| Wylie | e-texts produced with BDRC’s OCR application |
@རྒྱ་གར་སྨད་དུ། རཏྣ་ཀ་རཏྣོཏྟཱ་ཊཱ་མ་དྷྱ་མ་ནཱ་མོ་པ་དྭེ་ཤ། བོད་སྐད་དུ། དབུ་མའི་མན་ངག་རིན་ཆའི་ཟླ་མ་ཏོག་ཁ་ཕྱེ་བ་ཞེས་བྱ་བ་རྗེ་བཙུན་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། དཀོན་མཆོག་གསུམ་ཝཱ ་ཕྱག་འཚལ་ལོ།། སློབ་དཔོན་ཀླུ་སྒྲུབ་ཀྱི་བརྒྱུད་པའི་མན་ངག་བྲི་བར་བྱའོ།། འདི་ནི་སྐྱེས་བུ་གང་ཞིག་བདག་དང་འགྲོ་བ་མ་ལུས་པའི་འཁོར་བ་ཐོག་མ་མེད་པ་ཅན་གྱི་སྡུག་བསྔལ་རྗེས་སུ་དྲན་པས་ཏིལ་འབྲུ་ཙམ་གྱི་དངོས་པོ་ཡང་མི་འཛིན ་པ། འཇིག་རྟེན་གྱི་དངོས་པོ་དང་། བྱ་བ་མ་ལུས་པ་མཆིལ་མའི་ཐལ་བ་ལྟར་བོར་བ་དང་པོ་ཁྱས་བླང་བའི་ཚུལ་ཁྲིམས་ཀྱི་སྡོམ་པ་གསུམ་མ་ཉམས་ཤིང་གཙང་བ། ཐོས་པ་དང་བསམ་པའི་ཤེས་རབ་དང་ལྡན་པ། རང ་བཞིན་གྱིས་སྙིང་རྗེ་ཡོད་པ། དམ་པའི་ཆོས་ཀྱི་ཕྱིར་ལུས་དང་སྲོག་ལ་ཡང་མི་ལྟ་བ་དེས། སློབ་དཔོན་འཕགས་པ་ཀླུ་སྒྲིབ་ཀྱི་བརྒྱུད་པའི་གདམ་ངག་ཡོད་པའི་སྐྱེས་བུ་དམ་པ་བཙལ་ལ། དྲི་དུས་ཡུན་རིང་པོར་མཉེས་པར་བྱས་ནས་ལས ་དང་པོ་པ་ཡིན་པས་ས་ཏྭ་ཆེན་པོའམ། གྲོང་ཁྱེར་ཆེན་པོའམ། དགོན་པ་འམ། བས་མཐའ་ལ་སོགས་པ་འཚོ་བ་སྒྲུ་བ་སླ་བུར་གནས་ལ། དཀོན་མཆོག་གསུམ་གྱི་གཟུགས་རྙན་གྱི་སྤྱན་སྔར་སྟན་འཇམ་ཞིང་འབོལ་བ་ལ ་འདུག་ལ། འདི་ལྟར་སེམས་ཅན་གྱི་རིགས་ནི་སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། བརྫུ་ས་ཏེ་སྐྱེས་པ་དང་། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་དང་། འདུ་ཤེས་ཅན་དང་འདུ་ཤེས་ཅན ་མ་ཡིན་པའི་འགྲོ་བ་ལྷའི་སེམས་ཅན་ལ་ལེགས་པར་བལྟས་ལ། ཐམས་ཅད་ནི་བདག་གི་མ་ཡིན་ཏེ། མ་འདི་དག་གིས་བདག་གི་ཆེད་དུ་སྡིག་པ་བྱས་ཤིང་བསགས་པས་དེའི་རྣམ་སྨིན་གྱིས་ད་ལྟ་སྡུ་ག་བསྔལ ་མང་པོ་ཉམས་སུ་མྱོང་ངོ་།། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། རྣམ་རྟོག་བག་ཆགས་ཉེས་པ་ཡིས།། འགྲོ་བ་གསུམ་པོ་རྣམ་རྨོངས་ལ།། བློ་དང་ལྡན་པས་ལོགས་བལྟོས་ནས།། འཁོར་བའི་གནས་ནས་འདོན་པར་བྱ་ཞེས་གསུངས ་པ་དང་། ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། སྲིད་པའི་བཙོན་རྭའི་ནང་གནས་པ།། ཉོན་མོངས་མེ་ཡིས་གདུངས་པ་ཡི།། སེམས་ཅན་གང་ཡིན་ཐམས་ཅད་སྔོན།། ཕ་མ་མཛའ་བ་ཤེས་རྩ་ལག་ཏུ།། གྱུར་ཅིང་ཕན་ཆེར ་བཏགས་པས་ན།། འདི་དགེ་བདག་གིས་སྡུག་བསྔལ་བྱས།། ད་ནི་བདེ་བར་བྱ་བར་རིགས།། ཞེས་གསུངས་པས། དྲིན་ཤེས་པས་བདག་གིས་འདི་དག་བསྒྲལ་པ་དང་། དགྲོལ་བ་དང་། དབུགས་དབྱུང་བ་དང་། མྱ་ངན ་ལས་བཟླའོ་ཞེས་ཚད་མེད་པ་བཞིས་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དེའི་ཆེད་དུ་ཚིགས་གཉིས་བསགས་པར་བྱའོ།། རྨི་ལམ་གྱི་སེམས་དང་མ་བྲལ་བས། ན་མཁའི་དབྱིངས་འདི་དཀོན་མཆོག་གསུམ་གྱིས་ཏིལ་གྱི་གའུ ་བཞིན་དུ་ཁྱབ་པ་ལ། དམ་པ་བདུན་དང་། འདུ་ཤེས་བདུན་དྲན་པར་བྱས་པ་དང་། རྗེས་སུ་དྲན་པའི་ཚིགས་སུ་བཅད་པ་ཡང་བརྗོད་དེ། གཉེན་པོ་དྲུག་གི་སྒོ་ནས་ལུས་ཀྱི་བཀོད་པ་ཡང་བྱས་ནས་ཕྱག་བྱ་བ་དང་། མཆོད་པ་དང ་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་དང་། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལུས་དབུལ་བྱ་དང་། སྡོམ་པ་བླང་བ་དང་། ཐེག་པ་ཆེན་པོ ་ལམ་ལ་གནས་པར་དམ་བཅས་ལ། དེ་དག་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བྱའོ།། དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་སུ་གྱུར་ཏེ། མཆོད་པའི་གནས་དང་། མཆོད་པའི་ཚོགས་དེ་དགེ་ཐམས་ཅད་དང་པོ་གང་ནས་བྱོན། ད ་ལྟ་གང་དུ་བཞུང་སྙམ་དུ་བརྟགས་ནས་གང་ནས་ཀྱང་མ་བྱོན། གང་དུ་ཡང་མ་བཞུད། ཕྱི་ནང་གི་ཆོས་འདི་དག་ཀྱང་དེ་ཁོ་ན་བཞིན་ཡིན་པས། ཐམས་ཅད་རང་སེམས་སྒྱུ་མའི་རྣམ་པར་འཕྲུལ་པ་བརྫུན་བཞིན་དུ་སྣང་། སྣང ་བཞིན་དུ་བརྫུན་པས་དེ་དག་ལུས་ལ་བསྡུ་དེ་ཡང་སེམས་ལྔ་བསྡུ། སེམས་ནི་ཁ་དོག་མེད་པ། དབྱིབས་མེད་པ། རང་བཞིན་གྱིས་འོད་གསལ་བ་གདོད་ནས་མ་སྐྱེས་པའོ།། སོ་སོར་རྟོགས་པའི་རིཤེས་རབ་དེ་ཉིད་ཀྱང ་འོད་གསེལ་བར་གྱུར་ཏོ།། བར་དེར་ཤེ་སཱ་པ་ཅི་ཡང་མ་ཡིན་ལི། ཅི་ཡང་མི་གནས་པ། ཅིར་ཡང་མོ་གྲུབ་པ། ཅིའི་རྣམ་པར་ཡང་མ་སྐྱེས་པ། སྤྲོས་པ་མ་ལུས་པ་ཉེ་བར་ཞི་བ། སྟོན་ཀའི་ཉི་མ་ཕྱེད་ཀྱི་ན་མཁའི་གུང་ལྟ ་བུའི་མཚན་མའི་རྡུལ་ཐམས་ཅད་དེངས་པའི་ནམ་མཁའ་རྡོ་རྗེའི་ཏིང་ངེ་འཛིན་སྣང་བ་མེད་པ་ལ་ཅི་ཙམ་ནུས་པར་གནས་སོ།། མ་གོམས་པའི་དབང་གིས་སེམས་ཡེངས་པར་གྱུར་ན་ཡང་དེ་ཉིད་དུ་བཀུག་ལ་གནས་སོ།། ཐུན་གཞན ་ཡང་དེ་བཞིན་དུ་བྱའོ།། ཐུན་གྲངས་མང་ལ་ཡུན་ཐུང་བར་བྱའོ།། གུང་གི་ཚེ་གྲོམས་པར་གྱུར་ཅིང་ཅུང་ཟད་བརྟན་པ་ནཱ་ཛི་རིང་ཇི་རིང་བྱའོ།། སྒྲིབ་པ་ལྔ་པོ་སོ་སོའི་གཉེན་པོས་ཞི་བར་བྱའོ།། དེ་ནས་མིག་ཕྱེ་ལ ་ཨེ་མའོ་ངོ་མཚར་རོ།། ཆོས་ཀྱི་དབྱིངས་ཙོ་ཡང་མེད་པ་ལ་ཅིར་ཡང་སྣང་བ་འདི་ངོ་མཚར་ཆེའོ།། འདི་དག་ནི་རང་གི་སེམས་ཉིད་བརྫུན་པའི་རྣམ་འཕྲུལ་བརྫུན་བཞིན་དུ་སྣང་། སྣང་བཞིན་དུ་རྫུན་པ་སྟེ། སྒྱུ་མའི་དཔེ་བརྒྱད་ཀྱིས ་མཚོན་པ་སྣང་ལ་རང་བཞིན་མེད་པའོ་ཞེས་བལྟས་ལ་སྨོན་ལམ་བཏབ་ནི་སྔ་སྐྱིལ་མོ་ཀྲུང་ངལ་གྱིས་བཤིག་ལ་ལངས་ཏེ། སཱཙྪ་ལ་སོགས་པ་དགེ་བའི་ལས་ཅི་ནུས་པཱ་བྱིའོ།། དེ་དག་ཐུན་དྲུག་ཏུ་ཚོགསུ་གཉིས་བསུག་པ་ལ ་འབད་།། ཉལ་བའི་དུས་སུ་སྟོང་པ་ཉིད་དུ་བསྒོམས་ལ་དེའི་ངང་དུ་གཉིད་ལོག་པར་བྱའོ།། དེ་ནས་ཐུན་ཐ་མ་ལ་བྱམས་པ་དང་། སྙིང་རྗེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱིས་བསྒྲེ་དེ་བར་བསམ་མོ།། ངས་ནི་དོན་དམ་པ ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཡིན་ནོ།། ཟས་ལ་ཆ་བཞིར་བགོ་བར་བྱའོ།། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྡེ་ནས་ཀྱང་། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་བསྒོམ་པའི ་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་གསུངས་སོ།། དེ་ལྟར་གུས་པ་དང་། ཡུན་རིང་བ་དང་། རྒྱུན་མི་འཆད་པར་འབད་པར་བྱས་ན། སེམས་ཅན་ལ་སྙིང་རྗེ་ཡང་ཤུགས་ཀྱིས་སྐྱེ་སྟེ། སློན་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ་དེལྟར་རྣལ་འབྱོར་པ་རྣམས་ཀྱིས།། སྟོང་པ་ཉིད་འདི་བསྒོམས་བྱས་ན།། བློ་ནི་གཞན་དོན་ལ་དགའ་བར།། འགྱུར་བ་འདི་ལ་ཐེ་ཚོམ་མེད།། ཡང་གདོང་ནས་སྐྱེ་མེད་དོན་དེ་ནི།། བློ་ཡིས་གཏིང་ནས་གཏོགས་གྱུར་ནས།། འཁོར ་བའི་འདུམ་དུ་བྱིང་བ་ལ།། སྙིང་རྗེ་དང་གྲིས་སྐྱེ་བར་འགྱུར།། ཞེས་གསུངས་སོ།། དེ་ལྟར་རྣལ་འབྱོར་པ་དེས་ནང་དུ་མཉམ་པར་བཞག་པ་ན། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམས་ལ། དེ་ལས་ལངས་པ་ན་ཀུན་རྫོབ་བྱུང ་ཆུབ་ཀྱི་སེམས་བསྒོམ་པས་སྟོང་པ་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་གཉིས་པོ་བརྩོན་པར་བྱའོ།། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལསྭཱ། བྱང་ཆུབ་ན་མཁའི་མཚན་ཉིད་དེ། རྟོག་པ ་ཐམས་ཅད་སྤངས་པའོ།། སྐྱེས་དང་། ཤེས་རབ་བསྡུད་པ་ལས། ཐོབ་པར་བྱ་དྷའི་ཆོས་ནི་རྡུལ་ཙཱམྦྷ་ཡོང་མ་ཡིན།། བྱང་ཆུབ་དངངོས་པོར་བཟུང་ནུས་མཆོག་འཛིན་མྱུ་བྱེད་ཅིག། དང་པོའི་ལས་ཅན་དེ་ལ་དེ་སྐད་བསྟན་པར་བྱ ་ཞེས་པ་དང་། ཡུམ་ཆེན་མོ་འབུམ་པ་ལས། ངས་ནི་ཅི་ཡང་ཐོབ་པ་མེད་པོ་ཁོ་ནར་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱུས་སོ།། ཞེས་གསུང་སོ།། འཕགས་པ་ཆོས་ཡང་དག་པར་བསྡུད་པ་ལྔས་ཀྱང ་དེ་ལ་བྱང་ཆུབ་སེམས་དཔའ་འདོད་པ་ཆུང་བ་གང་ཞེ་ན། གང་བྱང་ཆུབ་ཀྱང་མི་འདོད་པའོ།། ཆོ་ག་ཤེས་པ་གང་ཞེ་ན། གང་བྱང་ཆུབ་ཀྱི་སེམས་ལ་ལྷག་པར་མ་ཞེན་པའོ།། ཞེས་གསུང་སོ།། གཞན་མིདོ་སྡེ་རིན་པོ་ཆེ་དུ ་མ་དང་། གསང་སྔགས་ཀྱི་རྒྱུད་དུ་མཱ་ནས་དོན་འདི་ཉིད་གསུངས་སོ།། དཔལ་གསང་བ་འདུས་པ་ལས། དངོས་པོ་ཐམས་ཅད་དང་བྲལ་ཞིང་།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། གཟུང་དང ་འཛིན་པ་རྣམ་པར་སྤངས།། ཆོས་བདག་མེད་པར་མཉམ་ཉིད་པས།། རང་སེམས་གདོད་ནས་མ་སྐྱེས་པ།། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཅེས་དང་། འཕགས་པ་བརྒྱད་སྟོང་པ་ལས་ཀྱང་ཤཱ་རིའི་བུ་གང་སེམས་མ ་ཡིན་པ་དེ་ནི་སེམས་མེད་པའོ།། གླང་སེམས་མེད་པ་དེ་ནི་སེམས་རང་བཞིན་གྱིས་འོད་གསལ་བའོ།། ཞེས་གསུངས།། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས།། མ་གཟིགས ་གཟིགས་པར་མ་སྨིན་ཏེ།། རང་བཞིན་མེད་བྱའི་རང་བཞིན་ལ།། ཇི་ལྟ་བུ་ཞིག་གཟིགས་པར་འགྱུར།། ཞེས་གསུངས་སོ།། རྗེ་བཙུན་འཕགསྔ་པ་ལྷའི་ཞལ་ནས་ཀྱང་། སེམས་ཀྱི་སེམས་མེད་རྟོགས་བྱའི་ཕྱིར།། གང་ཚེ ་གྲོམས་པར་བྱ་བ་ཡིན།། དེ་ཚེ་སེམས་ནི་མཐོང་མི་འགྱུར།། ཞེས་གསུངས་སོ།། འཕགས་པ་ཆོས་ཡང་དག་པར་བསྡུད་པ་ལས་ཀྱང་། ལྷའི་བུ་དག་གཞན་ཡང་བྱུད་ཀྱི་སེམས་ལ་མངོན་པར་ཞེན་པ་དེ་ཡང་བདུད་ཀྱི་ལས ་སོ།། སེམས་སྒྱུ་མར་མ་འཚལ་ནས་སེམས་ལ་དངོས་པོར་བཟུང་སྟེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྟོང་ལགས་པ་རེ་མཐོལ་ལོ་བཤགས་སོ།། ཞེས་གསུངསོ།། སྐྱེ་བ་སྔ་མ་གྲངས་མེད་པར་ཐེག་པ་ཆེན ་པོ་ལ་གོམས་པ། རྒྱུད་ལེགས་པ་སྦྱངས་པ། དབང་པོ་རྣོན་པོས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་སུ་འདུ་ཤེས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཅན་ཡིན་པས། རྣམ་པ་ཐམས་ཅད་ཀྱི་མཆོག ་དུང་ལྡན་པའི་སྟོང་པ་ཉིད་དུ་གནས་སོ།། དོན་འདི་ལ་དགོངས་ནས་སློབ་དེ་པོརན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བདག་དང་ཕུང་པོ་ལྔ་སོགས་དང་།། རྣམ་ཤེས་རྟོག་པས་མ་བསྒྲིབས་པ།། སངས་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། ་སྟོང་པོའི་མཆིན་ཉིད་དག་ཏུ་བཞིད།། རྗེས་གསུངས་སོ།། འོན་ཇི་ལྟར་ཞེ་ན། ཀུན་རྫོབ་ཏུ་སྒྱུ་མའི་སྐྱེས་བུ་དང་། སྤྲུལ་པའི་སྐྱེས་བུས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟ་བུར་བསྐྱེད་པར་བྱའོ།། ཇི་སྐད་དུ། འཕགས་པ་ཀླུའི ་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུའི་རྒྱལ་པོ་ཆོས་གཅིག་གིས་བྱང་ཆུབ་སེམས་དཔའ་རྣམས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཆོས་གཅིག་པོ་གང་ཞེ་ན ་སེམས་ཅན་ཐམས་ཅད་མི་གཏོང་བའི་བྱང་ཆུབ་ཀྱི་སེམས་སོ་ཞེས་གསུངས་པས་དེ་བསྐྱེད་དགོས།། སེམས་དེ་སྐྱེ་བའི་རྒྱུ་དང་། རྐྱེན་དང་། ངོ་བོ་དང་། རྣམ་པ་དང་། སྦྱང་བ་དང་། གཟུང་བ་དང་། བསྲུང་བ་དང ་སྤེལ་བ་དང་། དེའི་ཕན་ཡོན་དང་། གཏོང་བའི་རྒྱུ་དང་། བཏང་བའི་ཉེས་དམིགས་དང་། གཞན་དུ་བསྐྱེད་དུ་བཅུག་པའི་ཕན་ཡོན་དང་། གཞན་བསྐྱེད་པ་ལ་རྗེ་སུ་ཡི་རང་པོའི་ཕན་ཡོན་དང་། གཞན་བསྐྱེད་པའི་བར ་ཆད་བྱས་པའི་ཉེས་དམིགས་ལ་མཁས་པར་བྱའོ།། དེ་ལ་རྒྱུ་ནི་རིགས་ཕུན་སུམ་ཚོགས་པའི་རྟགས་དང་ལྡན་པ་སྟེ། ཇི་སྐད་དུ། འཕགས་པ་བདེན་པར་སྨྲ་བ་ལུང་བསྟན་པའི་མདོ་ལས། དེ་རྒྱ་ཆེ་བ་ལ ་མོས་པས་དམན་པ་ལ་མོས་པ་མེད་པ་ཡིན། དེ་རང་བཞིན་གྱི་སྙིང་རྗེ་ཆེན་པོ་དང་ལྡན་པས་དཀར་པོའི་ཡོན་ཏན་དང་ལྡན་པ་ཡིན། དེ་སྡིག་པའི་གྲོགས་པོ་སྤངས་པས་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ཡིན། ཇི་སྐད ་སྨྲས་པ་བཞིན་བྱེད་པས་མི་བསླུ་བ་ཡིན། སངས་རྒྱས་འཇིག་རྟེན་དུ་རྒྱུ་བ་མཉེས་པར་བྱས་པར་དགའ་བ་དང་ལྡན་པ་ཡིན། ལུས་དང་ངག་དང་ཡིད་ཀྱི་ལས་ཁ་ན་མ་ཐོ་བ་མེད་པས་སྡིག་པ་སྤངས་པ་ཡིན། ལྷག་པའི་བསམ་པ ་སྐྱོན་མེད་པས་ཡིད་དམ་ལ་བརྟན་པ་ཡིན། རོ་བྲོ་བ་ལ་མ་ཆགས་པས་ཐམས་ཅད་དགྱེས་པའི་ངང་ཚུལ་ཅན་ཡིན། བདུད་ཀྱི་བྱིན་གྱིས་བརླབས་པ་དང་བྲལ་བ་ཡིན། དགེ་བའི་རྩ་བ་བསགས་པས་སྤྱོད་པ་ལེགས་པར་སྤྱོད་པ ་ཡིན།། སྙིང་རྗེ་ཆེན་པོའི་སྤྱོད་ཡུལ་ཡིན་པས་སེམས་ཅན་ལ་སྙིང་བརྩེ་བ་ཡིན། ཡོ་བྱད་ལྷུག་པར་གཏོང་བས་ཐམས་ཅད་ལུ་ཆགས་ཞེན་ཆུང་བ་ཡིན་ཞེས་གསུངས་སོ།། སློབ་དཔོན་འཕགས་པ་ཐོགས་མྲྀད་ཀྱི་ཞལ་སྔ་ནས་ཀྱང ་རྒྱུ་བཞི་སྟེ་རིགས་དང་དགེ་བོའི་བཤེས་གཉེན་དང་། སྙིང་རྗེ་དང་འཁོར་བའི་སྡུག་བསྔལ་བཟོད་པའོ།། ཞེས་གསུངས་སོ།། རྐྱེན་ནི་གཉིས་ཏེ་སྦྱོར་བའི་རྐྱེན་དང་། བསམ་པའི་རྐྱེན་ནོ།། དེ་ལ་སྦྱོར་བའི་རྐྱེན་གྱི་ཚོགས་བསགས ་པ་དང་། རྒྱུད་སྦྱང་བ་དང་། སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱ་བའོ།། ཚོགས་བསགས་པ་ཡང་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཡན་ལག་བདུན་པ་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཟབ་མོ་གདོན་པ་དང་། ་ཀླག་པ་དང་། གཟུངས་གདོན་པ་དང་། དཀོན་མཆོག་ལ་མཆོད་པ་རྒྱས་པར་བྱ་བ་དང་། དགེ་འདུན་གྱི་མཆོད་སྟོན་ཡོན་དང་བཅས་པ་བྱ་བ་དང་། བྱིས་པའི་སྟོན་མོ་དང་། མགོན་མེད་པ་རྣམས་ལ་སྦྱིན་པ་རྒྱ་ཆེན་པོ་བཏང་བ་དང་། ་མཚན་མོ་རྒྱུ་བ་རྣམས་ལ་གཏོར་མ་རྒྱ་ཆེན་པོ་བཏང་བ་ལ་སོགས་པ་རྒྱ་ཆེན་པོ་བཏང་བ་ལ་སོགས་པ་བྱའོ།། རྒྱུད་སྤྱད་བཱ་ཡང་སྔ་མ་བཞིན་དུ་མདོ་སྔོ་ཟབ་མོ་གདོན་པ་དང་། ཀླག་པ་དང་། གཟུངས་བཟླས་པ་དང་ཡན་ལག ་བདུན་པ་བྱ་བ་དང་། ཕུང་པོ་གསུམ་པ་གདོན་པ་དང་། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་དང་། གསེར་འོད་དམ་པ་རྡོ་སྒོའི་ཚིགས་སུ་བཅད་པ་ལ་སོགས་པའི་གཞུང་གིས་སྡིག་པ་བཤགས་པར་བྱའོ།། སྐྱབས་སུ་འགྲོ་བ་ཁྱད་པར ་ཅན་ནི། ཁྱད་པར་རྣམ་པ་བདུན་གྱིས་ཁྱད་པར་དུ་འཕགས་ཏེ། རྟེན་གྱི་གང་ཟག་གི་ཁྱད་པར་དང་། སྐྱབས་གནས་དཀོན་མཆོག་གསུམ་གྱི་ཁྱད་པར་དང་། དུས་ཀྱི་ཁྱད་པར་དང་། བསམ་པའི་ཁྱད་པར་དང་། སྦྱོར་བའི་ཁྱེད ་པར་དང་། བསླབ་བྱའི་ཁྱད་པར་དང་། ཕན་ཡིན་གྱི་ཁྱད་པར་རོ།། དེ་ལ་སྐྱབས་གནས་དཀོན་མཆོག་གསུམ་གྱི་ཁྱད་པར་ནི། ཐེག་པ་ཆུང་བའི་སྐྱབས་གནས་ནི། ཇི་སྐད་དུ་མཛོད་ལས་ནི། གང་ཞིག་གསུམ་ལ་སྐྱབས་འགྲོ ་བ།། སངས་རྒྱས་དགེ་འདུན་བྱེད་པ་ཡི།། ཆོས་ལའང་དེ་བཞིན་སྐྱབས་འགྲོ་ཞིང་།། མྱ་ངན་ལས་འདས་ལའང་སྐབས་སུ་འགྲོ་ཞེས་བཤད་དོ།། འདིར་ཁྱད་པར་ནི་དཀོན་མཆོག་གསུམ་ནི་རྣམ་པ་གསུམ་སྟེ། དེ་ཁོ ་ན་ཉིད་ཀྱི་དཀོན་མཆོག་གསུམ་དང་། མདུན་དུ་གཞག་པའི་དཀོན་མཆོག་གསུམ་དང་། མངོན་པར་རྟོགས་པའི་དཀོན་མཆོག་གསུམ་སྟེ། འདིའི་དོན་རྒྱས་པར་བླ་མ་ལ་ཞུ་བར་བྱའོ།། ཡང་བསླབ་བྱའི་ཁྱད་པར་འབའ་ཞིག་བརྗོད ་དེ། དོ།། ནམཆོག་གསུམ་གྱི་ཁྱེད་བུར་། སྐྱོན་ཏན་རྗེས་སུ་དྲན་པའི་སྤྲིནས་ན་རྒྱུ་ཆོག་གསུམ་ལུས་དང་སྲོག་གི་ཕྱྀར་ཡང་མི་བཏང་ཞིང་ཡང་དང་ཡང་དྲི་སྐྱབས་སུ་འགྲུ་བ་དང་།། ། འདྲོན་ཆེན་བྷི་རྗེས་སུ་དྲན་པ ་ནས་དུས་རྟག་ཏུ་འམ་ཡང་ན་དུས་རེས་འགའ་མཆོད་པར་བྱ་བ་དང་། ཐ་ན་ཆུག་ཅིང་ཕོར་པ་གང་ཙམུ་ཡང་དབུལ་བར་བྱ་བ་དང་། ཟས་ལ་སོགས་པའི་ཕུད་དབུལ་བར་བྱའོ།། བྱ་བ་ཅི་བྱེད་པ་དང་དགོས་པ་ཅི་ཡོད་པ་ནི ་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ནས་བྱེད་ཀྱི་འཇིག་རྟེན་པའི་ཐབས་གཞན་སྤང་བ་དང་། འགྲོ་བ་གཞན་ལ་ཡང་ཚུལ་འདི་བཞིན་དུ་སྦྱར་བར་བྱའི། ཐེག་པ་ཐུན་མོང་གི་སློབ་བྱ་ནི་སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག ་རྟེན་པའི་ལྷ་ལ་ཕྱག་མི་བྱ་བ་ལ་སོགས་པ་སྟེ། དཀོན་མཆོག་གསུམ་པོ་སོ་སོའི་བསླབ་བྱའོ།། བསམ་པའི་རྐྱེན་ནི་ཇི་སྐད་དུ་འཕགས་པ་ཡེ་ཤེས་ཕྱག་རྒྱའི་མདོ་དང་སྙིང་རྗེ་པདྨ་དཀར་པོའི་མདོ་ལས། སངས་རྒྱས་ཀྱི་བྱང་ཆུབ ་ཏུ་སེམས་བསྐྱོད་པ་དང་། དམ་པའི་ཆོས་འཇིག་པའི་དུས་སུ་སེམས་བསྐྱེད་པ་དང་། དམ་པའི་ཆོས་འཇིག་པའི་དུས་སུ་སེམས་བསྐྱེད་པ་དང་། སེམས་ཅན་སྡུག་བསྔལ་བ་མཐོང་ནས་སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའ་སེམས ་བསྐྱེད་པ་དང་། མཆོད་པ་དང་དབུལ་བ་བཟང་པོ་བྱས་ནས་སེམས་བསྐྱོད་པ་དང་། གཞན་གྱི་ལྷ་བལྟས་ནས་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པའི་སྐུ་མཐོང་ནས་སེམས་བསྐྱེད་པ་སྟེ། དང་པོ་གསུམ་ནི་བྱང་ཆུབ་ཀྱི་སེམས ་དངོས་པོ་ཡིན་ནོ།། ཞེས་གསུངས་པ་དང་། འཕགས་པ་ཆོས་བཅུ་པའི་མདོ་ལས་ཀྱང་གསུངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སྩོགས་པས་བསྐུལ་ནས་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་མཐོང ་ནས་སེམས་བསྐྱེད་པ་དང་། སེམས་ཅན་སྡུག་བསྔལ་བ་མཐོང་ནས་སེམས་བསྐྱེད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཕུན་སུམ་ཚོགས་པ་མཐོང་ནས་སེམས་བསྐྱེད་པའོ།། ཞེས་གསུངས་སོ།། མདོ་སྡེའི་རྒྱན་ལས ་ནི་རྐྱེན་ལྔ་གསུངས་ཏེ། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས།། ཐོས་སྟོབས་དགེ་བ་གོམས་པའི་སྟོབས།། མི་བརྟན་པ་དང་བརྟན་འབྱུང་བ་ཞེས་གསུངས་སོ།། འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་རྐྱེན་བཞི་དང་། སྟོབས་བཞི ་གསུངས་སོ།། རྐྱེན་བཞི་ནི་དེ་བཞིན་གཤེགས་པའི་ཕུན་སུམ་ཚོགས་པ་མཐོང་ནས་སེམས་བསྐྱེད་པ་དང་། ཕན་ཡོན་མཐོང་ནས་སེམས་བསྐྱེད་པ་དང་། དམ་པའི་ཆོས་འཇིག་པའི་དུས་སུ་སེམས་བསྐྱེད་པ་དང་། སེམས ་ཙནྡ་སྡུག་པ་མཐོང་ནས་སེམས་བསྐྱེད་པའོ།། སྟོབས་བཞི་ནི་རྒྱུའི་སྟོབས་དང་། སྦྱོར་བའི་སྟོབས་དང་། རང་གི་སྟོབས་དང་། གཞན་གྱི་སྟོབས་སོ།། དེ་ལྟར་རྒྱུ་དང་རྐྱེན་ཉེ་བར་ཚོགས་པ་ན་བྱང་ཆུབ་ཀྱི་སེམས་ཉེ་བར ་སྐྱེ་བར་འགྱུར་རོ།། སྐྱེས་པའི་ངོ་བོ་ནི། འདུད་པ་དང་། འདོད་པ་དང་། སྨོན་པ་ནི་རྣམ་གྲངས་སོ།། ཇི་སྐད་དུ་འཕགས་པ་བྱམས་པའི་ཞལ་སྔ་ནས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར།། ཡང་དྲག་རྫོགས་པའི་བྱང་ཆུབ་འདོད་ཅེས ་གསུངས་སོ།། འདུན་པ་དང་སྙིང་རྗེ་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་ཁྱད་པར་ཅན་ལ་དམིགས་པོ་ནི་ངོ་བོ་སྟེ། དཀར་པོའི་ཆོས་ཀྱི་ལོ་ཏོག་མ་ལུས་པ་བསྐྱེད་པའི་ས་གཞི་བཟང་པོ་ལྟ་བུ་སྟེ། བདུན་པ་ས་ལྟ ་བུའི་བྱང་ཆུབ་ཀྱི་སེམས་སོ།། རྣམ་པ་དེ་ཉིད་ཀྱི་ཁྱད་པར་རམ། བྱེ་བྲག་སྟེ། གཡོ་སྒྱུ་ལ་སོགས་པའི་སྐྱོན་གང་གིས་ཀྱང་མ་གོས་ཤིང་དྲི་མ་མེད་པ་སྟེ། དཔེར་ན་གསེར་བཟང་པོ་གཡའ་དང་རྡོ་དང་ས་ལ་སོགས་པའི་སྐྱོན་མེད་པ ་ལྟ་བུ་སྟེ། སེམས་དེ་ཉིད་བསམ་པ་བཟང་པོ་གསེར་ལྟ་བུའོ།། དེའི་དོན་རྒྱས་པར་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བཙུན་པ་ཤཱ་ར་དྭ་ཏིའི་བུ་བྱང་ཆུབ་ཀྱི་སེམས་དེ་ནི་ཇི་ལྟ་བུའི་རྣམ་པར་སེམས་སྐྱེས་པ་ཡིན ་སྨྲས་པ་རིགས་ཀྱི་བུ་སེམས་དེ་ནི་ཐེག་པ་སྨན་པ་དང་། མ་འདྲེས་པས་གཙང་བའི་རྣམ་པར་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ།། དེ་སྦྱང་བ་ནི་སེམས་དེ་དང་པོ་གང་ནས་ཀྱང་མ་འོངས་ཤིང་། ཐ་མ་གར ་ཡང་མི་འགྲོ་བ། གང་ན་ཡང་མི་གནས་པ་སྟེ། ཁ་དོག་མེད་པ། དབྱིབས་མེད་པ། གཟོད་མ་ནས་མ་སྐྱེས་པ། ཐ་མར་མི་འགག་པ། རང་བཞིན་གྱི་སྟོང་པ། འོད་གསལ་བའི་ངོ་བོ་ཡང་ནས་ཡང་དུ་དྲན་པར་བྱའོ།། ཡང་ན་བྱམས།། ་པ་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དེ་གོམས་པས་བསྟན་པར་བྱ་བ་དང་། ཤིན་ཏུ་བྱང་བར་བྱ་སྟེ། སེམས་ཀྱི་སྐད་ཅིག་རེ་རེ་ལ་དྲན་པ་རྒྱུན་ཆགས་སུ་བྱ་བ་དང་། དྲན་པ་དང་ཤེས་བཞིན་དང་། ཚུལ་བཞིན་དུ་སེམས ་པ་དང་། བག་ཡོད་པས་གནས་པར་བྱའོ།། བྱང་ཆུབ་ཀྱི་སེམས་གཟུང་བ་ནི་སེམས་ཅན་མི་གཏང་བ་བཞི་དང་། སྐྱེས་བུ་དམ་པའི་རྣམ་པར་རྟོག་པ་བརྒྱད་དང་། ནང་གི་ཐབས་ལ་མཁས་པ་བཅུ་དང་། ཕྱིའི་ཐབས ་ལ་མཁས་པ་དྲུག་དང་། བདག་དང་གཞན་བཛྲེ་བ་དང་། བདག་དང་གཞན་མཉམ་པར་བྱ་བ་དང་། འཕགས་པ་བཟང་སྤྱོད་དང་། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་ཆེན་པོ་བཅུ་ལ་སོགས་པ་གདབ་བོ།། དེ་ལ་སེམས་ཅན་མི ་གཏང་བ་ནི་བདག་ལ་ཕན་འདོགས་པའི་སྙེམས་མི་གཏང་བ་དང་། བདག་ལ་གནོད་པ་བྱེད་པ་མི་གཏང་བ་དང་། དངོས་སུ་སྡུག་བསྔལ་བ་དང་། སྡུག་བསྔལ་གྱི་རྒྱུ་སྩོགས་མི་གཏང་བ་དང་། སྤྱིར་སེམས་ཅན་མི་གཏང ་བའོ།། དེ་ལ་བདག་ལ་ཕན་འདོགས་པ་མི་གཏང་བ་ནི། དྲིན་ཤེས་ཤིང་དྲིན་གཟོ་བའི་སེམས་ཀྱིས་མི་གཏང་བ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། འཁོར་བ་ཐོག་མ་མེད་པ་ནས།། ཉོན་མོངས་མེ་ཡིས་གདུངས་པ ་ཡིས།། སྲིད་པའི་བཙོན་རྭའི་ནང་གནས་པ།། སེམས་ཅན་གྲང་ཡིན་དེ་དག་སྔོན།། ཕ་མ་མཛའ་བ་ཤེས་རྔ་ལག་ཏུ།། གྱུར་ཅིང་ཕན་ཆེན་བཏགས་པས་ན།། བྱས་པ་གཟོ་བ་ཉིད་དུ་བྱ།། འདྲ ་དག་བདག་གིས་སྡུག་བསྔལ་བྱས།། ད་ནི་བདེ་བར་བྱ་བའི་རིགས་ཞེས་གསུངསོ།། འདིའི་དོན་རྒྱས་པར་མདོ་སྡེར་བལྟ་བར་བྱའོ།། སྐྱེ་བ་འདིའི་ཕ་མ་དང་། གཉེན་འདུན་དྲང་། གྲོགས་ལྔ་སོགས་པ་བདག་ལ་ཕན་འདོགས ་པ་ལ་དྲིན་ཤེས་ཤིང་དྲིན་གཟོ་བ་བྱ་དགོས་ཏེ། དེ་ལྟར་མ་གྱུར་ན། བྱས་ལ་ལན་དུ་ཕན་མི་འདོགས་ཞེས་པའི་ཉེས་བྱས་ཀྱང་འབྱུང་བར་འགྱུར་རོ།། བདག་ལ་གནོད་པ་བྱེད་པའི་སེམས་ཅན་མི་གཏང་བ་ནི། ལས་བདག ་གིར་བྱེད་པའི་སེམས་ཀྱི་མི་གཏང་སྟེ། ཇི་སྐད་དུ། འཛམ་བུའི་གླིང་གི་སྐྱེས་མཆོག་ནི།། ལེགས་ཀྱི་ལན་ནི་ལེགས་ཀྱིས་ལྗོན།། ཉེས་ཀྱི་ལན་ཡང་ལེགས་ཀྱིས་ལྗོན།། ཞེས་དང་། ཡུམ་བརྒྱད་སྟོང་པ་ལས་ཀྱང་། བྱང ་ཆུབ་སེམས་དཔའ་ཕ་རོལ་པོས་ཉེས་པ་བྱས་ཀྱང་། དེ་དང་རྩོད་པ་མི་བྱེད་པར་དེ་ལུ་གནོད་པ་དང་། སེམས་འཁྲུག་པར་མི་བྱའོ།། གལ་ཏེ་གསོད་ན་ཡང་དེ་ལ་ཞེ་སྡང་བར་མི་བྱའོ།། སེམས་ཅན་སུཾ་ལ་ཡང་ཞེ་སྡང་བ.