫུན་པར་བྱས་ནས་དེའི་དབང་དུ ་མཱི་འགྲོ་བས་ན་ཀུན་ནས་ཉོན་མོངས་པར་གྱུར་པ་མ་ཡིན་པར་རོ།། བག་མེད་པ་ལ་སོགས་ལྟུང་བ་བྱུང་ན་རྐྱེན་པར་ཕྱིར་འཆོས་པས་ན་འབྱུང་བར་འདུ་ཤེས་པའོ།། སྔར་བསྟུན་པའི་ཕྱིར་ཡིན་ཅི་ལྟར་བརྟན་པོར་མི ་བྱེད་ཅེ་ན་ཡུལ་དང་མཚན་ཉིད་དང་། སྤོང་བ་ལ་མཁས་པས་འགྱོད་པ་མི་གནས་པས་བྱེད་པ་སྟེ། ཡུལ་ནི་ནང་ལ་སོགས་པ་སྟེ། ནད་ལ་སོགས་པའི་སྐྱེ་མཆེད་རྣམས་སུའོ།། གཉིས་ཀ་མེད་ན་ནི་བོར་སྟེ་དབང་པོ་འམ་ན་མཁའ་འོ།། ་མ་ཡིན་ན་ནི་དགག་པ་སྟེ། ཅི་སྐད་བཤད་པ་ཉིད་ཡིན་ནོ།། མཚན་ཉིད་ནི་གཉིས་ཏེ་སྤོང་བར་བྱེད་པའི་མཚན་ཉིད་ཁོང་དུ་ཆུད་པ་ཉིད་ཅེས་བྱ་སྟེ། གཉེན་པོའི་ངོ་བོ་གང་གིས་རང་བཞིན་མེད་པར་རྟོགས་ན་ཞེས་བྱ་སྟེ་ཉོན་མོངས་པ ་ཤེས་ན་དེ་སྤོང་སྟེ། དཔེར་ན་ཀླུའི་རིགས་འདོན་ཤེས་ན་གནོད་པ་མི་བྱེད་པ་ལྟ་བུའོ།། འོ་ན་ཇི་ལྟར་ཁོང་དུ་ཆུད་ཅེ་ན་རྩ་བ་མེད་པར་རྟོགས་པའོ།། དེའི་ཕྱིར་མི་སེལ་ཞེས་བྱ་སྟེ། བསལ་བྱ་མ་དམིགས་པའི་ཕྱིར་རོ།། མི་བསྒྲུབ་ཅེས་བྱ ་སྟེ་རྟོགས་པ་སྤངས་པའི་ཕྱིར་རོ།། ཅི་ལྟར་རྩ་བ་མེད་པར་རྟག་ཅེ་ན། སྤང་བར་བྱ་བའི་མཚན་ཉིད་ནི་སྤྲིན་དང་ཞེས་བྱ་བ་ལ་སོགས་པ་སྟེ། ལྷག་མཐོང་ནི་ཤོས་རབ་པོ།། ཡེ་ཤེས་ནི་ཡེ་ཤེས་ཀྱི་དོན་དམ་པ་དང་ཀུན་རྫོབ་ཏུ་དཔྱད་ནས ་གཏོར་ན་བ་ནི་གཤིག་པའོ།། དེ་དག་ཀྱང་རྟོག་པ་ལས་བྱུང་བས་སྒྲིབ་པའི་ཕྱིར་སྤྲིན་དང་འདྲའོ།། རྣམ་པར་ཤེས་པ་གྱུར་པ་ཡིན་པས་ནང་གིས་སེམས་དེར་སྣང་བས་ཆུ་ཟླ་ལྟ་བུ་སྟེ། བཞིན་ནི་ནང་གི་མཐུས་སོ།། མི་ཤེས་པ་ལས ་བྱུང་བས་མུན་པའི་སྤྱོད་ཡུལ་ལོ།། ལོག་པའི་ཤེས་པ་ལས་བྱུང་བས་ན་རྐུན་པོ་ལ་སོགས་པ་ལྟ་བུ་སྟེ། ལས་ནི་གླགས་ཚོལ་བ་སྟེ་བདེ་བ་འཕྲོག་པར་བྱེད་པའོ།། དེ་ལ་མེ་རོག་པའི་རྒྱུ་ཀུན་ཏུ་བརྟགས་པའི་མ་རིག་པ་ནི་གཉིས་པ ་སྟེ། འཛིན་པ་ཀུན་ཏུ་བརྟགས་པའི་དཔེ་ནི། སྤྲིན་ལྟ་བུ་སྟེ་འདྲ་བར་གཞན་འབྱུང་བའི་ཡང་ཕྱིར་རོ།། གཟུང་བར་ཀུན་ཏུ་བརྟགས་པར་ནི། ཆར་སྤྲིན་ལྟ་བུ་སྟེ། ཡུལ་དང་འདྲ་བ་ཡང་གཞན་འབྱུང་བའི་ཡང་ཕྱིར་རོ།། དེའི ་གཉེན་པོ་ནི་ཡེ་ཤེས་ལ་སོགས་པ་སྟེ། བདེན་པ་གཉིས་ལ་མཁས་པས་སྤོང་བའི་ཕྱིར་རོ།། ཅི་ལྟར་སྒོང་ཞེ་ན། ཕྱོགས་ན་འགྲོ་བ་དང་ཡུལ་ན་གནས་པར་མེད་པ་སྟེ། དངོས་པོ་མེད་པའི་ཕྱིར་རོ།། ལྷན་ཅིག་སྐྱེས ་པའི་མ་རིག་པའི་དཔེ་ནི་ཆུ་ཟླ་ལྟ་བུ་སྟེ། ཐོག་མ་མེད་པའི་བག་ཆགས་གོམས་པའི་ཕྱིར་དྲེར་སྣང་ངོ་།། དེ་ནི་གསུམ་སྟེ། ལྷན་ཅིག་སྐྱེས་པའི་འདོད་ཆགས་ནི་ཆུ་ལྟ་བུ་སྟེ། ནང་གི་སེམས་ཀྱི་སྡུག་པ་ལ་སོགས་པར་བརྟགས་པས་ཡོངས ་སུ་རྟོག་པའོ།། གཏི་མུག་ནི་མུན་པ་ལྟ་བུ་སྟེ། མི་ཤེས་པས་རྨོངས་པའོ།། ཞེ་སྡང་ནི་རྐུན་པོ་ལ་སོགས་པ་ལྟ་བུའོ།། དེ་ལ་བསྐལ་པ་སྟོང་ལ་སོགས་པར་བསགས་པའི་དགེ་བ་རྐུ་བར་བྱེད་པས་ན་རྐུན་པོ་ལྟ་བུ་སྟེ། མི་ཤེས ་པས་རྐྱེན་བྱས་པའི་ཕྱིར་རོ།། ཁོང་ཁྲོ་གནས་མེད་པའི་ན་མཁའ་འགྲོ་མ་ལྟ་བུ་སྟེ། ཡུལ་རྣམས་ལ་རྒྱུག་པའི་ཕྱིར་རོ།། འབྲས་བུ་མི་འདོད་པར་བྱེད་པས་གནོད་སྦྱིན་ལྟ་བུ་སྟེ། ཡིད་དུ་མི་འོང་བའི་ཕྱིར་རོ།། ཐར་པའི་གཟི ་བརྗོད་འཕྲོག་པས་ན། སྲིན་པོ་དང་གནོད་སྦྱིན་ལྟ་བུ་སྟེ་མདངས་འཕྲོག་པའི་ཕྱིར་རོ།། ཚུལ་བཞིན་ཡོད་ལ་བྱེད་པ་ནི་སྟོང་པ་ཉིད་དོ།། ལེ་ལ་ནི་བྱམས་པ་ལ་སོགས་པ་ལ་སྨྲའོ།། ཅི་ལྟར་ཡིད་ལ་བྱ་ཞེ་ན། སྟོང་པ་ཉིད་དང ་ཞེས་བྱ་བ་ལ་སོགས་པའོ།། དེ་ལྟ་བས་ནི་དེ་སྤོང་བའི་ཐབས་ལ་མཁས་པ་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི། སྟོང་པ་ཉིད་ཡིན་པས་སེམས་ཅན་ལ་སོགས་པ་གསུངས་ཏེ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ ་བས་ཞེས་སྦྱར་རོ།། དེ་དག་ངེས་པའི་དོན་དུ་བྱ་བ་ནི། མདོ་གསུམ་པ་སྟེ། ཆོས་ཀྱི་རྣམ་གྲངས་ནི་སྟོང་པ་ཉིད་དོ།། དང་པོ་དང་། བར་བ་དང་། བླ་མརརྱ་ནི་ཐོས་པ་དང་། མོས་པ་དང་། འཇུག་པའོ།། དེ་ལྟ་བས་ན་རྣམ་གྲངས་སུ་བཤད་པ་ནི ་མདོར་བསྟན་པའི་ལྟུང་བ་ནི་ཅི་ལྟར་སྦྱོང་ཞེ་ན། བདུད་འདུལ་བའི་ལེའུ་ལས་འབྱུང་བ་ལྟ་བུའོ།། དེའི་འགྱོད་པ་ཅི་ལྟར་སེལ་ཅེ་ན། མ་སྐྱེས་དགྲའི་མདོ་ལས་བསྟན་པ་ལྟ་བུའོ།། ལས་ཀྱི་སྒྲིབ་པ་ཇི་ལྟར་སྦྱོང་ཞེ་ན། མཛོད་ནི་མདོ་ལས་བསྟན ་པ་ལྟ་བུ་སྟེ། དེ་འགྱོད་པ་དང་ལས་ཀྱི་སྒྲིབ་པ་ནི་ཁྱད་པར་དང་། སྤྱིའི་དབང་དུ་བྱས་པའོ་ཞེས་ཀྱང་བཤད།། ལྟ་བུ་ཞེས་བྱ་བ་ནི་སྒྲ་དྲངས་ནས་ཕན་ཡོན་གཉིས་ཕྱོགས་ཡོངས་སུ་མཚོན་པ་ནི་འདི་ནི་ཞེས་གསུངས་པ་སྟེ། འདིར ་མདོར་བསྡུས་སོ་ཞེས་བཤད་པའོ།། བསོད་ནམས་དྲང་ཡེ་ཤེས་དག་ནི་སྐུ་གཉིས་འགྲུབ་པོ་ཞེས་བྱ་བར་བསྟན་པས་བསོད་ནམས་དང་ཡེ་ཤེས་ཀྱི་བྱེ་བྲག་བརྟེན་པོ་ཤེས་རབ་དེའང་ཐབས་དང་བསྟན་པ་ནི། ཕབས་མཁས་པ་དང ་བྲལ་བར་གསུངས་ཏེ། བྱང་ཆུབ་སེམས་དཔའ་ནི་ཤེས་རབ་གོམས་པར་བྱེད་པའོ།། དེ་ལྟ་བས་ན་སྦྱོར་བ་ཡང་དག་པའོ་ཞེས་བྱ་སྟེ་ཡང་དག་པ་པའི་ཐར་པའི་ཐབས་སོ།། སྦྱོར་བ་ནི་ལམ་དེའོ།། དེ་ཡང་ཅི་ལྟར་ཤེས་ཤེ་ན། དེ་སྐད ་ཅེས་ལུང་དང་སྦྱར་བ་ནི་ཐབས་ཀྱིས་ཟིན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞིང་གིས་རྒྱན་ནོ་ཞིང་དང་འབྲེལ་བར་རྒྱན་ཅེས་བྱ་སྟེ། སྣོད་རྣམ་པར་དག་པའོ།། ལྟ་བོ་ནི་དྲུག་ཅུ་རྩ་གཉིས་ཏེ་ཚངས་པའི་དྲ་བ་ལས ་གསུངས་པ་ལྟ་བུའོ།། དེས་ན་མདོ་སྡེ་རྒྱན་ལས། ཤེས་རབ་ཐབས་ཀྱིས་ཡོངསུ་ཟིན་པ་དང་། སྦྱིན་སོགས་ཤེས་རབ་ཀྱིས་ཟིན་མི་བཟང་ཅེའོ།། དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པའི་སྒོ་ནས་དགོས་པ་བསྟན་ནས། ་དེའི་ངོ་བོ་ཉིད་བཤད་པ་ནི། ཐབས་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ཤེས་རབ་དང་སྙིང་རྗེས་འབྲེལ་པ་དེའི་ངོ་བོ་ཉིད་ནི་གང་སོ་སོ་སྐྱེ་བོའི་ཞེས་བྱ་བ་ལ་སོགས་པའོ།། དེ་ཉིད་བཤད་པ་ནི་གང་འཁོར་བ་ཡང་ཞེས་བྱ་བ ་ལ་སོགས་པ་སྟེ། དེ་ལ་དུས་མ་ཡིན་པ་ནི་ཚོགས་རྫོགས་པའོ།། ནང་དུ་སོ་སོར་རྟོག་པ་ནི་མྱ་ངན་ལས་འདས་པ་ལས་གོམས་པའོ།། མི་སྐྱེ་བ་ནི་སྟོང་པ་ཉིད་དོ།། ངེས་པར་གྱུར་པ་ནི་ཞི་བ་ཕྱོགས་གཅིག་པའོ།། དེ་ལ་མོས་པས ་སྤྱོད་པའི་ས་རྣམས་སུ་སྤྱིར་བཏང་བ་ནི་ཤེས་རབ་དང་། སྙིང་རྗེ་འབྲེལ་བ་སྟེ། ས་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སོ་སོའི་སྐྱེ་བོ་ཡིན་ཡང་བྱིས་པའི་རྒྱད་ལས་འདས་པས་ཞེས་བྱ་བ་ལ་སོགས་པ ་གསུངས་པའི་ཕྱིར་རོ།། དྲོ་བ་དང་རྩེ་མོའི་གནས་སྐབས་སུ་ནི་བྱེ་བྲག་ཏུ་གང་ཟག་ལ་བདག་མེད་པར་རྟོགས་པས་མྱ་ངན་ལས་འདས་པ་སྤྱོད་ཡུལ་ལ་དེ་རྟོགས་ཀྱང་། ཆོས་ཀྱི་དེ་མྱ་རྟོགས་པས ་འཁོར་བ་ལ་སྤྱོད་ཡུལ་བ་དོང་གཟུང་བ་མེད་པར་རྟོགས་པ་དང་། འཛིན་པོ་མེད་པར་མ་རྟོགས་པས་ཀྱང་ངོ་།། བཟོད་པའི་ས་ལ་ཆོས་ཟབ་མོ་ལ་བཟོད་པས་ཀྱང་མྱ་ངན་ལས་འདའ་བ་རྟོག་པ་གཙོར་བཤད་ལ། ་ཆོས་ཀྱི་མཆོག་ཏུ་མཐོང་བའི་ལམ་མྱ་ཐོབ་པས་སྤྱོད་ཡུལ་མ་ཡིན་པའོ།། ས་དང་པོ་ལ་ནི་བདེན་པ་སྤྱོད་ཡུལ་ལོ།། གཉིས་པ་ལ་ནི་ནང་དུ་སོ་སོ་རྟོག་པ་སྟེ། འཆལ་པའི་དྲི་མ་སྤོང་བའོ།། གསུམ་པ་ལ་ནི་བཟོད་པ་དང་ལྡན་པས་མི་སྐྱེ ་བ་གཙོར་བསྒོམ་ལ། བཞི་པ་ལ་སྤྲོས་པ་དང་ལྡན་པས་འོག་མའི་ངེས་པ་ལ་མི་འཇུག་སྟེ། གོང་དུ་ཡོན་ཏན་ཚོལ་བའོ།། ལྔ་པ་ལ་བདེན་པ་གཉིས་གོམས་པར་བྱེད་པས་འདུ་འཛི་སྙེད་ཡུལ་ལ་སོགས་པའོ།། དྲུག་པ་ལ་རྟེན་འབྲེལ ་གོམས་པས་དེ་རང་བཞིན་མེད་པའི་སྟོང་པ་ཉིད་སྤྱོད་ཡུལ་གཙོར་བསྒོམ་ལ། བདུན་པ་ལ་མཚན་མ་མེད་ཅིང་རྩོལ་བ་དང་ས་ཡོན་ན་ཚོལ་བ་ཞེས་བཤད་དོ།། ས་བརྒྱུད་པ་ལ་མཚན་མ་མེད་པ་ལྷུན་གྱིས་གྲུབ་པས་མངོན་པར ་འདུ་མི་བྱེད་ལ། དེར་ཆོས་ཉིད་ཀྱིས་སྒྲུབ་པའི་སྒོ་ལ་བསྐུལ་བས་རྒྱུན་མི་གཅོད་པའོ།། ས་དགུ་པ་ལ་སོ་སོ་ཡང་དག་པར་རིག་པས་ཤིན་ཏུ་ཞི་བར་མི་ལྟུང་བ་སྟེ། དུས་ཆོས་བཤད་པའི་སྒོ་ནས། དོན་མེད་པ་ལ་སྦྱོར་བ་སྲུང་བའི ་ཕྱིར་རོ།། ས་བཅུ་པ་ལ་གང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཞེས་བྱ་བ་ལ་སོགས་བྱ་སྟེ་མཛད་པ་བྱེད་པའི་ཕྱིར་ལ། རང་དོན་གྱི་དབང་དུ་བྱས་ནས་ཤེས་བྱ་ཕྲ་བ་ལ་ཐོགས་པས་སྤྱོད་པ་མི་གཏོང་ངོ་།། དེ་ལྟ་བསོ་དེ་ཉིད་དྲིས ་བའི་དོན་དུ་བསྟན་པ་ནི། ལྷའི་བུ་ཞེས་གསུངས་ཏེ། རེ་ཞིག་སྤྱིར་བསྟན་པ་ནི་བརྩོན་པ་མེད་པ་ནི་ཤེས་རབ་ཀྱིས་སྟོང་པ་ཉིད་དུ་རྟོགས་པ་ཡིན་ལ། ཆོས་རྣམས་སྡུད་པ་ནི་སྟོང་རྗེ་ལ་སོགས་པ་ཐབས་ཀྱི་སྟོབས་ཀྱིསོ།། ་བྱེ་བྲག་ཏུ་འཆད་པ་ནི། དང་པོ་ཚོགས་ཀྱི་ས་ནས་གཟུང་སྟེ། རྩེ་མོའི་བར་དུ་བདག་མེད་པ་ལ་སོགས་པ་སྟེ། ཐེག་པ་ཐ་མར་མི་ལྟུང་བའི་ཕྱིར་ཐབས་སེམས་ཅན་ཡོངས་སུ་སྨིན་པ་ལ་སོགས་པ་རིག ་པར་བྱའོ།། བཟོད་པ་དང་ཆོས་ཀྱི་མཆོག་ཏུ་བླང་བ་མེད་པ་ལ་སོགས་པར་སྦྱོར་བ་དང་། ཆོས་ཡོངས་སུ་འཛིན་པར་སྦྱོར་བ་སྟེ་དེ་ལ་ཆོས་ཡོངས་སུ་འཛིན་པར་སྦྱོར་བ་ནི། ཆོས་ཀྱི་མཆོག་ཆེན་པོ་ལ་རིག་པར་བྱའོ།། ས་དང་པོ་ལ ་ནི་ཆོས་ཀྱི་དབྱིངས་དབྱེར་མེད་པ་སྟེ། ཀུན་ཏུ་འགྲོ་བའི་དོན་གྱིས་སོ།། ས་གཉིས་པ་ལ་སོགས་པ་གསུམ་ལ་ནི་ཐམས་ཅད་ན་མཁའི་ཞིང་དུ་སྦྱོར་བའོ།། ལྔ་པ་ལ་སོགས་པ་གསུམ་ལ་ནི་འདུས་མ་བྱས་ཀྱི་རབ་ཏུ་འཕེལ ་བར་སྦྱོར་བའོ།། བརྒྱད་པ་ལ་སོགས་པ་གསུམ་ལ་ནི། གཟིགས་པ་མེད་པའི་སྐུར་རྟོགས་པར་སྦྱོར་བའོ།། ས་ཐམས་ཅད་ཀྱི་དབང་དུ་བྱས་ནས་ནི་མ་སྐྱེས་པ་ལ་སོགས་པར་སྦྱོར་བའོ།། འདི་གཉིས་ཀྱི་ཁྱད་པར་གཞན་ནི ་རང་དང་གཞན་གྱི་དོན་གྱི་དབང་དུ་བྱས་པའོ།། དེ་ལྟ་བུའི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ་སྟེ། ལམ་དེ་རྣམསུ་ཅི་ལྟར་བསྒོམ་ཞོ་ན། གང་སྙོམས་པར་འཇུག་པ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་མོས་པས་སྤྱོད ་པ་ནས་གཟུང་སྟེ་ས་བདུན་པའི་བ.རོ་དུ་ནི་སེམས་ཅན་ལ་ལྟ་བ་ལ་སོགས་ཏེ། དེ་ལ་སེམས་ཅན་ནི་སྤྱོད་ཡུལ་དུ་བྱའོ།། སྙིང་རྗེ་ནི་མོས་པ་སྤྱོད་པའི་ས་ལ་རིག་པར་བྱའོ།། སྙིང་རྗེ་ཆེན་པོ་ནི་མཐོང་བའི་ལམ་ནས ་གཟུང་སྟེའོ།། ཡང་ཞི་བྱ་དང་རབ་ཏུ་ཞི་བ་མི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་སྐབས་སུ་རིག་པར་བྱའོ།། ས་བརྒྱད་པ་ནི་སྙིང་རྗེ་ཆེན་པོ་དང་ཡེ་ཤེས་ལྔ་རྟོན་པ་སྟེ་འདིར་ཡང་སྙིང་རྗེ་ཁྱད་པར་དུ་བསྒོམ་པར་བྱ ་དྭགོས་པའི་ཕྱིར་རོ།། ས་དགུ་པ་ལ་ནི་ཆོས་ཡོངས་སུ་འཛིན་པ་ལ་ལྦུ་བཱ་སྟེ། སོ་སོ་ཡང་དག་པར་རིག་པའི་ཆོ་སོ་འཆང་བའི་ཕྱིར་རོ།། ས་བཅུ་པ་ལ་ནི་སངས་རྒྱས་ཀྱི་སྐུའི་རྒྱན་ལ་སོགས་པ་མངོན་དུ་བྱེད་པ་སྟེ། སྒྲའི་རྒྱུན ་ནི་སྒོམ་ཉིད་ཀྱི་རྒྱུན་ལཾ་བྷ་སྟྭ~ཾ། གཟུགས་ཀྱི་སྐུ་ནི་རྙིང་གི་རྒྱན་ཡིན་པར་ཕྱིར་རོ།། འཇུག་པ་ནི་སྦྱར་བྲ་ལ་བསྙེགས་པ་མུ་ན་དབུལ་བར་འགྱུར། ནྀ་དཔ་འབྱོ་ཟབ་པ་ནས་མི་ཡིན་ན་ནི ་གལ་ཏེ་མཚན་ཉིད་ནྱ་དཱ་ན་ནི་འདོད་པ་ཁོ་ནཱ་ཡིན་ལ། དང་པོ་སྒོམ་པའི་ས་ནས་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ།། བསྒོམ་པའི་ཐབས་ལ་འཇུག་པའི་རིམ་པ་བསྟན་པ་ནི། ཕྱག་རྒྱུ་གཉིས་ཏེ་ཞེས་བྱ་བ ་ཡོ་སོགས་པ་སྟེ། འདེབས་པའི་ཕྱིར་ཕྱག་རྒྱའོ།། དེ་ཉིད་ནཱི་ཀུན་རྫོབ་ཏུ་ཚིག་འབྲུ་ཞེས་བྱ་ལ་དོན་དམ་པར་བུབ་མོ་ལ་འཇོག་པ་སྟེ། འདིས་ནི་སྦྱར་བསྟན་པའི་ཚུལ་བབས་དང་ཤིས་རབུ་ལ་མི་འདྲར་བསྒྲ་རྒྱུས་བྱཱཏ་བ་པོ་སྟེ། ་རྣམས་ཞེས་གསུངས་པས་མཐོ་ངོན་པར་མཛིན་ནོ།། ཇི་སྟེ་བབས་ལ་འཇུག་པའི་ཡུལ་བསྟན་ནས། དེ་ཉི་གང་ཟག་དང་སྦྱར་བ་ནི་དེ་ལ་ཞིས་གསུངས་ཏེ། ལས་དང་པོ་པ་ནི་མོས་པའི་ས་པའོ།། མ~ཾ་གོས་པ་ན་ཎཱ་ནས ་པ་སྤངས་པའོ།། བཤད་པ་དང་སྦྱར་བས་ན་ཕྲུགས་སོ།། བསྒྱུར་བ་ལ་སོགས་པར་གསུངས་པའི་ལྡེམ་པོ་དག་གི་སྣརེལ་ཞི་སྟེ། གཞན་དུ་འཁྱོགས་པས་ན་ལྡེམ་པོའོ།། རྒྱུད་ནཱི་མ་འདྲེས་པའི་ཕྱིར་རོ།། ཡུན་རིང་དུ ་ཚངས་པར་སྤྱད་པ་ནི། བསྐུལ་པ་གྲངས་མེད་པར་རོ།། འདི་ནི་ངལ་འབྱོར་ཐོབ་པ་ནས་གོམས་པར་བསླབ་པར་མངོན་གྱི་ཐམས་ཅད་དུ་ཐབས་དང་ཤེས་རབ་ཟུང་ངུ་འབྲེལ་པར་མ་ཡིན་ནོ།། ཞེས་ལོག་པར་རྟོགས་པར་མི ་བྱའོ།། གཉིས་སུ་མེད་པ་ནི་གཙོར་གོམས་པར་བྱ་བར་བསྟན་གྱི། མ་ཡིན་པ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ།། དེ་ལྟ་བུའི་གང་ཟག་གི་འཇུག་པའི་ཚུལ་ནི། ལྡོག་པའི་སྒོ་ནས་རྨ་འབྱིན་པའི་ཉེས་པ་བསྟན་ཏེ། ཉེས ་དམིགས་འདི་ལ་བསྟན་པ་ནི། ངེས་པར་སེམས་པར་མི་འགྱུར་བ་སྟེ། ཟབ་མོ་ལ་ནི་གུས་ཞེས་བསྟན་པའོ།། དེའི་རྒྱུ་ཉིད་ནི་ཆོས་སྤོང་བ་དང་། གང་ཟག་ལ་ཞི་སྡང་བ་སྟེ། སྔར་ཇི་སྐད་བཤད་པ་ཉིད་དོ།། ཉེས་པ ་གཉིས་ཏེ། ཡུན་རིང་དུ་སྤྱད་པའི་གང་ཟག་ལ་ནི། མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་གསུངས་སོ།། འཇིག་རྟེན་པའི་ལམ་དུ་གོམས་པ་མཐོང་བའི་ལམ་ལ་བཟོད་པ་དང་། ས་བདུན་པ་མན་ཆད་དུ་གོམས་པ་ས་བརྒྱུད ་པ་ལ་བཟོད་པ་སྟེ། འདིར་ནི་དང་པོའི་རྒྱུའི་གེགས་སུ་གཟུང་ངོ་།། དེའི་རྒྱུ་ནི་དམན་པ་ལ་ཁྱད་དུ་གསོད་པ་དང་། གུས་པ་ལ་སེར་སྣ་བྱེད་པ་སྟེ། འདིར་བསླབ་པ་ན་ཟ་ཆོས་ཟབ་མོ་ལ་མོས་པ་ཉིད་དོ།། རི་མ་ནི་དེ ་སྟོན་པ་ཉིད་ཡིན་ལ། དེ་མི་བྱེད་པས་རི་མོ་མི་བྱེད་པའོ།། རྣམ་གྲངས་སུ་བསླབ་པ་ཁྱད་དུ་གསོད་པ་སྟེ། དེའི་ཕྱིར་དཔེར་ན་རབ་ཏུ་བྱུང་བ་ལ་ངས་ནི་ཟང་ཟིང་སྦྱིན་པར་མ་སྣང་ངོ་།། ཞེས་གསུངས་པ་ལྟ་བུའོ།། མདོ་ཀུན་ལས་བཏུས ་པའི་བཤད་པ། ལུང་གི་ཚད་མས་རབ་ཏུ་སྦྱར་བ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་ཟིན་ཏོ།། མདོ་ཀུན་ལས་བཏུས་པ་ལས། སྤྱོད་པའི་ཁྱད་པར་རྙེད་དཀའ་བའི་གཏམ་བརྗོད་པ་སྟེ། བཅུ་པའོ།། དེ་ལྟར་ཕ་རོལ་ཏུ ་ཕྱིན་པ་དྲུག་ལ་སློབ་པ་དེའང་ཐོབ་བྱ་གང་ཞིག་ལ་དམིགས་ནས་སློབ་ཅེ་ན། ཐོབ་བྱ་སྐུ་གཉིས་ལ་སྟེ། ཆོས་ཀྱི་སྐུ་ནི་བཤད་ཟིན་ཏོ།། གཟུགས་ཀྱི་སྐུ་ནི་ཆེ་བ་ཉིད་རྒྱ་ཆེན་པོ་ཞེས་གསུངས་ཏེ། ཉིད་ཅེས་བྱ་བ་ནི། ཉན་ཐོས ་ལོ་སོགས་པ་དགར་བའོ།། འཇུག་པ་ནི་གཉིས་ཏེ། མོས་པས་འཇུག་པ་དང་། ཐོབ་པས་འཇུག་པའོ།། དེའང་ཇི་ལྟར་ཞེ་ན། ལན་ནཱི་ལུང་གི་ཤྲཱིས་ཏེ། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ཞེས་བྱ་བ་ལ ་སོགས་པའོ།། དེའི་ཕྱིར་དང་པོ་ས་དང་པོའི་ཡོན་ཏན་བསྟན་པ་ལས། ཐབས་ལ་མཁས་པའི་སྤྱོད་པ་བསྟན་པ་ནི། བཙུན་པ་འོད་སྲུངས་ཆེན་པོ་ཞེས་གསུངས་ཏེ། ས་རྣམས་སུ་ཕན་ཡོན་གྱི་ཁྱད་པར་རྨད་དུ་བྱུང་བ ་རྣམས་ཡོད་ཀྱང་། ས་དང་པོ་དང་བཅུ་པ་ནི་མཚོན་པ་ཡིན་ལ། ས་རེ་རེ་ལ་རྨད་དུ་བྱུང་བ་དྲུག་ལ་སོགས་པ་ཡང་། དང་པོ་སྦྱིན་པ་ལ་སོགས་པ་བརྩམས་པའི་རྨད་དུ་བྱུང་བ་སྟོན་ཏེ། ཚོགས་ཡོངས་སུ་རྫོགས་པར་བྱ ་བའི་ཕྱིར་དང་། མཐོང་བ་ལ་ཕན་གདགས་པར་བྱ་བ་དང་། བསམ་པ་རྫོགས་པར་བྱ་བ་དང་། གཞན་རྗེ་སུ་དྲང་བ་དང་། རང་གི་འཁྲུལ་པ་དགོད་པའི་ཕྱིར་ནི། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ ་ཐོབ་པོ་ཞེས་གསུངས་སོ།། ཉམ་ང་བ་ཞེས་བྱ་བ་ནི་གཉི་ག་ལ་བཏགས་པའོ།། ཕལ་ཆེར་ཞེས་སྨོས་པས་དམན་པའི་དོན་དམ་པ་སྤངས་པ་སྟེ། དེ་ལ་དེའི་ཕྱིར་ཞེས་ཀྱང་སྦྱར་ཏེ། གཞན་དུ་ན་བྱ་བ་ཉམས་པའི་ཕྱིར་རམ། བརྫུན་དུ་སྨྲ ་བའི་ཕྱིར་རོ།། དེ་ལྟར་ནཱ་དབང་མེད་པར་འགྱུར་རོ་ཞེ་ན། དང་པོ་གོ་སྐབས་མ་ཕྱེ་བར་ཞེས་སྨོས་སོ།། སྦྱིན་པར་ཁས་འཆེས་པར་སློང་བ་ནི་མི་སྲིད་ཏེ། དེ་ཅིའི་ཕྱིར་ཞེ་ན། མཐུ་མེད་ཅེས་བྱ་སྟེ། མཐུ་མེད་ཅེས་བྱ་བ་མི་ནུས ་པའི་ཕྱིར་རོ།། ཅིའི་ཕྱིར་རང་ཉིད་ཀྱིས་བྱེད་ཅེ་ན། དཀའ་ཐུབ་དག་པ་སྟེ་མྱུར་བར་འགྲོ་བའི་ཕྱིར་རོ།། འོ་ན་གང་གི་ཞེ་ན། ཕལ་ལ་མེད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཏེ་སྔར་བསྟན་པའི་ཕྱིར་རོ།། དེ་ཉིད ་དཔེ་བསྒྲུབ་པ་ནི། དཔེར་ནི་ཞེས་གསུངས་ཏེ། བཟོད་པ་ནི་འདོད་པའོ།། ས་བཅུ་པའི་ཡོན་ཏན་བསྟན་པ་ན་གཉིས་ཏེ། ཆོས་སྣང་བའི་ཡོན་ཏན་རྣམ་པར་འཕྲུལ་པ་དང་། ཁམས་སྣང་བའི་ཡོན་ཏན་རྣམས་ཀྱི་རྣམ ་པར་འ་ཕྲུལ་པའོ།། དེ་ལ་དང་པོའི་དབང་དུ་བྱས་ནས་གཙོ་བོའི་ཡོན་ཏན་རྣམ་པར་འཕྲུལ་པ་ནི། གང་གིས་འཕྲུལ་ཞེ་ན་བྱང་ཆུབ་སེམས་དཔའ་དེའོ།། གང་གི་ཐད་དྲ་ཞེ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྤྱན་སྦྱརོ།། ་གང་གི་དོན་དུ་ཞེ་ན། མཐུ་རབ་ཏུ་བསྟན་པའི་ཕྱིརརོ།། རྟེན་གང་ནས་ཞེ་ན། མཚན་དང་ཞེས་བྱ་བ་ལ་སོགས་པ་ནསོ།། གང་གི་ཡོན་ཏན་འཕྲུལ་ཅེ་ན། བྱང་ཆུབ་སེམས་དཔའི་འཁོར་ལ་སོགས་པའོ།། ཡོན་ཏན་གྱི་ཆོ་འཕྲུལ་ཞེ་ན་ཆོས་སྣང་བའི་རྣམ་པར་འཕྲུལ ་པ་ནི་སྔོན་གྱི་སྦྱིན་པ་ལ་སོགས་པའོ།། གནས་བཀོད་པའི་རྣམ་པར་འཕྲུལ་པ་ནི་མི་མཇེད་ཀྱི་ཞེས་བྱ་བ་ལ་སོགས་པའོ།། གདོན་བཀོད་པའི་རྣམ་པར་འཕྲུལ་པ་ནི། རྡོ་རྗེའི་དབང་པོ་ཞེས་བྱ་བ་ལ་སོགས་པའོ།། ལུས་བཀོད་པའི་རྣམ་པར་འཕྲུལ་པ་ནི། ནོར་བུའི ་རྒྱལ་པོ་ཞེས་བྱ་བ་ལ་སོགས་པའོ།། འཁོར་གྱི་ཡོན་ཏན་ནི། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་ཞེས་གསུང་སོ།། དེ་ལ་སྨོན་ལམ་གྱིས་བྱུང་བ་ཉིད་ནི་ཞལ་ཏུ་ལྟ་བ་ལ་སོགས་པའོ།། ཁམས་སྣང་བའི་ཡིན་གྱི་རྣམ་པར་འཕྲུལ་པ་ནི་ཡང ་སྡོང་པོ་བཀོད་པ་དེ་ཉིད་ལས་ཞེས་གསུང་སོ།། དང་པོ་ལུས་ལ་དམིགས་པ་སྤྲུལ་པའི་ཡོན་ཏན་གྱི་དབང་དུ་བྱས་ནས། ཡོན་ཏན་གྱི་ཆས་གང་ལ་ལྡན་ཞེ་ན། ཚོང་དཔོན་གྱི་བུ་ནོར་བུ་བཟང་པོ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྒྱུ་མ་ལྟ་བུའི་ཏིངེ་འཛིན་གྱིས ་མཐོང་བའི་ཕྱིརརོ།། གང་ནས་འཕྲུལ་ཞེ་ན། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཞེས་གསུངས་ཏེ། དངོས་པོ་གང་ཞེ་ན། སྟོང་གསུམ་ལ་སོགས་པའོ།། དེ་ཉིད་ལས་སྣོད་ནི། རླུང་གི་ཕུང་པོ་ལ་སོགས་པའོ།། སེམས་ཅན་ནི་སེམས་ཅན་དམྱལ་བ་ལ ་སོགས་པའོ།། དུས་ནི་ཉིན་ཞག་ལ་སོགས་པའོ།། ཕྱོགས་ནི་ཤར་ཕྱོགས་ལ་སོགས་པའོ།། རྟེན་རྣམ་པར་འཕྲུལ་པ་ནི་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཡང་ཞེས་གསུངས་ཏེ། རྟེན་གང་ན་གནས་པ་རྣམ་པར་འཕྲུལ་པ་ནི། རྣམ་པར་སྣང་མཛད ་ཅི་སྤྱན་སྔ་ནའོ།། དམིགས་པ་རྣམ་པར་འཕྲུལ་པ་ནི། དེའི་ལུས་རེ་རེ་ལས་ཞེས་གསུངས་པའོ།། བརྗོད་པ་རྣམ་པར་འཕྲུལ་པ་ནི་སེམས་ཅན་གྱི་སྒྲལ་སོགས་པའོ།། མཛད་པ་རྣམ་པར་སྤྲུལ་པ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ ་ལ་སོགས་པའོ།། མཐར་ཐུག་པའི་འབྲས་བུ་ནི་དེ་ལ་ཞེས་གསུངས་ཏེ། དེ་ལ་ཚད་མེད་པ་ནི་ས་བཅུའི་རྣམ་པ་རོ།། ཡེ་ཤེས་ཚད་མེད་པ་ནི་རྣམ་པ་ཐམས་ཅད་དང་མཆོག་མཁྱེན་པའོ།། དེ་ལ་དཔེ་ནི་དཔེར་ན་ཞེས་བྱ་བའོ།། དེ་བཞིན་དུ་ཞེས་བྱ་བ ་ནི་དོན་དང་སྦྱར་བའོ།། དེའི་འཐད་པ་ནི་དབང་དུ་ཞུགས་ཏེ། ཞེས་བྱ་སྟེ་དེ་ལ་འདི་ལྟ་བུ་ཞེས་བྱ་བ་ནི། ས་ཆོས་ཀྱི་སྒྲོན་མའོ།། དེ་དག་གི་ཡོན་ཏན་གྲངས་ཀྱི་དཔེ་ནི། བུ་རམ་ཤིང་ཞེས་བྱ་བ་ལ་སོགས་པ་སྟེ། སྙིང་རྗེའི་གཞན་དབང་དུ་གྱུར་པས་འཁོར ་བར་གནས་ཀྱང་ཡོན་ཏན་གྱི་རོ་ཡིས་མི་འདོར་བས། བུ་རམ་ཤིང་ལྟ་བུའོ།། ཉོན་མོངས་པ་དང་མཐུན་པའི་སྤྱོད་པ་ལྟར་སྣང་ཡང་ཉོན་མོངས་པས་སྟོང་པས་འདམ་བུ་ལྟ་བུའོ།། ཤེས་རབ་ཕུན་སུམ་ཚོགས་པའི་ཕྱིར་དེས་སྟོང་པ་ཡིན་པ ་ནི་འོད་མ་ལྟ་བུ་སྟེ། ཡོན་ཏན་རྣམས་ཀྱི་སྣོད་དུ་གྱུར་པས་ཏིལ་ལྟ་བུའོ།། དེ་དག་མང་བས་མཚལ་སྨོས་ཏེ་འདྲ་བོ་རྣམས་བསྡུས་པའི་ཕྱིརརོ།། དེ་ལྟར་ཡོན་ཏན་གྱི་ཆེ་བ་བསྟན་ནས། ཕྲིན་ལས་ཀྱི་ཆེ་བ་བསྟན་པ་ནི། འཇམ་དཔལ་ཞེས་གསུངས་ཏེ། རྨད་དུ ་བྱུང་བའི་ཕྲིན་ལས་དངོས་ནི། དེ་ལ་གཅིག་ཏུ་སྲ་བ་ནི་སྐུ་གདུང་རིང་སྲེལ་ལ་བྱའོ།། དེ་ལྟར་མི་རྟོག་པ་དང་དུས་ཐམས་ཅད་པའི་ཕྲིན་ལས་དེ་ཉིད་ངེས་པའི་དོན་དུ་བྱ་བ་ནི། འཕགས་པ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་ཞེས་གསུངས་ཏེ། ་དཔེར་ན་འདི་ལྟ་སྟེ། དཔེར་ན་ཞེས་བྱ་བ་སྟེ། ཆད་དུ་བྱུང་བའི་གཞི་བསྟན་པ་ནི། དགེ་སློང་ཀུན་དགའ་བོ་ཞེས་བྱ་བ་ལ་སོགས་པའོ།། རྨད་དུ་བྱུང་བའི་ཕྲིན་ལས་དངོས་ནི། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། གོ་བར་བཟོད་དོ།། དེ་ལྟར་འབྲས ་བུའི་ཕན་ཡོན་བཤད་ནས། ད་ནི་ཆེ་བ་ལ་མོས་པའི་ཕན་ཡོན་བཤད་པར་མདོ་སྡེ་ཟབ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ཉིད་ལུང་དང་སྦྱར་བ་ནི། མདོ་དེ་ཉིད་ལས་ཞེས་བྱ་བའོ།། ཕན་ཡོན་གྱི་དཔེ་ཉིད་ནི། དཔེར་ན་ཞེས་གསུངས་པའོ།། དེ་ལ་གནམ་འཕང ་དང་ཞེང་རྒྱ་ཆེ་བ་ཉིད་ནི་ལྷག་གེ་ལ་སོགས་པ་སྟེ། དེ་ལ་ཐེག་པ་དམའ་བ་ལས་མཐོ་བའོ།། དེ་ཉིད་ནི་ཡངས་པ་ལ་སོགས་པ་སྟེ། ཡངས་པ་དང་། ཆེ་བ་ནི་བདེན་པ་གཉིས་ཀྱི་དབང་དུ་བྱས་པའོ།། དེའི་གཞི་ནི་དངོས་པོ་དང་། དུས་དང་། གང་ཟག་གི་ཕ་རོལ ་ཏུ་ཕྱིན་པ་ལྔ་ལ་སོགས་པའོ།། དེ་ཉིད་ཀྱིས་བསོད་ནམས་ཀྱི་ཁྱད་པར་བསྟན་པ་མི་འཇམ་དཔལ་ཞེས་གསུངས་ཏེ། བྱང་ཆུབ་ནི་རང་དུལ་བར་འདོད་པའོ།། ཕུང་པོ་མེད་པ་ནི་མྱ་ངན་ལས་འདས་པའོ།། ཅིའི་ཕྱིར་ཞེ་ན། འགྲོ་བ་ལ་དམྱིགས་པ་མེད་པས་རྒྱ ་རུ་འི་ཕྱིར་དང་། འདི་ལ་མོས་པ་ལ་སོགས་པ་ནི་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཡིན་པའི་ཕྱིར། སྔར་བཤད་པ་ལྟ་བུ་གང་ཡང་ཡིནོ།། མདོ་ཀུན་ལས་བཏུས་པའི་བཤད་པ། ལུང་གི་ཚད་མ་རབ་ཏུ་སྦྱར་བ་ལས། རྒྱ་ཆེན་པོ་ལ་མོས་པ་རྙེད་པར་དཀའ ་བའི་གཏམ་བརྗོད་པ་སྟེ། རྙེད་པར་དཀའ་བ་བཅུ་གཅིག་པ་བཤད་ཟིན་ཏོ།། མདོ་ཀུན་ལས་བཏུས་པ་ལས་ཡོན་ཏན་གྱི་ལེའུ་སྟེ་དྲུག་པའོ།། །། ད་ནི་དེ་དག་ངེས་པར་བྱ་བའི་ཕྱིར་ལུང་གི་ཚིག་སུ་བཅད་པ་འདི་བརྗོད་པར་བྱ་སྟེ། དང་པོ་བསོད་ནམས ་མིན་སྤངས་ཏེ།། བར་དུ་བདག་ལྟ་ལོག་པ་སྟེ། ཐ་མ་ཀུན་ལས་ལྡོག་ཤེས་པ།། རིགས་པར་ལྡན་ཕྱིར་གྲོལ་བའོ།། ཐར་པ་དོན་དུ་གཉེར་འདོད་རྣམས།། གླང་ཆེན་ལམ་དུ་སོང་འགྲོ་ཡང་།། གྲགས་ཕྱིར་བློ་གྲོས་སྦྱངས་འགའ་ཞིག། ་དམ་མཐོང་ཕྱིར་གྲགས་ལ་བརྟེན།། དེ་ཉིད་མཐོང་བ་ཡིན་ཞེ་ན།། ཚད་མ་མིན་ཕྱིར་འདི་མཐོང་བཞིན།། དེ་མ་ངེས་པར་གྲོགས་ཤེ་ན།། དེ་ལ་ཚད་མས་གནོད་ཕྱིརརོ།། ཚད་མ་དེ་ཉིད་མིན་ན་ནི།། དེས་གཞན་ཅི་ཕྱིར་བརྫུན་མི་འགྱུར།། དམ་པོའི་དོན་ལ་གྲགས ་འགའ་ཞིག། ལུང་མི་འགྱུར་ཏེ་དེ་ཉིད་བཞིན།། སྣང་གྲངས་སྤྱོད་པས་མཐོང་ཞེ་ན།། དེ་ཉིད་མ་མཐོང་ཅི་ཡི་ཕྱིར།། ཡུལ་མིན་ཞེ་ན་དེ་འདོད་པས།། དེ་ལ་མཁས་པ་ཅི་ཞིག་རྩོད།། ལུང་ཡང་དེ་ལ་རག་ལུས་ཞེས།། སྨྲ་ན་ཅི་ཕྱིར་དེ་ལ་མིན།། རྒྱུ་མེད་མི་རུང་གང་ཞིག་རྒྱུ།། ་དེ་མེད་ནུས་པས་མ་མཐོང་ཕྱིར།། གཞན་དུ་ཧ་ཅང་ཐལ་བར་འགྱུར།། དེས་ན་ཟབ་མོར་གྱུར་པ་ལ།། སྔོན་གྱི་ལུང་རྙིང་སྤོངས་བཏང་སྟེ།། རང་ལྟར་གཟུང་མིན་ལུང་ལས་གསུངས།། བསྲེག་བཅད་བདར་བས་གསེར་ལྟ་བུར།། བརྟགས་ནས་བླང་བར་གསུངས ་ཤེ་ན། དེ་ཡོང་མིན་ཏེ་མ་ཡིན་ལྟར།། མ་རྟོགས་གྲུབ་པའི་ལམ་མེད་པར།། ཆོས་ཀྱི་མིག་ཅན་གྱིས་མཐོང་སྟེ།། དེ་ཡང་དེ་ལ་རྟེན་ཞེ་ན།། བཤད་བཞིན་རྒྱུ་མིན་འབྲས་བུ་ལྟར།། ཚད་མ་དྲི་ཡིས་གནོད་པ་མིན།། གྲུབ་ལམ་སྣང་བ་རྟགས་ཡིན་ཏེ།། རང་ཉིད་བྱ ་བྱེད་མི་རྟོགས་པར།། ལྐོག་གྱུར་ཇི་ལྟར་འཛིན་པར་འགྱུར།། དེ་ལའང་སྒྲུབ་བྱེད་ཡོད་མ་ཡིན།། འགལ་ཕྱིར་མངོན་སུམ་གང་གིས་འཛིན།། ཚད་མས་གནོད་ཕྱིར་གསུམ་པའང་མིན།། གཅིག་དང་ཐ་དད་མི་སྣང་ན།། བདག་སོགས་གང་རུང་གནས་པོ ་སྨྱོས། མི་དམིགས་ཕྱིར་དང་འགལ་ཕྱིར་ན། དེ་མ་རྟོགས་དང་དེ་ལས་མིན།། མཚན་ཉིད་འཛིན་པའང་མ་གྲུབ་པས།། རང་གི་འདོད་པ་ག་ལ་ཞིག། གཅིག་མིན་དེས་ན་དུ་མའང་མིན། རང་གཞན་གཉིས་དང་རྒྱུ་མེད་དང་།། ཡོད་སོགས་སྐྱེ་བར་མ་རུང་བས།། ་ངོ་བོ་ལ་སོགས་གང་ཞིག་ཡོད།། རྟགས་དང་གཞན་དབང་གྲུབ་པ་མིན།། མཚན་ཉིད་ལ་སོགས་དངོས་མེད་པར།། ཀླུ་སྒྲུབ་ཐོགས་པ་མེད་པས་གསུངས།། མ་རྟོགས་འགའ་ཞིག་མི་མཐུན་སྨྲ།། མི་མཐུན་ངེས་ཟབ་ང་ལུང་ནི།། བརྫུན་པ་ཉིད་དུ་སྨྲས་པས་ན ་དེ་ལས་སྐུར་པ་གང་ཞིག་ཡོད།། དོན་གཉིས་ཕྱིར་ནི་གང་ཞིག་བརྫུན།། དེ་སྤངས་བཟློག་པའི་རྒྱུ་འགའ་ཞིག། དྲང་ཕྱིར་ཞེ་ན་དེ་བརྫུན་མིན།། དོན་མེད་ཕྱིར་ན་གཉིས་པ་བརྫུན།། འགལ་ཕྱིར་གཞུང་གི་དོན་ལ་རེག་འདོད་རྒྱལ་སྨྲ་བ་མི་མཐུན་པས།། གླིང་ཆེན་ལམ།། ་དུ་བརྟེན་དེ་དོང་།། དམ་པ་ཉེ་བར་བསྟེན་པ་ཡི།། དམ་པ་གང་ཡིན་དེ་གཉིས་མཐུན།། དཀའ་བ་མངས་དང་འཇོམས་རྙེད་ནས།། སྡུག་བསྔལ་དུ་མོ་འབྱུང་བའི་གནས།། སྦྲུལ་གྱི་ཆང་འདྲ་མེད་སོགས་ལྟར།། བཅས་པ་དང་པོ་ཡོངསུ་བསྲུངས།། དྲན་དང་ཤེས། ་བཞིན་བག་ཡོད་པས། གྲུབ་པའི་མཐའ་ལ་བརྟེན་པ་ནི།། ཉེས་པའི་རྒྱུ་ནི་བདག་ལྟ་ཉིད། ཤེས་ནས་ཡོངསུ་སྤོང་བ་ཡིན།། ཤེས་པ་གོམས་པས་འབྲས་བུ་ཐིབ།། དེ་རྒྱུ་ངེས་དོན་ཟབ་ཆོས་རྟོགས།། དམ་པའི་དོན་དུ་ཅིས་མ་གཟུང་།། གོམས་ན་ཅི་ཞིག་དཀའ་ཕྱིར་འགའ། ་སྡུག་བསྔལ་བདེ་བར་རྟོགས་བཞིན་པས།། ཟད་མེད་བདེན་འགའ་ཅི་ཞིག་མིན།། བསམ་གྱིས་མི་ཁྱབ་དཔེ་ལས་འདས།། བརྗོ་དུ་མེད་པའི་ཆོས་ཉིད་ནི།། ལག་ཏུ་ཐོབ་པར་དགོས་པ་མེད།། བཏང་སྙོམས་ལ་སོག་ཚད་མེད་པས།། ཚངས་པའི་གནས་སྐྱེ་ཉིད་དང་།། ་གཏོང་བས་ལོངས་སྤྱོད་བཟོད་པས་གཟུགས། ཁྲིམས་ཀྱི་མཐོ་རིས་སོགས་དོན་དང་། གྲགས་དང་རྙེད་སོགས་རྒྱ་མཚོ་ནི།། འདི་དང་གཞན་དུ་ཐེ་ཚོམ་མེད།། སྔར་བཤད་རྒྱས་པར་བཤད་ཉིད།། རང་བཞིན་ལག་པ་རང་བཞིན་གསུམ།། ་མདའ་དང་མིག་དང་ཡོན་ཏན་དང་།། ངོས་དང་ཡོན་ཏན་ཡོན་ཏན་དང་།། དགུ་ནི་དང་པོ་གཉིས་པས་འགྲུབ། གསུམ་པ་སྒྲུབ་པར་བྱ་བས་སྟེ།། བཞི་པས་དངོས་པོ་གསུམ་པའོ།། དེ་འགྲུབ་ལྔ་སོགས་ལ་རག་ལུས།། དེ་དོན་བདུན་པས་རིག་བྱ་སྟེ།། ་ཐོབ་པར་བྱེད་པ་བརྒྱད་པར་གསུངས།། ཡོན་ཏན་ཐ་མ་དེ་རྣམས་གྲངས།། སྦྱིན་སོགས་སྤྱོད་པ་རྣམ་དྲུག་ཏུ།། གཞུང་དོན་ཆོས་བཞི་དེ་ལྟར་བསྒྲགས།། རྒྱལ་བའི་སྲས་ཀྱི་ལམ་པོ་ཆེ།། རྒྱལ་སྲས་རྣམས་ལ་བསྟན་པ་ནི།། བསྡུས་པ་བཤད ་པ་ལས་བྱུང་བའི།། བསོད་ནམས་འགྲུབ་པས་འགྲོ་ཀུན་རྒྱལ།། གོ་འཕང་དམ་པོ་ཐོབ་གྱུར་ནས།། མི་ནུས་ཆོས་ཀྱི་རྒྱལ་མཚན་ནི། སྣོད་གྱུར་པའི་འགྲོ་བ་ལ།། ཞི་བའི་ཚུལ་དུ་སྟོན་པར་ཤོག། ཡི་གེ་པ་ཡི་དོན་ཆེདདུ།། བརྩིས་ནས་ཤོ་ལོ་ཀ་སུམ་སྟོང ་དང་།། དེ་ལས་ལྔ་བཅུ་ལྷག་ཅིག་ནི།། འདི་ཡི་ཚད་དུ་བྱས་པ་ཡིན།། བམ་པོ་བཅུ་དང་། ཤོ་ལོ་ཀ་ལྔ་བཅུ་ཡོད་དོ།། མདོ་ཀུན་ལས་བཏུས་པའི་བཤད་པ།། རིན་པོ་ཆེ་སྣང་བའི་རྒྱན་ཞེས་བྱ་བ། ལུང་གི་ཚད་མས་རབ་ཏུ་སྦྱར་བ་ལས།། བསྡུས ་པའི་ཚིགསུ་བཅད་པའོ།། མདོ་ཀུན་ལས་བཅས་པའི་བཤད་པ། སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་རྫོགསོ།། །། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ནག་པའི་ཞབས་དང་། བོད་ཀྱི་ལོ་རྗེ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང ་