| Wylie | e-texts produced with BDRC’s OCR application |
བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚ་ལོ།། དལ་འབྱོར་རྙེད་དཀའ་བ་ཤེས་གཉེན་བསྟེན།། སྟོན་པ་རྗེས་དྲན་མི་རྟག་བསྒོམ།། ་ཡིད་འབྱུང་བ་དང་འཕགས་པའི་བདེན།། མི་ལྡོག་པ་ཡི་འཁོར་ལོ་དང་།། འཁོར་གསུམ་ཡོངས་སུ་དག་པའི་གཏམ།། བརྒྱད་པོ་འདི་ནི་སྤྱི་སྡོམ་ཡིན།། དལ་འབྱོར་གྱི་རྟེན་རྙེད་པར་དཀའ་བ་ནི། གཙུག་ནུ་རིན་པོ་ཆེས་ཞུས ་པ་ལས། དལ་འབྱོར་མིར་སྐྱེ་རྙེད་པ་ཤིན་ཏུ་དཀའ།། འདྲེན་པ་མཐོང་བ་ཤིན་ཏུ་རྙེད་པར་དཀའ།། ཞི་བའི་ཆོས་ཀྱང་ཐོས་པ་རྙེད་པར་དཀའ།། ཚུལ་ཁྲིམས་དད་པའང་ཤིན་ཏུ་རྙེད་པར་དཀའ། ཞེས་གསུངས་སོ།། ལྷའི་བུ་བློ་གྲོས ་རབ་གནས་ཀྱིས་ཞུས་པ་ལས་ཀྱང་། མི་ཁོམ་བརྒྱད་པོ་ཐམས་ཅད་རྣམ་སྤངས་ཤིང་།། ཁོམ་པ་ཕུན་སུམ་ཚོགས་པ་རྙེད་དཀའ་ཐོབ་འགྱུར་ལ།། སངས་རྒྱས་འབྱུང་དང་ཡུན་དུ་གནས་པ་དང་།། དེ་བཞིན་བསྟན་ལ་དད་པ་ཐོབ ་པ་དཀའ།། མི་ཡི་སྲིད་པ་རྙེད་པར་དཀའ་བས་ན།། རྒྱལ་བ་རྣམས་ཀྱིས་བསྟན་ལ་ལེགས་བརྩོན་གྱིས།། སྒྲ་ལ་འཚལ་ཅིང་འདུག་པར་མི་བྱེད་པར།། ཆོས་སྨྲའི་དགེ་བའི་ཐ་ཤིས་གཉེན་གང་ཡིན་བསྟེན་གྱིས་ལ།། སྡིག་པའི་གྲོག ་ལ་ལན་འགའང་མ་བསྟེན་ཅིག། ཅེས་གསུངས་སོ།། མྱ་ངན་ལས་འདས་པའི་མདོ་ལས་ཀྱང་། དགེ་སློང་དག་མི་ཁོམ་པ་བརྒྱད་དང་བྲལ་ཏེ། མིའི་ལུས་ཐོབ་པར་དཀའ་བ་ཐོབ་ནས་ང་དང་ཕྲད་པར་གྱུར་ན་དོན་མེད་པར ་ཆུད་མྱི་གསན་ནོ།། དེ་བས་ནུ་ཁྱེད་རྣམས་བག་མེད་པར་མི་བྱའོ།། དགེ་སློང་དག་ཇི་ལྟར་ན་ཡང་དག་པའི་ཆོས་ཀྱི་རིན་པོ་ཆེའི་མཁར་བརྒྱན་ཅིང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི ་ར་བ་དང་། འོབས་དང་། ཉེ་འཁོར་ལྟ་བུར་འགྱུར་བ་སེམས་ཤིག། ཁྱེད་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་མཁར་ལྟ་བུ་དང་ཕྱུད་པའི་འོག་ཏུ་ཡང་དག་པ་མ་ཡིན་པ་སྒྱུ་དང་བཅས་པ་ཁས་ལེན་པ་མི་རིགས་སོ།། དཔེར་ན་ཚོར ་དཔོན་དག་རིན་པོ་ཆེ་ཡང་དག་པའི་གླིང་དུ་ཕྱིན་ན་གྱོ་མོ་དང་རྡོ་བླངས་ཏེ་ཕྱིར་ཁྱིམ་དུ་འོངས་པ་དང་། འདྲ་བར་ཁྱེད་ཀྱང་རིན་པོ་ཆེའི་གླིང་དུ་ཕྱིན་ནས་རྫས་སྒྱུ་མ་དག་ལེན་ཏོ།། དགེ་སློང་དག་ཞུམ་པའི་བསམ་པས་ཆོག་པའི་སེམ ་མ་སྐྱེད་ཅིག། ཁྱེད་རྣམས་རབ་ཏུ་བྱུང་མོད་ཀྱི་ཐུག་པ་ཆེན་པོ་ལ་མོས་པར་མི་བྱེད་དོ།། དགེ་སློང་དག་ཁ་དོག་བསྒྱུར་བའི་གོས་ངུར་སྨྲིག་གྱོན་མོད་ཀྱིས་སེམསྡེ་ཐེག་པ་ཆེན་པོ་ལ་ཡང་དག་པའི་ཆོ་ས་ལ་ཞེན་པར་མ་གྱུར་རོ།། དགེ་སློང ་དྲག་བསོད་སྙོམས་ལ་ཞུགས་ཏེ་ཀུན་ཏུ་རྒྱུ་མོད་ཀྱི་ཐེག་པ་ཆེན་པོའི་ཟས་མ་མྱོང་ངོ་།། དགེ་སློང་དག་སྐྲ་དང་། སྤུ་བྲེགས་མོད་ཀྱི་ཡང་དག་པའི་ཆོས་ཀྱིས་ཀུན་ནུས་ཉོན་མོངས་པ་མེད་པར་བྱས་སོ།། དེ་བས་ན་ཁྱེད་རྣམས ་ཀྱིས་དཔའ་ཞིང་བརྟུལ་ཕོད་པའི་སེམས་ཀྱིས་ཀུན་ནས་ཉོན་མོངས་པ་གཞོམ་པ་ལ་བརྩོན་པར་གྱིས་ཤིག་ཅེས་གསུངས་སོ།། དགེ་བའི་བཤེས་གཉེན་བསྟེན་པ་ནི་མྱ་ངན་འདས་པའི་མདོ་ལས། དགེ་བའི་བཤེས་གཉེན་བསྟེན ་པ་ནི་ལམ་སྟེ། དགེ་བའི་བུ་ཤེས་གཉེན་ལ་བསྟེན་ནུ་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་རོ།། ཞེས་གསུངས་སོ།། དེ་ཉིད་ལས་དགེ་བའི ་བཤེས་གཉེན་ཞེས་བྱ་བ་ནི་མི་དགེ་བ་བཅུ་སྦྱོང་བར་བྱེད་ཅིང་དགེ་བ་བཅུ་སྤྱོད་པར་བྱེད་དོ།། དོན་དེ་ལྟ་བས་ན་དགེ་བའི་བཤེས་གཉེན་ཞེས་བྱའོ།། ཡང་དག་པོའི་ཆོས་ཇི་ལྟ་བ་བཞིན་དུ་སྟོན་ཅིང་ཇི་ལྟར་བསྟན་པ་བཞིན་དུ་སྤྱོད ་པའོ།། ཇི་ལྟར་ཞེ་ན། འདི་ལྟར་བདག་སྲོག་མི་གཅོད་པས་གཞན་ལ་སྲོག་མི་གཅོད་པ་སྟོན་པ་ནི་བདག་ཡང་དག་པའི་ལྟ་བ་ལ་ནན་ཏན་བྱེད་པ་ནས་གཞན་ཡང་ཡང་དག་པའི་ལྟ་བ་ལ་ནན་ཏན་བྱེད་དུ་འཇུག་པ་སྟེ། ་ཡང་དག་པའི་དགེ་བའི་བཤེས་གཉེན་ཞེས་བྱའོ།། བདག་བྱང་ཆུབ་ལ་ནན་ཏན་བྱེད་པས་གཞན་ཡང་དེ་ལ་དགོད་པ་དང་། བདག་དད་པ་དང་། ཚུལ་ཁྲིམས་དང་། སྦྱིན་པ་དང་། མང་དུ་ཐོས་པ་དང་། ཤེས་རབ ་བསྒོམས་པས་གཞན་ཡང་དེ་ལ་འགོད་པ་དང་། དགེ་བྱའི་པོ་ཤེས་གཉེན་ཞེས་བྱ་བ་ནི་དགེ་བའི་ཆོས་ཡོད་པའི་ཕྱིར་རོ།། དགེ་བའི་ཆོས་གང་ཞེ་ན། འདི་ལྟར་ཅི་བྱེད་དོ་ཅོག་བདག་ལ་བདེ་བར་མི་སྦྱོར་གྱིས་རྟག་ཏུ་སེམས ་ཅན་དག་བདེ་བར་སྦྱོར་བ་དང་། གཞན་གྱི་ཉེས་པ་མཐོང་ཡང་སྐྱོན་མི་སྨྲ་བ་སྟེ། རྟག་ཏུ་དགེ་བའི་ཆོས་འབའ་ཞིག་སྨྲའོ།། ཞེས་གསུངས་སོ།། དཀོན་མཆོག་སྤྲིན་ལས་དེ་བླ་མ་ལ་བརྟེན་ན་དགེ་བོའི་ཆོས་འཕེལ་བ་དང ་སྡིག་པ་འགྲིབ་བོ་སྙམ་སྟེ་མཁན་པོ་ཐོས་པ་མང་ཡང་རུང་ཉུང་ཡང་རུང་ཤེས་སམ་མི་ཤེས་ཀྱང་རུང་། ཚུལ་ཁྲིམས་དང་ལྡན་ནམ་མི་ལྡན་ཡང་རུང་སྟེ། དེ་ལ་སྨོན་པའི་འདུ་ཤེས་བསྐྱེད་དོ།། ཇི ་ལྟར་སྟོན་པ་ལ་དགའ་ཞིང་དད་པ་ལྟར་མཁན་པོ་ལ་ཡིང་བྱེད་དོ་ཞེས་འབྱུང་ངོ་།། རྒྱལ་བའི་ཡུམ་ལས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱིས་སྡིག་པའི་གྲོགས་པོ་དག་ཡོངས་སུ་སྲུང་བར་བྱའོ།། དགྲ་བའི་བཤོས་གཉེན་གང་ཆོས ་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་ལ་སོགས་པར་སྟོན་པ་དག་ལ་ཁྱོད་ཀྱིས་བསྙེན་པར་བྱ་གུས་པར་བྱ། བསྙེན་བཀུར་བྱའོ་ཞེས་བྱ་བ་ནས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ཤིན་ཏུ་གུས་པ ་སྐྱེད་པར་བྱའོ།། ཕངས་པར་བྱའོ་རབ་ཏུ་དང་བར་བྱའོ།། དགེ་བའི་བཤེས་གཉེན་གྱིས་ཟིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས ་པར་འཚང་རྒྱའོ་ཞེས་གསུངས་སོ།། སངས་རྒྱས་རྗེས་སུ་དྲན་པ་ནི་མྱ་ངན་ལས་འདས་པའི་མདོ་ལས། ཆོས་གཅིག་ལ་གང་བསྒོམ་ཞིང་ནན་ཏན་བྱེད་པོ་དེས་སེམས་ཅན་ཐམས་ཅད་ཀྱི་མྱ་ངན་དང་སྡུག་བསྔལ་དང་འཁྲུག ་པ་རྣམས་བྱང་ཞིང་དག་པ་ཆོས་ཐོབ་པར་གསུངས་པ་ནི་འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ནོ་ཞེས་གསུངས་སོ།། སངས་རྒྱས་ཕལ་པོ་ཆེ་ནས། ཇི་ལྟར་ས་ནི་རོ་གཅིག་ཀྱང་།། ས་བོན་ཚུལ་བཞིན ་མྱུ་གུ་སྟོན།། བྱམས་དང་སྡང་བ་སེམས་དཔའ་མེད།། སངས་རྒྱས་ཡོན་ཕུལ་དེ་བཞིན་ནོ།། ཞེས་གསུངས་སོ།། ཆོས་ཡང་དག་པར་སྡུད་པའི་མདོ་ལས། འདི་ལྟ་སྟེ་དཔེར་ན། མེ་ནི་ཤིང་ཐམས་ཅད་ལ་ཡོད་མོད་ཀྱི ་རྐྱེན་དང་རྩོལྔ་པོ་མ་ཚང་བར་མེ་མི་འབར་ཞིང་དགོས་པ་རྣམས་མི་བྱེད་དོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཤེས་བྱ་ཐམས་ཅད་ལ་གནས་མོད་ཀྱི་དད་པ་ལ་སོགས་པའི་རྐྱེན་དང་རྩོལ་བྱ་མ་ཚང་ན་མི་འབྱུང་སྟེ། ་སངས་རྒྱུས་ཀྱི་བྱ་བ་རྣམས་ཀྱང་མི་མཛད་དོ།། ཞེས་འབྱུང་ངོ་།། ཡང་དེ་ཉིད་ལུས་དབོར་ནས་ནི་རྣམ་པར་མི་རྟོག་ཅིང་འགྱུར་བ་མེད་པར་གནས་ཏེ་དེ་ལ་ཁེ་འདོད་པས་སྨོས་ན་ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར་རོ།། དེ ་ལས་ཟློག་ན་མྱི་འགྱུར་རོ།། དྲི་བཞིན་དུ་དེ་བཞིན་གཤེགས་པ་ཡང་རྣམ་པར་མི་རྟོག་ཅིང་འགྱུར་བ་མེད་པས་གནས་ཏེ། དེ་ལ་ཡོན་ཏན་འདོད་པ་གང་དག་དེ་བཞིན་གཤེགས་པ་ལ་དད་པ་དང་དང་བ་དང་གུས་པ་བསྐྱེད ་པ་དེ་དག་གི་ཡོན་ཏན་གྱི་ལོ་ཏོག་ཕུན་སུམ་ཚོགས་པར་འགྱུར་རོ།། དེ་ལས་ཟློག་པ་ནི་མི་འགྱུར་རོ།། ཞེས་གསུངས་སོ།། ཡང་དེ་ལས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཚུལ་ལ་འཇུག་པ་བཅུས་སངས་རྒྱས་ཁྲོང་དུ ་ཆུད་པ་བྱ་སྟེ། རྒྱུ་འཐུན་པའི་སངས་རྒྱས་དང་། རྣམ་པར་སྨིན་པ་ལས་བྱུང་བའི་སངས་རྒྱས་དང་། ཏིང་ངེ་འཛིན་གྱི་སངས་རྒྱས་དང་། སྨོན་ལམ་གྱི་སངས་རྒྱས་དང་། སེམས་ཀྱི་སངས་རྒྱས་དང་། ངོ་བོ་ཉིད་ཀྱི་སངས ་རྒྱས་དང་། ལོངས་སྤྱོད་རྫོགས་པའི་སངས་རྒྱས་དང་། སྤྲུལ་པའི་སངས་རྒྱས་དང་། བཏགས་པའི་སངས་རྒྱས་དང་། མདུན་དུ་བྱས་པའི་སངས་རྒྱས་སོ།། ཞེས་རྒྱས་པར་གསུངས་སོ།། སངས་རྒྱས ་ཕལ་པོ་ཆེ་ལས་ཀྱང་། ཡང་དག་སངས་རྒྱས་ཆོས་ཀྱི་སྐུ།། འདྲེས་པ་མེད་ཅིང་གནས་པ་མེད།། སེམས་ཅན་ཐམས་ཅད་ཡིད་བཞིན་དུ།། གཟུགས་ཀྱི་སྐུ་ཡང་རབ་ཏུ་མཐོང་།། ཞེས་གསུངས་སོ།། ཡབ་དང་སྲས་མཇལ་བ་ལས ་གང་ཞིག་གཞན་ལ་གསན་པར་མ་མཛད་པར།། རྟོག་པར་དཀའ་བ་རབ་ཏུ་ཞི་བ་ཡིས།། བྱང་ཆུབ་བླ་མེད་མངོན་པར་སངས་རྒྱས་པ།། དེ་ཡི་གསུང་ལ་སུ་ཞིག་ཡིད་མི་ཆེས།། སྐྱེ་དགུ་ཀུན་ལ་ཕ་བཞིན་ཐུགས་བརྩེ ་བས།། སྟོབས་བཅུ་ཐུགས་རྗེ་མངའ་བས་བྱམས་པར་དགོངས།། ཐུགས་རྗེས་ཐུགས་བརྩེས་སེམས་ཅན་གྲོལ་མཛད་ཀྱིས།། འདྲེན་པ་མི་མཆོག་ལ་ནི་དད་པ་སྐྱེད།། རྒ་དང་འཆི་བས་འཇིགས་པའི་ཉོན་མོངས་ལ།། རྒ་ཤི ་མེད་མཆོག་མི་ལ་སྟོན་མཛད་ཅིང་།། འཆི་མིང་གནས་སུ་སེམས་ཅན་དོན་མཛད་ཀྱིས།། འདྲེན་པ་མིཆོག་ལ་ནི་དད་པཱ་སྐྱེད།། ཅེས་གསུངས་སོ།། ལྷ་མོ་དཔལ་གྱི་ཕྲེང་བཱ་སེང་གེའི་སྒྲས་ཞུས་པ་ལས། བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་ནི་འཇིག་རྟེན་ལ་དུས་ཀྱིས་མཐའ་མཆིས་པའི་ཐུགས་རྗེ་ཅན་དང་། དུས་ཀྱི་མཐའ་མཆིས་པའི་ཐུགས་དམ་མངའ་བ་མ་ལགས་ཏེ། དུས་ཀྱི་མཐའ་མེད་པ་རེ་ཐུགས་རྗེ་དང་། དམ་བཅས ་པས་སེམས་ཅན་ཨ་ལ་ཞེས་མཆིས་པ་དག་ནི་དེ་བཞིན་གཤེགས་པ་ཉིད་ལ་ཡང་དག་པར་སྨྲ་བས་སྨྲ་བ་ལགས་སོ།། ཞེས་གསུངས་སོ།། དཀོན་མཆོག་སྤྲིན་ལས་ཀྱང་ཀྱེ་མ་སེམས་ཅན་འདི་དགྲ་ནི་བུ་སྨད་དང་། ཁྱིམ ་དང་། ནོར་དང་འབྲུ་ལ་སྐྱེད་པས་འཁོལ་བུས་སྙིང་པོ་མེད་ལ་སྙིང་པོར་འདུ་ཤེས་པ་ཡིན་གྱིས་དེ་དག་ལ་མི་རྟག་པ་བསྟན་པར་བྱའོ།། ཞེས་དེའི་ཕྱིར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ།། ཀྱེ ་མ་སེམས་ཅན་འདི་དག་ནི་མི་རིགས་པས་འཚོ་བ་སྟེ། གཅིག་ལ་གཅིག་འདྲིད་པར་གནས་པ་ཡིན་གྱིས་དེ་དག་ལ་འཚོ་བ་ཡོངས་སུ་དྲག་པར་བྱ་བའི་ཆོས་བསྟན་ཏོ།། ཞེས་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་སྙིང ་རྗེ་ཆེན་པོ་སྐྱེའོ།། ཀྱེ་མ་སེམས་ཅན་འདི་དག་ནི་ཁྱིམ་གྱི་གནས་སྡུག་བསྔལ་གྱི་སྣོད་དུ་ཤིན་ཏུ་ཉོན་མོངས་པ་ལ་རྟག་ཏུ་དགའ་བོ་ཡིན་ནོ།། དེ་དག་ལས་འབྱུང་ཞིང་ཁམས་གསུམ་ལས་ཡང་དག་པར་འདའ་བར་བྱ ་བའི་ཕྱིར་ཆོས་སྟོན་ཏོ།། ཞེས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ།། ཆོས་ཐམས་ཅད་རྒྱུད་ཉེ་བར་འགྲོ་བ་སྟེ། སྒྲུབ་པས་ཉེ་བར་གནས་པའི་མཚན་ཉིད་ཅན་ཡིན་ན་སེམས་ཅན་འདི་དག་ནི་འཕགས་པའི ་རྣམ་པར་གྲོལ་བ་ལ་ལེ་ལོ་བྱེད་པ་ཡིན་གྱིས་དེ་དག་ལས་རྣམ་པར་གྲོལ་བ་ལ་ལྷུར་བླང་བའི་ཕྱིར་བརྩོན་འགྲུས་བརྩམས་པར་ཆོས་བསྟན་ཏོ།། ཞེས་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེའོ།། ་ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་བརྐུམ་ཞིང་འདོད་པས་ཟིལ་གྱིས་ནོན་པ་སྟེ་ཆོ་ག་མཱི་ཤེས་ཤིང་གཞན་གྱི་ནོར་འཕྲོག་པ་ཡིན་གྱིས་དེ་དག་ལ་འཕགས་པའི་ནོར་དད་པ་ལ་སོགས་པ་བདུན་ལ་འགོང་ངོ་།། ཞེས་སེམས ་ཅནྡ་རྣམས་ལ་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོ་བསྐྱེད་དོ།། ཞེས་གསུངས་སོ།། གསང་བ་བསམ་གྱིས་མི་ཁྱབ་པ་ལས་ཞི་བའི་བློ་གྲོས་ཡོངས་སུ་བརྟག་པ་གཟུང་སྟེ། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་ཐམས་ཅད ་ལུས་ཐོབ་པར་འགྱུར་ལ། དེའི་ནང་ནས་སེམས་ཅན་གཅིག་གིས་སེམས་ཅན་དེ་དག་ཇི་སྙེད་པ་དེ་སྙེད་ལ། དེ་བཞིན་གཤེགས་པའི་སྐུ་གཟུགས་དང་། མདོག་དང་། རྟགས་དང་། དབེབས་དང་སྤྱོད་ལམ་དུ་སེམས ་ཤིང་མོས་ཏེ། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་དེ་ལྟར་མོས་ཀྱང་ཞི་བའི་བློ་གྲོས་རྣམ་གྲངས་དྲིས་ཀྱང་དེ་བཞིན་གཤེགས་པ་སེམས་ཅན་དེ་དག་ཐམས་ཅད་ཀྱི་མོས་པ་ཚིམ་པར་མཛད་དེ། ཞི་བའི་བློ་གྲོས་འདི་ནི་དེ་བཞིན ་གཤེགས་པའི་སྐུའི་གྲསང་བའོ།། ཞེས་བྱའོ།། དྲི་ནས་བྱང་ཆུབ་སེམས་དཔའི་ཤུགས་འཆང་འདི་སྙམ་དུ་དེ་བཞིན་གཤེགས་པའི་སྤྱི་གཙུག་བལྟར་མཱི་མཐོང་ལ་སྐུ་ཚད་མེད་ཀྱང་མཐའ་ཡོངས་སུ་བཙལ་ལྷོ་སྙམ་ནས ་སྟེང་གི་ཕྱོགས་གང་གཱའི་ཀླུང་གི་བྱེ་མ་བྱེ་བ་ཕྲག་རྒྱའི་སངས་རྒྱས་ཀྱི་ཞིང་འདས་ཏེ་བོང་མ་ཅན་གྱི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་པད་མེའི་དཔལ་གྱི་རྒྱལ་པོའི་སྤྱན་སྔར་ཕྱིན་ནས་བལྟས་ཀྱང་མ་མཐོང་ངོ་ཞེས་བྱ་བ་ནས ་རིགས་ཀྱི་བུ་གང་ཡང་དཔེ་བཞག་པ་ཇི་སྙེད་པ་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། སྐུ་དང་གསུང ་དང་ཐུགས་དང་མཚན་ཉིད་ཀྱི་དཔེ་འགོད་པ་ནི་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པའོ།། དཔེ་གཅིག་པོ་ནི་མ་གཏོགས་ཏེ་འདི་ལྟ་སྟེ། ན་མཁའོ་ཞེས་བྱ་བ་ནས་འཇིག་རྟེན་མགོན་པོའི་སྤྱི་གཙུག་ཀྱང་།། ནུམ ་མཁའི་ཁམས་དང་མཚུངས་པ་ལགས།། ནུ་མཁའི་ཇི་བཞིན་ཁྱབ་གྱུར་པ།། གསུངས་གིས་ཀྱང་ནི་དེ་སྙེད་ཁྱབ།། གསུང་གི་ཇི་སྙེད་ཁྱབ་གྱུར་པ།། ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ།། གང་གིས་བྱང་ཆུབོ་བློ་བསྐྱེད་པ།། དེ་སྙེད ་བསོད་ནམས་ཁྱད་པར་བགྱིད།། ཅེས་བྱ་བ་ལ་སོགས་པའོ།། ཞི་བོའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་གི་གསང་བ་ཕྲིན་ལས་གང་ཞེ་ན། ཞི་བའི་བློ་གྲོས་གང་གི་ནུབ་མྱོ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ནས་ལེན་པ་མེད་པ་མྱ་ངན་ལས་འདས་པའི་བར་དུ་དེ་བཞིན་གཤེགས་པས་ཡི་གེ་འབྲུ་གཅིག་ཀྱང་མ་གསུངས་སོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ལ ་དབུགས་འབྱུང་བ་དང་རྔུབ་པ་མི་མངའོ།། རྣམ་པར་མི་རྟོག་གོ་རྣམ་པར་མི་སྤྱོད་དོ།། དེ་དག་མེད་པ་ངག་མི་འབྱུང་ངོ་ཞེས་བྱ་བ་ནས་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པ་ནི་གསུང་ངོ་སྙམ་མོ།། བདག་ཅག་གིས་དེ ་བཞིན་གཤེགས་པའི་ཆོས་བསྟན་པ་ཀུན་ཤེསོ་སྙམ་མོ་ཞེས་བྱ་བ་ནས་ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་གསུང་ནི་ཕྱོགས་བཅུའི་འཇིག་རྟེན་རྒྱས་པར་འགེངས་ཤིང་སེམས་ཅན་གྱི་བསམ ་པ་ཆེམ་པར་མཛད་ཀྱང་གསུང་རབ་བཅུ་གཉིས་སྟོན་ཏོ།། གསལ་བར་བྱེད་དོ་རབ་ཏུ་ཤེས་པར་བྱེད་དོ་རབ་ཏུ་འཇོག་གོ། རྣམ་པར་འབྱེད་དོ།། ཞེས་མི་དགོངས་སོ་ཞེས་བྱ་བ་ནས་ཚེ་དང་ལྡན་པ་མོའུགལ་གྱི་བུ་འདི་སྙམ་དུ་སེམས ་ཏེ། དེ་བཞིན་གཤེགས་པའི་གསུངས་གི་དཀྱིལ་འཁོར་ཇི་སྲིད་གཅིག་ཏུ་འགྲོ་བ་དཔག་པར་བྱའོ་སྙམ་ནས་རི་རབ་ཀྱི་རྩེ་མོར་ཕྱིན་ན་ཡང་དེ་བཞིན་གཤེགས་པའི་གསུང་དེ་ཁོ་ན་འདྲ་བ་ཐོས་སོ།། གླིང་གཞི་ལས་ཀྱང་འདས་པ ་ཁོར་ཡུག་ལས་ཀྱང་འདས་ཏེ་ཞེས་བྱ་བ་ནས་ནུབ་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་འདས་པ་ན་དེ་བཞིན་གཤེགས་པ་འོད་ཟེར་གྱི་རྒྱལ་པོ་བཞུགས་པ་དེར་ཕྱིན་པ་ན་ཡང་འདོམ་གང་ན་འདུག་པའི་མིའི ་སྒྲ་ཐོས་པ་ལྟར་དེ་བཞིན་གཤེགས་པའི་གསུང་དེ་འདྲ་བ་ཁོ་ནར་ཐོས་ཞེས་འབྱུང་ངོ་།། ཡང་དེ་ཉིད་ལུས་གློསང་བའི་བདག་པོས་ཞི་བའི་བློ་གྲོས་ལ་འདི་སྐད་ཅེས་སྨྲས་སོ།། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པའི་ཐུགས་ཀྱི ་ཐུགས་ཀྱི་གསང་བ་དང་ཕྲིན་ལས་གང་ཞེ་ན། དེ་བཞིན་གཤེགས་པའི་ཐུགས་ལ་ལྡོག་པ་མི་མངའ་རྟོག་མི་མངའ་འགྱུར་བ་མི་མངའ།། ཐུགས་ཀྱི་ཚད་མི་མངའ། ཐུགས་ལ་འཁྲུལ་པ་མི་མངའ་བས་ན་ཆོས་ཐམས་ཅད་ལ ་དེའི་ཡེ་ཤེས་མ་ཆགས་མ་ཐོགས་པར་འཇུག་གོ།། སེམས་ཅན་གྱི་སྤྱོད་པ་ཐམས་ཅད་ལ་ཡང་གཟིགས་སོ།། སེམས་ཅན་ཐམས་ཅད་ཀྱི་ཀུན་ནས་ཉོ་ན་མོངས་པ་དང་རྣམ་པར་བྱང་བ་ཡང་རབ་ཏུ་མཁྱེན་ཏོ།། དེའི་སྟོབས་བཅུ་དང་། མི་འཇིག ་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡང་བསྒྱེལ་བུ་མི་མངའ་སྟེ། ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་དང་། བསམ་པ་ལ་ཡང་ཡེ་ཤེས་ཆགས་པ ་དང་ཐོགས་པ་མི་མངའ་ཞིང་ལྷུན་གྱིས་གྲུབ་པར་འཇུག་གོ། ཞི་བའི་བློ་གྲོས་འདི་ཡང་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་དང་ཕྲིན་ལས་སོ་ཞེས་འབྱུང་ངོ་།། ལྷ་མོ་དཔལ་གྱིས་ཕྲེང་བ་སེང་གཱའི་སྒྲ་ཡིས་ཞུས་པ་ལྔས།། ་བཅོམ་ལྡན་འདས་དེ་ལྟ་ལགས་པས་དེ་བཞིན་གཤེགས་པ་ནི་སྐྱབས་མ་མཆིས་པ་དང་། སྐྱབས་རྟགས་པ་དང་། བསྟན་པ་ལ་སོགས་སོ།། བཅོམ་ལྡན་འདས་ཆོས་ཞེས་བགྱི་བ་ནི་ཐེག་པ་གཅིག་གི་ལམ་བསྟེན་པའི་ཚིག་བླ ་དགས་སོ།། དགེ་འདུན་ཞེས་བགྱི་བ་ནི་ཐེག་པ་གསུམ་པའི་ཚིག་བློ་དགས་སོ།། སྐྱབས་འདི་གཉིས་ནི་དེའི་ཡན་ལག་གི་སྐྱབས་ཞེས་བགྱི་སྟེ། སྐྱབ་སྤྱི་རི་རབ་མ་ལགས་སོ།། དྲང་སྲོང་རྒྱས་པས་ཞུས་པ་ལས་ཀྱང་བཅོམ་ལྡན་འདས ་བདག་ནི་རྒས་འཁོགས་གཏུགས་པས་འབྲས་བུ་རྣམས་ལ་རྩོལ་བའི་རྔོ་མི་ཐོག་བོདག་ཁུར་ཆེན་པོ་ཁུར་བའི་རྔོ་མི་ཐོག་གོ།། བདག་དང་བཅོམ་ལྡན་འདས་དང་། ཆོས་དང་། ཐམས་ཅད་སྤངས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ།། ་བདག་དེང་སླན་ཆད་སློབ་མ་དང་བཅས་གཡོག་དང་བཅས་ཏེ་དཀོན་མཆོགསུམ་ལ་སྐྱབས་མཆིའོ།། ཞེས་གསུངས་སོ།། འདུས་བྱས་མི་རྟག་པ་ཡིད་ལ་བྱ་བ་ནི། མྱ་ངན་ལས་འདས་པའི་མདོ་ལས། མི་རྟག ་བསྒོམ་པ་ནི་ལམ་ལགས་ཏེ། དེ་ཡང་དགེ་སློང་རྣམས་ལ་བཀའ་སྩལ་པ། གང་ཞིགྲ་མི་རྟག་པ་མང་དུ་བསྒོམས་ན་བླ་ན་མེད་པ་ཡང་དག་བྱར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱའོ།། ཞེས་གསུངས་སོ།། མཚན་མོ་བཟང་པོའི་མདོ ་ལས་ཀྱང་། སད་ཙམྦ་འཆི་ཡང་སུ་སུ་ཤེས་ཀྱིས།། དེ་རིང་ཉིད་ནས་བརྟུན་ཏེ་བྱ།། འཆི་བདག་སྡེ་ཆེན་དེ་དག་ནཱི།། བདག་དང་བཤེས་པ་ཡོད་མ་ཡིན།། ཞེས་འབྱུང་ངོ་།། སྡོམ་པ་གསུམ་བསྟན་པ་ལས་ཀྱང་། བདག་ནི་མྱུར་དུ ་འཆིའོ་ཞེས།། འཆི་བའི་འདུ་ཤེས་བསྒོམ་པར་བྱ།། དེ་ལས་ལོངས་སྤྱོད་བསགས་པ་ལས།། ལོངས་སྤྱོད་ལ་ནི་སྙིང་པོ་བླངས།། བུ་དང་ཆུང་མའི་དོན་གྱི་ཕྱིར།། དེས་ནི་ནོར་དག་བསགས་མི་བྱ།། ལུས་དང་ལོངས་སྤྱོད་སྲོག་རྣམས ་ལ། སྙིང་པོ་མྱུར་དུ་བླང་བར་བྱ།། བྱང་ཆུབ་དོན་དུ་མདུན་དྲུག་སྐྱེད།། ཅེས་གསུངས་སོ།། མྱ་ངན་ལས་འདས་ཀྱང་། སྐྱེ་བ་ཡོད་ན་འཆི་བ་ཡོད།། ཚེ་ལོ་གྲངས་མེད་ཐུབ་པ་ཡང་།། ཐ་མར་འཆི་བར་རིག་པར་བྱ།། དར་བ་ཡོད ་ན་རྒུད་པ་ཡོད།། འདུ་བ་ཡོད་ན་འབྲལ་བར་འགྱུར།། ལང་ཚོ་དེ་ཡང་མི་རྟག་སྟེ།། དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག། འཚོ་བའི་ཚེ་ཡང་འཆི་བས་འཕྲོག། རྟག་པའི་ཆོས་ནི་འགའ་ཡང་མེད།། ཅེས་བྱ་བ་ལ་སོགས་པའོ།། ་ཡིད་འཐུང་བའི་གཏམ་ནི་ཚོང་དཔོན་བཟང་སྐྱོང་གིས་ཞུས་པ་ལས། བཅོམ་ལྡན་འདས་སེམས་ཅན་དམྱལ་བའི་ཁ་དོག་ཇི་ལྟ་བུ་ལགས། ལུས་ཀྱི་རྣམ་པ་ཇི་ལྟ་བུ་ལགས། བཟང་སྐྱོང་དེ་དག་ཁ་དོག་ནི་ཁྲག་ལྟ་བུ་དང་། སྤྲིན་སྔོན་པོ་ལྟ ་བུ་དང་། ཤ་གཟི་གུ་ལྟ་བུའོ།། དེ་དག་གི་ལུས་ནི་རྒྱལ་པོའི་བུ་གཞོན་ནུ་ལྟ་བུ་གཞོན་ཤ་ཅན་དུ་འགྱུར་རོ།། ལུས་ཆེ་བ་ནི་ཁྲུ་བརྒྱ་པར་འགྱུར་རོ།། སེན་མོ་རིང་ཞིང་ཁ་ཡུ་ཡོད་པ་རྐང་ལག་མི་སྡུག་པ་འཛམ་བུ་གླིང་པས་མཐོང་ན་འཆི ་བའི་དུས་བྱེད་པར་འགྱུར་རོ།། དམྱལ་བ་དེ་དག་གྲི་རྒྱང་རིང་པོ་ནས་ཟངས་དང་། ར་གན་དམར་པོ་མཐོང་སྟེ། ཁ་ཟས་འདོད་པས་ཁྱེར་ཤོག་ཅིག་ཟེར་རོ།། དེ་དག་འཕུངས་ནས་སྙིམ་པ་བཟེད་ནས་ཟངས་དངགན་བསྐོལ་མ་ག ་ལྭ་བ་དེར་སོང་སྟེ་ཁྭ་གཽདངས་པ་དོང་། ཟངས་དང་ར་གན་རབ་ཏུ་འབར་བ་དེས་སུ་རུ་རུ་རབཱ་ཏུ་འབར་ཞིང་ཁོག་པ་འབར་བར་འགྱུར་རོ།། རུས་པར་གྱུར་ཀྵ་རུས་པ་འབྲལ་བར་མི་འགྱུར། འཆི་བའི་དུས་བྱེད་པར་མི་འགྱུར ་ཞེས་བྱ་བ་ནས། དེ་དག་གྲི་སྐྱེད་མོས་ཚལ་མཐོང་ནས་དེ་དག་འདུས་ནས་ཕྱིན་པ་དང་། ཤིང་དེ་དག་གི་མེ་ཏོག་དང་ལོ་མར་རལ་གྲིར་འགྱུར་ཏེ། རལ་གྲི་དེ་དགུ་གི་ཡན་ལག་གཅོད་ཅིང་བཤེགས་པར་བྱེད་དེ་ཉམ་ཐེག་པའི ་སྒྲ་ཆེན་པོ་འབྱིན་ཏོ།། གཤིན་རྗེའི་མིའི་ལག་ན་ཐོ་བ་ཐོགས་སོགས་ལེ་ཐོགས་ནས་བཞིན་བསྒྱུར་ནས། སྐྲ་འབལ་ཞིང་ལུས་འབར་བའི་ཕྲེང་བས་གཡོགས་ལ་མཚོན་ཆ་གཟས་པ་དག་འདི་སྐད་དུ་ཁྱེད་ཅག་སྡོད་ཅིག་ད་གར་འབྲོས ་ཁྱེད་རང་གི་ལས་སྒྲུབས་པའི་ཚལ་འདི་ཉམས་སུ་མྱོང་བར་གྱིས་ཤིག་ཅེས་ཟེར་ཏེ་ཞེས་བྱས་ནས་མུན་པ་མུན་ནག་ཆེན་པོར་ཞུགས་ཏེ། མི་རྒོད་ཀྱི་ཁྲིད་པ་བཞིན་དུ་ཀྱཻ་ཧུང་འདི་སྙམ་དུ། བདག ་ནི་འཛམ་བུའི་གླིང་བཀྲ་བ་བྱོར་རོ།། ད་ནི་མཐོ་རིས་མི་མཐོང་ངོ་སྙམ་མོ་ཞེས་བྱ་ནས། དེ་ནས་བཟུང་སྐྱོང་སྤུ་ཟིང་ཞེས་བྱེད་དེ། བཅོམ་ལྡན་འདས་ལ་སྐྱབས་སུ་སོང་ངོ་།། ཞེས་གསུངས་སོ།། རྒྱལ་པོ་འཆར་བྱེད་ཀྱི་ཞུས་པ་ལས ་ཀྱང་། མི་རྣམས་གང་དག་སྡིག་བྱེད་པ།། མེ་ཡི་ཕུང་པོར་ལྡན་རྣམས་སུ།། བསྐལ་པ་དུ་མར་བཙོ་བ་རོ་འགྱུར།། ཕྲ་སྐམ་རྣོན་པོ་རྣམས་ཀྱིས་ནི།། བཟུང་ཞིང་ཡང་དང་ཡང་བསྙུངས་པས།། དེ་དག་ཤ་ནི་ཡོང་མིན་པས།། དུ་ལྟར་དཀར་བུ ་ངག་ཏུ་འགྱུར།། ལྕགས་ཀྱི་གཞོད་པར་འདུག་ནས་ནི།། རབ་ཏུ་ཚེ་ཞིང་སྲེག་པར་བྱེད།། ཤི་ཞིང་ཤི་ཞིང་སྐྱེ་འགྱུར་ཏེ།། རང་གི་ལས་ཀྱིས་གནས་པར་འགྱུར།། གལ་ཏེ་དམྱལ་བའི་སྲུང་རྣམས་ཀྱིས།། དྲན་པའི་མི་རྣམས་དེ་དག་ནི།། རྟུན་ལ་སོགས ་པར་བརྡུང་བ་ནི།། ཤ་རྐང་རུས་པ་ཕྱེ་མར་འགྱུར།། དེ་ཡི་ཚེ་ན་དེ་དག་ནི།། ཤིན་ཏུ་གྲང་བའི་རླུང་ཡང་ལྡང་།། སྡུག་བསྔལ་གྱུར་པ་དེ་ལས་འཚོ།། སྟ་རེ་རྣམས་ཀྱིས་གཤེགས་པ་དང་།། དེ་བཞིན་གསལ་ཤིང་འཛུགས་པར་འགྱུར།། ་མི་རྣམས་གང་དག་སྡིག་བྱེད་པ།། ལྕགས་མདུང་རྩེ་མོ་བཞི་པ་དང་།། རྩེ་གསུམ་པ་དང་རྩེ་ལྡི་འབབ།། རལ་གྲི་མཆུ་ཅན་ཁྲ་རྣམས་ཀྱིས།། མགོ་དང་ལག་པ་བཏོགས་གྱུར་ཅིང་།། ཝ་དང་སྦྱང་ཀིས་ཟ་བ་དང་།། མི་རྣམས་གང་དགེ་སྡིག ་བྱེད་པ།། རབ་ཏུ་ཚ་བར་སྲེག་འགྱུར་ཞིང་།། ངུ་འབོད་དང་ནི་ངུ་འབོང་ཆེ།། ཐིག་ནག་དུ་ཡང་བསྲེག་པར་འགྱུར།། ཡང་ནས་ཡང་དུ་མེ་མྱུར་དང་།། སྤུ་གྲིའི་ཆུ་ཀླུང་རྣམས་སུ་ལྟུང་།། གང་ཚེ་ལྕགས་ཀྱི་ཟངས་པོ་ཆེར།། མི་རྣམས་དེ་དག་འཚོད ་པ་ན།། ཁྱི་རྣམས་ཀྱིས་ནི་གཙེས་པར་འགྱུར།། ལྕགས་ལས་བྱས་པའི་བྲག་ཆེན་དང་།། མི་སྡུག་རི་བོ་རྣམས་ཀྱིས་ནི།། དེ་ཚེ་ཀུན་ནུས་ལུས་འཇོམས་བྱེད།། འབྲས་བུ་དེ་འདྲ་ཐོབ་བྱེད་ཀྱང་།། དེ་ལ་སློབ་པ་འགའ་ཡང་མེད།། ་ཅེས་འབྱུང་ངོ་།། རྒྱལ་པོ་ལས་གདམས་པའི་མདོ་ལས། དེ་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་མཐོང་ན། འདི་ལྟ་སྟེ། རྒྱ་མཚོ་ཆེན་པོའི་ནང་ན་ཉ་རློན་དང་། ཉ་མིང་ལ་སོགས་པ་སྲོག་ཆགས་ཅིག་གིས་གཅིག་གསོད་པ་དང་། འཚེ ་བུ་དང་། དབང་མྱེད་པར་སྐྱེའོ།། བདགས་ཡི་དགས་ཀྱི་ནང་དུ་སྐྱེ་བར་མི་འགྱུར་སྙམ་ན། འདི་ལྟ་སྟེ། ལོ་མང་པོ་དང་། ལོ་བརྒྱ་ཕྱག་མང་པོ་དང་། ལོ་སྟོང་ཕྲག་མང་པོར་ཆུའི་སྒྲ་ཡང་མི་ཐོས་ན་མཐོང་བཱ་ལྟ་ཅི་སྨོས་པ་འགྱུར་རོ།། ་ཞེས་གསུངས་སོ།། དྲི་མོ་མེད་པར་གྲགས་པས་བསྟན་པ་ལས། གདུལ་དཀའ་བ་འདུལ་བའི་གཏམ་གང་ཞེ་ན། འདི་ལྟ་སྟེ། འདི་ནི་སེམས་ཅན་དམྱལ་བའི།། འདི་བྱོལ་སོང་ངོ་།། འདི་ནི་བྱོལ་སོང་ངོ་།། འདི་ནི་གྲེ་ཤིན་རྗེའི་འཇིག་རྟེན ་ནོ།། འདི་ནི་ལུས་ཀྱི་ངན་པར་སྤྱོད་པའོ།། འདི་ནི་ལུས་ཀྱི་ངན་པར་སྤྱོད་པའི་རྣམ་པར་སྨིན་པའོ།། འདི་དག་གི་ངན་པར་སྤྱོད་པའོ།། འདི་ནི་ངག་གི་ངན་པར་སྤྱོད་པའི་རྣམ་པར་སྨིན་པའོ།། འདི་ནི་ཡིད་ཀྱི་ངན་པར་སྤྱོད་པའོ།། ་འདི་ནི་ཡིད་ཀྱི་ངན་པར་སྤྱོད་པའི་རྣམ་པར་སྨིན་པའོ།། འདི་ནི་སེར་སྣའི་འབྲས་བུའོ།། ཞེས་བྱ་བ་ནས། འདི་ནི་ཤེས་རབ་འཆལ་པའོ།། འདི་ནི་ཤེས་རབ་འཆལ་པའི་འབྲས་བུའོ།། ཞེས་དེ་ལྟར ་གསུངས་པས་རྟ་རྒོད་འདྲ་བའི་སེམས་ཅན་རྣམས་འདུལ་བར་བྱེད་དོ།། ཞེས་གསུ་ངས་སོ།། མྱ་ངན་ལས་འདས་པ་ཆེན་པོ་ལས། མི་དགེ་བ་བཅུ་རབ་བྱས་པས་ནི་སེམས་ཅན་དམྱལ་བ་རྣམས་མྱོང་ངོ་།། འབྲིང་བྱས་པས་ནི ་བྱོལ་སོང་གི་ལུས་མྱོང་ངོ་།། ཐ་མ་བྱས་པས་ནི་ཡི་དགས་ཀྱི་ལུས་མྱོང་ངོ་།། ཞེས་འབྱུང་ངོ་།། ཡང་དེ་ཉིད་ལས་སྡིག་པ་ཕྲ་མོ་ཆུང་ངུ་ཡང་།། མི་གནོད་སྙམ་དུ་བརྙས་མི་བྱ།། ཆུ་ཡི་ཐིགས་པོ་ཆུང་ངུ་ཡང་།། སྣོད་ཆེན ་ཡོངས་སུ་གང་བར་འགྱུར།། ཅེས་གསུངས་སོ།། ངེས་པས་ཞུས་པ་ལས། ས་བོན་ཚ་བ་རྣམས་ཀྱིས་ནི།། འབྲས་བུ་ཆེ་བ་སྐྱེ་བར་འགྱུར།། ས་བོན་མངར་བ་རྣམས་ཀྱིས་ནི།། འབྲས་བུ་མངར་བ་སྐྱེ་བར་འགྱུར།། སྡིག་པའི་རྣམ་སྨིན་ཆེ ་བ་དང་།། དཀར་པོའི་རྣམ་སྨིན་མང་རཱུ་བ་དང་།། མཁས་པའི་མིས་ནི་ཤེས་པར་བྱ།། ཞེས་གསུངས་སོ།། རྒྱལ་པོ་ལ་གདམས་པ་ལས་ཀྱང་། དུས་ཀྱི་གཉེར་ཏེ་རྒྱལ་པོ་འགྲོ་དགོས་ན།། ལོངས་སྤྱོད་མཇིའ་བ་ཤེས་གཉེན ་བཤེས་ཕྱིར་མི་འབྲང་།། སྐྱེས་བུ་དེ་ནི་གང་དང་གར་འགྲོ་བར།། ལས་ནི་གྲིབ་མོ་བཞིན་དུ་རྗེས་སུ་འབྲང་ཞེས་འབྱུང་ངོ་།། ཡང་བརྒྱ་པ་ལས། ལུས་ཅན་ཀུན་གྱི་ལས་རྣམས་ནི།། བསྐལ་པ་བརྒྱར་ཡང་ཆུང་མི་ཟ།། ཚིགས ་ཤིང་དུས་ལ་བབ་པ་ན།། འབྲས་བུ་ཉིད་དུ་སྨིན་པར་འགྱུར།། ཞེས་གསུངས་སོ།། གསང་བ་བསྣམ་གྱི་མི་ཁྱབ་པཱ་ལས། ལས་ཀྱི་རྣམ་པར་སྦྱིན་པཱ་ལུས་ཡིད་ཆེས་པ་དང་། དཀར་པོ་དང་ནག་པོའི་ལུས་ཀྱི་རྣམ་པར ་སྨིན་པ་ཆུད་མི་ཟ་བར་རིག་ནས། སྲོག་གི་ཕྱིར་ཡང་མི་བྱ་མི་བྱེད་དོ།། ཞེས་གསུངས་སོ།། ཡང་དྲྀ་ལས་གྲོགས་པོ་དྲག་འཇིག་རྟེན་སྐྱོང་བར་བྱེད་པའི་ཆོས་བཞི་སྟེ། འདི་ལྟ་སྟེ། འདོད་པ་དང་། ཞེ་སྡང་དང་། འཇིག ་པཱི་དང་། གཱཏི་མུག་སྤངས་པས་འདོད་པས་འགྲོ་བ་མ་ཡིན་པར་མི་འགྲོ་བ་དང་། ཞེ་སྡང་གི་འགྲོ་བ་མ་ཡིན་པར་མི་འགྲོ་བ་དང་། འཇིགས་པས་འགྲོ་བུ་མ་ཡིན་པར་མི་འགྲོ་བ་དང་། གཏི་མུག་གིས་འགྲོ་བཱ་མ ་སྨིན་པར་མི་འགྲོ་བའོ།། ཞེས་འབྱུང་ངོ་།། མྱ་ངན་ལས་འདས་པ་ལས། དགེ་བ་བཅུ་ལ་ཡང་རྣམ་པ་བཞི་སྟེ། རབ་དང་འབྲིང་དང་། བླ་མ་དང་རབ་ཀྱི་རབ་བོ།། དེ་ལ་ཐམས་ནི་སྒྲ་མི་སྣུན་དུ་སྐྱེའོ།། འབྲིང ་གིསྣ་ནི་ལུས་འཕགས་སུ་སྐྱེའོ།། རབ་ཀྱི་ནི་བ་ལང་སྐྱོང་དུ་སྐྱེའོ།། རཤཱ་ཀྱི་རབ་ཀྱིས་ནི་འཇིམ་བུའི་གླིང་དུ་སྐྱེའོ།། ཞེས་འཐུང་ངོ་།། སའི་སྙིང་པོ་འཁོར་ལོ་བཅུ་པ་ལསརིགས་ཀྱི་བུ་བྱང་ཆུབ་སེམས ་དཔའི་འཁོར་ལོ་བཅུ་གང་ཞེ་ནི། རིགས་ཀྱི་བུ་འཁོར་ལོ་བཅུ་ནི་དགེ་བ་བཅུ་ཡིན་པར་ཤེས་པར་བྱའོ།། འཁོར་ལོ་བཅུ་པོ་འདི་དང་ལྡན་པས་ན། སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང་། དགེ ་བྷའི་ཆོས་ཐམས་ཅད་ཡོངསུ་རྫོགས་པ་དང་། སྐྱེ་བོ་ཐམས་ཅད་སྨིན་པར་བྱེད་ཅིང་ཐམས་ཅད་ལ་ཕན་པ་དང་། བདེ་བ་ཡོངས་སུ་ཐོབ་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སྔ་མ་འདས་པའི་སངས ་རྒྱས་ཐམས་ཅད་ཀྱིས་ཀྱང་མི་དགེ་བ་བཅུ་སྤངས་ཏེ་དགེ་བ་བཅུ་ལས་ཀྱི་ལམོ་འདི་བསྔགས་པས་འབྲས་བུ་ཐོབ་པར་གྱུར་ཏོ།། གཞན་ཡང་བྱང་ཆུབ་སེམས་དཔའ་ནམ་འཆེའི་བར་དུ་སྲོག་གཅོད་པ་སྤངས་ན། དེ་ཉིད་སེམས་ཅན ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན། ཐོག་མ་མེད་པ་ནས་སྲོག་གཅོད་པའི་ལས་ལས་བྱུང་བ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ཆོའི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་དོ།། འཆི་བའི་ཚེ་ན་ཡང་གཤིན ་རྗེའི་ཕོ་ཉ་མཐོང་བར་མི་འགྱུར།། ཡིད་དུ་འོང་བའི་དགེ་བའི་བླ་ཤེས་གཉེན་ཆོས་ཀྱི་དུལ་བ་ཚུལ་ཁྲིམས་དང་ཡོན་ཏན་དང་ལྡན་པ་དང་འཕྲད་ཅིང་ཤིན་ཏུ་དད་པ་སྐྱེ་བར་འགྱུར་རོ།། ཚེ་འཕོས་ནས་ཡང་མིའི་ནང་དུ་དབང་པོ་ཚང་བ་དང ་ཡཡུན་ལག་དང་། ཚེ་རིང་བ་དང་། གཟུགས་བཟང་བ་དང་། ཡིད་གཞུངས་པ་དང་། བདེ་ཞིང་སྐྱིད་པ་དང་། དགེ་བའི་བཤེས་གཉེན་དང་ཕྲད་ཅིང་དགེ་བའི་ཆོས་ཐམས་ཅད་རྫོགས་པར་བྱས་ནས་བྱང་ཆུབ་ཐོབ་པའི་བར་དུ་འགྱུརརོ།། ་རིགས་ཀྱི་བུ་འདི་ནི་འཁོར་ལོ་དང་པོའོ།། རིགས་ཀྱི་བུ་འཁོར་ལོ་དེ་རིང་ལྡན་ན་སེམས་ཅན་དམྱལ་བར་མེ་ལྷུང་བ་ནས་དྲན་སོང་ཐམས་ཅད་ངུ་ལྟུང་བར་མི་འགྱུར་རོ་ཞེས་བྱས་ནས། ལོག་པར་ལྷ་ཐོ་སྤྲིང་བའི་བར་དུ་རྒྱས་པ ་སྦྱར་བར་བྱའོ།། སྡོམ་པ་གསུམ་བསྣུན་པ་ལས། འོད་སྲུངས་ཆོས་གསུམ་དང་ལྡན་ན་རྒྱལ་རིགས་ཤིང་སཱ་ལ་ལྟ་བུ་གཟུགས་བཟང་བ་དང་། མཛེས་པ་དང་། ལྟ་ན་སྡུག་པ་དང་། ཁ་དོག་བཟང་པོ་རྒྱུས་པ་མཆོག་དང་ལྡན ་པོ་དང་། ལེ་ལོ་མིང་པ་དང་། བསྒྱེལ་བ་དང་། ཤིན་ཏུ་ངེས་པར་འགྱུར་ཏཱི་འདི་ལྟ་སྐྱེ། དགེ་སྦྱོང་དང་བྲམ་ཟེ་མཐོང་ནི་འདི་དག་ནི་སྦྱིན་གནས་སོ།། མཆོད་པར་འོས་པའོ།། ཕྱག་གི་གནས་སོ།། ནས་དགའ་བ་བསྐྱེད་དོ།། གོས ་དྲུདང་ཟས་དང་མལ་ཆ་དང་ན་བའི་གསོ་སྤྱན་དང་། ཡོ་བྱད་ཀྱིས་མགྲོན་དུ་གཉེར་བ་འདི་ནི་ཆོས་དང་པོའོ།། གཞན་གཉིས་ནི་བརྫུན་སྤོང་བ། བསྙེན་བཀུར་གྱི་སྙིང་པོ་ལེན་པའོ།། ཞེས་གསུངས་སོ།། ཡང་དེ་ཉིད་ལས་ཅི་འདྲ་བ ་ཡཾ་ལས་བྱས་པ།། རྣམ་པར་སྦྱིན་པ་དེ་འདྲིར་འགྱུར།། སྐུལ་པ་བྷ་བ་ག་བཅུ་རུ་ཡང་།། དེ་ནི་རྒྱུང་བར་ཆུ་བླ་མེད།། སའི་བྱུང་ངོ་།། སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་ཀྱང་། གལ་ཏེ་སྲོག་གཙང་ཡོངས་སྟངས ་ནཱ། ཀུན་གྱིས་པ་རྨྨ་ནི་བྷཱུ་མ་བྱེད།། རྟག་ཏུ་ནི་མེད་རྒྱུ་ཡང་རིང་།། དེ་ཞི་སྒྱིད་ལ་གནོད་བཱི་ཙྪེད།། ཧཱུ~ཾ་གནས་ནཱ་ཐམས་ཅད་དུ།། སངས་རྒྱས་སྤྱོད་ཡུལ་ལ་མི་ལ་མོས།། སངས་རྒྱས་ཆོས་དདི་དགེ་འདུན་མཐོང་།། མྱུར ་བླ་མིང་བྱང་ཆུབ་ཐོབ།། ཅེས་བྱ་བོ་ནས། ངན་པར་ལྟ་བ་ཡོངས་སྤངས་ནས།། རྣམོ་དག་དང་བའི་སེམས་བསྒོམས་ན།། ཐིག་གསུམ་སྟེན་པ་མོས་བྱེད་ཅིང་།། སངས་རྒྱས་ཀུན་ལ་མཆོད་པ་བྱེད།། ངན་སོང་ཀུན་ལས་ཡོངས ་ཏེ།། འཕགས་པའི་དགེ་འདུན་རྣམས་དང་ཕྲད།། བྱང་ཆུབ་སེམས་དྲ་པའི་ཡོན་ཏན་ལྡན།། ཡེ་ཤེས་མཆོག་ཀྱང་ཐོབ་པར་འགྱུར།། ཞེས་གསུངས་སོ།། མངོན་པར་མཐོ་བའི་ལེའུ་སྟེ་དང་པོའོ།། ་འཕགས་པའི་བདེན་པའི་གཏམ་ནི་སཱའི་སྙིང་པོ་འཁོར་ལོ་བཅུ་པ་ལས། འདུ་འཛི་དགའ་ཞིང་ཚུལ་ཁྲིམས་བསྲུངས་ཞིང་།། སློབ་དཔོན་འཆང་ཞིང་སྡུག་བསྔལ་འཇིགས་པ།། མཁས་པ་དག་གིས་ཤེས་པོར་གྱིས་ཤིག། དེ་ནི་ཉན ་ཐོས་ཐེག་པ་ཡིན་ནོ།། སྦྱིན་ལ་དགའ་ཞིང་སྐྱེ་འགོག་རྟོག་པ།། བོས་མཐའི་གནས་མལ་དགའ་བ་དག་ནི།། རང་རྒྱལ་བ་ཡི་ཐེག་པ་ཡིན་པར།། མཁས་པ་དག་གིས་ཤེས་པར་གྱིས་ཤིག། དགེ་བའི་རྩ་བ་ཀུན་དང་ལྡན་ཞིང་།། བྱམས ་པ་དང་ནི་སྙིང་རྗེའི་སེམས་ཀྱིས།། རྟག་ཏུ་ཕན་པའི་དོན་ལ་དགའ་བ།། དེ་ནི་ཐེག་པ་ཆེན་པོ་ཡིན་ནོ།། ཚུལ་ཁྲིམས་བསྲུང་ཞིང་ལུས་སྲོག་སྤོང་ཞིང་།། སེམས་ཅན་དག་ལ་མི་འཚོ་མི་གནོད།། སྟོང་པ་ཉིད་ཀྱི་ཆོས་ལ་བརྩོན་པ།། ་ཐེག་པུ་ཆེན་པོ་ཡིན་པར་ཤེས་བྱ།། ཞེས་གསུངས་སོ།། མྱ་ངན་ལྔས་འདས་པའི་མདོ་ལས། སྲིད་པ་ཐམས་ཅད་བདྲེ་ནི་མ་ཡིན།། མྱ་ངན་སྐྱོན་དང་རྟག་ཏུ་བཅས།། སྐྱོན་མ་འཇིགས་པའི་ཆོས་ཅན་ཏེ།། རྒ་དང་ན་མཆིས་རྟག ་ཏུ་གཙེས།། སྲིད་པའི་ཆོས་ནི་མཐའ་ཡས་པ།། འགྱུར་ཞིང་འཕོ་བའི་དགྲ་དང་བཅས།། ཉོན་མོངས་ཀུན་ཏུ་གླགས་པ་ནི།། ཇི་ལྟར་དར་གྱི་སྲིན་བུ་བཞིན།། དེ་ལ་མཁས་པ་ཤེས་རབ་ཅན།། སུ་ཞིག་དགའ་ཞིང་མོས་པ་བྱེད།། ་ལུས་འདི་སྡུག་བསྔལ་ཕུང་པོ་སྟེ།། ཐམས་ཅད་མི་གཙང་བརྩོག་པའོ།། སྐྱོན་གྱིས་བཅིངས་ཤིང་རྨ་དང་ལྡན།། ཕན་པའི་དོན་ནི་ཡེ་ནས་མེད།། ཡར་ནི་ལྷ་ཡི་ལུས་བར་དུ།། ཐམས་ཅད་དེ་དང་འདྲ་བས་ན།། འདོད་པ་ཐམས་ཅད ་མི་དྲུག་པས།། ད་ནི་དེ་ལ་ཆགས་མི་བྱེད།། འདོད་སྦྱངས་ལེགས་པར་ཡང་བྱས་ན།། ཡང་དག་བདེན་པར་རིག་པར་འགྱུར།། ཞེས་འབྱུང་ངོ་།། མངལ་དུ་འཇུག་པ་བསྟན་པ་ལས།། གཞན་ཡང་དགའ་བོ་ལུས་འདི་ཞག་བདུན་ཕྲག ་དང་བུ་ལ་མའི་མངལ་ན་གནས་པ་ནི་མཱར་མེར་པོ་ཞེས་ཏེ། ལུས་ཀྱི་མཚན་མ་དང་པོ་ཡིན་པས་དཔེར་ན། ཞོ་མ་ཆགས་པ་དང་འདྲའོ།། ཞེས་བྱ་བ་ནས། མ་ཞུ་བ་རྣམས་ཀྱིས་ནི་འོག་ཞུ་བའི་གནས་ཀྱི་སྟེང་ན། ནང་དུ་བཙོས་རབ ་ཏུ་བཅོས་ཤིང་གནས་ལྔ་ཀུན་ཏུ་བཅིངས་ཤིང་འདི་ལྟ་སྟེ། དཔེར་ན་རྩཝ་རྒྱལ་བའི་ནང་ན་འདུག་པ་དང་འདྲའོ།། གལ་ཏེ་དེའི་མེས་ཟས་ཟོས་སོམ་གྲང་བ་དང་ཚྭ་བ་ཟློས་སམ་འདོད་པ་སྤྱད་དམ་མཆོད་པ་བྱས་ན་མངལ་ན་གནས་པ ་དེ་སྡུག་བསྔལ་མྱོང་བར་འགྱུར་ཏེ། ངས་མིར་འགྱུར་བའི་སྡུག་བསྔལ་མ་དོ་ཙམྱ་བསྟན་པ་ཡང་དེ་དང་འདྲ་ན། སེམས་ཅན་དམྱལ་བའི་སྡུག་བསྔལ་ལྟ་སྨོས་ཅི་དགོས་པས་མཁས་པོ་སུ་ཞིག་འཁོར་བའི་རྒྱ་མཚོ་འདི་ལྟ་བུ་ལ ་མོས་པ་བྱེད་ཅེས་བྱ་བ་ནས། ཞག་བདུན་ཕྲག་སུམ་ཅུ་རྩ་བདུན་པ་ལ་ཕྱི་ཅི་མ་ལོག་པའི་འདུ་ཤེས་ལྔ་འབྱུང་སྟེ། ལྔ་གང་ཞེ་ན། མི་གཙང་བའི་འདུ་ཤེས་དང་། དྲི་མི་ཞིམ་པ་དང་། བཙོན་ར་དང་། མུན་ནག་དང་། ཕྱིར་འབྱུང་བའི ་འདུ་ཤེས་ཏེ། ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་འདས་ནས་འབྱུང་བ་འདོད་པའི་ཚེ། སྡུག་བསྔལ་སྣ་ཚོགས་མྱོང་ནས་འབྱུང་བར་འགྱུར་ཏེ། དེའི་ཕྱིར་སྡུག་བསྔལ་ཆེན་པོའོ།། ས་ལ་ལྷུང ་མ་ཐག་ཏུ་ནི་ལྤགས་པ་བཤུས་ནས་སུ་ལ་བཞུག་པ་སྙམ་བྱེད་དོ་ཞེས་རྒྱས་པར་གསུངས་སོ།། ཡང་འདི་ཉིད་ལུས་ལུས་འདི་ཉིད་ལྔ་བརྒྱ་ཐུབ་པར་འགྱུར་ཀྱང་མཐར་འཇིག་པས་མཁསྡེ་པ་སུ་ཞིག་འཁོར་བུའི་རྒྱ་མཚོ་འདིར ་ཆགས་པར་བྱེད། གཞན་ཡང་དགའ་བོ་ལུས་འདི་ལ་སྡུག་བསྔལ་གཉིས་ཡོད་དེ། གཉིས་གང་ཞེ་ན། ནང་མང་པོ་ལུས་ལ་འདུས་པའི་དུས་ནི་ནང་གི་སྡུག་བསྔལ་ཞེས་བྱའོ།། མི་དང་མི་མ་ཡིན་པས་འཚེ་བ་འདི་ནི་ཕྱིའི་སྡུག ་བསྔལ་ཞེས་བྱའོ།། འདི་ལྟ་སྟེ་ནང་གི་ནད་མིག་ན་བ་དང་ཞེས་བྱེ་བ་ནས་ནད་བཞི་བརྒྱ་རྩ་བཞིའི་བར་རོ།། ཕྱི་རོལ་གྱི་སྡུག་བསྔལ་བརྩོན་རར་བཅུག་པ་དང་། རྣ་བ་བརྒྱད་པ་ནས་གྲང་བྱ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་དང ་ཆུར་པས་ཉེན་པ་དང་ལ་སོགས་པ་སྟེ། མིར་གྱུར་པ་རྣམས་ཀྱི་སྡུག་བསྔལ་ཡང་དེ་འདྲ་ན། ངན་འགྲོ་རྣམས་ཀྱི་སྡུག་བསྔལ་ལྟ་ཅི་སྨོས་ཏེ། ཤིན་ཏུ་བཟོད་པར་དཀའོ།། གཞན་ཡང་ཚོལ་བ་དང་ཐོབཱ་ན་ཡང་སེར་སྣས་ཕངས ་ཤིང་བསྲུང་བ་དང་། སྟོར་ཞིང་ཆུད་ཟོས་ན་ཡང་སྡུག་བསྔལ་ཆེན་པོ་སྐྱེད་པར་བྱེད་དོ།། དགའ་བོ་མདོར་ན་ལུས་འདི་ནི་བདེ་བའི་འདུ་ཤེས་སྐྱེད་པར་བྱེད་ཀྱང་ཡང་དག་པར་ན་བདེ་བར་བྱེད་པ་མ་ཡིན་ནོ།། གང་ལ་ལ་ཞིག ་བདག་གི་དོན་དང་གཞན་དང་གཞན་གྱི་དོན་གྱི་ཕྱིར་དེ་ལྟ་བུའི་སྡུག་བསྔལ་ཡོངསུ་སྐྱོབས་པར་བྱས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་སྟེ། ཡང་དག་པར་སློབ་པར་བྱེད་ན་མྱ་ངན་ལས་འདས་པ་རྣམ་པར་གྲོལ ་བྱའི་ཆོས་ལས་ཉམས་པར་མི་འགྱུར་ལྔ། གང་ལ་ལ་ཞིག་གོས་དང་། མལ་ཆ་དང་ནི་བའི་གསོས་སྨན་དང་།། ཡོ་བྱད་ཀྱིས་རིམ་གྲོ་བྱེད་པ་དེ་དག་ཀྱང་རྣམ་པར་སྨིན་པ་ཆེན་པོ་ཐོབ་པར་འགྱུར་རོ།། ཞེས་བྱ་བ་ནས་དགའ ་པོ་མིར་སྐྱེ་བ་ལ་སྨོད་པ་དང་། ལྷའི་འཇིག་རྟེན་ཡོངས་སུ་ཚོལ་བས་རྨོངས་པར་སྤྱད་པ་དག་ཡང་དག་པར་སྤྱད་ལ་ཉོས་པ་དེ་དག་ཡོད་པ་དེ་ལྟ་བྱས་ན་ཁྱོད་ཀྱིས་མྱ་ངན་ལས་འདས་པ་གཉེར་བའི་བསམ་པས་ཚངས་བྱར ་སྤྱད་པར་བྱའི་ལྷར་སྐྱེ་བ་ལ་དགའ་བས་བརྩོན་པར་མི་བྱའོ།། ངས་ནི་ཇི་ལྟར་བསྟན་པ་ལྟར།། རྟག་ཏུ་དེ་བཞིན་རབ་བསྒོམས་ལ།། རྣམ་གྲོལ་ཡོངསུ་བཙལ་བར་གྱིས།། མྱུར་དུ་འཁོར་བའི་རྒྱ་མཚོ་འདའ།། ཞེས་འབྱུང་།། ་དྲོད་སྲོང་རྒྱུས་པས་ཞུས་པ་ལས། དྲང་སྲོང་ཆེན་པོ་ལྷོའི་གནས་དེ་ན་ཤིང་ལྗོན་པ་འབྲས་བུ་སྣ་ཚོགས་བདུད་རྩི་དང་འདྲ་བའི་རོ་བྲོ་བ་སྣ་ཚོགས་ཡན་ལག་བརྒྱད་དང་ལྡན་པ་ཡོད་དོ།། འབྲས་བུ་དེ་དག་ནི་ཤིང་རྟའི་འཕང ་ལོ་ཙམ་མོ།། དེ་དག་གི་ས་ཕྱོགས་ན་ཚེར་མ་རྣོ་བའི་བག་མེད་པ་གསེར་དང་དངུལ་གྱི་ཕྲེང་བ་སྣ་ཚོགས་པས་མཛེས་པར་བྱས་སོ།། དེ་ནས་ཚེ་ཟད་པའི་ལྷས་འབྱུང་བ་ནི། ཤིང་དྲུང་གི་ལོ་མ་བརྙིངས་པ་དང་། ཡལ་གའི་མེ ་ཏོག་དང་དྲི་ཡང་མེད་པར་འགྱུར་རོ།། སེམས་ཅན་དེ་ཡང་མི་དགའ་བ་རྙེད་དེ་ཕྲེང་བ་ཡང་བརྙིངས་པར་འགྱུར། ལྷའི་རླུང་བསིལ་བ་ཡང་དྲོ་བྱར་ལྡང་ངོ་།། དེ་དེའི་གནས་དེ་དག་མཐོང་ནས་ལྷའི་བུ་མོ་དེ་དག ་དུ་རོ་གཅིག་ཏུ་སྙིང་རྗེ་རྗེ་སྐད་དུ་སྨྲེ་སྔགས་འདོན་ནོ།། སེམས་ཅན་དེ་ཡང་ལྷའི་བུ་མོ་དེ་དག་དད་ཀྱི་ཧུང་མི་རྟག་པ་འདི་ནི་སྙིང་རྗེ་མེད་པའོ།། འདི་ལྟར་དགའ་ཞིང་འཁོད་པ་ལས། མི་འདོད་བཞིན་དུ་མཐོ་རིས་ནས་ལྟུང་ངམ། ་ཨེ་མའོ་ལྷ་གཞོན་ནུ་མྱུར་དུ་མི་འི་འཇིག་རྟེན་དུ་སྐྱེ་བར་གྱུར་ཅིག། ཅེས་མྱ་ངན་བྱེད་པ་ནཱ་དེ་རིམས་དྲག་པོས་ནོན་ཏེ། དེའི་ལུས་གཅིག་ཏུ་འབེ་བར་འགྱུར་རོ།། ལུས་འབྱུར་བ་གྲནས་དེ་ནས་འཚོ་འཕྲོ་བར་འགྱུར་རོ།། ཡང ་ལྷས་གཉིས་འབྱུང་བ་དེ་ཐོག་མར་གྲིབ་མ་མི་སྣང་བར་འགྱུར་ཞིང་ལྷའི་བུ་མོ་ད་ཀུན་དུ་སྨྲ་བའི་སྒྲ་སྙན་པ་མི་ཐོས་སོ།། ལྷ་གཞོན་ནུ་དེ་ལྷ་ཡུལ་བའི་གནས་རྣམས་སུ་མི་འགྲོ་སྟེ། ཞེས་བྱ་བ་ནས་ལྷའི་བུ་མོའི་ཚིགས་དུ་ཞིང ་སྒྱིང་རྗེ་ལྟར་སའི་སྟེང་ན་འདྲེ་ལྡོགས་པས་ལུས་ལྷ་རྡུལ་འབྱུང་ཞི་དེ་དྲུག་མིགོ་མོ་འཛུམས་པ་ལས་འཛུམས་འགྱུར་ཏེ། ཉི་ཆུ་ནིས་བཏོན་ནས་ཉི་མས་གདུངས་པ་ལྟར་གྱུར་པ་མཐོང་ནས་ལྷའི་བུ་མོས་བསྐོར་ནས་འ ་སྲིད་དུ་ཀྱཻ་ཧུང་རེ་སྡུག། གཞོན་ནུ་མཆོག་དེ་གང་དུ་སོང་བདག་ཅག་བོར་རོ།། ལྷའི་ཡུལ་པོར་རོ།། གར་འགྲོ་ཞེས་འཛེར་ཏོ།། ཐག་རིང་པོ་ནས་ལག་པ་གཡས་པ་བརྐྱང་སྟེ། མེ་ཏོག་གཏོར་ནས་འདི་སྐད་ཅེས་ཀྱེ་མའོ། ་ལེགས་པར་བྱེད་པའི་འཇིག་རྟེན་མིའི་འཇིག་རྟེན་དུ་སོང་སྟེ། དྲང་པའི་གཤོལ་གྱིས་བསྟོད་ནམས་ཀྱི་ཞིང་རྨེད་པར་གྱུར་ཅིག་ཅེས་འཛེར་ཏོ།། དེ་ཐོས་པས་ལུས་བཏུང་པས་རིག་ནས་རིམས་དྲག་པོས་བྲཱཏ་བྱ་བོ།། དེའི ་ལུས་ཞིག་པས་མར་གྱི་ཐིགས་པ་རྡོ་ཆེན་ལ་ཐིམ་པ་བཞིན་ནོ།། ལྷའི་དབང་པོ་བརྒྱ་བྱིན་ཡང་དེ་ལ་ལྟས་ནས་ཚངས་པའི་དབྱངས་འདི་སྐད་ཅེས་སྨྲའོ།། ཚིག་གོ་ལྷའི་བུ་དག་བདག་ཅག་ཐམས་ཅད་ཀྱི་འགྲོ་བ་ཡང་འདི ་འདྲས་སྲེད་པར་མ་བྱེད། ངན་འགྲོ་མ་གནས་ཅིག། ལྷའི་བུ་དག་དབྱངས་གཅིག་ཏུ་སྨྲ་བ། གྲོགས་པོ་དགེ་བ་བྱེད་པ་མིའི་འཇིག་རྟེན་ཏུ་སོང་ཞི་ག་ཅེས་བྱས་སོ།། ཞེས་གསུངས་སོ།། སྡོམ་པ་གསུམ་བསྟན་པ ་ལས། སེམྦྷས་ཅན་གང་དག་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཆོས་ལ་ནི་ནི་ཏན་མུ་བྱས་པ། བརྩོན་འགྲུས་མྱ་བརྩམས་པ་དབང་པོ་ཡོངས་སུ་མོ་སྦྱིན་ཏེ། དབང་པོ་ཡོངས་སུ་ཞེན་པཱ་བརྩོན་འགྲུས་ཆུང ་བ་དག་ལ་ཤིན་ཏུ་ཐུབ་པ་ཐེག་པ་ཆེན་པོའི་ཆོས་བསྟན་ལ་འཆང་པ་དང་ཉན་པ་གཱཉྩི་ཀུ་ཁ་ན་མ་ཐོ་བ་ཆེན་པོའི་སྡིག་པོ་འཐོབ་པར་འགྱུར་ཏེ། དེ་ནི་སངས་རྒྱས་ཐམས་ཅད་ལ་ཁུ་བླ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སེམས ་ཅན་གང་དག་ཉན་ཐོས་ཀྱི་ཐེག་པའི་ཆོས་ལ་ནན་ཏན་མ་བྱས་པར། ཐེག་པ་ཆེན་པོའི་ཆོས་མཉན་ན་སེམས་ཅན་དེ་ནི་གཏི་མུག་པ་ཡིན་ཏེ། ཞེས་བྱ་བ་ནས། ངའི་སློབ་མ་ཚུལ་ཁྲིམས་མེད་པ་དགེ་བོ་སྤྱོད་དུ་མི་སྟེར་ཏེ། ་དེའི་རྒྱུ་དང་དེའི་རྐྱེན་གྱིས་ངན་སྡོད་དུ་ལྷུང་ནས་མུན་པར་འགྲོ་སྟེ་ཐར་པའི་དུས་མེད་དོ།། སེམས་ཅན་དེའི་སྡིག་པ་རྣམ་པར་སྨིན་པ་ཉན་ཐོས་དྲུང་རང་སངས་རྒྱས་ཀྱི་ཐེག་པ་ལུ་ནན་ཏཱན་མ་བྱས་པར་ཤིན ་ཏུ་ཟབ་པ་ཐེག་པ་ཆེན་པོའི་ཆོས་ལ་ཉན་ཅིང་རྩོལ་བ་བྱེད་པའི་ཕྱིར་རོ།། གྲུ་ཟུག་པ་དང་བུག་རྡོལ་ཅན་དུ་ཞུགས་ནས་རྒྱ་མཚོ་ལ་རྒལ་བཱི་ལྟར། ཐམས་ཅད་མཁྱེན་པའི་རྒྱ་མཚོ་རུ་འཇུག་པར་མི་ནུས་སོ།། ཞེས་གསུངས་སོ།། ་ན་མཁའ་ལ་འགྲོ་བའི་འོད་ཀྱིས་འདུལ་བའི་བཟོད་པའི་མདོ་ལས། དགེ་སྦྱོང་གི་ཆོས་ཞེས་བགྱི་བ་ནི་བསླབ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་སློབ་པ་དང་། ལྷག་པའི་སེམས་ཀྱི་བསླབ་པ་དང་། ལྷག་པའི་ཤེས ་རབ་ཀྱི་བསྒྲུབ་པའོ།། དེ་ལ་ལྷུག་པོ་ཚུལ་ཁྲིམས་ཀྱི་བསྒྲུབ་པ་གང་ཞེ་ན། དགེ་སློང་སོ་སྦྱོར་ཐར་པའི་སྡོམ་པ་ལ་དྲི་ལ་ཡང་ལམ་བསྒོམ་པ་ལ་རག་ལུས་པས་སྡོམ་པ་དང་། སྤྱོང་པའི་སྤྱོད་ཡུལ་ཕུན་སུམ་ཚོགས་པ ་ན་མ་ཐོ་བ་ལ་འཇིགས་པར་ལྟ་བ་དང་། ཀུནྡྲ་ལས་འབྱུང་བ་ལ་བསྐྱེབྱ་བའི་ཚོགས་འདི་དགྲ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ།། སྡུག་པའི་སེམས་ཀྱི་དེ་སྒྲུབ་པ་ནི་ཚངས་བཞི་ལཱྀ་གནས་པཱ་འོདིའི་ཕྱིར་བྱཱམས་པའི ་སེམས་དང་ལྡན་པ་འཇིག་རྟེན་འགེངས་པ་འདིའི་བར་དུ་རྒྱས་པར་བརྗོད་པ་འདི་ནི་ལྷག་པ་སེ་མིས་ལ་སློབ་པ་ཞེས་བྱའོ།། ལྷག་པའི་ཤེས་རབ་ལ་བསླབ་པ་གང་ཞེ་ན། འཕགས་པའི་བདེན་པའི་བཞི་སྟེ། འདི་ལྟ་སྟེ། ་འཕགས་པའི་བདེན་པའི་སྡུག་བསྔལ་དང་། ཀུན་ནས་འབྱུང་བའི་སྡུག་བསྔལ་དང་། འགོག་པ་ལ་ནན་ཏན་དུ་འགྲོ་བ་འཕགས་པའི་བདེན་པའི་སྡུག་བསྔལ་ལོ།། འཕགས་པའི་བདེན་པའི་སྡུག་བསྔལ་གང་ཞེ་ནཱ། འདི་ལྟ་སྟེ། ་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མི་མཛའ་བ་དང་ཕྲད་པ་དང་། མཛའ་བ་དང་བྲལ་བ་དང་། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་ལོ།། ཀུན་ནས་འབྱུང་བའི་སྡུག་བསྔལ་གང་ཞེ་ན། གང་ལ་སྨོན་པའི་འདོད་ཆགས ་དང་ལྡན་པ་དེ་དང་དེར་འགྱུར་རོ།། འགོག་པའི་སྡུག་བསྔལ་གང་ཞེ་ན། སྨྱོན་པ་མངོན་པར་གྱུར་ཏེ་མ་ལུས་པར་སོ་སོར་སྤོང་བ་ཤིནྡ་ཏུ་མོ་འབྱུང་བ་ཟག་པ་མེད་པ་འདོད་ཆགས་དང་བྲལ་བ་ཉེ་བར་ཞི་བྱའོ།། སྡུག་བསྔལ་འགོགས ་པ་ལ་ནེན་ཏན་དུ་བྱེད་པྲཱྀཥྚི་འཕྲུགས་པའི་བདེན་པ་གང་ཞེ་ན། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། དྲག་དང་ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚེ་བ་དང་། ཡང་དག་པའི་རྩོལ་བ་དང་ཡང་དག་པའི ་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ནོ།། ཞེས་གསུངས་སོ།། འཕགས་པའི་བདེན་པའི་གཏམ་གྱི་ལེའུ་སྟེ་གཉིས་པའོ།། ། ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་ནི་བྱམས་པ་དང་། སྙིང་རྗེ་དང་། ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སྟེ། བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་ཞུས་པས་ལས། ཇི་ལྟར་གཡུལ་ངོར་བོང་བུ་ཞོན་ནུ་ནི།། དགྲ་ལས་རྒྱལ་བར་ནུས་པར་མི་འགྱུར་གྱིས།། གླང་ཆེན་རྟ་དང་ཤིང་ཅུ་ཞོན་ན་ནི།། གཡུལ་དེར ་ལྷགས་པའི་དགྲ་རྣམས་ཆོམས་པར་ནུས།། ཉན་ཐོས་རྣམས་ནི་བོང་བུ་ཞོན་པ་བཞིན།། བྱང་ཆུབ་སེམས་དཔའ་གླང་ཆེན་ཞོན་འདྲ་སྟེ།། སེམས་ཅན་ཀུན་ལ་ཕན་དང་བདེ་སླད་དུ།། དེ་དག་ཤིང་དབང་དྲུང ་དུ་བདུད་ཀྱང་འཇོམས།། ཡུབ་གཅིག་ལྔ་བརྒྱ་དག་གི་སྐད་ཕྱུང་ཡང་།། རི་དགས་ཚོགས་རྣམས་འགྲོ་བར་མི་འགྱུར་གྱི།། སེང་གེའི་སྐད་ཀྱིས་གླང་ཆེན་རི་དྭགས་དང་།། བྱར་བཅས་རྣམས་ཀྱང་ཕྱོགས་སུ་འབྱེར་བར་འགྱུར།། ཡབ ་གཅིག་དེ་ལྟར་ཉན་ཝ་འདྲ་སྟེ།། རྒྱལ་པོ་བྱང་ཆུབ་སེམས་དབྱེའི་སྤྱད་སྦྱོང་བས།། བདུད་དང་དེ་བཞིན་བདུད་རིགས་སྐྲག་པར་འགྱུར།། ཅེས་འབྱུང་ངོ་།། གཙུག་ན་རིན་ཆེན་གྱིས་ཞུས་པ་ལས། རིགས་ཀྱི་བུ་དཔེར་ན། དཔག་ཚད་བརྒྱ་སྟོང་བགྲོད ་དགོས་པའི་གྲོང་ཡིད་དུ་མི་འོང་བ་རང་བུ་གཅིག་པ་ཡིད་དུ་འོང་བ་དང་འགྲོགས་ཏེ་ཕྱིན་པ་ལས། ཡིད་དུ་འོང་བའི་གྲོང་ཁྱེར་དུ་འོངས་ཏེ་རྐང་པ་ཡ་གཅིག་ནི་གྲོང་ཁྱེར་གྱི་ཐེག་པ་ལ་བཞག། ཡ་གཅིག་ནི་ཕྱི་རོལ་ན་འདུག་བྱ་ལས། དེས་བུ་གཅིག ་པ་དེ་ཡིད་ལ་དྲན་པར་གྱུར་ན་མ་ལ་ཀྱེ་མའོ།། བུ་གཅིག་པ་དེ་འདིར་ཁྲིད་དེ་མ་འོངས་པ་ལྟ་སྙམ་ནས་ཕྱིར་ཕྱོགས་ཏེ་བུ་གཅིག་ག་ལ་འདུག་པ་དེར་སླར་ལོག་པ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་བསམ་གཏན ་དང་མངོན་པར་ཤེས་པས་ཟད་པའི་ཡེ་ཤེས་མངོན་སུམ་དུ་འགྱུར་རོ།། དེ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་སེམས་ལ་ལྟ་བས་ཕྱོགས་ཏེ་སླར་ལོག་ནས་སོ་སོའི་སྐྱེ་བོའི་ས་ན་ཀུན་ཏུ་ལྡང་ངོ་ཞེས་འབྱུང་ངོ་།། ཆོས་ཡང་དག་པར ་སྡུད་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ཀྱི་ངང་ཚུལ་ཅན་ཏེ་འཁོར་བ་ལ་མི་གནས་སོ།། བྱང་ཆུབ་སེམས་དཔའ་ནི་སྙིང་རྗེའི་ངང་ཚུལ་ཅན་ཏེ་མྱ་ངན་ལས་འདས་པ་ལ་མི་གནས་སོ།། ཞེས་འབྱུང་ངོ་།། མྱ་ངན་ལས་འདས ་བའི་མདོ་ལས། རིགས་ཀྱི་བུ་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ཀྱི་རང་བཞིན་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ནི་རྟག་ཏུ་བྱང་ཆུབ་སེམས་དཔའ་ལ་གྲྀ་བྷྲ་མ་བཞིན་དུ་འཁོར་ཏེ། ་ཅེས་འབྱུང་ངོ་།། ཡང་དེ་ཉིད་ལས། བཅོམ་ལྡན་འདས་བྱམས་པ་ལ་དམིགས་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པ་དང་མི་དམིགས་པའོ།། དེ་ལ་སེམས་ཅན་ལ་དམིགས་པ་ནི་ཕུང་པོ་ལྔ་ལ་དམིགས ་ནས་བདེ་བ་འདོད་པ་སྟེ། སེམས་ཅན་ལ་དམྱིགས་པ་ཞེས་བགྱིའོ།། ཆོས་ལ་དམིགས་པ་ནི། སེམས་ཅན་ལ་དམིགས་ནས་ཅི་དགོས་པ་སྦྱིན་པ་སྟེ། སེམས་ཅན་ལ་དམིགས་པ་ཞེས་བགྱིའོ།། མི་དམིགས་པ་ནི་དེ་བཞིན་གཤེགས ་པ་ལ་དམིགས་པ་སྟེ་མི་དམིགས་པ་ཞེས་བགྱིའོ།། གང་ཞིག་སེམས་ཅན་གཅིག་ཙམ་ལ།། ཞེ་སྡང་སེམས་ནི་མི་བསྐྱེད་ཅིང་།། བདེ་ལ་བདེ་བ་འདོད་པ་ནི།། ཤིན་ཏུ་བྱམས་པ་ཞེས་བྱའོ།། ཇི་སྟེ་མངོན་ཤེས་ལྔ་ལྡན་པའི།། དྲང་སྲོང ་ས་ཆེན་གང་བར་འགྱུར།། དབང་དང་ལྡན་པའི་རྒྱལ་པོ་ཞིག། བདེ་བ་ཐམས་ཅད་བྱིན་པ་ནི།། རྟ་དང་བ་གླང་ནོར་སྣ་ཚོགས།། དེ་ཡི་བསོད་ནམས་ཐོབ་པ་ནི།། བྱམས་པ་བསྒོམས་པའི་བསོད་ནམས་ཀྱི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ་རིགས་ཀྱི་བུ་བྱམས་པ་བསྒོམས་པ་ནི་བརྫུན་པ་མ་ཡིན་ཏེ། ཡང་དག་པར་བདེན་བྱའོ།། ཞེས་འབྱུང་ངོ་།། བསོད་ནམས་ཐམས་ཅད་སྡུག་པའི་ཏིང་ངེ་འཛིན་ལྔས་ཀྱང་སྲེད་མེད་ཀྱི་བུ་དཔེར་ན། གཟུགས་ཀྱི ་རྣམ་པར་ན་མཁའི་ཁམས་ཀྱི་མ་ཁྱབ་པ་ཅི་ཡང་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བྱམས་པ་དེས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཇི་སྙེད་ཡོད་པ་དང་། སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པ་དེ་མ་ཁྱབ་པ་མེད་དོ།། འཇིག་རྟེན་གྱི ་ཁམས་དེའི་སེམས་ཅན་དེ་དག་འཁོར་ལོ་སྒྱུར་བའི་རྒྱལ་པོའི་བསོད་ནམས་དང་ལྡན་པར་འགྱུར་ཏམ། བརྒྱ་བྱིན་དང་། ཚངས་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ཀྱང་། བྱང་ཆུབ་སེམས་དཔའ་ལྷག་པའི་བསམ ་པ་ལ་ཞུགས་པ། གཡོ་རྒྱུ་མྱེད་པར་སེམས་ཅན་ཡོངས་སུ་དགྲོལ་བ་ལ་བརྩོན་པ། སྙིང་རྗེ་ཆེན་པོ་ལ་ཞུགས་པས། བྱམས་པ་ཆེན་པོ་ལ་གནས་པའི་གོམས་པ་བདུན་པ་ལ། བསོད་ནམས་ཀྱི་ཕུང་པོ་འདུས་པ་གང་ཡིན་པ་དེ་ནི ་དེ་བས་ཆོས་མང་སྟེ། འཁོར་ལོས་སྒྱུར་བ་དང་། ཚངས་པའི་བསོད་ནམས་ནི་དེ་ལྟ་མ་ཡིན་ཞེས་གསུངས་སོ།། དཀོན་མཆོག་སྤྲིན་ལས་ཀྱང་། ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་བྱམས་པའི་བདག་ཉིད་ཅན་ཡིན་ཏེ། ་ཉི་ཚེ་བ་མེད་པའི་བྱ་མས་པ་དང་ལྡན་པ་ཡིན། སྙོམས་པའི་བྱམས་པ་དང་ལྡན་པ་ཡིན། ཕྱོགས་བཅུ་ཀུན་ཏུ་ཁྱབ་པའི་བྱམས་པ་དང་ལྡན་པ་ཡིན། འཇིག་རྟེན་ལས་འདས་པའི་བྱམས་པ་དང་ལྡན་པའི་བར་དུའོ།། ཆོས་བཅུ ་དང་ལྡན་ན་སྙིང་རྗེའི་བདག་ཉིད་ཅན་ཡིན་ནོ།། འདི་ལྟ་སྟེ། སྡུག་བསྔལ་བ་དང་། སྐྱོབས་མེད་པ་དང་། མགོན་མྱེད་པ་དང་། རྟེན་མེད་པ་དང་། དཔུང་གཉེན་མེད་པ་དང་། མཐོང་ན་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། སེམས་སྐྱེད་ནས ་ཆོས་ཉིད་ཐོབ་པར་བྱ་བའི་ཕྱིར་འབད་རྩོལ་བརྩོན་འགྲུས་རྩོམ་སྟེ་དཀའ་བ་སྤྱོད་པོ་བརྒྱ་དག་ཀྱང་བྱེད་དོ།། ཅེའོ།། ཆོས་བཅུ་དང་ལྡན་ན་དགའ་བ་ལ་གནས་པ་ཡིན་ཏེ། འདི་ལྟ་སྟེ། བདག་འཁོར་བའི་བརྩོན་ར་རབ་ཏུ་འབར་བ ་ནས་འབྱུང་ངོ་།། ཞེས་དགའ་བ་སྐྱེད་དོ།། ཞེས་བྱ་བ་ནས། བདག་འཁོར་བའི་འབྲོག་དགོན་པར་ཡུན་རིང་པོར་འཁྱམ་སྟེ། ལམ་དང་ཡུལ་མི་ཤེས་པ་ལྔས་ལཱམ་སྟོན་པ་རྙེད་དོ།། ཞེས་དགའ་བ་སྐྱེད་དོ།། བདུག་ནི་ཐམས་ཅད ་མཁྱེན་པ་དང་ཉེ་བར་གྱུར། ཞེས་དགའ་བ་བསྐྱེད་དོ།། ཞེས་བྱ་བའི་བར་དུའོ།། ཡང་ཆོས་བཅུ་དང་ལྡན་ནུ་བཏང་སྙོམས་ལ་གནས་པ་ཡིན་ཏེ། འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་གཟུགས་རྣམས་ལ་བཏང་སྙོམས་སུ་གནས ་པ་ཡིན། གཟུགས་ཀྱིས་གནས་པར་མི་འགྱུར། གནོད་པར་མི་འགྱུར། རྨ་ཕྱུང་བར་མི་འགྱུར་བ་ནས་ཆོས་ཀྱི་བར་དུའོ།། འདུ་བྱེད་ཀྱི་བར་དུ་སྡུག་བསྔལ་དང་། སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་ལ་བཏང་སྙོམས ་སུ་གནས་པ་ཡིན། ཞེས་བྱ་བ་ལ་སོགས་པའོ།། མྱ་ངན་ལས་འདས་པ་ལས། གང་ཞིག་སེམས་ཅན་ཐམས་ཅད་ལ།། སྙིང་རྗེ་ཡི་ནི་སེམས་བསྐྱེད་པ།། དེ་ནི་འཕགས་པའི་རིགས་ཞེས་བྱ།། བསོད་ནམས་ཚད་མེད་ཐོབ་པར ་འགྱུར།། ཞེས་གསུངས་སོ།། བྱང་ཆུབ་ཀྱི་སེམས་ནི་སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ་དག་འཇིག་རྟེན་གྱི་སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པའི ་སེམས་ཅན་ནི་དཀོན་ནོ།། དེ་བྱས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་ཏེ་བརྩོན་འགྲུས་བརྩམས་པའི་ཚུལ་འདི་ལྟ་བུས་སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྡུད་པོ་དང་། མོས་པ་དྲག་པོ་དེ་ལྟ་བུས ་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་ཚོལ་བ་དང་། དོན་དུ་གཉེར་བ་འདི་ལྟ་བུས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་དག་པར་བྱེད་པ་དང་། དགེ་བའི་བཤེས་གཉེན་གྱི་གདམ་ས་དག་ལ་ནན་ཏན་དུ་བྱེད་པ་དང་། ཁེ ་དང་བཀུར་སྟི་དྲུང་སྙན་བྱ་དོན་དུ་མི་གཉེར་བ་འདི་ལྟ་བུས། བྱང་ཆུབ་སེམས་དཔའི་བསམ་པ་ལ་འགལ་བཱར་མི་བྱེད་པ་དང་ཁྱིམ་དང་ལོངས་སྤྱོད་དང་འདོད་པའི་དགའ་བ་དང་ཐམས་ཅད་ལ་བལྟོས་པ་མེ་པར་བྱང་ཆུབ ་སེམས་དཔའི་གྲོགས་ཚོལ་བ་དང་། ལུས་དང་སྲོགཱི་ལ་མི་ལྟོ་བར་ཐམས་ཅད་མཁྱེན་པ་ལ་མོས་པ་བྱེད་པའི་སེམས་ནི་ཆེས་དཀོན་ནོ།། ཞེས་གསུངས་སོ།། མྱ་ངན་ལས་པའི་མདོ་ལས། སངས་རྒྱས་ཀྱི་རང་བཞིན་ནི ་ད་པའི་སེམས་ཆེན་པོ། ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དད་པའི་སེམས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡོངས ་སུ་རྫོགས་པར་འགྱུར་རོ།། ཞེས་གསུངས་སོ།། གསང་ཆེན་ཐབས་ལ་མཁས་པ་ལས། སྲོགས་ཆགས་ཀུན་ལ་སྨན་སླད་དུ།། བདགུ་ནི་བྱང་ཆུབ་འདུན་པ་བསྐྱེད།། ཅེས་སོ།། སེང་གེས་ཞུས་པ་ལས་ཀྱང་། ཆོས་རྣམས་ཐམས ་ཅད་བསྡུ་བ་ནི།། ཆོས་གང་གིས་ནི་ཐོབ་པར་འགྱུར།། གང་དང་གང་དུ་སྐྱེས་པ་དེར།། བྱང་ཆུབ་སེམས་དཔའ་དགའ་བྱ་ཐོབ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར།། བྱང་ཆུབ ་དོན་དུ་སེམས་བཏུང་པ།། དེས་ནི་ཆོས་རྣམས་བསྡུ་བ་ཐོབ།། དེས་ནི་དགའ་བྱའང་ཐོབ་པར་འགྱུར།། ཞེས་འབྱུང་ངོ་།། བྱམས་པས་ཞུས་པ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་ཆོས་གཅིག་དང་ལྡན་ན་ངན་སོང ་ཐམས་ཅད་སྤོང་ཞིང་སྡིག་པའི་གྲོགས་པའི་ལག་ཏུ་མི་འགྲོ་བར་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། གླང་ཞེ་ནོ། འདི་ལྟ་སྟེ། ལྷག་པའི་བསམ་པ་ཕུན་སུམ་ཚོགས་པའི་བྱང་ཆུབ་ཀྱི་སེམས་སོ་ཞེས་གསུངས ་སྔོ།། བསོད་ནམས་ཐམས་ཅད་བསྡུད་པའི་ཏིང་ངེ་འཛིན་གྱི་མདོ་ལས། བསོད་ནམས་ཐམས་ཅད་བསྡུད་པའི་ཏིང་ངེ་འཛིན་ཐོབ་པར་བགྱིད་པའི་ཆོས་གང་ལགས། ཆོ་ས་གཅིག་སྔོ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས ་མི་གཏོང་བའོ་ཞེས་འབྱུང་ངོ་།། དེ་ཉིད་ལས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་བསོད་ནམས་ཐམས་ཅད་བསྡུད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བའི་སླད་དུ་བསོད་ནམས་ཐམས་ཅད་བསྡུད་པའི་ཏིང་ངེ ་འཛིན་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེད་མེད་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆེན་པོ་གང་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ངེས ་བསྟོད་ནམུས་ཐམས་ཅད་ཡོངས་སུ་མི་བསྡུས་པའི་ཏིང་ངེ་འཛིན་དེ་གང་ཡང་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེའི་ཁོངས་སུ་འདུས་ཤིང་རྗེས་སུ་ཞུགས ་པའི་ཕྱིར་རོ།། སྲེད་མེད་ཀྱི་བུ་བསོད་ནམ་ས་བྱ་བའི་དངོས་པོ་ཅི་ཡང་རུང་སྦྱིན་པ་ལས་འབྱུང་བ་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བར་གྱི་བསོད་ནམས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཁོངས་སུ་འདུས ་ཤིང་རྗེས་སུ་ཞུགས་པ་དག་གོ། དེའི་ཕྱིར་བསོད་ནམས་ཐམས་ཅད་ཡོངས་སུ་བཟུང་བར་འདོད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ་ཞེས་འབྱུང་ངོ་།། འཕགས་པ ་སྡོང་པོ་བཀོད་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ།། ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ།། ཡང་དེ་ཉིད་ལས། བསྐལ་པ་སེམས་ཅན ་སྙིང་དུ་ལེགས་བརྗོད་ཀྱང་།། བྱང་ཆུབ་སེམས་རབ་དེ་ལ་མཐར་ཐུག་གང་ཡང་མེད།། རྒྱལ་བ་འབྱུང་བའི་རིགས་ཆེན་གང་སྐྱེས་པ།། དེའི་དཔེ་ནི་ཁམས་གསུམ་ཀློངས་ཀྱང་གང་ཡང་མེད།། དུས་གསུམ་རྒྱལ་བ་ཀུན་གྱི་གང ་ཞིག་རྣམ་བསགས་པའི།། བྱང་ཆུབ་སེམས་རབ་དེ་ལ་སྨོན་ལམ་ཀུན་གྱིས་གྱིས།། བྱང་ཆུབ་སེམས་རབ་དེ་ནི་སྨོན་ལམ་གཏེར།། དེས་ནི་རྒྱལ་བ་ཆགས་པ་མེད་པ་རབ་ཏུ་ཐོབ་ཅེས་གསུངས་སོ།། ཡང་དེ་ཉིད་ལས་དཔེར་ན་རྒྱལ་པོའི་བུ ་ཐམས་ཅད་ཀྱིས་མི་དགོས་པར་བྱ་ཞིག་ན་རྒྱལ་པོའི་མཚན་དང་ལྡན་ན་རིགས་ཀྱིས་བཙུན་པས་བློན་པོར་བྱ་བ་ཐམས་ཅད་དང་མི་མཉམ་མོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ལས་དང་ཉོན་མོངས་པ་ཐམས ་ཅད་ཀྱིས་ནོན་པ་ཡང་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་མཚན་དང་ལྡན་ན་སངས་རྒྱས་ཀྱི་རིགས་ཀྱིས་བཙུན་ཞིང་ཆེ་བ་ཉན་ཐོས་དང་རང་སངས་རྒྱས་མཆོག་ཏུ་ཕྱིན་པ་དང་ཡང་མི་མཉམ་མོ་ཞེས་གསུངས་སོ།། ་སྐྱབས་འགྲོ་ཁྱད་པར་ཅན་གོམས་པོར་བྱས་པས་བྱང་ཆུབ་ཀྱི་སེམས་སྐྱེ་བ་ནས། རྒྱལ་བའི་ཡུམ་ལས་ཀྱང་གལ་ཏེ་སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སྐྱབས་སོང་ཏེ།། སངས་རྒྱས་འགྲུབ་བྱ་སྙམ་དུ་ཀུན ་མཁྱེན་ཡིད་བྱེད་ན།། མཁས་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་གནས་རིག་པོར་བྱ།། ཞེས་འབྱུང་ངོ་།། འཕགས་པ་ལག་ན་རྡོ་རྗེའི་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ལས་ཀྱང་། བདག་ནམ་བྱང་ཆུབ་ཀྱི ་སྙིང་པོ་ལ་འདུག་གི་བར་དུ་སངས་རྒྱས་ལ་སྐྱབས་སུ་འགྲོའོ།། ཆོས་ལ་སྐྱབས་སུ་འགྲོའོ།། དགེ་འདུན་ལ་སྐྱབསུ་འགྲོའོ།། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། ཕ་ལྟ་བུ་དང་། མ་ལྟ་བུ་དང་། སྤུན་ལྟ་བུ་དང་། གཉེན ་ལྟ་བུ་དང་། སྡུག་གི་གཉེན་མཚམས་ལྟ་བུ་དང་འགྱུར་བར་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བདག་དང་ཕྱིན་ཆད་སེམས་ཅན་ཐམས་ཅད་ཀྱི་ཕ་དང་། མ་དང་། སྤུན་དང་། གཉེན་དང་། སྣག་གི་གཉེན་མཚམས་སུ་འགྱུར་བར ་བྱའོ་ཞེས་འབྱུང་ངོ་།། སྐྱབས་སུ་འགྲོ་བའི་བསླབ་བྱ་ནི། ངེས་པས་ཞུས་པ་ལས། ཁྱོད་ཀྱི་བསྐལ་པ་བརྒྱར་ནི་སྔོན་ཅད་དཀུའ་ཐུབ་སྤྱད།། ཁྱོད་ནི་བསྡུ་བ་དག་དང་དུལ་དང་སྦྱིན་ལ་དགྱེས།། ཁྱོད་ནི་སྐུ་གསུངས་ཐུགས་རྣམས་ཡོངས་སུ་དག་པ་སྟེ།། སྲིད ་གསུམ་འཇིག་རྟེན་བླ་མ་ལ་ནཱི་བདག་ཕྱག་འཚལ།། ལྷ་མོ་དཔལ་གྱི་ཕྲེང་བ་སེང་གེའི་སྒྲ་ལས།། བསམ་བྱས་རྩལ་ལྡན་ཁྱོད་ཀྱིས་ནི།། སྐུ་གསུང་ཐུགས་ཀྱི་སྐྱོན་རྣམས་བསལ།། ཉམས་མ་མཆིས་པའི་ས་བརྙེས་པ།། ཆོས་རྒྱལ་ཁྱོད་ལ་ཕྱག་འཚལོ།། ་ཤེས་བྱ་ཐམས་ཅད་ཁྱོད་ཀྱིས་མཁྱེན།། ཡེ་ཤེས་སྐུ་ཡི་དབང་ཕྱུག་སྟེ།། སངས་རྒྱས་ཆོས་རྣམས་ཐམས་ཅད་ཀྱི།། མཐར་ཕྱིན་ཁྱོད་ལ་ཕྱག་འཚལ་ལོ།། ཡང་ངེས་པས་ཞུས་པ་ལས།། ཁྱོད་ནི་འདོད་ཆགས་ཞེ་སྡང་གཏི་མུགསེལ།། ཁྱོད ་ནི་ཐུགས་ནི་ཞི་ཞིང་སྙོམས་ལ་ཐུགས་རྗེར་ལྡན།། ཁྱོད་ནི་ཡང་དག་གསུང་ཞིང་དམ་པའི་དོན་ཡང་མཁྱེན།། སྲིད་པ་གསུམ་པོ་ཐར་པར་མཛད་ལ་བདག་ཕྱག་འཚལ།། ཞེས་འབྱུང་ངོ་།། མྱ་ངན་ལས་འདས་པ་ལས་ཀྱང་། རྒྱལ་པོ་ཆེན་པོ་གོལ ་ཏེ་ཟླ་བ་གཅིག་ཏུ་སེམས་ཅན་ཐམས་ཅད་ལ་ཟས་དང་གོས་སྦྱིན་པ་བྱིན་པ་བས། གང་ཟག་གཅིག་གིས་སྐད་ཅིག་ཙམ་སངས་རྒྱས་རྗེས་སུ་དྲན་ན་བསོད་ནམས་འདིས་བཅུ་དྲུག་ཆ་དང་དུ་ཡང་མི་ཕོད་དོ།། ཞེས་འབྱུང་ངོ་།། ཡང་དེ་ལས་སངས ་རྒྱས་ཆོས་དང་དགེ་འདུན་ལ།། སྤྱོས་སམ་མར་མེ་གཅིག་ཙམ་མམ།། མེ་ཏོག་གཅིག་ཙམ་མཆོད་བྱས་ན།། མི་གཡོ་ཞིང་དེར་སྐྱེ་བར་འགྱུར།། རྟག་ཏུ་དགའ་བའི་སེམས་བསྐྱེད་དོ།། སངས་རྒྱས་གཟུགས་སམ་རྟེན་ཡང་རུང་།། མཐེ་བོ ་ཙམ་ཅིག་གང་བྱས་པ།། མྱི་གཡོ་ཞིང་དེར་སྐྱེ་བར་འགྱུར།། ཞེས་གསུངས་སོ།། ཡང་དེ་ཉིད་ལས། གང་དག་སངས་རྒྱས་སྐྱབས་གསོལ་པ།། དེ་ནི་ཡང་དག་དགེ་བསྙེན་ཏེ།། ནང་དུའང་ལྷ་རྣམས་གཞན་དག་ལ།། སྐྱབས་གསོལ་བར་ནི ་མི་འགྱུར་རོ།། དམ་པའི་ཆོས་ལ་སྐྱབས་གསོལ་ན།། འཚོ་ཞིང་གནོད་པའི་སེམས་དང་བྲལ།། དགེ་འདུན་ལ་ནི་སྐྱབས་གསོལ་ན།། མུ་སྟེགས་ཅན་ལ་ཕྱོགས་མི་འགྱུར།། དཀོན་མཆོག་གསུམ་ལ་སྐྱབས་གསོལ་ན།། འཇིག་པ་མེད ་བ་མེད་པ་ཐོབ་པར་འགྱུར།། སངས་རྒྱས་མང་པོས་བསྔགས་པར་འགྱུར།། བདག་ཀྱང་བདེ་གཤེགས་བསྔགས་པ་ཡི།། བླ་མེད་ལམ་ལ་གཞལ་ཞིང་འབབ།། བདུད་རྩི་མཆོག་གི་དམ་པ་སྟེ།། སྲིད་པའི་ནང་ན་མེད་པའོ།། ཞེས་གསུངསོ།། ་བྱང་ཆུབ་ཀྱི་སེམས་ཀྱི་བསླབ་བྱ་ནི།། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་བྱ་བ་མང་། བྱེད་པ་མང་སྟེ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱིས།། ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་དོན་དུ་གཉེར་བ་དང་། སྨོན་པས་འགྲོ་ཡང་རུང་འགྲེང་ཡང་རུང་འདུག་ཀྱང་རུང་། ཉལ་ཡང་རུང ་སང་ཀྱང་རུང་ཟླ་ཡང་རུང་འཐུང་ཡང་རུང་།། རྟག་པར་རྒྱུན་དུ་དྲན་པར་ཡིད་ལ་ཟུང་སྟེ། སྙོམས་ཤིག་ཅེས་བྱ་བ་ནས་རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ན་རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར ་ཞིང་བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ།། ཞེས་གསུངས་སོ།། ཟླ་བ་སྒྲོན་མའི་མདོ་ལས། ཁྱེད་ལ་བསྒོ་ཞིང་ཁོང་དུ་ཆུད་པར་བྱ།། ཇི་ལྟ་ཇི་ལྟར་མང་དུ་མྱིས་བརྟགས་ན།། དེ་ལ་གནས་པའི་རྣམ་པར་རྟོག ་པ་དེས།། དྲི་ལྟ་དེ་ལྟར་དེ་ལ་སེམས་གཞོལ་འགྱུར།། ཞེས་གསུངས་སོ།། དཀོན་མཆོག་སྤྲིན་ལས་བྱང་ཆུབ་སེམས་དཔའི་ཆོས་བཅུ་དང་ལྡན་ནུ་བསོད་ནམས་བྱ་བ་ལ་བརྩོན་པ་ཡིན་ནོ།། འདི་ལྟ་སྟེ། དཀོན་མཆོག ་གསུམ་ལ་ཅི་ནུས་སུ་བྱ་བ་བྱེད་པ་དང་། ནད་པ་ལ་རྩི་སྦྱིན་པ་དང་། མཁན་པོ་དང་། སློབ་དཔོན་ལ་གུས་པས་རིམ་གྲོ་བྱེད་པ་དང་། ཆིངས་པར་སྤྱོད་པ་རྣམས་ལ་ཕྱག་འཚལ་བ་ལ་སོགས་པ་དང་། ཀུན་དགའ་ར་བུ་དང་[।।ऽ] ་ནྡོ་ད་ཕྲུལ་གོ་པ་གཏོབ་དང་དྲན་འྀ་རྒན་མོའི་མ་ན་མྱེད་ས་སུ་ལུང་ཚུལ་ཁྲིམས་དང་ལྡན་པའི་དགེ་སྦྱོང་ལ་བསྙེན་བཀུར་བྱེད་པའོ།། ཞེས་གསུངས་སོ།། གསང་བ་བས་མོ་གྱིས་མི་ཁྱབ་པ་ལས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྦྱིན་པའི་ཚོགས ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད།། ཚུལ་ཁྲིམས་ཚོགས་ནི་སྨོན་ལམ་ནི་ཡོངས་སུ་རྫོགས་པར་བྱེད།། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། མཚན་དང་དཔེ་བྱད་བཟོང་པོ་དང ་སངས་རྒྱས་ཀྱི་ཆོས་དང་། ཅང་ཤེས་ཀྱི་སེམས་དང་། ཉོན་མོངས་པ་རྣམས་སྤོང་ཞེས་བྱ་བ་ནས། བསྔོ་བ་ལ་མཁས་པའི་ཚོགས་ཀྱིས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་རོ།། ཞེས་བྱ་བ་ནས་བཅོམ་ལྡན་འདས ་ཚོགས་དེ་དག་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སུ་འདུས་ཤིང་རྗེས་སུ་ཞུགས་པར་འཆིལ་བར་བགྱིའོ་ཞེས་གསུངས་སོ།། འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས། ཉེ་བར་འཁོར་འདི་ལ་ཐེག་པ ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་གལ་ཏེ་སྔ་དྲོའི་དུས་སུ་ལྟུང་བ་བྱུང་བ་ཡང་ཕྱེད་ཀྱི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟ་ན་ཐེག་པ་ཆེན་པོ་ལ་ཡང་དག ་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ།། གྲོལ་ཏེ་ཕྱེད་ཀྱིས་དུས་ན་ཡང་ལྟུང་བ་བྱུང་ན་ཡང་ཕྱི་འཕྲེད་ཀྱི་དུས་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། ད་ལྟ ་དེ་ལྟ་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ།། གལ་ཏེ་ཕྱི་འཕྲེད་ཀྱི་དུས་ན་ལྟུང་བ་བྱུང་ན་ཡང་སྲོད་ལ་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ ་བར་གནས་ཏེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཐའ་མེད་དོ།། གལ་ཏེ་སྲོད་ལ་ལྟུང་བ་བྱུང་ན་ཡང་ནམ་ཕྱེད་ན་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་མཐའ ་མེད་དོ།། ནམ་ཕྱེད་ན་ཡང་ཐོ་རངས་ཐམས་ཅད་མཁྱེན་པའི་སེམས་དང་མི་འབྲལ་བར་གནས་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕུང་པོ་ལ ་མཐའ་མེད་དོ།། ཉེ་བར་འཁོར་དེ་ལྟར་ན་ཐོག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའི་བསླབ་པུ་ནི་བཅོས་སུ་རུང་བའོ་ཞེས་འབྱུང་ངོ་།། འོད་སྲུངས་ཀྱིས་ཞུས་པ་ལས། འོད་སྲུངས་ཆོས་བཞི་པོ་འདི་དང་ལྡན་ན། ་བྱང་ཆུབ་སེམས་ཀྱི་སེམས་རྗེད་པར་འགྱུར་རོ།། སྦྱིན་གནས་བླ་མས་བསྒོ་བཞིན་མི་བྱེད་དང་། གཞན་དག་ལ་ནི་ཐེ་ཚོམ་ཉེར་བསྒྲུབས་དང་། སེམས་ཅན་གང་དགེ་བྱང་ཆུབ་རབ་ཞུགས་པ།། དེ་ལ་བསྔགས་མིན་མི་སྙན་སྨྲ་བྲི་དང་། ་སྤྱི་དང་གཡོ་དང་རྒྱན་ལ་དོར་བྱེད་པས་གཞན་གྱི་བསམ་པས་མ་ཡིན་པའོ།། འོད་སྲུངས་ཆོས་བཞི་དང་ལྡན་ན་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་རོ།། བཞི་གང་ཞེ་ན། སྲོག་གི་ཕྱིར་ཡང་བརྫུན་ཚིག་མི་སྨྲ ་ཞིང་།། རྟག་ཏུ་དོན་དང་ལྡན་པའི་ཚིག་རྣམས་སྨྲ།། སྒྱུ་དང་གཡོ་ནི་རྟག་ཏུ་རྣམས་སྤངས་ཏེ།། ལྷག་པའི་བསམ་པས་རྟག་ཏུ་སེམས་ཅན་བྱལྟ།། སེམས་ཅན་དམ་པ་བྱང་ཆུབ་གང་བཞུགས་པ།། བྱང་ཆུབ་སེམས་དཔའ་དེ་ལ་སྟོན ་པར་སེམས།། སྟོན་པའི་འདུ་ཤེས་ཉེ་བར་བཞག་ནས་ཀྱང་།། དེ་དག་བསྔགས་པ་ཕྱོགས་བཞིར་བརྗོད་པར་བྱ།། སེམས་ཅན་གང་དག་ཡོངས་སུ་སྨིན་བྱེད་པ།། བླ་མེད་ཡེ་ཤེས་ཡང་དག་འཛིན་དུ་འཇུག། བྱང་ཆུབ་སེམས་ནི ་ནམ་ཡང་བརྗེད་མི་འགྱུར།། ཞེས་འབྱུང་ངོ་།། བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ལས། ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ།། ཆོས་ལ་མ་གུས་པ་དང་། ང་རྒྱལ་དང་། དགེ་བའི་བཤེས ་གཉེན་ཁྱད་དུ་སོང་པ་དང་། ལྡོག་པའི་ཚིག་སྨྲ་བྱའོ།། ཡང་བཞི་སྟེ། ཉན་ཐོས་དང་འགྲོགས་པ་དང་། ཐེག་པ་དམན་པ་ལ་མོས་པ་དང་། བྱང་ཆུབ་སེམས་དཔའ་ལྔ་སྡུང་ཞིང་སྐུར་པ་འདེབས་པ་དང་། ཆོས་ལ་དཔེ་མཁྱུད ་བྱེད་པའོ།། ཡང་བཞི་སྟེ། སྒྱུ་བྱེད་པ་དང་། གཱིཡོ་བྱེད་པ་དང་། དགེ་བའི་བཤེས་གཉེན་ལ་ལྕེ་གཉིས་བྱེད་པ་སྟེ། རྙེད་པ་དང་། བཀུར་སྟི་ལ་ཞེན་པོའོ་ཞེས་གསུངས་སོ།། ཕྱིར་མི་ལྡོག་པ་འཁོར་ལོའི་ལེའུ་སྟེ་གསུམ་པའོ།། ། ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་གཞན་ཡང་བསླབ་པ་འཚལ་བ་དེ་ནཱ་ཡང་ཆོས་ལགས་སོ།། བསླབ་པ་དེ་དག་ཀྱང་གྲང་ཞེ་ན། བསླབ ་པ་གསུམ་དུ་བསླབ་པ་ཐམས་ཅད་འདུས་པར་འགྱུར་རོ།། གསུམ་གང་ཞེ་ན། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་སེམས་ཀྱི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པའོ།། ཞེས་གསུངས་སོ།། སྦྱིན་པའི་ནི་བསོད་ནམས ་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་བསྐྱེད་པར་བྱེད་དེ། བདག་གིས་ལུས་འདི་ཡང་སེམས་ཅན་ཐམས་ཅད་ལ་བཏང་སྟེ་ཡོངས་སུ་བཏང་ན་ཕྱི་རོལ་གྱི་དངོས་པོ་རྣམས ་སྣ་ཅི་སྨོས་སྙམ་དུ་སེམས་བསྐྱེད་པར་བྱའོ།། ཡོད་དེ་ཡོད་ན་དེ་དང་དེ་ལ་མི་དགའ་བ་མེད་པ་དང་། འགྲོད་པ་མེད་པར་སྦྱིན་པར་བྱ་སྟེ་ཞེས་ནོར་དང་འབྲུ་དང་དངུལ་དང་རིན་པོ་ཆེ་དང་རྒྱན་དང་སྟན་དང་བཞོན་པ་དང་འཁོར་གྱི་བར ་དུ་ལྟ་ཅི་སྨོས། འགྱོད་པ་མེད་པ་དང་རྣམ་པར་སྨིན་པ་ལ་མི་རེ་བར་སྦྱིན་པར་བྱ་སྟེ། གཞན་དུ་ན་སེམས་ཅན་ལ་ཕུན་གདགས་པ་དང་། སྙིང་རྗེ་དང་། སེམས་ཅན་ཉིད་བསྡུ་བར་བྱ་བའི་ཕྱིར། བྱ་བར་ཟད་དོ།། བདུག་གིས་བྱང་ཆུབ་ཐོབ་པ་ན་ནི། ་འདི་དག་ཆོས་ཀུན་རྟོགས་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ།། ལུས་རྟག་པོར་བྱ་བའི་ཕྱིར་ཡང་བའི་འཚོ་བས་འཚེ་བར་མི་བྱེད་ངོ་།། དེ་སྲོག་གི་ཕྱིར་ཡང་གཞུན་ལ་ཁོང་ཁྲོ་མི་བྱེད་དོ་ཞེས་འབྱུང་ངོ་།། སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། སེམས ་ཅན་ཀུན་ལ་ཕན་པ་དེའི་ཕྱིར་ཡིན།། རྣམ་སྨིན་འབྲས་བུ་རེ་ཕྱིར་མ་ཡིན།། སྦྱིན་པ་དངོས་པོ་ཆུང་ཡང་། ཡང་དག་བསོད་ནམས་ཞིང་དུ་དེ་འགྱུར།། སྦྱིན་པ་དངོས་པོ་མང་དུ་བྱས་ཀྱང་།། འདོད་པ་རྣམ་ལྔ་དག་ལ་གནས་ན།། འཕགས་པ་དག་གིས ་ཕྱུག་རྒྱུས་མ་བཏུབ།། མོ་ངེས་པའི་ཚོགས་ལྔ་གནས་གྱུར།། ཞེས་གསུངས་སོ།། དྲང་སྲོང་རྒྱས་པར་ཞུས་པ་ལས། ནོར་གང་གི་ཡིན་པ་དེ་ནི་སྦྱིན་བདོག་ཡིན་ནོ།། བྱེད་དུ་བཅུག་པས་སྦྱིན་པ་ནི་གཏོང་བ་པོ་ཡིན་གྱི་སྦྱིན་བདག་མ་ཡིན་ནོ།། དུག་དང ་མཚོན་ཆ་དང་སྲོག་ཆགས་བསད་དེ་ཤ་སྦྱིན་པ་དང་བག་མེད་པ་ལ་ཆང་སྦྱིན་པ་ནི་མ་དག་པའོ།། རྣམ་པར་སྨིན་པ་ལ་ཐེ་ཚོམ་ཟ་བ་དང་། སྦྱིན་ནས་འགྱོད་པས་གདུངས་པ་ཡང་མ་དག་པའོ།། བསོད་ནམས་ཀྱི་རྣམ་པར་སྨིན་པ་བདག ་ཉིད་ཀྱིས་སྤྱད་ཀྱིས་གཞན་ལ་མ་གྱུར་ཅིག་སྟམྦྷ་ན་མུ་དག་པའོ།། ན་བ་དང་འཆི་བའི་དུས་སུ་སངས་རྒྱས་ལ་དགའ་བ་དང་། དད་པ་མེད་པར་རྩཝ་ལག་གི་བྱེད་དུ་བཅུག་ནས་བྱིན་ན་མ་དག་པའོ།། དབུལ་ཕོངས་པ་བོར་ནས་ཕྱུག་པོ་ལ་སྟེར་ན་མ་དག་པའོ།། ་དྲང་སྲོང་ཆེན་པོ་དེ་དག་གི་རྣམ་པར་སྨིན་པ་ནི་ཚ་སྒོ་ཅན་གྱི་ཞིང་ལ་ས་བོན་བཏབ་པ་ལྟར་རྣམ་པར་སྨིན་པ་མེད་པ་ཡིན་མོད་འབྲས་བུར་མི་འགྱུར་རོ།། དྲང་སྲོང་ཆེན་པོ་མ་རྨོས་མ་བསལ་ཞིང་ལ་ས་བོན་བཏབ་ནུས་ཆུར་བབ་ན་སྐྱེ་སྲིད་ཀྱི་འབྲས་བུར་མི ་འགྱུར་བ་དང་འདྲའོ་ཞེས་གསུངས་སོ།། དེ་ཉིད་ལས་སྦྱིན་པ་བླ་ན་མེད་པ་ལྔ་སྟེ། དེ་བཞིན་གཤེགས་པ་དང་། དགེ་འདུན་དང་། ཆོས་སྨྲ་བ་དང་། ནད་པ་དང་། ཕ་དང་མའོ་ཞེས་གསུངས་སོ།། སའི་སྙིང་པོ་འཁོར་ལོ་བཅུ་པ་ལས་མཁས་པ་ཆོས ་སྦྱིན་པ་སྤྱོད་པ་དག། སྣོད་བཞིན་ཐེག་པ་གསུམ་ཧཱུ~ཾ་ཆོས་བསྟན་ཏེ།། ཐེག་པ་གཞན་དག་དེ་ལ་སྟོན་མི་བྱེད།། བྲིས་ནས་དེ་ལ་འཕྱི་ཞིང་བཀུར་མི་འགྱུར།། ཆོས་སྒྲ་དག་ལ་མཆོད་པ་བྱེད་པ་ནི།། སངས་རྒྱས་འདྲ་བར་དེ་ལ་འདུ་ཤེས་བསྐྱེད།། ་ཀུན་ནོས་ཉོན་མོངས་པའི་ནིང་བཱ་སྩལ་ཕྱིར།། དམ་པའི་ཆོས་ཀྱི་སྤྲིན་དག་ཉན་པར་འགྱུར།། ལྕེ་དང་གྲགས་པ་ཤིན་ཏུ་རིང་སྤངས་ཏེ།། ངོམ་པའི་ཆོས་དག་བསྟན་ཅིང་བཤད་པར་བྱ།། ཞེས་གསུངས་སོ།། བཟང་པོ་ལུང་བསྟན་པ་ལས་ཆོས་བཞིད ་ལྡན་ན་གཞན་ལ་ཆོས་སྟོན་པའི་ཚིག་གཟུང་བར་འོས་པར་འགྱུར་ཏེ། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། ངང་ཚུལ་བཟང་ཞིང་མཉེན་པ་དང་། བདག་ཉིད་ཆོས་སྒྲུབ་པའོ་ཞེས་འབྱུང་ངོ་།། ཡང་དེ་ཉིད་ལས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས ་དཔའི་སྡིག་པའི་ཕྱོགས་པོ་སྟེ། གང་ལ་བརྟེན་ནས་མི་དགེ་བའི་ཆོས་འཕེལ་བ་དང་། ཐེག་པ་དམན་པ་སྟོན་པ་དང་། བྱང་ཆུབ་ཀྱི་སེམས་ལ་འདུན་པ་བཟློག་པ་དང་། དགེ་བ་ཉམས་པར་འགྱུར་བྱའོ།། ཞེས་འབྱུང་ངོ་།། ཚུལ་ཁྲིམས་ན ་ཆོས་ཡང་དག་པར་སྤྱད་པའི་མདོ་ལས། བཅོམ་ལྡན་འདས་དེའི་ལྷག་པའི་ཚུལ་ཁྲིམས་ཀྱི་བསྒྲུབ་པ་གང་ནི་ན། བྱང་ཆུབ་སེམས་དཔའ་ནི་གླང་སོ་སོ་ཐར་པའི་སྡོམ་པ་བསྣམས་པ་ཡང་ལགས་ལཱ་སི་སོ་ཐར་པ་ཙམ་གྱིས་དག་པར་ཡང་མི་སམ ་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་སྟོན་པ་ལགས་སོ་ཞེས་འབྱུང་ངོ་།། སངས་རྒྱས་མཛོད་ཀྱི་མདོ་ལས། ཤཱ་རིའི་བུ་ཚུལ་ཁྲིམས་ཞིག་པའི་དགེ་སློང་བསྐལ་པ་བརྒྱ་སྟོང་ཁྲི་འབུམ་གྱི་བར་དུ་རང་གི་ལུས་ཀྱི་ཤ་བཅུད་གཏུབས་ཏེ་སྦྱིན་བདག་ལ ་འཇལ་ལོ།། ཕྱུགས་སུ་སྐྱེས་ན་ཡང་ཁུར་ལྕི་བ་ཁྱེར་བ་འོ་ངོ་།། སྐེ་ཉག་མ་འབུམ་དུ་བགོས་པའི་ཆ་ཙམ་ཡང་བཞུ་པར་མི་ནུས་ན་གྲོས་དང་ཟས་དང་མལ་ཆ་དང་སྨན་ལ་སོགས་པ་ལྟ་ཅི་སྨོས་ཅེས་བྱ་བ་ནས་ཤཱ་རིའི་བུ་རིས་གང་བའི་ས་དེའི ་ནང་ནུ་ངའི་ཆོ་ག་བཞིན་དུ་སྤྱོད་པ་ནི་ཕོད་ཀྱི་ཚུལ་ཁྲིམས་ཞིག་པའི་དགེ་སྦྱོང་དང་ལྷན་ཅིག་ཏུ་འདུག་པ་ནི་མི་ཕོད་དོ།། དྲི་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཞིག་པའི་དགེ་སློང་གི་ལགུ་གིས་བླངས་པའི་རྫས་སོ་ཅོག་ཚུལ་ཁྲིམས་འཛིན་པའི ་དགེ་སློང་གི་ངག་དུག་པར་འགྱུར་རོ་ཞེས་གསུངས་སོ།། སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། ཇི་ལྟར་ན་ཁྲེལ་མེད་ཅིང་ངོ་ཚ་མེད་པའི་དགེ་སློང་ཡིན་ཞེ་ན། སེམས་ཅན་གང་འཚོ་བ་ཙམ་གྱི་ཕྱིར་པའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། རབ ་ཏུ་བྱུང་ནས་སོ་སོར་ཐར་པའི་ཚུལ་ཁྲིམས་བསྲུང་བ་ཐམས་ཅད་ཉམས་ཏེ་ཁྲེལ་པ་དང་། ངོ་ཚ་མེད་ལ་ཚེ་ཕྱི་མའི་སྡུག་བསྔལ་གྱིས་མི་འཇིགས་ཁོང་རུལ་ཅིང་བཅོག་པས་གང་བའི་སྲིན་བུ་ཀ་ལ་འདྲ་བ། དུང་གི་སྒྲ་ལ་ཁྱིའི་སྤྱོད་པ་ཅན།། རྟག་ཏུ ་བརྫུན་སྨྲ་ཞིང་བདེན་པའི་ཚིག་མེད་པ་སེར་སྣ་དང་ཕྲག་དོག་དང་། གཏི་མུག་དང་ང་རྒྱལ་གྱིས་ཟིན་ཏོ། ལས་ཀྱི་མཆོག་དམ་པར་གསུམ་ལས་རིངས་པ། ཁེ་དང་བཀུར་སྟི་དང་གྲགས་པ་ལ་ཞེན་པ། ཡུལ་དྲུག་ལ་མོས་པ། འདོད་ཆགས ་ཀྱིས་སེམས་གཡེངས་པ་འདི་ནི་ཁྲེལ་པ་དང་། ངོ་ཚ་མེད་པའི་དགེ་སློང་ཞེས་བྱའོ།། ཞེས་གསུངས་སོ།། ཡང་བྱམས་པ་སེང་གེ་སྒྲ་ལས། བཞི་པོ་འདི་ནི་དམྱལ་བར་མདའ་འཕངས་པ་བཞིན་འགྲོ་བ་སྟེ། གཞན་གྱི་རྙིད་པ་ཕྲག་དོག་བྱེད་པ་དང་། ་སྡོམ་པ་དང་ལྡན་པའི་མདོ་སྡེ་ཐོས་ནས་ཚུལ་ཁྲིམས་ཀྱི་ཉེས་པ་འབྱིན་པ་དང་། བཀའ་དང་བསླབ་པ་ལས་འདས་ཀྱང་ང་རྒྱལ་གྱིས་ཉེས་པས་འཆབ་པར་མི་བྱེད་པ་དང་། ཤེས་བཞིན་དུ་དད་པས་བྱིན་པ་ལོངས་སྤྱོད་པའོ་ཞེས་འབྱུང་ངོ་།། སའི ་སྙིང་པོ་འཁོར་ལོ་བཅུ་པ་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པར་དག་པ་གཉིས་ཏེ། ཐུན་མོང་བ་དང་། ཐུན་མོངང་མ་ཡིན་པའོ།། ཐུན་མོང་བ་ནི་དགེ་བསྙེན་གྱི་སྡོམ་པ་འམ། ཡང་ན་རབ་ཏུ་བྱུང་བའི་སོ་སོར་ཐར་པའི་སྡོམ་པ ་བསྙེན་པ་རྫོགས་པའོ།། ཐུན་མོང་མ་ཡིན་པ་ནི་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་དང་། གནོད་པ་མེད་པོའི་སེམས་དང་། མཁོན་དུ་འཛིན་པ་མེད་པའི་སེམས་ཀྱིས། ཚུལ་ཁྲིམས་བསྲུང་བའོ།། སྲིད་པའི་རྣམ་པར་སྨིན་པ་ལ ་ཐམས་ཅད་ལ་མི་ལྟ་བར་བསྲུང་ཞེས་གསུངས་སོ།། བསོད་ནམས་ཐམས་ཅད་བསྡུས་པའི་ཏིང་ངེ་འཛིན་ལས་བྱང་ཆུབ་སེམས་དཔའ་ནི་ཡན་ལག་དང་ཉིང་ལག་གཏོང་བ་ལུས་མཐུ་དང་ལྡན་པར་བྱའོ།། བྱང་ཆུབ་སེམས་དཔའ ་ནི་སྲོག་གི་ཕྱིར་ཡང་བསླབ་པ་ཡོངས་སུ་མི་གཏོང་བྱས་སྤྱོད་པ་ལ་བློ་དང་ལྡན་པར་བྱའོ།། བྱང་ཆུབ་སེམས་དཔའ་ནི་ངན་དུ་སྨྲ་བའི་ཚིག་དང་དུ་ལེན་པའི་ངང་ཚུལ་ཅན་གྱིས་བཟོད་པའི་སྟོབས་དང་ལྡན་པར་བྱའོ།། བྱང་ཆུབ་སེམས་དཔའ ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་བས་ལེ་ལོ་མེད་པར་བྱའོ།། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་དང་མི་འབྲེལ་བས་རྩེ་གཅིག་ཏུ་བྱའོ།། བྱང་ཆུབ་སེམས་དཔའ་ནི་བསྒྲུབ་པ་ལ་གནས་པས་བརྟེན་པ་དང་ལྡན་པར ་བྱའོ།། བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་དྲང་མོ་བྲལ་བས་ཡོན་གནས་སུ་བྱའོ་ཞེས་བྱ་བ་ལ་སོགས་པའོ།། གཙུག་ན་རིན་པོ་ཆེས་ཞུས་པ་ལས། བྱང་ཆུབ་སེམས་དཔའི་ཆོས་བཞི་དང་ལྡན་ན་སེམས་ཅན་ཡོངས་སུ ་སྨོན་པར་བྱེད་ནུས་ཏེ། མཱི་སྐྱོ་བ་དང་། བདག་གི་བདེ་བ་ལ་མི་ཆགས་པ་དང་། དུས་དང་དུས་མོ་ཡིན་པར་བསྐུལ་བ་དང་། བསམ་པ་ཡོངས་སུ་ཤེས་པའོ།། ཡུང་བཞི་སྟེ། བཀའ་བློ་བདེ་བ་དང་། སྙན་པར་སྨྲ་བ་དང་། ངང་ཚུལ་འཇམ་པ་དང་། ཁྲོ ་གཉེར་མེད་པའོ།། ཡང་བཞི་སྟེ། བསམ་པ་དག་པ་དང་། གཡོ་སྒྱུ་མེད་པ་དང་། བརྩོན་འགྲུས་བརྟན་པ་དང་། ལེགས་པ་དང་ཉེས་པ་བྱས་པ་བཟོད་པའོ་ཞེས་འབྱུང་ངོ་།། འཕགས་པ་དཀོན་མཆོག་བརྩེགས་པ་ལས། སྡོམ་པའི་ཚུལ་ཁྲིམས་ནི་བྱང ་ཆུབ་སེམས་དཔའི་སེམས་གནས་པར་བྱེད་དོ།། དགེ་བའི་ཆོས་བསྡུད་པའི་ཚུལ་ཁྲིམས་ནི། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་དོ།། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་དོ་ཞེས་གསུང་སོ།། ། ་བཟོད་པ་ནི་གང་པོས་ཞུས་པ་ལྔ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་བཟོད་པ་བསྒྲུབ་པའི་ཆོས་བསྟེན་ཅིང་བསྒོམ་པར་བྱའོ།། ཞེས་བྱ་བ་ནས་གལ་ཏེ་འགྲོ་འམ། འགྲེང་ངམ་འདུག་གམ་ཉལ་བའི་ཚེ་གཅིན་གྱི་བུམ་པ་འམ། དུག་གི་བུམ ་པ་དང་ཐལ་བ་དང་གཤང་གཎྜཱི་ཐོགས་པ་འོངས་ནས་མགོའི་སྟེང་དུ་བླུགས་སམ། ལུས་ཀུན་གདུངས་པར་གྱུར་ན་དེ་ལ་ཞེ་སྡང་དང་འཁོན་གྱི་བསམ་པ་བསྐྱེད་ནས་འདི་སྐད་དུ་བདག་ལ་ཉེས་པ་ཅི་ཡོད་ཅེས་དང་སྨྲ་བར་མི་བྱའོ།། དེ ་བཞིན་དུ་སྦྱར་ཏེ་རེག་བྱ་གང་གིས་གླང་དུ་རེག་པར་འགྱུར། ལུས་ལྷོ་གནོད་པར་འགྱུར་རམ། སེམས་ལ་གནོད་པར་འགྱུར། ལུས་ནི་རྩཝ་དང་ཤིང་དང་གྱོ་མོ་དང་གཟུགས་བརྙན་ལྟ་བུ་ཡིན་པས་རྟོགས་པ་མེད་པ་ཤེས་པ་མེད་པ་ཡིན་པས ་བདག་ཀྱང་མ་ཡིན་གཞན་ཡང་མ་ཡིནོ།། གལ་ཏེ་སེམས་ལ་གནོད་པར་འགྱུར་བ་ཡིན་ན། སེམས་ཁ་དོག་མེད་པ་གཟུགས་མེད་པ་སྐད་ཅིག་མེར་སྐྱེ་ཞིང་འགོག་པ་ཐང་ཅིག་དུ་ཡང་མི་གནས་པས་བདག་ཀྱང་མ་ཡིན་གཞན་སངས་ཡིན ་བྱ་བ་ནས། བདག་ཀྱང་ངེས་པར་སྔ་མའི་སྡིག། སྡུག་བསྔལ་རྣམ་སྨིན་འདི་མྱོང་སྙམ།། བདེན་བཞི་དྲན་ཡང་ཡང་དག་སྤོང་།། དབང་སྟོབས་བྱང་ཆུབ་ཡོན་ལག་ལམ།། ཐམས་ཅད་བཟོད་པས་བཞི་བྱེད་པས།། མཁས་པ་སུ་ཞིག་བཟོད།། ་མི་བསྒོམ།། ཞེས་གསུངསོ།། བུ་མོ་བློ་གྲོས་བཟང་མོས་ཞུས་པ་ལས། གནོད་པའི་རྩ་བ་ཁྲོ་བ་འཕེལ་མི་བྱེད།། བྱམས་ལ་གནས་པར་བྱེད་དང་ཆོས་འདོད་དང་།། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་ན་ནི།། མཛེས ་པར་གྱུར་ཏེ་ལྟ་བར་འོས་པ་ཡིན།། ཞེས་གསུངས་སོ།། སའི་སྙིང་པོ་འཁོར་ལོ་བཅུ་པ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་བཟོད་པ་ནི་གཉིས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ།། འཇིག་རྟེན་པ་ནི་སེམས་ཅན་ལ ་དམིགས་པ་ལེན་པ་དང་། རྣམ་པར་སྨིན་པའི་འབྲས་བུ་ལ་བརྟེན་པ་དང་། བསོད་ནམས་ཀྱི་ལམ་ལ་བརྟེན་ཏེ་བཟོད་པ་བྱེད་པའོ།། འཇིག་རྟེན་ལས་འདས་པ་ནི། ཕྱིན་ཅི་ལོག་པ་རྣམ་པ་བཞི་བསལ་ནས། ཆགས་པ་མྱེད་པའི་བཟོད་པ་བསྒོམ ་ཞིང་།། འདུ་བྱེད་རྣམ་པ་གསུམ་དག་ཞེ་ན།། བཟོད་པ་འདི་ལ་རྒྱ་ཆེར་གཏོང་འགྱུར།། འདུ་བྱེད་ཐམས་ཅད་རབ་ཏུ་ཞི་ཞིང་།། རྟོག་པ་ཐམས་ཅད་ཡོངས་སུ་སྤངས་ཏེ།། སེམས་ནི་མཁའ་དང་འདྲ་བར་མཉམ་པ།། བཟོད་པ་འདི་ལ་ཐམས ་ཅད་གཏོང་འགྱུར།། ཞེས་གསུངས་སོ།། བརྩོན་འགྲུས་ནི་ཡང་དེ་ཉིད་ལས། བྱང་ཆུབ་སེམས་དཔའི་བརྩོན་འགྲུས་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ།། དེ་ལ་འཇིག་རྟེན་པའི་བརྩོན་འགྲུས་ནི་སྦྱིན་པ ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བ་སྟེ། སེམས་ཅན་ལ་དམིགས་པ་དང་བཅས་པ་ཉེ་བར་ལེན་པ་དང་བཅས་པ་རྣམ་པར་སྨིན་པའི་འབྲས་བུ་ལ་བརྟེན་པས་ན་འཇིག་རྟེན་པའི་བརྩོན་འགྲུས།། ་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་ནི་བྱང་ཆུབ་སེམས་དཔའི་ཤིན་ཏུ་འབད་པའི་བརྩོན་འགྲུས་ཀྱིས། སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་ཉོན་མོངས་པ་དང་ལུས་དང་སྡུག་བསྔལ་ཐམས་ཅད་སེལ་བ་སྟེ། དམིགས ་པ་མེད་པས་བྱ་བའི་ལས་བྱེད་པ་སྟེ། མི་གནས་པའི་སེམས་ཀྱི་བརྩོན་འགྲུས་རྩོམ་མོ།། ཁམས་གསུམ་ལ་མི་གནས་པར་བརྩོན་འགྲུས་རྩོམ་མོ་རྣམ་པར་སྨིན་པའི་འབྲས་བུ་ལ་མི་རྟོག་པའི་བརྩོན་འགྲུས་དང་། རྙེད་པ་དང་མ་རྙེད་པ་ལ ་མི་གནས་པའི་བརྩོན་འགྲུས་རྩོམ་སྟེ། འདི་ནི་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་སོ་ཞེས་འབྱུང་ངོ་།། བུ་མོ་བློ་གྲོས་བཟུང་མོས་ཞུས་པ་ལས། ཕྱེ་མུ་མེ་ཏོག་བཀང་སྟེ་འབུལ་བ་དང་།། གནོད་སེམས་སྤངས་ཞིང་སྐུ་གཟུགས ་བྱེད་པ་དང་། མོས་པ་རྒྱ་ཆེན་ལ་ནི་གནས་བྱེད་ན།། རྒྱལྔ་བ་དག་གི་ཐད་དུ་རྫུས་ཏེ་སྐྱེ་ཅིའོ།། ཡང་དེ་ལས། ཆོས་རྣམས་ལ་ནི་ཆོས་རྟོགས་འདོད་པ་ལ།། བརྩོན་འགྲུས་གནས་ཤིང་སངས་རྒྱས་རྗེས་སུ་དྲན།། ཡོངས་སུ་བསྔོ་ཞིང ་བཤགས་དང་ཕྱག་འཚལ་བ།། དེ་ལ་བདུད་ཀྱི་གླགས་ནི་རྙེད་མི་འགྱུར། ཞེས་གསུངས་སོ།། གླང་པོས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་ལས་ལྡོག་པར་མི་འགྱུར་ཞིང་དགེ་བའི་རྩ་བ་རྣམས་ཉམས ་པར་མི་འགྱུརརོ།། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལྡན།། དྲན་པ་ཟབ་ཅིང་ཐག་ཀྱང་ཅིང་།། བརྩོན་པའི་སེམས་ཀྱིས་རབ་བརྩོན་ཞིང་།། མང་ཐོས་ཤེས་རབ་རྒྱན་དང་ལྡན།། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི།། ཆོས་འདི ་བཞི་ལ་རྟེན་བྱེད་ན།། ཡིད་ལ་བསམས་པའི་དངོས་པོ་ཀུན།། ཐམས་ཅད་རབ་ཏུ་འགྲུབ་པར་འགྱུར།། ཞེས་འབྱུང་ངོ་།། ཡང་དེ་ཉིད་ལས་གང་པོ་བྱང་ཆུབ་སེམས་དཔའ་རྣམས་ནི་ནན་ཏན་བརྩོན་འགྲུས་ཀྱིས་མཆོད་རྟེན་ལ་མཆོད ་པ་བྱེད་པས་གུས་པའི་སེམས་ཀྱི་མེ་ཏོག་དང་། ཕྲེང་བ་དང་། བྱུག་པ་དང་། སྤོས་དང་། ཕྱེ་མ་དང་། རོལ་མོའོ་སིལ་སྙན་དང་ཡོ་བྱད་སྣ་ཚོགས་པས་མཆོད་པ་བྱེད་དོ་ཞེས་བྱ་བ་ནས། འདས་པ་དང་ད་ལྟར་ཞུགས་པ་ཡི།། སངས་རྒྱས ་རྣམས་ལྔ་མཆོད་བྱེད་ན།། སྐྱེ་བ་ཀུན་ཏུ་མཆོད་པ་ཐོབ།། རྟག་པར་མི་ཁོམ་མེད་པར་སྐྱེ།། ཞེས་བྱ་བ་ལ་སོགས་པའོ།། གོ་ཆ་བགོས་པ་བསྟན་པ་ལས།། བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རི་རོའི་སྤྱོད་པ་རེ་རེའི་ཕྱིར་ཡང ་འཁོར་བའི་མཐའ་ཇི་སྲིད་དུ་འཁོར་བླ་ནུ་འཁོར་ཞིང་ཤེས་རབ་ཀྱི་སྨན་ཡོངས་སུ་ཚོལ་བ་དང་། གཽ་ཚྭ་མི་སྤང་བར་ཤིན་ཏུ་བརྟན་པར་བྱས་ནས་གོ་ཆ་ཆེན་པོ་ནས་འབྱེད་པ་མེད་པའི་གོ་ཆའི་བར་བགོ་བཱར་བྱེད་།། ཞེས་གསུངས་སོ།། ་དེ་ཉིད་ལྟས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་སེམས་ཅན་རྣམས་ཡོངས་སུ་བསྡུ་བའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་བྱོན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི ་རོལ་ཏུ་ཕྱིན་པ་དང་། བསམོ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམ་པར་བྱེད་པ། ཐམས་ཅད་ཀྱང་ཤེས་རབ་སྔོན་དུ་འགྲོ་ཞིང་ཤེས་རབ་ཀྱིས་མངོན་པོའི་སྒྲུབ་པ་དང་། ཤེས་རབ་ཀྱིས་ཡོངས་སུ་བསྡུས་ནས་བླ་ན་མེད ་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ།། ཞེས་གསུངས་སོ།། སྡོམ་པ་གསུམ་བསྟན་པ་ལས། བླ་ན་མེད་པའི་བྱང་ཆུབ་ནི་ནན་ཏན་བྱེད་པས་འགྲུབ་སྟེ། དེ་ལྟ་མ་ཡིན་ན་རི་བོང་དང་བྱི་ལས་ཀྱང་བྱང་ཆུབ་ཐོབ་པར་འགྱུར་རོ།། ཞེས ་འབྱུང་ངོ་།། བསམྲ་གཏན་ལྷ་རྗེས་བསམ་གཏན་གྱི་ཉེར་གནས་ད་བེན་པ་བསྟེན་པ་ནི་ཡང་དེ་ཉིད་ལ་ཁྱེད་གནས་མེད་པ་དང་། འདྲིས་པ་མེད་པར་གྱིས་ལ་ཁྱེད་པ་ལང་དང་བོང་བུ་སྡུད་པར་མ་བྱེད། ཁྱོད་ལེ་ལོའི་གནས་ལེན་པར་མ་བྱེད ་ཅིག། མི་དགེ་བའི་ཆོས་སྤོངས་ལ་དགེ་བ་ལ་བརྩོན་འགྲུས་གྱིས་ཤིག། འོད་སྲུངས་པ་ནི་རྣམ་གྲངས་དུ་མར་དབེན་པ་ལ་གནས་པ་དང་། འདུ་འཇི་སྤངས་པ་བསྔགས་སོ་ཅེས་བྱེ་བ་ནས། དེ་དག་འདུ་འཛི་ཉིན་མཚན་འདའ་བར་བྱེད་དེ ་རྒྱལ་པོའི་གཏམ་ནས་བཟའ་བ་དང་བཏུང་བའི་གཏམ་དང་། ཁྱིམ་གྱི་གཏམ་དང་། སྡིག་པར་འགྲོ་བར་བྱ་བ་དང་། གང་ན་ཟས་སྟེར་བ་དེར་འགྲོ་བར་བྱ་ཞེས་བྱ་བ་ནས། གཅིག་ལ་གཅིག་ལྟ་ཞིང་ཅི་ཞིག་བྱིན་ན་ཇི་སྙེད་ཅིག་སྤྱད་ཅེས་སྨེ་བར། ་སྨོན་དང་ཆང་སྣ་ཚོགས་ཀྱི་གཏམ་གྱིས་ཤེས་བཞིན་མེད་པར་འགྱུར་བའི་ལུས་དང་ཁེ་ཆུ་ཟུག་ཅིང་ཉལ་བར་འགྱུར་རོ་ཞེས་བྱ་བ་ནས། མཉམ་པར་མ་བཞག་པའི་སེམས་ཀྱིས་དབང་པོ་རྒོད་ཅི་ཕལ་པར་འགྱུར་ལྔ་སེམས་གཡེངས་པའི ་སྒྱིསྤྱོད་པས་ཁྱིམ་དུ་དོང་ནས་སོ་སོར་ཐར་པ་བོར་ཏེ་ཞེས་བྱ་བ་ནས། གཅིག་ལ་གཅིག་ལྟ་ཞིང་ཅི་ཞིག་བྱིན་ན་ཇི་སྙེད་ཅིག་སྤྱད་ཅེས་སྨྲ་བར་འགྱུར་རོ།། འོད་སྲུངས་འཆི་བའི་དུས་མ་བྱས་པའི་བར་དུ་རྣལ་འབྱོར་ལ་མི་བརྩོན་པ་རྣམས་ནི་འདི ་དག་གོ།། དེ་དག་གི་ཆོས་ཐམས་ཅད་སྤོང་སྟེ་འོད་སྲུངས་དགེ་སློང་དེ་དག་ལ་སྙིང་རྗེ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རྣམ་པར་སྨིན་པ་སྡུག་བསྔལ་བར་འགྱུར་རོ།། ཞེས་འབྱུང་ངོ་།། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན ་ཏན་བསྟན་པ་ལས། ཤཱ་རིའི་བུ་དགོན་པ་ལ་གནས་པ་ལྷུར་ལེན་པ་ལ་ཕན་ཡོན་བཅུ་ཡོངས་སུ་འཛིན་ཏོ།། གང་ཞེ་ནོ།། འདུ་འཛི་རྣམ་པར་སྤོང་བ་དང་། རབ་ཏུ་དབེན་པ་ལ་བརྟེན་པ་དང་། བསམ་གཏན་ལ་སེམས་དམིགས་པར་འགྱུར ་བ་དང་། བྱ་བ་མང་པོར་མི་འགྱུར་བ་དང་། སངས་རྒྱས་རྣམས་འདོད་པ་དང་། དེའི་ལུས་བདེ་བ་དང་མི་འབྲལ་བ་དང་། དེའི་ཚངས་པར་སྤྱོད་པ་ལ་བར་ཆད་དུ་མི་འགྱུར་བ་དང་། ཚོགས་ཆུང་ངུས་ཏིང་ངེ་འཛིན་ཐོབ་པ་དང་། ཚིག་དང་ཡི་གེ ་བསྟན་པ་ཚོད་མི་ཟ་བ་དང་། ཇི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་རབ་ཏུ་ཤེས་པ་སྟེ། ཤཱ་རིའི་བུ་དགོན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཕན་ཡོན་བཅུ་པོ་འདི་དག་ཡོངས་སུ་འཛིན་ཏོ་ཞེས་གསུངས་སོ།། འཕགས་པ་ཡུལ་འཁོར ་སྐྱོང་གིས་ཞུས་པ་ལས། འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང་།། འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས།། རལ་གྲི་སོ་འདྲ་དུག་སྡོང་ལོ་མཚུངས།། ངན་སྐྱུགས་སྣོད་ལྟར་འཕགས་པའི་སྐྱེ་བོས་སྤངས།། འདོད་པའི་ཡོན་ཏན ་འཇིགས་བཅས་ཉོན་མོངས་ཅན།། རྟག་ཏུ་དྲན་པས་རྗེས་བྱེད་མུན་པར་བྱེད།། རྟག་ཏུ་འཇིགས་པའི་རྒྱུ་བྱེད་སྡུག་བསྔལ་རྩ།། སྲིད་པ་སྲིད་པའི་འཁྲི་ཤིང་འབྲེལ་བར་བྱེད།། ཇི་ལྟར་མེ་འབར་དབུས་ན་འཇིགས་བཅས་པ། དེ་ལྟར ་འདོད་འདི་འཕགས་པའི་སྐྱེ་བོས་རིགས།། འདམ་རྫབ་ཆེ་འདྲ་རལ་གྲི་གཤེགས་གནས་འདྲ།། རཱལ་གྲིའི་སོ་ལཱ་སྦྲང་རྩི་བསྐུས་དང་མཚུངས།། ཇི་ལྟར་སྦྲུལ་གྱི་མགོ་དང་ངན་སྐྱུགས་སྣོད།། དེ་ལྟར་འདོད་འདི་མཁས་པ་རྣམས་ཀྱིས་རིག། ་བྱ་ཤ་ཁ་འབུ་འདྲ་ཞིང་གསལ་ཤིང་འདྲུ།། རོ་ལ་ཁྱི་ལྟར་དགྣ་དང་བཅས་པ་ཡིན།། འདོད་པའི་ཡོནཱ་ཏན་འདི་དྲག་ཆུ་ཟླ་འདྲ།། གཟུགས་བརྙན་མ་ཚུངས་ཤིང་བྲག་ཆ་འདྲ་བ་དང་།། མིག་ཡོར་འདྲ་ཞིང་གར་ལ་བལྟ་དང་འདྲ། ་རྨི་ལམ་མཉམ་པར་འཕགས་པའི་སྐྱེ་བོས་རིག། འདོད་པའི་ཡོན་ཏནུ་སྐད་ཅིག་ཡ་མ་རླ།། སྒྱུ་མ་སྨིག་རྒྱུ་འདྲ་ཞིང་བརྫུན་པ་ཅན།། ཆུ་བུར་དབུ་བ་ལྟ་བུར་ཡང་དག་མིན།། ཡོངས་སུ་བརྟགས་ལུས་བྱུང་བར་མཁས་པས་རྟོགས།། ་ཞེས་གསུངས་སོ།། ཟླ་བ་སྒྲོན་མའི་མདོ་ལས་ཀྱང་ཉོན་མོངས་མེད་པའི་ཏིང་ངེ་འཛིན་མྱུར་ཐོབ་སྟེ། འདི་ནི་ཚུལ་ཁྲིམས་རྣམ་དྲག་ཕྲ་ནོ་ཞེས་སོ།། རྒྱལ་བའི་ཡུམ་ལས་དེ་སེམས་ཅན་དེ་དག་གི་དོན་ཏུ་བསམ་གཏན་གྱི་ཕ་རོལ་ཏུ ་ཕྱིན་པ་ལ་སྤྱོད་པས་སེམས་གཡེངས་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སེམས་གཡེངས་པ་ནི་འཇིག་རྟེན་པའི་བསམ་གཏན་སྐྱེད་པའང་དཀོན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ལྟ་ཅི་སྨོས། དེ་ལྟ་བས་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་མི་གཡེང་བར་བྱའོ་སྙམ་དུ་སེམས་སོ།། ཞེས་གསུངས་སོ།། སའི་སྙིང་པོ་འཁོར་ལོ་བཅུ ་བ་ལུས། བྱང་ཆུབ་སེམས་དཔའི་བསམ་གཏན་གཉིས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ།། གང་ཞེ་ན། བྱ་དག་གི་ཁུར་ལྡི་ཡོངས་པའི་ཕྱིར་ནི། དམིགས་དང་བཅས་པའི་ཏིང་ངེ་འཛིན་བསྒོམ་སྟེ ་བདག་གིས་ཀུན་ནས་ཉོན་མོངས་གཅོད་འདོད།། ཡངྒ་དག་མཁས་པའི་མཚན་ཉིད་མ་ཡིན།། སེམས་ཅན་ལ་ཕན་དང་བདེ་ཕྱིར།། ཏིང་འཛིན་བསྒོམ་ཞིང་ཁུར་ལྕི་སྤོང་སྟེ།། ཀུན་ནས་ཉོན་མོངས་ཐམས་ཅད་སེལ་བ།། དེ་ནི་ཡང་དག ་མཁས་པའི་མཚན་ཉིད།། མི་གནས་བྱ་ཡི་ཏིང་འཛིན་བསྒོམས་ཏེ།། འདོད་པའི་སྲིད་པ་ཐམས་ཅད་ཆོད་པ།། དེ་ནི་བློ་གྲོས་ཆེན་པོ་ཞེས་བྱ། ཞེས་གསུངས་སོ།། མྱ་ངན་ལས་འདས་པ་ལས། རིགས་ཀྱི་བུ་སེམས་ཅན་ཐམས ་ཅད་ནི་རྟག་པ་དང་བདེ་བ་དང་བདག་ཡོངས་སུ་དག་པ་ལ་སོགས་པ་བཞིས་བསླད་དེ། བསམ་པའི་ཕྱིར་མི་རྟག་པ་དང་མི་བདེ་བ་དང་། བདག་མེད་པ་དང་། ཡོངས་སུ་མ་དག་པར་མཐོང་ངོ་།། ངེས་ཕྱིན་ཅི་ལོག་བཞི་ཡང་ཆོད་དེ། ་དེ་བསྡུ་ན་བསམ་པའི་རྐྱེན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་བསྙེན་པར་འགྱུར་རོ།། སྐྱེ་བའི་མཚན་ཉིད་དང་། རྒ་བའི་མཚན་ཉིད་ལ་སོགས་བསམས་པས་ཀྱང་གྲོལ་བར་འགྱུར་རོ།། རིགས་ཀྱི་བུ་དགེ་བའི ་ཆོས་ནི་མ་བསམས་པར་གཞན་གྱིས་ཐོབ་པ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། གང་གིས་བསྐལ་པ་གྲངས་མེད་ཚད་མེད་མཐའ་ཡས་པའི་བར་དུ་ཆོས་མཉན་ཀྱང་གལ་ཏེ་མ་བསམས་ན་ནམ་ཡང་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཐོབ་པར་མི་འགྱུར་རོ།། ཞེས་གསུངས་སོ།། ཡང་དེ་ཉིད་ལས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་བཞིན་དུ་བསྒོམ་པ་གང་ཞེ་ན། རིགས་ཀྱི་བུ་གང་མི་དགེ་བའི་ཆོས་ཐམས་ཅད་སྤངས་ཤིང་དགེ་བའི་ཆོས ་ཐམས་ཅད་ལ་ནན་ཏེནྡ་བྱེད་པ་ནི་ཆོས་བཞིན་དུ་བསྒོམ་པ་ཞེས་བྱའོ།། ཆོས་ཐམས་ཅད་སྟོང་པ་དམིགས་སུ་མེད་པ་ནི་མི་རྟག་པ་མྱི་བདེ་བ་བདག་མེད་པ་ཡོངསུ་མ་དག་པར་མཐོང་བ་སྟེ། དེ་ལྟར་མཐོང་བའི་ཕྱིར་ལུས་དང ་སྲོག་ལ་ཡང་ཚུལ་ཁྲིམས་སྡོམ་པ་མི་འཇིགས་པ་ནི་བྱང་ཆུབ་སེམས་དཔའ་ཆོས་བཞིན་དུ་བསྒོམ་པ་ཞེས་བྱའོ།། ཞེས་གསུངས་སོ།། ཤེས་རབ་ནི་མྱ་ངན་ལས་འདས་པའི་མདོ་ལས། འཇམ་དཔལ་གཞོན་ནུས་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་ཞེས་བགྱི་བའི་དོན་ཇི་ལྟ་བུ་ལེགས། དོན་དམ་པའི་བདེན་པ་ལ་ཀུན་རྫོབ་ཀྱི་བདེན་པ་མཆིས་སམ། ཀུན་རྫོབ་ཀྱི་བདེན་པ་ལ་དོན་དམ་པའི་བདེན་པ ་མཆིས་སམ་ཇི་སྟེ་མཆིས་ན་བདྲེན་པ་གཅིག་ཏུ་བས་སོ།། ཇི་སྟེ་མཆིས་ན་དེ་བཞིན་གཤེགས་པས་གསུངས་པ་བརྫུན་དུ་མི་འགྱུར་རམ། བཀའ་སྩལ་པ། རིགས་ཀྱི་བུ་ཀུན་རྫོབ་ཀྱི་བདེན་པ་ཉིད་དོན་དམ་པའི་བདེན་པའོ།། བཅོམ ་ལྡན་འདས་དེ་ལྟར་ན་བདེན་པ་གཉིས་སུ་མ་མཆིས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཤིན་ཏུ་ཐབས་མཁས་པས་སེམས་ཅན་གྱི་རྗེས་སུ་བདེན་པ་གཉིས་གསུངས་སོ།། རིགས་ཀྱི་བུ་ཚིག་ཏུ་སྨྲ་བ ་རྣམ་པ་གཉིས་ཏེ། འཇིག་རྟེན་གྱི་ཆོས་དང་། འཇིག་རྟེན་ལས་འདས་པའི་ཆོས་སོ།། རིགས་ཀྱི་བུ་འཇིག་རྟེན་ལས་འདས་པའི་གང་ཟག་གིས་ཤེས་པ་དེ་ནི་དོན་དམ་པའི་བདེན་པའོ།། འཇིག་རྟེན་པའི་གང་ཟག། ་གི་ཤེས་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ།། ཞེས་གསུང་སོ།། གོ་ཆ་བགོས་པ་བསྟན་པ་ལས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མྱེད་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། བསྟན་དུ་མེད་པ་དང་། བརྗོད་དུ་མེད་པ ་འདི་ནི་དེ་ཁོ་ན་ཉིད་ཅེས་བྱའོ།། ཞེས་གསུངས་སོ།། དཀོན་མཆོག་འབྱུང་གནས་ལས། བར་སྣང་བྱ་རྗེས་ཇི་བཞིན་དུ།། འགྲོ་བ་དེ་ཡང་ཡེ་ནས་མེད།། སྦལ་པའི་སྤུ་ལི་ལྟ་བ་ལྟར།། དེ་བཞིན་ཞི་བའི་ཆོས་ཉིད་ལྟ།། བཞིན་གྱི་གཟུགས ་རྙན་མི་ལོང་ལ།། རང་བཞིན་སྟོང་པར་མཁས་པས་བཤད།། དཀྱིལ་འཁོར་དེ་ན་བཞིན་གཟུགས་སྣང་།། དེ་བཞིན་ཆོས་རྣམས་ཐམས་ཅད་ལྟོས།། ཞེས་འབྱུང་ངོ་།། དྲི་མ་མེད་པར་གྲགས་པས་བསྟན་པ་ལས། དེ་ལ་ཐབས ་མེད་པའི་ཤེས་རབ་བཅིངས་པ་ནི་གང་ཞེ་ན། འདི་ལྟ་སྟེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་དེ་བར་རྟོག་ཅིང་མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ ་ལ། མི་རྟོག་པ་འདི་ནི་ཐབས་མེད་པའི་ཤེས་རབ་སྟེ། བཅིངས་པའོ།། དེ་ལ་ཐབས་ཀྱིས་ཟིན་པའི་ཤེས་རབ་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། མཚན་དང་དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཅན་ཡོངས ་སུ་སྨིན་པར་བྱ་བ་ལས་རྟོག་ཅིང་སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་འདྲིས་པར་བྱེད་པ་འདི་ནི་ཐབས་ཀྱིས་ཟིན་པའི་ཤེས་རབ་སྟེ་གྲོལ་བའོ།། དེ་ལ་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་བཅིངས་པ་གང་ཞེ་ན། དགེ་བའི་རྩ་བ ་རྩོམ་པ་ཐམས་ཅད་བྱང་ཆུབ་ཏུ་མི་བསྔོ་བ་ནི་ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ཏེ་བཅིངས་པའོ།། དེ་ལ་ཤེས་རབ་ཀྱིས་ཟིན་པའི་ཐབས་གྲོལ་བ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་སྤངས་པས་དགེ་བའི་རྩ་བ་ཐམས་ཅད ་རྩོམ་ཞིང་བྱང་ཆུབ་ཏུ་བསྔོས་ནས་མི་བསྙེམས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ཟིན་པའི་ཐབས་ཏེ་གྲོལ་བའོ་ཞེས་འབྱུང་ངོ་།། གཙུག་ན་རིན་པོ་ཆེས་ཞུས་པ་ལས། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན ་པའི་སྟོང་པ་ཉིད་གང་ཞེ་ན། སྦྱིན་པ་མ་ཚང་བ་མེད་པ་ནས་ཤེས་རབ་མ་ཚང་བ་མེད་པ་ཐབས་མ་ཚང་བ་མེད་པ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་མ་ཚང་བ་མེད་པ། བྱང་ཆུབ་ཀྱི་སེམས་མ་ཚང་བ་མེད་པ ་སྦྱིན་པ་དང་སྙན་པཱར་སྨྲ་བ་དང་། དོན་བྱེད་པ་དང་། དོན་མཐུན་པ་མ་ཆུང་བ་མེད་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མ་ཚང་བ་མེད་ལ་སོགས་པ་གསུངས་སོ།། གསུང་ཆེན་ཐབས་ལ་མཁས་པ་ལས། ཉན་ཐོས་དང་། བྱང ་ཆུབ་སེམས་དཔའི་ཏིང་ངེ་འཛིན་འཇུག་ཅིང་ལྡང་མོད་ཀྱི།། ཉན་ཐོས་ནི་བདག་ཉིད་མྱ་ངན་ལས་འདས་པ་ཁོ་ནར་ཤེས་པར་བྱེད་ཀྱི། བྱང་ཆུབ་སེམས་དཔའ་ནི་བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུ་བའི་བརྩོན་འགྲུས་རྒྱུན་མི ་གཅོད་ཅིང་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་ཡང་བྱེད་ལ། སེམས་ཅན་རྣམས་ལ་ཡང་སྙིང་རྗེ་ཆེན་པོ་ཡང་སྐྱེད་པར་བྱེད་དེ། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་ཡིན་ནོ།། ་ཞེས་བྱ་བ་ནས་རྒྱས་པར་བྱ་སྟེ། རིགས་ཀྱི་བུ་འདི་ལྔ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི་ཟན་ཁྲམ་གཅིག་ཙམ་ཡང་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི ་དུང་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཟན་ཁམ་གཅིག་ཙམོ་སྦྱིན་པར་བྱེད་པ་ན་ཡང་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་ཀྱིས་སྦྱིན་པར་བྱེད་ཅིང་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཆོས་ཐམས ་ཅད་ཡོངས་སུ་རྫོགས་པར་བསྔོ་བའི་ཕྱིར་རོ།། རིགས་ཀྱི་བུ་འོདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའོ་ཞེས་བྱ་བ་ནས། བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ནི་གཞན་གྱིས་དགེ་བའི་རྩ་བ་མངོན་པར་འདུ་བྱས་པ་ལ་རྗེས་ཡི་ར་བར་བྱུད་ཅི་རྗེ ་ནས་ཀྱང་སེམས་ཅན་ཐམས་ཅད་ལ་བསྔོ་ཞིང་བཏང་སྟེ་བསྔོ་བར་བྱེད་དོ།། དེ་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པའོ།། གཞན་ཡང་ཕྱོགས་བཅུ་པོ་དག་ན་མེ་ཏོག་གི་ཤིང་ལྗོན་པ་དང་། སྤོས་ཀྱི་ཤིང་ལྗོན་པ་དང་། མེ་ཏོག་གི་ཕྱུང ་བ་དང་། སྤོས་དང་། ཕྱེ་མ་དང་། བྱུག་པ་དག་གིར་མ་བྱས་པ་ཡོངས་སུ་མ་བཟུང་པོ་དེ་ཐམས་ཅད་འདུས་ནས་སངས་རྒྱས་ཐམས་ཅད་ལ་འབུལ་ལོ།། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་ལ་གཏོང་བར་བྱེད་དེ། བཏང་ནས ་ཐམས་ཅད་མཁྱེན་པ་ཉིད་དུ་བསྔོ་བར་བྱེད་དོ།། འདི་ཡང་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་བྱའོ།། བྱང་ཆུབ་སེམས་དཔའ་བློ་རྟུལ་བར་གྱུར་ན་ཞུམ་པ་མེད་པར་བྱ་སྟེ། ཐ་ན་ཚིག་བཞི་པའི་ཚོགསུ་བཅད་པ་ཙམ་ཡང་འཇུག་ཅིང་འདི་ལྟར ་རྟོག་སྟེ། ཚིགས་སུ་བཅད་པ་འདིའི་དོན་གང་ཡིན་པ་དེ་ནི་གསུང་རབ་ཏུ་གཏོགས་པ་ཐམས་ཅད་ཀྱི་དོན་ཡིན་ནོ་ཞེས་རྟོགས་པར་བྱེད་དོ།། བརྟགས་ནས་ཞུམ་པ་མེད་པའི་སེམས་ཀྱིས་སྙིང་རྗེ་ཆེན་པོ་བསྐྱེད་དེ་རྙེད་པ་དང་བཀུར་སྟི་ལ་ལྟ་བ ་མེད་པར་བྱ་སྟེ། གྲོང་དང་གྲོང་ཁྱེར་དུ་སྐྱེ་བོ་མང་པོ་ལ་སྟོན་པར་བྱེད་ཅིང་སེམས་ཅན་གང་དག་གིས་ཆོས་འདི་ཐོས་པ་དེ་དག་བྱང་ཆུབ་ཏུ་ངེས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པར་བྱེད་དེ། འདི་ཡིང་བྱང་ཆུབ་སེམས་དཔའི་ཐབས་ལ ་མཁས་པའོ།། ཡང་བྱང་ཆུབ་སྙོམས་དཔའ་བརྒྱ་ལམ་ནི་དབུལ་པོར་གྱུར་ན་ཁ་ཟས་ནལ་ཟེ་གང་ཙམ་ཡང་ཞུམ་བུ་མེད་པའི་སེམས་ཀྱིས་དགེ་འདུན་ནམ་གང་ཟག་ལ་འབུལ་བར་བྱེད་དོ།། ཕུལ་ནས་འདི་ལྟར་རྟོག་སྟེ། བཅོམ་ལྡན་འདས་ཀྱིས ་སེམས་རྒྱ་ཆེན་པོས་བྱིན་ན། སྦྱིན་པ་རྒྱ་ཆེན་པོར་འགྱུར་རོ་ཞེས་གསུངས་པས་ན། བདག་གི་སྦྱིན་པ་འདི་ཆུངས་མྱོང་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱིས་བྱིན་པས་ན་དཔག་ཏུ་མེད་པ་བྱེད་དོ་སྙམ་དུ་སོ་སོར་རྟོག་པར་བྱེད་དོ།། དགེ་བའི་རྩ་བ ་ས་བདག་དང་སེམས་ཅན་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པ་ལྟར་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་གྲུབ་པར་འགྱུར་ཞིང་། ལག་ན་རིན་པོ་གྲུབ་པར་གྱུར་ཅིག་ཅེས་བསྔོ་བར་བྱེད་དོ།། འདི་ཡང་བྱང་ཆུབ་སེམས་དཔའི ་ཐབས་ལ་མཁས་པའོ་ཞེས་གསུངས་སོ།། དྲི་མ་མྱེད་པར་གྲགས་པས་བསྟན་པ་ཡས། མྱ་ནི་ཤེས་རབ་ཕ་རོལ་ཕྱིན།། ཕ་ནི་ཐབས་ལ་མཁས་པ་སྟེ།། མགོན་པོ་རྣམས་ནི་དེ་ལས་སྐྱེས།། ཆོས་ལ་དགའ་བ་ཆུང་མ་སྟེ།། བྱམས ་དང་སྙིང་རྗེ་བུ་མོ་ཡིན།། ཆོས་དང་བདེན་གཉིས་དེ་ཡི་བུ།། སྟོང་པའི་དོན་སེམས་ཁྱིམ་ཡིན་ནོ།། དེ་བཞིན་ཉོན་མོངས་ཐམས་ཅད་ནི།། ཛོ་དགྲར་དབང་བྱེད་སློབ་པའོ།། མཛའ་བོ་བྱང་ཆུབ་ཡན་ལག་སྟེ།། སུ་མོས་ནི་བྱང་ཆུབ་མཆོག་རིག་འགྱུར།། དེ་གྲོབ ་རྟག་ཏུ་འགྲོགས་པ་ནི།། ཕ་རོལ་ཕྱིན་པ་དྲུག་རྣམས་སོ།། མངོན་ཤེས་དེ་ཡི་བཞོན་པ་སྟེ།། ཐེག་པ་ཆེན་པོ་བླ་ན་མེད།། ཁ་ལོ་བསྒྱུར་བ་བྱང་ཆུབ་སེམས།། ལམ་ནི་ཞི་བའི་ཡན་ལག་བརྒྱད།། ཅེས་གསུངས་སོ།། འོད་སྲུངས་ཀྱིས་ཞུས་པ་ལས།། འོད་སྲུངས ་བྱང་ཆུབ་སེམས་དཔའི་ཚུལ་བཞིན་དུ་སྦྱོར་བ་གང་ཞེ་ན། འདི་ལྟ་སྟེ། དབུ་མའི་ལམ་ཆོས་རྣམས་སོ་སོར་རྟོག་པའོ།། སོ་སྦྱོར་རྟོག་པ་གང་ཞེ་ན། འོད་སྲུངས་གང་ལ་བདག་མེད་པར་སོ་སོར་རྟོག་དང་ཞེས་བྱ་བ་ནས། ཤེད་བུ་མེད་པར་སོ་སོར་རྟོག་པ་ནི། ་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པའོ།། འོད་སྲུངས་གཞན་ཡང་གཟུགས་རྟག་པར་ཡང་སོ་སོར་མི་རྟོག། མི་རྟག་པར་ཡིང་སོ་སོར་མི་རྟོག་པ་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་ཞེས་བྱའོ།། འོད་སྲུང ་རྟག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ།། མི་རྟག་ཅེས་བྱ་བ་འདི་ནི་མཐའི་གཉིས་སོ།། མཐའ་དེ་གཉིས་ཀྱིས་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ་བསྟན་དུ་མེད་པ་རྟེན་མ་ཡིན་པ་སྣང་བ་མ་ཡིན་པ། རྣམ་པར་རིག་པ་མེད་པ་གནས་མེད་པ་སྟེ།། ་འོད་སྲུངས་འདི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པའོ།། འོད་སྲུངས་བདག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ། བདག་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས།། འོད་སྲུངས་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ། མེད་ཅེས་བྱ་བ་འདི་ནི ་མཐའ་གཉིས་སོ།། དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་སྤྱང་དུ་མེད་པ་ལ་སོགས་པ་གསུངས་སོ།། སྒོ་མཐའ་ཡས་པ་རྣམ་པར་སྤྱོད་བ་ལས་ཀྱང་། དབུ་མའི་ལམ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པར་འགྲོ་བའི་ལམ་ཡིན་ཏེ། མྱ་ངན་ལས ་འདས་པ་ནི་གླང་དུ་འགྲོ་བ་མེད་དོ།། དེ་ལ་འགྲོ་བ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཉམ་པའོ།། བཀོད་པ་མཐའ་ཡས་དབུ་མའི་ལམ་འདི་ནི་སྒྲུབ་པ་ཡང་མ་ཡིན་མི་སྒྲུབ་པ་ཡང་མ་ཡིན་པས་ཉི ་བར་ལེན་པའི་ཕྱིར་མཐའ་དང་བྲལ་བ་ཡིན་ཞེས་གསུངས་སོ།། ཡང་དེ་ཉིད་ལས། ཆོས་འདི་ཐམས་ཅད་ཡོད་མིན་ཞིང་།། མེད་པ་དང་ཡང་བྲལ་བ་ཡིན།། གང་གིས་དེ་ལྟར་ཆོས་ཤེས་པ།། དེ་དག་ལ་ནི་གཟུངས་སྐྱེའོ་ཅེའོ།། ཆོས་ཀྱི་རང ་བཞིན་དབྱེར་མེད་པ་ལས། འཇམ་དཔལ་གལ་ཏེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ན། ཆོས་ཀྱི་དབྱིངསུ་ལ་ནི་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་འགྱུར་བ་མེད་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་འམ། རྣམ ་པར་བྱང་བའི་ལས་འབྱུང་བར་འགྱུར། སྨྲས་པ་བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་འཇིག་ཚོགས་ལ་ལྟ་བའི་ཕྱིན་ཅི་ལོག་གིས་བསླད་ཅིང་། ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་གནས་པ་རྣམས་ལ་ནི་བདག་དང་། གཞན ་གྱི་འདུ་ཤེས་འབྱུང་བར་འགྱུར་རོ།། དེ་ལས་ནི་དགེ་བ་དང་མི་དགེ་བའི་སེམས་པ་འབྱུང་ངོ་།། དེ་ལ་ནི་དགེ་བ་དང་མི་དགེ་བའི་ལས་མངོན་པར་འདུ་བྱེད་ཅིང་། དེ་ལས་ནི་རྣམ་པར་སྨིན་པ་མངོན་པར་འགྲུབ་པར་འགྱུར་རོ།། ་ཇི་ཙམ་དུ་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་དེ་ཙམ་དུ་ཀུན་ནས་ཉོན་མོངས་པ་ཞེས་བྱའོ།། ཞེས་གསུངས་སོ།། མྱ་ངན་ལས་འདས་པའི་མདོ་ལས་སྟོན་པ་དྲུག་གཟུགས་ལ་བདག་ཅེས་སྨྲ་ན། དེ་ལྟ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ ་གཟུགས་བདག་ཡིན་ན་བྱང་གཟུགས་མི་སྡུག་པ་མེད་པའི་རིག་ན། ཇི་སྟེ་རིགས་བཞི་ཁྱད་པར་དུ་གྱུར་ཏེ་བྲམ་ཟེའི་རིགས་གཅིག་ཏུ་མ་གྱུར། ཅིའི་ཕྱིར་གཞན་དབང་ཞིང་དབང་མེད་ལ་དབང་པོ་ཉམས་ཤིང་དབང་པོ་མ་ཚང་བར་འགྱུར། ་དྷཱི་སྟེ་ལྷའི་ལུས་མི་ལེན་ཅིང་དམྱལ་བ་དང་། ཡི་དག་སཱུ་ལ་སྩོགས་པའི་ལུས་སྣ་ཚོགས་ལེན། དེ་ལྟར་ཡིད་བཞིན་དུ་མཱི་འགྱུར་བ་ལ་བལྟས་ན་གདོན་མི་ཟ་བུར་བདག་མེད་པར་རིག་གོ།། དེ་ལྟར་བདག་མེད་པའི་ཕྱིར་མི་རྟག་པ་ཞེས་བྱའོ།། ་མི་རྟག་པའི་ཕྱིར་སྡུག་བསྔལ་པོའོ།། སྡུག་བསྔལ་བའི་ཕྱིར་སྟོང་པའོ།། སྟོང་པའི་ཕྱིར་ཕྱིན་ཅི་ལོག་གོ།། ཕྱིན་ཅི་ལོག་གི་ཕྱིར་འཁོར་བཱ་ན་རབ་ཏུ་འཁོར་ཏེ། ཚོགས་པ་ལ་སོགས་པ་ཡང་དེ་དང་འདྲའོ།། ཞེས་གསུངས་སོ།། གོ་ཆུ་བོགོས ་པ་བསྟན་པ་ལས།། རྐྱེན་རྣམས་ལས་ནི་འབྱུང་བའི་ཕྱིར།། ཐམས་ཅད་གཏན་བདེན་གོང་ཡང་མེད།། ཆོས་རྣམས་རང་བཞིན་ཉིད་ཀྱིས་སྟོང་།། རང་བཞིན་ཉིད་ཀྱི་སྐྱོ་བ་མེད།། བྱང་ཆུབ་སེམས་དཔའ་རྐྱེན་རྣམས་ལ།། སོ་སོར་བརྟག ་ས་སྐྱོང་བར་།། གྷྣཱན་སྒྲ་རང་བཞིན་ས་སྤྱོ་བྱས།། རང་བརྒྱན་གྱིས་ནཱ་མཚན་མཱ་མེད།། སྐྱེ་བླ་དག་ན་ཡོད་མ་ཡིན།། ད་ལྟར་སྣ་སྦྱོར་ཀྲུང་དྷྲྀགྶསྨྲ་བས།། ཆོས་ལ་ནན་ཏན་བསྒྲུབ་བུར་བྱ།། གཟུགས་དང་ཚོར་དང་འདུ་ཤེས་དག། ་དུ་བྱེད་རྣམ་ཤེས་དེ་བཞིན་རྟོག། རྒྱུ་དང་རྐྱེན་ནི་མང་པོ་ལས།། ཕུང་པོ་རྣམས་ནི་བྱུང་བ་ཡིན།། ཕུ་པོ་ཡང་དག་མེད་པས་ན།། རང་བཞིན་ངོ་ཉིད་ཀྱིས་སྤྱོད།། ཐམས་ཅད་སྐྱེ་བ་གང་ཡང་མེད།། སྐྱེ་བ་མེད་པས་འགག་པ་མེད།། བུང ་པོ་མཚན་མ་ཉིད་དེ་འདྲའོ།། ཧཱུ~ཾ་མྱུར་རབ་ཏུ་གང་ཤེས་པ།། ཡང་དག་མཚན་ཉིད་མཐི་བཱས་ན།། ཆོས་ཀྱི་འདུ་ཤེས་ཅུང་ཟད་མྱེད།། ཆོས་རྣམས་དང་ནི་ཆོས་ཀྱི་དབྱིངས།། འདྲི་གཉིས་སུ་ཡང་མཆེན་མོ་མེད།། ཆོས་རྣམས་མཚན ་སྤྱངས་སྨྲས་ན།། ཆོས་ཀྱི་དབྱིངས་ཞེས་བྱ་བྱུད་པ་ཡིམ།། རྟག་མྱེད་ཡེ་ཤེས་སྒྲ་མཐོང་ཤྩི་།། ལྟ་བ་འདི་ཡང་མི་མཐོང་བ།། ཆོས་རྣམས་མི་བདེན་མ་མྱོང་བའི་ཕྱིར།། འཛྲ་ལ་རྙོག་པར་བྱེད་ཅེས་བསྣུན།། ཞེས་བྱ་བ་ནས། སྟོང་པ་ཉིད ་ལ་སྟོང་མི་ལྟ།། སྟོང་ལུས་གྲོ་ནའང་སྤྱོད་མི་སྟུ།། དེ་ལྟ་བུར་ནཱི་གང་ལྷུ་བ།། སྟོད་པ་མཐོང་ཞེས་བྱ་བྱའོ།། ཞེས་གསུངས་སོ།། ན་མཁའ་ལྔ་འགྲོ་བའི་འོད་ཀྱིས་འདུམ་པའི་བཟོད་པའི་མཛེ་སུས། རིགས་ཀྱི་བུ་གཞོན་ཡང་གཟུགས་ངོ་ས ་འབྱུང་བ་ཆེན་པོ་བཞི་སྟེ། འབྱུང་བ་ཆེན་པོ་འདི་དག་ནང་གི་འམ། ཆེ་བ་འམ། ཕྲ་བ་དེ་དག་ཐམས་ཅད་མི་འགྲོ་མི་སྐྱེ་བདག་མེད་བདག་གི་བ་མེད་པར་བརྟག་པར་བྱའོ།། ཟག་པ་མེད་པ་དང་། རྟོག་པ་མེད་པ་དང་། སྨོན་པ་མེད་པ་དང་། མཚན ་མ་མེད་པའི་ཚུལ་གྱིས་བརྟག་པར་བྱའོ།། ཤིན་ཏུ་ཕྲ་བའི་རྡུལ་གཅིག་པོ་དེ་ལ་ཇི་ལྟར་ལྷག་མཐོང་ཕྲ་མོས་བརྟག། རྡུལ་ཕྲ་མོ་དེ་དག་ལ་ཇི་ལྟར་མཚན་ཉིད་མེད་པའི་ཉོན་མོངས་པ་ཐམས་ཅད་ཀྱི་སྤྱོད་ལམ་དུ་གྱུར་པ ་ཤེས། དངོས་པོ་མེད་པ་དང་། དམིགས་པ་མེད་པ་དང་། བདག་མེད་པ་དང་། བདག་དང་བྲལ་བ་དང་། མཚན་མ་མེད་པ་ལ་རྡུལ་ཤིན་ཏུ་ཕྲ་བར་རབ་ཏུ་ཤེས་སོ་ཞེས་གསུངས་སོ།། ཡང་དེ་ལས་གཟུགས་མེད་པའི་ཕུང་པོ་དེ་དགེ་ནི་སྦྱོང ་པའི་མཚན་ཉིད་ཀྱིས་ཤིན་ཏུ་སྐད་ཅིག་གིས་འཇིག་པ་ཐེར་ཟུག་མ་ཡིན་པའོ།། གླནས་མི་དམིགས་བྱས་མཚན་མ་མེད་པའོ།། སྐད་ཅིག་སྐྱེ་ཞིང་འགྲིབ་པས་སྨོན་པ་མེད་པའོ།། དེ་བས་ན་ཕུང་པོ་འདི་ནི་སྟོད་པའོ་ཞེས་གསུངས་སོ།། ཡང་དེ་ལས ་ཇི་ལྟར་རྫས་ཀྱི་མཚན་ཉིད་ཀྱིས་དུས་གསུམ་ཐམས་ཅད་སྐད་ཅིག་མ་དང་། ཤིན་ཏུ་སྐད་ཅིག་མ་སྟོང་པ་བཞིན་དུ། རིགས་ཀྱི་བུ་གང་ལ་ལ་འཕགས་པ་དང་། འཕགས་པ་མ་ཡིན་པ་དང་། འཇིག་རྟེན་གྱིས་དང་། འཇིག་རྟེན་ལས་འདས་པ ་ནས་ལུས་དང་། སྣོད་ཀྱི་བར་ཐམས་ཅད་སྐད་ཅིག་མ་སྟེ་ཤིན་ཏུ་སྟོང་པ་བརྗོད་དུ་མེད་པའོ་ཞེས་འབྱུང་ངོ་།། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས། ཇི་སྐད་དེ་ལ་བྱང་ཆུབ་སེམས་དཔའི་ཐབྱས་ནི་གང་། ཤེས་རབ་མངོན་པར་སྨྲ ་པ་ནི་གང་ཞི་ན། གང་གི་ཕྱིར་མཉམ་པར་གནག་པ་ནི་སེམས་ཅན་ལ་ལྟེ་བས་སྙིང་རྗེ་ཆེན་པོའི་དམིགས་པ་ལ། སེམས་ཉེ་བར་འདོགས་པ་ནི་དེའི་ཐངས་སོ།། གང་གི་ཕྱིར་ཞི་བ་དང་རབ་ཏུ་ནི་བསྙོམས་པར་འཇུག་པ་དེ་ནི་དའི་ཤེས ་ཞེས་གསུངས་སོ།། གསང་བ་བསམ་གྱིས་མི་ཁྱབ་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་།། དེ་ལ་གལ་ཏེ་གཟུགས་མཆིས་ན།། ནམྦཁའི་ཁམས་ནི་ཀུན་གྲང་སྟེ།། དེ་ནི་དེ་བས་ལྷག་པར་གྱུར།། བྱང་ཆུབ་སེམས་ཀྱི་བསོད ་ནམས་གང་།། ཕུང་པོ་ཇི་སྙེད་བརྗོད་པ་བྱས།། དམ་པའི་ཆོས་ནི་ཡོངས་འཛིན་ན།། དེ་བས་བསྐྱོད་ནམས་ཆེས་མང་ངོ་།། དམ་པའི་ཆོས་ནི་འཛིན་པ་དང་།། བྱང་ཆུབ་སེམས་ཀྱི་བསོད་ནམས་ངེས།། སྟོང་པ་ཉིད་ལ་མོས་པ་ཡི།། བཅུ ་དྲུག་ཡང་མི་ཕོང་ངོ་།། ཞེས་གསུངས་སོ།། འོད་སྲུངས་ཀྱིས་ཞུས་པ་ལས། འོད་སྲུངས་བཞི་པོ་འདི་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་ལགས་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ལ་ཡང་མོས་ལ། ལས་ཀྱི་རྣམ་པར་སྨིན་པ་ཡང་ཡིད་ཆེས ་བྱཱ་དང་། དེས་བདག་མེད་པཱནྡྷ་ཡང་བཟོད་ལ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་བཱི་དང་། དེ་བསམ་པ་མྱ་ངན་ལས་འདས་པ་ལ་གནས་ལ། སྦྱོར་བ་འཁོར་བ་ན་གནས་ལ། སྦྱོར་བ་འཁོར་བ་ན་གནས་པཱ་དང་། དེ་སེམས་ཅན ་ཡོངས་སུ་སྨྱིན་པར་བྱ་བའི་ཕྱིར། སྦྱིན་པ་རྣམ་པར་སྨིན་པ་ལ་ཡང་མི་རེ་བ་སྟེ། བཞི་པོ་འདི་དག་གོ་ཞེས་གསུངས་སོ།། ཆོས་ཡང་དགུ་པར་སྡུད་པོའི་མདོ་ལས། སྟོང་པ་ཉིད་སྨྲ་བ་ནི་འཇིག་རྟེན་གྱི་ཆོས་ཀྱིས་མི་འཕྲོགས་པ། རྙེད ་པས་དགའ་བ་ཡང་མེད། མ་རྙེད་པས་མི་དགའ་བ་ཡང་མེད། གྲགས་པས་ཡིད་སོས་པ་ཡང་མེད། མ་གྲགས་པས་སྲོ་ཤི་བ་ཡང་མེད། སྨད་པས་ཞུམ་པ་ཡང་མེད། བསྟོད་པས་དགའ་བ་ཡང་མེད། བདེ་བས་ཆགས་པར་གྱུར ་པ་ཡང་མེད། གང་དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་འཕྲོགས་པ་དེ་ཉིད་སྟོང་པ་ཉིད་ཤེས་པ་སྟེ། དེ་ལྟར་མི་འཕྲོགས་པས་སྟོང་པ་ཉིད་སྨྲ་བ་ཁོངས་དུ་ཆུད་པར་བྱའོ།། སྟོང་པ་ཉིད་སྨྲ་བ་ནི་གང་དུ་ཡང ་ཆགས་པ་འམ། མི་ཆགས་པ་མེད་པ། དེ་གང་ལ་ཆགས་པ་དང་། གང་ལ་མི་ཆགས་པ་དེ་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་མཐོང་། གང་ཆོས་གང་ལ་ཆགས་པ་དང་། མ་ཆགས་པ་དེ་ཡང་སྟོང་པ་ཉིད་དུ་ཤེས་སོ་ཞེས ་བྱ་བ་ལ་སོགས་པ་གསུངས་སོ།། སྟོབས་བཅུ་བདེན་པའི་རྩལ་མངའ་ཁྱོད་ལ་ཕྱག་འཚལོ།། འཇིགས་མེད་མི་འཇིགས་སྦྱིན་པ་ཁྱོད་ལ་ཕྱག་འཚལ་ལོ།། མ་འདྲེས་པ་ཡི་ཆོས་རྣམས་རབ་ཏུ་རྟོགས།། འགྲོ་བ་ཐམས་ཅད ་འདྲེན་པ་ཁྱོད་ལ་ཕྱག་འཚལ་ལོ།། ཀུན་ཏུ་སྦྱོར་བའི་བཅིངས་པ་གཅོད་ལ་ཕྱག་འཚལ་ལོ།། ཕ་རོལ་ཕྱིན་དེ་ཐང་ལ་བཞུགས་ལ་ཕྱག་འཚལ་ལོ།། དུབ་པའི་འགྲོ་བ་སྒྲོལ་བར་བྱེད་ལ་ཕྱག་འཚལ་ལོ།། འཁོར་བའི་འགྲོ་བ་མི་གནྡ ་ཁྱོད་ལ་ཕྱོག་འཚལ་ལོ།། བསོད་ནམས་འདི་ཡིས་ཐམས་ཅད་གཟིགསོ་པ་ཉིད།། ཐོབ་ནས་ཉེས་པོའི་དགྲ་རྣམས་ཕམ་བྱས་ནས།། རྒན་འཆི་བའི་དཔའ་ཀློང་འཁྲུགས་པ་ཡིས།། སྲིད་པའི་མཚོ་ལས་འགྲོ་བ་འདོན་པར ་ཤོག། བསྒོམ་པའི་རིམ་པ་མདོ་ཀུན་ལས་བཏུས་པ་རྫོགས་སྷོ།། ་