རོ་མི ་བྱའོ།། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་བརྟན་པར་འདུ་ཤེས་བསྐྱེད་པར་བྱའོ།། ཞེས་གསུངས་པ་དང་། ཡང་ཇི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་ཅནི། ཐམས་ཅད་ལ་ཕ་དང་མ་དང་བུ་དང་བུ་མོའི་འདུ་ཤེས ་བྱའོ།། རང་ཉིད་བདེ་བར་འདོད་པ་ལྟར་སེམས་ཅན་གཞན་ཡང་བདེ་བ་ལ་སྦྱར་བར་བྱའོ།། སེམས་ཅན་མ་ལུས་པ་སྡུག་བསྔལ་བ་ལས་ཐར་བར་བྱའོ།། སེམས་ཅན་གང་ཡང་མི་གཏང་ངོ་།། དེ་དག་གིས་བདག་གི་ལུས་དུམ་བུ ་བརྒྱར་གཏུབུས་ཀྱང་དེ་དགྲ་ལ་གནོད་སེམས་མི་བྱ་བར་བྱམས་པ་དང་སྙིང་རྗེ་བསྐྱེད་དོ།། ཞེས་གསུངས་པ་དང་། རྗེ་བཙུན་ཨཱརྱ་དེ་བའི་ཞལ་སྔ་ནས་ཀྱང་། གནོད་པ་དྲག་པོ་བྱུང་བ་ན།། སྔོན་གྱི་ལས་སུ་ཤེས་པར་བྱ་ཞེས ་གསུངས་སོ།། གལ་ཏེ་དེ་ལྟར་མ་གྱུར་ན།། གཞན་གྱི་བཤགས་ཀྱང་མི་ཉན་པར།། ཁྲོས་ནས་གཞན་ལ་འཚོག་པ་དང་།། ཕ་རོལ་བཤད་ཀྱིས་འཆགས་པ་སྤོང་།། ཁྲོས་པ་རྣམས་ནི་ཡུལ་བར་འཇོག། གཤེ་ལོ་ལན ་དུ་གུ་ཤེ་ལ་སོགས།། ཞེས་པའི་ཕམ་པ་དང་ཉེས་བྱས་འབྱུང་བར་འགྱུར་རོ།། དངོས་སུ་སྡུག་བསྔལ་བའི་སེམས་ཅན་མི་གཏང་བ་ནི། ཚ་བ་དང་གྲང་བ་དང་བཀྲེས་པ་དང་སྐོམ་པ་ལ་སོགས་པ་དང་། མཚམས་མེད་པ ་ལ་སོགས་པ་དང་། བསླབ་པ་ཉམས་པ་དང་། སྡུག་བསྔལ་སྣ་ཚོགས་ཀྱི་གདུངས་པ་མཐོང་ན། སྙིང་རྗེའི་སེམས་ཀྱིས་མི་གཏང་སྟེ། རྗེ་བཙུན་ཨཱརྱ་དེ་བའི་ཞལ་ནས། འཁོར་ལོ་དཔག་ཚད་བཅུ་གཉིས་པ།། ལྕགས ་བྱས་མགོ་ལ་འཁོར་བ་དང་།། བྱང་ཆུབ་སེམས་ནི་བསྐྱེད་མ་ཐག། མེད་པར་འགྱུར་ཅེས་ཐོས་པ་ཡིན།། ཞེས་གསུངས་པ་དང་། སློབ་དཔོན་དཔའ་བོའི་ཞལ་ནས་ཀྱང་།། ན་བའི་བུ་ལ་ཁྱད་པར་དུ།། མ་ནི་གདུང་བ་སྐྱེ་བ ་ལྟར།། དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས།། དམ་པ་མིན་ལ་ཁྱད་པར་བརྩེ་ཞེས་གསུངས་པ་དང་། སློབ་དཔོན་པ་བྱའི་ཞལ་ནས་ཀྱང་། སྡུག་བསྔལ་དྲག་པོས་གདུང་པ་ཡི།། སྡུག་བསྔལ་ཅན་དག་མཐོང་བའི ་ཚེ།། སྙིང་རྗེ་རུས་པའི་གཏིང་ནས་ནི།། སྐྱེ་ཞིང་དེ་ལ་ཕན་པར་བྱེད་ཅེས་གསུངས་ཏེ། རྒྱས་པར་མདོ་སྡེར་བལྟ་བར་བྱའོ།། སྡུག་བསྔལ་གྱི་རྒྱུ་ལ་སོགས་པའི་སེམས་ཅན་ནི། སྙིང་བརྩེ་བའི་སེམས་ཀྱིས་མི་གཏང་སྟེ། བསླབ་པ ་པ་ཉམས་པ་དང་། མཚམས་མེད་བྱེད་པ་དང་། སྲོག་གཅོད་པ་དང་། སྡིག་པའི་ལས་སྣ་ཚོགས་བྱེད་པ་དེ་དག་ལས་བཟློག་པར་བྱ་སྟེ། ཇི་སྐད་དུ། འཕགས་པ་དྲན་པ་ཉེ་གཞག་ལས།། གང་ཞིག་བརྟུལ་ཞུགས་བྱ་ཟད་མནོས་ནས།། ་ལེགས་པར་བསྲུང་བར་མི་བྱེད་པ།། དེ་ནི་ངེས་པར་ཤོ་དང་རུས།། འཇིག་པའི་མྱེ་མར་མུར་དུ་སྲིག་ཅེས་གསུངས་པ་དང་། འཕགས་པ་རྙེད་དང་འདོད་གནས་པ།། ཚུལ་ཁྲིམས་འཆལ་པ་མཐོང་ནས་ནི།། འདི་ཡི་འགྲོ་བ་ཅིར་འགྱུར། ་ཅེས།། མཆི་མ་རབ་ཏུ་འབྱུང་བར་བྱ།། ཞེས་གསུངས་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། འཇིག་རྟེན་ན་ནི་སེམས་ཅན་གང་།། རྟག་ཏུ་སྡིག་པ་བྱེད་འདོད་པ།། རྟག་ཏུ་དེ་དག་ཐམས་ཅད་ནི།། གནོད་པ་མེད ་པར་བཟློག་གྱུར་ཅིག་ཅེས་གསུང་སོ།། སྤྱིར་སེམས་ཅན་མི་གཏང་བ་ནི་བྱམས་པའི་སེམས་ཀྱི་མི་གཏོང་བ་དང་། འཕགས་པ་སྤོབས་པའི་བློ་གྲོས་ཀྱི་མདོ་ལས་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་བུ་བཞིན་དུ ་བལྟ་བར་བྱ་བ་དང་། རང་གི་ལུས་བཞིན་དུ་བལྟ་བར་བྱའོ།། ཞེས་གསུངས་པ་དང་། མདོ་སྡེ་རྒྱུན་ལས་ཀྱང་། ཇི་ལྟར་ཕུ་རློན་རང་གི་བུ་མཆོག་བྱམས།། རང་གྲི་བུ་དེ་ཉེ་བར་འཁྱུད་ནས་འདུག། དེ་བཞིན་སྡུག་བསྔལ་བ་ཡི་སེམས ་ཅན་ལ།། བརྩེ་བཅས་བྱང་ཆུབ་སེམས་དཔའ་དེ་དོང་འདྲ།། ཞེས་གསུངས་པ་དང་། འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས་ཀྱང་བྱང་ཆུབ་སེམས་དཔའ་རང་གི་བདེ་མེ་ཆགས།། རང་གི་སྡུག་བསྔལ་དག་གིས ་མི་མཇེད་ཀྱང་།། གཞན་གྱི་སྡུག་བསྔལ་དག་གིས་སྡུག་བསྔལ་འགྱུར།། གཞན་བདེན་ནི་བྱང་ཆུབ་སེམས་དཔའ་དགའོ།། ཞེས་གསུངས་པ་དང་། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་དང་། དཔལ་མཆོག་དང་པོ་ལུས་ཀྱང་། ཇི ་སྲིད་འཁོར་བའི་གནས་སུ་ནི།། མཁྲིས་མཆོག་གནས་པར་གྱུར་པ་ན།། དེ་སྲིད་མཚུངས་མེད་སེམས་ཅན་དོན།། མྱ་ངན་མི་མངའ་བྱེད་པར་ནུས།། ཞེས་གསུངས་ཏེ། རྒྱས་པར་མདོ་སྡེར་བལྟ་བར་བྱའོ།། སྐྱེས་བུ ་དམ་པའི་རྣམ་པར་རྟོག་པ་བརྒྱད་ནི། ཀྱི་ཧུད་ནམ་ཞིག་ན་བདག་གིས་སེམས་ཅན་གྱི་སྐྱེ་བའི་སྡུག་བསྔལ་མེད་པར་བྱེད་ནུས་པར་གྱུར་ཞིག་གུ། དྲི་བཞིན་དུ་རྒས་པའི་སྡུག་བསྔལ་དང་། ན་བའི་སྡུག་བསྔལ་དང་། འཆི་བའི ་སྡུག་བསྔལ་མེད་པར་འགྱུར་ཞིག་གུ། སེམས་ཅན་མ་བསྒྲལ་བ་རྣམས་སྒྲོལ་བར་བྱེད་ནུས་པར་འགྱུར། མ་སྒྲོལ་བ་རྣམས་དང་། དབུགས་མ་ཕྱིན་པ་རྣམས་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ནམ་ཞིག་མྱ ་ངན་ལས་ཟློ་ནུས་པར་འགྱུར་ཞིག་གུ་སྙམ་སྐད་ཅིག་རེ་རེ་ལ་དྲན་པ་རྒྱུན་ཆགས་སུ་བྱའོ།། ནང་གི་ཐབས་ལ་མཁས་པ་ནི་གཞན་སྡུག་བསྔལ་བདག་གིར་བྱེད་པ་དང་། བདག་གི་སྡུག་བསྔལ་གྱིས་གཞན་གྱི་སྡུག་བསྔལ ་བསལ་བ་དང་། བདག་གི་བདེ་བ་དང་གཞན་གྱི་སྡུག་བསྔལ་བརྗེ་བ་དང་། གཞན་གྱི་སྡུག་བསྔལ་གྱིས་བདག་དུས་རྟག་ཏུ་སྡུག་བསྔལ་གྱིས་གདུངས་པ་སྟེ། ཇི་སྐད་དུ་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས། བྱང་ཆུབ་སེམས་དཔའ ་རང་གི་བདེ་བ་དེ་མ་ཆགས།། རང་གི་སྡུག་བསྔལ་དག་གིས་མི་མཇེད་ཀྱང་།། གཞན་གྱི་སྡུག་བསྔལ་དག་གིས་སེམས་སྡུག་བསྔལ།། གཞན་བདེ་ན་ནི་བྱང་ཆུབ་སེམས་དཔའ་དགའ།། ཞེས་གསུངསོ།། གཞན་གྱི་སྡིག་པ་བདག་གི ་སྡིག་པར་བྱས་ནས་བཤགས་པ་དང་། གཞན་གྱི་དགེ་བ་བདག་གི་དགེ་བར་བྱས་ནས་ཡི་རང་བ་དང་། བདག་གི་དགེ་བྱི་གཞན་གྱི་དགེ་བར་བྱས་ནས་ཡི་རང་བ་དང་། གཞན་གྱི་དགེ་བ་བདག་གི་དགེ་བར་བྱས་ནས་ཡོངས་སུ་བསྔོ ་བའོ།། ཕྱིའི་ཐབས་ལ་མཁས་པ་ནི་བསྡུ་བའི་དངོས་པོ་བཞི་དང་། རིག་པའི་གནས་ལྔ་དང་། མཁས་པ་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཚད་མེད་པ་བཞི་ལ་སོགས་པས་སེམས་ཅན་མ་ལུས་པ་སྨིན་པར་བྱེད་དེ། རྗེས་སུ ་བཟུང་བ་དང་། ཆར་བཅད་པ་དང་། བྲིང་བ་དང་། བསྡིགས་པ་དང་། རྩིགས་ལ་དབབ་པ་དང་། རྔན་པས་རྔན་པའོ།། འཕགས་པ་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་བཅུ་པ་དང་། བཟང་པོ་སྤྱོད་པ་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས ་མཛད་པའི་སྨོན་ལམ་ཉི་ཤུ་པ་དང་། བ་ཚྭ་ཆུ་ཀྲུང་ནས་འབྱུང་བའི་ཚིགསུ་བཅད་པ་བཅུ་གཅིག་པ་ལ་སོགས་པས་སེམས་ཅན་མི་གཏང་བར་བྱའོ།། འཕགས་པ་འོད་སྲུངས་ཀྱིས་ཞུས་པ་ལས། སྲོག་གི་ཕྱིར་ཡང་བརྫུན་མི་སྨྲ་བ་དང ་སེམས་ཅནྡ་ལ་གཡོ་སྒྱུ་མྱོང་པའི་ལྷག་པའི་བསམ་པས་གནས་པར་བྱ་བ་དང་། སེམས་བསྐྱེད་པའི་གང་ཟག་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང་། སེམས་ཅན་གང་དྲག་སྨིན་པར་བྱེད་པ་དེ་དག་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ ་ཆེན་པོར་སྨིན་པར་བྱེད་ཀྱི་ཉན་ཐོས་དང་རང་སངས་རྒྱས་ཀྱིས་མ་ཡིན་པའོ།། དེ་བཞིན་དུ་འཕྲོགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པ་ལས་ཀྱང་། རིགས་ཀྱི་བུ་སེམས་བསྐྱེད་མ་ཐག་པའི་བྱང་ཆུབ་སེམས་དཔའ་ཆོས ་བདུན་ལ་བསླབ་པ་རོ་བྱ་སྟེ། རྣམ་པར་རྟོག་པས་ཀྱང་འདོད་པ་ལ་སྤད་པར་མི་བྱ་ན་དབང་པོ་གཉིས་ཀྱིས་གཉིས་སྦྱོར་བ་ལྟ་སྨོས་ཀྱང་ཅི་དགོས། ཐ་ན་རྨི་ལམ་དུ་ཡང་མི་དགེ་བའི་བཤོས་གཉེན་བརྟེན་པར་མི་བྱ་བ་དང་། བྱ་དང་འདྲ ་བར་སེམས་ཀྱིས་ཡོངས་སུ་འཛིན་པ་མེད་པར་བྱ་བ་དང་། ཐབས་དང་ཤེས་རབ་ལ་མཁས་པས་ང་རྒྱལ་དང་ང་ཡིར་འཛིན་པ་མེད་པར་བྱ་བ་དང་དངོས་པོ་དང་དངོས་པོ་མེད་པ་སྤངས་ནས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བརྟན་པོར་བསྒོམ་པ་དང་། ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཞི་བས་འཁོར་བ་ལ་དགའ་བར་མི་བྱེད་པ་སྟེ། མདོར་ན་དྲན་པ་དང་ཤེས་བཞིན་དང་ཚུལ་བཞིན་དུ་སེམས་དཔའ་དང་། བག་ཡོད་པ་དང་མི་འབྲལ་བ་སྟེ། ཤེས་བཞིན་མེད་པའི་སྐྱོན་ཆགས ་པསུ།། ལྟུང་བའི་རྙོག་དང་བཅས་བུར་འགྱུར།། གློ་རྡོལ་བུམ་པའི་ཆུ་བཞིན་དུ།། དྲན་པ་ལ་ནི་དེ་མི་གནས།། ཡང་། དྲན་པ་དང་ནི་ཤེས་བཞིན་དང་།། ཚུལ་བཞིན་དུ་ནི་སེམས་དཔའ་དང་།། བག་ཡང ་པ་དང་མ་བྲལ་ཞིང་།། ཞེས་སློབ་དཔོན་ཤཱནྟ་དེ་བས་གསུངསོ།། སེམས་ཀྱི་སྐད་ཅིག་རེ་རེ་ལ་མི་བརྗེད་པར་བྱ་ཞིང་། དྲན་པ་རྒྱུན་ཆགས་སུ་བྱས་པས་བྱང་ཆུབ་ཀྱི་སེམས་ཡོངསུ་བཟུང་བར་བྱའོ།། གལ་ཏེ་དེ་ལྟར་མ་བྱས་ན། ་སྡུག་བསྔལ་མགོན་མེད་གྱུར་པ་ལ།། སེར་སྣས་ཆོས་ནོར་མི་སྟེར་དང་།། ཆོས་འདོད་པ་ལ་སྦྱིན་མི་བྱེད།། ནད་པའི་རིམ་གྲོ་བྱི་བ་སྤོང་།། དགོས་པའི་དོན་དུ་འགྲོ་མི་བྱེད།། སེམས་ཅན་དོན་ལ་བྱང་བ་ཆུང་།། ཞེས་པའི་ཕམ ་པ་དང་། ཉེས་བྱས་འབྱུང་།། བྱང་ཆུབ་ཀྱི་སེམས་ཡོངས་སུ་བསྲུང་བ་ནི། སེམས་རྙེད་པར་བྱེད་པ་དང་། ཉམས་པར་བྱེད་པ་དང་། གཏོང་བར་བྱེད་པ་ལུས་བསྲུང་བར་བྱ་སྟེ། འཕགས་པ་འོད་སྲུངས་ཀྱིས་ཞུས་པ་ལས ་ཞན་འགྱོད་པ་མེད་པ་ལ་འགྱོད་པ་བསྐྱེད་པ་དང་། མཁན་པོ་དང་སློབ་དཔོན་དང་སྦྱིན་གནས་བསླ་བ་དང་། སེམས་ཅན་ལ་གཡོ་དང་སྒྱུ་དང་ལོངས་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པ་དང་། སེམས་བསྐྱེད་པའི་གང ་ཟག་ལ་ཚིགསུ་བཅད་པ་མ་ཡིན་པ་བརྗོད་པའོ།། ཞེས་གསུངསོ།། འཕགས་པ་བསོད་ནམས་ཐམས་ཅད་སྡུད་པའི་ཏིང་ངེ་འཛིན་ལས་འདི་སྐད་དུ། སྲེད་མེད་ཀྱི་བུ་ཆོས་བཞིས་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། ལྷག ་པའི་ང་རྒྱལ་དང་། ཆོས་ལ་མ་གུས་པ་དང་། དགེ་བའི་བཤེས་གཉེན་ལ་ཁྱད་དུ་སོད་པ་དང་། ལོག་པའི་ཚིག་སྨྲ་བའོ།། ཡང་བཞི་སྟེ། ཉན་ཐོས་དང་། རང་སངས་རྒྱས་དང་འདྲིས་པར་བྱེད་པ་དང་། ཐེག་པ་དམན་པ་ལ་མོས ་པ་དང་། བྱང་ཆུབ་སེམས་དཔའ་ལ་སྡང་ཞིང་སྐུར་པ་འདེབས་པ་དང་། ཆོས་ལ་དཔེ་མཁྱུད་བྱེད་པ་དང་། ཡང་བཞི་སྟེ། སྨྲ་བྱེད་པ་དང་། གཡོ་བྱེད་པ་དང་། བླ་མ་ལ་ལྕེ་གཉིས་བྱེད་པ་དང་། རྙེད་པ་དང་བཀུར ་སྟི་ལཱི་ལྷག་པར་ཞུན་པའོ།། ཡང་བཞི་སྟེ། བདུད་ཀྱི་ལས་མཱ་རྟོགས་པ་དང་། ལས་ཀྱི་སྒྲིབ་པས་བསྒྲིབས་པ་དང་། ལྷག་པའི་བསུམ་པ་སྟོབས་ཆུང་བ་དང་། ཐབས་དང་ཤེས་རབ་མེད་པ་སྟེ། དེ་དག་གིས་བྱུང ་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ།། ཞེས་གསུངས་སོ།། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུའི་རྒྱལ་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་ལམ་ལོག་པ་དང་། ལམ་ངན་པ་ཉི་ཤུ་རྩ་གཉིས་དང་བྲལ་བ ་ཡིན་ཏེ། ཉན་པོ་ཀྱི་སེམས་དང་མཐལ་པ་དང་། ངས་རྒྱ་ཀྱི་སེམས་དང་མ་བྲལ་བ་ང་ང་རྒྱལ་དང་ལྷག་པའི་ང་རྒྱལ་དང་། གཡོ་སྒྱུ་དང་། རྒྱང་པན་པའི་གསང་ཚིག་དང་། ལོག་པ་རུ་ཞུགས་པ་དང་། སྐྱེ་བས་སྐྲག་པ་དང་། ཁེངས་པ་དང་། རྩོད་པ་དང ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ལས་ཀྱི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང་། ཆོས་ལ་དཔེ་མཁྱུད་བྱེད་པ་དང་། བརྗེད་ངས་པ་དང་། སྡིག་པའི ་གྲོགས་པོ་དང་། བླ་མ་ལ་འཁུ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་མི་མཐུན་པ་དང་། ཆད་པ་དང་རྟག་པ་དང་། ཐབས་མི་མཁས་པས་བསྡུ་བ་བཞི་དང་སྡིག་པ་ཐམས་ཅད་དང་མ་བྲལ་བ་སྟེ། དེ་དག་གིས ་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ།། ཞེས་གསུངས་སོ།། སྡོང་པོ་བཀོད་པ་ལས་ཀྱང་། ཀྱེ་རྒྱལ་བའི་སྒྲས་ངག་བྱང་ཆུབ་སེམས་དཔའ་ནང་ཕན་ཚུན་ངན་སེམས་བསྐྱེད་པའི་ཁ་ན་མ་ཐོ་བའི་ལས་ལས་ཆེ་བ་ནི་མ་མཐོང་ངོ་ཞེས ་གསུངས་སོ།། དེ་བཞིན་དུ་དུད་པའི་སྟོབས་བསྐྱེད་པ་ལ་སོགས་པའི་མདོ་ལས་རྒྱས་པར་གསུངས་པས་མདོ་སྡེར་བལྟའོ།། ལྟུང་བ་འབྱུང་བའི་རྒྱུ་ནི་རིགས་མེད་པ་དང་། སྙིང་རྗེ་ཆུང་བ་དང་། འཁོར་བའི་སྡུག་བསྔལ་གྱིས་མི ་འཇིགས་པ་དང་། སྡིག་པའི་གྲོགས་པོས་ཟིན་པོ་དང་། བྱང་ཆུབ་ཆེན་པོ་ཐག་རིང་བར་སེམས་པ་དང་། བདུད་ཀྱིས་བྱིན་གྱིས་བརླབས་པ་དང་། ཐེག་པ་དམན་པའི་གང་ཟག་བསྟེན་པ་དང་། ཐེག་པ་ཆུང་ངུའི་གཞུང་ལ་བརྩོན་པ་དང་། ་སེམས་ཅན་བློས་བཏང་བ་དང་། བྱང་ཆུབ་སེམས་དཔའ་ལ་ཚོགས་ངན་བརྗོད་ཅིང་ངན་སེམས་བསྐྱེད་པ་དང་། བྱང་ཆུབ་ཀྱི་སེམས་དང་མི་མཐུན་པའི་ཕྱོགས་མི་སྤོང་བ་དང་། གཞན་ཡང་མི་ཤེས་པ་དང་། བག་མེད་པ་དང་། ་མ་གུས་པ་དང་། ཉོན་མོངས་པ་མང་བའོ།། བཏང་བའི་ཉེས་དམིགས་ནི་སྟོང་གསུམ་གྱི་སྟོང་ཚོན་པོའི་སེམས་ཅན་དགྲ་བཅོམ་པར་གྱུར་ལ་དེ་དག་ཐམས་ཅད་བསད་པ་དང་མཚམས་མེད་པ་ལྔ་བྱས་པས་འདིའི་སྡིག་ཤིན ་རྒྱུ་ཡིན་ནོ།། གཞན་ཡ་ནམ་ཁའ་མ་འ་ཁྱབ་པ་རྡུལ་ཕྲ་རབ་ཀྱི་གྲངས་ནི་སངས་རྒྱས་ཀྱིས་མཁྱེན་གྱི། འདིའི་སྡིག་པའི་ནཱད་ནི་འདྲིཙམ་ནས་སངས་རྒྱས་ཀྱིས་མཁྱེན་པར་མ་སྤྱོད་།། འདའདོན་རྒྱས་པར་མདོ་སྡེ་དང་སྤྱ་པ་# ་ལ་སོགས་པར་བལྟ་བར་བྱའོ།། གཞན་སེམས་བསྐྱེད་པ་ལ་རྗེས་སུ་ཡི་རང་བའི་ཕན་ཡོན་ནི་ཡུམ་བརྒྱད་སྟོང་པ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་སྲུང་ལ་ཀོ་ཞལ་བྷའི་གྲངས་ནི་ཤེས་པར་རུང་གིས་གཞན་སྐྱེད་དུ་བཅུག ་པའི་ཕན་ཡོན་ནི་ཐེག་པ་ཆེན་པོའི་མདོ་སྡེ་དང་། སྤྱོད་པ་ལ་འཇུག་པར་བལྟ་བར་བྱའོ།། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་པར་མི་སྤྱོད་དོ།། གཞན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ ་རྗེ་སུ་ཡི་རང་བ་བྱས་པའི་བསོད་ནམས་ཀྱི་ཚད་ནི་ཤེས་པར་མི་ནུས་སོ་ཞེས་གསུངས་ཏེ། རྒྱས་པར་མདོ་སྡེར་བལྟོ་བར་བྱའོ།། གཞན་སེམས་བསྐྱེད་པའི་བར་ཆད་བྱས་པའི་ཉེས་དམིགས་ནི། འཕགས་པ་དགེ་བའི་རྩ་བ ་ཡོངས་སུ་འཛིན་པའི་མད་ལསྭ། ཤཱ་རཱ་དྭ་ཏིའི་བུ་གང་སེམས་བསྐྱེད་པ་ལ་བར་ཆད་བྱ་བར་འདོད་དམ། བར་ཆད་བྱེད་པ་དེ་ནི་ཤཱ་ར་དྭ་ཏིའི་བུ་མྱ་ངན་ལས་འདས་པར་འགྱུར་བའི་སྐལ་པ་མེད་དོ།། ཞེས་གསུངས་པ་དང ་ཡང་སྟོང་གསུམ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དགྲ་བཅོམ་པ་བསད་པ་དང་། མཚམས་མེད་པ་ལྔ་བྱེད་པ་པས་སྡིག་པ་ཚོ་ཞེས་འཕགས་པ་བརྒྱད་སྟོང་པ་ལས་གསུངས་སོ།། སྤྱོད་པ་ལས་འཇུག་པ་ལས་ཀྱང་། གང་ཞིག་བྱང ་ཆུབ་སེམས་བསྐྱེད་པའི།། བསོད་ནམས་བར་ཆད་གྲོགས་བྱེད་པ།། སེམས་ཅན་དོན་ལ་དམན་གྱུར་པས།། དེ་ཡི་ངན་འགྲོ་མུ་མཐའ་མེད་ཅེས་གསུངས་ཏེ། རྒྱས་པར་མདོ་སྡེར་བལྟའོ།། ་བྱང་ཆུབ་ཀྱི་སེམས་སྤེལ་བ་དེ་ནི་སེམས་དེ་ཉིད་བྱང་ཆུབ་ཀྱི་སེམས་རྣམ་པ་གསུམ་དུ་སྤེལ་ཏེ། བྱང་ཆུབ་ཀྱི་སེམས་སྡོམ་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཀྱི་སེམས་དགེ་བ་ཆོས་སྡུད་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཀྱི ་སེམས་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཏེ། དཔེར་ན་ཡར་ངོའི་ཟླ་བ་རིམ་གྱིས་འཕེལ་བ་བཞིན་དུ་སེམས་འདི་ཡང་འཕེལ་བར་འགྱུར་ཏེ། དེ་ཡང་ཡངས་ཤིང་རྒྱ་ཆེ་དག་པ་དང་།། ཕན་པ་རྒྱ་ཆེན་བྱེད་པ་དང་།། ་དགེ་བ་ཉིད་ཀྱིས་ལྷག་པས་ན།། བསམ་པ་དག་པ་ལྷག་བསམ་ཡིན།། ཞེས་མདོ་སྡེ་རྒྱན་དུ་གསུངས་སོ།། ལྷག་པའི་བསམ་པ་ཟླ་བ་ཚེས་པ་ལྟ་བུ་སྟེ། འཇུག་པ་བྱང་ཆུབ་ཀྱི་སེམས་ཞེས་ཀྱང་བྱའོ།། བྱང་ཆུབ་སེམས་དཔའི ་ཚུལ་ཁྲིམས་ཀྱི་ལེའུ་ལས། ཚུལ་ཁྲིམས་རྣམ་པ་གསུམ་སྟེ། རང་བཞིན་གྱི་ཚུལ་ཁྲིམས་དང་། གོམས་པའི་ཚུལ་ཁྲིམས་དང་། ཡང་དག་པར་བླང་བའི་ཚུལ་ཁྲིམས་སོ།། དེ་ལ་རང་བཞིན་གྱི་ཚུལ་ཁྲིམས་ནི་སེམས ་ཅན་ཐམས་ཅད་རིགས་གཅིག་ཡིན་པ་དང་། དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་པ་དང་། ཐེག་པ་ཆེན་པོའི་རིགས་ཅན་ཡིན་པ་སྟེ། སྦུབས་ནི་འགྲུབ་པའི་སྐལ་པ་ཅན་ཡིན་ཡང་ཉེས་པ་རྣམ་པ་བཞིས་བཀག་ནས ་འདུག་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས། ཉོན་མོངས་གོམས་དང་གྲོགས་ངན་དང་།། ཕོངས་དང་གཞན་གྱི་དབང་བྱས་དང་།། མདོར་ན་རིགས་ཀྱི་ཉེས་པ་ནི།། རྣམ་པ་བཞིར་ནི་ཡང་དྲུག་བརྗོད།། ཅེས་གསུངས་པས་རིགས ་ཅན་གྱི་གང་ཟག་དེ་ནི་རང་བཞིན་གྱིས་སྙིང་རྗེ་ཆེ་བ་དང་། རང་བཞིན་གྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་རྒྱད་ལ་ཚང་བར་ལྡོན་པས་རང་བཞིན་གྱི་ཚུལ་ཁྲིམས་ཅན་ཞེས་བྱའོ།། གོམས་པའི་ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། སྐྱེ་བ་སྔ་མ ་ཕན་ཆད་ལ་ཐེག་པ་ཆེན་པོ་ལ་གོམས་པ་ཆེར་བྱས་པ་དང་། གོམས་པ་འབྲིང་དུ་བྱས་པ་དང་། སྐྱེ་བ་དཔག་ཏུ་མེད་པ་ནས་གོམས་པར་བྱས་པ་སྟེ། དྲེ་བས་ན་བྱམས་པའི་ཞལ་ནས། སངས་རྒྱས་རྣམས་ལ་བཀུར་སྟི་བྱས། ་དེ་ལ་དགེ་བའི་རྩ་བ་བསྐྱེད།། དགེ་བའི་བཤེས་ཀྱིས་མགོན་བྱས་པ།། འདི་མུཉེན་པའི་སྣོད་ཡིན།། སངས་རྒྱས་བསྙེན་བཀུར་ཡང་དག་ཞུགས།། སྦྱིན་དང་ཚུལ་ཁྲིམས་སོགས་སྤྱད་པས།། སྣོད་དུ་དམ་པ་རྣམས་ཀྱིས་ཤེས ་ཞེས་གསུངས་སོ།། དེ་ལ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་ནི། སློབ་དཔོན་གྱིས་བརྟག་པ་གསུམ་གྱིས་ལེགས་པར་བརྟགས་ནས་སྣོད་ཀྱི་རིམོ་པ་བཞིན་དུ་ཚུལ་ཁྲིམས་སྦྱིན་པར་བྱ་སྟེ། སྔར་བརྗོད་པའི་གང་ཟག་དང ་དེའི་སོ་སོར་ཐར་པའི་ཕམ་པ་བཞི་འཁོར་དང་བཅས་པ་དང་། ཐེག་པ་ཆེན་པོའི་ཕམ་པ་དང་འདྲ་བ་བཞི་དང་། ཉེས་བཅས་བཞི་བཅུ་རྩ་དྲུག་སྦྱིན་པར་བྱའོ།། གང་ཟག་འབྲིང་པོ་དེ་ལ་ནི་གང་ཟག་འབྲིང་པོ་དེའི་སྡོམ་པ་སྦྱིན ་@པར་བྱ་སྟེ། དེའི་སྟེང་དུ་འཕགས་པ་ན་མཁའི་སྙིང་པོ་ལ་སོགས་པའི་རྩ་བའི་ལྟུང་བ་བཅོ་བརྒྱད་དང་། སློབ་དཔོན་ཤཱུནྟ་དེ་བས་གསུངས་པའི་གནོད་པ་བཅུ་བཞི་པོ་སྦྱིན་པར་བྱའོ།། གང་ཟག་གསུམ་པ་དེ་ལ་ནི་དེ ་དྲག་གི་སྟོང་དུ་འཕགས་པ་མདོ་སྡེ་བདུན་བརྒྱ་པ་ལྔས་གསུངས་པའི་ཚུལ་ཁྲིམས་བཞི་བརྒྱ་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་ལུས་གསུངས་པའི་ཚོགས་ཀྱི་ལམ་པའི་བྱང་ཆུབ་སེམས་དཔའ་བསླབ་པ་མཐའ་དག་བསྲུང་བར་བྱ་སྟེ། ཚོགས ་ཀྱི་ལམ་པ་ལ་ནི་སྡོམ་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ།། སྦྱོར་བའི་ལམ་པ་ལ་ནི་དགེ་བ་ཆོས་བསྡུད་པའི་ཚུལ་ཁྲིམས་གཙོ་བོ་ཡིན་ནོ།། འཇིག་རྟེན་ལས་འདས་པའི་ལམ་པ་ལ་ནི་སེམས་ཅན་དོ་ན་བྱེད་པའི་ཚུལ་ཁྲིམས་གླཙོ་བོ ་ཡིན་ནོ།། གང་ཟག་གཅིག་གི་རྒྱུ་དེ་ལ་རྩིས་ན་ཚོགས་ལ་མ་ཆུང་ངུའི་དུས་སུ་གང་ཟག་དང་པོའི་བསླབ་པ་ལ་བརྩོན་པར་བྱའོ།། ཚོགས་ལམ་འབྲིང་གི་དུས་སུ་གང་ཟག་འབྲིང་པོའི་བསླབ་པ་ལ་བརྩོན་པར་བྱའོ།། གང་ཟག་གསུམ་པས་ནི་གསུམ ་པའི་བསླབ་པ་ལ་བརྩོན་པར་བྱའོ།། སྔར་བཤད་པའི་གོམ་པའི་ཚུལ་ཁྲིམས་ལ་དགོངསུ་ནས་འཕགས་པ་དང་བསྒོམ་པའི་མདོ་ལས། ཐེག་པ་ཆེན་པོ་ལ་དད་པའི་བྲག་ཆགས་བྱང་ཆུབ་སེམས་དཔེའི་རྗེསུ་འབྲང་བ་དེ་ནི་འདི་ལྟར་རྗེས་སུ ་འབྲང་སྟེ། དེ་འགྲོ་འམ། འདུག་གམ། ཉལ་ལམ། གཉིད་ལོག་གམ། ར་རོའམ། མྱོས་ཀྱང་རུང་སྟེ། རྟག་ཏུ་ཐེག་པ་ཆེན་པོ་ལ་དད་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་དེ་ཚེ་བརྗེས་སུ་ཟིན་ཀྱང་ཚེ་རབས་གཞན་དུ་ཐེག་པ་ཆེན་པོ ་ལ་དད་པས་བྱང་ཆུབ་ཀྱི་སེམས་བརྗེད་དུ་ཟིན་ཡང་སྐྱེ་བ་དེ་དང་དེ་དག་ཏུ་དམན་པ་དང་། སྐལ་པ་དམན་པའི་སེམས་སུ་མི་འགྱུར་ཞིང་། སྡིག་པའི་གྲོགས་པོ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་འདྲེ་བས་ཀྱང་འཕྲོགས་པར་མི་འགྱུར ་གཞན་མུ་སྟེགས་ཅན་གྱིས་འཕྲོགས་པར་གྲ་ལ་འགྱུར། ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པའི་རྐྱེན་ཆུང་ངུ་ཞིག་རྙེད་པས་ཀྱང་མྱུར་བར་ཤས་ཆེ་བ་དང་། རྒྱུན་གྱིས་ཐེག་པ་ཆེན་པོའི་ཕྱིར་ཐེག་པ་ཆེན་པོ་ལ་དད་པར་བྱེད་དོ།། ་དེའི་ཕྱིར་ཐེག་པ་ཆེན་པོ་ལ་དང་པའི་བགུ་ཆགས་རྗེས་སུ་འདྲེན་པ་དེ་ཡང་ཚེ་རབས་སུ་རྣམ་པར་འཕེལ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་འགྱུར་རོ་ཞེས་གསུངས་སོ།། དེ་ལ་བྱང་ཆུབ་ཀྱི་སེམས་ཀྱི་ཕུན་ཡོན་ནི ་རྣམ་པ་གཉིས་ཏེ། སྨོན་པའི་ཕན་ཡོན་དང་འཇུག་པའི་ཕན་ཡོན་ནོ།། སྨོན་པའི་ཕན་ཡོན་ནི་དཔག་ཏུ་མེད་དེ། མདོར་བསྡུས་ན་འཇིག་རྟེན་དུ་དཀོན་མཆོག་གསུམ་གདུང་རྒྱུན་མི་འཆང་པར་བྱེད་པ་དང་། དཀར་པོའི་ཆོས་ཐམས ་ཅད་ཀྱི་རྒྱུ་འམ་ས་བོན་ཡིན་པ་དང་། སྡིག་པ་འཇོམས་པ་དང་། ལྟུང་བ་ལིས་ལྡང་བ་དང་། མི་མ་ཡིན་པ་དང་རིམས་དང་། བར་དུ་གཅོད་པ་ཐམས་ཅད་མེད་པར་བྱེད་པ་ལ་སོགས་པའོ།། འཕགས་པ་དགེ་བའི་རྩ་བ་ཡོངས ་སུ་འཛིན་པའི་མདོ་ལས། ཤཱ་ར་དྭ་ཏིའི་བུ་དང་པོ་སེམས་བསྐྱེད་པའི་བསོད་ནམས་ཀྱི་ཕུང་པོ་ནི་ངན་ངོན་ཙམ་དང་ཅུང་ཟད་ཙམ་མ་ཡིན་ཏེ། འདི་ལྟར་བསྐལ་པ་བརྒྱ་འམ། བསྐལ་པ་སྟོང་ངམ། བསྐལ་པ་འབུམ་གྱིས་ཀྱང་བརྗོད ་པར་མི་ནུས་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་བསྐྱེད་པའི་བསོད་ནམས་ཀྱི་ཚད་ཤེས་པར་ལྟ་ག་ལ་འགྱུར་ཞེས་གསུངས་སོ།། ཡུམ་བརྒྱད་སྟོང་པ་ལས་ཀྱང་། དམིགས་པ་ཅན་གང ་ཞིག་གིས་བསྐལ་བྱ་གང་གཱའི་ཀླུང་གི་བྱེ་མ་སྙེང་དུ་དགེ་བའི་རྩ་བ་བྱས་པ་བས་གཞན་འགའ་ཞིག་གིས་ཉི་མ་གཅིག་གམ། ཉི་མ་ཕྱེད་དམ། སེ་གོལ་གཏོག་པ་གཅིག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་ན་བསོད་ནམས་ཆེའོ་ཞེས ་གསུངས་སོ།། སྤྱོང་འཇུག་ལས་ཀྱང་། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས།། འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས།། བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་།། འཇིག་རྟེན་ལྷ་མིར ་བཅས་པའི་ཕྱག་བྱོར་འགྱུར།། གསེར་འགྱུར་རྩི་ཡི་རྣམ་པ་མཆོག་ལྟ་བུར།། མི་གཙང་ལུས་འདི་བླངས་ནས་རྒྱལ་བའི་སྐུ།། རིན་ཆེན་རིན་ཐང་མེད་པར་བསྒྱུར་བས་ན།། རིན་ཆེན་བྱང་ཆུབ་སེམས་ལེགསུ་བརྟན་པར ་བཟུང་།། ཞེས་བྱ་བ་ལ་སོགས་སོ།། འཇུག་པའི་ཕན་ཡིན་ཡང་སྤྱོང་འཇུག་ལས། བྱང་ཆུབ་སྨོན་པ་འི་སེམས་ལས་ནི།། འཁོར་ཚེ་འབྲས་བུ་ཆེ་འབྱུང་ཡང་།། ཇི་ལྟར་འཇུག་པའི་སེམས་བཞིན་དུ།། བསོད་ནམས ་རྒྱུན་ཆགས་འབྱུང་བ་མིན། ཞེས་པ་དང་། དེང་ནས་བཟུང་སྟེ་གཉིད་ལོག་གམ།། བག་མེད་གྱུར་ཀྱང་བསོད་ནམས་ཤུགས།། རྒྱུན་མི་ཆད་པར་དུ་མ་ཞིག། ནམ་མཁའ་མཉམ་པ་རབ་ཏུ་འབྱུང་།། ཞེས་གསུངས་ཏེ ་བྱང་ཆུབ་སེམས་དཔའི་ས་ལ་སོགས་པ་དང་། རྒྱས་པར་མདྨོ་སྡེར་བལྟ་བར་བྱའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སེམས་ཅན་འཁོར་བ་ལས་གདོན་པ་མ་ཡིན་པ་འཕྲིན་ལས་གཞན་མི་མངའ་སྟེ། འཕགས ་པ་ཀླུ་སྒྲུབ་ཀྱི་ཞེས་ནས། གཞན་དོན་ཕུན་སུམ་ཚོགས་པ་ནི།། འབྲས་བུའི་གཙོ་བོ་ཡིན་པར་འདོད།། སངས་རྒྱས་མཉེས་སོགས་དེ་ལས་གཞན།། དེ་དག་དོན་གྱི་འབྲས་བུར་བཞེས་ཅེས་གཡུངས་པ་ཡིན་ནོ།། དེ་བས་ན ་སངས་རྒྱས་ཀྱི་སྐུ་དང་། ཡེ་ཤེས་དང་། ཡོན་ཏན་དང་། ཕྲིན་ལས་རྣམས་ནི་གཞན་དོན་འབའ་ཞིག་མཛད་པ་ཉིད་ལས་གྲུབ་པ་ཡིན་ནོ།། འདི་ལྟར་བཅོམ་ལྡན་འདས་ཤཱཀྱའི་མགོན་པོས་ཀྱང་སྔོན་བསྐལ་པ་བརྗོད་དུ་མེད ་པའི་ཕ་རོལ་ཏུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ནས། ད་ལྟར་སངས་རྒྱས་པ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང ་བསྐལ་པ་གྲངས་མེད་པའི་ཕ་རོལ་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བར་མངོན་པར་རྫོགས་པར་སངས་རྒྱུས་ནས་ང་ཡང་བདེ་བ་ཅན་དུ་བཅོམ་ལྡན་འདས ་སྣང་བ་མཐའ་ཡས་སྲོང་ལ་མྱ་ངན་ལས་འདས་པའི་ཐོ་རངས་སྤྱན་རས་གཟིགས་འཚང་རྒྱ་བར་འགྱུར་ཞེས་དང་། རྗེ་བཙུན་ཕྱག་ན་རྡོ་རྗེ་ཡང་སྔོན་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་གཉིས་ཀྱི་ཕ་རོལ་ཏུ་ང ་བཞིན་གཤེགས་པ་ཡེ་ཤེས་སྒྲོན་མ་ཞེས་བྱ་བར་སངས་རྒྱས་ནས། དེ་ཡང་བསྐལ་པ་བཟང་པོ་འདི་ཉིད་ཀྱི་རྗེས་ལ་དེ་བཞིན་གཤེགས་པ་རྡོ་རྗེ་རྩལ་གྱིས་འགྲོ་བར་འཚང་རྒྱ་བར་འགྱུར་རོ་ཞེས་གསུངསོ།། ་འདི་ལྟར་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པས་འཕགས་པ་འཛུམ་དཔྲལ་ལ་ཡང་ཐོག་མ་མེད་དེ། དང་པོའི་སངས་རྒྱས་ཡིན་ནོ།། དུས་གསུམ་གྱི་སངས་རྒྱས་མ་ལུས་པའི་ཐུགས་ཡེ་ཤེས་ཡིནོ།། སངས་རྒྱས་ཐམས ་རིགས་དྲུག་ཏུ་འདུས་ལ། རིགས་དྲུག་གི་ཐུགསུ་ཁྱ་ན་རྡོ་རྗེ་རྣོན་པོ་ལ་སོགས་པ་ཡེ་ཤེས་སེམས་དཔའ་བཞུགས་པ་དང་། དཔལ་གསང་བ་འདུས་པའི་རྒྱུད་ཀྱི་ལྷ་རྣམས་ཀྱི་གཙོ་བོ་འཛུམ་པའི་རྡོ་རྗེ་ཀུན་ཏུ་བཟང་པོ་དང་། ་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་འཁོར་ལོའི་གཙྪ་ངོ་མཛད་པ་དང་། དཔལ་རྡོ་རྗེ་འཇིགས་བྱེད་ཧེ་རུ་ཀཱར་སྣང་བ་དང་། དཔལ་བདེ་མཆོག་གི་བཤང་རྒྱུད་ཨ་བྷི་དྷ་ནའི་ལྷའི་འཁོར་ལོའི་གཙོ་བོ་མཛད་པ་དང་། སེངྒེ་སྒྲ་དང ་ཀུ་མུ་ཏ་དང། ཁྱེའུ་བཟང་དང་། འཇམ་དཔལ་ཚིག་བཞིན་གཞོན་ནུ་ལ་སོགས་པ་གདུལ་བྱ་ཇི་ལྟར་མྱོས་པར་སྣང་བ་ཡིན་ནོ།། ད་ཡང་ཤར་ཕྱོགས་སུ་འཚང་རྒྱ་བར་འགྱུར་བར་འཇམ་དཔལ་གྱི་ཞིང་གི་བཀོད་པའི་མདོ་ལས ་གསུངས་སོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་མ་གཏང་བས་འཁོར་བ་མ་གཏོངས་ཀྱི་བར་དུ་སྐུ་དང་གསུང་དང་ཐུགས་ཀྱི་འཕྲིན་ལས་དང་། འཕྲིན་ལས་ཉི་ཤུ་རྩ་བདུན་དང་། འཕྲིན་ལས་སུམ ་ཅུ་རྩ་ལྔ་དང་། ཆོ་འཕྲུལ་ཆེན་པོ་གསུམ་ལ་སོགས་པ་རྒྱུན་མི་འཆད་པ་འཁོར་ནས་འདྲེན་པར་མཛད་ཀྱང་འཁོར་བའི་སེམས་ཅན་ཟད་པར་མི་འགྱུར་ཏེ། འཁོར་བ་ལ་ཐོག་མཐའ་མེད་པའི་ཕྱིར་རོ།། དོན་འདི་གསལ་བར་མཛད་པའི ་ཕྱིར་འཕགས་པ་སྤྱན་རེས་གཟིགས་དབང་ཕྱུག་གིས་སེམས་ཅན་རྣམས་འཁོར་བ་ནས་འདྲེན་པ་ཐུགས་དམ་བཅས་པ་ལས། སེམས་ཅན་གྱི་ཁམས་ལ་གཟིགས་པས་དབུགས་པོའི་དུས་སུ་བཅོམ་ལྡན་འདས་སྣང་བ ་མཐའ་ཡས་དབུ་ལོ་བཞུགས་པ་ཡིན་ནོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དཀའ་བ་དཔག་ཏུ་མེད་པ་སྐུ་ཉམས་སུ་བཞེས་པ་ཡིན་ཏེ། འདི་ལྟར་བཅོམ་ལྡན་འདས་ཤཱཀྱ ་ཐུབ་པས་ཀྱང་བསྐལ་པ་གྲངས་མེད་པ་གསུམ་དུ་སྐྱེས་པའི་རབས་དེ་དང་དེ་དག་ཏུ་གཏོང་བ་དང་། གཏོང་བ་ཆེན་པོ་དདྨ། ཤིན་ཏུ་གཏོང་བའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ ་གཏན་རྣམས་སེམས་ཅན་གྱི་ཆེད་དུ་བྱ་དཀའ་བ་དཔག་ཏུ་མེད་པ་སྐུ་ཉམས་སུ་བཞེས་པའི་ཕྱིར་རོ།། བ་ཚ་ཆུ་ཀླུང་གི་མདོ་ལས་ཇི་སྐད་དུ། ཆུང་མ་རྣམས་དང་བུ་ཚེ་རྒྱལ་སྲིད་དབང་ཕྱུག་ཆེན་པོ་པ།། ཤ་རྣམས་དང་ནི་ཁྲག ་དང་ཚོལ་དང་ལུས་དང་མིག། ཕ་རོལ་དགའ་བའི་དབང་དུ་བྱས་ནས་ངས་ནི་གཏང་བ་ཡིན།། གང་གི་སེམས་ཅན་རྣམས་ལ་ཕན་ན་ང་ལ་མཆོད་མཆོག་ཡིན།། སེམས་ཅན་རྣམས་ལ་གནོད་པ་བྱས་ན་ང་ལ་གནོད་པ་བྱས། ཞེས ་བྱ་བ་ལ་སོགས་པ་ཤློ་ཀ་བཅུ་གཅིག་གསུངས་སོ།། དུས་དེང་སང་ཡང་འཛམ་བུའི་གླིང་འདིར་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་བཏང་བ་དང་། སློབ་དཔོན་ཨཱརྱ་དེ་བས་སྤྱན་བཏང་བ་དང་། སློབ་དཔོན་མཱ་ཏི་ཙི་ཊ ་རྟ་དབྱངས་ཀྱིས་སྟུག་མོ་ལ་སྐུ་བཏང་བ་དང་། བདག་གི་བླ་མ་བྲམ་ཟེ་ཆེན་པོ་ཛེ་ཏཱི་རཱི་དུག་ལ་སྭ་རྒྱལ་བས་སྟག་མོ་ལྔ་རྐང་པ་བཅག་ནས་བྱིན་པས་དུས་དེ་ཉིད་དུ་འདས་སོ།། སྐྱེས་བུ་དོ་དག་ནི་བྱམས་པ་དང་སྙིང་རྗེས་རྒྱུད་བརླན ་པའི་བྱང་ཆུབ་ཀྱི་སེམས་སྦྱོང་བར་མཛད་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་རབ་ནི་སྦྱོར་བའི་ལམ་ལ་བྱང་ཆུབ་ཀྱི་སེམས་གཤའམ་སྐྱོ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་ས་ལྔས་མོས་པ་སྤྱོད་པའི་ས་ལ་དགེ་བའི ་བྱབུ་བརྟེན་པ་གཅིག་ལ་བྱང་ཆུབ་ཀྱི་སེམས་སྐྱེའོ་ཞེས་གསུངས་སོ།། དེ་བས་ན་བྱང་ཆུབ་སེམས་དཔའ་གཞན་གཅེས་པར་བྱ་དགོས་པ་ཡིན་པས་ན་བདག་དང་གཞན་བརྗེ་བས་བྱང་ཆུབ་ཀྱི་སེམས་སྦྱང་བར་བྱའོ།། བདག་སྔོན ་སོ་མ་སྥུ་རིའི་ནགས་གསེབ་ན་འདུག་པ་ན། འཇིག་རྟེན་དབྱང་ཕྱུག་གིས་ཞལ་མངོན་སུམ་དུ་བསྟན་ནས་རིགས་ཀྱི་བུ་མྱུར་དུ་འཚང་རྒྱ་བར་འགྱུར་བ་དང་། གཞན་གྱི་དོན་འདོད་ན་བྱང་ཆུབ་ཀྱི་སེམས་སྦྱང་བ་དང་། སྤེལ་བ་ལ་བརྩོན ་འགྲུས་ཀྱིས་ཤིག། ཅེས་གསུངས་ནས་མི་སྣང་བར་གྱུར་ཏོ།། ཡང་རྡོ་རྗེའི་གདན་ལ་བསྐོར་བ་བྱེད་ཅེ་ན། རྗེ་བཙུན་མོ་སྒྲོལ་མ་དང་། རྗེ་བཙུན་མ་ཁྲོ་གཉེར་ཅན་གྱི་ཞལ་ནས་མྱུར་དུ་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས ་ལ་འབད་པར་བྱའོ་ཞུས་གསུངས་སོ།། ཡང་རྡོ་རྗེ་གདན་ན་འདུག་པའི་དུས་སུ་སྐར་ཁུད་ནས་བྷ་དན་དྷ་ཁྱོད་བྱང་ཆུབ་ཀྱི་སེམས་སྦྱང་བར་འདོད་ན་བྱམས་པ་དང་སྙིང་རྗེ་གོམས་པར་གྱིས་ཤིག་ཅེས་གསུངས། ཡང་རྗེ་བཙུན་གསེརཱ་གླིང ་པའི་ཞལ་ནས། ཚེ་དང་ལྡན་པ་བྱམས་པ་དང་སྙིང་རྗེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སྦྱོངས་ཤོག། དེ་མ་སྦྱངས་ན་བྷཾ་གཽ་ལའི་རྣལ་འབྱོར་པ་ལྟར་མི་འགྲུབ་བོ།། བྱང་ཆུབ་ཀྱི་སེམས་ནི་ཐེག་པ་ཆེན་པོའི་ཆོས་མ་ལུས་པའི་རྩེ ་བབར་གྱུར་པ། རྒྱུར་གྱུར་པ་ས་བོན་དུ་གྱུར་པ་ཡིན་ཏེ། དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། ཐམས་ཅད་མཁྱེན་པའི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ།། རྩ་བ་ནི་སྙིང་རྗེ་ཆེན་པོའོ་ཞེས་གསུངས་པས་སེམས་ཀྱི་སྐད ་ཅིག་རེ་རེ་ལ་དྲན་པ་དང་ཤེས་བཞིན་གྱིས་བྱམས་པ་དུང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྒྱུན་མི་འཆད་པར་བསྐྱེད་པར་བྱའོ།། རྒྱུད་དེ་ལས་འདི་སྐད་དུ་གསུང་སྟེ། ཉམས་ན་གསོར་མི་རུང་བའི་ཆོས་བཞི་སྟེ། བྱང་ཆུབ་ཀྱི་སེམས་གཏོང ་བ་དང་། སེམས་ཅན་ལ་གནོད་པ་བྱེད་པ་དང་། དེའི་ཆོས་སྤོང་བ་དང་། སེར་སྣ་བྱེད་པའོ།། དེ་ལ་བྱང་ཆུབ་ཀྱི་སེམས་མ་ཉམས་ན་གསུམ་པོ་གསོར་རུང་ལ། དེ་ཉམས་ན་གསུམ་པོ་མ་ཉམས་ཀྱང་སོར་མི་ཆུང་ངོ་།། དེ་བས ་ན་སྐྱེ་བའི་རྒྱུ་ལ་མཁས་པར་བྱ། གཟུང་བ་དང་། བསྒྲུབ་པ་དང་། སྤྱད་པ་དང་། སྤེལ་བ་ལ་ཤིན་ཏུ་བརྟན་པར་བྱའོ།། འདིའི་དོན་རྒྱས་པར་འཕགས་པ་བྱམས་པ་འཇུག་པའི་མདོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་དང་། ་@བསོད་ནམས་ཐམས་ཅད་བསྡུད་པའི་མདོ་དང་། ནམ་མཁའ་མཛོད་ཀྱིས་ཞུས་པ་ལ་སོགས་པའི་མདོ་ལས་བལྟ་བར་བྱའོ།། དང་པོ་ཁས་བླངས་པའི་ཚུལ་ཁྲིམས་གསུམ་པོ་མིག་གི་འབྲས་བུ་བཞིན་དུ་སྲུངས་ཤིག། ་ཚུལ་ཁྲིམས་གཡག་གི་རྔ་མ་བཞིན་བསྲུངས་ཤིག། རྒྱུ་དང་འབྲས་བུ་ཤེས་ནས་དེ་ཆུང་གསན་པར་མི་བྱ་ངེས་པར་མྱུར་དུ་འཆི་བར་འགྱུར་ཏེ། འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད་པ་དང་། ད་ལྟ་ཚེའི་སྙིགས་མ་ཡིན་པས་ཡུན་རིང་དུ ་གནས་པའི་མཐུ་མེད་དེ། འཆི་བ་རྗེས་སུ་དྲན་པར་བྱ། ཕྱི་ནང་ཐམས་ཅད་མི་རྟག་པ་གསུམ་གྱིས་ཟིན་པས་ངེས་པར་མྱུར་དུ་མེད་པར་འགྱུར་རོ་སྙམ་པ་དང་། སྡིག་པ་དང་ལྟུང་བ་ཐམས་ཅད་སྟོབས་བཞིས་སྦྱངས་པར་བྱ་བ་དང་། གཞན ་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་ན་འདག་སྟེ། ཉན་ཐོས་རྣམས་ཀྱང་སྣོད་ལས་ལོག། ཐེག་པ་ཆེ་ལ་ཞུགས་པ་ཡིས།། སེམས་ཅན་རྣམས་ལ་བུ་བཞིན་བྱམས།། བྱམས་དང་སྙིང་རྗེ་བསྐྱེད་པ་ཡིས།། སྔོར་བྱས་ཉེས་པ་དེ་ཡིས ་འདུག་ཅེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་སོ།། གཟུངསུ་ཁྱད་པར་ཅནི་བཟླས་པ་དང་། ལྟུང་བཤགས་དང་། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་དང་། ཕུང་པོ་གསུམ་པའི་མདོ་ལ་སོགས་པོས་འདག་གོ།། ལྷུང་བ་དང་སྡིག་བྱ་ཉིད་མ ་སྐྱེས་པར་ཤེས་ནས་འདོག་པར་མདོ་ལས་གསུངས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་ན་འདག་པས་མཉམ་པར་ལྟ་དགོས་ཏེ། སེམས་ཅན་ལ་བརྟེན་ནས་སངས་རྒྱས་འབྱུང་བས་སེམས་ཅན་གཙོ་བོར་བྱའོ།། དབུ ་མརྟོག་གེ་ལུ་འབར་བ་ལས་འདི་སྐད་དུ། འབྲས་བུ་ལ་རེ་བའི་ཞགས་པས་བཅིངས་པ་རྣམས་ནི་སྦྱིན་པའི་ཞིང་འདས་པར་བྱེད་ཅིང་ཚོལ་ཏེ། གཞན་དྲུག་བཀྲེས་པ་དང་སྐོམ་པ་ལ་སོགས་སྡུག་བསྔལ་ཞི་བར་བྱ་བའི་ཕྱིར་སྣོད་མ་བཆིས ་པར་བྱིན་ན་ཆོས་མཉམ་པ་ཉིད་རྟོག་པར་འགྱུར་ཏེ། ཇི་སྐད་དུ། མདོ་ལས་གཞན་དུ་ཆོས་གཙུག་གིས་བྱང་ཆུབ་སེམས་དཔའ་མྱུར་དུ་མངོན་པར་རྟོགས་པར་འཚང་རྒྱ་སྟེ། སེམས་ཅནི་ཐམས་ཅད་ལ་སེམས་མཉམ་ཞིང་སྙོམས ་ང་བ། དེ་ཚིག་གས་ནི་དག་གི་སྔོན་པའི་ཡིན་གྱི་ང་འགྲོལ་སྔོ་ནི་མི་ཡོའོ། ན་པོ་མ་རྟོས་ཏོད་སེཾ་མ་ཅུ། མ་མཅི་སུམ་ནི་བྱིན་རྩེ་ཞིང་གང་བའི་དི་བདུ་གྲོལ་བྱོ་ནི་མའི་ཏེ་རློན་ཅན་ལ་མདོ་ཏ་པ་དང་ཏུ ་ཝཱའོ་ཞེས་གསུངས་པས་བྱང་ཆུབ་སེམས་དཔའ་ལྷག་པའི་བསམ་པ་བརྟན་པ། སྙིང་རྗེས་རྒྱུན་བརླན་པ་རྣམས་ཀྱིས་སྦྱིན་པའི་ཞིང་བངན་པར་མི་བྱ་ཞེས་རྟོག་གེ་ལ་འབར་བར་གསུངས་སོ།། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བ་ཆེ་ཆུ ་ཀླུང་ནས་ཕྱུང་བའི་སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ་ཡང་གསུངས་སོ།། ཐིག་པ་ཆེན་པོའི་མདོ་སྡེ་གཞོན་ལས་ཀྱང་གསུངས་སོ།། རྒྱལ་པོ་ཨིནྡྲ་དྷཱུ་ཏིའི་ཞལ་ནས། ལུས་ཅན་ཀུན་ལ་མཉམ་ཉིད་ཀྱིས།། ཡང་དག ་སེམས་ནི་བསྐྱེད་པར་བྱ།། གང་ཡིང་མི་མཉམ་ཉིད་གནས་ནས།། ཐོག་མ་དབུས་མཐའ་ལས་གྲོལ་བའི།། ཡེ་ཤེས་དེ་ནི་སྐྱེ་མི་འགྱུར།། ཞེས་གསུངས།། དབང་པོ་རྟུལ་པོ་ལས་དང་པོ་པོ་གསར་བུ་བློ་མ་སྦྱངས་པ་སྙིང་རྗེ་མ ་གོམས་པ་སྙིང་རྗེ་ཆུང་བ་རྣམས་ཀྱིས་ནི་ཞིང་བདམ་པར་བྱ་སྟེ། མདོ་སྡེ་དང་། རྒྱུད་སྡེ་དང་། ཆོས་བཤད་པ་བརྒྱ་པ་ལས་འགྱུར་གསུངསོ།། ལས་དང་པོ་པ་དེས་མཉམ་པར་མ་གཞག་པ་ན་སྤྱོད་ལམ་ཐམས་ཅད་དྲན་པ ་དང་ཤེས་བཞིན་གྱིས་ཟིན་པར་བྱ། ཐ་མལ་པའི་སྐྱེ་བོ་དང་སེ་གྲོལ་གཏོགས་པ་ཙམ་ཡང་ལྷན་ཅིག་ཏུ་གནས་པར་མི་བྱ། བྲེ་མོའི་གཏམ་ཡང་སྤང་། ཡི་དགས་ལ་རྒྱུན་ཏུ་གཏོར་མ་བཏང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀླག་པ་དང ་ཁ་ཏོན་བྱ། མངོན་པར་ཤེས་པ་མོ་ཐོབ་ཀྱི་བར་དུ་ཆོས་བཤད་པ་མི་བྱ། སྟོང་པར་གནས་དུང་སེམས་ཅན་ཡོངས་སུ་མི་གཏོང་དང་། ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་བརླབས་ཅན་ཞེས་པའི་ཡོན་ཏན་དེ་ལྟ་བུ་དང་ལྡན ་པར་བྱ། རྨི་ལམ་གྱི་སེམས་ཀྱི་གནས་སྐབས་ན་ཡང་སྙིང་རྗེ་མ་བྲལ་བར་བྱ། འཕྲལ་གྱི་སྤྱོད་ལམ་ཐམས་ཅད་འཕགས་པ་དཀོན་མཆོག་སྤྲིན་ལས་གསུངས་པ་བཞིན་བྱ། ཅི་ནས་ཀྱང་ཕ་རོལ་མགུ་བར་བྱ། འདོད་པ་ཆུང་བ་དང་ཆོ་ག ་ཤེས་པ་དང་། ཞི་བ་དང་དུལ་བར་བྱ། འཇིག་རྟེན་གྱི་ཆོས་བརྒྱད་མགོ་མནན་པར་བྱ། དགེ་བ་བཅུ་སྟོབས་དང་ལྡན་པར་བྱ། དངོས་པོ་ཐམས་ཅད་ལ་ཆགས་པ་དང་། ཞེན་པ་ཆུང་བར་བྱ། ཆོས་ཐམས་ཅད་མཉམ་པ་ཉིད་དང ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་གཉེན་པོར་འགྱུར་བར་བྱ།། ཕ་རོལ་སྡུག་བསྔལ་བ་མཐོང་ན་དེ་རབ་ཏུ་བྱུང་བ་ཡིན་ན་འཚོ་བའི་ཡོ་བྱད་མ་ཡིན་པ་གཏང་བར་བྱ། ཁྱིམ་པ་ཡིན་ན་ཡོ་བྱད་ལ་ཆགས་པ་མེད་པར་གཏང་བར ་བྱཱབྱ། བདག་གི་ལུས་དང་ལོངསུ་སྤྱོད་དང་།། དུས་གསུམ་དགེ་བ་སྐྱེས་པ་རྣམས།། སེམས་ཅན་ཀུན་གྱི་ལོངས་སྤྱོད་ཕྱིར།། འཕངས་པ་མེད་པར་བཏང་བར་བྱ།། བླ་མ་རྗེ་བཙུན་ཨ་བ་དྷཱུ་ཏི་པའི་ཞལ་ནས། རང་སྐྱོན་རྟོག་ལ་མིག་རྣོན ་བཞིན།། གཞན་སྐྱོན་རྟོག་ལ་ལོངས་པ་བཞིན།། དྲང་དང་ང་རྒྱལ་མེད་པ་དང་།། རྟག་ཏུ་སྦྱོང་ཉིད་བསྒོམ་པར་བྱ།། སྙིང་རྗེ་དངོས་དང་བརྒྱུད་པ་ཡིས།། བདག་དང་གཞན་རྣམས་བརྗེ་བར་བྱ།། གྲང་ཕྱིར་རང་པོས་སེམས་ཅན་གཅེས ་ཞེས་བླ་མ་ནཱ་རོ་པའི་ཞལ་ནས་གསུངས་སྐད། བྱང་ཆུབ་སེམས་དཔའ་རང་བས་གཞན་གཙེས་པར་བྱ་དགོས་པས་བདག་དང་གཞན་བརྗེ་བར་བྱའོ།། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ནི་གསང་སྔགས་ཀྱི་ཡང་གནང་ཡིན ་ཏེ། རྩ་བའི་ལྟུང་བ་བཅུ་བཞི་པ་ལས། སེམས་ཅན་རྣམས་ལ་བྱམས་པ་སྤོངས།། བཞི་པ་ཡིན་པར་རྒྱལ་བས་གསུངས།། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས།། དེ་སྤོང་བ་ནི་ལྔ་པ་ཡིན། ཞེས་གསུངས་སོ།། གཞན་མི་སྨོང ་པ་དང་། གཞན་གྱི་སྡིག་རྐྱེན་མི་བྱ་བར་དཔག་ཚད་བརྒྱར་འགྲོ་བར་བྱའོ།། རབ་ཏུ་བྱུང་བའི་བྱང་ཆུབ་སེམས་དཔའ་ཡིས།། གང་ན་རྩོད་པ་ཡོད་པ་ཡི་ས་ཕྱོགས་ནས།། དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བར་བྱ།། གལ་ཏེ ་མ་བྱོན་བྱང་ཆུབ་སེམས་དཔའ་ཉམས།། ཞེས་གསུངས་སོ།། ཕ་རོལ་ཏུ་ཕྱིན་པ་དྲུག་ཅི་ནུས་ཀྱིས་སྤྱད། ཚོགས་ལམ་གྱི་ཆོས་བཅུ་གསུམ་དང་། འཕགས་པའི་ནོར་བདུན་དང་རྗེས་སུ་དྲན་པ་དྲུག་དང་། བསྡུ་བའི་དངོས་པོ ་བཞི་དང་། སྐྱེས་བུ་དམ་པའི་རྣམ་པར་རྟོག་པ་བཅུ་དྲུག་དྲན་པར་བྱའོ།། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་རྣམ་པར་རྟོག་པ་བརྒྱད་དྲན་པར་བྱའོ།། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས་འཁོར་བའི་ཉེས་དམིགས ་བདུན་གསུངས་པ་དང་། འཕགས་པ་ཐོགས་མེད་ཀྱིས་འཁོར་བའི་ཉེས་དམྱིག་སི་མི་རྟག་པ་བདུན་གསུངས་པ་ཡང་དྲན་པར་བྱའོ།། འདོད་ཡོན་ལྔའི་ཉེས་དམིགས་ཤེས་པར་བྱ་ཞིང་གཉེན་པོ་བསྟེན། ཆོས་མ་ཡིན་པ་ཅི་ཡང་མི་བྱ ་བྱམས་པ་དང་སྙིང་རྗེ་རྗེ་སུ་དྲན་པ་དངོས་དང་བརྒྱུད་པའི་སེམས་ཅན་གྱི་དོན་བྱ། ཨེ་མའོ་ནམ་ཞིག་ན་འདི་རྣམས་འཁོར་བ་ནས་ཐོན་པར་བྱ། ཀྱི་ཧུད་འདི་རྣམས་ཇི་ལྟར་བྱས་ན་སྙམ་པ་ཡང་དང་ཡང་དུ་དྲན་པར་བྱའོ།། སངས ་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་གང་།། སེམས་ཅན་ཀུན་ལ་སེམས་སྙོམས་པ་མའི་འདུ་ཤེས་དང་། ཕན་པའི་སེམས་དང་བྱམས་པའི་ཡིད་ཀྱི་གནས་པར་བྱ།། ཐ་བ་མེད་ཅིང་དྲང་ལ་ཚིག་འཇམ་སྨྲ་བོར་བྱ། ཞེས ་གསུངས་པ་ལྟར་བྱ། དགེ་བ་ཕྲ་མོ་ཡང་མྱུར་དུ་མ་བསྔོས་ན་སོག་མ་མེད་དང་འབྲོག་གནས་ཀྱི་གཏམ་བརྒྱུད་དང་འདྲའོ།། དེ་ལྟར་གུས་པ་དྲང་ཡུན་རིང་བ་དང་རྒྱུན་མི་འཆད་པར་བྱང་ཆུབ་སེམས་དཔའ་ངེས་མཉམ་པར་མ་གཞག ་པའི་དུས་སུ་ཡང་ཇི་སྐད་བཤད་པའི་ཆོས་དེ་རྣམས་ཉམས་སུ་བླངས་ནས། མཉམ་པར་གཞག་པའི་དུས་སུ་སྔར་བཤད་པའི་ནམ་མཁའི་རྡོ་རྗེའི་ཏིང་ངེ་འཛིན་བསྒོམ་ཞིང་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཅུང་ཞིག་གསལ་བ ་དང་རང་གི་ལུས་ཡོད་པར་མི་ཚོར་བ་དང་། ཉོན་མོངས་རྣམས་ཀྱང་ཅུང་ཟད་ཞི་བ་དང་།། འཇིག་རྟེན་པའི་བྱ་བ་དང་ཐ་སྙད་རྣམས་འོལ་ཕྱིར་བརྗོད་པ་དང་། ཕྱི་ནང་གི་དངོས་པོ་ཀུན་ཡང་བན་བུན་དང་ལང་ལོང་དུ་མཐོང་བ་དང་། གཟུགས་ཕྲ་བ ་དང་། རིག་པ་ཡང་བ་དང་། ཁྱབ་པ་དང་། འཇམ་པ་དང་། ཡང་བ་དང་། དགའ་བ་དང་། ཉམས་བདེ་བ་འབྱུང་ངོ་།། གཞན་ཡང་འཕགས་པ་བསྡུད་པ་ལས་གསུངས་པའི་རྟགས་ཀྱང་སྐྱེ་སྟེ། ཐ་དད་འདུ་ཤེས ་བྲལ་ཞིང་རིག་པ་ལྡན་ཚིག་སྨྲ་ཞེས་པ་ལྔ་སོགས་པའི་ཚིག་རྐང་པ་ཉི་ཤུ་རྩ་བཞི་གསུངས་སོ།། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དད་པ་དང་། ་བརྩོན་འགྲུས་དང་། དྲན་བཱི་དང་། ཏིང་ངེ་འཛིན་དང་། ཤེས་རབ་རྣམས་སྒོམ་པས་ཚོགས་ཀྱི་ལམ་ལ་གནས་པ་དང་། ལས་དང་པོ་པའི་སྣ་དང་། དད་པའི་ས་ལ་གནས་པ་དང་། ཐར་པའི་ཆ་དང་མཐུན་པའི་དགེ ་འི་དྷཱུ་བཱི་རྣམས་བསྐྱེད་པ་ཡིན་ནོ།། དེ་ནས་ངེས་པར་བྱེད་པའི་ཆ་དང་མཐུན་པའི་དགེ་བ་རྣམས་བསྐྱེད་པར་བྱ་བའི་ཕྱིརཇི་སྐད་བཤད་པ་བཞིན་དུ་གུས་པ་དང་། ཡུན་རིང་བ་དང་། རྒྱུན་མི་འཆད་པར་འབོད་པ་དང ་རིམ་གྱིས་དབང་པོ་ལྔ་དང་། སྟོབས་ལྔ་དང་། སྣང་བ་ཐོབ་པ་དང་། སྣང་པོ་མཆེད་པ་དང་། དེ་ཁོ་ནིའི་དོན་ལོ་ཕྱོགས་གཅིག་ཏུ་ཞུགས་པ་དང་། བཻ་ཚིད་མེད་པའི་ཏིང་འཛིན་ཐོབ་པ་ད་། དོན་དམ་པའི་ཟདེན་པ་རྟོགས ་པར་གྱུར་པ་ནས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་ཡིན་ནོ།། དུས་དེར་བཟོད་པ་བཞི་དང་། མཉམ་པ་ཉིད་བཞི་ཡང་སྐྱེའོ།། དེ་ནས་ཕ་རོལ་ཏུ་ཕྱིན་པ་བཅུ་རྫོགས་པ་དང་། དབང་བཅུ་དང་། སྣང་བ ་བརྒྱད་དང་། རྒྱན་བཞི་དང་། སྙིང་རྗེ་བཅུ་དྲུག་ལ་སོགས་པ་ཐོབ་པ་ཡིན་ཏེ། སའི་རྣམ་པར་གཞག་པ་ནི་མདོ་ས་བཅུ་པར་གསུང་སོ།། ཇི་ལྟར་ས་བཅུའི་བར་དུ་མཉམ་པར་གཞུག་པ་དང་། དེའི་རྗེས་ལ་ཐོབ་པ་ཡིན་ཏེ་ཇི་སྐད་དུ ་འཕགས་པ་རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལུས་བྱང་ཆུབ་སེམས་དཔའ་དེ་ནང་དུ་མཉམ་པར་གཞུག་པ་ན་ཆོས་ཐམས་ཅད་ན་མཁའི་དཀྱིལ་ལྟར་མཐོང་ལ། དེའི་རྗེསྣ་ལས་ཐོབ་པ་ན་སྒྱུ་མའི་དཔེ་བརྒྱད་ཀྱིས་ཚུལ ་བཞིན་དུ་མཐོང་ངོ་ཞེས་གསལ་པོར་གསུངས་སོ།། གང་གི་ཚེ་རྣམ་པར་རྟོག་པ་མཐར་ཐུག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པ་ན་རྗེས་ལྔས་ཐོབ་པ་ཡང་མི་མངའ་སྟེ། ཆོས་ཀྱི་དབྱིངས་སུ་གྱུར་ནས་ཆོས་སྐུ་མྱངོན་སུམ་དུ་བརྙེས ་སོ།། དུས་དེ་ནས་བཟུང་ནས་ཇི་སྲིད་ན་མཁའ་གནས་ཀྱི་བར་དུ་ཆོས་ཀྱི་སྐུ་བཞུགས་པས་རྗེས་ལས་ཐོབ་པ་ཡང་མི་མཧཱའོ།། གང་གིས་ང་ལ་གཟུགས་སུ་མཐོང་།། གང་གིས་ང་ལྔ་སྒྲར་ཤེས་པ།། ལོག་པའི་ལམ་དུ ་ཞུགས་པས་ན།། སྐྱེ་བོ་དེ་ཡིས་དེ་མི་མཐོང་།། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ་གཟུགས།། འདྲེན་པ་རྣམས་ནི་ཆོས་ཀྱིས་གཟིགས།། ཞེས་གསུངས་པ་དང་། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས། ཐམས་ཅད་རྣམ་ཤེས ་ཕུང་པོར་ཞུགས།། རྣམ་ཤེས་དེ་ཡང་འོད་གསལ་བའོ།། མྱ་ངན་འདས་དང་ཀུན་སྟོང་དང་།། ཆོས་ཀྱི་སྐུ་ཡང་གསུངས་པ་ཡིན།། ཞེས་གསུངས་པ་དང་། འཕགས་པ་ཆོས་ཡང་དག་པར་སྡུད་པ་ལྔས་ཀྱང་། སངས་རྒྱས ་དངོས་ནི་སྐྱེ་བ་མེད་པའོ་ཞེས་དང་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལས་ཀྱང་། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ།། རྣམ་དྲག་ན་མཁའ་ལྟ་བུ་ཡིན།། ཞེས་དང་། ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱང་། ་ཤེས་རབ་ཕ་རོལ་ཕྱིན་གཉིས་མེད།། ཡེ་ཤེས་དེ་ནི་དེ་བཞིན་གཤེགས་ཞེས་དང་། སློབ་དཔོན་ཉིད་ཀྱི་ཞལ་སྔ་ནས་ཀྱང་། ནམ་མཁའ་བཞིན་དུ་གོས་པ་མེད།། སྤྲོས་པ་མེད་ཅིང་མི་འགྱུར་བྱའི།། ངོ་བོ་གང་ཡིན་མཐོང་བ ་ནི།། དེ་ཡིས་དེ་བཞིན་གཤེགས་པ་མཐོང་།། འཕགས་པ་ཡོན་ཏན་རྫོགས་ཁྱོད་དང་།། འགྲོ་བའི་བླ་མ་སངས་རྒྱས་ལ།། ཟླ་བ་དང་ནི་འོད་ཟེར་བཞིན།། མཁས་པ་རྣམས་ཀྱིས་དབྱེ་མི་མཐོང་ཞེས་པ་དང་། ཡང་སློབ་དཔོན ་ཉིད་ཀྱི་ཞལ་སྔ་ནས། དགེ་ཆོས་ཀུན་ལ་མི་གནས་པར།། ཆོས་ཀྱི་དབྱིངས་ཀྱི་དངོས་གྱུར་ཅིང་།། མཆོག་ཏུ་ཟབ་པའི་བརྙེས་པ་ཡི།། ཟབ་མོ་ཁྱོད་ལ་ཕྱག་འཚལོ།། ཞེས་པ་དང་། ཡང་ཆོས་ཀྱི་དབྱིངས་དང་སངས་རྒྱས་རྣམས ་དེས་ན་དོན་དུ་ཐ་མི་དད་ཅེས་དང་། ཡང་སྐྱེ་བ་མེད་པའི་ངོ་བོ་ཡིས།། ཁྱོད་ལ་སྐྱེ་བ་ཡོང་མི་མངའ།། མགོན་པོ་གཤེགས་དང་བཞུགས་མི་མངའ།། དངོས་མི་མངའ་ལ་ཕྱག་འཚལོ་ཞེས་པ་དང་། ཡང་སངས་རྒྱས་རྣམས ་ནི་དུས་རྟག་ཏུ།། ཆོས་ཉིད་འདི་ལྟ་བུ་ལ་བཞུགས།། ཞེས་པ་ལ་སོགས་པ་མང་དུ་གསུངས་ཏེ། རེ་ཞིག་བཞག་གོ། རྗེ་བཙུན་ཨཱརྱ་དེ་བའི་ཞལ་སྔ་ནས། རེ་ཞིག་དངོས་འདི་ན་མཁའི་ནགས་ཚལ་ལས།། སྐྱེས ་བའི་པདྨ་བཞིན་དུ་དངོས་མེད་དེ།། གཉིས་ཀ་དག་ལས་གཞན་པའང་རི་བོང་རྭ་བཞིན་ནོ།། ཐར་པའི་རྣམ་པ་ཅི་འདྲ་བ་ཞིག་ཡོད་ཅེས་པ་དང་། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལ་བཏུས་པའི་རྒྱུད་ལས་ཀྱང་། སངས་རྒྱས་རྣམས་ཀྱང་གང་གི་ཚེ ་གཞན་གྱི་དོན་མི་མཛད་པ་དེའི་ཚེ་ཡང་དག་པའི་མཐའ་ལ་གནས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ནས་བཞུགས་སོ་ཞེས་གསུངས་པ་དང་། སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་ཞལ་སྔ་ནས་ཀྱང་། འདི་ལྟར་སེམས་ཅན་ཐམས་ཅད ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་སྐུར་གྱུར་པ་དེའི་ཚེ་སངས་རྒྱས་མ་ལུས་པ་ཐམས་ཅད་ཆོས་ཀྱི་དབྱིངས་རྣམ་པར་རིག་པ་ཉིད་དུ་གྱུར་ནས་དེའི་དང་ཉིད་དུ་བཞུག་སོ།། ཞེས་བསྡུ་བ་གཏན་ལ་དབབ་པར་གསུངས་པས། ་སློབ་དཔོན་འདི་ཡང་དག་པར་ནཱ་གཉིས་སུ་མེད་པའི་ཡེ་ཤྲཱིས་ཀྱང་མི་བཞེད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་ཡང་མི་བཞད་དེ། ས་གསུམ་པའི་དབང་ཕྱུག་བརྙེས་པས་ཆོས་ཐམས་ཅད་སྐྱེ་བ་མེད་པར་ཐུག་སུ་ཆུད་པའི་ཕྱིརརོ།། ་དོན་འདི་ལས་དགོངས་ནས་རྡོ་རྗེ་ཕྲེང་བའི་རྒྱུད་ལས། འདི་ནི་དོད་བདེན་པ་སྟེ།། སྣང་བ་མེད་ཅིང་མཚན་མ་མེད།། དོན་དམ་བདེན་པ་ཞེས་ཀྱང་བྱ།། སངས་རྒྱས་ཀུན་གྱི་བཞུགས་གནས་ཡིན།། ཞེས་གསུངསོ།། སློབ་དཔོན་ཟླ་གྲགས་ཀྱི་ཞོལ ་སྔནས་ཀྱང་། ཆོས་ཉིད་སྐྱེ་བ་མེད་པ་ནི།། ཐུབ་གན་སངས་རྒྱས་ཡིན་པར་གསུངས།། ཞེས་གསུང་སོ།། ཐོག་མ་མེད་པ་ནས་དངོས་པོ་ལ་མངོན་པར་ཞེན་བྱས་བདེན་པ་གཉིས་ཀྱི་ཚུལ་མི་ཤེས་བྱ་དག་ན་རེ་ཁྱེད་དབུ་མ་པ་ལྟར་གྱུར་ན་སངས། ་རྒྱས་རྣམས་ཀྱིས་བསྐལ་པོ་གྲངས་མེད་པ་མང་པོར་བྱང་ཆུབ་སེམས་དཔར་གྱུར་པ་ན་བྱ་དཀའ་བ་དཔག་ཏུ་མེད་པ་མཛད་པ་དང་། བསོད་ནམས་ཀྱི་ཚོགས་གྲངས་མེད་པ་བསགས་པ་ལ་དོན་མེད་ཅིང་ཆོས་དང་དགེ་འདུན་ཡང་མེད ་བླར་འགྱུར་རོ།། སེམས་ཅན་རྣམས་འཁོར་བུ་ནས་འདོན་པར་བྱེད་པ་མེད་པས་སྡིག་པ་ཅན་གྱི་ལྔ་བ་དེ་ཐག་བསྲིངས་ལ་བཞག་གོ། འདི་ནི་དཀར་པོའི་ཆོས་ཀྱི་ལོ་ཏོག་གི་སེར་བ་ཕྱི་རོལ་པ་ཆད་པར་སྨྲ་བ་པས་འདི་ལྷག་པས་འདི་ལྟ་བུ་འདི་སྦ་ཞིང་གསང་བར ་རིགས་སོ།། དབུ་མ་པས་སྨྲས་པ། ཁྱོད་ནི་བློ་གྲོས་མ་སྦྱངས་ཤིན་བླུན་པ་སྟེ། མདོ་སྡེ་སྤྲིན་ཆེན་པོ་དང་། ལང་ཀར་གཤེགས་པ་དང་། རྔ་བོ་ཆེའི་ལེའུ་དང་། འཇམ་དཔལ་རྩ་བའི་རྒྱུད་ཆེན་པོ་རྣམས་སུ་ཡང་དང་ཡང་དུ་ལུང་བསྟན་པའི་འཕགས ་པ་ཀླུ་སྒྲུབ་ཀྱི་གཞུང་ལ་སྐུར་པ་འདེབས་པ་དེ་དག་ནི་རང་ཕུང་བར་བྱེང་ངོ་།། དེའི་བཞེད་པའི་གཞུང་གིས་སངས་རྒྱས་རྣམས་ཆོས་སྐུར་གྱུར་ཅིང་། དེའི་ཡེ་ཤེས་ཀྱང་རྟོག་པ་ཐམས་ཅང་སྤངས་ནས་ཆོས་ཀྱི་དབྱིངས་སུ་གྱུར་པས་ངེས་ན་དབྱིངས་དང ་ཡེ་ཤེས་དང་། ཡུལ་དང་ཡུལ་ཅན་མེད་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡོད། སློབ་དཔོན་གྱི་ཞལ་ནས་ཀྱང་། གང་ཕྱིར་འདས་པ་མེད་པས་ན།། དེ་ཕྱིར་མ་འོངས་པ་ཡང་མེད།། གནས་ནི་ཡོངས་སུ་གྱུར་པའི ་བཱིརརྱ།། དྲ་ལྟར་བྱུང་བ་གང་ན་གནས་ཞེས་དང་། མཉམ་པར་གཞག་དྲང་མ་གཞག་པ།། གང་ལ་འདི་དག་ཐམས་ཅད་མེད།། དངོས་དང་དངོས་མེད་རྣམ་སྤངས་པ།། ཟུང་འཇུག་ཡིན་པར་སྟོན་པས་གསུངས།། ་ཞེས་གསུངས་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་མི་བཞེད་དོ།། དུས་དེའི་ཚེ་རྣམ་པར་མི་རྟོག་པའི་ཡེ་ཤེས་མེད་པས་སྤྲོས་པ་མ་ལུས་པ་ཞི་བ་ཡིན་པས་རྗེས་ལས་ཐོབ་པའི་ཡེ་ཤེས་བྱ་བ་ཇི་ལྟ་བུ་ཞིག་ཡོད་པར་འགྱུར་ཏེ་མེད་དོ།། ་འཕགས་པ་ལང་ཀར་གཤེགས་པ་ལས། འཁྲུལ་པ་ཐམས་ཅད་སྤངས་ནས་ཀྱང་།། གལ་ཏེ་འཁྲུལ་པ་སྣང་གྱུར་ནོ།། དེ་ནི་འཁྲུལ་པ་ཡང་དག་སྟེ།། རབ་རིབ་ཡོངས་སུ་མ་དག་བཞིན།། ཞེས་གསུངས་ཏེ། དེ་ལ་རབ་རིབ་ནི་གསུམ ་སྟེ། མི་མཁས་པ་རབ་རིབ་ཅན་དང་། མཁས་པ་རབ་རིབ་ཅན་དང་། མཁས་པ་རཱབ་རིབ་དངས་པའོ།། སངས་རྒྱས་རྣམས་ནི་རབ་རིབ་དྲངས་པ་ཡིན་པས། སླར་ཡང་རབ་རིབ་སྣང་བུར་མི་འགྱུར་རོ།། འོ་ན་སངས་རྒྱས་ལ་སྐུ་དང་ཡེ་ཤེས་དང ་ཡོན་ཏན་དང་ཕྲིན་ལས་ཀྱང་མི་མངའ་འམ་ཞེ་ན་སྨྲས་པ། རྒྱུ་གསུམ་དང་རྐྱེན་གཅིག་གིས་གདུལ་བྱའི་ངོ་གང་ལ་སྣང་བ་སྟེ། གདུལ་བྱའི་དབྱེ་བས་སྐུ་ཡང་སྣ་ཚོགསུ་སྣང་ངོ་།། ཡེ་ཤེས་ཀྱང་རང་འབྱུང་གི་ཡེ་ཤེས་ཆེན་པོ་ཡིན་ཏེ། བླ་མ་ཨ ་བཛྲཱ་ཏྲི་པ་དང་། བྷྲ་མ་ཏྲ་མྱ་དཱི་བའི་ཞལ་ནས། ཡེ་ཤེས་ཆོས་ཀྱི་དབྱིངས་དང་ཐ་མི་དང་།། ཆོས་ཀྱི་དབྱིངས་ལ་རང་འཐུང་ཡེ་ཤེས་བཏ་གོས།། བསམ་དྲི་མེད་ཅིང་ཚིག་གི་སྤྲོས་དང་བྲལ།། གངལ་བྱའི་ངོ་གང་དེ་ཉིད་རྣམ་ལྔར་གསུངས། ་ས་སློབ་དཔོན་ཀླུ་སྦུབ་ཀྱིས་གསུངས་ཞེས་གསུང་སོ།། དེ་བཞིན་དུ་སྟོབས་བཅུ་ལ་སོགས་པ་དང་། ཆོ་འཕྲུལ་གསུམ་དང་ཕྲིན་ལས་ཉི་ཤུ་རྩ་ལྔ་དང་། ཕྲིན་ལས་སུམ་ཅུ་རྩ་གཉིས་རྣམས་གདུལ་བྱའི་ངོ་གུང་ལ་སྣང་ངོ་།། དེ་བས་ན་སློབ་དཔོན ་གྱི་ཞལ་སྔ་ནས། མགོན་པོ་སེམས་པ་མི་མངའ་ཞིང་།། རྣམ་རྟོག་གཡོ་བླ་མི་མངའ་ཡང་།། ཁྱོད་ཉིད་དང་གིས་སེམས་ཅན་ལ།། སངས་རྒྱས་ཕྲིན་ལས་མཛད་པར་འགྱུར།། ཡིང་། རྣམ་རྟོག་རླུང་དམར་ཐམས་ཅད་ཀྱིས།། ་དཔག་བསམ་ཤིང་ལྟར་མི་སྤྱོད་ཀྱང་།། དེ་ཡང་སེམས་ཅན་ཐམས་ཅད་ཀྱི།། བསུམ་པ་ཡོངས་སུ་རྫོགས་པར་མཛད།། ཡང་། མགོན་ཁྱོད་སེམས་ཅན་འདུ་ཤེས་ཀྱི།། འཇུག་པ་ཀུན་ཏུ་མི་མངའི་ཡང་།། སྡུག་བསྔལ་ཅན་གྱི ་སེམས་ཅན་ལ།། སྙིང་རྗེ་ཕན་སྟོངས་མཛད་པ་ཁྱོད།། ཡང་། གཞན་དོན་ཕུན་སུམ་ཚོགས་པ་ནི།། འབྲས་བུའི་གཙོ་བོ་ཡིན་པར་བཞེད་།། སངས་རྒྱས་ཉིད་སོགས་དེ་ལས་གླནྡྷ་ནི།། དེ་དག་ཞར་ལ་འབྱུང་བར་བཞིད།། ཅེས ་གསུངས་སོ།། ཡང་སློབ་དཔོན་ཨཱརྱཱ་དེ་བའི་ཞལ་ནས། བསྐལ་པ་གྲངས་མེདངྒ་མང་པོ་རྱ།། རྟག་ཏུ་གཞན་དོན་འབའ་ཞིག་མཛད།། མཐར་ཐུག་ཆོས་སྐུ་བརྙེས་པ་ན།། ཇི་སྲིད་འགྲོ་བ་གནས་དོན་དུ།། མྱ་ངན་མི་འདའ ་གཞན་དོན་མཛད།། དེ་ཕྱིར་བྱང་ཆུབ་སེམས་དཔའ་ཡིས།། གཞན་དོན་མ་ཡིན་སྤྱང་མི་བྱ།། རང་དོན་ཙམ་ལ་འབད་པ་ནི།། འགྲོ་བ་ལྔ་པོ་ཐམས་ཅད་སྦྱོང་།། རྟག་ཏུ་སྙིང་རྗེ་གཞན་གྱི་དོན།། ཉམས་སུ་ལེན་པའི་སྐྱེས་མཆོག ་ནི།། འགྲོ་བའི་ཕ་མ་དགའ་དགའ་ན།། ཞེས་གསུངསོ།། སྐུ་གསུང་རྣམ་པར་གཞག་པ་ནི།། སློབ་དཔོན་གྱི་ཞལ་སྔ་ནས། གཞན་དུ་གསུངས་པས་འདིར་བཞག་གོ། དེ་ལྟར་ཆོས་ཀྱི་སྐུའི་བྱིན་རླབས ་ལྔས། རྒྱུ་གསུམ་དང་རྐྱེན་གཅིག་གིས་གཟུགས་ཀྱི་སྐུ་དང་ཟབ་པཱ་དང་རྒྱ་ཆེ་བའི་ཆོས་སྟོན་ཏེ། སྐུའི་ཕྲིན་ལས་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་ངོ་།། དོན་འདི་ལ་དགོངས་ནས་རྒྱུད་ལས། བསམ་པ་ཐེ་དད་མོས་པ་དུ་མ ་ཡི།། སེམས་ཅན་དབང་གིས་ཁྱད་པར་མང་པོ་འཁྲུངས།། གཅིག་ན་ཆུ་ཡི་སྣོད་ནི་དུ་མ་རུ།། ཟླ་བའི་གཟུགས་བརྙན་ཤར་བུ་ངག་དང་མཚུངས།། ཞེས་གསུངས་པ་དང་། རྗེ་བཙུན་ཨཱརྱ་དྲེ་བའི་ཞལ་སྔ་ནས་ཀྱང་། ནོརེ་བུ ་ཤྭ་ཀ་ཤྲི་ལ་བྷུ་རུ་དང་། བཻ་ཌཱུརྱ་དང་ཟངས་ཀྱི་སྣོད་རྣམས་བཀོད་པ་ལུས།། དེ་ལ་ཟླ་བ་གཅིག་ནི་ན་མཁའི་དཀྱིལ་ནས་ནི།། ཡོངསུ་གྱུར་ནས་གཟུགས་ནི་སོ་སོར་ཐ་དད་སྣང་བ་ལྟར།། དེ་བཞིན་མགོན་པོ་དེ་ཉིད་ཐུགས་རྡོ་རྗེ། ་འགྲོ་བའི་ཚོགསུ་སྣ་ཚོགས་ཉིད་དུ་ཁྱབ་ནས་བཞིགས།། ཞེས་གསུངསོ།། བསོད་ནམས་ཆུང་བ་དབང་པོ་དམན་པ་རྣམས་ལ་སྐུ་ཡི་མི་སྣང་ངོ་།། མདོ་སྡེའི་རྒྱན་ལས་ཇི་སྐད་དུ།། ཇི་ལྟར་སྣོད་ཆག་གྱུར་བ་ལས།། ཟླ་བའི ་གཟུགས་བརྙན་མོ་སྣང་ཞིང་།། དེ་བཞིན་སེམས་ཅན་ངན་པ་ལ།། སངས་རྒྱས་གཟུགས་ཀྱང་མི་སྣང་ངོ་།། ཞེས་གསུངས་སོ།། དེ་བཞིན་དུ་གསུང་དེ་ཡང་གདུལ་བྱའི་སྣོད་དང་སྦྱར་ནས་འབྱུང་སྟེ། སངས་རྒྱས་རྣམས་ཀྱི ་གདུལ་བྱ་ལ།། ཇི་ལྟར་མོས་པའི་ཆོས་གསུངས་ཏེ།། ཁ་ཅིག་ལ་ནི་སྡིག་པ་ལས།། རྣམ་པར་ཟློག་པའི་ཆོས་གསུང་སོ།། ཁ་ཅིག་ནུ་ནི་རྒྱུ་འབྲས་གཉིས།། ཆུང་མི་གསན་ཞེས་ཆོས་གསུང་སྟེ།། ཁ་ཅིག་ལ་ནི་བདེན་པ་གཉིས།། ་རྣམ་པར་དབྱེ་བའི་ཆོས་གསུངས་སོ།། ཟབ་མོ་ཁུ་འཁྲིག་ཅན་རྣམས་ལ།། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།། ཇི་ལྟར་མོས་པའི་ཆོས་གསུངསོ།། ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསུངས་པ་དང་། ཡང་སྣོད་མ་དག་ལ་མི ་སྣང་སྟེ།། ཚོངས་པས་གསོལ་བ་བཏབ་པ་ན།། ཟབ་མོ་ཆགས་བྲལ་བདུད་རྩི་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་གཅིག་བདག་གིས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་གྱུར་ཏེ།། བདག་ཉིད་གཅིག་པུ་ནི་གསུ་བསྒོམ ་པརརྱ་བྱ་ཞུས་གསུངསོ།། སློབ་དཔོན་གྱི་ཞལ་སྔ་ནུས་ཀྱང་། གང་ཕྱིར་དེ་ལྟར་ཟབ་མོའི་ཆོས།། སྣོད་མིན་འགྲོ་ལ་མི་སྣང་བས།། དེ་ཡི་ཕྱིར་ན་མཁས་རྣམས་ཀྱིས།། སངས་རྒྱས་ཐམས་ཅད་མཁྱེན་པར་ཤེས་ཞེས་གསུངས་སོ།། ་དེའི་ཕྱིར་དོན་འདི་འཕགས་པ་གསང་བ་བསམཱ་གྱི་མི་ཁྱབ་པར་གསུངས་སོ།། དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བའི་དབུ་མ་ལ་སྐྱོན་ཅི་ཡང་མེད་ངོ་།། གདུ་དག་གཞུང་འདི་ལ་སྐུར་པ་འདྲ་བས་བུ་དེ་དག་ནི་ཟབ་ཅིང་རྒྱ་ཆེ ་བའི་ཆོས་སྤངས་པའི་སེམས་ཅན་དམྱལ་བའི་སྡུག་བསྔལ་ཡུན་རིང་པོར་མྱོང་བར་འགྱུར་རོ།། སྔོན་གྱི་སློབ་དཔོན་རྣམས་ཀྱི་ཕྱོགས་རེ་རེ་མཛད་དེ། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། དྷརྨ་ཀཱིརྟི་ལ་སོགས་པས་ཚད་མའི ་གཞུང་རྒྱས་པར་མཛད་དོ།། སློབ་དཔོན་ཆོས་སྐྱོབ་དང་། སློབ་དཔོན་སངས་རྒྱས་ལྷ་དང་། དབྱིག་བཤེས་དང་། དབྱངས་སྒྲོགས་དང་། ཡིད་འོང་ལ་སོགས་ཉན་ཐོས་བྱེ་བྲག་ཏུ་སྨྲ་བའི་ལུང་རྒྱས་པར ་མཛད་དོ།། སློབ་དཔོན་དགེ་སྲུངས་དང་། ཆོས་མཆོག་དང་། དབྱིག་གཉེན་སྔ་མ་ལ་སོགས་པས་ཉན་ཐོས་མདོ་སྡེ་པའི་གཞུང་རྒྱས་པར་མཛད་དོ།། སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་དང་། བློ་བརྟེན་དང་། ཤེས་རབ ་འབྱུང་གནས་སྦས་པ་དང་། ཀ་ལིངྐ་དང་། ལྷ་དབང་བློ་དང་། དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ལ་སོགས་པས་ནཱི་རྣམ་བཅས་རྣམ་མེད་ཀྱི་གཞུང་རྒྱས་པར་མཛད་དོ།། སློབ་དཔོན་བྷུ་བྱ་དང་། བུ་དྷ་པཱ་ལི་ཏ་དང་། དེ་བ་ཤར ་མཱ་དང་། སྤྱན་རས་གཟིགས་བརྟུལ་ཞུགས་དང་། ཤཱནྟ་རཀྵི་ཏ་དང་། ཀ་མ་ལ་ཤཱི་ལ་ལ་སོགས་པས་ནི་དབུ་མའི་གཞུང་རྒྱས་པར་མཛད་།། སློབ་དཔོན་ཙནྡྲ་གོ་མྱི་དང་། སློབ་དཔོན་དཔའ་བོ་ད་། སློབ་དཔོན་རྒྱ་མཚོ ་སྤྲིན་དང་། སློབ་དཔོན་ཤཱནྟ་དེ་བ་དང་། སློབ་དཔོན་ལུནྟ་ཀ་ལ་སྩོགས་པས་སེམས་བསྐྱེད་མ་ཐག་པ་ལས་དང་པོ་པའི་ཕྱིར་ཚད་མེད་པ་བཞི་དང་། བསྡུ་བའི་དངོས་པོ་བཞི་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཇི ་ལྟར་ཉམས་སུ་བླང་བའི་སྤྱོད་པ་རྒྱ་ཆེན་པོའི་གཞུང་རྒྱས་པར་མཛད་དོ།། སློབ་དཔོན་འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་ཨཱརྱ་དེ་པ་དང་། སློབ་དཔོན་མཱ་ཏྲི་ཙི་ཏྲ་དང་། སློབ་དཔོན་ཀམྦ་ལ་དང་། སློབ་དཔོན་ཟླ་བ་གྲགས ་བ་དང་། སློབ་དཔོན་ལྔ་པོས་མཛད་པའི་དབུ་མའི་གཞུང་དེ་དག་ནི་དབུ་མའི་གཞུང་ཐམས་ཅད་ཀྱི་ཕྱི་མོ་ཡིན་ནོ།། དབུ་མའི་གཞུང་ཐམས་ཅད་ཀྱི་རྩ་བ་ཡིན་པས་འགྲན་ཟླ་མེད་པ་ཡིན་ནོ།། འདི་ལྟར་བཀའ་གསང་སྔགས་ཀྱི ་གཞུང་ཡང་སློབ་དཔོན་སངས་རྒྱས་གསང་བ་དང་། སློབ་དཔོན་ཤཱཀྱ་བཤིས་གཉེན་དང་། སློབ་དཔོན་ཤེས་རབ་གྲུབ་པ་དང་། སློབ་དཔོན་ཀུན་དགའ་སྙིང་པོ་ལ་སོགས་པ་ནི་རྣལ་འབྱོར་གྱི་རྒྱུད་དང་། བྱ་བའི་རྒྱུད་ཀྱི་དོན ་གསལ་བར་མཛད་ངོ་།། སློབ་དཔོན་ཨིནྡྲ་བྷཱུ་ཏི་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་འབའ་ཞིག་གསལ་བར་བྱས་སོ།། སློབ་དཔོན་ཙཨཱརྱཱ་པ་དང་། སློབ ་དཔོན་རྡོ་རྗེ་དྲིལ་བུ་དང་། སློབ་དཔོན་ལཱུ་ཨཻ་པ་ལ་སོགས་པས་དབུལ་བདེ་མཆོག་གི་རྒྱུད་ཀྱི་དོན་གསལ་བར་མཛད་དོ།། སློབ་དཔོན་ཌྷོ་བྷཱི་ཧེ་རུ་ཀཱ་དང་། ས་ར་རཱུ་པ་ལ་སོགས་པས་དཔལ་ཧེ་བཛྲའི་རྒྱུད་ཀྱི་དོན་ཙམ་གསལ ་བར་མཛད་དོ།། སློབ་དཔོན་ཀུ་ཀུ་རི་པུ་དང་། ཆོས་ཀྱི་ཞབས་ལ་སོགས་པས་ནི་དབུལ་མ་ཧཱ་མཱ་ཡའི་དོན་གསལ་བར་མཛད་དོ།། སློབ་དཔོན་གྱི་ཞལ་སྔ་ནས། སྐྱེ་བོ་མ་ལུས་པ་ལུ་འདི་བཀའ་དྲིན་ཆེ་བ་ཡིན་ཏེ། ་མལ་པ་ལ་ཤིན་ཏུ་ཕན་གདགས་པའི་ཕྱིར་རྟེན་འབྲེལ་གྱི་རྩིས་དང་མོའི་རྣམ་པ་མཛད་དོ།། བློན་པོ་རྣམས་ལ་ཕན་གདགས་པའི་ཕྱིར་ཤེས་རབ་བརྒྱ་པ་དང་། བརྟག་པ་བཅུ་གཉིས་པ་ལ་སོགས་པ་མཛད་དོ།། རྒྱལ་པོ་རྣམས་ཀྱི ་ཕྱིར་བཤེས་པའི་སྤྲིངས་ཡིག་དང་། རིན་པོ་ཆེའི་ཕྲེང་བ་མཛད་དོ།། འཁོར་རྣམ་བཞིར་གཏོགས་པ་བསོད་ནམས་ཆུང་བ་རྣམས་ཀྱི་ཕྱིར་སྤྲོས་སྦྱར་ཆ་ཆུང་ལ་སོགས་པ་མཛད་དོ།། སྨན་པ་རྣམས་ཀྱི་ཕྱིར་སྦྱོར་བ་བརྒྱ ་པ་མཛད་དོ།། སྦྱོར་བ་སུམ་ཅུ་རྩ་གཉིས་པ་དང་། ཉི་ཤུ་པ་དང་། བདུད་རྩིའི་སྙིང་ཐིག་དང་། འཚོ་བའི་མདོ་ལ་སོགས་པ་མཛད་དོ།། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་ཀྱི་ཕྱེང་དུ་སེམས་སྐྱེད་པའི་ཆོ་ག་དང་། བྱང་ཆུབ་སེམས ་དཔའི་སྤྱོད་པ་གསོལ་བ་དང་། མདོ་ཀུན་ལས་བཏུས་པ་ལ་སོགས་པ་མཛད་དོ།། ཡང་དེ་དག་ཐོག་ཏུ་དབུ་མ་རྩ་བའི་ཤེས་རབ་དང་། དེ་ལས་འཕྲོས་པ་རྩོད་པ་ཟློགས་པ་དང་། སྟོང་པ་ཉིད་བདུན་ཅུ་པ་མཛད་དོ།། དེའི་ཡན་ལག་ཏུ ་རིག་པ་དྲུག་ཅུ་པ་དང་། ཐེག་པ་ཆེན་པོ་ཉི་ཤུ་པ་དང་། སྲེག་པུ་འཕོ་བ་དང་། བསྒོམ་པའི་རིམ་པ་དང་། རྣམ་པར་འཐག་པ་དང་། ཚིག་བརྒྱ་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་བཤད་པ་དང་། ཆོས་ཀྱི་དབྱིངས་སུ་བསྟོད ་པ་དང་། དོན་དམ་པར་བསྟོད་པ་དང་། རྣམ་པར་མི་རྟོག་པར་བསྟོད་པ་དང་། བསམ་གྱི་མི་ཁྱབ་པར་བསྟོད་པ་དང་། འཇིག་རྟེན་ལས་འདས་པར་བསྟོད་པ་དང་། སེམས་ཀྱི་རྡོ་རྗེའི་བསྟོད་པ་དང་། སཱ་ལུ་ལྗང་བའི་འབྲལ་བ་དང ་རྐྱེན་ཅིང་འབྲེལ་བར་འབྱུང་བ་རྗེ་འགྲེལ་དང་བཅས་པ་དང་། དེ་བཞིན་དུ་དབང་པོ་རྣོན་པོའི་ཡང་རྣོན་པོ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་སྣོད་དུ་གྱུར་པ་རྣམས་ལ་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་དོན་དཔེལ་གསང་བ་འདུས་པའི ་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དང་། ཆོ་ག་ཉི་ཤུ་པ་དང་། པིཎྜི་ཀྲྀ་ཏཱ་དུང་། མདོ་དང་བསྲེས་པ་དང་། དཔལ་རིམ་པ་ལྔ་པ་མཛད་དོ།། དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ཆེན་པོའི་ཊཱི་ཀ་མཛད་དོ།། མཚན་ཡང་དག་པར ་བརྗོད་པའི་འགྲེལ་པ་དང་། རྗེ་བཙུན་ཁ་སརྦ་ཎཱའི་སྒྲུབ་ཐབས་དང་། ཡི་གེ་དྲུག་པ་དང་། ཨ་ར་པ་ཙཱ་ན་དང་། ངག་གི་དབང་ཕྱུག་དང་། ཚིག་བཞིན་བཞིན་ནུ་ལ་སོགས་པའི་སྒྲུབ་ཐབས་མང་དུ་མཛད་དོ།། ་དམ་ཚིག་གསུམ་བཀོད་པའི་ཆོ་ག་དང་། དཔའ་བོ་གཅིག་སྒྲུབ་དང་། དེའི་མན་ངག་འདོད་འཇོའི་བ་མོ་དང་། གཏོར་མ་སུམ་ཅུ་པ་དང་། སངས་རྒྱས་མཉམ་སྦྱོར་གྱི་རྫོགས་པའི་རིམ་པའི་མན་ངག་ཆེན་པོ་ལ་སོགས་པ་མྱང ་དུ་མཛད་དོ།། སྐྱེས་བུ་དམ་པ་དེ་སངས་རྒྱས་དངོས་ཡིན་པས་ངེས་མཛད་པའི་གཞུང་དག་ལ་ཡིད་བརྟན་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་སྤྲིན་ཆེན་པོ་ལས། ལྷའི་བུ་དག་ལཱི་ཙ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང ་ན་དགའ་བ་འདི་སྔོན་བསྐལ་པ་དཔག་ཏུ་མེད་པའི་ཕ་རོལ་ཏུ་དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་འཇིག་རྟེན་དུ་བྱུང་བའི་ཚེ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་བསྟན་པ་འཛིན་པ། བློན་པོ་དམ་པའི་ཆོས ་ཀྱི་མཛོད་འཛིན་པ་རྒྱལ་པོ་དང་བློན་པོ་གཉིས་རིང་བསྲེལ་ཡོད་པ་དང་། མེད་པའི་རྩོད་པ་བྱས་པ་དང་། རྒྱལ་པོའི་ལེགས་པར་བཤད་པས་དུ་ས་དེའི་འཁོར་ངོ་མཚར་སྐྱེས་ནས། བཅོམ་ལྡན་འདས་དེ་ལ་ཞུས་པས་རྒྱལ་པོ་དེ་ཟབ་མོ ་མཁས་པ་ལག་སོ་ཞེས་ཞུས་པས། བཅོམ་ལྡན་འདས་དེས་རྒྱལ་པོའི་ཡོན་ཏན་རྒྱས་པར་བཤད་དེ་མདོ་སྡེར་བལྟའོ།། དེ་ནས་རྒྱལ་པོ་འཁོར་དང་བཅས་པས་སངས་རྒྱས་ལ་རིན་པོ་ཆེ་སྦར་གང་གཏོར་ནས ་སྨོན་ལམ་བཏབ་པ་མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་དུ་ཚ་བའི་ཚེ། དེར་བདག་རབ་ཏུ་བྱུང་ནས་ཆོས་ཀྱི་མཇུག་ལ་བབ་པ་ན་སྒྲ་ཆེན་པོ་ལན་གསུམ་བསྒྲགས་ལ་ཆོས་གོས་གྱོན་པ་ཙམ་སྐྲ་བྲེག་པ་ཙམ་ཡུལ་ནས ་སྐང་ལ། དམ་པའི་ཆོས་ཕྱུང་སྟེ། དམ་པའི་ཆོས་ཀྱི་ཕྱིར་བདག་གི་སྲོག་གཏོང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ།། དེའི་རྗེས་ལ་བློན་པོ་དང་བཙུན་མོས་ཀྱང་སྨོན་ལམ་བཏབ་པོ།། ལྷའི་བུ་དག་ང་འདས་ནས་ལོ་བརྒྱ་ཕྲག་མང་པོ་འདས ་ནོནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་ལི་ཁརརྱ་གྱི་རྒྱལ་པོ་བདེ་སྤྱོད་བཟང་པོ་ཞེས་བྱ་བ་འབྱུང་སྟེ། དེའི་ཚེ་ལོ་བརྒྱན་དམ་པའི་ཆོས་ནུབ་པར་འགྱུར་བའི་ལྷག་མ་ཙམ་ལུས་པ་ན་ངའི་ཉན་ཐོས་འབྱུང་བར་འགྱུར། དམ་པའི་ཆོས་འབྱིན་པར ་འགྱུར། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། ཐེག་པ་ཆེན་པོ་གཞན་ལ་རྒྱས་པར་སྟོན་པར་འགྱུར་རོ་ཞེས་གསུངས་པ་དང་། ཡང་དགེ་སློང་དེ་ལུང་སྟོན་པ་ཉོན་ཅིག། དེ་ནི་ང་ལ་དབེན་པ་དང་། ངུའི ་སྟན་པ་རྒྱས་པར་བྱེད་པ་དང་། ཁུར་ཆེན་པོ་ཁྱེར་བ་དང་། ངའི་ཤཱཀྱའི་གཞོན་ནུ་ཡིན་ཏེ། ད་འདས་པའི་འོག་ཏུ་ལྷོ་ཕྱོགས་ཀྱི་རྒྱུད་དུ་དྲང་སྲོང་བྱིའོ་ཞེས་བྱ་བའི་ཡུལ་འཁོར་དུ་བསོད་ནམས་ལྡན་གྱི་གྲོང་ཁྱེར་ཆེན་པོའི ་བྱང་ཕྱོགས་སུ་སྐྱེ་བར་འགྱུར་རོ།། རིགས་ཆེན་པོ་རྣམ་པར་དག་པ་བྷཱ་གོ་ཅན་དེ་ནཱི་ཤཱཀྱའི་རིགས་ཡིན་ནོ།། ལཱི་ཙཾ་བྱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་ངའི་ཆོས་རྒྱས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས ་དཔའ་མིའི་མཆོག་འདི་དེ་རིགས་ཆེན་པོ་རྒྱལ་རིགས་སུ་སྐྱེ་བར་འགྱུར་ཏེ། དེའི་ཉེ་དུ་འབྲེལ་པ་ཐམས་ཅད་དེའི་མིང་ལས་འདོགས་སོ།། དེ་རབ་ཏུ་བྱུང་ན་དེའི་འཁོར་རྣམས་ཀྱང་དམ་པའི་ཆོས་ཀྱི་ཕྱིར་སྲོག་གཏབ་ནས་ཆོས་བསྲུང་ངོ་།། ་ཡང་དེའི་རྗེས་ལ་འདི་སྐད་དུ་དེའི་གཞུང་ལ་མོས་པ་ནི་ཉུང་སྟེ་ཕལ་ཆེར་མི་མོས་སོ།། ཆོས་བཞི་དང་ལྡན་ན་དེ་ལ་མོས་ཤིང་ཡིད་ཆེས་པར་འགྱུར་རོ།། སངས་རྒྱས་སྔ་མ་དག་ལ་དེའི་གཞུང་ཐོས་ཤིང་མོས་པ་དང་། དགེ་བའི་བཤེས ་གཉེན་གྱིས་བྱིན་པཱ་དང་། ལྡེག་པའི་བསམ་པ་ལ་ཞུགས་ཤིང་དགེ་བའི་རྩ་བ་བརྟན་པ་དང་། རྒྱ་ཆེན་པོ་ལ་མོས་པའོ།། དེ་ལ་མི་མོས་ཤིང་ཡིད་མི་ཆེས་པ་ཐམས་ཅད་ནི་བདུད་ཀྱིས་བྱིན་གྱིས་བརླབས་པའི་གཏི་མུག་ཅན་ཡིན།། ་དེ་ལ་མོས་ཤིང་ཡིད་ཆེས་པ་དག་ནི་སངས་རྒྱས་ཀྱི་ཐུགས་ལ་དགོདསོ།། དེ་ལ་བསྙེན་བཀུར་བྱས་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བྱས་པ་ཡིན།། དེའི་བཀའ་མཉན་ན་དུས་གསུམ་གྱི་སངས་རྒྱས ་ཐམས་ཅད་ཀྱི་བཀའ་མཉན་པ་ཡིན་ནོ།། ཡང་དེའི་རྗེས་ལ་དེ་འཆི་བའི་དུས་བྱས་པ་ནི་ངའི་དམ་པའི་ཆོས་ནུབ་པ་ཡིན་ནོ།། དེ་དང་འདྲ་བའི་གང་ཟག་མོད་དེ་ཡེ་མི་སྲིད་དོ།། ཡང་གཏམ་མེང་པོའི་རྗེས་ལ་དེའི་ཕྱོགས ་བྱེད་པ་དང་། དེའི་གཞུང་རྒྱས་པར་བྱེད་པ་དང་། དེའི་འཁོར་དང་། དེའི་གཞུང་འཛིན་པ་དག་ནི། སངས་རྒྱས་པ་ན་དེའི་འཁོར་གྱི་གཙོ་བོར་འགྱུར་རོ།། བསྐལ་པ་བཟང་པོ་འདིའི་རྗེས་ལ་བསྐལ་པ་དྲུག་ཅུ ་རྩ་གཉིས་སུ་སངས་རྒྱས་མི་འབྱུང་ངོ་།། དེའི་རྗེས་ལ་སངས་རྒྱས་བདུན་འབྱུང་ངོ་།། དེའི་རྗེས་ལ་འཇིག་རྟེན་གྱི་ཁམས་མངོན་པར་དང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བརྱ། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། ཞེས་བྱ་བ་ལ་སོགས་པ་གཞུང་མང་དུ་གསུངས་སོ།། འདིར་ཆེ་ལོང་ཙམ་བྲིས་སོ།། གཞན་ཡང ་འཕགས་པ་འཇམ་དཔལ་རྩ་བའི་རྒྱུད་ལས། དགེ་སློང་ཀླུ་སྒྲུབ་ཅེས་པ་འབྱུང་།། རང་བཞིན་མེད་དོན་དེ་ཉིད་རིག། རྨ་བྱ་ཞེས་བྱའི་གཟུངས་བསྒྲུབས་ནས།། ལོ་ནི་དྲུག་བརྒྱ་དག་ཏུ་འཚོ་ཞེས་པ་ལ་སོགས་པ་མང་དུ་གསུངས ་སོ།། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱངབློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས།། ལྷོ་ཕྱོགས་བཱི་ཏའི་ཡུལ་དུ་ནོ།། དགེ་སློང་དཔལ་ལྡན་ཆེར་གྲགས་པ།། དེ་མཽད་ཀླུ་ཞེས་བོད་པ་སྟེ།། ཞེས་པ་ནས ་རབ་ཏུ་དགའ་བའི་ས་བསྒྲུབས་ནས།། བདེ་བ་ཅན་དུ་དེ་འགྲོའོ།། ཞེས་གསུངས་པ་དང་། འཕགས་པོ་རྔ་བོ་ཆེའི་ལེའུར་ཡང་ལུང་བསྟན་པ་ཡིན་ནོ།། འཕགས་པ་གསེར་འོད་དམ་པའི་མདོར་ཡང་ལུང་བསྟན་པའི ་ཚིག་ནི་མེད་ཀྱི། སངས་རྒྱས་ཀྱི་རིང་བསྲེལ་ལ་བྲམ་ཟེ་ཀྲོའུ་དི་ནྱ་ཡ་དང་། ལི་ཙ་བྱི་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི་བརྩད་པ་མཛད་པ་ཡིན་ནོ།། གཞན་ཡང་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས ་ཀྱང་། དེ་ལྟར་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་ཉིད་ཀྱིས་དོན་རྗེ་སུ་བརྙེས་ནས། སོ་སོར་རིག་པ་རྡོ་རྗེ་འཛིན་ཆེན་པོའི་ཏིང་ངེ་འཛིན་འཇིག་རྟེན་པ་རྣམས་ལ་བསྟན་ནས། ལྷ་དང་མིའི་བདེ་བ ་ལས་འདས་ཤིང་མུ་སྟེགས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་བསམ་གཏན་དང་། སྙོམས་པར་འཇུག་པའི་བདེ་བ་ལས་ཀྱང་འདས་ནས། སྐྱེ་བ་དང་འགག་པ་དང་བྲལ་བའི་དེ་བཞིན ་གཤེགས་པའི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་ལྟ་བས་ཆོག་མི་ཤེས་པ། སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱུན་པཱ། བརྙེས ་ནས་བདེ་བ་ཅན་དུ་གཤེགས་ཏེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པར་བཞུགས་སོ།། ཞེས་སྒྲོན་མ་གསལ་བར་བྱེད་པ་ལས་གསུངས་སོ།། དེའི་ཕྱིར་དེ་ལྟ་བུའི་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ཤེས་ཤིང་འཛིན་པ་དང ་དེའི་རྒྱུད་པའི་མན་ངག་ཟབ་མོ་ཡོད་པ་དང་། ཉམས་སུ་ལེན་པའི་གང་ཟག་དེས་ནི་སྐྱེ་བ་དཔག་ཏུ་མེད་པར་ཐེག་པ་ཆེན་པོ་ལ་སྤྱད་པར་བྱས་པ་ཡིན་ནོ།། ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་ཡོད་པ་དེ་སྲིད་དུ་དེའི་མན ་ངག་མི་འཆད་དེ། རྗེ་བཙུན་ཨཱུརྱ་དེ་བུའི་ཞལ་སྔ་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཚན་ཕྱེད་ཀྱི་དུས་ན་མངོན་པར་བྱང་ཆུབ་པའི་ཏིང་ངེ་འཛིན་མངོན་སུམ་དུ་མཛད་པ་ནས་བཟུང ་སྟེ། ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་གནས་པ་དེ་སྲིད་དུ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ནས་བཟུང་སྟེ། བླ་མའི་ཞལ་ནས་ཞལ་དུ་འཕྱོས་པ་ཡིན་ཏེ། སློབ་དཔོན་གྱི་ཞལ་སྔའི་མན་དུག་འདི་ནི་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་བྱིན་གྱིས་རློབ་པ་ཡིན།། ཞེས་གསུངས་སོ།། སློབ་དཔོན་ཟླ་བ་གྲགས་ཀྱི་ཞལ་སྔ་ནས། རྣལ་འབྱོར་པ་ཚེ་འདི་ཉིད་ལ་འཚང་རྒྱ ་བར་འདོད་པ་དག་གིས་ཀྱང་། སློབ་དཔོན་གྱི་ཞལ་སྔ་ནས། ཉེ་བར་གནད་པའི་དེ་ཁོ་ན་ཉིད་ཤིན་ཏུ་ཟླབ་མོའི་མན་ངག་རྙེད་པར་དཀའ་བ་འདི་གཏེར་དང་འདྲ་བའི་སློབ་དཔོན་རྣམས་ནི་རིན་པོ་ཆེའི་བུམ་པར་བདུད་རྩིའི ་ཆུ་བྱོ་བ་ལྷུར་ཞལ་ནས་ཞལ། སྣུན་ནས་སྤྱན་དུ་འཕོ་ཞིང་དྷཱ་ཞེས་པ་འདི་ཇི་སྲིད་སངས་རྒྱས་ཏྭཱ་ཤཱུཀྱ་ཐུབ་པའི་ཆོས་གནས་པ། དེ་སྲིད་དུ་འདི་ཡང་ནུབ་པར་མི་འགྱུར་རོ་ཞེས་གསུངས་སོ།། སློབ་དཔོན་འཕགས་པ ་ཀླུ་སྒྲུབ་ཀྱི་རྣམ་པར་སྨིན་པའི་སྐུ་ལུས་དེ་ཉིད་ད་སྟེ་དཔལ་གྱི་རི་ལ་བཞུགས་ཏེ། དུས་གཅིག་ནི་རྒྱལ་པོ་བདེ་སྤྱོད་བཟང་པོའི་བུ་དཔོལ་གྱི་རིལ་སོང་ནས་སློབ་དཔོན་གྱི་དབུ་བླངས་པས། སློབ་དཔོན་གྱི་ཞལ་སྔ་ནས ་རྒྱལ་བུ་ཆོས་ལ་ཁྱེར་ཅིག་གསུངས་ནུས་རལ་གྱི་ལྷུན་ལྔར་བཏབ་པ་མཆོད་ནས། སློབ་དཔོན་གྱི་ཞུལ་ནུས། རྩཝ་ཀུ་ཤ་ཅིག་ལོང་གསུངས་ནས་རྒྱལ་བུས་དེ་བླངས་ཏེ་ཕུལཱ་བས། སློབ་དཔོན་ཉིད་ཀྱིས་སྣརེ་ལཱ་ཎྱསྭཱ་བསྐོར ་བས་དབུ་ས་ལ་ལྷུང་ནས་རྒྱལ་བུའི་ལུག་ཏུ་བྱིན་ནོ།། རྒྱལ་བུས་མ་ཐེག་ནས་དེ་ཉིད་དུ་གཞག་ནས་སོང་ངོ་།། ད་ལྟར་ཡང་དབུ་དང་ལུས་ཀྱི་ཁོག་པ་རིན་པོ་ཆེའི་འོད་འཕྲོ་བའི་ཁང་པ་བརྩེགས་པ་ན། རིན་པོ་ཆེའི་ཁྲི་ལ་བཞག ་སྟེ། ལྷ་དང་གནོད་སྦྱིན་དང་། དྲི་ཟ་ལ་སོགས་པས་ཉིན་དང་མཚན་དུ་རྟག་ཏུ་མཆོད་པ་བྱེད་དོ།། འདི་ལ་གཏམ་རྒྱུད་རིང་པོ་ཡོད་དེ་འདིར་བཞག་གོ། སྨོན་ལམ་གྱི་སྐུ་ནི་བདེ་བ་ཅན་ན་བཞུགས་ཏེ། བཅོམ་ལྡན་འདས ་འདི་དཔག་མེད་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རིན་པོ་ཆེ་ཞེས་མཚན་བརྟོགས་ནས། སྐུ་མདོག་དཀར་པོ་ཕྱག་གཉིས་པ། གཡས་མཆོག་སྦྱིན་པ། གཡོནྡ་པདྨ་དཀར་པོ་བསྣམས་པའོ།། བླ་མཱ་རྗེ་བཙུན་ཨ་བཱི་དྷཱུ་ཏི ་པའི་ཞལ་ནས། དེའི་བླ་མཱ་ཎྱེ་བཙུན་ཆེན་པོ་རྣལ་འབྱོར་གྱི་དབང་ཕྱུག་ཨ་བ་དྷཱུ་ཏི་བ་མངོན་པར་ཤེས་པས་སྔོན་ཇི་ལྟར་མངའ་བ་བཞིན་དུ། ཞོལ་གཟིགས་ཤིང་ཆོས་གླུས་ནི། རེས་དཔལ་གྱི་རི་ལ་གཟིགས་ཤི ་བཞུགས་ཏེ། འཕགས་པའི་སློབ་མོ་རྗེ་བཙུན་ཀླུའི་བྱང་ཆུབ་ཏུ་དུས་དེ་ལྟ་དཔལ་ཤ་བ་རི་བར་གྲགས་པ་ཡང་དུས་རྟག་ཏུ་ཆོས་གསན་པོ་ཡིན་ནོ།། ཞེས་བླ་མ་ཨ་བ་དྷཱུ་ཏི་གསུང་ངོ་།། རང་གི་སྡུག་བསྔལ་ཡལ་བར་བོར ་ནས། གཞན་གྱི་སྡུག་བསྔལ་གྱི་མེས་གདུངས་པ་དབང་པོ་རྣོན་པོའི་ཡང་རྣོན་པོ་ཆོས་ཟབ་མོ་ལ་མི་སྐྲག་པར་མོས་པ་དང་། བདག་བསྒྲུབ་པ་དང་མི་འབྲལ་བར་ཚེ་འདི་ཉིད་ལ་འཚང་རྒྱ་བར་འདོད་པ ་དང་། གཞན་གྱི་དོན་དཀའ་བ་མེད་པར་མྱུར་དུ་བྱ་བ་དང་། མངོན་པར་ཤེས་པ་མྱུར་དུ་སྐྱེ་བར་འདོད་པས། ཐབས་ཁྱད་པར་ཅན་གྱི་ཐེག་པ་ལ་འཇུག་པར་བྱའོ།། བླ་མ་བཟང་པོ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་ཞུས་ནས་སྒྲུབ་པ ་གཙོ་བོར་བྱའོ།། གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་ནི་ཚངས་པར་སྤྱོད་པ་གྲོལ་བའི་ལམ་པས་མི་བསྐུར་ཞིང་། སློབ་མས་ཀྱང་མི་བླང་ངོ་།། དེ་ནི་ཚངས་པར་སྤྱོད་པ་ཟད་པར་བྱེད་པ་དང་། སངས་རྒྱས་ཀྱི་བསྟན ་པ་ནུབ་པར་བྱེད་པས། སེམས་ཅན་དམྱལ་བར་སློབ་དཔོན་དང་། སློབ་མ་གཉིས་ཐེ་ཚོམ་མེད་པར་འགྲོ་བར་འགྱུར་རོ།། གལ་ཏེ་གསང་སྔགས་སྤྱོད་ན་དབང་མནོས་ལ་བུམ་པའི་དབང་ཐོབ་པ་དེས་རྒྱུད་གང་ཡང་རུང་བའི ་སྒོར་ཞུགས་ལ། རང་འདོད་པའི་ལྷའི་ཏིང་ངེ་འཛིན་དང་། བཟླས་པའི་སྔགས་བླ་མ་ལ་ཞུས་ལ་སྒྲུབ་པ་གཙོར་བྱེད་ཅིང་། དམ་ཚིག་དང་སྡོམ་ཟླ་གཙང་བར་བསྲུངས་ཏེ། བེསྒྲུབ་པར་བྱའོ།། གང་གིའི་ཚེ་ནུས་པ་སྐྱེས་པ་ན། ་འཕྲིན་ལས་བཞི་དང་། འཇིག་རྟེན་གྱི་དངོས་གྲུབ་བརྒྱད་ཀྱིས། གཞན་གྱི་དོན་བྱ་དཀའ་བ་མེད་པར་འགྱུར་རོ།། དེ་བས་ན་རྒྱུད་ལས། གསང་སྔགས་རྒྱ་མཚོ་ཆེན་པོ་ནི།། དངོས་གྲུབ་རླབས་ནི་འཁྲིགས་པ་ཅན།། དཔས ་ལུང་མ་བསྟན་ཚིགས་སམ།། རྗེ་སུ་དཔག་པའི་ཤེས་རབ་ཀྱིས།། རྟོགས་པར་ནུས་པ་མ་ཡིན་ནོ།། ཞེས་གསུངསོ།། བདག་གི་བླ་མ་ཡ་བ་དཱི་བ་བསོད་སྙོམས་པ་ཨཱ་བ་དྷཱུ་ཏིའི་ཞལ་ནས། ཐེག་པ་གཉིས་པོས་སྤངས་པ་ཡང་། ་འདིར་ཞུགས་ཕྱག་རྒྱ་ཆེན་པོ་འཐོབ།། དེའི་ཕྱིར་གསང་སྔགས་ཐེག་པ་འདིར།། མཁས་པ་སུ་ཞིག་སྤྱོད་མི་བྱེད།། ཅེས་གསུངས་སོ།། དོན་གཅིག་ཉིད་ནའང་མ་རྨོངས་དང་།། ཐབས་མང་དཀའ་བ ་མེད་པ་དང་།། དབང་པོ་རྣོན་པོའི་དབང་བྱས་ནས།། གསུང་སྔགས་ཐེག་པ་ཁྱད་པར་འཕགས།། ཞེས་གསུངས་སོ།། འདིར་ནི་དབང་བསྐུར་ཐོབ་པར་མཱ་བྱས་པར་འདིར་འཇུག་པར་མི་བྱ་བས། ལྷ་བསྒོམ ་པ་དང་། སྔགས་བཟླས་བཱ་མི་བྱ་སྟེ། རྗེས་སུ་གནང་བ་མ་ཐོབ་པས། གསང་སྔགས་དང་། ཕ་རོལ་ཏུ་ཕྱིན་པ་གཉིས་རྣམ་པར་ཐར་པ་འདྲེས་པར་འགྱུར་བའི་ཕྱིར་རོ།། རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཀུན་ནས་སྤྲོས ་པ་དང་བྲལ་བའི་རྫོགས་པའི་རིམ་པའི་མན་ངག་ནི། སྣོད་མ་ཡིན་པ་ལ་བསྟན་པར་མི་བྱའོ།། ཡོངས་སུ་རྫོགས་པའི་དགེ་བསྙེན་ཆགས་ལམ་པས། དབང་གཉིས་པོ་བླངས་པ་ལ་ཉེས་པ་མེད་ངོ་།། རུང་གི་ཆུང ་མས་ཆོག་ཤེས་ཤིང་།། གཞན་གྱི་བུད་མེད་ལ་མི་འགྲོ། ལོག་པར་གཡེམ་པ་རྣམ་པར་སྤངས།། དགེ་བསྙེན་དེ་ནི་མཐོ་རིས་འགྲོ་ཞེས་མདོ་ལས་གསུངས་སོ།། སྒྲིབ་གཉིས་མྱུར་དུ་སྦྱངས་པ་དང་།། ཚོགས ་xxx ་xxx ་xxx ་xxx ་xxx ་