| Wylie | e-texts produced with BDRC’s OCR application |
པའོ།། ། རྒྱ་གར་སྐད་དུ། ས་མཱ་དྷི་སཾ་བྷ་ར་པ་རི་བརྟ་ནཱ་མ། བོད་སྐད་དུ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ ་ཕྱག་འཚ་ལོ།། སྲིད་པ་ཇི་སྲིད་བར་དུ་བཞུགས་པ་ཡིན།། ཐུབ་དཔུང་སྲས་བཅུས་རྣམས་ལ་ཕྱག་འཚལ་ཏེ།། གསང་སྔགས་མདོ་སྡེ་ཕ་རོལ་ཕྱིན་པ་ཡི།། མདོ་སྡེའི་རྗེ་ས་འགྲོ་ཏིང་ངེ་འཛིན་མཆོག་ལེའུ་བརྗོད།། དེང ་སང་སྐྱེ་བོ་ཕལ་ཆེར་བདུད་ཀྱི་ལྕགས་ཀྱུས་གཟུང་སྟེ་ཁྱིམ་གྱི་བཙོན་ར་དམ་པོར་བཅུག། བདུད་ཀྱི་འཇིག་རྟེན་སྐྱོང་བཞིས་གྲིམས་པས་སྲུངས་ཤིག་སྲེད་སོགས་འཆིང་བས་རབ་ཏུ་དམ་པོར་བཅིངས།། སྡོམ ་བརྩོན་དག་ཀྱང་ཕལ་ཆེར་བདུད་ཀྱི་འཇིག་རྟེན་སྐྱོང་བཞིའི་དབང་དུ་གྱུར་ཅིང་དགེ་སྦྱོང་གི། གནས་དང་ཚུལ་སྤངས་ཁྱིམ་པ་རྣམས་དང་སྤྱོད་མཚུངས་ངན་འགྲོའི་གཡང་སར་མངོན་ཕྱོགས་ཐོ་རིས་སྤངས།། དེའི ་ཕྱིར་འདི་ནི་བདག་ཉིད་དྲན་ཕྱིར་བྱས་ཀྱི་གཞན་ལ་ཕན་པའི་རེ་བ་ཡོད་མ་ཡིན། འོན་ཀྱང་བདག་དང་སྐལ་པོ་མཉམ་པ་ལ་ལ་གནས་འདིར་དགའ་ན་ཡང་དག་རྟོགས་པས་སྨྲ་འདི་ཉོན།། དེ་ལ་ཏིང་ངེ་འཛིན་གྱི་ཚོགས ་ཀྱི་ཡན་ལག་ནི་རྣམ་པ་དགུ་སྟེ། སྤང་བར་བྱ་བ་དང་སྔོན་དུ་འགྲོ་བ་དང་། ལྡོག་པར་བྱ་བ་དང་། གདུང་པ་བཅད་པ་དང་། ཡིད་འབྱུང་བར་བྱ་བ་དང་། ཡོན་ཏན་རྗེས་སུ་དྲན་པར་བྱ་བཱ་དང་། བརྩོན་པར་བྱ། ་བ་དང་། འབྲེལ་པར་བྱ་བ་དང་། གནས་པའི་ཐབས་ཞེས་བྱ་བ་རྣམས་སོ།། དེ་ལ་སྤང་བར་བྱ་བ་ནི་བདུད་ཀྱི་ལས་སོ།། དེ་ལ་བདུད་ནི་གང་དེ་ལས་ནི་གང་ཞེ་ན། བདུད་ནི་འདོད་པའི་ལྷ་སྡིག་ཅན་ཞེས་བྱ་བ་ཆུང་མ ་པདྨའི་ཕྲེང་བ་ཅན་དང་འཁོར་འཇིག་རྟེན་སྐྱོང་བ་བཞི་དང་། བདུད་ཀྱི་རིགས་ཀྱི་ཡི་དྭགས་དང་བཅས་པ་གང་ཡིན་པའོ།། དེ་དག་གི་ལས་ནི་འདོད་པའི་ལྷ་དེ་ཆུང་མ་དང་བཅས་པའི་སྤྱི་བོ་ན་མེ་ཏོག་གི ་མདའ་ལྔ་ཡོད་པ་ནི། འདི་ལྟ་སྟེ་དྲེགས་པར་བྱེད་པ་དང་། རྨོངས་པར་བྱེད་པ་དང་། ཀུན་ཏུ་རྨོངས་པར་བྱེད་པ་དང་། བརྒྱལ་བར་བྱེད་པ་དང་། སེམས་མེད་པར་བྱེད་པ་ཞེས་པ་རྣམས་སོ།། དེའི་མེ་ཏོག་དེ་དག་བསྣན ་པ་དེ་ཕོག་པ་ལས་ཉོན་མོངས་པ་ལྔ་གང་ཤས་ཆེ་བ་དེ་ལ་ངེས་ཕོག་པ་ཁོ་ནས་རབ་ཏུ་འབར་བར་གྱུར་ཏེ། དེའི་དབང་དུ་སོང་ཞིང་ཐར་པོ་དང་མངོན་པར་མཐོ་བ་ལས་ཉམས་པར་འགྱུར་རོ།། དེའི་འཇིག་རྟེན་སྐྱོང་བ་བཞི ་ནི་འདི་ལྟ་སྟེ་འཐབ་པར་བྱེད་པ་དང་། གཡེང་བར་བྱེད་པ་དང་། ལྷག་པར་རབ་ཏུ་འཆགས་པ་དང་། འདུ་ཤེས་ལོག་པ་ཞེས་བྱའོ།། བདུད་དེ་དག་གི་ལས་ནི་ཐ་དད་པ་སྟེ། འདི་ལྟར་འཐབ་པར་བྱེད་པའི་བདུད་དེས ་ནི་ལམ་བསྒོམ་པ་དག་འཐབ་པ་དང་། རྩོད་པ་དང་། འགྱེད་པ་ལ་འཇུག་ཅིང་། དེའི་རྐྱེན་འབད་པས་བསྒྲུབ་པོ།། གཡང་བར་བྱེད་པའི་བདུད་དེས་ནི་ལམ་བསྒོམ་པ་དག་གཉིད་དང་རྨུགས་པ་རབ་ཏུ་འཕེལ་བ་འམ། ་ཆོས་ཉན་པ་དག་ཀྱང་གཉིད་ལ་རབ་ཏུ་སྦྱོར་བའམ། ཁ་ཅིག་རབ་ཏུ་གཡེང་བར་ཡང་བྱེད་པར་གནས་སོ།། ལྷག་པར་རབ་ཏུ་ཆགས་པའི་བདུད་ངེས་ནི་ཕལ་ཆེར་ཁྱིམ་ལ་གནས་པ་ལེ་བར་དུ་གཅོད་དེ། སྦྱིན་པའི ་དུས་ཉེ་བར་རུ་གནས་པ་ན། བུ་དང་བུ་མོ་དང་། ཆུང་མ་དང་བདག་ཉིད་ལོངས་ཅི་སྤྱད་ཅེས་དེ་རང་གི་ཤ་ལ་གཅོད་པ་སྙམ་བྱེད་པའི་འདུ་ཤེས་ཉེ་བར་བསྒྲུབ་བོ།། འདུ་ཤེས་ལོག་པའི་བདུད་གུང་ཡིན་པ་དེས་ནི་ཕལ་ཆེར་རབ་ཏུ ་བྱུང་བའི་ཕྱོགས་སུན་འབྱིན་པར་བྱེད་པ་སྟེ། འདི་ལྟར་རབ་ཏུ་བྱུང་བའི་སེམས་ཉེ་བར་གནས་པ་ན། འཁྲིག་པའི་བདེ་བ་དང་། བཟའ་བ་དང་། བཏུང་བའི་བདེ་བ་དང་། རང་གི་སྐྱེ་བོའི་ཚོགས་དང་། གླུ་གར་ལ་སོ ་པ་དྲན་པས་ཆགས་པ་དང་། དེའི་རང་གི་སྐྱེ་བོས་བསུ་བ་དང་། འདྲིད་པ་དང་། བསྡིགས་པ་དང་། བཟུང་བས་དེའི་ངེས་པར་འབྱུང་བའི་བར་ཆད་བྱེད་དུ་འཇུག་གོ། རབ་ཏུ་བྱུང་བ་དག་ལ་ཡང་བུད་མེད་ཀྱི་མཚན་མ ་དག་ཡིད་ལ་བྱེད་པ་དང་། སྔོན་བགད་པ་དང་། རྩེས་པ་དག་དྲན་པར་བྱེད་པ་དང་། ཚོང་དང་། ཞིང་ལཱས་དང་། རླུང་གི་འབྲེལ་པ་དང་། ཡིད་བཅུགས་པར་བྱ་བའི་སེམས་བསྐྱེད་ཅིང་། རྨི་ལམ་ནུ་བུད་མེད་དུ་སྤྲུལ་ཅིང ་དེས་ཆགས་པོ་དང་སྲ་བོན་འབྱུང་བར་བྱེད་པ་ལ། སྣ་ཚོགས་ཀྱིས་ཀྱང་རབ་ཏུ་བྱུང་བ་ལས་འབེབས་ཤིང་། དེའི་ཚངས་པར་སྤྱོད་པ་དྲི་མ་ཅན་དུ་ཡང་བྱེད་དོ།། འདི་དག་བཞི་ཆར་ཡང་འཛམ་བུའི་གླིང་པ་རྣམས་སྡུག ་བསྔལ་བར་བྱ་བའི་ཕྱིར་ཀླུ་མ་རུངས་པ་དོག་བསྐུལ་ལ། ལྷ་མ་ཡིན་དག་བསྐུལ་ཞིང་ལོ་ཏོག་མ་རུངས་པ་བྱེད། མི་ཆོས་དང་ལྡན་པའི་སྲོག་འཕྲོག་ཅིང་། ལུས་ལ་ནད་སྣ་ཚོགས་གཏོང་བར་བྱེད་དེ། ཇི་ལྟར་རྒྱལ་པོ་བཞི ་པོ་དག་ཆོས་མ་ཡིན་པ་ལ་སྤྱོད་པ་དྲུག་ལ་ཆད་པ་སྦྱིན་པ་ལྟར། འདི་དག་ནི་ཆོས་དང་ལྡན་པ་རྣམས་ལ་ཆད་པ་སྦྱིན་ནོ།། བདུད་ཀྱི་རིགས་ཀྱི་ཡི་དགས་ནི་ཡི་དགས་ཀྱི་རིགས་གསུམ་ཅུ་རྩ་དྲུག་ལས་འདི་དག ་རིགས་གཅིག་ཏུ་འགྲང་བ་ཡིན་ཏེ། དེ་དག་གི་བདུད་ཀྱི་ལས་ནི་བསམ་གཏན་པ་དག་ལ་རྨི་ལམ་དུ་འཇིགས་ཕྱེ་ལ་བསྐྱེད་པར་བྱེད། སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་གྱིས་སྤྲས་པ་ཉེ་བར་སྟོན་པས་བེ་དུ་གཅོད། བསམ ་གཏན་ལ་མཉམ་པར་གཞག་པ་ན་སྒྲ་ཆེན་པོ་སྒྲོགས་པར་བྱེད་དོ།། མདོར་ནུ་བདུད་དང་བདུད་ཀྱི་རིགས་སུ་གཏོགས་པ་རྣམས་ནི་ཡང་དག་པར་ཞུགས་པ་ཐམས་ཅད་ལ་ཚོགས་པ་བསྐྱེད་པ་འམ། འཇིགས་པ་བསྐྱེད་པས ་བར་དུ་གཅོད་དེ། དེ་ལྟར་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལས། མི་བྱཟད་བརྟུལ་ཞུགས་བཟུང་བ་ཡི།། སྒྲུབ་པ་ལ་ནི་བདུད་ཀྱི་རིགས།། ལྷ་མྱོ་འདོད་པའོ་གཟུགས་དག་དང་།། དེ་བཞིན ་གཞན་གྱི་ལུས་སུ་ཡང་།། རྣམ་བྱ་སྣ་ཚོགས་གཟུགས་དག་གིས།། དབང་པོ་བསྡམས་ལ་འཚོ་བར་བྱེད་ཅེས་གསུངས་སྟེ། འདིར་བིརྟུལ་ཞུགས་བཟུང་བ་ནི་ཉེ་བར་མཚོན་པ་སྟེ། སེམས་ལས་སུ་རུང་བ་ཐམས་ཅད ་ལ་ཡང་དེ་དག་ཉེ་བར་འཚེ་བར་བྱེད།། དེ་ལྟ་བུའི་བདུད་ཀྱི་ལས་དེ་དག་སུ་ཞིག་ལས་འབྱུང་ཞེ་ན། བསམ་པ་དག་པས་ཡང་དག་པར་བརྩོན་པ་དག་ལས་འབྱུང་སྟེ། ཇི་སྐད་དུ་འཕགས་པ་འཇམ་དཔལ་རྣམ་པར ་འཕྲུལ་པ་ལས་གསུངས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ཅི་ལས་འབྱུང་བར་རིག་པར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་ནི ་བརྩོན་འགྲུས་ལས་འབྱུང་བར་རིག་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། མི་བརྩོན་པ་ལ་ནི་བདུད་ཀྱིས་ཅི་ཞིག་བྱ་སྟེ། དེ་ཉིད་བདུད་ཡིན་པའི་ཕྱིརརོ།། ཞེས་སོ། དེ་ལྟར་བདུད་ཀྱི་ལས་ཤེས་པས་དེ་བཟློག་པར་བྱ་སྟེ། ་ཇི་སྐད་དུ་འཕགས་པ་ལྷའི་བུ་རིན་པོ་ཆེ་མཆོག་གིས་ཞུས་པ་ལས་གསུངས་པ། གང་གི་ཚེ་བདུད་ཀྱི་ལས་རྟོག་པ་དེ་ལྟ་བུ་ནི་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ།། གང་ཡང་བདུད་ཀྱི་ལས་རྣམས་བཟློག་པ་དེ་ལྟ་བུའི་དཔྱས་མེད ་པ་ཡི་ནོ།། ཞེས་སོ།། དེ་མ་བཟློག་པར་ནི་རྣམ་པར་ཐར་པ་མི་ཐོབ་པ་ཁོ་ན་སྟེ། ཇི་སྐད་དུ་འཕྱགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་གསུངས་པ། བགེགས་ཀྱིས་བསོད་ནམས་མ་ལུས་ཟད་པར་བྱེད། དེ་བས་མི་ལ་གསང་སྔགས ་འགྲུབ་མི་བྱེད།། ཇི་ལྟར་ཟླ་བ་སྤྲིན་ལས་རྣམ་གྲོལ་ལྟར།། དེ་བཞིན་བགེགས་ལས་གྲོལ་བ་རྣམ་ཕྱིར་གསལ་ཞེས་ཏེ།། འདིར་བགེགས་ཀྱང་གཉིས་ཏེ། རྫོགས་པའི་བྱང་ཆུབ་གཞིག་པར་བྱ་བའི་ཕྱིར་སྦྱོར་བ་ལྷའི་བུའི་བདུད ་དང་། དེ་ལས་གཞན་པ་ནི་ཇི་སྐད་དུ་འཕགས་པ་དཔུང་བཟངས་ཀྱི་ཞུས་པ་ལས། གཏོར་མ་འདོད་པ་འམ། རྩེད་མོ་བྱེད་འདོད་པ་འམ། བསད་པའི་དོན་དུ་ལུས་ལ་འབབ་ཅིང་འཇུག་ཅེས་ཏེ། འདིར་དེ་གཉིས་ཀ་བཟློག ་པར་བྱའོ།། ཐབས་གང་གིས་བཟློག་པར་བྱ་ཞེ་ན། ཇི་སྐད་དུ་འཕགས་པ་རྡོ་རྗེ་རྩེ་མོ་ལས་གསུངས་པ། རང་གི་སེམས་ནི་བདུད་ཅེས་གསུངས།། རང་གི་སེམས་ཉིད་བགེགས་ཡིནོ།། རྣམ་པར་རྟོག་པ་ཐམས་ཅད་སྤངས།། ་བགེགས་ཀུན་རྣམ་པར་རྟོགས་ལས་འབྱུང་ཞེས་པའོ།། གཞན་ཡང་བདུད་ཀྱི་ལས་བཟློག་པའི་ཐབས་ནི། འཕགས་པ་མྱ་ངན་མེད་ཀྱིས་བྱིན་པས་ཞུས་པ་དང་། འཕགས་པ་སོང་གི་ལུང་བསྟན་པ་ལས་ཤེས་པར་བྱའོ།། འདི་ནི་སྤང ་བར་བྱ་བའི་ཡན་ལག་གོ།། གང་གིས་ཐོས་པའི་རང་བཞིན་གྱིས་ཤེས་རབ་མ་སྐྱེས་པ་དེས་ནི་བདུད་ཀྱི་ལས་བཟློག་པར་མི་ནུས་ཤིང་། སེམས་མཉམ་པར་འཇོག་པར་ཡང་མི་ནུས་པས་ན། དང་པོར་ཐོས་པ་ཉིད་སྔོན་དུ་བྱས་སྟེ། ་ཇི་སྐད་དུ། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན།། དེ་ནས་བསྒོམ་པ་ལ་ནི་སྦྱར་བ་སྟེ།། དེ་ལས་དངོས་གྲུབ་བླ་ན་མེད་པ་ཐོབ་ཅེས་བཤད་ལ། འཕགས་པ་བྱང་ཆུབ་སེམས་དཔེའི་རྣམ ་པར་དགོད་པ་བཅུ་བསྟན་པའི་ལེའུ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བཅུ་བསྟན་པའི་ལེའུ་ལས་ཀྱང་། ཀྱེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེ་ནི་ཐོག་མ་ཉིད་དུ་ཁུ་ཏོན ་ལ་བསྐུལ་བར་བྱའོ།། མང་དུ་ཐོས་ནས་དབེན་པར་གནས་པ་ལ་བསྐུལ་བར་བྱའོ།། ཞེས་གསུངས་ལ། དོན་དེ་ལྟར་འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་དང་། འཕགས་པ་དཀོན་མཆོག་སྒྲོན་མ་ལས་ཀྱང་གསུངས་སོ།། ་དེ་བཞིན་དུ་འཕགས་པ་སྡོང་པོ་བཀོད་པ་ལས་ཀྱང་། ཐོག་མར་ཉན་འདོད་བླ་མ་བསྙེན་བཀུར་བཟོད་དང་དེ་བྱས་ཤིང་། རང་བཞིན་མེད་པའི་ཆོས་ལ་རབ་རྟོག་བསམུ་གཏན་རྙེད་བྱེད་པ།། བདེ་གཤེགས་ཉིད་ནི་རྟོགས་འགྱུར་འགྲོ་བ ་མས་སྒོམ་སེམས་ཆེ་མ་བྱད།། ཆོས་ཉིད་དེ་འདྲ་སྤྱད་པ་མྱུར་དུ་བདེ་གཤེགས་ཐོབ་པར་འགྱུར། ཞེས་གསུངས་སོ།། དེ་བཞིན་དུ་འཕགས་པ་ཉན་ཐོས་ཀྱི་སོ་སོ་ཐར་པའི་མདོ་ལས་ཀྱང་། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། ་ལང་ཚེ་ཡོལ་བ་རྣམས་ཀྱི་གནས་པ་བདེ་ཞེས་གསུངས་སྟེ། དེ་བས་ན་ཐོས་པའི་ཤེས་རབ་ཉིད་དོན་བསྒྲུབ་པའི་སྔོན་དུ་འགྲོ་བའོ།། འདི་ནི་སྔོན་དུ་འགྲོ་བའི་ཡན་ལག་དེ་ལྟར་ཐོས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ཆོས་སྨྲ་བ ་ལ་འཇུག་པ་དགག་པར་བྱ་སྟེ། མངོན་པར་ཤེས་པ་མ་ཐོས་པར་མང་དུ་ཐོས་པ་ཙམ་གྱིས་གཞན་ལ་ཕན་གདགས་པར་རྒྱལ་བས་མ་གསུངས་ཏེ། དེ་བས་ན་འཕགས་པ་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བཅུ་བསྟན་པའི ་ལེའུ་ལས། བྱང་ཆུབ་སེམས་དཔའ་ལས་དང་པོ་པ་དེ་ནི་ཐོག་མ་ཉིད་དུ་ཁ་ཏོན་ལ་བསྐུལ་བར་བྱའོ།། མང་དུ་ཐོས་ནས་དབེན་པར་གནས་པ་ལ་བསྐུལ་བར་བྱའོ།། རབ་ཏུ་དབེན་པར་གྱུར་ནས་དགེ་བའི་བཤེས་གཉེན་དུ་གྱུར་པར ་ཡོངས་སུ་བསྐུལ་བར་བྱའོ།། དགེ་བའི་བཤེས་སུ་གྱུར་ནས་ངོ་ལོ་བདེ་བ་ལ་བསྐུལ་བར་བྱའོ།། ང་ལོ་བདེ་བར་གྱུར་ནས་དུས་ཤིས་པ་ལ་བསྐུལ་བར་བྱའོ།། དུས་ཤེས་པར་གྱུར་ནས་མི་འཇིགས་པ་ལ་ཡོངས་སུ་བསྐུལ ་བར་བྱའོ།། མི་འཇིགས་པར་གྱུར་ནས་དོན་ཤེས་པ་ལ་ཡོངས་སུ་བསྐུལ་བར་བྱའོ།། དོན་ཤེས་པར་གྱུར་ནཱསྣ་ཆོས་ཀྱི་རྗེ་སུ་འབྲང་བ་ལ་ཡོངསུ་བསྐུལ་བར་བྱའོ།། ཆོས་ཀྱི་རྗེས་སུ་འབྲང་བར་གྱུར་ནས ་རྨོངས་པ་མེད་པ་ལ་བསྐུལ་བར་བྱའོ།། རྨོངས་པ་མེད་པར་གྱུར་ནས་རྣམ་པར་དགོད་པ་ལ་ཡོངསུ་བསྐུལ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་བས་ཀྱང་ཤས་ཆེར་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོ་སྔོན་དུ་འཇོག་པར ་བྱ་བ་དང་། གནས་གང་ཐོས་ཀྱང་དེ་ལ་བདག་ཉིད་སྦྱོར་བར་བྱ་བ་དང་། བདག་དང་གཞན་གྱི་དྲིང་འཇོག་པར་མི་འགྱུར་བར་བྱ་བའི་ཕྱིར་ཏེ། ཀྱེ་རྒྱལ་བའི་སྲས་དག་འདི་ནི་ལས་དང་པོ་པའི་བྱང་ཆུབ་སེམས་དཔའི་རྣམ་པར་དགོད ་བའོ་ཞེས་གསུངས་སོ།། དོན་འདི་ཉིད་འཕགས་པ་དྲག་ཤུལ་ཅན་གྱིས་ཞུས་པ་དང་། དཀོན་མཆོག་སྒྲོན་མ་ལས་ཀྱང་གསུངས་སོ།། གཞན་ཡང་འཕགས་པ་ལྷག་པའི་བསམ་པ་བསྐུལ་བའི་ན་དོ་ལས་ཀྱང་། བདག་ནི་སྒྲུབ ་ཉམས་དང་ནི་ཅི་བྱ་ཞེས།། བྱིས་པ་འཆི་བའི་དུས་ན་མྱ་ངན་བྱེད་ཅེས་བྱ་བ་ལ་སོགས་པ་མང་དུ་ཐོས་པ་དབེན་པ་མི་བསྟེན་པར་ཆོས་སྨྲ་བ་ལས་ཉེས་པ་རྣམ་པ་རབ་ཏུ་མང་པོ་གསུངས་པས་དེར་ཞིབ་ཏུ་བལྟའོ།། དེ་བས ་ན་མང་དུ་ཐོས་པ་དེས་ཐོས་པོ་ཙམ་གྱིས་ཆོས་སྨྲེ་བར་དེ་ལས་ལྡོག་པར་བྱ་ཞིང་མངོན་པར་ཤེས་པ་ཐོབ་ནས་གཟོང་འགྲོ་བའི་དོན་བྱ་སྟེ། འདི་ནི་ལྡོག་པར་བྱ་བའི་ཡན་ལག་གོ།། དེ་ལྟར་ཆོས་སྨྲ་བ་ལས་ལྡོག་ཅིང་སྤྲོས ་བ་སྤངས་པ་དེ་འདི་སྙམ་དུ། ད་དུང་བདག་གིས་ཕུང་པོ་ལ་མཁས་པར་བྱ་བ་ཡང་ཡོངས་སུ་མ་གཏུགས།། ཁྱམས་དང་སྐྱེ་མཆེད་ལ་མཁས་པར་བྱ་བ་ཡང་ཡོངསུ་མ་གཏུག་སོ།། དགེ་ལ་མཁས་པར་མ་གྱུར་པར་ནི་ཐར ་པ་ཡང་མི་ཐོབ་སྟེ། ཇི་སྐད་དུ། རིག་པའི་གནས་ལྔ་དག་ལྔ་བརྩོན་པར་མ་བྱས་པར། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།། དེ་བས་གཞན་དག་ཚར་བཅད་རྗེས་སུ་གཟུང་ཕྱིར་རམ།། རང ་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། ཅེས་བསྟན་པའི་ཕྱིར་ཞེས་སེམས་པ་དང་། གཞན་ཡང་སློབ་མ་དང་ཡང་སློབ་ཀྱི་སྦྱོར་བ་དང་། རྙེད་པ་དང་བཀུར་སྟི་དང་། གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པའི ་བདེ་བ་ལ་འདོད་པ་བྱུང་ན། དེ་ནི་ངེས་པར་བཟློག་པར་བྱ་སྟེ། ཆོས་ཐོས་ནས་བསྒོམས་པས། བྱང་བར་བྱས་པ་ནི་ཅིར་ཡང་མི་བསྔགས་ཏེ། ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པ་ལས་གསུངས་པ། ཡང་དག ་སངས་རྒྱས་བསྟན་པ་འདི།། ཐོས་པ་ཙམ་གྱིས་མི་འགྲུབ་པོ།། དཔེར་ན་ལ་ལ་ཆུ་ཀླུང་གིས།། སྟོབས་མེད་ནན་གྱིས་ཁྱེར་བ་དག། སྐོམ་ནས་ཤི་བར་གྱུར་པ་བཞིན།། མེ་བསྒོམས་ཆོས་ཀྱང་དེ་བཞིན་ནོ།། ཞེས་པ་དང ་ཡང་གསུངས་པ། དཔེར་ན་མཚོ་ཆེན་མཉན་པ་ཞིག། སྐྱེ་བོ་ཐམས་ཅད་སྒྲོལ་བྱེད་ཀྱང་།། བདག་ཉིད་དེ་ནང་འཆི་འགྱུར་བ།། མ་བསྒོམ་ཚེ་ཀྱང་དེ་བཞིན་ནོ།། ཞེས་བྱ་བ་ལ་སོགས་པས་བསྒོམས་པས་བྱང་བར་མི་བྱེད ་པའི་སྐྱོན་རབ་ཏུ་མང་དུ་བསྟུན་ཏེ་རྒྱས་ཕྱུར་དེ་ཉིད་ལས་ཤེས་པར་བྱའོ།། དེ་ཟས་ཇི་ཙམ་གྱིས་སེམས་མཉམ་པར་འཇོག་པར་ནུས་པ་དེ་ཙམ་གྱིས་གང་མུས་ངག་གོ་ནས་ཚིམ་པར་བྱས་ལ། སེམས ་ཀྱི་ངང་ཚུལ་འཕྲུལ་དུ་བྱུང་བ་ཡང་བླ་མཱ་ལཱ་ཞུ་ཞིང་བསྒོམ་པར་བྱའོ།། ཚད་མ་རྣམ་བདུན་དང་། བརྡ་སྤྲོད་པ་རྣམ་པ་བཞི་དང་། ཆོས་མངོན་པ་རྣམ་པ་བདུན་དང་། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པའི་མཚན་མས་ཡིད ་མི་གདུང་སྟེ། ཇི་སྐད་དུ། དོན་དམ་པའི་རིགས་པ་ལས། གང་ཞིག་བླ་མའི་མན་ངག་བདུད་རྩི་ཆུ།། གདུང་སེལ་གསུང་ལྡན་ངོམས་པར་མི་འཐུང་བར།། དེ་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི།། ཐང་ལ་སྐོམ་པས་གདུངས ་ཏེ་ཤི་བྱར་ཟད།། ཅེས་བཤད་དེ་བསྐལ་པ་དཔག་ཏུ་མེད་པར་ངལ་བར་བྱས་ཀྱང་། ཐ་སྙད་ཉེ་བར་སྦྱར་བ་དེ་དག་ནི་མི་ཟད་ཀྱི་ཚེ་ཡོངས་སུ་གཏུགས་པ་ཁོ་ནར་འགྱུར་བར་ཟད་དོ།། དེ་བས་ན་བདེ་མཆོག་ཕྱི་མ་ལས་ཀྱང ་རྣལ་འབྱོར་པ་ནི་ཕྱི་རོལ་འཁོར།། དེ་ཡི་ཁམས་རྣམསྣ་ཟད་པར་འགྱུར།། དེ་བས་ཕྱི་རོལ་ཀུན་སྤངས་ཏེ། རྣལ་འབྱོར་རོལ་པས་གནས་པར་བྱ། ཞེས་གསུངསོ།། དེ་བཞིན་དུ་དོན་དམ་པའི་རིགས་པ་ལས་ཀྱང་། ཡུལ ་རྣམས་འགྲོད་ཅིང་གདུང་བས་ཉེན་བྱས་ཀྱང་།། ལྷན་ཅིག་སྐྱེས་པའི་ཆ་ཙམ་ཡང་མི་འཕྲད་ཅིས་བཤད་།། ཕུང་པོ་དང་ཁམས་དང་སྐྱེ་མཆོད་ལ་མཁས་པར་ཡང་རྣལ་འབྱོར་གྱི་མཐུས་དུས་གཅིག་ཉིད་ལ་འགྱུར་གྱི། ་དེ་དག་རིམ་པར་བསླབས་པ་ལྔས་ནི་མ་ཡིན་ཏོ།། ཇི་སྐད་དུ་འཕགས་པ་རྡོ་རྗེ་གཙུག་གཏོར་ལས།། དེ་ལས་ཤེས་པ་སྐྱེ་བར་འགྱུར།། མ་ཐོས་པ་ཡང་ཤེས་པར་འགྱུར།། ཞེས་གསུངས་ལ་འཕགས་པ་དཔུང་བཟངས ་ཀྱིས་ཞུས་པ་ལས་ཀྱང་། ཚིག་ནི་གཟུང་བར་འོས་ཤིང་ཡིད་གཞུངས་ལ། སྙན་དངགས་དང་ནི་བྲི་བ་རྣམས་ལ་མཁོས་ཞེས་གསུངས་སོ།། འདི་དག་ཀྱང་རྣལ་འབྱོར་གྱི་མཐུ་ལས་བྱུང་བ་ཡིན་གྱི། རིམ་གྱིས་བསླབ ་པའི་གནས་སྐབས་ནི་མ་ཡིན་ནོ།། ཆོས་མངོན་པ་ལས་ཀྱང་། ཟད་པར་ཤེས་པ་ཟག་བཅས་ཀྱང་ཞེས་བསྟན་ནོ།། རྙེད་པ་དང་བཀུར་སྟི་འདོད་པའི་གདུང་བ་ནི་ཡིང་འབྱུང་བའི་ཡན་ལག་ལས་ཤེས་པར་བྱའོ།། འདི ་ནི་གདུང་བ་བཅད་པའི་ཡན་ལག་གོ། རྣམ་པ་ཐམས་ཅད་དུ་འཁོར་བ་ལ་ཡིད་མ་བྱུང་བར་བྱ་སྒོམས་པས་བྱུང་བར་བྱེད་ནུས་པ་མ་ཡིན་པས། དེ་ལ་ཡིང་འབྱུང་བར་བྱ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི ་སྤྱོད་པ་ལ་འཇུག་པ་ལས་བཤད། ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི།། འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་གྲུབ་ཅེས་གསུངས་ཏེ། འདིར་གཉེན་ལ་མངོན་པར་དགའ་ཞིང་དགྲ་ལ་སྡུད་པས་ཆགས ་པོ་དང་། ནད་མེད་པ་དང་ལང་ཚེ་ལ་ཆགས་པ་དང་། རང་བཞིན་གྱིས་སྲིད་པ་ལ་ཆགས་པ་དང་། རྙེད་པ་དང་བཀུར་སྟི་དང་གྲགས་པ་དང་། སྒྲ་དང་ཚིགས་སུ་བཅད་པ་ལ་ཆགས་པ་རྣམས་སྤངས་པར་བྱ་སྟེ། ་ཇི་སྐད་དུ། འཕགས་པ་དཔུང་བདངས་ཀྱི་ཞུས་པ་ལས་གསུངས་པ། རི་ཞིག་གཅིག་ན་དགྲ་ཡང་མཛའ་བོར་གྱུར།། མཛའ་བོ་ཡང་ནི་དགྲར་ཡང་འགྱུར་བ་ཉིད།། དེ་བཞིན་ཁ་ཅིག་ཀྱང་ནི་བར་མ ་འགྱུར།། བར་མ་དེ་ཉིད་ཀྱང་ནི་དགྲ་བར་འགྱུར།། དེ་བཞིན་མཛའ་བཤིས་འགྱུར་བར་རིག་ནས་ནི།། བློ་གྲོས་ལྡན་པས་ནམ་ཡང་ཆགས་མི་བྱ།། གཉེན་ལ་དགྲའ་བའི་སེམས་ཀྱི་རྣམ་རྟོག་དྲུག། བཟློག་ནས་དགེ་ལ་ཅི་བདེར ་བཞག་པར་བྱ། ཞེས་སོ།། འཕགས་པ་ནཱ་གཱརྫུ་ནས་ཀྱང་།། པ་ནི་བུ་ཉིད་མ་ནི་ཆུང་མ་ཉིད།། སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དང་།། བཟློག་པ་ཉིད་དུ་མཆིས་པས་དེ་སླད་དུ།། འཁོར་བ་དག་ལ་ངེས་པ་འགའ་མ ་མཆིས་ཞེས་བཤད་དོ།། དེ་བས་ན་གཉེན་དང་དགྲ་དག་ལ་ཆགས་པ་ཡོངས་སུ་སྤངས་ངོ་།། དེ་བཞིན་དུ་ནད་མེད་མི་རྟག་ལང་ཚོ་རྟག་མ་ཡིན།། ཚེ་རང་མི་རྟག་འབྱོར་པ་རྟག་མ་ཡིན།། ཞེས་གསུངས་པས་དེ ་དག་ལ་ཆགས་པ་ཡང་ཡོངས་སུ་སྤང་ངོ་།། རྙེད་པ་དང་བཀུར་སྟི་དང་གྲགས་པ་དང་སྒྲ་དང་ཚིགས་སུ་བཅད་པ་ལ་ཆགས་པ་ཡང་སྤང་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་གསུངས ་པ། བདག་ནི་རྙེད་མང་བཀུར་སྟི་བྱས།། བདག་ལ་མང་པོ་དགའོ་ཞེས།། འདི་འདྲའོ་སྙོམས་པ་ཆང་འགྱུར་ན།། འཆི་བའི་འོག་ཏུ་འཇིགས་པ་སྐྱེ་ཞེས་པ་དང་།། ཡང་དེ་ཉིད་ལས། རྙེད་པ་དག་ནི་མང་བྱུང ་ཞིང་།། གླགས་དང་སྙན་པ་བྱུང་གྱུར་ཡང་།། རྙེད་དང་གྲགས་པའི་ཚོགས་བཅས་ཏེ།། གང་དུ་འདོད་པའི་གཏོལ་མེདོ།། བདག་ལ་སྨོད་པ་གཞན་ཡོད་ན།། བསྟོད་པས་བདག་དགར་ཅི་ཞིག་ཡོད།། བདག་ལ་བསྟོད་པ་གཞན་ཡོད་ན།། ་སློང་པས་མི་དགར་ཅི་ཞིག་ཡོད་ཅེས་བཤད་ལ། ཡང་དེ་ཉིད་ལས་སེམས་ཅན་རྙེད་པ་མེད་ལ་སྨོད།། རྙེད་པ་ཅན་ལ་མི་སྙན་སྤྱི།། རང་བཞིན་འགྲོགས་བཀའ་དེ་དག་གིས།། དགའ་བ་ཇི་ལྟར་སྐྱེ་བར་འགྱུར།། ཞེས་བཤད ་གཞན་ཡང་འཕགས་པ་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། རྙེད་པ་དང་བཀུར་སྟི་ཉེས་པ་རབ་ཏུ་མང་པོ་བསྟེན་པས་དེ་ལས་ཤེས་པར་བྱའོ།། འདིར་སློབ་མ་དང་ཡང་སློབ་ལ་སོགས་པ་ལ་ཆགས་པ་ནི ་སྙིང་རྗེའི་བདག་ཉིད་མ་ཡིན་ནམ། ཇི་ལྟར་དེ་སྤང་བར་རིགས་ཞེ་ན། མ་ཡིན་ཏེ་གནས་སྐབས་མ་ཡིན་པའི་སྙིང་རྗེས་སྨད་པ་སྟེ།། མངོན་པར་ཤེས་པ་མ་ཐོབ་པར་སློབ་མ་ཡོངསུ་སྨིན་པར་མི་ནུས་ཀྱིས།། རང་འཆིང ་བར་ཟད་དོ།། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དེ་ཉིད་ལས། གསུངས་པ། སེམས་ཅན་མོས་པ་སྣ་ཚོགས་པ།། རྒྱུ་ལ་བས་ཀྱང་ནི་མི་མགུན།། བདག་འདྲི་ངན་པས་སྨོས་ཅི་དགོས།། དེ་བས ་འཇིག་རྟེན་བསམ་པ་བཏིང་ཞེས་སོ།། ཡང་དེ་ཉིད་ལས། སེམས་ཅན་རྣམས་ལ་ཆགས་བྱས་ན།། ཡང་དག་ཉིད་ལས་ཀུན་ནས་སྒྲིབ།། སྐྱོ་བའི་སེམས་ཀྱང་འཇིག་པར་བྱེད།། ཐ་མར་མྱ་ངནི་གདུང་བར་འགྱུར།། དེ་ལ ་སེམས་པ་འབའ་ཞིག་གིས།། ཚེ་འདི་དོན་མེད་འདའ་བར་འགྱུར།། རྟག་པ་མེད་པའི་མཛའ་བཤེས་ཀྱིས།། རྟག་པའི་ཆོས་ཀྱང་འཇིག་པར་འགྱུར།། ཞེས་བཤད་དོ།། དེ་བས་ན་སློབ་མ་ལ་སོགས་པའི་འབྲས་བུས ་འབྲེལ་པ་དང་། འཇིག་རྟེན་པའི་ཐ་སྙད་ཀྱི་འབྲེལ་པ་གཉིས་ཀ་ལ་སྙིང་བརྩེ་བ་ཁོ་ནས་མ་ཆགས་པར་དབེན་པར་གནས་པར་བྱའོ།། སྲིད་པ་ལ་རང་བཞིན་གྱིས་ཆགས་པ་ཡང་སྤང་བར་བྱའོ།། ཇི་སྐད་དུ། འཕགས་པ་དཔུང་བཟངས་ཀྱིས ་ཞུས་པ་ལས་གསུངས་པ། འཇིག་རྟེན་སྟག་དང་སྦྲུལ་དང་མེ་འདྲ་བར།། བསམ་ནས་སྤངས་ཏེ་དབེན་ལ་དགའ་བར་བྱ།། བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང་།། སྨན་དང་གླང་ཆེན་བརྟག་པའམ་སྐར་མའི་དཔྱད།། མཚོན་ཆ ་བརྟག་པ་འམ་རྟ་དཔྱད་རང་བཟོ་འམ།། བསྟན་བཅོས་ངན་པ་སློབ་ཅིང་ཀློག་པ་སྤང་།། ཞེས་སོ། ཡང་དེ་ཉིད་ལས། གླིང་ཆེན་རྟ་དང་བྱ་གག་བྱ་ཁྱི་དོང་།། གོང་མོ་སྲེག་པ་ངུར་པ་སྐྱེས་པ་དང་།། བུད་མེད་བུ་མོ་བྱིས་པ་ར་ལུག་སོགས།། ་འཐབ་མོ་འགྱེད་པ་བལྟ་བར་མི་བྱའོ།། སྤྲུལ་པའི་གཏམ་དང་རང་དབང་བརྟེན་པ་དང་།། དམག་དང་གྱད་དང་ན་ཆུང་གཏམ་དག་དང་།། སྒྲུང་དང་ལྡེའུ་དང་སྔོན་གྱི་ལོ་རྒྱུས་གཏམ།། འདོད་ཆགས་དང་ནི་སྨད་འཚོང་གཏམ་མི་བྱ།། སྔགས་པ་སྔགས ་བཟླས་པ་ལ་བརྩོན་པ་དང་།། དབྱར་ཟླ་གསུམ་ནི་གཅིག་པུར་གནས་པར་བྱ་ཞེས་འབྱུང་ངོ་།། དེ་ཡང་དེ་ཉིད་ལས། ལས་ཀྱི་དབང་གྱུར་བདག་པོ་མེད་པ་དང་།། མགོན་མེད་རྟེན་མེད་ཚེ་རབས་གཅིག་ནས་གཅིག། ལུས་ཀྱི་ཁ་བརྒྱུད ་རྗེས་སུ་རབ་འགྲོ་བ།། དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྱུང་།། མཚོ་དང་མཛའ་བ་ཤེས་དང་ནི་རྣམ་པར་འབྲལ།། མི་སྡུག་པ་དང་ཕྲད་ཅིང་འདོད་པས་གདུངས།། ངན་པ་སྐྱེ་རྒན་འཆིའི་སྡུག་བསྔལ་ཅན།། ཡུལ་རྣམས་ཀུན་ཏུ་སོང་ནའང་མེད་པ་ཡིན།། ་ཤ་སྦྲང་ཆེ་གྲང་བཀྲེས་དང་ངལ་ལ་སོགས།། གང་དུ་སོང་ཡང་སྡུག་བསྔལ་ཉིད་ཡིན་པས།། ཡུལ་ལ་མངོན་དགའི་སེམས་ནི་བྱུང་བ་ན།། རྣམ་རྟོག་དེ་དག་རྣམས་ཀྱིས་བཟློག་པར་བྱ།། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཆེལ་དང་།། ལྤགས ་པ་ཀེངྒ་རུས་ལྟ་བས་རྣམ་པར་བཟློག། བྱམས་དང་སྙིང་རྗེ་ཆུས་གདབ་ཞེ་སྡང་དང་།། གཏི་མུག་ལ་ནི་རྟེན་འབྲོལ་ལམ་གྱིས་སོ།། ཞེས་གསུངས་སོ།། འཕགས་པ་ནཱ་གཱ་རྫུ་ནས་ཀྱང་།། འཇིག་རྟེན་གྱི་ཉེས་པ་དུ་མུ་བསྟན་ནས། ཇི་ལྟར་འདི ་ལྟར་མི་རྟག་བདག་མེད་དེ།། སྐྱབས་མེད་མགོན་མེད་དེ་སླད་དུ།། འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལ།། མི་མཆོག་ཁྱོད་ཀྱིས་ཐུགས་ནི་འབྱུང་བར་མཛོད་ཅེས་བཤད་དོ།། གཞན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང ་གཞོན་ནུ་བདུན་ལ་གདམས་པ་དང་། བཤེས་པའི་སྙིང་ཡིག་དང་། སློབ་མ་ལ་སྤྲིང་བ་ལ་སོགས་པའི་གཞུང་ལ་བརྟེན་ཏེ། སྲིད་པ་ལ་རང་བཞིན་གྱིས་ཆགས་པ་སྤང་བར་བྱའོ།། འདི་ནི་ཡིད་འབྱུང་བར་བྱ་བའི་ཡན་ལག་གོ།། དེ་ལྟར་མི་མཐུན ་པའི་ཕྱོགས་སྤངས་ནས་ཏིངངེ་འཛིན་གྱི་ཡོན་ཏན་དྲན་པར་བྱ་སྟེ། དེ་ལ་འདིར་ཡོན་ཏན་ནི་གཉིས་ཏེ། མཐོང་བའི་ཆོས་ལ་ཉམས་སུ་མྱོང་བར་འགྱུར་བ་དང་། དེ་ལས་གཞན་པའོ།། ཇི་ལྟར་ཞེ་ན། ལུས་བདེ་བར་གནས་པ་དང་། ་དག་བདེ་བར་གནས་པ་དང་། སེམས་བདེ་བར་གནས་པ་དང་། ཆོས་སྐྱོང་བ་རྣམས་དགའ་བ་དང་། དེ་ཡི་མི་ལུས་ཐོབ་པ་དོན་ཡོད་པ་དང་། སྟོན་པ་དང་ཕ་མ་དང་བླ་མའི་དྲིན་བསབས་པ་དང་། མི་མ་ཡིན ་བྱས་མི་ཚུགས་པ་དང་། ནད་ཉུང་བར་འགྱུར་བྱ་དང་། ཚེ་རིང་བར་འགྱུར་བ་དང་། འཆི་བའི་དུས་སུ་འགྱོད་པ་མེད་པ་དང་། མཁས་པ་རྣམས་ཀྱི་བསྔགས་པ་དང་། བཟའ་བ་དང་བཏུང་བ་དང་གནས་མལ་དང་ནད་ཀྱི་རྐྱེན་རྩི་དང ་གོས་རྣམས་བདེ་བླག་ཏུ་རྙེད་པ་དང་། ཉོན་མོངས་པ་དང་ལས་ལ་གནོད་པ་བྱེད་པ་སྟེ། འདི་དག་ནི་དང་པོའི་ཡོན་ཏན་ཡིན་ནོ།། གང་འདོད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་དང་། ངན་སོང་གསུམ་སྤངས་པ་དང་། མི་ཁོམ ་པའི་ལྷག་མཱ་སྤངས་པ་དང་། བུད་མེད་དུ་མི་སྐྱེ་བ་དང་། དབང་པོ་རྣོ་བ་དང་། དཀོན་མཆོག་གསུམ་དང་བྲལ་བཱརཱ་མི་འགྱུར་བ་དང་། དེར་ཡང་ཏིང་ངེ་འཛིན་ལ་དགའ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར ་བསྟེ། འདི་ནི་ཡོན་ཏན་གཉིས་པའོ།། ཤིནྡ་ཏུ་སྦྱངས་པས་ནི་ཚེ་བྱིན་གྱིས་བརླབ་པ་དང་། ལྷའི་གནས་སུ་ཚེ་འདི་ཉིད་ལ་བ་གློད་པ་ཞེས་བྱའོ།། དོན་འདི་ཉིད་ལས་བསམས་ཏེ། བཙུན་པ་ཟླ་བསྟེ་རང་གི་སློབ་མའི་ཕྱིར། ་བའི་དཀྱིལ་འཁོར་གསལ་བས་ཉེ་བར་རྒྱན་བྱས་ཞིང་། རྐེད་ཆིངས་ཚོར་ཆེན་སྤྲིན་གྱིས་འཁྲིགས་པར་འཁྱུད་གྱུར་པའི།། རི་རྩེ་ནགས་ཀྱི་མཐོངས་དེར་ཆར་པ་མེད་པར་ནི།། རླུང་ལྟར་གཡོ་བའི་རང་བཞིན་ཆོ་གཏུགས་བསྐལ ་པ་ཆེ།། ནགས་མཐོང་རི་དགས་རྒྱུ་བའི་ཚོགས་ཀྱིས་བསྟེན་བྱས་པ།། ཀུན་གནས་བཟང་པོ་དེ་ན་སྐྱིད་པ་གང་ཡིན་པ།། དེ་ཅི་དགའ་བའི་གནས་ཚུལ་ལྷ་མོའི་ཉམས་ཕུག་ཏུ།། ཟིལ་གྱིས་ཕབས་པའི་རྡོ་ལེ་བྱས་ཅན་འང་ཡོད་འགྱུར་རམ།། ། ་ནགས་ཀླུང་ཆུ་གཙང་ངོགས་བདེ་དབེན་པར་སྐྱིད་པ་གང་།། དེ་ཅི་ལྷ་ཡི་བུ་མོ་དྲི་ཞིམ་བྱུག་པ་ཡི།། ལན་བུའི་རྒྱན་དུ་ཐོགས་པ་རྒྱུན་ལྡན་མེ་ཏོག་ཚོགས།། མཛེས་པས་ཟིལ་གནོན་ལྷ་ཡི་ཆུ་ལའང་ཡོད་འགྱུར་རམ།། རི་ཡུལ ་ཡངས་པ་སྐྱེ་བོ་ལང་ལོང་མེད་པར་རབ་བདེ་བ།། ཉེས་སྦྱོང་རྒྱ་ཆེན་འཁོར་ཡུག་ནགས་ཚལ་སྔོན་འཁྲུངས་ཕྲེང་བས་སྦྲེངས།། ཆུ་ངོགས་སྙན་པ་ཕྲ་ཆུའི་རྒྱུན་སྒྲ་རྔ་ལྟར་སྙན་པ་ཡིས།། བདག་ཅག་ཉོན་མོངས་ཅན་གྱི་ཡུལ་མ་ཡིན ་ཞེས་འགྲོན་ལ་སྒྲོགས་པ་བཞིན། ཞེས་བསྟན་ལ། སློབ་དཔོན་ཞི་བ་ལྷས་ཀྱང་།། ནགས་ན་རི་དགས་བྱ་རྣམས་དང་།། ཤིང་རྣམས་མི་སྙན་བརྗོད་མི་བྱེད།། འགྲོགས་ན་བདེ་བ་དེ་དག་དང་།། ནམ་ཞིག་ལྷན་ཅིག་བདག་གནས ་འགྱུར།། ཕུག་གམ་ལྷ་ཁང་སྟོང་པ་འམ།། ལྗོན་ཤིང་དྲུང་དུ་གནས་བཅས་ཏེ།། ནམ་ཞིག་རྒྱབ་དུ་མྱི་ལྟ་ཞིང་།། ཆགས་པ་མེད་པར་འགྱུར་ཞིག་གུ།། སྲ་ཕྱོགས་བདག་གིས་བཟུང་མེད་པ།། རང་བཞིན་གྱིས་ནི་ཡངས་རྣམས ་སུ།། རང་དབང་སྤྱོད་ཅིང་ཆགས་མེད་པར།། ནམ་ཞིག་བདག་ནི་གནས་པར་འགྱུར།། ལྷུང་བཟེད་ལ་སོགས་ཉིད་ཚེ་དང་།། ཀུན་ལ་མི་མཁོའི་གོས་འཆང་ཞིང་།། ལུས་འདི་སྔ་བ་མ་བྱས་ཀྱང་།། འཇིག་མེད་གནས་པར་ནམ ་ཞིག་འགྱུར།། དུར་ཁྲོད་སོང་ནས་གཞན་དག་གི། རུས་གོ་དྲུག་དང་བདག་གི་ལུས།། འཇིགས་པའི་ཆོས་ཅན་དག་ཏུ་ནི།། ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར།། ཞེས་བཤད་དོ།། དེ་བཞིན་དུ ་འཕགས་པ་ཟླ་བ་སྒྲོན་མ་ལ་སོགས་པའི་མདོ་རྣམས་ལས་ཏིང་ངེ་འཛིན་གྱི་ཕན་ཡོན་རྒྱ་ཆེར་ཤེས་པར་བྱའོ།། འདི་ནི་ཡོན་ཏན་རྗེས་སུ་དྲན་པས་སྤྲོས་པའི་ཡན་ལག་གོ། དེ་ལྟར་ཡོན་ཏན་མཐོང་ནས་སྤྲོ་བར་གྱུར་པ་དེས་གཉིན ་པོ་ཡིད་ལ་བྱ་བས་རབ་ཏུ་སྤྲོ་བར་བྱ་སྟེ། ཇི་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། དེ་ལྟར་བཟོད་པས་བརྩོན་འགྲུས་རྩོམ།། འདི་ལྟར་བརྩོན་ལ་བྱང་ཆུབ་གནས།། རླུང་མེད་གཡོ་བ་མེད་པ་བཞིན།། ་བསོད་ནམས་བརྩོན་འགྲུས་མེད་མི་འབྱུང་།། ཞེས་བསྟན་པ་ལྟ་བུའོ།། འདི་ལྟོར་བདག་གིས་རབ་ཏུ་བརྩོན་པས་འདོད་པའི་དོན་མ་བསྒྲུབས་ན། ཚེ་འདི་ནི་རབ་ཏུ་གཡོ་བ་ཡིན་པས། ཡིད་བརྟན་པར་བྱ་བའི་ནུས་པ་མེད་པས ་སྐད་ཅིག་ཙམ་ཡང་གཡེལ་བར་མི་བྱའོ།། སྙམ་དུ་ཡིད་ལ་བྱ་སྟེ། དོན་འདི་ཉིད་ཐུགས་ལ་གཞུག་ནས། འཕགས་པ་ནཱ་གཱ་རྫུ་ནའི་ཞལ་སྟེ་ནུས། ཚེ་འདི་གནོད་མང་རླུང་གིས་བཏབ་པཱ་ཡི།། ཆུ་ཡི་ཆུ་བུར་བོས་ཀྱང་མི་རྟག་ན།། ་དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལ།། སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ་ཞེས་པ་དང་། ཡང་མགོ་འམ་གོས་ལ་གློ་བུར་མེ་ཤོར་ན།། དེ་དག་ཕྱིར་ཟློག་བགྱི་བ་བཏང་ནས་ཀྱང་།། ཡང་སྲེད་མེད་པར ་བགྱི་སླད་འབད་འཚལ་ཏེ།། འདི་བྱས་ཆེས་མཆོག་དགོས་པ་གཞན་མ་མཆིས། ཞེས་རྒྱལ་པོ་མཐར་འགྲོ་གནོན་གྱི་ཕྱིར་གདམས་པ་བྱའོ།། བཙུན་པ་ཟླ་བས་ཀྱང་རང་གི་སློབ་མ་ལ་འདི་སྐད་དུ། མེ་ཡི་དངོས་པོ་ཤིན་ཏུ་རྙེད་གྱུར ་ནས། དོན་དུ་བརྣག་པ་གང་ཡིན་དེ་ཉིད་བརྟུན་དེ་བསྒྲུབས།། མར་མེ་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟའོ།། ཚེ་ནི་སྐད་ཅིག་གནས་པའི་གདེང་ཡང་ཡོད་མ་ཡིན།། འདི་ནརྀ་སད་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ།། ་འདི་ནི་དེ་རེའུ་བྱ་ཞེས་སྐྱེ་བོ་སེམས་པ་ན།། གྲི་ཤིན་རྗེ་བྱེ་ཅོན་ནག་ཐོགས་ཟུར་གྱིས་ལྟ་བ་ཡུས།། མིག་རྩི་དམར་ཁྲོས་མ་རང་སྡེ་གང་མྱོས་རེ་སྙམ་འདེབས།། སོ་ག་མེ་ཏོག་རྒྱུས་བུའི་དུས་འདྲི་འབྱུང་བར་འགྱུར།། ཟླ་བ ་གསལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས།། སྐྱེ་བོ་ཐམས་ཅད་དགའ་འགྱུར་བདག་གི་ཚེ་འདི་ནི།། ཟད་པར་འགྱུར་ཞེས་ཤིན་ཏུ་མི་དགར་འགྱུར་བ་མེད་ཅེས་གདམས་སོ།། སློབ་དཔོན་ཞི་བ་ལྷའི་ཞལ་སྔ་ནས་ཀྱང ་ཡིད་བརྟན་མི་རུང་འཆི་བདག་འདི།། བྱས་དང་མ་བྱས་རཱ་མི་སྡོད་པས།། ན་དང་མྲི་ན་ཀུན་གྱིས་ཀྱང་།། གློ་བུར་ཚེ་ལ་ཡིད་མི་བརྟན།། ཞེས་བཤྭདོ།། དེ་བཞིན་དུ་དཔལ་ངག་གི་དབང་ཕྱུག་གྲགས་པའི་ཞལ་སྔ་ནས་ཀྱང་།། ་འདི་བྱ་ནང་པར་སླར་ཡང་འདི་བྱ་དེ་ནས་གཞན་ཡང་འདི་བྱ་ཞེས།། སྲིད་པ་གཡོ་བའི་རང་བཞིན་མ་ཤེས་དོན་མེད་ཡིད་བརྟན་ཚོལ་བྱེད་པའི།། སྐྱེ་དགུ་མཆི་བདག་ཁར་ནི་ཆུ་སྲིན་ཁེ་རུ་གྲུ་ནི་ཞུགས་པ་ལྟར།། བྱ་བ ་མ་ཕྱིན་པར་ནི་ཡུལ་གྱི་ཆུ་ཡི་དཔའ་ཀློང་ནང་དུ་ལྟུང་ཞེས་བཤད་དོ།། དེ་བཞིན་དུ་སློབ་དཔོན་ས་ར་ཧའི་ཞལ་སྔ་ནས་ཀྱང་། དེ་རིང་དེ་བཞིན་དུ་ནི་ས་སྙམ་པའི།། སྐྱེས་བུ་ནོར་རྣམས་ཕུན་སུམ ་ཚོགས་འདོད་པའི།། སྙིམ་པ་ཆུ་ཡིས་བཀང་པ་འཛག་པ་བཞིན།། མི་མངོན་འདྲའོ་ཀཱ་ཡེ་བཞིན་བཟངས་རྣམས་ཞེས་བསྟན་ཏོ།། འདྲ་ནི་གཉེན་པོ་ཡིད་ལ་བྱ་བས་བརྩོན་པར་བྱ་བའི་ཡན་ལག་གོ།། དེ་ལྟར་རབ་ཏུ ་བརྩོན་པ་དེས་ཡན་ལག་གཉིས་ཟུང་དུ་འབྲེལ་པར་བྱ་སྟེ། འདི་ལྟར་ཞི་གནས་དང་ལྷག་མཐོང་དང་། ཐབས་དང་ཤེས་རབ་བོ་ཅིའི་ཕྱིར་ཞེ་ན། ཞི་གནས་ཀྱིས་བརྟན་པོ་ཉིད་མ་བྱས་པའི་ལྷག་མཐོང་ནི་བརྟན་པར་མི་གནས་ཏེ། མར ་མེ་དང་རླུང་བཞིན་ནོ།། ལྷག་མཐོང་དང་བྲལ་བའི་ཞི་གནས་ཀྱིས་ནི། སྒྲིབ་པའི་དྲ་བ་རྣམས་མ་ལུས་པར་བྱང་བར་མི་ནུས་ཏེ། ཇི་ལྟར་གཟུགས་མེད་པ་ལ་སོགས་པའི་ཞི་གནས་སླར་འཁོར་བ་ལྟ་བུའོ།། དེ་བས་ན་བྱང ་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཞི་གྲནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས།། ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས།། ཐོག་མར་ཞི་གནས་བཙལ་བྱེ་དེ་ཡང་ནི།། འཇིག་རྟེན་ཆགས་པ ་མིད་ལ་མངོན་དགས་འགྱུར་ཅེས་བཤད་དོ།། དེ་བཞིན་དུ་ཐབས་དང་ཤེས་རབ་ཀྱང་སྟེ། ཇི་ལྟར་ཞེ་ན། སྐུ་རྣམ་པ་གཉིས་གྲུབ་པར་བྱ་བ་ཡིན་པ་དང་། སྒྲིབ་པ་གཉིས་སྤོང་བར་བྱ་བའི་ཕྱིར་རོ།། དེ་བས ་འཕགས་པ་དྲི་མུ་མེད་པར་གྲགས་པས་བསྟན་པ་དང་། འཕགས་པ་ག་ཡ་གོ་རཱིའི་མདོ་ལས། ཐུབས་དང་བྲལ་བའི་ཤེས་རབ་ནི་འཆིང་བའོ།། ཤེས་རབ་དང་བྲལ་བའི་ཐབས་ཀྱང་འཆིང་པའོ་ཞེས་གསུངསུ་སོ།། དེ་བཞིན ་དུ་འཕགས་པ་སྡོང་པོ་བཀོད་པ་ལས། སྨོན་ལམ་མངོན་པར་མི་འགྲུབ་པའི་ཕྱིར། ཆོས་ཀྱི་ཡེ་ཤེས་ཁོང་དུ་ཆུད་པ་ནི་མངོན་པར་མི་འགྲུབ་པའི་འདུད་དོ།། བདུད་བཅུ་ལས་གཅིག་ཏུ་གསུངས་སོ།། ཅིའི་ཕྱིར་སྟོང་པ་ཉིད ་ཁོ་ནས་དེ་དག་མི་འགྲུབ་ཅེ་ན། མ་ཡིན་ཏེ། འབྲས་བུ་ནི་རྒྱུའི་རྗེསུ་འབྲང་བའི་ཕྱིར་རོ།། དེ་བས་ན་འཕགས་པ་སྡོང་པོ་བཀོད་པ་ལས་གསུངས་པ། སྨྲ་བའི་མེཆོག་ནི་གང་ཡང་རུང་།། ཆོས་གཅིག་གིས་ནི་བྱུང་བ་མེད།། ། ་གང་ཡང་བྱུང་བ་ཡོད་མ་ཡིན།། འབྱུང་བར་འགྱུར་བ་དེ་བཞིན་མེད་ཅེས་སོ།། དེ་བཞིན་དུ་འཕགས་པ་རྡོ་རྗེའི་དྲ་བ་ལྔས་ཀྱང་། གལ་ཏེ་སྟོང་པ་ཐབས་ཡིན་ན།། དེའི་ཚེ་སངས་རྒྱས་ཉིད་མི་འགྱུར།། རྒྱུ་ལས་འབྲས་བུ ་གཞན་མེད་ཕྱིར།། ཐབས་ནི་སྟོང་པ་ཉིད་མ་ཡིན།། ཞེས་གསུངས་སོ།། འོ་ན་ཅིའི་ཕྱིར་ལུང་ལས་སྟོང་པ་འབའ་ཞིག་བསྒོམ་པས་ཆོག་པར་གསུངས་ཞེ་ན། འདི་ནི་བདག་ཏུ་ལྟ་བ་ལྔ་སོགས་པ་སྟོང་པ་ཉིད་དང་འགལ་བར ་འཇུག་པ་དེ་དག་གི་ཕྱིར་སྟོང་པ་ཉིད་ཀྱི་ཆེ་བ་བསྟན་པ་སྟེ། དེ་ལྟར་ཡང་འཕགས་པོ་རྡོ་རྗེ་དྲ་བ་དེ་ཉིད་ལས། ལྟ་བ་རྣམ་པས་ལོག་རྣམས་དང་།། བདག་ཏུ་ལྟ་བ་ཚོལ་རྣམས་ཀྱིས།། བདག་ཏུ་འཛིན་པ་བཟློག་པའི ་ཕྱིར།། རྒྱལ་བ་རྣམས་ཀྱིས་སྟོང་པ་བསྟན།། དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས།། ཐབས་བདེ་བ་ཡི་སྡོམ་པ་སྟེ།། སངས་རྒྱས་དྨ་རྒྱལ་རྣལ་འབྱོར་གྱིས།། སངས་རྒྱས་ཉིད་ཡུལ་མི་རིང་འགྱུར།། ་ཞེས་སྟོང་པ་ཉིད་འབའ་ཞིག་མཱི་བསྟེན་གྱི། ལྷའི་སྐུ་བསྒོམ་པར་བྱའོ་ཞེས་གསུངས་སོ།། དེ་བས་ན་རྫོགས་པར་བྱང་ཆུབ་པར་བྱ་བ་ལ་ནི་སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམ་གྱི་སྟོང་པ་ཉིད་འབའ་ཞིག་མ་ཡིན་ནོ།། ལུང་དག་ནི ་དགོངས་པ་དང་ལྡན་པ་སྟེ། ཇི་ལྟར་མནལ་ཕུལ་བ་ལས། ཕ་རོལ་ཏུ་ཕྱིན་པ་དྲུག་ཐོབ་པར་བསྟན་པ་ལྟ་བུ་སྟེ། དེ་བས་ན་ལུང་ལ་སྒྲ་ཇི་བཞིན་པར་མི་གཟུང་སྟེ། འོན་ཀྱང་སྟོང་པ་ཉིད་ལ་གོམས་པ་ཕུལ་དུ་ཕྱིན་པ་ན་དགེ་བའི་ལས ་ཐམས་ཅད་རང་གི་དང་ལསྣ་འབྱུང་སྟེ། དང་པོར་སེམས་ཅན་གྱི་དོན་གྱི་ཕྱིར། སྟོང་པ་ཉིད་ལ་ཞུགས་པ་ནས། ཉན་ཐོས་ལྟར་ཞི་བ་ཉིད་དུ་མི་འགྱུར་ཏེ། ཇི་ཙམ་དུ་སྟོང་པ་ཉིད་བརྟན་པ་དེ་ཙམ་དུ་སེམས་ཅན་དེ་ལྟར་མ་རྟོགས་པ ་རྣམས་ལ་སྙིང་རྗེ་སྐྱེ་སྟེ། ཇི་སྐད་དུ་འཕགས་པ་ནཱ་གཱ་རྫུ་ནཱའི་ཞལ་སྔ་ནས་བཤད་པ། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས། སྦྱོང་ཉིད་འདི་ནི་བསྒོམ་བྱས་ན།། བློ་ནི་གཞན་དོན་ལ་དགའ་བར།། འགྱུར་བ་ཉིད་དུ་དོགས་པ་མེད་ཅེས་སོ།། ་གཞན་ཡང་ཆོས་ལ་བདག་མེད་མཁས་པ་ནི།། རང་བཞིན་མེད་ལ་གོམས་བྱས་པས།། ཕྱིན་ཅི་ལོག་ལས་བྱུང་བ་ཡི།། ཉོན་མོངས་བསྒྲིམ་པ་མེད་པར་སྤོང་ཞེས་དབུ་མའི་རྒྱན་ལས་བཤད་པའི་རེག་པ་ཉོན་མོངས་པ་སྤོང་བར་འགྱུར ་ཏེ། གང་གི་སྙིང་རྗེ་ཡང་མྱ་སྤངས་ལ། ཉོན་མོངས་པ་ཡང་ཞི་བ་དེ་ལ་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་རྣམས་ཚེགས་མེད་པར་འགྲུབ་པར་འགྱུར་ཏེ། དེ་བས་ནུ་རྒྱུའི་གཙོ་བོར་འགྱུར་བ་དང་། དེ་འབའ་ཞིག ་ལས་ཀྱང་ཡོན་ཏན་མང་པོ་འབྱུང་བ་ལ་དགོངས་ཏེ། འཕགས་པ་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པ་ལས། མཚན་མར་བཅས་པ་མཚན་བཅས་ཀྱིས།། དངོས་གྲུབ་དམ་པ་རྒྱལ་བས་བཞེད་།། མཚན ་མ་མེད་ལ་གནས་པས་ནི།། མཚན་མར་བཅས་པའང་འགྱུར་དུ་རུང་།། དེ་བས་རྣམ་པ་ཐམས་ཅད་དུ།། མཚོན་མ་མེད་པ་བསྟེན་པར་བྱ།། ཞེས་བྱ་བ་ལ་སོགས་པ་གསུངས་པས། སྟོང་པ་ཉིད་འབའ་ཞིག་གིས་ཆོག ་པར་གསུངས་པ་ཉིད་དོ།། འདི་ནི་འབྲེལ་བར་བྱ་བའི་ཡན་ལག་གོ། དེ་ལྟར་ཡན་ལག་བརྒྱད་དང་ལྡན་པ་དེས་གནས་རྗེས་སུ་མཐུན་པར་ཁ་ཟོས་དང་སྤྱོད་ལམ་དང་རྗེ་སུ་མཐུན་པ་དང་། གོས་དང་གྲོགས་རྗེས་སུ་མཐུན་པ ་དང་ལྡན་པར་བྱས་ལ་སེམས་མཉམ་པར་གཞག་པར་བྱའོ།། དེ་ལ་རྗེས་སུ་མཐུན་པའི་གནས་ནི། འཕགས་པ་དཔུང་བཟངས་ཀྱི་ཞུས་པ་ལས་གསུངས་པ། རང་སངས་རྒྱས་དང་བདེ་གཤེགས་ཉིད་སྐྱེས་དང་།། རྒྱལ ་བ་སྔོན་ཆད་གང་ན་བཞུགས་པ་ཡི།། གནས་གང་བསོད་ནམས་ལྡན་ཞིང་དགའ་བའི།། ལྷ་དང་ལྷ་མིན་ལ་སོགས་ཕྱག་འཚལ་མཆོད།། གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས།། བདག་ཉིད་དག་པར་བྱ་ཕྱིར་བསྟེན་བྱ་བ།། ་དེ་ལྟ་བུ་ནི་མ་རྙེད་གཞན་ཡང་ནི།། ཆུ་བོ་ཆུ་ཀླུང་འབབ་ཆུ་ཡོད་པ་དང་།། པདྨ་ཨུཏྤ་ལ་སཱུ་ནི་བརྒྱན་པའི་མཚོ།། སྐྱེ་བོ་རྣམས་ནི་ཤིན་ཏུ་མི་རྒྱུ་བ།། དང་ཞིང་ཞིམ་པའི་ཆུ་ནི་མང་བཱ་དང་།། མི་བཟང་གདོན ་རྣམས་ཀྱང་ནི་མི་གནས་པ།། མེ་ཏོག་འབྲས་བུ་གཙང་མ་ཡོད་པ་དང་།། སྨན་ལྗོངས་ལྗོན་ཤིང་སྣ་ཚོགས་དཀྲིགས་པ་དང་།། ས་སྟེངས་གནས་མལ་ཤིན་ཏུ་གཙང་བ་དང་།། གང་ན་སྟག་གཟིག་སེང་གེ་མེད་པ་དང་།། ་ཡིད་འོང་མཉམ་ཞིང་ཚུར་མ་མེད་པ་དང་།། མི་ཡི་དངོས་གྲུབ་གནས་སུ་བསྒྲིགས་པ་ཡིན།། གྲོག་པོ་གྲོག་མཁྱེར་ཐལ་བ་སྐྲ་བཤད་དང་།། ཉལ་ཉི་ལ་སོལ་བ་ཚེ་སྒོ་ཚོགས་བཅས་སྤངས།། དེརརུ་ནི་ས་བརྐོས་སྦྱངས་ནས ་གནས་བརྩིག་པ།། དྲོ་ལ་བརྟན་ཞིང་འཇིམ་པས་ཞལ་ཞལ་བྱ།། ཤར་རམ་བྱང་ངམ་ནུབ་ཏུ་སྒོ་གདོད་ཅིང་།། ལྷོ་ཕྱོགསུ་ནི་ནམཱ་ཡང་སྒོ་མི་གདོད་ཅེས་གསུངས་སྟེ། འདི་ནི་རྗེ་སུ་མཐུན་པའི་གནས་སོ།། ཁ་ཟས་ཀྱང་རྗེས་སུ ་ཆགས་པ་མེད་པ་དང་། ཚོད་ཟིན་པ་དང་། ལུས་ཀྱི་སྟོབས་དང་འཚམ་པ་དེ་ལྟར་བཟའ་སྟེ། དེ་བས་ན་འཕགས་པཱ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། ཁ་ཟས་སྨན་དང་འདྲ་བར་རིགས་པ་ཡིས།། འདོད་ཆགས་ཞེ་སྡང་མེད་བྱར ་བསྟེན་བགྱི་སྟེ།། རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས།། འཚིག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར།། ཞེས་བཤད་དོ།། ཆགས་པར་གྱུར་པའི་ཉེས་པ་ནི།། ཇི་སྐད་དུ། འཕགས་པ་གང་པོས ་ཞུས་པ་ལས་གསུངས་པ། ཞིམ་པོའི་རོ་ལ་ཞེན་ཅིང་ཆགས།། སྐྱོན་རྣམས་མཐོབ་པར་མ་གྱུར་པས།། བདུད་ཀྱིས་གླགས་ནི་རྙེད་འགྱུར་ཏེ།། མཆིལ་བས་བཟུང་བའི་ཉ་བཞིན་ནོ་ཞེས་གསུངས་སོ།། དེ་བཞིན་དུ་འཕགས་པ ་དཔུང་བཟངས་ཀྱི་ཞུས་པ་ལྔས་ཀྱང་། དཔེར་ན་རྨ་ཡི་གསོ་དུང་གསལ་བའི་ཕྱིར།། ནད་པ་དག་ལ་སྨན་ནི་སྦྱིན་པ་ལྟར།། དེ་བཞིན་འདིར་ཡང་བཀྲེས་པའི་སྡུག་བསྔལ་དག། གསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར ་གསུངས།། ལ་ལ་ལམ་གྱི་དུབ་ཅིང་འགྲོ་བའི་ཚེ།། བཀྲེས་སྐོམ་གདུངས་པས་རང་གི་བུ་ཡི་ཤ། ཟ་བ་བཞིན་དུ་རྣལ་འབྱོར་སེམས་དམན་ཞིང་།། འཚེ་དང་རྒྱགས་ཕྱིར་བཟའ་བར་མི་བྱའོ།། མང་དུ་བླུགས་པས་རྩོལ ་མྱེད་མཐོ་བ་ལ།། དེ་བཞིན་ཉུང་ངུས་སྲང་ནི་དམའ་འགྱུར་ལ།། རན་པས་སྐད་ཅིག་མཱཉམ་པར་འགྲོ་བ་ལྟར།། ལུས་ཅན་ཁ་ཟས་དེ་ལྟར་བཟའ་བར་བྱ།། དཔེར་ན་ཁང་པ་རྙིང་མི་ཞིག་བྱ་བའི་ཕྱིར།། མི་ཡུས་ཀ་བ་བཟང ་པོ་འཛུགས་པ་ལྟར།། དེ་བཞིན་ལུས་ཀྱི་འཁྲུལ་འཁོར་གནས་པ་དང་།། ཤིང་རྟའི་མིག་སྐུང་བཞིན་དུ་ཁ་ཟས་བཟའ།། འདོད་པའི་ཁམས་ནི་ཁོ་ཟས་ཀྱིས་གནས་ཞེས།། རྒྱལ་བས་ཆོས་གཅིག་ཏུ་ནི་བཀའ་སྩལ ་པ།། ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ།། སེམས་ནི་བཟའ་བཟུང་སོགས་ལ་ཆགས་མི་བྱ།། ཞེས་གསུངསོ།། དེ་བཞིན་དུ་ལུས་ཀྱི་ཉམས་དམའ་བ་ལྟར་ན་རྣལ་འབྱོར་པ་ཐམས་ཅད་ཀྱིས་ཀྱང་བསྙུང་བར་གནས ་པར་མི་བྱ་སྟེ། ཇི་སྐད་དུ་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་ལས་བྱང་ཆུབ་དུ་གསུངས་པ། དུབ་པར་གྱུར་པའི་སྐྱོན་ཡོད་ཕྱིར།། བསྙུང་བར་གནས་པ་སྨད་པར་བཤད་ཅེས་སོ།། གལ་ཏེ་ལུས་ལ ་དུབ་པ་མེད་པ་ལྟ་ན་ནི་ལུས་ཡང་བར་བྱ་བའི་ཕྱིར་རྣལ་འབྱོར་པ་ཐམས་ཅད་ཀྱིས་ཀྱང་བསྙུང་བར་གནས་པར་བྱ་སྟེ། ཇི་སྐད་དུ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས། བུ་གཅིག་ལུས་དག་བྱ་ཕྱིར་བསྙུང་བྱ་ཞེས།། ་བདེ་བར་གཤེགས་པ་ནམ་ཡང་མི་གསུང་ཡང་།། ལུས་འདི་མི་གཙང་པགསྨྲ་པ་ཤ་ཁྲག་རྐང་།། ཀླུང་རྒྱས་རྒྱུ་མ་མཆེར་མཆིན་མཁལ་མ་ཞུག། མཁྲིས་པ་བླད་ཀན་ཁུ་ཆུ་ཕྱི་ས་དང་།། གཅིན་སྣབས་པ་སྤུ་སྒྲ་དང་རུས ་པ་དང་།། མིག་དང་རྣ་བ་སྣ་དང་ཁ་དང་ནི།། བཤད་སྒོ་མཚན་མ་བུ་ག་དགུ་པོ་ཡི།། རྨི་ནས་དྲི་མ་སྣ་ཚོགས་མི་གཙང་བ།། འཛག་པའི་རྒྱུན་ནི་རྟག་ཏུ་འབྱུང་བ་ཡིན།། དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དོང་།། ་ས་ཆུ་མེ་རླུང་ན་མཁའ་རྣམས་དང་ལྡན།། ཅི་བཞིན་ལས་ཀྱི་རྗེ་སུ་འབྲང་བའི་ལུས།། ཐམས་ཅད་ལྡན་པའི་གཟུགས་ལ་གནས་པ་ཡི།། བཤད་གཅི་རྣམས་དང་མཆིལ་མ་བད་ཀན་དང་།། འདི་དག་ཟད་པར་བྱ། ་ཕྱིར་བསྐྱང་བར་གསུངས།། དྲི་མ་ཟད་ནས་མི་ཡི་ལུས་དག་ན།། རང་གི་འབྱོར་ཕྱིར་སྒྲུབ་ལ་འབད་པར་བྱ་ཅེས་གསུངས་སོ།། གྲོགས་པོ་ནི་མེད་པ་འམ་རྗེས་སུ་མཐུན་པ་བསྟེན་ཏེ། ཇི་སྐད་དུ། བཅོམ་ལྡན ་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ལས་གསུངས་པ། མང་པོ་དག་ནི་རྩོད་པར་འགྱུར།། གཉིས་པོ་དག་ནི་གཏམ་བཅས་འགྱུར།། གཞོ་ནུ་མ་ཡི་གདུ་བུ་བཞིན།། གཅིག་པུ་ཞིག་ནི་གནས་པར་བྱ་ཞེས་སོ།། རྗེས་སུ ་མཐུན་པ་དཔུང་བཟངས་ཀྱིས་ཞུས་པ་ལས་གསུངས་པ། ནམ་ཡང་འཁོར་ལོ་གཅིག་པའི་ཤིང་རྟ་ནི།། རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར།། དེ་བཞིན་སྒྲུབ་པ་པོ་ནི་གྲོགས་མེད་ན།། ལུས་ཅན་དངོས་གྲུབ ་ཐོབ་པར་མི་འགྱུར་རོ།། དེ་ནི་བློ་ལྡན་གཟུགས་བཟངས་གཙ་སྒྲ་ཆེ།། རིགས་ནཱི་བཙུན་ཞིང་ཆོས་ལ་གཞོལ་བ་དང་།། སྤོབས་པ་ཆེ་ལ་དཔའ་ཞིང་དབང་པོ་ཐུལ།། སྙན་པར་སྨྲ་ཞིང་སྦྱིན་ཕོད་སྙིང་རྗེ་ཅན།། ་བཀྲེས་དང་སྐོམ་དང་ཉོན་མོངས་བཟོད་པ་དང་།། བྲམ་ཟེ་དང་ནི་ལྷ་གཞན་མཆོད་མི་བྱེད།། སྦྱིན་ཞིང་གཟོ་ལ་བྱས་པ་གཟོ་བ་དང་།། དཀོན་མཆོག་སུམ་ལྕེ་དད་པ་དྲག་པོ་ཡིན།། དེ་ལྟའི་ཡོན་ཏན་མ་ལུས ་ལྡན་པ་དག། རྩོད་པའི་དུས་སུ་ཤིན་ཏུ་དཀོན་པས་ནི།། ཡོན་ཏན་ཕྱེད་དམ་བཞི་ཆ་བརྒྱད་ཆ་ཅན།། དེ་ལྟ་བུ་ནི་སྔགས་པས་གྲོགས་པོར་བསྟེན།། ཞེས་སོ། འདིར་ནི་སྤྲོས་པ་གཅོད་པ་དང་།། སྤྲོས་དང་བྲལ ་བའི་དབང་གིས་གྲོགས་པོ་མེད་པ་འམ། རྗེས་སུ་མཐུན་པའི་གྲོགས་པོ་དང་ལྡན་པར་བྱའོ།། དེ་བཞིན་དུ་ཇི་ཙམ་གྱིས་གནོད་པ་དེ་ཙམ་གྱི་གོས་ལ་བརྟེན་གྱི་ཚེགས་དང་བཅས་ཤིང་ལྷག་པར་ཆགས་པར་གྱུར་པའི ་@གྲོས་དང་གནས་མལ་བསྟེན་པར་མི་བྱ་སྟེ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཇི་སྐད་དུ་གསུངས་པ། གཙུག་ཕུང་གཞུག་སྟེ་སྐྲ་ནི་བྲེགས་ནས་སུ།། འབྱུང་ཁུངས་མཚོན་གྱི་གོས་ཀྱི ་ཁྱ་དོག་བསྒྱུར།། གོས་དཀུར་དང་ནི་ཤིང་ལོ་འམ།། གསོ་བ་འམ། ཟབ་མའི་ཤིང་ཤུན་རྣམས་ཀྱི་གོས་བགོའོ་ཞེས་སོ།། ཡང་འཕགས་པ་རབ་ཏུ་གྲུབ་པར་བྱེད་པ་ལས། སྔགས་ཟློས་ཁྱིམ་པ་མཁས་པ་ཡིས།། ཁ ་དོག་བསྒྱུར་བའི་གོས་མི་བགོ་ཞེས་གསུངས་ཏེ། འདི་དག་ནི་རྙེད་བླ་བར་བྱ་བ་དང་། སྒེག་པ་ཉིད་དགག་པར་བྱ་བའི་དོན་ཡིན་ནོ།། རྗེས་སུ་མཐུན་པའི་སྤྱོད་ལམྦ་ནི་གསུམ་སྟེ། ལེགས་པར་གནས་པ་དང་། སྡུག ་བསྔལ་གནོན་པ་དང་། ཁྱད་པར་དུ་འགྲོ་བའོ།། དེ་ལ་ལེགས་པར་གནས་པ་ནི་ཇི་ལྟ་བུའི་སྤྱོད་ལམ་གྱིས་གནས་ཀྱང་དེསུ་སེམས་ལྔ་རྨ་མི་འབྱུང་བས་སྟེ། ཇི་སྐད་དུ་འཕགས་པ་སྡོང་པོ་བཀོད་པ་ལས་བྱང་ཆུབ ་ཀྱི་སེམས་མ་ཉམས་པར་བྱེད་པའི་དགེ་བའི་རྩ་བ་རྩོམ་པ་ཐམས་ཅད་ནི་བདུད་ཀྱི་ལུས་སོ།། ཞེས་གསུངས་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ།། ་བརྟུལ་ཞུགས་མང་པོས་ཅི་ཞིག་བྱ་ཞེས་བཤད་ལ། ཡང་དེ་ཉིད་ལས། བདག་ནི་རྙེད་དང་བཀུར་སྟི་དང་།། ལུས་དང་འཚོ་བ་མེད་བླ་ཞིང་།། དགེ་བ་གཞན་ཡང་ཉམས་བླ་ཡི།། སེམས་ནི་ནམས་ཀྱང་ཉམས་མི་བྱ།། ་ཞེས་བསྟན་ཏེ། དེ་བས་ན་དུས་དང་གནས་སྐབས་ཐམས་ཅད་དུ་ཡང་སེམས་ལ་མི་གནོད་པའི་སྤྱོད་ལམ་སྤྱད་དོ།། དེ་བས་ན་སློབ་དཔོན་ཌོཾ་བི་པའི་ཞལ་ནས། སློབ་སྦྱོང་སློབ་སྦྱང་སྤྱད་པ་དང་།། བྲམ་ཟེ་ན་ཡང་གཙང་སྦྲ ་ཡིད།། རྟག་ཏུ་གཅིང་སྒྲའི་སྤྱོད་པ་བྱ།། སེམས་ལ་གནོད་པ་མ་ཡིན་ནོ་ཞེས་བཤད་དོ།། སྡུག་བསྔལ་གནོད་པོ་ནི་ལམ་ཡིད་ལ་བྱེད་པས་གྲང་བ་དང་ཆི་བ་དང་། བཀྲེས་པ་དང་། སྐོམ་པ་ལ་སོགས་པའི་སྡུག་བསྔལ་མ་ལུས་པས ་མི་གཡོ་བར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། ཇི་སྐད་དུ་གསུངས་པ། ཉ་བ་གདོལ་པ་ཞིང་ལ་སོགས་པ་དང་།། རང་གི་འཚོ་བྱ་ཅིམ་ཞིག་སེམས་པ་ཡང་།། གྲང་དང་རྨི་ལ་སོགས་པའི་གནོད་བཟོད ་ན།། འགྲོ་བའི་དོན་ཕྱིར་བདག་ལྟ་ཅིས་མི་བཟོད་ཅེས་སོ།། དེ་བཞིན་དུ་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས་ཀྱང་། འདོད་ལ་མ་ཆགས་ལུས་ཀྱི་ཉོན་མོངས་བཟོད་ཅེས་གསུངས་ལ། དེ་བཞིན་དུ་འཕགས་པ་འཇིག་རྟེན ་གསུམ་ལས་རྣམ་པར་རྒྱལ་བའི་བཀའ་ལས་ཀྱང་།། ལུས་ཀྱི་ཉོན་མོངས་དཔྱད་པ་ལས།། དངོས་གྲུབ་རྣམ་གསུམ་ཐོབ་པར་འགྱུར།། ཞེས་གསུངས་སོ།། དེ་བཞིན་དུ་དཔལ་གསང་བ་འདུས་པ་ལས་ཀྱང་འདོད་ཆེན་སྡུག ་བསྔལ་ཆེན་པོ་ཡིས།། རང་གི་སྡུག་བསྔལ་ཞི་བར་བྱ་ཞེས་གསུངས་པས། སྡུག་བསྔལ་འབྲས་བུ་དང་བཅས་པ་རྣམས་ནི། རབ་ཏུ་དགའ་བ་བཞིན་དུ་བསྟན་པར་བྱའི།། སེམས་ཀྱི་དང་ཚུལ་བདར་བ་ཉིད་དུ་མི་བྱའོ།། དེ་བས ་འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལས། ལྷ་ཡི་བདེ་བྱ་དང་ནི་འབྱོར་པ་དང་།། ཚེ་དང་སྟོབས་གཟུགས་ཕུན་སུམ་ཚོགས་པ་དང་།། ཐོས་མང་མདངས་བཟངས་གཅིག་ཏུ་ཡིད་གཞུངས་དང་། ་དབང་ཐང་ཆེ་ཀུན་དཀུའ་ཐུབ་སྟོབས་ཀྱིས་འཐོབ་ཅེས་གསུངས་སོ།། ཁྱད་པར་དུ་འགྲོ་བའི་སྤྱོད་ལམྱ་ནི་དེས་མཉམ་པར་མ་གཞག་པ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀླག་པ་དང་། སཱཙྪ་གདབ་པ་དང་། བསྐོར་བ་བྱ་བ་ལ་སོགས ་པ་བསོད་ནམས་ཀྱི་ཚོགས་ལཾ་གུས་པ་ཉིད་དུ་བྱ་སྟེ། དེ་ལྟར་ཡང་འཕགས་པ་ཁྲོ་བོའི་རྒྱལ་པོ་གདོང་དྲུག་པའི་རྒྱུད་ལས་གསུངས་པ། ལངས་ནས་བཅོམ་ལྡན་འདས་ཀྱི་ཡུམ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀླགས་ཞེས ་གསུངས་སོ།། འཕགས་པ་དཔུང་བཟངས་ཀྱིས་ཞུས་པ་ལུས་ཀྱང་གསུངས་པ། གཙང་ཞིང་དབེན་པའི་ས་ཕྱོགས་རྣམས་སུ་ནི།། འཇིམ་པ་འམ་ནི་བྱེ་མ་ལས་བྱས་པའི།། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། ་སྡིག་པ་སྦྱངས་ཕྱིར་རྟག་ཏུ་གདབ་པར་བྱ། ཞེས་གསུངས་སོ།། དེ་བཞིན་དུ་འཕགས་པ་འཇིག་རྟེན་གསུམ་ལས་རྒྱལ་བའི་ཆོ་ག་ཞིབ་མོ་ལས་ཀྱང་། མཁས་པས་མཆོད་རྟེན་ལས་བྱ་ཞིང་།། དེ་བཞིན་དམ་པའི་ཆོས་ཀྱང་ཀླག། ་དགེ་བ་ཅུང་ཟད་གཞན་དག་ཀྱང་།། ཅུང་ཟད་ཟིན་ནས་འདི་དག་ཀྱང་།། དངོས་གྲུབ་མཆོག་ནི་ཐོབ་འདོད་པས།། རྟག་ཏུ་སེམས་ཅན་རྣམས་ལ་བསྔོ།། ཞེས་གསུངས་སོ།། དེ་བས་ན་ཇི་ཙམ་དུ་སེམས་ལ་མི་གནོད་པའི་བསོད ་ནམས་དང་ཡེ་ཤེས་ཀྱི་ཚོགས་གཡེང་བ་དང་བཅས་པ་རྣམས་སེམས་ཅན་ལ་ཕན་པར་འདོད་པས་རབ་ཏུ་གུས་པར་བྱས་ལ་བརྩམས་ཏེ། འདི་ནི་རྗེས་སུ་མཐུན་པའི་སྤྱོད་པ་རྣམ་པ་གསུམ་མོ།། དེ་ལྟར་ཚོགས་ཐོབ་པ་ངེས་སྤྱོད ་ལམ་རྣམ་པ་བཞི་གང་བདེ་བར་གནས་ཏེ། མཚན་མ་དང་བཅས་པ་འམ། མཚན་མ་མེད་པའི་རྣལ་འབྱོར་ལ་སེམས་མཉམ་པར་བཞག་པར་བྱའོ།། དེ་ལྟར་སེམས་མཉམ་པར་འཇོག་པ་དེས། ཉེས་པ་ལྔ་སྤང་བའི་ཕྱིར ་སློང་བའི་འདུ་བྱེད་བརྒྱད་བསྟེན་པར་བྱ་སྟེ། དེ་ལ་ཉེས་པ་ལྔ་ནི་དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ་ལས། ལེ་ལོ་དང་ནི་གང་མ་ངག་རྣམས།། བརྗེད་དང་བྱིང་དང་རྒོད་པ་དང་། འདུ་མི་བྱེད་དང་འདུ་བྱེད ་དེ།། འདི་དག་ཉེས་པ་ལྔར་འདོད་དོ་ཞེས་གསུངས་སོ།། དེ་དག་གི་གཉེན་པོ་སྤོང་བའི་འདུ་བྱེད་བརྒྱད་ཀྱང་དེ་ཉིད་ལས་གསུངས་ཏེ། གནས་དེ་དག་ལ་གནས་པ་དང་། རྒྱུ་དང་འབྲས་བུ་ཉིད་དུའོ།། དམིགས་པ་བརྗེད་པར་མ ་གྱུར་དང་།། བྱིང་དང་རྒོད་པ་རྟོག་པ་དང་།། དེ་སྤོང་མངོན་པར་འདུ་བྱེད་དང་།། ཞི་ཚེ་རྣལ་དུ་འཇུག་པའོ་ཞེས་སོ།། དེ་ལྟར་ཡན་ལག་ཡོངས་སུ་རྫོགས་པ་དེས།། ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱ་བ་ལས།། འདིར་ཞི ་གནས་དེ་ནི་གཉིས་ཏེ། ཁ་ན་དུ་བལྟས་པས་ཐོབ་པ་དང་། ཁ་ཕྱིར་བལྟས་པ་ལ་དམིགས་པའོ།། དེ་ལ་ཁ་ནང་དུ་བལྟས་པ་ལ་ཡང་གཉིས་ཏེ། ལུས་ལ་དམིགས་པ་དང་། ལུས་ལ་བརྟེན་པ་ལ་དམིགས་པའོ།། དེ ་ལ་ལུས་ལ་དམིགས་པ་ལ་ཡང་གསུམ་སྟེ། ལུས་ཉིད་ལ་ལྷའི་རྣམ་པར་དམིག་པ་དང་། ཀེང་རུས་ལ་སོགས་པ་མི་སྡུག་པར་དམིགས་པ་དང་། ཁ་ཊྭཱཾ་ག་ལ་སོགས་པ་མཚན་མ་ཁྱད་པར ་ཅན་ལ་དམིགས་པའོ།། ལུས་ལ་བརྟེན་པ་ལ་ཡང་དམིགས་པ་ཡང་ལྔ་སྟེ། དབུགས་ལ་དམིགས་པ་དང་། མཚན་མ་ཕྲ་མོ་ལ་དམིགས་པ་དང་། ཐིག་ལེ་ལ་དམིགས་པ་དང་། འོད་ཟེར་ཀྱི་ཡན་ལག་ལ་དམིགས་པ ་དང་། དགའ་བ་དང་བདེ་བ་ལ་དམིགས་པའོ།། ཁ་ཕྱིར་བལྟས་པ་ལ་དམིགས་པ་ལ་ཡང་གཉིས་ཏེ། ཁྱད་པར་ཅནྡ་དང་། ཕལ་བའོ།། དེ་ལ་ཁྱད་པར་ཅན་ལ་ཡང་གཉིས་ཏེ། སྐུ་ལ་དམིགས་པ་དང་། གསུང་ལ་དམིགས ་པའོ།། འདི་དག་ནི་ཞི་གནས་ལ་འཇུག་པའི་ཡན་ལག་གོ། ཇི་ལྟར་བསྒོམ་པ་ལ་འདིར་མི་བརྗོད་དེ། གཞུང་ཤིན་ཏུ་མང་པོ་འགྱུར་བས་འཇིགས་པའི་ཕྱིར་དང་། བླ་མ་དམ་པས་ཉམས་སུ་མྱོང་བའི་མནྡ་ངག་ལ་བརྟེན ་པཱར་རིགས་ཀྱི། བསྒོམ་པར་བྱ་བའི་མན་ངག་ནི་ཡི་གེར་གནས་པས་ཤེས་པར་དགའ་བའི་ཕྱིར་དང་། ཞིབ་ཏུ་ནི་ཞི་གནས་དང་ལྷག་མཐོང་བསྟན་པ་ལས་བཤད་པའི་ཕྱིར་རོ།། ཞི་གནས་ཀྱི་འབྲས་བུ་ནི་ལྷག་མཐོང ་ཡིན་ལ་ལྷག་མཐོང་གི་འབྲས་བུ་ནི། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ཡིན་ཏེ། དེ་ཡང་དངོས་པོ་གང་ཡང་མི་གནས་པས་དངོས་པོ་མེད་པ་བྱེ་བྲག་ཏུ་མཐོང་ལ། དེ་ཉིད་ཀྱི་ཚེ་སེམས་རྩེ་གཅིག་ཏུ་གྱུར་པས ་དམིགས་པ་དུ་མ་རབ་ཏུ་རྒྱུག་པ་རབ་ཏུ་ཞི་བར་གནས་པའི་ཕྱིར་རོ།། དེ་ལྟར་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པའི་གནས་སྐབས་འདིར། ཡེ་ཤེས་ཀྱི་དམིགས་པ་གྲང་ཡིན་པ་དང་། ཡེ་ཤེས་ཉིད་ཚུལ་ཇི་ལྟར་གནས་པ་དང་། ་རྣལ་འབྱོར་སྤྱོད་པ་པའི་ཞི་གནས་དང་ལྷག་མཐོང་དང་། བདག་ཅག་དབུ་མ་པའི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་ལ་ཁྱད་པར་ཅི་ཡིན་པ་དག་ལ། བདག་གི་བློ་རབ་ཏུ་འཕྲོ་བར་བཟོད་མོད་ཀྱི། འདིར་ཉམས་སུ་བླང་བའི ་ཐབས་ཙོམུ་གསལ་བར་བྱེད་འདོད་ཀྱི། གྲུབ་པའི་མཐའ་གཏན་ལ་འབེབས་པར་འདོད་པ་ནི་མ་ཡིན་པ་དང་། འཕགས་པ་ནཱ་གཱ་རྫུ་ན་ལ་སོགས་པས་གསལ་བར་མཛད་པ་ལས། ཅུང་ཟད་ཀྱང་སུས་ཀྱང་སྨྲར་མེད་པའི་ཕྱིར ་རྒྱ་ཆེར་མ་སྤྲོས་སོ།། ད་ནི་གཞན་འདི་བརྗོད་པར་བྱ་སྟེ། ཅི་མཚན་མ་དང་བཅས་པའི་ཞི་གནས་མདུན་དུ་མ་བཅས་པར་ལྷག་མཐོང་སྐྱེ་བ་རུང་བ་ཡིན་ནམ་ཞེ་ན། དེ་ནི་རུང་བ་ཉིད་དེ། མཚན་མ་མེད་པའི་ཞི་གནས་སོ་སོར ་རྟོག་པའི་ཤེས་རབ་ཉིད་ལས་མཚན་མ་མེད་པའི་ལྷག་མཐོང་རྣམ་པར་རྟོག་པའི་ཡེ་ཤེས་འབྱུང་སྟེ། དེ་ལྟར་ཡང་འཕགས་པ་འོད་སྲུངས་ཀྱིས་ཞུས་པ་ལས། ཤིང་གཉིས་དྲུང་པ་ལས་ནི་མེ་འབྱུང་སྟེ། བྱུང་བ་དེ་ཡིས་དེ་ཉིད ་བསྲེག་པ་ལྟར།། དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། སྐྱེས་པ་དེ་ཡིས་དེ་ཉིད་བསྲེག་པར་བྱེད་ཞེས་གསུངས་སོ།། སོ་སོར་རྟོག་པའི་ཤེས་རབ་ནི་ནི་གནས་མེ་ཡིན་ཏེ། རྣམ་པ་དུ་མེས་དམིགས་སོ་ཞེ་ན། དེ་ལྟ ་ན་ནི་ཞི་གནས་ཀྱང་ཞི་གནས་མྱ་ཡིན་ཏེ། སྐུད་ཅིག་དུ་མ་དང་ཆ་ཤུས་དུ་མ་ལ་དམིགས་པའི་ཕྱིར་རོ།། གཞན་ཡང་ཞི་གནས་ལས་ལྷག་མཐོང་ལ་འཇུག་པ་ཡང་ཇི་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱི ་མཚམས་སྦྱོར་བར་མི་བྱེད། དེ་ནི་བྱེད་པ་ནི་འགའ་ཞིག་དུ་ཟད་དོ།། དེ་ལ་འདྲིའི་རིམ་པ་ཡང་ལུས་ཁོ་ན་ལ་བརྟགས་པས་འགྲུབ་པ་སྟེ། འཕགས་པ་ནཱ་གཱ་རྫུ་ནའི་ཞལ་ནས། འཇིག་རྟེན་རྣམ་པར་རྟོག་ལས་བྱུང་།། རྣམ་པར ་རྟོག་པ་སེམས་ལས་བྱུང་།། སེམས་ཀྱང་ལུས་ལས་བྱུང་བས་ན།། དེ་ཕྱིར་ལུས་ལ་སྤྱད་པར་བྱ་ཞེས་བཤད་ལ། འཕགས་པ་ནཱ་གཱརྫུ་ནའི་ཞལ་སྔ་ནས་ཡང་བཤད་པ། ལུས་མེད་རྣམ་པར་ཤེས་པ་ནི། མིད་ཅེས ་བྱ་བ་རྟོགས་པར་གྱིས་ཞེས་བཤད་ཅིང་མདོ་ལས་ཀྱང་། རྣམ་པར་ཤེས་པ་ནི་ལུས་ལས་མི་འདའོ།། ཞེས་གསུངས་སོ།། དེ་བས་ནི་ཆོས་ཐམས་ཅད་སེམས་ལ་བསྡུ་བ་དང་། སེམས་ལུས་ལ་བསྡུ་བ་དང་། ལུས ་ཆོས་ཀྱི་དབྱིངས་སུ་ཉེ་བར་རྣལ་འབྱོར་དུ་བྱ་བ་འདི་ནི་མན་ངག་གོ།། ཡང་ན་ལུས་དང་སེམས་ཐ་དད་པ་ལ་དམིགས་པར་བྱ་སྟེ། འདིའི་མན་ངགྲ་ནི་སངས་རྒྱས་རྗེས་སུ་དྲན་པ་ལས་ཤེས་པར་བྱའོ།། དེ་བུས་ན་མཚན ་མ་དང་བཅས་པའི་ཞི་གནས་ལ་བརྟེན་པ་པོས་ནི། མཚན་མ་མེད་པའི་ཞི་གནས་ལ་དམིགས་ནས་ལྷག་མཐོང་བསྐྱེད་པའི་ཕྱོགས་འདི་བསྔགས་ཏེ། དེའི་གནས་པ་བརྟེན་པ་དང་། ཞི་གནས་འབའ་ཞིག་ཉོན་མོངས་པ ་རབ་ཏུ་གནོན་ཅིང་སེལ་བ་དང་། འབྲས་བུ་དང་རྗེས་སུ་མཐུན་པའི་རྒྱུ་ཡིན་པའི་ཕྱིར་རོ།། འདིར་ནི་བདག་གི་བླ་མའི་མན་ངག་ལས་འབྱུང་འདི་བྲིས་པས། ཉེ་བར་འཕེལ་བའི་དགེ་བའི་ཟླ་ཟེར་དྲི་མ་མེད་པ་དེས།། འགྲོ ་བའི་མི་ཤེས་རབ་རིབ་མུན་བསལ་གདུང་པ་ཞི་བྱས་ཏེ།། ཤེས་རབ་མིག་གིས་དེ་བཞིན་ཉིད་ཡུལ་རབ་གསལ་ཐོབ་པ་ཤོག། བདག་ཀྱང་རྣམ་པར་གཡེང་སོགས་རླུང་སོགས་རབ་ཞི་མུན་བསལ་ནས།། མྱུ་གུ་ཐུབ ་དབང་རྣམས་དང་སྤྱོད་ཡུལ་གཅིག་ལུ་ལྟ་བ་རུ་ཤོག། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ་རྫོགས་སྷོ།། རྒྱ་གར་གྱི ་མཁན་པོ་བིརྱ་ཙནྡྲོ་ལ་སྭ་ཞུས་ཏེ། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལྀ་ཕབ་པའོ།། ། རྒྱ་གར་སྐད་དུ། སཱ་མཱ་དྷི་སཾ་བྷཱ་ར་པཱ་རི་བརྟ་ནཱ་མ ་