| Wylie | e-texts produced with BDRC’s OCR application |
མཁན་པོ་བིརྱ་ཙནྡྲོ་ལ་སྭ་ཞུས་ཏེ། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལྀ་ཕབ་པའོ།། ། རྒྱ་གར་སྐད་དུ། སཱ་མཱ་དྷི་སཾ་བྷཱ་ར་པཱ་རི་བརྟ་ནཱ་མ ་བོད་སྐད་དུ། ཏི་དཱི་ངེ་འཛིན་ཚོགས་ཀྱི་ལེའུ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། དང་པོར་མི་ལུས་རིན་པོ་ཆེ་ཆུད་མི་གསན་ཅིང་མའི་ལུས་ཐོབ་པ་དོན ་ཡོད་པར་འདོད་པའི་གང་ཟག་གིས་ཐོག་མར་སྔོན་དུ་འགྲོ་བ།། ཡན་ལག་བདུན་དང་ལྡན་པར་བྱ་སྟེ། གཞི་དད་པ་དང་ལྡན་པ་དང་། རྐྱེན་དགེ་བའི་བཤེས་གཉེན་བསྟེན་ཅིང་དེའི་ཡོན་ཏན་ལེན་པ ་དང་། གུས་པ་དང་ལྡན་པ་དང་། ཡིད་ཆེས་ཞིང་ཐེ་ཚོམ་མྦྷི་ཟླ་བ་དང་། བརྩོན་འགྲུས་དང་ལྡན་པ་དང་། ཐམས་ཅ་ལ་ཡིད་སྐྱོ་བ་མེད་པ་དང་། ཐམས་ཅད་དུ་དུ་རྒྱལ་སྤངས་ཏེ། དེ་དྲུག ་ནི་སྔོན་དུ་འགྲོ་བའི་ཡན་ལག་རྣམ་པ་བདུན་ནོ།། དུས་དང་རྣམ་པ་ཐམས་ཅད་དུ་གཞན་གྱི་སྐྱོན་ལ་མི་བརྟག་ཅིང་ཉེས་པ་མྱི་བརྗོད་པ་དང་། རང་གི་ཡོན་ཏན་ལོ་རློམ་སེམས་མི་སྤྱད་པ་དང་། ཤེས་པ་དང་ཁྲེལ་ཡོད ་པར་འདོད་པའི་འགྲོ་བས་རང་སྲུང་བ་དང་། སྡོམ་པ་རྣམ་པ་གསུམ་ལ་ནན་ཏན་དུ་སྤྱད་པ་དང་། ངོ་དགའ་དང་གསུར་འགྲོགས་དང་མཐོ་ལྕག་སྤངས་ཏེ་རྟག་ཏུ་ཟུངས་ཐུབ་པར་གནས་པ་དང་། ཡུལ་དང་དུས་དང་གནས ་སྐྱསྐབས་ཀྱིས་གཞན་གྱི་རྒྱུད་ཚོད་ཤེས་པའི་སྒོ་ནས་སྤྱད་པར་བྱ་བ་དང་། གཞོན་ལ་བརྙས་པ་སྤང་ཞིང་ཁྱད་ཀྱིས་མི་བསད་པར་བྱ་སྟེ། དེ་དག་ནི་འཇིག་རྟེན་གྱི་ཁ་ན་མ་ཐོ་བས་མི་གོས་ཤིང་ཡ་རབས་ཀྱི་ཚུལ ་མི་ཉམས་པའི་ཡན་ལ་ག་རྣམ་པ་བདུན་ནོ།། རྟག་ཏུ་འདོད་པ་ཆུང་ཞིང་ཆོ་ག་ཤེས་པ་དང་། ཞེན་པ་དང་ཆགས་པ་ཆེ་ཞིང་འཛིན་པ་ཆེ་བ་སྤང་བ་དང་། ལེ་ལ་དང་སྙོམས་ལས་སྤང་བ་དང་། ཧ་ཀྱང་ཐལ་བར ་འགྱུར་བ་ཡང་ཤེས་པར་བྱ་བ་དང་། དོན་ཆེན་པོར་མི་འགྱུར་བའི་གཏམ་དང་། བྱ་བ་ལ་སོགས་སྤང་ཞིང་མི་འཇུག་པ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སྤང་བ་དང་། གང་གི་གཉེན་པོར་འགྲོ་བ་བསྟེན ་ཤེས་པར་བྱ་བྱ་སྟེ། དེ་དག་ནི་བར་ཆད་སྤང་བའི་ཡན་ལག་རྣམ་པ་བདུན་ནོ།། མིའི་ལུས་ཐོབ་པ་དང་སངས་རྒྱས་ཀྱི་ཆོས་སྤྱོད་ཅིང་སྒྲུབ་པ་ནི་དཀོན་ནོ་སྙམ་པ་དང་། དེ་ལྟ་བུའི་སྒྲུབ་པ་ནི་དོན་ཆེན་པོ་དང་ལྡན་པ་ཡིན་ནོ།། སྣུམ ་པ་དང་། འཇིག་རྟེན་གྱི་བྱུ་བྱེད་པ་རྣམས་ནི་ངེས་པར་དོན་མེད་པར་ཤེས་པར་བྱ་བ་དང་། གླནན་གྱི་སྡུག་བསྔ་རང་གི་གཉེན་པོར་བསྟེན་པར་ཤེས་པར་བྱ་བ་དང་། ད་ནི་རྟག་ཏུ་བདུད་ཀྱི་སྦར་བ་ན་འདུག་སྟེ་མྱུར་དུ་འཆིའོ་ཞེས་བསམ ་པ་དང་། བསགས་པ་ཐམས་ཅད་ནི་ངེས་པར་ལུས་པར་ཤེས་པར་བྱ་བ་དང་། གཞན་གྱི་སྡུག་བསྔལ་རང་གི་གཉེན་པོར་བསྟེན་པ་དང་། རང་གི་གཉེར་མྱ་དང་སྐྲ་དཀར་ལ་སོགས་པ་ལ་རྟག་ཏུ་བརྟག་ཅིང་སྐྱོ་བར་བྱ་བ་སྟེ། དེ་དག ་ནི་རང་ལ་རང་གིས་བཞིན་བསྐུལ་བཏབ་པའི་ཡན་ལག་རྣམ་པ་བདུན།། སངས་རྒྱས་ཀྱི་ཡེ་ཤེས་ནི་ཟབ་ཅིང་རྒྱ་ཆེ་བཀའ་དང་མདོ་སྡེ་ནི་གྲངས་མང་བདག་ནི་བློ་ངན་ཞིང་རྨོངས་ལྔ་ལེ་ལོ་ཆེ་བས་ཐམས་ཅད་བརྗོད་ཅིང་ཤེས་པར་མི ་ནུས་ཏེ། བདག་ཉིད་ཚེ་ཟད་པར་འགྱུར་དུ་འོང་སྙམ་དང་། སྒྲ་དང་ཡི་གེའི་རྗེས་སུ་འབྲང་བའི་བཤད་པའི་ཤེས་པ་འདི་དག་གིས་གཞན་ཐུལ་བའམ་ཕན་ཐོགས་བྱ་མ་ཡིན་ཏེ། མི་རྣམས་ནི་ཤིན་ཏུ་མགུ་དཀའ་བར ་བསམ་པ་དང་། རང་དང་གཞན་གྱི་གྲུབ་པའི་མཐའ་ལ་ཆགས་སྡང་རྣམ་པ་གཉིས་སྤངས་ཏེ་སྐུར་པ་མི་གདབ་པ་དང་། སྤུན་ཟླ་དང་ཉེ་དུ་དང་མཛའ་བཤེས་ལ་སོགས་པ་རྣམས་ནི་ངེས་པར་འགྲོན་པོ་ལམ་གྱིས་བསྡུས ་པ་དང་འདྲ་བར་བསམ་པ་དང་། འཇིག་རྟེན་གྱི་རྙེད་པ་དང་བཀུར་སྟི་དང་། བསྟོད་པ་དང་། སྨད་པ་ལ་སོགས་པ་འདི་དག་ནི་ངེས་པར་བསླུ་བ་ཉིད་ཡིན་པར་ཤེས་པར་བྱ་བ་དང་། འཇིག་རྟེན་གྱི་རྙེད ་པ་དང་འདོད་པ་དང་སྲེད་པ་དང་ཁང་དང་གྲགས་པ་དང་ང་རྒྱལ་དང་རློམ་སེམས་ལ་སོགས་འདི་དག་ནི་ངེས་པར་མྱེ་དང་དུག་དང་མཚོན་ཆེན་པོ་དང་འདྲ་བར་ཤེས་པར་བྱ་བ་དང་། ཕྱི་དང་ནང་གི་དངོས་པོ་འདི་དག་ལ་སྒྱུ་མ ་འམ་རྨི་ལམ་ལྟ་བུར་རྒྱུན་ཏུ་སྤྱད་པར་བྱ་བ་སྟེ། དེ་དག་ནི་གདུང་བ་གཅོད་པའི་ཡན་ལག་རྣམ་པ་བདུན་ནོ།། འདུ་འཛི་ལ་དགའ་བ་སྤང་ཞིང་དབེན་པར་གནས་པར་བྱ་བ་དང་། དེར་ཡང་རང་གཞུང་ཇི་ལྟ་བ་བཞིན་དུ་ལྷ་གཉིས ་པར་བྱ་བ་དང་། ལྷ་མངོན་དུ་བྱ་བ་རྣམ་པ་གསུམ་ལ་བརྩོན་ཞིང་འབད་རྩོལ་དྲུག་ཏུ་བྱ་བ་དང་། དེར་ཡང་རེ་བ་དང་དོགས་པ་དང་འདོད་པ་དང་འཇིག་པ་སྤངས་ཏེ་གནས་པར་བྱ་བ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པ་དང་། སེམས ་དཔའ་ཞིང་རྟུལ་ཕོད་པའི་སྒོ་ནས་བླང་དོར་མེད་པར་ངས་སྒྲུབ་པ་འདིའི་སྒོ་ནས་འདོད་པའི་དོན་མ་གྲུབ་པའི་བར་དུ་ལུས་དང་སྲོག་གི་ཕྱིར་ཡང་མི་གཏོང་ངོ་ཞེས་དམ་བཅས་པ་བསྒྲུབ་པ་དྲང་། དེར་ཡང་རྨི་ལམ་ལ་སོགས་པ་རྟགས་དང ་མཚན་མ་ཅི་བྱུང་ཡང་དགའ་བ་དང་མི་དགའ་བ་མི་བྱ་ཞིང་གཞན་ལ་མི་སྨྲ་བ་དང་། དེར་ཡང་ལྕེའི་རྨི་ལམ་དེང་རྟགས་ལ་སོགས་པ་ནི་གདམས་ངག་ལས་ཤེས་པར་བྱ་ཞིང་ཁྱད་ཀྱིས་མི་གསད་པ་སྟེ། དེ་དག་ནི་སྐྱེས་བུའི་དོན ་མྱུར་དུ་འགྲུབ་ཅིང་མངོན་དུ་འགྱུར་བའི་ཡན་ལག་རྣམ་པ་བདུན་ནོ།། དེ་ལྟ་བུའི་གང་ཟག་གི་ལུས་ནི་ཤིན་ཏུ་དཀོན་ཞིང་གཅེས་པས་ན་ལུས་བསྲུང་བར་བྱ་སྟེ། གོས་དྲང་ཟས་དང་སྨན་ལ་སོགས་པ་ཇི་ལྟར་མཐུན་པར་སྤྱད་པ་དང་། མི ་དང་མི་མ་ཡིན་པའི་གནོད་པ་བསྲུང་བ་དང་། གནས་མཐུན་ཞིང་བདེ་ཞིང་གནོད་པ་མེད་པ་ལ་གནས་པ་དང་། ལུས་སེམས་དལ་ཞིང་དུབ་པའི་ལས་དང་། བྱ་བ་མི་བྱ་བ་དང་། ནམ་ཕྱེད་དང་ཉི་མ་ཕྱེད་དང་ཟས་འཇུ་བའི་དུས་དང ་ལུས་ལ་ནང་ཁམས་སྐྱེ་བའི་དུས་སུ་དམིགས་པ་ལ་འབད་རྩོལ་མི་བྱ་བ་དང་། ལུས་དང་སེམས་ངལ་ཞིང་དུབ་པའི་དུས་སུ་སྐྱོ་བ་བསང་ཞིང་དམིགས་པ་གསོར་བ་ནི་མན་ངག་ལས་ཤེས་པར་བྱ་བ་དང་། རྟག་ཏུ་སྤྱོད་ལམ་གྱི་རྣལ་འབྱོར་གྱི ་ལུས་མཉམ་པར་གཞག་པ་སྟེ། དེ་དག་ནི་ལུས་བསྲུང་ཞིང་གནོད་པ་བསལ་བའི་ཡན་ལག་རྣམ་པ་བདུན་ནོ།། དེ་ལྟར་གནས་པས་སྐྱོ་ཞིང་དགེ་བ་ལ་གཡེལ་བ་དང་བྱ་བ་དང་བྱེད་པའི་རྣམ་རྟོག་བྱུང་ནས་རང་གིས་རང་ལ་ལྕག་བརྡབ ་ཅིང་གཉེན་པོ་བསྐྱེད་པར་བྱའོ།། ལུས་ལ་གནོད་པ་གློ་བུར་བ་བྱུང་བ་དང་ཤེས་པའི་བྱེ་བྲག་མི་འདྲ་བར་བྱུང་ན། རང་གི་ཉམས་དང་མན་ངག་གིས་བཅོས་པར་བྱ་ཞིང་། ཡང་ན་མཁས་པ་གཞན་ལ་ཡང་དྲི་བར་བྱའོ།། རྒྱལ ་པོའི་བཀའ་དང་རང་ལ་ནུས་པ་ཡོད་པ་དང་། གཞན་གྱི་དོན་མཐོང་ན་ཕྲིན་ལས་རྣམ་པ་པོ་ནི་ནི་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་དང་། མན་ངག་ལས་ཤེས་པར་བྱའོ།། ཉོན་མོངས་པ་མི་འདྲ་བ་དང་། སེམས་ཅན་གྱི་རྣམ་པར་རྟོག་པ ་མི་འདྲ་བ་རྣམས་ལ་གཉེན་པོ་མི་འདྲ་བ་རྣམས་ནི་མདོ་སྡེ་རྒྱ་བོ་ཆེ་རྣམས་ལས་ཤེས་པར་བྱ་སྟེ། དེ་དག་ཁྭ་འཕངས་པའམ་ཁྱུ་སྐོང་གི་ཡན་ལག་རྣམ་པ་བཞིའོ།། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་ཀྲིདྦྷ་པ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་