CLOSE WINDOW

GT3326: dran pa gcig pa'i man ngag
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོ་དྷརྨཱ་ཤྲཱི་བྷཱུ་དྲཱ་དང་། ཞུ་ཆེན་གྱི་ལེ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གེར་སྐད་དུ། ཨ~ཾ་ཀ་སྨྲྀ་ཏཱི་ཨུ་པཱ་དེ་། བོད་སྐད་དུ ་དྲན་པ་གཅིག་པའི་མན་ང་ག་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཐ་མས་ཅད་མཁྱེན་ལ་གུས་བཏུང་ངོ་དེ།། འཕགས་པ་ཀླུ་སྒྲུབ་ཕྱག་འཚལ་ནས།། ཨོཾ་བ་དྷཱུ་ཏི་བདག་གིས་ནི།། གཅིག་ཆར་འཇུག ་པའི་མན་པགཟི།། དི་བྱང་ཆུབ་སེམས་དཔའ་སེམཔ་དང་པོ་བསྐྱེད་པ་ནས་ཉེ་བར་བཛྲཿ། དབང་བསྐུར་ཆེན་པོ་མཐོ་ས་བར་དུང་སྲིངད་དུངའི་བྲ་བ་ན་གཉེས་ཏེ། ཤེས་རབ་སྡེ་བྱ་བ་དང་། ངས ་བྱབའོ།། དེ་ལ་ཤེས་རང་ནི་ཆོས་ཐམས་ཅད་གདོད་མནས་མ་སྐྱེས་པ་དང་པོ་ཉིད་ནས་ཆོས་ཀྱི་དབྱིངས་ཉིད་དུ་ཤེས་པའོ།། དེའི་བྱ་བ་ནི་ལས་དང་པོ་པ་དེ་ཉིད་ནས་ཇི་སྲིད་དབང་བསྐུར་བ་མ་ཐོབ་ཀྱི་བར་དེ་སྲིད་དུ་ཉིན་མཚན་དུས ་རྟག་ཏུ་དེ་ཉིད་བསྒོམ་པའོ།། ཐབས་ནི་སེམས་ཅན་མི་གཏོང་བའི་བྱང་ཆུབ་ཀྱི་སེམས་སོ།། དེའི་བྱ་བ་ནི་ལུས་དྲང་དག་དང་ཡིད་ཀྱི་བྱ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་ཆེད་མ་ཡིན་པ་ཅི་ཡང་མེད་དེ། དངོས་སམ་བརྒྱུད ་བས་སོ།། འདི་ཡང་སེམས་ཅན་ལ་དམིགས་པ་དང་། དམིགས་པ་མེད་པའི་རིམ་པའོ།། དེའི་རིམ་པ་ནི་འདི་ཡིན་ཏེ། མི་མཁས་པ་རབ་རིབ་ཅན་དང་མཁས་པ་རབ་རིབ་དངས་པའོ།། གང་གི་ཚེ་ཆོས་ཀྱི་སྐུ་མངོན་སུམ ་དུ་མཛད་ཕན་ཆད་གྲེར་ཡང་སྟེ། མེས་ཉི་དུ་བུར་ཤཱགན་སོ།། ཤེས་རབ་ཀྱི་བྱ་བ་ནི་མི་མངའ་སྟེ་གོམས་ནས་མཐར་ཕྱིན་པའི་ཕྱིར་རོ།། ཐབས་དེའི་བྱ་བ་ནི་དམིགས་པ་མེད་པ། རང་གཱི་དང་གིས་ལྷུན་གྱིས་གྲུབ་པ་དང་། འབད་པ་དང ་རྩོལ་བ་མེད་པར་འབྱུང་ངོ་།། བྱང་ཆུབ་སེམས་དཔའ་ལས་དང་པོ་པས་ནི་གང་ཟག་གི་བདག་ཡོད་པས་སེམས་ཅན་ཞེས་བརྟགས་ཤིང་དེས་སྡུག་བསྔལ་བ་ལས་སྙིང་རྗེ་བསྐྱེད།། དེ་ནས་གོམས་ནས་ནི་སེམས་ཅན ་ཞེས་བྱ་བ་ནི། དང་པོ་ཉིད་ནས་མེད་ཀྱི་གློ་བུར་དུ་མིང་དུ་བཏགས་པར་ཟད་དོ།། གཞན་དུ་ན་རྟེན་འབྲེལ་གྱི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཙམ་ཞིག་ལས། གཞན་འདི་ན་ཅི་ཡང་མེད་དོ་སྙམ་དུ་རྟོག་པ་དང་། ཡང་འདི་དག་ནི་རང ་གི་སེམས་འབའ་ཞིག་ཏུ་ཟད་ཀྱི། གཞན་འདི་ན་ཅི་ཡང་མེད་དོ་སྙམ་དུ་རྟོགས་ན་དེ་སྡུག་བསྔལ་བ་རྣམས་ལ་སྙིང་རྗེ་སྐྱེའོ།། གུང་གྲི་ཚེ་སངས་རྒྱས་ཀྱི་ས་ལ་མི་དམིགས་པའི་ཡུལ་མེད་དེ། འཕགས་པ་རབ་ཀྱི་རྩལ་གྱིས ་རྣམ་པར་གནོན་པ་ལས་ཇི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་ཀྱིས་ཅི་ཡང་མི་གཟིགས་ཏེ། ད་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་ཡུལ་མི་མངའ་བའི་ཕྱིར་རོ།། ཞེས་གསུངས་སོ།། འོ་ན་དུས་དེ་ནས ་ཡེ་ཤེས་ཡོད་དམ་མེད་ཅེ་ན། འཕགས་པ་ཀླུ་སྒྲུབ་མི་བཞེད་དེ་ཇི་སྐད་དུ། སེམས་ནི་སངས་རྒྱས་ཐམས་ཅད་ཀྱིས།། མ་གཟིགས་མི་གཟིགས་གཟིགས་མི་འགྱུར།། རང་བཞིན་མེད་པའི་རང་བཞིན་ལ།། ཅི་ལྟ ་བུ་ཞིག་གཟིགས་པར་འགྱུར།། ཞེས་གསུངས་པ་དང་། བརྒྱུད་པའི་མན་ངག་འདི་ཡིན་ནོ།། དེ་ནས་གཞན་གྱི་དོན་ལས་མ་གཏོགསུ་པ། བྱ་བ་གཞན་ཅི་ཡང་མི་མངའ་ལ། འདི་ལྟར་གཞན་གྱི་དོན་ནི ་འདོད་པར་བྱ་བའི་དོན་གྱི་འབྲས་བུའི་གཙོ་བོ་ཡིན་ཏེ། ཇི་སྐད་དུ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གཞན་དོན་ཕུན་སུམ་ཚོགས་པ་ནི།། འབྲས་བུའི་གཙོ་བོ་ཡིན་པར་འདོང་།། སངས་རྒྱས་ཉིད ་སོགས་དེ་ལས་གཞན།། དེ་དག་དོན་གྱི་འབྲས་བུར་འདོད་ཅེས་གསུངས་སོ།། དེ་ཁོ་ན་ཉིད་ལ་འཇུག་པའི་མན་ངག་ཀྱང་བློ་ལ་གནས་པར་བྱའོ།། ཚུལ་ཁྱིམས་རྒྱལ་བས་བསྐུལ་བ་ཡིས།། ་འདིར་ནི་བསྡུས་ནས་བསྟན་པ་ཡིན།། རྒྱས་པར་ཀླུ་སྒྲུབ་གདུམ་ངག་དང་།། ཐེག་ཆེན་མདོ་སྡེ་ལྟ་བར་གྱིས།། ཅིག་ཆར་འཇུག་པའི་མན་ངག་པཎ་ཌི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྗེ ་པཎ་ཌི་ཏ་ངོ་ཉིད་དང་ལི་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། ། ་