CLOSE WINDOW

GT3330: dbu ma'i man ngag ces bya ba'i 'grel pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མ་དྷྱ་མ་ཨུ་པ་དེ་ཤ་བྲྀཏྟི། བོད་སྐད་དུ། དབུ་མའི་མན་ངག་ཅེས་བྱ་བའི་འགྲེལ་པ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚ་ལོ།། འགྲོ་བའི་སྡུག་བསྔལ་སེལ་མཛད་ཅིང་།། དཀར ་པོ་རྣམ་པར་འཕེལ་བའི་རྒྱུ།། བྱང་ཆུབ་སེམས་ལ་ཕྱག་འཚལ་ནས། དབུ་མའི་མན་ངག་གསལ་བར་བྱ།། ཕྱིན་ཅི་ལོག་གི་རྣམ་རྟོག་གིས།། འཁོར་བའི་འདམ་དུ་བྱིང་བ་རྣམས།། མན་ངག་ལམ་ལ་རབ་བརྟེན་ནས།། ཡང་དག་བྱང ་ཆུབ་སྒྲུབ་པའི་ཕྱིར།། མཱནྟ་ངག་དོན་ཙམ་བཤད་པར་བྱ།། དེ་ལ་གང་གི་གསུང་གི་འོད་ཟེར་གྱིས།། ཞེས་བྱ་བ་སོགས་པས་ནི་ཡུལ་ཡོན་ཏན་དང་ལྡན་པ་ལ་ཕྱག་འཚལ་རྩོམ་པར་བྱེད་དོ།། དེ་སློབ་དཔོན་བདག་ཉིད་ཡ་རབས་དམ་པ ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་རམ། བར་ཆད་ཀྱི་བགགས་ཞི་བར་བྱ་བའི་ཕྱིར་རམ། བཤད་པར་དམ་བཅའ་བའི་ཕྱིར་དགོངས་པ་ཡིན་ནོ།། ཚིགས་སུ་བཅུད་པ་འདིས་ནི་བསྡུས་པའི་དོན་གཉིས་བསྟན་ཏེ། ཡོན་ཏནུ་བརྗོད་པས ་མཆོད་པ་དང་ཕྱག་འཚལ་བས་མཆོད་པ་དང་། ཡོན་ཏན་ཡང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་། རང་གི་དོན་དུ་འདུ་ཤེས་པར་བྱའོ།། གཞན་གྱི་དོན་ལ་ཡུང་རྒྱུ་དང་འབྲས་བུ་སྟེ། དེ་ལ་ཀླུང་གི་གསུང་གི་འོད་ཟེར ་གྱིས་ཞེས་བྱ་བས་ནི་རྒྱུ་ཕུན་སུམ་ཚོགས་པ་བསྟན་ཏོ།། བདག་སོགས་རྨོངས་པ་མ་ལུས་པའི།། སྙིང་གི་པདྨ་ཁ་འབྱེད་པ་ཞེས་བྱ་བས་ནི། འབྲས་བུ་ཕུན་སུམ་ཚོགས་པ་བསྟན་ཏོ།། དམ་པའི་སྐྱེས་མཆོག་ཅེས་བྱ་བས ་ནི་རང་གི་དོན་མཐར་ཐུག་པ་སྟོན་པར་བྱེད་དོ།། རྣམ་ཤེས་བྱ་བ་ནི་དུ་མའོ།། འདུད་ཅེས་བྱ་བ་ནི་ཕྱགླ་འཚལ་བའི་ཚིག་གོ།། ཡན་ལག་གི་དོན་བཤད་པར་བྱ་སྟེ། གང་གི་ཞེས་བྱ་བ་ནི་བྱེད་པོའི་ཚིག ་གམ། སྤྱིའི་སྒྲ་ཡིན་ཡང་ཡུལ་གཞན་རྣམ་པར་སྤངས་ནས་རྟེན་སངས་རྒྱས་ཁོ་ན་ལ་འཇུག་པར་བསལ་ཏེ། སངས་རྒྱས་ཀྱི་ཡོན་ཏན་བརྗོད་པས་མཆོད་པ་དང་། ཕྱག་འཚལ་བས་མཆོད་པའི་སྐབས་ཡིན་ཏེ། ཁྲ་མོ ་བྱོས་ཞེས་བྱ་བ་དང་འདྲ་སྟེ། སྤྱི་སྒྲ་ཡིན་ཡང་འོ་མ་དགོས་པའི་སྐབསུ་པ་ཁྲ་མོ་ལ་འཇུག་གོ།། གསུང་གི་འོད་ཟེར་ཞེས་སྨོས་པས་ནི་སྐུ་གསུང་ཐུགས་ཀྱི་འོད་ཟེར་ཡང་བསྟན་ནོ།། དཀར་པོ་དང་། དམར་པོ་དང་། སྔོན ་པོ་དང་། ཉི་ཟླའི་འོད་དང་འདྲ་སྟེ། ཉི་མ་ཤར་བས་འོད་ཀྱི་མུན་ནུག་ཆེན་པོ་སེལ་བར་བྱེད་པ་དང་། མེ་ཏོག་ལ་སོགས་པ་ཁ་འབྱེད་པར་བྱེད་པ་དང་། སྨན་དང་འབྲས་བུ་སྣ་ཚོགས་སྨིན་པར་བྱེད་པ་དང་། བུ་མོ་ལ ་སོགས་པ་གྲང་བའི་རེག་པའི་གདུག་པ་ཞི་བར་བྱེད་པ་དང་། དྲོ་བའི་རེག་པས་སེམས་ཅན་བདེ་བར་བྱེད་པ་དང་། ལམ་དང་ལམ་མ་ཡིན་པ་དང་། དངོས་པོ་མི་གསལ་བྱེ་གསོལ་བར་བྱེད་པ་དང་། སྐར་མ་ལ་སྲོགས ་པའི་འོད་གཞན་དག་ཟིལ་གྱིས་གནོན་པར་བྱེད་དོ།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་སྒོ་ནས་རྣམ་ཐར་བསམ་གྱི་མི་ཁྱབ་པའི་ཆོས་བསྟན་པའི་འོད་ཟེར་གྱིས་འགྲོ་བ་རྣམས་ཀྱི་མ་རིག་པའི་མུན་པ ་སེལ་བར་བྱེད་པ་དང་། བློའི་པདྨ་ཁ་འབྱེད་པར་བྱེད་པ་དང་། རྒྱུད་མ་སྨིན་པ་ཀུན་སྨིན་པར་བྱེད་པ་དང་། བདུད་ལ་སོགས་པའི་གནོད་པ་ཞི་བར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཞི་བར་བྱེད་པ་དང་། ་བླ་ན་མེད་པོའི་བདེ་བ་ལྔ་འགོད་པར་བྱེད་པ་དང་། ལྟ་བ་དྲན་པ་སེལ་བུར་བྱེད་སྤོང་བར་བྱེད་པོ་དང་། ལྷ་ལ་སོགས་པའི་རྣམ་པར་སྨིན་པའི་འོད་ཟིལ་གྱིས་གནོན་པུར་མཛད་དོ།། དེ་ཡང་མོག་མོག་པོར་མཛད་དྲང་ཞེས་པས ་བསྟན་ཏོ།། འོད་ཟེར་གྱིས་ཞེས་བྱ་བ་ནི་བྱེད་པ་པོའི་བྱེ་བ་སྟོན་པར་བྱེད་དོ།། འབྱེད་པར་བྱེད་ཅེས་བྱ་བ་ནི་ལས་སུ་བྱ་བ་ནི་ལས་སུ་བྱ་བ་སྟོན་པར་བྱེད་དོ།། བདག་སོགས་ཞེས་སྨོན་པས་ནི་སློབ་དཔོན་བདག་ལ་སོགས་པ་སྟེ ་གོ་བླའོ།། སློངས་པ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་མ་གྱུར་པའི་ཕྱིར་རོ།། མ་ལུས་པ་ཞེས་བྱ་བས་ནི་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཉི་ཚོ་བ་མ་ཡིན་པ་དང་། ཀུན་ལ་ཁྱིབ་པ་དང་ཐམས་ཅད་ཀྱི་དོན་མཛད་པར་ཞུགས ་པའི་ཕྱིར་རོ།། སྙིང་གི་པདྨ་ཁ་འབྱེད་པ་ཞེས་བྱ་བ་ནི་སེམས་ཀྱི་རྟེན་དུ་གྱུར་པའི་སྙིང་སྟེ། རྟེན་གྱི་མིང་བརྟེན་པ་ལ་བརྟགས་ན་སྟེ། དེའི་ཕྱིར་སེམས་ཀྱི་པདྨ་ཁ་འབྱེད་པ་ཞེས་བྱ་བའོ།། དེ་ཡང་པདྨ་དང་འདྲ་སྟེ། པདྨ་ནི་མཐོང ་ན་དགོའ་བ་བསྐྱེད་པ་དང་། དྲི་དང་ཁ་དོག་སྣ་ཚོགས་དང་། སྦྲང་རྩི་ལ་སོགས་པའི་འབྱུང་གནས་ཡིན་པ་དང་། འདམ་ནས་སྐྱེས་ཀྱང་འདམ་གྱིས་མ་གོས་ཤིང་ཁྱེད་དུ་འཕགས་པའོ།། དེ་བཞིན་དུ་སེམས་ཀྱང་དགའ་གདུང ་སྣ་ཚོགས་ཀྱི་གནས་ཡིན་པ་དང་། ལྷན་ཅིག་སྐྱེས་པའི་བདུད་རྩིའི་རོ་མྱོང་བར་བྱེད་པ་དང་། བྱང་ཆུབ་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་དང་། གློ་བུར་བའི་དྲི་མུ་དང་བཅས་ཀྱང་རང་བཞིན་གྱིས་འོད་གསལ་ཞིང་རྣམ་པར ་དག་པ་སྟེ། དེ་ཡང་མུ་ཁམས་གསེར་དང་ན་མཁའ་རྣམས། དག་པ་བཞིན་དུ་དག་པར་འདོད་ཅེས་བྱ་བ་དང་། སེམས་ཀྱི་རང་བཞིན་སངས་རྒྱས་ཏེ།། སངས་རྒྱས་གཞན་དུ་མ་ཚོལ་ཅིག་ཅེས་བྱ་བས་ཀྱང་བསྟན་ཏེ།། ཁ་འབྱེད་པ ་ཞེས་བྱ་བ་ནི་པདྨ་ཁ་འབྱེད་པ་དང་འདྲ་སྟེ། རིག་པའི་གནས་རྣམ་པ་ལྔ་ལ་བློ་རྒྱས་པར་བྱེད་དོ།། དེ་ཡང་གང་ཞིག་འཛིན་དང་འདོད་དང་སྤྱོད་པ་དང་།། གཞན་ལ་འདྲི་ཞིང་ཐོས་པ་འཛིན་བྱེད་དང་།། དེ་ཡི་བློ་ནི་ཉི་མའི་འོད་ཟེར་གྱིས།། ་པདྨ་བཞིན་དུ་རྣམ་པ་རཽ་ཁྱ་འབྱེད་དོ།། ཞེས་བྱ་བ་དང་། ཡང་རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན།། འཕགས་མཆོག་ཅི་སེམས་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར།། དེ་ཕྱིར་གཞན་དག་ཚར་གཅད་རྗེ་སུ་གཟུང ་ཕྱིར་རམ།། བདག་ཉིད་གོམས་པར་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད་ཅེས་བྱ་བས་ཀྱང་བསྟན་ཏོ།། དམ་པའི་སྐྱེས་མཆོག་ཅེས་བྱ་བས་ནི་སྤངས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པའོ་བདག་ཉིད་ལ་བྱ་སྟེ། སྐུ་གསུམ་གྱི་ངོ་བོ་ཉིད།། ། ་ངོ་ལ་འདུད་ཅེས་པ་ནི་ཕྱག་འཚལ་བར་བྱེད་པ་སྟེ། ལུས་ངག་ཡིད་གསུམ་གྱི་ལས་དགེ་བའོ།། ད་ནི་མན་ངག་དངོས་སུ་བསྟན་པར་བྱ་སྟེ། དེ་ལ་ཐེག་པ་ཆེན་པོ་དབུ་མའི་མན་ངག་ནི་འདི་ཡིན་ཏེ། ཞེས་བྱ་བ་ལ་སོགས་པས་ནི་རྒྱུ ་ཐོས་བསམ་སྒོམ་གསུམ་གྱི་ཤེས་པས་མདོར་བསྡུས་ཏེ་སྟོན་པར་བྱེད་པ་ཡིན་ཏེ། དེ་ལ་ནི་རྒྱུའི་ཐེག་པ་དང་འབྲས་བུའི་ཐེག་པ་སྟེ། རྒྱུ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་སྟེ། འདི་ནས་འགྲོ་བའི་ཕྱིར་རོ།། དེ་ཡང་སྔགས་ཀྱི་ཐེག་པའི ་ཚུལ་དུ་བཤད་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚུལ་དུ་བཤད་པ་སྟེ། གཞན་ནས་བཤད་པ་བཞིན་ནོ།། འབྲས་བུའི་ཐོག་པ་ནི་སྐུ་གསུམ་གྱི་བདག་ཉིད་དེ། བགྲོད་པར་བྱ་བ་ཡིན་པོའི་ཕྱིར་རོ།། ཆེན་པོ་ནི་ཤེས་རབ་དང ་སྙིང་རྗེ་ལ་སོགས་པས་ཆེ་བས་ཏེ། དེ་ཡང་སྟོང་པ་ཆེ་དང་བློ་ཆེ་བ་དང་མཐུ་ཆེ་བ་ཞེས་བྱ་བས་ཀྱང་བསྟན་ཏོ།། དེ་ལ་ཤེས་རབ་ཆེན་པོས་ནི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཤིང་ཅི་ལ་ཡང་མ་ཆགས་པའོ།། སྙིང་རྗེ་ཆེན་པོས་ནི་སེམས ་ཅན་གྱི་དོན་རྒྱུན་མི་གཅོད་པས་ཐབས་དང་ཤེས་རབ་འབྲེལ་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཡིན་ནོ།། ཤེས་རབ་དང་སྙིང་རྗེ་ལ་སོགས་པོ་ཆུང་བ་ནི། ཐེག་པ་ཆུང་ངུ་ཞེས་བྱ་སྟེ། དེ་ཡང་ཐབས་མེད་ཤེས་རབ་བྲལ ་བ་ཉན་ཐོས་ཉིད་དུ་ལྟུང་ཞེས་བྱ་བས་ཀྱང་གསུང་སོ།། དེའི་ཕྱིར་ཉན་ཐོས་ནི་མྱ་ངན་ལས་འདས་པའི་མཐར་ལྟུང་སྟེ། ཕུང་པོ་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་ནས་སེམས་ཅན་གྱི ་དོན་ཡལ་བར་དོར་རོ།། སོ་སོའི་སྐྱེ་བོ་རྣམས་ནི་འཁོར་བའི་ཐར་ལྟུང་སྟེ་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་ངོ་།། བྱང་ཆུབ་སེམས་དཔའ་ནི་མཐའ་དེ་དག་སྤངས་ཏེ། ཤེས་རབ་ཆེན་པོས་ནི་འཁོར་བའི་མཐའ་ལ་མི་གནས། ་ཐུགས་རྗེ་ཆེན་པོས་ནི་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པས། དེ་ནི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱའོ།། དེ་ཡང་མི་གནས་པའི་མྱ་ངན་ལས་འདུས་པ་ཞེས་བྱ་བ་དང་། སྟོང ་པ་སྙིང་རྗེ་དབྱེར་མེད་པ།། རྒྱུ་གང་ལ་ནི་རབ་བརྟེན་པ།། འཇིག་རྟེན་མགོན་གྱི་སྒྲུབ་ཐབས་ཏེ།། འདི་ནི་སངས་རྒྱས་ཀུན་གྱིས་བཤད།། ཅེས་བྱ་བས་གསུངས་སོ།། དེའི་ཕྱིར་ཐེག་པ་ཆེན་པོ་ནི་ཤེས་རབ་དང་སྙིང་རྗེ་ཡིན་ནོ།། དབུ་མ་ནི་མཐའ ་ཐམས་ཅད་དང་བྲལ་བ་དང་། སྙིང་པོའི་དོན་གྱིས་དབུ་མ་སྟེ། དེ་ཡང་སྒྲ་དང་དོན་ཏོ།། དོན་གྱི་དབུ་མ་ནི་བདེན་པ་གཉིས་ཏེ་འོག་ནས་བཤད་དོ།། སྒྲའི་དབུ་མ་ནི་དབུ་མ་བརྗོད་པའི་སྒྲ་སྟེ། མཐའ་གཉིས་སྤོང་བའི་ཚིག་གདགས ་པ་ཙམ་མོ།། དེའི་མན་ངག་ནི་གཅེས་སྨྲས་སུ་བྱ་བ་སྟེ། ཚེགས་ཆུང་ངུས་དོན་ཆེན་པོ་རྟོགས་པས་ན་མན་ངག་སྟེ། དེ་བསྒོམ་ཞེས་བྱ་བར་སྦྱར་ཏེ་འོག་ནས་འཆང་དོ།། ཐོག་མ་མེད་པ་ནས་ཞེས་བྱ་བས་ནི་འཁོར་བ་ཐོག་མ་མེད ་པའོ།། དངོས་པོར་ཞེན་པ་ནི་བདེན་པ་ཞེན་པའོ།། གཟུང་འཛིན་ལ་སོགས་པར་རོ།། བདེན་པ་གཉིས་སུ་བཞག་གོ་ཞེས་བྱ་བ་ནི་ཡང་དག་པར་ན་གཅིག་དང་ཐ་མི་དད་པར་བསྟན་ཏེ། གཅིག་ན་ནི་ཀུན་རྫོབ་སྤོང་བ་བཞིན་དུ་དོན ་པ་ཡང་སྤོང་བ་ཉིད་དུ་འགྱུར་ལ། ཀུན་རྫོབ་ཐ་དད་པ་བཞིན་དུ་དོན་དམ་པ་ཡང་ཐ་དད་པར་འགྱུར་རོ།། ཀུན་རྫོབ་དྲི་མ་དང་བཅས་པ་བཞིན་དུ་དོན་དམ་པ་ཡང་དྲི་དང་བཅས་པར་འགྱུརརོ།། ཐ་དད་ན་ནི་ཆོས་ཅན་དང་ཆོས་ཉིད ་དུ་ཡང་མི་འགྱུར་ལ། འདུས་བྱས་ཀྱི་མཚན་མ་ཟིལ་གྱིས་གནོན་པར་མི་འགྱུར་ཏེ། ལམ་སྐོམ་པ་ཡང་དོན་མེད་པར་འགྱུར་རོ།། དེ་བས་ན་དེ་ཉིད་དང་གཞན་དུ་བརྗོད་དུ་མང་ངོ་།། རྒྱས་པར་ན་གནན་ནས་བཤད་པ་བཞིན་ནོ།། ་དེ་ཡང་ཇི་སྐད་དུ་ཞེ་ན། འདུ་བྱུད་ཁམས་དང་དྲོན་དམ་མཚན་ཉིད་ནི།། གཅིག་དང་ཐ་དད་ཉིད་ལས་རྣམ་པར་རྒོལ།། གཅིག་དང་ཐ་དང་ཉིད་དུ་གང་རྟོག་པ།། དེ་ནི་ཚུལ་བཞིན་མ་ཡིན་ལོག་ཟུགས་ཡིན་ནས་གསུངས་པ་དང ་ཡང་དུང་ལ་སོགས་པའི་དཀར་པོ་ཉིད་བཞིན་དུ་ཉིད་དང་གཞན་པཱ་ལས་གྲོལ་བར་བསྟན་ཏེ། མདོར་བསྡུས་པའི་དོན་ཏོ།། ཡན་ལུག་རྒྱས་པར་བཤང་དྲི་ཀུན་རྫོབ་དུ་ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་ཐོས་བསམ ་ལས་བྱུང་བའི་ཤེས་པས་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་ཚུལ་དུ་སློབ་པ་ཞེས་བྱ་བར་སྟོན་ཏོ།། དེ་ལ་ཀུན་རྫོབ་ནི་འཁྲུལ་པའི་ཡེ་ཤེས་པ་སྟེ། དེ་ན་ཉིད་རྗེ་དེནི་ལ་སྒྲིབྷཱ་པ་ནི་གཞན་དུ་ཇི་ལྟར་བཤད་པ་བཞིན་ནོ།། ཆོས ་ཐམས་ཅད་ནི་མ་ལུས་པའི་དོན་ཏེ་གོ་སླའོ།། ཚུ་རོལ་མཐོང་བ་ནི་བདེན་བེ་མ་མཐོང་བ་རྣམསོ།། དོར་བྱས་པ་ནི་ཞེན་པའི་བསམ་པ་དང་སྦྱར་བའོ།། རྫུ་འབྲས་ལ་སོགས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས ་བ་རྣམས་སོ།། ཇི་ལྟར་སྣང་བ་ནི་མ་བརྟགས་ན་ཉམས་དགའ་བ་སྟེ། སྣང་ལ་རང་བཞིན་མེད་པའི་དོན་ཏེ། དེ་ཡང་གང་དག་རྟེན་ནས་དངོས་པོ་རྣམས།། ཆུ་ཡི་ཟླ་བ་ལྟ་བུར་ནི།། ཡང་དག་པ་ཡིན་ལོག་མིན་པ།། འདོད ་པ་དེ་དག་ལྟས་མི་འཕྲོགས་ཞེས་བྱ་བས་ཀྱང་བསྟན་ཏེ། བདེན་པ་ནི་དོན་བྱེད་ནུས་པ་ཉིད་དུ་བདེན་པ་དང་། སྣང་བ་ཙམ་དུ་བདེན་པ་སྟེ། བརྟགས་ཤིང་དཔྱད་ན་བདེན་པར་མ་གྲུབ་ཅེས་བྱ་བའི་དོན་ཏོ།། དེ ་ཡང་རིགས་པས་བརྟགས་ན་བདེན་མ་ཡིན།། དེ་ལས་གཞན་དུ་བདེན་པ་སྟེ།། དེས་ན་དངོས་པོ་གཅིག་ཉིད་ལ།། བདེན་དང་མི་བདེན་ཇི་ལྟར་འགལ་ཞེས་བྱ་བས་ཀྱང་བསྟན་ཏོ།། དོན་དམ་པར་ཞེས་བྱ་བས་ནི་ཡང་དག་པའི་ཤེས་རབ ་སྟེ། ཡང་དག་པའི་དོན་ལ་མི་སླུ་བས་སམ་འབྲས་བུ་དམ་པ་ཡི་བྱིན་པས་ནི། དོན་དུ་གཉེར་བ་བྱས་པས་དམ་པ་སྟེ། དེས་བརྟགས་ན་འགའ་ཡུང་གྲུབ་པ་མེད་དོ།། ཀུན་རྫོབ་ཏུ་ཇི་ལྟར་སྣང་བ་ནི་ཕྱི་དང་ནང་གི་དངོས་པོ་རྣམས།། ་གཏན་ཚིགས་ཆེན་པོ་ཞེས་པ་ནི་གཏན་ཚིགས་ནི་བསྒྲུབ་བྱ་སྒྲུབ་པ་ལ་མི་སླུ་བས་ན་གཏན་ཚིག་སྟོ་ཏེ། ཐ་སྙད་ཀྱི་ཚད་མ་ལས་དང་བཞིན་འབྲེལ་པ་ཡོད་ན། དོན་གྱིས་གོ་ཞེས་བྱ་བས་ཀྱང་བྱིསྟན་ཏོ།། ཆེན་པོ་ནི་དུ་བ་ལ་སྡིགས ་པཔའི་ཐ་སྙད་ཀྱི་གཏན་ཚོགས་ལ་བལྟོས་ཏེ་ཆེན་པོ་ཡིན་ལ་དེ་དག་ནི་ཐ་སྙེད་ཀྱི་དོན་ལ་མི་སླ་བ་ཡིན་ནོ།། འདིར་ནི་ཡང་དག་པའི་དོན་ལ་མི་སླུ་བས་དང་། དངོས་པོའི་བྱེ་བྲག་ཐམས་ཅད་འཇོམས་པར་བྱེད། ལྟ་བ་ངན་པའི ་གདོན་ཐམས་ཅད་ཞི་བར་བྱེད་པ་དང་། སྤྲོས་པའི་མཐའ་ཐམས་ཅད་འགོག་པར་བྱེད་པས་ན་ཆེན་པོའོ།། དེ་བས་ན་རྒྱལ་བ་ཀུན་གྱི་སྟོང་ཉིད་ནི།། ལྟ་ཀུན་ངེས་པར་སེལ་བ་ཡིན་ཞེས་བྱ་བས་ཀྱང་གསུངས་སོ།། རྣམས་ཀྱི་ནི་རྣམ ་བུ་བཞི་སྟེ། དེ་ཡང་གླང་གི་རྟེན་ཅིང་འབྲེལ་པར་འབྱུང་།། འགག་པ་མེད་པ་སྐྱེ་མེད་པ།། ཞེས་བྱ་བ་དང་། རང་ལས་མ་ཡིན་གཞན་ལས་མིན།། གཉིས་ལས་མ་ཡིན་རྒྱུ་མེད་མིན།། དངོས་པོ་གང་དག་གང་ན་ཡང་།། ་སྐྱེ་བ་ནམ་ཡང་ཡོང་མ་ཡིན།། ཞེས་བྱ་བ་དང་། དུ་མས་དངོས་པོ་གཅིག་མི་བྱེད།། དུ་མས་དུ་མ་བྱེད་པ་ཡིན།། གཅིག་གིས་དུ་མའི་དངོས་མི་བྱེད།། གཅིག་གི་གཅིག་བྱེད་པ་ཡང་མིན།། ཞེས་བྱ་བ་དང་།། ་བོ་དག་དང་གཞན་སྨྲས་དངོས་འདི་དག། ཡང་དྲག་དུ་ནི་གཅིག་པ་དང་།། དུ་མའི་རང་བཞིན་བྲལ་བའི་ཕྱིར།། རང་བཞིན་མྱེད་དེ་གཟུགས་བརྙན་བཞིན་ཞེས་བྱ་སྟེ། སྦྱོར་བའི་ཆ་གཅིག་ཙམ་མོ།། རྒྱས་པར་ནི་གཞན་དུ ་བཤད་པ་བཞིན།། གཤེགས་ཤིང་བསལ་བ་ནི་ཕྱོགས་ཆུའི་དབྱེ་བ་སྟེ། ཆ་དྲུག་གམ་བཅུ་ལ་སོགས་པའི་བརྟགས་པས་སོ།། སྐྲའི་རྩེ་མོ་བརྒྱར་བཤགས་པའི་ཚ་ད་ནི་ཤིན་ཏུ་ཡང་ཕྲ་བའི་ཚད་དོ།། ཁོང་དུ་ཆུད་པ་ནི ་ཐོས་བསམ་གྱི་ཤེས་པས་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་ཚུལ་དུ་བསླབ་པར་བྱའོ་ཞེས་བྱ་བར་སྟོན་ཏོ།། དེ་ཡང་སློབ་པའི་སྔོན་དུ་འགྲོ་བ་ནི་ཐོས་བསམ་གྱི་ཤེས་པ་སྟེ། ཐོས་བསམ་བྷ་ནཱ་སྒོམ་པ་ནི། དེ་ཡང་མང་དུ ་ཐོས་པ་ནགས་ཀྱི་ནང་དྲག་ཏུ།། ལང་ཚེ་ཡོལ་བ་རྣམས་ཀྱི་གནས་པ་བདྲི་ཞེས་བྱ་བ་དང་། ཡང་དག་ཤེས་ཚོལ་སྔོན་བཏང་སྟེ།། ཞེས་བྱ་བས་ཀྱང་བསྟན་པའོ།། ད་ནི་མན་ངག་སྦོམ་པོའི་རིམ་པ་བསྟེན་པར་བྱ་སྟེ། མུ ་ངག་གི་གོང་དུ་བཤད་ལ། བསྒོམ་པ་ནི་སྦྱོར་བ་དང་དངོས་བཞི་དང་། རྗེས་རྣམ་པ་གསུམ་མོ།། སྟན་བདེ་བ་ལ་དཀྱིལ་མོ་ཀྲུང་གིས་འདུག་སྟེ། ཞེས་བྱ་བས་ནི་ཏིང་ངེ་འཛིན་གྱི་སྦྱོར་བ་བསྟན་ཏེ། སེམས་ཅན་ཐམས ་ཅད་མི་སྤོང་བའི་བསམ་པ་དང་། བརྩོན་འགྲུས་ཆེན་པོ་ཚད་མེད་པ་བྱང་ཆུབ་ཆེན་པོ་བསྒྲུབ་པའི་སེམས་པའོ།། རེ་ཞིག་དངོས་པོ་ནི་གཉིས་ཏེ་ཞེས་བྱ་བས་ནི་རྟག་པའོ།། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་ནི་ཕུན་ཚུན་སྤངས་ཏེ ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་པས་དངོས་པོ་ཀུན་ལ་ཁྱབ་སྟེ། ཕུང་པོ་ག་སུམ་པ་སེལ་བར་བྱེད་དོ།། དེ་ལ་གཟུགས་ཅན་ནམ་ཞེས་བྱ་བས་ནི་གཟུགས་མ་གྲུབ་པར་སྟོན་ཏེ། དེ་ཡང་རྒྱུ་དང་འབྲས་བུར་འདོད་དེ།། དེ་ལ་རྒྱུ ་ནི་འབྱུང་བ་བཞི་པོ་རྡུལ་ཕྲ་རབ་ཡིན་ལ། དེ་ཡང་ཆ་དུ་མར་དམིགས་པས་ཆ་མེད་པའི་གཅིག་ལ་མི་འགྲུབ་བོ།། གཅིག་མ་གྲུབ་ན་དུ་མ་ཉིད་ཀྱང་མི་འགྲུབ་སྟེ། དུ་མ་ནི་གཅིག་ལ་སོགས་པའི་ངོ་བོ་ཡིན་ནོ།། དེ་ལྟར་གཅིག་དང་དུ་མུ་མ ་གཏོགས་པར་ཕུང་པོ་གཞན་ཡང་མི་འགྲུབ་སྟེ། གཅིག་དང་དུ་མ་མ་གཏོགས་པ།། རྣམ་པ་གཞན་དང་ལྡན་པ་ཡིན།། དངོས་པོ་མི་རུང་འདི་གཉིས་ནི།། ཕན་ཚུན་སྤངས་ཏེ་གནས་ཕྱིར་རོ།། ཞེས་ཇི་སྐད་བཤད་པ་ལྟ་བུའོ།། ་དེ་ལྟར་ཡང་རྡུལ་ཕྲ་རབ་མ་གྲུབ་ན། འབྲས་བུའི་གཟུགས་ཀྱང་མི་འགྲུབ་སྟེ།། ས་བོན་མེད་ན་མྱུ་གུ་འགག་པ་བཞིནོ།། དེ་ཡང་དེ་ལྟར་རྩོམ་བྱེད་མེད་པའི་ཕྱིར། རྫས་ལ་སོགས་པ་གསལ་ཞེས་བྱ་བས་བསྟན་ཏོ།། ཤིན ་ཏུ་སྣང་བ་ཡང་མེད་དོ།། ཞེས་བྱ་བ་དང་། སྣང་བ་ནི་མཚན་མ་སྟེ། འཆིང་བའི་རྒྱུ་ཡིན་པས་ན་མཚན་མ་མི་འབྱུང་ངོ་།། ཞེས་བྱ་བའི་དོན་ཏོ།། ད་ནི་སེམས་ཀྱི་མཚན་མ་མ་དམིགས་པ་ཉིད་དུ་སྟོན་པས། གཟུགས་ཅན་མ་ཡིན་པ་ཞེས ་བྱ་བ་སྒོས་སོ།། དེ་ལ་དོན་བྱེད་ནུས་པ་ནི་སྐད་ཅིག་མ་ཡིན་པས་སྐད་ཅིག་གི་ཆུ་དབྱེ་བར་བྱ་སྟེ། དེ་ཡང་འདས་པ་ནི་དངོས་པོ་ཞིག་པས་མེད་དོ།། ཡོད་པ་ནི་ད་ལྟ་ཉིད་དུ་འགྱུརརོ།། མི་འོངས་པ་ནི་དངོས་པོ་མ་སྐྱེས་པས་མེདོ།། ་ཡོད་ནི་ནི་ད་ལྟ་བཞིན་དུ་མ་འོངས་པ་ཉིད་དུ་མི་འགྱུར་རོ།། དེའི་ཕྱིར་ད་ལྟར་བའི་སེམས་ཤིན་ཏུ་བརྟག་དཀའ་སྟེ་ཞེས་བྱ་བ་སྨོས་སོ།། བརྟག་དཀའ་བ་ནི་བཙལ་ན་དམིགས་སུ་མེད་པས་སོ།། ཁ་དོག་དང་དབྱིབས་དང་བྲལ་བ ་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་དང་། རིང་པོ་དང་ཐུང་ངུ་ལ་སོགས་པ་བྲལ་བས་སོ།། གཅིག་དང་བྲལ་བས་ནི་གཅིག་དང་དུ་མས་བརྟག་མི་བཟོད་དེ་གཞན་དུ་བཤད་པ་བཞིན་ནོ།། མ་སྐྱེས་པ་ནི་ཡོད་པ་དོང་མེད་པ་མ་སྐྱེས ་བས་སོ།། རང་བཞིན་གྱིས་འོད་གསལ་བ་ནི་རུང་ལ་མི་རྟོག་པ་དང་། དྲི་མ་དང་བྲལ་བས་ནི་རང་བཞིན་གྱིས་འོད་གསལ་བའོ།། སོགས་པ་སྨོས་པ་ནི་མུ་བཞི་སྐྱེ་བ་དང་བྲལ་བས་སམ། རང་དང་གཞན་དང་གཉིས་ཀ་དང་། རྒྱུ་མེད་པ ་ལ་སོགས་པ་སྐྱེ་བ་དང་། ཡང་དག་པར་ན་ཡོད་མེད་ཀྱི་མཐའ་ལས་འདས་ཏེ་སྒྱུ་མ་ལྟ་བུའོ།། རིགས་པའི་མཚོན་གྱིས་ཞེས་པ་ནི་རིགས་པ་ཉིད་མཚོན་དང་འདྲ་སྟེ། གཅོད་པར་བྱེད་ཅིང་འཇིག་པར་བྱེད་པས་སོ།། ཡེ་ཤེས་སྣང ་ངའི་རྒྱན་ལས་ཀྱང་།། སངས་རྒྱས་རྣམས་ཀྱི་ནམ་ཡང་ནི།། གཏན་དུ་ཆོས་རྣམས་ཐམས་ཅད་དག། སེམས་མ་རྙེད་ཅིང་ཆོས་མཁྱེན་པ།། དམིགས་མི་མངའ་ལ་ཕྱག་འཚལ་བསྟོད་ཅེས་གསུངསོ།། མ་གྲུབ ་པར་རྟོགས་པས་ནི་སྦྱོར་བའི་ཤེས་པས་སོ།། དེ་ལྟར་གཉིས་པ་ཅིའི་ངོ་བོར་ཡང་མ་གྲུབ་ཅེས་བྱ་བ་ནི། ཏིང་ངེ་འཛིན་གྱིས་སྟོན་པར་བྱེད་དོ།། གཉིས་པོ་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ།། མ་གྲུབ་པ་ནི་དོན་དམ་པར་མ་གྲུབ་པ ་སྟེ། གཞན་གྱི་རྟོག་པ་བཀག་པའོ།། དེ་ཡང་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མི་འགྲུབ་སྟེ། ཞེས་བྱ་བས་ནི་བདག་ཉིད་ཀྱི་རྟོག་པ་འགོག་པར་བྱེད་དོ།། ཤེས་རབ་ནི་དངོས་པོའི་བྱེ་བྲག་ཡིན་པས་དངོས་པོ་མ་གྲུབ་ན་ཤེས་རབ་དེ་ཉིད ་ཀྱང་མི་འགྲུབ་སྟེ། ཤི་མ་གྲུབ་ན་ཤ་པ་ལ་སོགས་པ་བཀག་པ་བཞིན་ནོ།། དེ་ཡང་སྲེག་བྱ་ཚིག་པའི་མི།། བསྲེག་བྱ་ཚིག་ནས་མི་གནས་ལྟར།། ཞེས་པ་དང་། ཡང་གོང་དུ་བསྡུས་པའི་ཚུལ་གྱིས་སེམས་མ་གྲུབ་ན་སེམས་ལུས་བྱུང་བ ་ཡང་མི་འགྲུབ་སྟེ། ཉི་མ་དང་འོད་ཟེར་བཞིན་ནོ།། སེམས་ནི་དེ་ལྟར་བཀག་པའི་ཕྱིར།། སེམས་ལས་བྱུང་བ་རྣམས་ཀྱང་བསལ་ཞེས་པའོ།། དཔེར་ན་ཤིང་གཉིས་དྲུད་པ་ལས། མི་འབྱུང་བའི་རྐྱེན་གྱིས་ཞེས་བྱ་བ་ལ་སོགས་པ་ནི། ་ལུང་གི་སྒོ་ནས་འཆད་པར་བྱེད་དེ། སོ་སོར་རྟོག་པའི་ཤེས་རབ་ནི་མེ་དང་འདྲ་ལ། རྟོག་པ་ཐམས་ཅད་ནི་བུད་ཤིང་དང་འདྲ་བར་གསུངས་ཏེ། ཇི་སྐད་དུ། འགྲོ་བའི་ཆོས་ཀུན་རྣམ་ཤེས་ཀྱི།། མེ་ཡི་བུད་ཤིང་ཡིན་པར་འདོད།། དེ ་དག་ཇི་བཞིན་རྣམ་འབྱེད་པའི།། མེ་ཡིས་བསྲེག་ན་ཉེར་ཞིར་འགྱུར་ཞེས་བྱ་བ་དང་། སོ་སོར་རྟོག་པའི་མེ་ངག་ཏུ།། མི་དགའི་རྟོག་པ་ཀུན་སྲེག་པ་ཞེས་གསུངས་པས་སོ།། རང་དང་སྤྱིའི་མཚན་ཉིད་ཅེས་པ་ནི་སྤྱིའི་མཚན་ཉིད་སྟོང་པ་དང་བདག ་མེད་པ་ལ་སོགས་པའོ།། རང་གི་མཚན་ཉིད་དགའ་བ་དང་། གདུང་བ་ལ་སོགས་པའོ།། ཤེས་རབ་དེ་ཉིད་ནི་མཉམ་པར་གཞུག་པའི་ཤེས་པ་དེ་ཉིད་དོ།། སྣང་བ་མེད་པ་ནི་བྱདག་དང་གཞན་གྱི་རྟོགས་པ་དང་བྲལ་བའོ།། དེ ་ཡང་གང་ཚེ་ཤེས་དང་ཤེས་བྱ་དག། བདག་ཉིད་རྗེས་སུ་མ་མཐོང་བྱས།། དེ་ཚེ་མཚན་མ་མི་འབྱུང་ཕྱིར།། གནས་པ་བརྟན་ཕྱིར་མི་བཞེངས་སོ་ཞེས་བྱ་བས་ཀྱང་བསྟན་ཏོ།། འོད་གསལ་བ་ནི་རང་བཞིན་གྱིས་རྣམ་པར་དག ་པས་སོ།། མཐའ་དང་བྲལ་བ་ནི་རྟག་ཆད་ལ་སོགས་པ་དང་བྲལ་བའོ།། ཅིར་ཡང་མ་གྲུབ་པ་ནི་གཅིག་དང་དུ་མ་ལ་སོགས་པ་གང་དུ་ཡུང་མ་གྲུབ་པས་སོ།། བྱིང་བ་དང་རྒོད་པ་ལ་སོགས་པ་ཐམས་ཅད་ནི་ཏིང་ངེ་འཛིན་གྱི ་རྐྱེན་ཏེ། དེ་ཡང་བྱིང་བ་ནི་ནང་དུ་རྨུགས་པའོ།། རྒོད་པ་ནི་སེམས་རྣམ་པར་གཡེང་བའོ།། སོགས་པས་ནི་མཚན་མ་གཞན་དག་ཀྱང་ངོ་།། གནས་སྐབས་དེར་ནི་མཉམ་པར་གཞག་པའི་གནས་སྐབས་དེར་རོ།། ཅིར་ཡང ་མི་འཛིན་པ་ནི་གཟུང་བ་དང་། འཛིན་པའི་རྟོག་པ་དང་བྲལ་བས་སོ།། དྲན་པ་ཡིད་ལ་བྱེད་པ་ཐམས་ཅད་སྤངས་པ་ནི་འདས་པ་དང་མ་འོངས་པ་ལ་དམིགས་པའི་རྟོག་པ་སྤངས་པའོ།། གཟུགས་སྡུག་གུ་ལ་སོགས་པ་སྤངས ་པའོ།། རྣམ་པར་རྟོག་པའི་དགྲ་འམ། ཆོམ་རྐུན་ནི་དགྲ་འམ། ཆོམ་རྐུན་དང་འདྲ་སྟེ། ཏིང་ངེ་འཛིན་གྱི་ནོར་འབྲོག་པས་དྲགྲ་སྟེ། དྲིའི་ཕྱིར་ཤེས་བཞིན་གྱི་བྱ་ར་བསྡུ་དེ་དག་སྦྱང་བའོ།། ་དེ་ཡང་ཇི་སྐད་དུ། སེམས་ཀྱི་གླང་པོ་ལོག་འགྲོ་བ།། དམྱིགས་པའི་ཀ་བ་བརྟན་པོ་ལ།། དྲན་པའི་ཐག་པས་ངེས་བཅིངས་ནས།། ཤེས་རབ་ལྕགས་ཀྱུས་རིམ་དབང་བྱ་ཞེས་གསུངས་སོ།། ཐ་སྙད་དུ་ནི་མེ་ཆེན་པོ་དམིགས ་ན་སྤུ་ལངས་པའི་བྱེ་བྲག་བཀླག་པ་བཞིན་ནོ།། དེའི་ཕྱིར་ཚོགས་གཉིས་བསགས་པས་གཉིས་སུ་སྣང་བ་བསྐྱེད་པར་མི་རིགས་སོ།། གལ་ཏེ་བཅོམ་ལྡན་འདས་ནི་སྒྱུ་མོའི་མཁན་པོ་བཞིན་དུ་སྒྱུ་མ་ལ་སྒྱུ་མ་ཉིད་དུ་མཁྱེན ་ཅིང་བདེན་པ་ཉིད་དུ་ཞེན་པ་མི་འབྱུང་བས་དེ་ཉིད་མ་འཁྲུལ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་བདག་ཏུ་སྨྲ་བ་རྣམས་ཀྱིས་ཀྱང་བདག་ལ་བདག་རྟག་པ་ཉིད་དུ་ཤེས་པ་དང་། ཉན་ཐོས་ཀྱིས་ཀྱང་དངོས་པོ་ལ་དངོས་པོ་ཉིད་དུ་ཤེས་པ ་དང་། སེམས་ཙམ་དུ་སྨྲ་བས་ཀྱང་རང་རིག་ལ་དོན་དམ་ཉིད་དུ་ཤེས་པ་དེ་ཉིད་མི་འཁྲུལ་པ་ཡིན་ནོ་ཞེས་བརྗོད་ན་ཇི་སྐད་དུ་སྨྲ་བར་བྱ། གལ་ཏེ་བདག་ལ་སྩོགས་པ་ནི་ཤེས་བྱ་བ་ལ་མི་གནས་ཏེ། ཚང་མས་གནོད་ཅིང ་ཆེཚད་མས་མ་གྲུབ་པས་ན། སྒྲོ་བཏགས་པ་ཙམ་དུ་ཟད་པས་དེར་འཛིན་པ་ནི་འཁྲུལ་པ་ཉིད་དུ་ནི་འགྱུར་གྱི་སྒྱུ་མ་ཙམ་དུ་ནི་ཚད་མས་གྲུབོ་ཅིང་ཚད་མས་མི་གནོད་པ་དེ་ཇི་ལྟ་བ་བཞིན་ཤེས་པ་ནི་འཁྲུལ་པར་མི་འགྱུར་རོ་ཞེ་ན་དེ་ནི ་མི་རིགས་ཏེ། ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཀྱི་ཤེས་བྱ་བ་ལ་སྒྱུ་མ་ལྟ་བུར་གནས་པ་ནི་གྲང་དུ་ཡང་མྱ་གྲུབ་སྟེ། ཤེས་པ་མ་འཁྲུལ་པའི་ཤེས་བྱ་ལ་རབ་རིབ་ལ་སོགས་པ་མི་གནས་པ་བཞིན་ནོ།། གལ་ཏེ་ཀུན་རྫོབ་ཇི་ལྟར་སྣང་བ ་བཞིན་དུ་མ་མཁྱེན་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་མི་འགྱུར་རོ་ཞེ་ན། དེ་ལྟར་ན་ནི་དབང་པོ་སྐྱོན་མེད་ཀྱི་མངོན་སུམ་ལ་སྒྱུ་མའི་རྟ་དང་རབ་རིབ་ལ་སོགས་པ་མི་སྣང་བས་མངོན་སུམ་མ་ཡིན་པ་ཉིད་དུ་འགྱུར་རོ།། དེའི་ཕྱིར ་འཁྲུལ་པ་སྤངས་པའི་ཡེ་ཤེས་ལ་བརྫུན་པ་མི་རིགས་ཏེ། བརྫུན་པ་སྣང་ན་ནི་ཡེ་ཤེས་དེ་ཉིད་ཀྱང་འཁྲུལ་པ་ཉིད་དུ་འགྱུར་ཏེ། སྨིག་རྒྱུ་ལ་ཆུར་ཤེས་པ་བཞི་ནོ།། དེ་ལྟ་མ་ཡིན་ན་ཡུལ་དེ་ཡང་དངོས་པོ་ཉིད་དུ་འགྱུར་པ་དང ་ཤེས་པ་གང་ཡང་འཁྲུལ་པ་ཉིད་དུ་མི་འགྱུར་རོ།། དེའི་ཕྱིར་མཐར་ཐུག་པའི་ཡེ་ཤེས་ལ་གཉིས་སུ་སྣང་བའི་མཆིན་མ་གུ་ལ་འབྱུང་། གཉིས་སུ་སྣང་བ་དང་མཚན་མ་འཁྲུལ་པ་ནི་མིང་ཙམ་ཐ་དད་ཀྱི་དོན་ཐ་དད་མེད་དོ།། མདོ ་ལས་ཇི་སྐད་དུ། རབ་འབྱོར་གཟུགས་ནི་མཚན་མའོ།། སྒྲ་ནི་མཚན་མའོ་ཞེས་བྱ་བ་དང་། ཡང་སེངས་རྒྱས་དྲང་སྲོང་ཆེན་པོ་དང་།། རྒྱལ་སྲས་རྣམས་ཀྱི་ཏིང་ངེ་འཛིན།། མཚན་མ་རྣམ་པར་སྤངས་པ་ཡིན།། འཇིག ་རྟེན་རྣམས་ཀྱི་མཚན་མར་བཅས།། ཞེས་བྱ་བ་ལ་སོགས་པ་ལྟ་བུའོ།། གལ་ཏེ་ཀུན་རྫོབ་མེད་པར་དོགས་པའི་འཇིགས་པས་སྐྲག་ནས་ཡེ་ཤེས་ལ་ཀུན་རྫོབ་མ་སྣང་ན་སྣང་བ་གསལ་བར་གྱུར་རོ།། ཞེ་ན་དེ་ནི་མི་རིགས་ཏེ། མི ་སྣང་བ་ལ་གསལ་བས་མ་ཁྱབ་པས་མ་ངེས་པ་ཉིད་དུ་འགྱུར་རོ།། དབང་པོ་སྐྱོན་མེད་ཀྱི་ཤེས་པ་ལ་ཟླ་བ་གཉིས་པ་དང་། རབ་རིབ་ལ་སོགས་པ་མི་སྣང་སྟེ། ཤེས་པ་དེས་དེ་དག་གསུལ་བྱ་མ་ཡིན་པ ་བཞིན་ནོ།། ཤེས་རབ་དང་ཡེ་ཤེས་ཀྱིས་བརྟགས་ན་ནི་བདེན་པ་དང་བརྫུན་པ་དང་། ཡོད་པ་དང་། མེད་པ་དང་། ཆོས་གནས་པ་མེད་པས་རབ་ཏུ་མི་གནས་པའི་དབུ་མི་ཞེས་བྱ་སྟེ། ཇི་སྐད་དུ། གང་བློ་ཡོད་དང་མེད ་པ་ལས།། རྣམ་པར་འདས་ཤིང་མི་གནས་པ།། དེ་དག་ཟབ་མོ་དམིགས་མེད་པའི།། རྐྱེན་གྱི་དོན་ལ་རྣམ་པར་བསྒོམ།། ཞེས་གསུངས་སོ།། འདིས་ནི་ཐོས་བསམ་གྱི་རིམ་པ་ཡང་བཤད་པ་ཡིན་ནོ།། དེ་ལས་གཞན ་དྱུ་ཐཱ་སྤྱད་ཀྱི་ཚད་མྦྷའི་ཡུལ་དུ་ཀུན་རྫོབ་ཐམས་ཅད་གནས་པ་ཡིན་པས་བཀག་པ་ནི་མ་ཡིན་ནོ།། ཏིང་ངེ་འཛིན་ནི་དམིགས་པ་ལ་སེམས་རྩེ་གཅིག་པ་སྟེ། དེ་མ་ཐག་ཏུ་བསམ་གྷས་མི་ཁྱབ་པའི་སྐུ་གསུམྦྷ་འགྲུབ་པའི་རྒྱུ་ནུས ་ཐོགས་པ་མེད་པ་ཡི་ནོ།། མངོན་སུམ་དུ་བྱས་ཕན་ཆད་ནི་ཞེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ས་ཐོབ་ཕན་ཆུད་ནི་མཉམ་པ་ཉིད་དུ་བྱང་ཆུབ་པས་ཡེ་ཤེས་ཀྱི་བྱེ་བྲག་ཐ་དད་ཀྱང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ ་གཅིག་སྟེ། གདྷ་དང་། སིནྡྷུ་། ཀྐོ་ལ་སོགས་པ་རྒྱ་བྱེ་བྲག་ཐ་དང་ཀྱང་རྫུམ་མཆེན་པོའི་རང་བཞིན་དུ་གཅིག་སྟེ། ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར།། རིགས་ནི་ཐ་དད་རུང་མ་ཡིན། ཅེས་པ་སྟེ ་རྟེན་དུའི་ཆོས་ཀྱི་བྱེ་བྲག་གིས།། དེ་ཡི་དབྱེ་བ་རབ་ཏུ་བཤད།། ཅེས་གསུངས་པས་སོ།། རྗེས་ཐོབ་མི་མངའ་བ་ནི་མཚན་མ་མི་འབྱུང་བས་སོ།། དུས་ནི་སྔ་ཕྱི་ལ་སོགས་པའོ།། མཉམ་པར་གཞག་པ་ནི་ཆོས་ཀྱི་དབྱིངས་མྱ་གཡོས ་བས་སོ།། ཇི་སྐད་དུ། གླང་ཆེན་བཞུགས་ཀྱང་མཉམ་པར་བཞུགས།། གླང་ཆེན་བཞེངས་ཀྱང་མཉམ་པར་བཞེངས།། ཞེས་གསུངས་པ་ལྟ་བུའོ།། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གཉིས་སུ་སྣང་བའི་མཚན་མ་འབྱུང་ནའོ།། ་ཁྱད་པར་མྱེད་པ་ནི་སྒྲིབ་མའི་ལམ་ལ་གནས་པ་དང་ཁྱད་པར་མེད་པ་དང་། གཟུང་བ་དང་འཛིན་པའི་འཁྲུལ་རྟོག་མ་སྤངས་པ་སྟེ། མཉམ་པ་ཉིད་དུ་བྱང་ཆུབ་པར་མི་འགྱུར་བས་གཉིས་སུ་སྣང་བའི་མཚན་མེ་འབྱུང་བར་མི ་རིགས་བྱའོ།། ཇི་སྐད་དུ། བྱང་ཆུབ་ན་མཁའི་མཚོན་ཉིད་ཏེ།། མཚན་མ་ཐམས་ཅད་སྦྱངས་ཕྱིར་རོ།། ཞེས་བྱ་བ་དང་། ཡང་རབ་འབྱོར་ཡེ་ཤེས་ལ་ཡུལ་མེད་དོ།། ཡེ་ཤེས་ལ་ཡུལ་ཡོད་ན་ཡེ་ཤེས་མི་ཤེས་པར ་འགྱུར་རོ།། ཞེས་གསུངས་པས། མཚན་མུ་ག་ལ་འབྱུང་། གླུལཱ་ཏེ་གཉིས་སུ་སྣང་བ་མི་འབྱུང་ན་ཡེ་ཤེས་ཀྱི་སྦྱང་བ་རྒྱུན་ཆད་པར་འགྱུར་བ་དང་། སྨོན་ལཱམ་བཏབ་པ་དང་། ཚོགས་བསྩགས་པ་ཡང་དོན་མེད་དོ་སྙམ་པ ་ལ། གཞན་གྱི་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་མི་རྟོག་པའི་ངང་ལས་གཟུགས་སྐུ་གཉིས་འབྱུའི་ནང་། སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པ་མཛད་པ་གསུངས་སོ།། རྣམ་རྟོག་མི་མངའ་ཡང་སེམས ་ཅན་གྱི་དོན་འབྱུང་བ་ནི་འགལ་བ་མེད་དོ།། རྒྱ་མཚོ་ལས་རླབས་འབྱུང་བ་དང་། ཉི་མ་ལས་འོད་འབྱུང་བ་དང་ཡིད་བཞིན་གྱི་ནོར་བུ་ལ་དགོས་འདོད་འབྱུང་བ་ལྟ་བུ་སྟེ། གཞན་ལས་ཀྱང་མཆོད་སྡོང་ལ ་སོགས་པའི་དཔེས་རྟོག་པ་མི་མངའ་ཡང་སེམས་ཅན་གྱི་དོན་འབྱུང་བར་བསྟན་ཏོ།། རིགས་པ་ནི་གནོད་པ་རྒྱུན་གྱི་ཆུང་མའོ།། ལུང་ནི་སངས་རྒྱས་ཀྱི་བཀའོ།། མི་བརྗོད་པ་ནི་མངས་ཀྱིས་དོགས་པའོ།། གཞན་གྱི་དོན་ནི ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ནོ།། བསྐལ་པ་གྲངས་མེད་པ་ནི་གྲངས་ལས་འདས་པའོ།། ཚོགས་ནི་རྒྱུའི་དོན་དེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ།། སྨོན་ལམ་བཏབ་པ་ནི་གཞན་གྱི་དོན་དུའོ།། གདུལ ་བྱ་རྣམས་ནི་མིག་ལ་སོགས་པ་སྟེ། རྒྱུད་དག་པ་རྣམས་ཀྱིའོ།། ཇི་ལྟར་འདོད་པ་ནི་གང་གིས་འདུལ་བ་ལ་དེ་དང་དེའི་ངོ་བོར་སྣང་བ་སྟེ། རིགས་སྣ་ཚོགས་པ་བཞིན་དུ་མོས་པ་བཞིན་དུ་འགྱུར་བའོ།། ཇི་སྐད་དུ། མྱོས ་པ་དུ་མའི་སེམས་ཅན་ལ།། སྤྱོད་པ་སྣ་ཚོགས་བསྟན་པ་ཡིན།། ཟབ་མོའི་ཆོས་ཉིད་བསྟན་པ་ལ།། གལ་ཏེ་མོས་པར་མ་གྱུར་ཀྱང་།། སྨད་པ་དག་ཏུ་མི་བྱ་སྟེ།། ཆོས་ཉིད་བསམ་མི་ཁྱབ་ལྡན་བྱ།། ཞེས་གསུངས་སོ།། ་དངོས་སུ་ནི་བཅོམ་ལྡན་འདས་ལ་སངས་རྒྱས་ཀྱི་སྐུ་ལ་སོགས་པ་དང་། གཉིས་སུ་སྣང་བའི་མཚན་མ་མི་མངའ་སྟེ། དེ་ཡང་ཆོས་ཀྱི་དབྱིངས་ལས་མ་གཡོས་ཤིང་།། མི་རྟོག་དང་ལ་གནས་པའོ།། དེ་ཡང་ཇི་སྐད་དུ། གང་ཞིག ་དུལ་གཟུགས་སུ་མཐོང་།། ཞེས་གསུངས་སོ།། དེའི་ཕྱིར་ཆོས་ཀྱི་སྐུ་ན་མཁར་ལྟ་བུ་སྟེ། ན་མཁའ་ལྔ་ནི་མཐའ་དང་དབུས་དང་ཁ་དོག་དུ་མ་ལ་སོགས་པའི་ཐ་དད་པ་གང་ཡང་མེད་ཀྱང་སེམས་ཅན་རྣམས་ཀྱི་མཐའ་དབུས་དང་སྡོམ ་པོ་དང་སོར་བྱོ་ད་བྷུ་དང་དུ་མྦཱར་རྟོག་།། སྦྲུལ་ཏེ་གཟུགས་། ཟློག་པ་མི་མྨེ་ན་སེམྦྷས་དྷྱན་ཀྵྨཱི་དོན་མཱདྷད་གྷ་དྲི་མ་རིག་ས་སྟོན་ན། དེའི་དོན་ནི་དང་དུ་ཤེ་བྱིན་ཏོ།། ནཱི་མ་ལ་རྣམ་རྟོག་མི་མདུའ་ཡང་འོད་ཟེར་སྣ་ཚོགས ་འབྱུང་ནིང་དངོས་པོ་གསོལ་བར་བྱེད་དོ།། མ་དཀྱིལ་འཁོར་དབང་བར་མྱ་ཡིན་ནུ།། ཉྀ་མྲཥྚི་དཀྱིལ་འ་དེ་འོད་ཟེ་མ་ཡིན་ནོ།། ཧཱུ~ཾམྦུའི་ལ་འི་དེ་ཧྲཱི་པར་ཡིན་ན་ཁང་པའི་ནང་ལ་སྩོགས་པ་དང་། ཡུལ ་ཉིད་དུ་གནས་པར་འགྱུར་ལྟ། དཀྱིལ་འཁོར་དེ་ཉིད་ཀྱང་ཐ་དད་པར་འགྱུར་རོ།། འོད་ཟླར་དེ་ཉིད་ཀྱང་ཉི་མའི་དཀྱིལ་འཁོར་མ་ཡིན་ཏེ། དེ་ཉིད་ཡིན་ནནམ་པ་འདི་ཉིད་དུ་གནས་པར་འགྱུར་ལ། དངོས་པོ་ཀུན་གསལ་བར་བྱེད ་པར་ཡིད་མི་འགྱུརརོ།། དེའི་ཕྱིར་དེ་ལ་དེ་ཉིད་འོད་ཟེར་མ་ཡིན་ཡད་དེ་ལས་འོད་ཟེར་འབྱུང་ཞིང་དངོས་པོ་ཀུན་གསལ་བུར་བྱེད་།། དེ་ཉིད་ཀྱི་ཕྱིར་མདོ་ལས། སངས་རྒྱས་ནི་མཁའ་ལྟ་བུ་སྟེ།། སེམས་ཅན་རྣམས་ནི་རི་ལྟ་བུའོ།། ་ཤེས་གསུངས་པས་བསམ་གྱིས་མི་ཁྱབ་བོ།། མར་མེ་མཇེད་ཀྱི་དགོངས་པ་དཔག་དཀར་ཞིང་།། དབུ་མའི་དྲོན་ཆེན་བློའོ་ཡུལ་མིན་ཡང་།། མེ་ཤེས་བཤང་འདྲོད་སྟོན་པའི་དོན་ཆེད་།། མན་ངག་གསལ་པོར་བྲཛྙཱ་མ~ཾ་ཀྵས་བྲུས ་དགེ་བ་འདི་ཡིས་བསོད་ནམས་གང་ཐོབ་དེས།། ས་ཆུ་མེ་རླུང་ན་མཁའ་གནས་ཀྱི་བར།། བསྟན་པ་རིན་ཆེན་འཇིག་རྟེན་གནས་གྱུར་ནས།། འགྲོ་བ་བྱང་ཆུབ་གོ་འཕང་ཐོབ་པར་ཤོག། དབུ་མའི་མན་ངག ་འགྲེལ་པཱ་པཎྜི་ཏཱ་ཤེས་རབ་གྱུར་བྱས་མཛད་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་ཤེས་རབ་ཐར་པ་དེ་ཉིད་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་