| Wylie | e-texts produced with BDRC’s OCR application |
འདི་རྙེད།། བསམ་གཏན་གྱི་ཚེས་དྲུག་རྣམ་པར་བཞག་པ་སློབ་དཔོན་ཆེན་པོ་ཨ་བ་དྷཱུ་ཏི་པས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། དྷརྨྨ་རྡྷ་ནོདྷྱ་བསྠཱ་ན་བྲྀཏྟི། བོད་སྐད་དུ། བསམ ་གཏན་གྱི་ཆོས་དྲུག་རྣམ་པར་བཞག་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། བསམ་གཏན་དག་ལ་གུས་བཏུད་དེ།། ཆོས་དྲུག་པ་ཡི་འགྲེལ་པ་བྱ།། དེ་ལ་བསམ་གཏན་ཆོས་དྲུག་ནི།། ་སྡོམ་དང་རྒྱས་པར་བཤད་པའོ།། དེ་ལ་སྡོམ་ནི། སེར་སྐྱ་མོ་དང་ཆུ་སྐྱར་སྦྲུལ་ཞེས་པ་ནས། འདི་དྲུག་ད་ཡི་སློབ་དཔོན་ཡིན་ཞེས་པའི་བར་དུའོ།། དེ་ནི་རྒྱས་པར་བཤད་པ་ནི་དེའང་དཔེ་དྲུག་གིས་སྟོན་པ་ལས། དང་པོ ་རི་བ་སྤང་བར་སྟོན་པ་ནི།། རེ་བ་སྟོབས་ལྡན་ཉོན་མོངས་ཏེ། ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། སེར་སྐྱ་མོ་ཞེས་བྱ་བ་ནི་བུད་མེད་སྨད་འཚོང་མ་ཞིག་སྐྱེས་པ་དང་དུས་བཏབ་པ་ལས། མཚན་གྱི་སྟོད་ནི་སྐྱེས་པ་འོད་དུ་ར ་ལས་ཡིད་སྡུག་བསྔལ་བར་གྱུར་ལ། མཚན་གྱི་སྨད་ནི་སྐྱེས་པ་མི་འོང་བར་རེ་ཐག་ཆོད་པས་སེམས་བདེ་བར་གཉིད་ཀྱིས་ལོག་པ་དེ་བཞིན་དུ། འདོད་པའི་ལོངས་སྤྱོད་སྔར་མ་ཐོབ་པའི་ཡུལ་རྣམས ་ཐོབ་པར་རེ་བའི་སྐྱེས་བུ་སྟོབས་དང་ལྡན་པ་རྣམས་ཀྱང་སྡུག་བསྔལ་བར་འགྱུར་ན། སྟོབས་ཆུང་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་འདོད་པའི་ཡོན་ཏན་མ་ཐོབ་པ་ལ་རེ་བ་མི་བྱེད་པ་ནི་བདེ་བའི་མཆོག་ཡིན་ཏེ། དེ་ལ་སྡུག ་བསྔལ་གྱིས་གདུང་བར་མི་བྱེད་དོ།། དུ་ནི་ཟང་ཟིང་སྤང་བར་བྱ་བ་སྟོན་པ་ནི། ཟང་ཟིང་ཕྱིར་ནི་རྩོད་འགྱུར་ཏེ། ཞེས་བྱ་བ་ལ་སོགས་སྨོས་ཏེ། དཔེར་ན་ཆུ་སྦྱར་ཞིག་གིས་ཉ་གཅིག་བཟུང་བ་དང་། ཇི་སྲིད་ཉ་དེ་མ་བོར་གྱི ་བར་དུ་ཆུ་སྐྱར་གཞན་གྱིས་བསྙེགས་ཏེ་རྩོད་པར་གྱུར་ནས། ཉད་བོར་མ་ཐག་རྩོད་པ་མེད་དེ་བདེ་བར་གནས་པར་འགྱུར་བ་དེ་བཞིན་དུ། ཟང་ཟད་ཕྱར་ན་རྩད་འགྱུར་ཏེ། ཞེས་བྱ་བ་ལ་སོགས་སྨྲས་ཏེ། དབོར་ན་ཆུ་སྦྱར་ཞག་ག ་ཉ་གཅག་བཟུང་བ་དང་། ཛ་སྲད་ཉིད་མ་བར་གྱི་བར་དུ་ཆུ་སྐྱར་གཞན་གྱིས་བསྙགས་ཏེ་རྩོད་པར་གྱུར་ནས། ཉེ་བར་མ་ཐག་རྩད་པ་མང་དུ་བདྲ་བར་གནས་པར་འགྱུར་བ་དེ་བཞན་དུ། ཟང་ཟིང་གི་ལོངས་སྤྱོད་ཅི་ཙམ་ཡོད་པ་དེ་ཙམ ་དུའཐབ་ཅིང་རྩོད་པའི་སྡུག་བསྔལ་བར་འགྱུར་ལ། ཟང་ཟིང་གི་ལོངས་སྤྱོད་ཀུན་སྤངས་ཏེ་མེད་པ་ལ་ནི་སྡུག་བསྔལ་གྱིས་གདུང་བ་མེད་ཅིང་བདེ་བ་ཐོབ་པ་ཡིན་ནོ།། ད་ནི་ཁྱིམ་སྤང་བར་བྱ་བ་སྟོན་ཏེ། ཁྱིམ་གྱི་རྩོམ ་པ་སྡུག་བསྔལ་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ནཱ་སྦྲུལ་ཞིག་རང་གི་ཚང་ན་གནས་པ་ལས། སྦྲུལ་གྱི་ཕྲུག་གུ་མང་པོས་གཙེས་པས་མ་བཟོད་དེ། ཚད་དེ་ནས་བྱུང་སྟེ་ཕུག་གཞན་ཞིག་ཏུ་ཞུགས་པས་བདེ་བ ་ཐོབ་པ་གྱུར་པ་དེ་བཞིན་དུ་ཁྱིམ་གྱི་གནས་ན་སོ་ནམ་ལ་སོགས་པའི་ཁང་ལས་ནི་ཤིན་ཏུ་ཡང་དཀའ་ཞིང་སྡུག་བསྔལ་ཏེ། སྐད་ཅིག་ཙམ་གྱི་བདེ་བ་ཡང་མེད་ལ། ནམ་ཞིག་ཁྱིམ་སྤངས་པར་གྱུར་པ་ན་སྡུག་བསྔལ་བ་མེད་དེ་བདེ་བར ་གྱུར་པ་ཡིན་ནོ།། སྤང་བར་བྱ་བ་གསུམ་བཤད་ཟིན་ཏོ།། ད་ནི་དང་དུ་བླང་བ་གསུམ་ལས། དགོན་པར་གནས་པ་དང་དུ་བླང་བ་སྟོན་ཏེ། རྔོན་པ་ནགས་སུ་སོང་གྱུར་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན ་རྔོན་པ་ཞིག་དུས་རྟག་ཏུ་ནགས་སུ་རྒྱུ་ཞིང་རི་དྭགས་ཚོལ་དུ་སོང་བ་ན། ཁྱིམ་གྱི་ལས་སྡུག་བསྔལ་བར་རིག་ཅིང་དགོན་པའི་གནས་བདེ་བའི་ཡོན་ཏན་མཐོང་ནས་གསོད་པའི་ལས་སྤངས་ཏེ། དགོན་པའི་གནས་དེ་ཉིད་དུ་གནས ་ནས་བདེ་བར་གྱུར་པ་དེ་བཞིན་དུ། གང་ཞིག་ཁྱིམ་སྤངས་ཏེ། ལམ་བཙལ་བའི་ཕྱིར་དགོན་པར་གནས་ནས་ལུས་དང་སེམས་མཆོག་ཏུ་ལུས་སུ་རུང་བར་གྱུར་པ་ཡིན་ནོ།། ད་ནི་དམིགས་པ་ཡུན་རིང་དུ་གནས་པར་བྱ་བ་དང ་དུ་བླང་བ་སྟོན་ཏོ། འདིར་རྒྱལ་པོའི་ཡན་ལག་བཞི་ཞེས་བྱ་ལ་སོགས་པ་སྨོས་ཏེ། དཔེར་ན་མདའ་མཁན་ཞིག་མངའ་བྱ་བའི་ཕྱིར་སྨྱུག་མ་སྲོང་བ་ལ་སེམས་བསྟང་པ་ན། རྒྱལ་པོ་ཆེན་པོ་ཞིག་གིས་འཁོར་རྟ་དང་གླང་པོ་ཆེ་དང ་ཤིང་རྟ་དང་དཔུང་བུ་ཆུང་གི་ཚོགས་བཞིས་བསྐོར་ཏེ། མང་པོ་འགྲོ་བའི་བུན་ལྕོང་དེས་མ་མཐོང་མ་ཐོས་པ་དེ་བཞིན་དུ། དགོན་པའི་གནས་དབེན་པར་ཞི་གནས་ཀྱི་སེམས་རྩེ་གཅིག་པ་ལ་རྒྱུན་ཏུ་བློ་གཏད་པ་རྣམས ་ལ་ཡུལ་རྣམས་ཀྱིས་སེམས་མི་འཕོགས་པར་གྱུར་པ་ཡིན་ནོ།། ད་ནི་གཅིག་པུ་འདུག་པ་དང་དུ་བླང་བ་སྟོན་ཏེ། མང་པོ་རྟག་ཏུ་འཐབ་གྱུར་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བུད་མེད་གཞོན་ནུ་མ་གཅིག་ཅན་དན་བདར ་བྱ་ན། ལག་པའི་གདུ་བུ་མང་པོ་ཕྲུལ་བཱམ་བདེ་ནས་རིམ་གྱིས་ཕྱུང་སྟེ། གདུ་བུ་གཉིས་ཞིག་གཞག་པ་ལས་དེ་ཡང་འཐབ་ནས་མྱ་བདེ་སྟེ། གཅིག་གཞག་པ་ལི་བདེ་བར་གྱུར་པ་བཞིན་དུ་དགོན་པའི་གནས་དེ་ཡང་གྲོགས ་བྱོ་མང་པོ་དང་རྩོད་པར་འགྱུར་ཞིང་། གཉིས་ཀྱང་ཉོན་མོངས་པའི་ཡུལ་དུ་འགྱུར་བར། གཅིག་པུ་འདུག་པ་བསྔགས་པ་ཡིན་ནོ།། ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་དང་དུ་བླང་བུ་གསུམ་ཡང་བཤད་ཟིན་ཏོ།། དེ་ལྟར ་སྡོམ་དང་རྒྱས་པར་བསྟན་ནས། ད་ནི་བསྡུ་བའི་སྒོ་ནས་བསྟན་ཏེ། སྐད་ཅིག་གིས་ནི་སྦྱང་བར་བྱ་བ་སྟོན་ཏེ། དེ་ཡང་གང་ཞེ་ནཱི། རེ་བ་ཟང་ཟིང་ཁྱིམ་སྤངས་དང་། ཞེས་བྱ་བ་སྨོས་ཏེ། ཡིད་ལ་རེ་བ་སྤངས་པ་དང་། ་ཟང་ཟིང་གི་དངོས་པོ་སྤང་བ་དང་། ཁྱིམ་ལ་ཚིགས་པ་སྤང་བའོ།། ཚིག་རྐང་གཉིས་ཀྱིས་ནི་དང་དུ་བློང་བ་བསྡུས་ཏེ་སྟོན་ཏེ། གང་ཞེ་ན། དེ་བཞིན་གཞན་ཡང་ནགས་གནས་དང་།། དམིགས་པ་བསྟན་དང་གཅིག་པ་ཉིད།། ་སྐྱེས་སྨོས་ཏེ། གནས་དང་དུ་བླང་བ་དང་། དམིགས་པ་ལ་སོགས་རྩེ་གཱཅིག་ཏུ་བྱ་བུ་དང་དུ་བླང་བ་དང་། བདག་ཉིད་གཅིག་པུར་འདུག་པ་དང་དུ་བླང་བའོ།། དུ་ནི་སློབ་དཔོན་ཨ་བ་ཏྱུ་ཏཱི་པ་ཉིད་ཀྱིས་རང་བཟོར་བྱས་པ་མ་ཡིན་པ་ནི ་ཚིག་ཏིང་གཅིག་གིས་སྔོན་ཏེ། གང་ཞེ་ན། བདག་གི་བླ་མུ་ལས་འདི་རྙེད་ཅེས་སྨོས་སོ།། བདག་གིས་ཞེས་བྱ་བས་ནི་ཨ་བ་དྷཱ་ཏི་པས་སོ།། བླ་མཱ་ལསྟྲ་ཞེས་བྱ་བ་ནི་སངས་རྒྱས་ཞི་བ་ལས་སོ།། འདི་རྙེད་ཅེས་བྱ་བ་ནི་བསམ ་གཏན་གྱི་ཆོས་དྲུག་པོ་འདིའོ།། དངོས་སུ་ན་བདྲག་ཉིད་ཀྱིས་སློབ་དཔོན་སངས་རྒྱས་ཞི་བ་ལས་བསམ་གཏན་གྱི་ཆོས་དྲུག་པོ་འདི་རྙེད་ཅེས་བྱ་བའི་ཐ་ཚིག་གོ། ཆོས་དྲུག་འགྲེལ་པ་གསལ་བྱས་པས།། སེམས་ཅན་དུག ་གསུམ་གྱིས་གདུངས་པ།། ཏིང་འཛིན་བདུད་རྩི་འཐུངས་གྱུར་ནས།། ཐམས་ཅད་མཁྱེན་པ་མྱུར་ཐོབ་ཤོག། བསམ་གཏན་གྱི་ཆོས་དྲུག་རྣམ་པར་བཞག་པའི་འགྲེལ་པ་སློབ་དཔོན་དྷ་ན་ཤྲཱི་ལས་མཛད་པ་རྫོག་སྷོ།། ་རྒྱ་གར་གྱི་མཁན་པོ་དྷརྨཱ་ཤྲཱི་བྷཱུ་དྲཱ་དང་། ཞུ་ཆེན་གྱི་ལེ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གེར་སྐད་དུ། ཨ~ཾ་ཀ་སྨྲྀ་ཏཱི་ཨུ་པཱ་དེ་། བོད་སྐད་དུ ་