| Wylie | e-texts produced with BDRC’s OCR application |
རྒྱ་གྲཝར་སྐད་དུ། མ་དྷཱ་མ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། དབུ་མུའི་མན་ངགྲ་ཅེས་བྱ་བ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། གང་གི་གསུང་གི་འོད་ཟེར་གྱིས།། བདག་སོགས་རྨོངས་པ་མ་ལུས ་པའི།། སྙིང་གི་པདྨ་ཁ་འབྱེད་པའི།། དམ་པ་སྐྱེས་མཆོག་དེ་ལ་འདུད།། ཐེག་པ་ཆེན་པོ་དབུ་མའི་མནྡ་ངག་ནི་འདི་ཡིན་ཏེ། ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཚུ་རོལ་མཐོང་བའི་ངོར་བྱས་ནས། རྒྱུ་འབྲས་ལ་སོགས་པ་རྣམ་པར་བཞག ་བ་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་བདེན་པ་ཡིན་ལ། དོན་དམ་པར་རམྱ། ཡང་དག་པར་ན་ཀུན་རྫོབ་ཇི་ལྟར་སྣང་བ་དེ་ཁོ་ན་གཏན་ཚོགས་ཆེན་པོ་རྣམས་ཀྱིས་གཞིགས་ཤིང་བཅོལ་ན། སྐྲའི་རྩེ་མོ་བརྒྱར་བཤགས་པའི་ཚང་ཙམ་ཀྱང ་བཟུང་དུ་མེད་དོ་ཞེས་ངེས་པར་ཁོང་དུ་ཆུད་པར་བྱའོ།། སྟན་བདེ་བ་ལ་སྐྱིལ་མོ་དཀྲུང་བཅས་ཏེ་འདུག་ལ། འདི་ལྟར་རེ་ཞིག་དངོས་པོ་ནི་གཉིས་ཏེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ།། དེ་ལ་གཟུགས་ཅན་རྣམས་ནི་རྡུལ་ཕྲ ་རླབ་འདུས་པ་ཡིན་ལ། དེ་ཡང་ཕྱོགས་ཚྭའི་དབྱེ་བས་ཕྱེ་ཞིང་གཞིགས་ན། ཤིན་ཏུ་ཕྲ་བ་ཡང་ལུས་མེད་ཅིང་ཤིན་ཏུ་སྣང་བ་ཡང་མེད་དོ།། གཟུགས་ཅན་མ་ཡིན་པ་ནི་སེམས་ཡིན་ལ། དེ་ཡང་འདི་ལྟར་འདས་པའི་སེམས ་ནི་འགག་ཤིང་ཞིག། མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟར་གྱི་སེམས་ནི་འདི་ལྟར་ཡང་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་ཅིང་དབྱིབས་བྲལ་བ།། ནམ་མཁའ་དང་འདྲ་བས་མ་གྲུབ་པ་འམ་ཡང་ན ་གཅིག་དང་དུ་མ་དང་བྲལ་བའམ། ཡང་ན་མ་སྐྱེས་པས་སམ་ཡང་དེ་རང་བཞིན་གྱིས་འོད་གསལ་བ་ལ་སོགས་པ་རིགས་པའི་མཚོན་གྱི་སྣ་དཔྱད་ཅིང་གཞིགས་ནས་མ་གྲུབ་པར་རྟོགས་སོ།། དེ ་ལྟར་གཉིས་པ་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་མེད་ཙམ་ན་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས་ཕན་ཚུན་དྲུང་པས་མེ་བྱུང་བའི་རྒྱན་གྱིས་ཤིང་གཉིས་པོ་ཉིད་ཚིག་ཅིང་མེད་པའི་རྗེས་ལ ་གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་། རང་ཞི་བུ་དེ་བཞིན་དུ་རང་དང་སྤྱིའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་མེད་པར་གྲུབ་ཙམ་ན། ཤེས་རབ་ཉིད་ཀྱང་སྣང་བ་མེད་ཅིང་འོད་གསལ་བ་ཅིའི་ངོ་བོར་ཡང་མ ་གྲུབ་པས། བྱིང་བ་དང་། རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅང་གསལ་ཏེ། བར་སྐབས་དེར་ཤེས་པ་ཅིར་ཡང་མི་རྟོག་ཅིར་ཡང་མི་འཛིན། དྲན་པ་དང་། ཡིད་ལ་བྱེད་པ་ཐམས་ཅད ་སྤངས་ཏེ། ཇི་སྲིད་དུ་མཚན་མ་འམ། རྣམ་པར་རྟོག་པའི་དགྲ་འམ། ཆོམས་རྐུན་མ་ལངས་ཀྱི་བར་དུ། དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ།། གང་གི་ལྡང་བར་འདོད་ན་ངལ་བུས་སྐྱིལ་མོ་དཀྲུང ་ཤིག་ལ་ལངས་ཏེ། སྒྱུ་མ་ལྟ་བུའི་ཡིད་ཀྱིས་ལུས་དང་། ངག་དང་ཡིད་ཀྱིས་དགེ་བ་ཅི་ནུས་ཀྱིས་བྱའོ།། དེ་ལྟར་གུས་པ་དང་ཡུན་རིང་བ་དང་། རྒྱུན་མ་ཆད་པ་སྒྲུབ་ན་སྐལ་བ་དང་ལྡན་པ་རྣམས་ཀྱིས་ཚེ་འདི ་ཉིད་ལ་བདེན་པ་མཐོང་བར་འགྱུར་ཏེ། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་འབད་པ་དང་། རྩོལ་བ་མེད་ཅིང་རང་གི་ངང་གིས་གྲུབ་པར་མངོན་སུམ་དུ་བྱེད་དོ།། དེའི་རྗེས་ལ་ཐོབ་པས་ནི་ཆོས་ཐམས་ཅད་སྒྱུ ་མ་ལ་སོགས་པར་ཤེས་པར་བྱའོ།། གང་གི་ཚེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱས་ཕུན་ཆད་ནི་རྗེས་ལས་ཐོབ་པ་ཡང་མི་མངའ་སྟེ། དུས་ཐམས་ཅད་དུ་མཉམ་པར་བཞག་པའོ།། དེ་ལྟ་མ་ཡིན་ན་བྱང་ཆུབ་སེམས ་དབའ་དང་། ཁྱད་པར་ཅི་ཡོད་བྱ་བ་ལ་སོགས་པའི་རིགས་པ་དང་ལུང་འདིར་མི་བརྗོད་དོ།། གཞན་གྱི་དོན་བསྐལ་པ་གྲངས་མེད་པར་ཚོགས་བསགས་པ་དང་། སྨོན་ལམ་བཏབ་པའི་མཐུས་གདུལ་བྱ་རྣམས་ཇི ་ལྟར་འདོད་པ་བཞིན་དུ་འགྱུར་རོ།། ལུང་དང་རིགས་པ་ཤིན་ཏུ་མང་མོད་ཀྱི་འདིར་མ་སྤྲོས་སོ།། དབུ་མའི་མན་ངག་ཅེས་བྱ་བ་སློབ་དཔོན་དཔལ་མར་མེ་མཇིང་ཡེ་ཤེས་ཀྱིས་མཛད་པ་རྫོགསྷོ།། ་རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས། ལྷ་ས་འཕྲུལ་སྣང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་