CLOSE WINDOW

GT3321: sangs rgyas rjes su dran pa bla na med pa'i sgom pa zhes bya ba
Wyliee-texts produced with BDRC’s OCR application

ཏེ་གཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། བུད་དྷ་ནུ་སྨྲྀ་ཏྱུཏ་ར་བྷཱ་བ་ན་ནཱ་མ། བོད་སྐད་དུ། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པའི་སྒོམ་པ་ཞེས་བྱ་བ། སངས་རྒྱས་དང་བྱང ་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། སྤྲོས་པའི་རྒྱུན་བཅད་ཞི་བྱའི་གནས་རྙེང་འད་འབྱུང་གནས།། སྐུ་གཉིས་སྐྱིང་པའི་ཡོན་ཏན་མཐའ་ཡས་གཞིར་གྱུར་པ།། ཆོས་ཀུན་རློ་གཅིག་བརྙེད་པས་སྟུག་པོའི ་གནས་ཐིམ་པ།། རྒྱལ་བའི་རྒྱལ་བ་དམིགས་མི་མངའ་ལ་ཕྱག་འཚལ་ལོ།། མུན་པ་གཉིས་ནི་གནོམ་འདོད་ཅིང་།། ཡང་དག་སྣང་བ་འབྱུང་འདོད་པའི།། དོན་གྲུབ་བྱ་ཕྱིར་བདག་གིས་ནི།། སངས་རྒྱས་རྗེས་སུ་བླ ་མྱེད་བ་ཤད།། དེ་ལ་སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེད་པ་ནི་འདི་ལྟར་བལྟ་བར་བྱ་སྟེ། རྣལ་འབྱོར་པས་ཐོ་རངས་མལ་ནས་ལངས་སྟེ། གཙང་མར་གྱུར་པ་འམ། མི་གཙང་བ་ཡང་རུང་བས ་སྔགས་འདི་ལན་གསུམ་བརྗོད་དོ།། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷུརྨྨ་སྭ་བྷཱ་བ་ཤུདྡྷོ&ཧཾ། དྭེ་ནས་འདི་ལྟར་བལྟ་ཏེ། ལུས་འདི་ལྟ་སྟེ། སྐྲ་དང་། སྨིན་མ་དང་། ཎྜི་མ་དང་། ཁ་སྥུ་དང་། མཆན་ཁུང་གི་སྥུ་དང ་མདོམས་ཀྱི་སྤུ་དང་། ལུས་གཞན་གྱི་བ་སྤུ་སྟེ། སྤུའི་ཚོགས་དང་། མིག་གཉིས་དང་། རྣ་བ་གཉིས་དང་། སྣ་དང་། སོའི་ཕྲེང་བ་དང་། སེན་མོ་དང་། ལྤགས་པ་དང་། ཤ་དང་། ཚིལ ་དང་། ཁྲག་དང་། རྩའི་དྲ་བ་དང་། ཆུབ་དང་། རྒྱུས་པ་དང་། ཀླང་རྒྱུ་དང་། ཀླད་པ་དང་། ལྕེ་དང་། མེད་པ་དང་། ཨོལ་ཀོང་དང་། ཨོ་ལ་མདུད་པ་དང་། གློ་བ་དང་། སྙིང་དང་། མཆིན ་པ་དང་། མཁལ་མ་དག་དང་། མཚེར་པོ་དང་། ལྒང་པ་དང་། མཚན་དང་། རྒྱུ་མ་དང་། གཉི་མ་དང་། གཞང་དང་། ཕོ་བ་དང་། སུ་ལཱ་མང་དང་། ལོང་ཁ་དང་། གྲོད་པ་དང་། བཤང་པ ་དང་། གཅི་བ་དང་། སྣབས་དང་། ངར་སྣབས་དང་། ལུང་པ་དང་། མཆིལ་མ་དང་། མཆི་མ་དང་། སྣ་ཆུ་དང་། རྣ་སྤབས་དང་། མིག་དྲི་དང་། རྡུལ་དང་། བད་ཀན་དང་། རྣག་དང་། མཁྲིས ་པ་དང་། རླུང་དང་། ཁུ་ཆུ་དང་། ཁཱ་ཆུ་དང་། རླངས་པ་དང་། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རུས་པཱའི་ཕྲེང་བ་དང ་མགོ་བོའི་རུས་པ་དང་ནཱ། མགྲིན་པའི་རུས་པ་དང་། ལག་པའི་རུས་པ་དང་། བྲང་གྲི་རུས་པ་དང་། ཚིག་པའི་རུས་པ་དང་། རྩིབས་མའི་རུས་པ་དང་། ཆིང་རའི་རུས་པ་དང་། དབྱིའི་རུས་པ་དང་། ་བརླའི་རུས་པ་དང་། བྱིན་པའི་རུས་པ་དྲང་། རྐང་མཐིལ་གྱིས་རུས་པ་དང་། དེ་དག་ཉིད་ཀྱང་ཐོད་ཚལ་ཅིག་པ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། འགྲམ་པ་གཡོས་པ་དང་། ་གཡོན་པ་དང་། ཚིག་པ་རེ་རཱི་དྲུང་། རྩིབས་མ་རེ་རེ་དང་། སོགས་པ་གཉིས་ལ་སོགས་པ་ཐ་དད་པ་འདི་དག་དྲང་། དེ་དག་ཀྱང་རྡུལ་ཕྲ་རབ་ལ་ཐུག་པར་འགྱུར་ཞིང་། དེ་དག་ཀྱང་ཕྱོགས་ཐ་དད་པར་ཕྱེན ་མ་གྲུབ་སྟེ། འདི་ལྟར་ལུས་འདི་ནི་མ་གྲུབ་ཅིང་། དེ་བཞིན་དུ་མཐའ་ཡས་པའི་ལུས་ཐམས་ཅད་དང་། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ཀྱང་དེ་དང་འདྲ་བར་མ་གྲུབ་བོ་ཞེས་ངེས་པར་བྱའོ།། དེ་ལྟར་ལུས་མ་གྲུབ ་པ་དང་། ཁོག་སྒྲུབ་པ་དང་། ལྕེ་དང་། སོ་དང་། མཆུ་ལ་སོགས་པ་ལ་བརྟེན་ནས་བྱུང་བའི་དག་ཀྱང་མི་གྲུབ་བོ་ཞེས་ངེས་པར་བྱའོ།། དེ་ལྟར་ལུས་དང་ངག་མ་གྲུབ་པས་སེམས་ཀྱང་མ་གྲུབ་པར་དཔྱད་དོ། ་འདི་ལྟར་ལེགས་པར་དཔྱད་ན། སེམྦྷས་ནི་ཁ་དོག་ཏུ་མི་དམིགས། དབྱིབས་སུ་ཡང་མ་ཡིན། བྷྱོ་ནུ་ཡང་མ་ཡིནྡ། ནཱ་ནུ་ཡ་མ་ཡོནྟ། བར་ན་ཡང་མ་ཡིན། ཙཱ་བ་ན་ཡང་མ་སྦྱིན། རྙིང་བ ་ན་ཡང་མ་ཡིན། སྐད་ཅིག་སྔ་མ་ནི་འགགས་ཟིན། སྐད་ཅིག་ཕྱི་མ་ནི་མ་འོངས་ཤིང་མ་གྲུབ་བོ།། སྐད་ཅིག་ད་ལྟར་བ་ནི་མི་གནས་ཤིང་མི་ཟིན་པའོ།། དེའི་ཕྱིར་ལུས་དང་ངག་དང་སེམས་འདི་དག་ནི་སྟོང་པ་ཞི ་བྱ་ཡུལ་མེད་པ། འཇུག་པ་ཆུད་པ། ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པའོ་ཞེས་བསམ་མོ།། དེ་ནས་ཡ་སྔ་མ་བཞིན་དུ་ལུས་ལ་སོགས་པ་ལ་ལྟ་སྟེ་ཡང་དང་ཡང་དུའོ།། དེ་ནས་ཡིད་སྐྱོ་བ་ན ་ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་ཤིནྡ་ཏུ་མོས་པས་ཡིད་ལ་བྱེད་པ་གཞན་འབྱུང་བ་སྐྱེད་པར་མི་བྱེད་པར་གསང་སྔགས་འདི་ཅི་དགར་བཟླ་སོ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ།། དེ་ནས་ལྡང་བར ་འདོད་པ་དང་འདི་སྙམ་དུ། ཨེ་མ་ཧོ་ཀྵི་ཧུད་ཆོས་འདི་དག་ཐམས་ཅངྒ་ནི་རབ་ཏུ་ཞི་བ། སྤྲོས་པ་དང་བྲལ་བ་ཉེ་བར་འཚེ་བ་མེད་པས་བདེ་བྱ་དམ་པ་རང་བཞིན་གྱིས་འོད་གསུ་ལ་བ་ནི་མཁའ་དང་མཉམ་པ་ཉིད ་ཡིན་ན། བྱིས་པའི་རང་བཞིན་ཅན། ཤེས་རབ་འཆལ་པ་འདི་དག་གི་དེ་ལྟར་མ་ཤེས་པས་བདག་གིས་སྒྱུ་མ་དང་འདྲ་བས་དེ་དག་གི་དོན་བགྱིའོ་ཞེས་བསམས་ཏེ། བཅོས་མ་མ་ཡིན་པའི་སྙིང་རྗེ་སེམས་མཉེན ་པར་བྱས་ལ་སྐད་ཅིག་གིས་རང་གིས་སྡུག་པའི་ལྷའི་སྐུར་བལྟས་པ་ལས་ལངས་སྟེ། ཇི་ལྟ་ཇི་ལྟར་སེམས་ཅན་ལ་ཕན་པ་དང་བདེ་བར་འགྱུར་བ་དེ་ལྟ་དེ་ལྟར་དཔྱད་པར་བྱའོ།། སྔར་བཤད་པའི་ཚུལ་གྱི་སྔ་དྲོ་དང་། ་གུང་དང་། དགོངས་ལ་སོགས་པར་ཡང་དང་ཡང་དུ་སངས་རྒྱས་རྗེས་སུ་དྲན་པར་བྱ་སྟེ། འདི་ལ་ནི་ཁ་ཟས་ཀྱི་ངེས་པ་དང་། དུས་ཀྱི་ངེས་པ་དང་། སྤྱོད་ལམ་གྱི་ངེས་པོ་དང་། གཟའ་དང་སྐེར་མའི་ངེས་པ་ཡང་མེད་དོ།། འོན ་ཀྱང་རྣལ་འབྱོར་འདི་ལ་གཞོལ་བས་ཇི་ལྟར་སངས་རྒྱས་རྗེས་སུ་དྲན་པ་མི་ཉམས་པ་དེ་ལ་གནས་ཀྱི། གྲོགས་འདོད་པར་མི་བྱ། བསྟོད་པ་དང་། གླེགས་པ་དང་། བདེ་བ་དང་། རྙེད་པ་དག་གིས་ཡིད་དགའ་བར་མི་བྱ་སྟེ། ་གལ་ཏེ་དགའ་བ་བྱུང་ན་ཡང་འབད་པས་གཞོམ་པར་བྱའོ།། དེ་བཞིན་དུ་སྨད་པ་དང་། མ་གྲགས་པ་དང་། སྡུག་བསྔལ་བ་དང་། མ་རྙེད་པ་ངག་གི་གདུང་བར་མི་བྱ་སྟེ། གལ་ཏེ་གདུང་བ་བྱུང་ན་ཡང་ནན་ཏན་གྱིས ་གཞོམ་པར་བྱའོ།། གང་ཞིག་འདི་ལྟར་སྤྱོད་པ་དེ་ནི། བླ་མ་སངས་རྒྱས་རྗེས་སུ་དྲན་པ་ཞེས་བྱ་སྟེ། དེ་ལྟར་ཡང་འཕག་པ་ལང་ཀར་གཤེགས་པ་ལས་གསུངས་པ། དེ་ལྟར་སྐྱེ་འཇིགས་སྤངས་པ་ཡི།། ཐུབ་པ་ཞི་བ ་སུས་མཐོང་བ།། དེ་དག་འདི་དང་སླང་མར་ཡང་།། ཆགས་མེད་ཉེར་ལེན་མེད་པར་འགྱུར་ཞེས་སོ།། ཡང་གསུངས་པ། ཇི་ལྟར་མཐོང་བཞིན་སུ་ལྟ་བ།། དེ་དག་དྲན་པ་མི་མཐོང་ངོ་།། རྣམ་པར་རྟོག་པ་མི་འཇུག་ཅིང ་གང་ཚེ་སངས་རྒྱས་མི་མཐོང་ལ།། འཇུག་མེད་སངས་རྒྱས་ཡིན་པར་ནི།། གལ་ཏེ་མཐོང་ན་དེ་སངས་རྒྱས།། རྗེས་སོ།། ཡང་གསུངས་པ། གང་གི་གང་གི་ཇི་སྙམ་དུ།། འཇིགས་མེད་ཚུལ ་གྱི་མཐར་ཐུག་པར།། འདྲིན་པ་རབ་ཏུ་མཐོང་བ་ནི།། དེ་དག་འདྲེན་པ་མཐོང་བ་ཡིན་ཞེས་སོ།། དེ་བཞིན་དུ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་ལས་ཀྱང་། གང་གི་ང་ལ་སྒྲར་ཤེས་ཤིང་།། ་གང་གིས་ང་ལ་གཟུགས་སུ་མཐོང་།། ལོག་པར་སྤྲོ་བ་ཞུགས་པ་དེ།། སྐྱེ་བོ་དེ་ནི་ང་མི་མཐོང་།། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ།། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ།། ཆོས་ཉིད་ཤེས་པར་བྱ་མིན་པར།། དེ་ནི་རྣམ ་པར་ཤེས་མི་ནུས་ཞེས་གསུངས་སོ།། དེ་བཞིན་དུ་འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱུན་ཞེས་བྱ་བའི་མདོ་ལུས་ཀྱང་གསུངས་པ། རྟག་ཏུ་སྐྱེ་མེད་ཆོས་དེ་དེ་བཞིན་ག ་ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ།། བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས།། འཇིག་རྟེན་དག་ནི་མེད་པའི་ཆོས་ལོ་སྤྱོད་ཞེས་སྷོ།། གཞན་ཡང་འཕགས་པ་ཤོས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་བརྒྱད་སྟོང་པ་ལས་ཀྱང་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུ་ཡིན་གྱི། དགེ་སློང་དག་འཇིགས་ཚོགས་ལ་སྐུར་མ་འཛིན་པར།། དགེ་སློང་དག་ང་ནི་ཆོས་ཀྱི་སྐུ་ཡོངསུ་རྫོགས ་པར་ལྟོས་ཤིག། ཅེས་གསུངས་པ། དེ་བཞིན་གཤེགས་པའི་སྐུ་ནི་ཡང་དག་པའི་མཐའ་རྟོགས་པ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ལྟའོ།། ཞེས་སོ།། ཡང་དེ་ཉིད་ལས་གསུངས་པ། དེ་བཞིན་གཤེགས ་པ་ནི་གཟུགས་ཀྱི་སྐུར་མི་ལྟ་སྟེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ།། རིགས་ཀྱི་བུ་ཆོས་ཉིད་ནི་འོང་བ་འམ་འགྲོ་བ་མེད་དེ། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་བྱོན་པ་འམ་བཞུད་པ་མེད ་དོ་ཞེས་སོ།། གང་ཡང་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་གསུངས་པ། གང་ཟག་མེད་ཅིང་ཕུང་པོ་མེད།། སངས་རྒྱས་ཡེ་ཤེས་ཟག་མེད་པ།། རྟག་ཏུ་ཞི་བ་རྣམས་སྒོམ་སྟེ།། དེ་ལ་བདག་ནི་སྐྱབས ་སུ་མཆིས་ཞེས་སོ།། དེ་ལྟར་ལུས་རང་བཞིན་མྱེད་པ་དང་། ངགྲ་རང་བཞིན་མེད་པ་དང་། ཡིད་རང་བཞིན་མེད་པར་བསྒོམ་པ་ནི་ཆོས་ཀྱི་སྐུ་རྗེས་སུ་དྲན་པའོ།། གཞན་ཡང་ཕན་པར་དགའ་བར་འདོད་པའི་ལྷའི་སྐུའི ་དྲདུ་རྒྱལ་འཆང་བྱ་ནི་གཟུགས་ཀྱི་སྐུ་རྗེ་སུ་དྲནྡ་པཱའོ།། འདི་ལྟ་བུའི་རྗེ་སུ་དྲན་པ་བསྒོམས་པས་ལུས་ཀྱི་སྤྱོད་པ་ནི་ཚུལ་མི་འཆོས་པར་བྱའོ།། གཅིག་དུ་རྒྱུ་བར་བྱའོ།། གནོད་པ་སྐྱོབ་པ་ཙམ་ལས་ལུས་རྒྱས་པར ་མི་བྱའོ།། སློང་མོས་འཚོ་བར་བྱའོ།། མི་རིགས་པའི་བསྙེན་བཀུར་མི་བྱའོ།། ངག་གི་སྤྱོད་པ་ནི་དོན་མེད་པར་མི་སྨྲའོ།། འབྲེལ་པ་དང་བཅས་བཞིན་དུ་འོང་བར་སྨྲའོ།། གཞན་ལ་གདུང་བ་སྐྱེད་པ་མི་སྨྲའོ།། ་རྟོག་པ་སྔོན་ལ་སོང་བས་སྨྲའོ།། གསལ་ཞིང་དཔེས་ཁྲིད་དེ་སྨྲའོ།། ཕ་རོལ་གྱི་ལན་ཐེབས་པར་སྨྲའོ།། ཡིད་ཀྱི་སྤྱོད་པ་ནི་བསྟན་པ་དང་། དུལ་བ་དང་། མཁྲེངས་པ་དང་། མ ་ཞུམ་པར་བྱའོ།། ཕྱོགས་ལས་རྒྱལ་བ་དང་། ཕ་རོལ་གྱི་ངོ་བོར་མི་བལྟ་བ་དང་། མ་ཡེངས་པར་བྱའོ།། དྲན་པ་དང་། ཤེས་བཞིན་དང་ལྷན་ཅིག་པར་བྱའོ།། མིའི་མཆོག་གང་ཞིག་འདི་ལྟ་སྟེ། རྗེས་སུ ་དྲན་པ་དང་།། སྤྱོད་པ་ལ་གཞོལ་བ་དེ་དག་ནི་རིང་པོར་མི་ཐོགས་པར་འབྱོར་པ་དམ་པར་ཐོབ་པར་འགྱུར་རོ།། ཆུ་ནང་པདྨ་ཉི་མའི་ཟེར་ཕྱེ་རབ་རྒྱས་དགའ་སྐྱེད་ལྟར། བླ་མེད་རྗེས་དཱན་པདྨ་གཞུང་གི་ཟེར་ཕྱེ ་དགའ་སྐྱེད་ལ། པདྨའི་ཕྲེང་ལྟར་ལེགས་སྦྱར་འདི་ནི་སྐྱེ་བོ་མ་ལུས་པ།། བློ་མེད་སངས་རྒྱས་རྗེས་དྲན་ནམ་ཡང་མི་འབྲལ་དེར་འབར་ཤོག། སངས་རྒྱས་རྗེས་སུ་དྲན་པ་བླ་ན་མེང་པའི་མདོའི་རྗེས་སུ་འགྲོ་བོ་ཞེས ་བྱ་བྱ། དཀྱིལ་འཁོར་ཆེན་པོའི་སློབ་དཔོན་མ་ཧཱ་མ་ཧིའོ་ཞལ་སྔ་ནཱས་མཛད་པ་རྫོགས་སོ།། ། ཨཱ་ཙཨཱརྱཱ་བི་ནཱ་ཡ་ཙནྡྲ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ ་པའོ།། ། རྒྱ་གར་སྐད་དུ། ས་མཱ་དྷི་སཾ་བྷ་ར་པ་རི་བརྟ་ནཱ་མ། བོད་སྐད་དུ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ ་