| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མ་དྷུ་མ་ཨུ་པ་དེ་ཤྭ་ནཱ་མཱ། བོད་སྐད་དུ། དབུ་མའི་མན་ངག་ཅེས་བྱ་བ། འཇིག་རྟེན་མགོན་པོ་ལ་ཕྱག་འཚ་ལོ།། གང་གི་གསུང་གི་འོད་ཟེར་གྱིས།། བདག་སོགས་རྨོངས་པ་མ ་ལུས་པའི།། སྙིང་གི་པད་མ་ཁ་འབྱེད་པའི།། དམ་པའི་སྐྱེས་མཆོག་དེ་ལ་འདུད།། ཐེག་པ་ཆེན་པོ་དབུ་མའི་མན་ངག་ནི་འདི་ཡིན་ཏེ། ཀུན་རྫོབ་དུ་ཆོས་ཐམས་ཅད་ཚུ་རོལ་མཐོང་བའི་ངོར་བྱས་ནས། རྒྱུ་འབྲས་ལ་སོགས་པ་རྣམ་པར ་བཞག་པ་ཐམས་ཅད་ཇི་ལྟར་སྣང་བ་བཞིན་དུ་བདེན་པ་ཡིན་ལ། དོན་དམ་པར་རམ་ཡང་དག་པར་ན། ཀུན་རྫོབ་ཇི་ལྟར་སྣང་བ་དེ་ཁོ་ན་གཏན་ཚིགས་ཆེན་པོ་རྣམས་ཀྱིས་གཞིགས་ཤིང་བསལ་ན། སྒྲའི་རྩེ་མོ་བརྒྱར་བཤགས་པར ་ཚད་ཙམ་ཀྱང་གཟུང་དུ་མེད་དོ།། ཞེས་ངེས་པར་ཁོང་དུ་ཆུད་པར་བྱའོ།། སྟན་བདེ་བ་ལ་དཀྱིལ་མོ་བཀྲུང་བཅས་ཏེ་འདུག་ལ། འདི་ལྟར་རེ་ཞིག་དངོས་པོ་གཉིས་ཏེ། གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའོ།། དེ་ལ་གཟུགས ་ཅན་རྣམས་ནི་རྡུལ་ཕྲ་རབ་འདུས་པ་ཡིན་ལྔ། དེ་ཡང་ཕྱོགས་ཆའི་དབྱེ་བས་ཕྱེ་ཞིང་གཞིགས་ནུ་ཤིན་ཏུ་ཕྲ་བ་ཡང་ལུས་པ་མེད་ཅིང་དབྱིངས་དྲང་བྲལ་བ། ན་མཁའ་དྲང་འདྲ་བས་མ་གྲུབ་པའམ། ཡང་ན་གཅིག་དང་དུ་མ་དང ་བྲལ་བས་སམ་དེ་ཡང་འདི་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག། མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟར་གྱི་སེམས་ནི་འདི་ལྟར་ཡང་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་མེད་ཅིང་ཤིན་ཏུ་སྣང་བའང ་མེད་དོ།། གཟུགས་ཅན་མ་ཡིན་པར་ནི་སེམས་ཡིན་ལ། དེའང་འདི་ལྟར་འདས་པའི་སེམས་ནི་འགགས་ཤིང་ཞིག། མ་འོངས་པའི་སེམས་ནི་མ་སྐྱེས་ཤིང་མ་བྱུང་། ད་ལྟར་གྱི་སེམས་ནི་འདི་ལྟར ་ཡང་ཤིན་ཏུ་བརྟག་དཀའ་སྟེ་ཁ་དོག་མེད་ཅིང་དབྱིབས་དང་བྲལ་བ། ནམ་མཁའ་དང་འདྲ་བས་སམ་གྲུབ་པ་འམ། ཡང་ན་གཅིག་དུ་མ་དང་བྲལ་བས་སར། ཡང་ན་མ་སྐྱེས་པས་སམ། ཡང་ན་དེ་རང་བཞིན་གྱིས་འོད་གསལ་བ་ལ ་སོགས་པས། རིགས་པའི་མཚོན་གྱིས་སྦྱད་ཅིང་བཞིགས་ན་མ་གྲུབ་པར་རྟོགས་སོ།། དེ་ལྟར་གཉིས་པོ་ཅིའི་ངོ་བོར་མ་གྲུབ་ཅིང་མེད་ཙམ་ན། སོ་སོར་རྟོགས་པའི་ཤེས་རབ་དེ་ཉིད་ཀྱང་མ་གྲུབ་སྟེ། དཔེར་ན་ཤིང་གཉིས ་ཕན་ཚུན་དྲུང་བས་མེ་བྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཉིད་ཚིག་ཅིང་མེད་པའི་རྗེས་ལ། གང་གིས་སྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་རང་ཞི་བ་དེ་བཞིན་དུ། རང་དང་སྤྱིའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་མེད་པར་གྲུབ ་ཙམ་ན། ཤེས་རབྲི་དེ་ཉིད་ཀྱང་སྣང་བ་མེད་པ་འོད་གསལ་བ་ཅིའི་ངོ་བོ་ཡང་མ་གྲུབ་པས་བྱིང་བ་དང་། རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ། བར་སྐབས་དེར་ཤེས་པས་ཅིར་ཡང་མི་འཛིན།། ་དྲན་པ་དང་། ཡིད་ལ་བྱང་བ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་མཚན་མ་འམ། རྣམ་པར་རྟོག་པའི་དགྲའམ་ཆོམ་རྐུན་མ་ལངས་ཀྱི་བར་དུ། དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ།། གང་གི་ཚེ་ལྡང་བར་འདོད ་ན་དལ་བུས་དཀྱིལ་མོ་ཀྲུང་བཤིག་ལ་ལངས་ཏེ། སྒྱུ་མ་ལྟ་བུའི་ཡིད་ཀྱིས་ལུས་དང་། ངག་དང་ཡིད་ཀྱིས་དགེ་བ་ཅི་ནུས་ཀྱིས་བྱའོ།། དེ་ལྟར་གུས་པ་དང་། ཡུན་རིང་བ་དང་། རྒྱུན་མ་ཆད་པར ་བསྒྲུབས་ན་སྐལ་བ་དང་ལྡན་པ་རྣམས་ཀྱིས། ཚེ་འདི་ཉིད་ལ་བདེན་པ་མཐོང་བར་འགྱུར་ཏེ། ཆོས་ཐམས་ཅད་ནམ་མཁའ་ལྕེ་བུར་འབད་པ་དང་རྩོལ་བ་མེད་ཅིང་རང་གི་དང་གིས་ལྷུན་གྱིས་གྲུབ ་པར་མངོན་སུམ་དུ་བྱེད་དོ།། དེའི་རྗེས་ལས་ཐོབ་པས་ནི་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པར་ཤེས་སོ།། གང་གི་ཚེ་རྡོ་རྗེ་ལྟ་བུ་ཏིང་ངེ་འཛིན་མངོན་དུ་བྱས་ཕན་ཆད་ནི། རྗེས་ལས་ཐོབ་པོ ་སྤང་མི་མངའི་སྟེ། དུས་ཐམས་ཅད་དུ་མཉམ་པར་གཞག་པའོ།། དེ་ལྟར་མ་ཡིན་ན་བྱང་ཆུབ་སེམས་དཔའ་དང་ཁྱད་པར་ཅི་ཡོད་ཅེས་བྱ་བ་ལ་སོགས་པའི་རིགས་པ་དང་ལུང ་འདིར་མཱི་བརྗོད་དོ།། གཞན་གྱི་དོན་བསྐལ་པ་གྲངས་མེད་པར་ཚོགས་བྱས་གས་པ་དང་། སྨོན་ལམ་བཏབ་པའི་མཐུས་གདུལ་བྱ་རྣམས་ཇི་ལྟར་འདོད་པ་བཞིན་དུ་འགྱུར་རོ།། ལུང་དང་རིགས་པ་ཤིན་ཏུ ་མང་མོད་ཀྱི་འདིར་མ་སྤྲོས་སོ།། དབུ་མའི་མན་ངག་ཅེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་མིར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སྷོ།། ། རྒྱགར ་གྱི་མཁན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་ལྟ་ས་འཕྲུལ་སྣང་དུ་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། ། ་རས་འཕྲུལ་སྣང་གཙུག་ལག་ཁང་ཆེན་དུ།། མར་མེ་མཛད་དཔལ་ཞེས་བྱའི་མཁས་པ་ལ།། བོད་ཀྱི་རྡོག་བཙུན་ལེགས་པའི་ཤེས་རབ་ཀྱིས།། གསོལ་བ་བཏབ་ནས་བདག་གིས་བསྒྱུར་བ་ཡིན།། གནས ་བརྟན་མ་རི་མེ་མཛད་དཔལ་གྱིས།། གཞུང་ལུགས་སྐྱེས་བུ་གསུམ་འཛིན་པོ།། གོལ་བའི་ལམ་དུ་མི་འགྲོ་ཞེས།། ནགས་ཆོ་ཚུལ་ཁྲིམས་རྒྱལ་བ་སྨྲ།། ། ་