CLOSE WINDOW

GT332: dpal kha sbyor thig le zhes bya ba rnal 'byor ma'i rgyud kyi rgyal po'i rgya cher 'grel pa yang par lta ba'i dran pa'i snang ba zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་སམྦྷ་ཊི་ཏི་ལ་ཀཱ་ནཱ་མ་ཡོ་གྷི་ནྣི་ཏནྟྲ་རཱ་ཛཱ་སྱནྡྷི་ཀཱ་སྨྲྀ་ཏི་སནྣ་རྱཱ་ནཱ་ལོ་ཀ་ནཱ་མ། བོད་སྐད་དུ། དཔལ་ཁ་སྦྱོར་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མཱའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེ ་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པདྨ་དཀར་པོ་ལ་ཕྱག་འཚལ་ལོ།། སྐྱེ་བ་དང་ནི་འཇིག་པ་ཡོ།། གཟུགས་ནི་མ་ལུས་པ་རྣམས་ནི།། གཉི་ག་སྤང་ཕྱིར་ཐིག་ལེ ་ནི།། བདེ་ཆེན་དེ་ལ་ཕྱག་འཚ་ལོ།། ཕྱག་རྒྱ་ཆེན་པོ་ཞེས་བྱ་ལ་སོ།། རང་གི་སྤྱོད་པ་སྟོན་བྱེད་པ།། སྟོང་པ་སྙིང་རྗེ་དབྱེར་མེད་པ།། ཡང་དག་ལྟ་བའོ་དྲན་སྣང་བ།། མཆོག་ཏུ་རྟག་པ་དེ་ཕྱག་འཚལ།། འདོད་ཆགས་མེ་ཡི་རྒྱ་མཚོ་ལས ་ཕ་རོལ་ཏུ་ནི་འགྲོས་ནུས་པ།། བླ་མའི་ཞབས་ལ་སྤྱི་བོ་ཡིས།། ཕྱག་འཚལོ་འཇིགས་པའི་དབང་གིས་ཏེ།། རྣ་ལོ་འབྱོར་རྣལ་འབྱོར་མ་ཕུན་ཚེགས།། རྒྱུད་འདི་རྟེན་དང་བརྟེན་པ་ལས།། མཚན་མ་ཐོབ་ནས་སྦྱོར་བ་ནི།། ཡང ་དག་ལྟ་བའི་དྲན་སྣང་བ།། བསྟན་པའི་ཚིག་གི་སྦྱོར་པོ་ཡིས།། སྐལ་ལྡན་སེམས་ཅན་དོན་ཕྱིར་རོ།། བྱིས་པ་མཁས་པོར་མངོན་རྒྱལ་ཅན།། རྣམས་ལ་བསྟན་པ་ཉིད་མི་སྦྱར།། གལ་ཏེ་ཤེས་རབ་འཚལ་སྟོན་བྱེད།། མཁ་འགྲོ། ་མ་སོགས་ཉེར་གཙེས་ཏེ།། སེམས་ནི་འཁྲུགས་པར་དུ་འབོད་དམ།། མནར་མེད་ལ་སོགས་པར་ནི་འགྲོ།། དེ་ཕྱིར་བླ་གུས་སེར་སྣ་མེད།། དབང་པོ་ཐུལ་ཞིང་དབང་བསྐུར་པོ།། བརྟན་ཞིང་ཡང་དག་ལམ་སྨྲ་བྱེད།། འདི་ནི་ཐེག་པ ་ཆེན་པོའི་སྣོད་།། རྒྱལ་བའི་བཀའ་རྣམས་རབ་སྐྱོང་བྱེད།། ཡང་ངག་སྦྱིན་ལ་རྟག་ཆགས་ཤིང་།། བདག་ཉིད་དམ་ནི་གཞན་དག་ནི།། འཇུག་ཅིང་འདི་ནི་སྟོན་བྱེད་ལའོ།། འདིར་ངེས་པར་བརྗོད ་པ་དང་། བརྗོད་པར་བྱ་བ་དང་། འབྲེལ་པ་དང་། དགོས་པ་དང་། དགོས་པ་དང་། དགོས་པའི་དགོས་པ་སྔོན་དུ་འགྲོ་བ་མངོན་པར་བལྟ་སྟེ། འདིར་རེ་ཞིག་རྒྱོར་དང་སྦྱོར་མོའི་རྒྱུད་རྒྱས་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་ལས ་བྱུང་བ་རྒྱུད་ཉུང་དུ་བོརྟག་པ་བཅུ་གཅིག་གི་བདག་ཉིད་ཅན་ཁ་སྦྱོར་ཐེག་ལེ་ཞེས་བྱ་བ་ནི་རྗོད་པར་བྱེད་པ་དང་། དེ་ལས་རྒྱུ་དང་འབྲས་བུ་སྔོན་དུ་འགྲོ་བའི་ཕྱིར་གཞུང་གི་ཚོགས་ནི་བརྗོད་པར་བྱ་བའོ།། སྨྲ་བྱ་དང་སྨྲ་བྱེད་ཀྱི ་མཚན་ཉིད་ལ་འབྲས་བུ་ཉེ་བར་བརྟགས་པའི་ཕྱིར་འབྲེལ་པའོ།། ཕྱི་མ་ལས་ཕྱི་མའི་དབང་བྱིན་པོ་ནི་དགོས་པའོ།། ལས་ཀྱི་ཚོགས་ཀྱི་རིག་སྦ་དང་། བསྐྱོད་བྱ་དང་། སྐྱེད་བྱེད་ཀྱི་འབྲེལ་པ་དང་། དཀྱིལ་འཁོར་གྱི་འཁོར ་ལོ་ཁོང་དུ་ཆུད་པ་དང་། ཡན་ལག་བཅུ་གཉིས་སྤངས་པ་དང་། བསོད་ནམསུ་དང་ཡེ་ཤོས་ཀྱི་ཚོགས་གཉིས་ཀྱི་ཕྱག་རྒྱ་ཆེན་པོ་ཐོབ་པ་ནི་དགོས་པོའི་དགོས་པ་རཱི་བསྟན་པའོ།། འདི་ནི་བསྡུས་པའི་དོན་ཏོ།། འདི་ཉིད ་ཀྱི་བཤད་པ་ནི་རྒྱས་པའི་རྒྱུད་ཀྱི་རིགས་པས་གསུང་སོ།། ད་ནི་བརྗོད་པར་བྱ་བ་བརྗོད་དེ་གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པ་ཉིད་ཀྱི་ཚེ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར ་བ་ཕྱག་རྒྱ་ཆེན་པོའི་བདེ་བའི་གནས་རྡོ་རྗེ་སེམས་དཔས་གསུངས་པའི་རྒྱུད་ཀྱི་རྒྱལ་པོའི་དཀྱིལ་འཁོར་ཆེན་པོའི་སྦྱོར་བས་བསྒྲུབ་བྱ་དང་། སྒྲུབ་པ་དང་། སྒྲུབ་པ་པོ་རབ་ཏུ་སྨོན་པར་བྱེད་པ། འཇིག་རྟེན་པ་དང་། འཇིག་རྟེན ་ལས་འདས་པའི་བདེན་པ་ལ་བརྟན་པ། མངོན་པར་བྱང་ཆུབ་པ་བཞི་དང་། རྡོ་རྗེ་བཞིས་ཡོངས་སུ་དག་པ། རིགས་བཞི་དང་། རིགས་དྲུག་ལ་སོགས་པ་མཐའ་མེད་པའི་མཐར་ཐུག་པ་དང་། བདེན་པ་བསུ་གཉིས་དང་། དེ་ཁོ་ན ་ཉིད་བཅུ་དྲུག་དང་། སྟོང་པ་ཉིད་བཅུ་དྲུག་དང་། སྙིང་རྗེ་བཅུ་དྲུག་དང་། མངོན་པར་བྱང་ཆུབ་པ་རྣམས་པ་ཉི་ཤུའི་བདག་ཉིད་ཅན་དུས་ལྔ་དང་ལྡན་པ་འདི་ནི་བརྗོད་པར་བྱ་བར་བསྟན་ཏོ།། དེ་ལྟར་ཡང་བཅོམ་ལྡན་འདས ་ཀྱིས་སྒྱུ་འཕྲུལ་དྲ་བ་ལས་གསུངས་པ། རྣམ་པ་བཅུ་གཉིས་བདེན་པའི་དོན།། རྣམ་པ་བཅུ་དྲུག་དེ་ཉིད་རིག། རྣམ་པ་ཉི་ཤུ་མངོན་བྱང་ཆུབ།། རྣམ་པར་སངས་རྒྱས་ཐམས་ཅད་རིག་ཅེསྲ་བ་འདིས་སྔགས་ཀྱི་ཐེག་པས ་འཁྱུད་པའི་དབང་པོར་བསྟན་ཏོ།། འདིའི་གཞུང་གི་ཚོགས་བརྟག་པ་བཅུ་གཅིག་གི་བདག་ཉིད་ཁ་སྦྱོར་ཐིག་ལེ་ཡང་རྗོད་པར་བྱེད་པའོ།། དེ་ཡང་བརྟག་པ་བཅུ་གཅིག་གི་རང་བཞིན་འདི་བཅོམ་ལྡན་འདས་རྡོ་རྗེ་སེམས ་དང་ཀར་ཏེ་གནས་ཏེ། དང་པོ་རེ་ཞིག་རྒྱུད་ཐམས་ཅད་གསང་བའི་རང་བཞིན་དུ་ཀུན་ཏུ་གནསོ།། རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམ་པར་བསྒོམ་པའི་རྟོག་པའི་རང་བཞིན་དེ ་ཀུན་ཏུ་གནསོ།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བྲོ་བའི་རྟོག་པའི་རང་བཞིན་དེ་ཀུན་ཏུ་གན་སོ།། རྡོ་རྗེ་མཁའ་གྲོ་མའི་བརྡའི་རྟོག་པའི་རང་བཞིན་དེ་ཀུན་ཏུ་གནསོ།། སྤྱོད་བའི་རྟོག་པའི་རང་བཞིན ་དེ་ཀུན་ཏུ་གནས་སོ།། དཔྱིད་ཀྱི་ཐིག་ལེ་ཞེས་པའི་རྟོག་པའི་རང་བཞིན་དེ་ཀུན་ཏུ་གན་སོ།། ལས་ཐམས་ཅད་དང་། བསམ་གཏན་འབྱུང་བ་ཞེས་པའི་རྟོག་པའི་རང་བཞིན་དེ་ཀུན་ཏུ་གན་སོ།། བྱ་བ་ཐམས་ཅད་ཡང་དག་པར་འབྱུང་བའི ་རྟོག་པའི་རང་བཞིན་དེ་ཀུན་ཏུ་གནསོ།། བྱ་བའི་དེ་ཁོ་ན་ཉིད་ཀྱི་རྒྱལ་པོའི་རྟོག་པའི་རང་བཞིན་དེ་ཀུན་ཏུ་གནསོ།། རྒྱུད་ཐམས་ཅད་ཀྱི་གླེང་གཞིའི་རྟོགས་པའི་རྒྱལ་པོའི་རང་བཞིན་དེ་ཀུན་ཏུ་གནསོ།། རྟོག་པ་ཐམས་ཅད་ཀྱི་གླེང ་གཞི་ཐིག་ལེ་ཐབས་སྣ་ཚོགས་ཀྱི་རང་བཞིན་དེ་ཀུན་ཏུ་གན་སོ།། འདི་ནི་བརྗོད་པར་བྱ་བའོ།། འདིའི་མིང་བརྗོད་པས་རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བ་དག་གི་སྨྲ་བྱ་དང་སྐྲ་བྱེད་ཀྱི་མཚན་ཉིད་རབ་ཏུ་བྱེད་པ་སུམ་ཅུའི་བདག ་ཉིད་ནི་འབྲེལ་པའོ།། འདི་ལྟ་སྟེ། དང་པོ་རེ་ཞིག་རྗོད་པར་བྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་རང་བཞིན་གྱིས་དངོས་པོས་དང་། བྱང་ཆུབ་ཀྱི་སེམས་ལ་འཇུག་པའི་རང་བཞིན་གྱི་དངོས་པོ་དང་། དེ་ཁོ་ན ་ཉིད་ཀྱི་མན་ངག་གི་རང་བཞིན་གྱི་དངོས་པོས་དང་། བྱང་ཆུབ་སེམས་ཀྱི་དབང་གི་རང་བཞིན་གྱི་དངོས་པོས་དང་། ཤེས་རབ་དང་ཐབས་ཀྱི་དོན་བསྒོམས་པའི་རང་བཞིན་གྱི་དངོས་པོས་དང་། འཁོར་ལོ་ཐམས་ཅད་ཀྱི་རྣམ ་འཕྲུལ་གྱི་རང་བཞིན་གྱི་དངོས་བཙྪ་དང་། ཧེ་རུ་ཀ་བསྐྱེད་པའི་རང་བཞིན་སྟི་དངོས་བྱོས་དང་། ཡེ་ཤེས་མཁའ་གྲོ་མའི་སྒྲུབ་ཐབས་ཀྱི་རང་བཞིན་གྱིས་དངོས་ཐོས་དང་། ངག་གི་བརྡའི་ཡི་གེའི་མཚན་ཉིད་ཀྱི་རང་བཞིན་གྱི ་དངོས་པོས་དང་། ལུས་སྲུལ་པོའི་མཚན་མ་དང་ཕྱག་རྒྱའི་རང་བཞིན་གྱི་དངོས་པོས་དང་། ལཱ་མའི་མཚན་ཉིད་ཀྱི་མཚན་མ་དང་། ཕྱག་རྒྱའི་རང་བཞིན་གྱི་དངོས་པོས་དང་། འདུས་པའི་གནས་ཀྱི་རང་བཞིན་གྱི་དངོས་པོས ་དང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་དག་པའི་རང་བཞིན་གྱི་དངོས་པོས་དང་། སྦྱོང་བ་དང་ལྡན་པའི་རང་བཞིན་གྱི་དངོས་པོས་དང་། ཡི་གེ་བཅུ་དྲུག་མཚོན་བྱ་དང་། མཚོན་བྱེད་ཀྱི་རང་བཞིན་གྱི་དངོས ་ཐོས་དང་། རྩཝའི་གནས་དགོད་པའི་རང་བཞིན་གྱི་དངོས་པོས་དང་། ལུས་ཀྱི་དཀྱིལ་འཁོར་དང་། སྦྱིན་སྲེག་གི་རང་བཞིན་གྱི་དངོས་པོས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བའི་རང་བཞིན་གྱི་དངོས་པོས་དང་། སྦྱིན ་སྲེག་གི་ཆོ་གའི་རང་བཞིན་གྱི་དངོས་པོས་དང་། ལས་ཚོགས་ཐམས་ཅད་དང་། འཁོར་ལོ་འབྱུང་བའི་རང་བཞིན་གྱི་དངོས་པོས་དང་། དྲིལ་བུའི་དེ་ཁོ་ན་ཉིད་ཀྱི་རང་བཞིན་གྱི་དངོས་པོས་དང་། སྔགས་ཀྱི་བཟླས་པ་དང་།། ་བསྒོམ་པའི་རང་བཞིན་གྱི་དངོས་པོས་དང་། མུ་སྟེགས་པའི་རྣམ་པར་ཤེས་པ་བསལ་བའི་རང་བཞིན་གྱི་དངོས་པོས་དང་། དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པའི་རང་བཞིན་གྱི་དངོས་པོས་དང་། གཏོར་མ ་དབུལ་བའི་རང་བཞིན་གྱིས་དངོས་པོས་དང་། བྲིས་སྐུ་དང་གླེགས་བམ་གཏན་ལ་དབབ་པའི་རང་བཞིན་གྱི་དངོས་པོས་དང་། སློབ་དཔོན་གྱི་སྒྲུབ་ཐབས་ཆེན་པོའི་རང་བཞིན་གྱི་དངོས་པོས་དང་། ་དེ་བ་ཆེན་པོའི་དངོས་གྲུབ་དང་། མཆོད་པ་དང་བཀུར་སྟིའི་རང་བཞིན་གྱི་དངོས་པོས་དང་། སངས་རྒྱས་ཀྱི་སྒྱུ་མའི་རྣམ་འཕྲུལ་གྱི་དངོས་རང་བཞིན་གྱི་དངོས་པོར་དེ་ཀུན་ཏུ་གནསོ།། རྟོགས་པ་ཐམས་ཅད་ཀྱི་གླེང་གཞི་ཐིག་ལེ་རྟོག་པ ་བཅུ་གཅིག་གི་བདག་ཉིད་རབ་ཏུ་བྱེད་པ་སུམ་ཅུའི་རང་བཞིན་གྱི་དངོས་པོར་དེ་ཀུན་ཏུ་གནསོ།། དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དཔལ་ཧེ་རུ་ཀ་ཞེས་པ་དང་འབྲེལ་ཏོ།། ད་ནི་དགོས་པ་བརྗོད་པ་བརྗོད་དེ། འདི་སྐད་བདག་གིས ་ལ་སོགས་པ་ནི་རྒྱུད་མཐའ་དག་ཡོངསུ་རྫོགས་པར་སྟོན་པར་བྱེད་པའི་ཚིག་གི་ཕྲད་།། འདིར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་ཅུའི་ནང་ནས་རྡོ་རྗེ་སྙིང་པོ་གསོལ་བ་འདེབས་པ་པོས་བཅོམ་ལྡན་འདས་ཉིད་ལས་བདག་གིས ་ཐོས་ཀྱི་བཞིན་ལས་བརྒྱུད་པ་མ་ཡིན་ཞིང་སུ་ཞིག་ལས་འོངས་པ་དང་། མ་ཐོས་པ་དང་། དུས་ཀྱི་ཁྱད་པར་འགའ་ཞིག་ལུས་ཐོས་པ་ནི་མ་ཡིནོ།། དེའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་སྟོན་པ་པོ་དང་། བདག་གིས་ཐོས་པ་དུས ་གཅིག་ན་ཞེས་འབྲེལ་ཏོ།། དུས་ནི་དུས་མང་སྟེ། དེ་ཡང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ།། འདིར་རེ་ཞིག་འཇིག་རྟེན་པ་ནི་རྣམ་པ་བཞི་སྟེ། ཆགས་པ་དང་འཇིགས་པ་དང་། གནས་པ་དང་། སྟོངས་པའོ།། དེ ་བཞིན་དུ་སླར་ཡང་སྐྱེས་པའི་མཚན་ཉིད་གནསོ།། དེ་ལྟར་རྣམ་པར་ཤེས་པ་གསུམ་གྱི་དབྱེ་བས་ལུས་དང་ངག་དང་། སེམས་ཀྱི་བདག་ཉིད་སྒོ་ང་ལས་སྐྱེས་པ་དང་། དྲོང་གཤེར་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། ་བརྫུས་ཏེ་སྐྱེས་པའོ།། དེ་ཡང་ལུས་ཀྱི་དབང་གིས་མཚུངསོ།། སླར་ཡང་རྣམ་པ་བཞིར་འགྱུར་ཏེ། བསྟན་པའི་ཚིག་གོ།། སླར་བཤད་པ་བརྗོད་དོ།། དུས་དེ་ཉིད་ནི་འཕགས་པ་རྣམས་བརྟན་ཞིང་སེམས་ཅན་གྱི་དོན་རྒྱུན་ཆགས ་པ་ཐར་པ་སྟེར་བར་བྱེད་པའོ།། དེ་བཞིན་དུ་བྱིས་པ་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་དང་། ཕྲག་དོག་གི་དབང་གིས་ངན་འགྲོ་སྟེར་བར་བྱེད་པའོ།། ཅི་འཕགས་པ་རྣམས་ཀྱི་དང་། ཅི་བྱིས་པ་རྣམས་ཀྱི་ལས ་འཕགས་པ་རྣམས་ཀྱི་དུས་གཅིག་མི་ཉམས་པའི་མཚན་ཉིད་གཟུངས་པ་དང་། འཛིན་པ་དང་བྲལ་བ། སྒྲ་བྱ་དང་སྒྲ་བྱེད་ལས་འདས་པ་ཆོས་ཀྱི་སྐུའི་རང་བཞིན་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། སྟོང་པ་ཉིད ་དང་། གཉིསུ་མེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དོན་དམ་པ་དང་། འོད་གསལ་བའི་བདག་ཉིད་དོ།། བྱིས་པ་རྣམས་ཀྱི་གཡོ་བོའི་ཕྱིར་སེམས་ཉམས་ཤིང་སད་པའི་མཚན་ཉིད་ཀྱིས། རྒས་པ་དང་། ན ་བས་འཇིགས་པ་དང་། འཆི་བ་སྟེར་བར་བྱེད་པ་སྡིག་པའི་དབང་གིས་དམྱལ་བའི་འཇིགས་པ་འཐུང་ངོ་།། བསོད་ནམས་ཀྱི་དབང་གིས་མཐོ་རིས་ཀྱི་འོབྲས་བུ་འཐོབ་བོ།། དེ་དེ་བཞིན་དུ་ཡང་རྣམ་པ་བཞི་ཞེས་པའོ།། དེ་ལ ་རྫོགས་ལྡན་དང་། གསུམ་ལྡན་དང་། གཉིས་ལྡན་དང་། རྩོད་པའི་དུས་འབྱུང་བར་འགྱུར་ཏེ། དེར་ཚེ་རབས་སྔ་མའི་ཚོགས་གཉིས་ཀྱི་དབང་གིས་སངས་རྒྱསུ་འགྱུར་རོ།། ཉན་ཐོས ་ལ་སོགས་པ་ནི་མ་ཡིན་ཏེ། བདག་དང་བདག་གི་དང་གཟུང་བ་དང་འཛིན་པའི་རྣམ་པར་རོག་པའི་དབང་གིས་འཁོར་བར་འཁོར་རོ།། དེ་བཞིན་དུ་འཆང་བཞིན་པ་ལས་རྒྱས་པར་བཤད་པར་བྱའོ།། དེ་བཞིན་དུ ་འཇིག་རྟེན་ལས་འདས་པ་ཡང་གཅིག་གི་རྣམ་པ་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའི་མཚན་ཉིད་དུས་བཞི་རྣམས་ཀྱིས་ཡོངསུ་ཤེས་པ་སྒྲ་བྱ་དང་སྨྲ་བྱེད་ཀྱི་མཚན་ཉིད་དང་བྲལ་བ། བསྐྱེད་བྱ་དང་སྐྱེད་བྱེང ་རྗེརྗེསུ་མཐུན་པར་གནས་པའོ།། འདི་ཡོངསུ་ཤེས་པས་སེམས་ཅན་ཐམས་ཅད་གྲོལ་བར་འགྱུར་རོ།། འདི་ནི་དུས་གཅིག་གི་མཚན་ཉིད་དགོས་པའོ།། དེས་ནི་འདིར་འདི་སྐད་བདག་གིས་ཐོས་པ་ངེས་པར་གཟུང་ཞེས་པའི ་དོན་ཏོ།། འོན་ཀྱང་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་ནས་ཁ་སྦྱོར་ལས་བྱུང་བའི་རྒྱུད་ཅེས་པ་འདིའི་མཐར་ཐུག་པའི་ངག་དང་པོས་བརྗོད་པར་བྱ་བ་དང་། དགོས་པ་ཉེ་བར་བཀོད་པ་ནི་ཉན་པ་པོ་རྣམས ་གཞུག་པའི་ཕྱིར་བསྟན་ཏོ།། གཞན་དུ་གལ་ཏེ་བརྗོད་པར་བྱ་བ་དང་། དགོས་པ་འདིར་མ་བརྗོད་ན། ཇི་ལྟར་སེམས་ཅན་རྣམས་མཉན་པ་ལ་ཡང་འཇུག་པོར་འགྱུར། ཐམས་ཅད་དགོས་པ་ལ་འདོད་པ་དང ་བཅས་པའི་ཕྱིར་འཇུག་པར་འགྱུར་མོད། ཇི་སྲིད་གསུམ་དུ་དགོས་པ་ངེས་པར་མ་གཟུང་བ་དེ་སྲིད་དུ་སྐྱེས་བུ་སུ་ཞིག་འཇུག་པར་འགྱུར། དེ་ཡང་སྐྱེས་བུའི་དོན་གྱི་དགོས་པ་ལ་སྦྱོར་བས་ཐབས་དང་བཅས་པར་གལ་ཏེ ་འགྱུར་བ་དེའི་ཚེ་འཇུག་གོ།། དེ་ཡིང་འདྲིར་ཡོད་པ་ཉིད་དེ། འདི་ལྟར་ཡང་འཆད་བཞིན་པའི་རྣམ་པ་ལོ་སོགས་པའི་ཚུལ་གྱིས་གཉི་སུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་དེ་ཁོ་ན་ཉིད་དོན་དམ་པ་སྐྱེས་བུའི་དོན་དུ་དགོས ་པ་དེའི་དོན་དུ་བསྟན་པར་བྱའོ།། དེའི་ཕྱིར་འདིར་བརྗོད་པར་བྱ་བ་ནི་ཧེ་རུ་ཀ་ལ་སོགས་པའི་མཚན་ཉིད་དེ་ཁོ་ན་ཉིད་དོ།། དགོས་པ་ཡང་དེ་ཡོངསུ་ཤེས་པའོ།། དེའི་ཕྱིར་དེ་ཡོངསུ་ཤེས་པས་མྱ་ང་ནི་ཁས་འདས་པ་ཐོབ ་སྟེ། ཤིན་ཏུ་རབ་ཏུ་འགྲུབ་པ་འདི་ནི་དགོས་པའོ།། གལ་ཏེ་ཡང་སྒྲའི་དོན་གྱི་རྒྱུན་མེད་པའི་ཕྱིར་ཚད་མེད་དེ། དེ་ལྟར་ན་ཡང་དོན་ལ་ཐེ་ཚོམ་ཟ་བར་ཡང་འགྱུར་ཏེ། དེ་ལ་རྟོག་པ་དང་ལྡན་པར་འཇུག་གོ། དབང་པོ ་རྣོན་པོ་འཇུག་སྟེ་གཞན་གྱི་རྣམ་པ་མེད་པའི་ཕྱིར་རོ།། དབང་པོ་རྣོན་པོས་སྐྱེས་བུའི་དོན་དེ་ཁོ་ན་ཉིད་ལ་འཇུག་པར་བྱའོ།། འདི་ལྟར་ཡང་རང་གི་ངོ་བོས་དེ་ཁོ་ན་ཉིད་དེ་ལ་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི ་དངོས་པོ་མེད་དོ།། དེ་བླ་མས་བརྗོད་པ་ལས་ཀྱང་རང་གིས་རིག་པ་མེད་དེ། དེ་ཁོ་ན་ཉིད་ནི་ངག་ཐམས་ཅད་ཀྱི་ཐ་སྙད་ལས་འདས་པའི་ཕྱིར་རོ།། དེ་ལྟ་མོད་ཀྱི་ཡང་དག་པའི་རིགས་པ་ཅན་གྱིས་བླ་མའི་སྔགས་ལས་དེས ་འགའ་ཞིག་སྙེད་དེ་ཕྱི་ནས་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ཡོངསུ་སྤོང་བའི་མཚན་ཉིད་ཀྱི་ལམ་ཉེ་བར་དམིགས་པའི་རིམ་གྱིས་དད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སློབ་མའི་བསྒོམ ་པ་བརྒྱུད་པ་ལས་དེ་ཁོ་ན་ཉིད་དེས་རང་ཉིད་བྱིན་གྱིས་རློབ་པར་བྱེད་དོ།། རིགས་པས་ཐམས་ཅད་ཀྱི་ཤེས་པ་ངན་པའི་མཚན་ཉིད་ཡོངསུ་བཏང་བའི་ཕྱིརརོ།། དེའི་ཕྱིར་མ་ལུས་པའི་ཤེས་པ་ངན་པ་ཡོང་སུ་སྤངས་པའི་ཕྱིར། ཡང་དག ་པའི་ཡེ་ཤེས་གང་དོན་དམ་པ་པ་ངེས་རང་ཉིད་ཀྱིས་རྙེད་པར་འགྱུར་ཏེ། སྣང་བས་མུན་པ་སེལ་བ་བཞིན་དང་། ཉི་མས་མུན་པ་སེལ་བ་བཞིན་ནོ།། དེར་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ་འདིས་རྡོ་རྗེ་སྙིང་པོ་ཐོས ་པ་མང་བ་དང་ལྡན་པར་གསལ་བར་བསྟན་ཏེ། དུས་གཅིག་གི་ཚན་བདག་གིས་དེ་ཁོ་ན་ཉིད་འདི་ཐོས་ལ། གཞན་དུ་ནི་དེ་བཞིན་གཤེགས་པ་གཞན་ལས་ཀུན་རྫོབ་དུ་མ་དང་དོན་དམ་པའི་དབྱེ་བསོ།། དུ་མའི་དབྱེ་བས་བཅོམ ་ལྡན་འདས་གཅིག་པུ་བཞུགས་ཏེ། བརྟན་པ་དང་གཡོ་བ་དང་བུད་མེད་དང་སྐྱེས་པ་ལ་སོགས་པའི་དབྱེ་བས་དང་། དེ་བཞིན་དུ་ཀུན་རྫོབ་དང་། དོན་དམ་པའི་བདེན་པའི་དབྱེ་བ་སྟེ།། བཅོམ་ལྡན་འདས་དེ་ཉིད་ཀུན་རྫོབ་ཀྱི་གཟུགས ་ཀྱང་ཡིན་ལ་དོན་དམ་པའི་གཟུགས་ཀྱང་དེ་ཡིན་ནོ།། འདིས་དེ་ཁོ་ན་ཉིད་སྒྲིབ་པར་བྱེད་པས་ཀུན་རྫོབ་བོ།། དོན་ཡང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ།། དམ་པའི་སྒྲ་ནི་ཕུལ་དུ་བྱུང་བའི་རྣམ་གྲངསོ།། དེའི་ཕྱིར ་བཅོམ་ལྡན་འདས་གཅིག་པུའི་གཟུགས་ཉིད་ཇི་ལྟར་དེ་སོ་སོའི་དབྱེ་བས་གནས་པར་འགྱུར་ཞེས་པའི་དོན་ཏོ།། དེ་ལྟར་བཅོམ་ལྡན་འདས་ཀྱི་གཟུགས་དེ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་དགའ་བ་རྒྱུན་མི་འཆད་པའི ་ཡིད་ཀྱིས་རིག་པར་བྱ་བའོ།། འདིས་ནི་ཕྱག་རྒྱ་ཆེན་པོ་གསལ་བར་བསྟན་པར་འགྱུར་རོ།། འདི་ནི་དགོས་པའི་དགོས་པའོ།། ད་ནི་བཅོམ་ལྡན་འདས་བཞུགས་ཞེས་པའི་ཚིག་གི་ཚུལ་གྱིས་གསུངས་པའི་ཕྱག་རྒྱ་ཆེན་པོ་འབྲས་བུ ་ལ་རྒྱུར་ཉེ་བར་བཏགས་པས་གནས་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྷ་ནི་སྲིད་པ་སྟེ། རང་བཞིན་གྱིས་བརླབོས་པའི་ཉེ་བར་བཏགས ་ས་ཀུན་རྫོབ་ཀྱི་བདེན་པར་བསྟན་པའི་ཕྱིར་རོ།། ག་བཱན་ཞེས་པ་ནི་མྱ་ངན་ལས་འདས་པར་འགྲོ་བར་འགྱུར་ཞེས་སྦྱར་རོ།། སུ་ཞིག་འགྲོ་བར་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགསོ།། ་དེ་བཞིན་གཤེགས་པ་ཡང་དེ་ཡིན་ལ་ཐམས་ཅད་ཀྱང་ང་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལས་བྱུང་བ་རྣམསོ།། འདིར་སྐུ་ལས་བྱུང་བ་རྣམས་ནི་དགོངས་པ་བཤད་གཞན་གྱི་གསུང ་བ་འཇུག་པའི་ཚོགས་དྲུག་གི་རྣམ་པར་ཤེས་པ་རྣམསོ།། དེ་ཡང་འདི་ལྟ་སྟེ་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམསོ།། དེའི་ཕྱིར་གཟུང་བ་དང་འཛིན་པ་ཉམ་སུ་མྱོང་བས་རེ་རེ་ཡང་གྲངས ་མེད་པ་དེ་རྣམསུ་སྣང་སྟེ། བསྟན་པ་དང་གཡོ་བ་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་དང་ལྗོན་ཤིང་དང་གེལ་པ་དང་། ལྕུག་མ་ལ་སོགས་པ་དང་། དེ་བཞིན་དུ་གློང་དང་གྲོང་ཁྱེར་དང ་ལམ་དང་ཚོང་དུས་ལ་སོགས་པ་ན་གནས་པའི་སེམས་ཅན་སྣ་ཚོགས་པ་རྣམས་ཡང་དག་པར་མཐོང་བའི་ཕྱིར་དེ་རྣམས་དེ་བཞིན་གཤེགས་པ་རྣམས་ཉིད་དོ།། འོན་ཀྱང་མུ་སྟེགས་ལ་སོགས་པ་ནི་མི་ཤེས་པའི་སྒྲིབ་པས ་གཡོག་སོ།། སངས་རྒྱས་པ་སྙིང་རྗེ་ཅན་རྣམས་ནི་ཡང་དག་པར་ཡོངསུ་ཤེས་པས་དེ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་གསུང་ལས་བྱུང་བའི་དེ་བཞིན་གཤེགས་པ། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རང་བཞིན་མ་རིག་པ་ལ ་སོགས་པའི་དྲི་མས་བསྒྲིབས་པ་རྣམས་ནི་འཁོར་བ་ནས་འཁོར་བར་འཁོར་རོ།། འོན་ཀྱང་གཞན་གྱི་དོན་ལ་ཆགས་ཤིང་བརྩོན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་རྣམས་ཀྱི་སྐྱེ་བས་སྣ་ཚོགས་པ་སྤྲུལ་ཅིང ་རང་གི་ལས་ཀྱི་སྲིད་པ་ལེན་ཏོ།། དེའི་ཕྱིར་ཉོན་མོངས་པ་ཅུང་ཟད་ཙམ་གྱིས་བསྒྲིབས་མོད། རང་གི་དབང་གིས་ནི་མ་ཡིན་ནོ།། དེ་བཞིན་དུ་ཐུགས་ལས་བྱུང་བ་ནི་སྔོན་གྱི་བག་ཆགས་ཀྱི་སྟོབས་ཀྱིས་རྟེན་ཅིང་འབྲེལ་པར ་འབྱུང་བ་བཞིན་ཏེ། དེ་ཡང་དེ་བཞིན་གཤེགས་རྣམསོ།། འོན་ཀྱང་རྣམ་པར་རིག་པ་ཙམ་ལ་ཆགས་པའི་འཚོ་བ་ལུས་ལས་སྐྱེ་བ་གདོས་དང་ལྕགས་སྒྲོག་བཞིན་འཁོར་བར་བཅིངས་པ་རྣམས་ཏེ། རྒྱ་ལམ་ན་མཚན་མོའི ་གློག་བཞིན་དགེ་བའི་གྲོགས་དང་ཕྲད་པས་གྲོལ་བར་འགྱུར་ཏེ། དེ་ལྟར་ཡང་རང་དབང་ཐོབ་པ་འཇིག་ཅན་གྱི་ཆོས་བརྒྱད་རྣམ་པར་སྤངས་པའི་ཕྱིར་དེ་བཞིན་གཤེགས་པར་འགྱུརརོ།། དེ་ལྟར་ཁམས་གསུམ་པའི་སེམས་ཅན ་བུད་མེད་དང་སྐྱེས་པ་ལ་སོགས་པ་རྣམས་སྐུ་དང་གསུང་དང་ཐུགས་ལས་སྐྱེ་བར་འགྱུར།། འདི་རྣམས་ཀྱི་རང་ངོབོ་ཡོངས་ཤེས་པ་དང་། ཀུན་རྫོབ་ཀྱི་བདེན་པ་མཐོང་བ་དང་། དགེ་བའི་གྲོགས་མཆོག་མཉེས་པ་དང་། ་དང་པོ་ཉ་མ་རྣམས་ཀྱི་མཆོད་པ་ལ་ཉེ་བར་གནས་པའི་ཉེ་བར་སྤྱོད་པ་དང་། དེ་བཞིན་གཤེགས་པའི་གསུང་གི་ཕ་རོལ་ཏུ་འགྲོ་བ་དང་འདོད་པའི་ཡོན་ཏན་ལྟ་ལ་ཉེ་བར་ལོངས་སྤྱོད་པ་དང་བྲལ་བ་དང་། དཀྱིལ་འཁོར་གྱི ་འཁོར་ལོ་ལ་སོགས་པ་དང་འདོད་པའི་ལྷ་མཉེས་བྱ་དང་། ཐེག་པ་གསུམ་གྱི་ཆོ་ག་དང་། ཐེག་པ་མཆོག་རྟོགས་པ་དང་། མོས་པས་སྤྱོད་པའི་ས་ལ་གནས་པ་དང་། ཕ་རོལ་ཏུ་ཕྱིན་པ་བཅུའི་ཚུལ་ཡོངསུ་རྫོགས་པ་དང་། གཉིས ་སུ་མེད་པ་དང་། དེ་བཞིན་ཉིད་དང་། འོད་གསལ་བའི་ཏིང་འཛིན་ལ་གནས་པསོ།། འདི་མཐའ་དག་རྣམ་པར་མི་རྟོག་པ་དང་འབྲེལ་པའི་དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་རྣམསོ།། སྐུ་དང་གསུང་དང ་ཐུགས་དབྱེར་མེད་པར་བྱས་ཤིང་རོ་གཅིག་པར་འགྱུར་བ་བདེ་བ་ཆེན་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་གསུམ་བསྡུས་པའི་བདག་ཉིད་རྡོ་རྗེ་འཆང་ཧེ་རུ་ཀར ་བཤད་དོ།། གང་དུ་བཞུགས་ཤེ་ན། རྡོ་རྗེ་བཙུན་མོའི་བྷ་གལ་ཞེས་སོ།། རྡོ་རྗེ་བཙུན་མོའི་ནི་སྤྱན་མྱ་ལ་སོགས་པ་སྟེ། དེ་རྣམས་ཀྱི་བྷ་གའི་པདྨ་ལ་བྱེ་བ་ཕྲག་བརྒྱད་ཅུའི་འད་བ་མའི་བདས ་ཉིད་རང་གི་འཁོར་འདུས་པ་དང་ལྷན་ཅིག་པ་རྣམས་ལ་བཅོམ་ལྡན་འདས་ཡེ་ཤེས་ཀྱི་རང་གི་ངོ་བོ་རོལ་པ་དང་ལྡན་པར་བཞུགས་ཞེས་སྦྱ་རོ།། པདྨ་ནི་མདོར་བསྡུས་ན་ལུསོ།། རྣམ་པར་རྟོག་པ་མཐའ་དག་བཅོམ་པའི་ཕྱིར་བྷ་གའོ།། ་བྱེ་བ་ཕྲག་བརྒྱད་ཅུའི་རང་བཞིན་གྱི་བདག་ཉིད་ནི་འདབ་མ་རྣམསོ།། ཤེས་བྱའི་མཆོག་ཉིད་འདི་ཤེས་པའི་ཕྱིར་རྣམ་པར་ཤེས་པ་ནི་རྡོ་རྗེ་སྙིང་པོའོ།། རྡོ་རྗེ་ཡང་ཡིན་ལ་སྙིང་པོ་ཡང་ཡིན་པས་ན་རྡོ་རྗེ་སྙིང་པོ་སྟེ། བཅོམ་ལྡན་འདས ་ཀྱི་གཟུགས་གཟུགས་བརྙན་གྱི་རང་བཞིན་སྤྲུལ་པའི་སྐུའི་མཚན་ཉིད་དོ།། དེ་ལྟར་ཡང་རང་ཉིད་བྱེད་ཅིང་རང་ཉིད་འཕྲོག། རང་ཉིད་རྒྱལ་པོ་རང་ཉིད་གཙོ།། དེ་ནི་སྟོན་པ་རང་ཉིད་དེ།། བསྟན་བྱ་ཡང་ནི་རང་ཉིད་དོ།། ཞེས་གསུངསོ།། ། ་འདིས་ནི་སྲུང་པོའི་ངེས་པ་སྤང་བ་བསྟན་ཏོ།། དོན་འདི་ཉིད་གསལ་བར་བྱ་བ་གསུངས་པ། བཞུགས་ཞེས་པ་ནི་རྡོ་རྗེ་བཙུན་མོ་རྣམས་ཀྱི་བྷ་ག་རྣམས་ལ་སྟེ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གསང་བའི་བུ་ག་རྣམསུ་རོལ་པ་དང ་ལྡན་པའོ།། སུ་ཞིག་ཅེ་ན། བཅོམ་ལྡན་འདས་ཡེ་ཤེས་སྐུའོ།། རྩ་འདི་རྣམས་ཀྱི་དབུསུ་ཁོང་སྟོང་གི་བདག་ཉིད་ཨ་བ་དྷཱུ་ཏཱིའི་རྣམ་པ་རང་གི་ངོ་བོས་འབར་བ་སྲོག་ལ་སོགས་པའི་རླུང་རྣམས་སྡུད་པ་ཕུང་པོ་དང་ཁམས་དང་། སྐུ ་མཆེད་རྣམས་རང་བཞིན་མེད་པར་བྱེད་ཅིང་ཐིག་ལེའི་གནས་སོན་པ་མི་ཤིགས་པ་དང་འཁྱུད་པ་རོ་གཅིག་པའི་དངོས་པོ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་མི་འཛག་པ་ལས་རང་རིག་པའི་ཡེ་ཤེས་སྐྱེ་བོ་ནི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཆེན་པོའོ།། ། ་འོན་ཀྱང་སྒྲོག་ལ་སོགས་པའི་རླུང་རྣམ་པ་གསུམ་དུ་འགྱུར་ཏེ། རེ་ཞིག་ལས་དང་། དབྱིབས་དང་རྡོ་རྗེ་ལྟ་བུ་རིམ་པ་བཞིན་དུ་དབུག་དབྱུང་བ་དང་འཇུག་པ་དང་། འགྲེ་བ་དང་འོང་བའི་དབྱེ་བོས་གནས་པོ་ནི་ལསོ།། ཕུང་པོ་ལ་སོགས ་པཔའི་ལུས་ཀྱི་རྩ་ལ་གནས་པ་ནི་དབྱིབས་སོ།། དེ་བཞིན་དུ་ཡེ་ཤེས་དང་རྣམ་པར་ཤེས་པོ་ཕུན་སུམ་ཚོགས་པ་ནི་རྡོ་རྗེ་ལྟ་བུའོ།། དེ་ཡོངསུ་ཤེས་པ་ནི་བླ་མ་བརྒྱུད་པའི་རིམ་པས་རྡོ་རྗེ་བཟླས་པ་ལ་སོགས་པའི་རྒྱུན་གྱི་སྟོབས་དང་། ་སྦྱོར་བའི་ཡན་ལག་དྲུག་ཁོང་དུ་ཆུད་པའི་ཕྱིར་རོ།། དེ་ལ་ཡན་ལག་དྲུག་ནི་འདི་ལྟ་སྟེ། སོ་སོར་སྡུད་དང་བསམ་གཏན་དང་། སྲོག་དང་རྩོལ་བ་དེ་བཞིན་གཟུང་།། རྗེ་སུ་དྲན་དང་ཏིང་འཛིན་རྣམས།། སྦྱོར་བའི་ཡན་ལག་དྲུག ་དུ་འདོད་ཅེསོ།། དགོངས་བཤད་གཞན་གྱིས་དཔལ་གསང་བ་འདུས་པ་ལ་སོགས་པར་གསུངས་པའི་ཕྱིར་རོ།། དེ་ཡང་དུ་བ་ལ་སོགས་པའི་མཚན་མོའི་མཚན་ཉིད་དང་། སྟོང་པའི་སྐུ་མཐོང་བའི་ཕྱིར་དང་། ཇི་སྲིད་དུ་ཡན ་ལག་དྲུག་བཅུར་འགྱུར་གྱི་བའོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་སྒྱུ་འཕྲུལ་དྲ་བ་ལས་གསུངས་ཏེ། ས་བཅུའི་དབང་ཕྱུག་མགོན་པོ་སྟེ། ས་བཅུ་ལ་ནི་རབ་ཏུ་གནས།། ཤེས་བཅུ་རྣམ་པར་དོག་པའི་བདག། ཤེས ་བཅུ་རྣམ་པར་དག་པ་འཆང་།། རྣམ་པ་བཅུ་པོ་དོན་གྱི་དོན།། ཐུབ་དབང་ཁྱབ་བདག་སྟོབས་བཅུའི་བདག། མ་ལུས་སྣ་ཚོགས་དོན་བྱེད་པ།། རྣམ་བཅུ་དབང་ལྡན་ཆེ་བ་པོ་ཞེས་སོ།། འདིའི་དོན་ནི ་རྒྱུད་སྣ་ཚོགས་ཀྱི་དགོངས་པས་རྟོགས་པར་བྱའོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔས་མཛད་པའི་རྒྱ་ཚོར་འགྲེལ་ལས་ཉེ་བར་མཚོན་པར་བྱའོ།། བདག་གིས་ཀྱང་རྒྱུད་འདིའི་དོན་ཅུང་ཟད་རང་གི་བློའི་དབང་གིས་སྦྱོར་བར ་བྱིའོ།། འདི་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ངེས་པའོ།། ཁ་སྦྱོར་ཐིག་ལོ་ཞེས་བྱེ་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པོའི་སྣང་བ་ཞེས་པ་ལས་རྗོད་བྱེད་དང་བརྗོད་བྱ་ལ་སོགས་པས་རྒྱུད་ལ་འཇུག་པ ་བསྟན་པ་སྟེ་དང་པོའོ།། ། ད་ནི་སྡུད་པ་པོའི་ཆོག་བསྟན་པའི་ཕྱིར། དེར་ཡང་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པའི་དབང་ཕྱུག་བྱེ་བ་ཕྲག་བརྒྱ་ཅུ་རྣམས་ཀྱི་དབུས་སུ་རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ ་འཛུམ་པ་མཛད་དོ།། ཞེས་བྱ་བ་གསུངས་ཏེ། དེར་ཞེས་པ་ནི་དེའི་ཕྱིར་ཏེ། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་ཁང་པ་བརྩེགས་མའི་དབུསུ་བཅོམ་ལྡན་འདས་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་རྡོ་རྗེ་འཛི་ནོ།། འདི་ལ་བཅོམ ་པ་ཡོད་པ་ན་བཅོམ་ལྡནོ།། ཡང་ན་མཆོག་ཏུ་གསང་བའི་རྣལ་འབྱོར་གྱི་བདུད་རྩིའི་ཆར་འབེབས་པའི་ཕྱིར་བྷ་ག་རིམས་ལས་བཟློག་པའི་འོད་ཟེར་གྱི་འཕྲེང་བས་ཁོམས་གསུམ་པ་བསྐྱེད་བྱ་སྐྱེད་བྱེད་འབྲེལ་བའི་ཕྱིར་ཀྱི ་བཅོམ་ལྡན་འདས་ཞེས་བསྟན་ཏེ། ཡང་ཞེས་པ་ནི་ངེས་པའོ།། དེ་བཞིན་དུ་ཛྙཱན་ཞེས་པ་ནི་བྱེ་བ་ཕྱག་བརྒྱད་ཅུའི་འཁོར་དང་ཡང་དག་པར་ལྡན་པའོ།། དེར་ཎྜཱི་ལག་པ་དང་ཆང་བ་མ་བརྗོད་དེ་བརྒྱད་ཅུ་ངེས་པར་སྨོས།། འདིར ་གསུངས་སེམས་ཅནྡ་ཐམས་ཅད་ཀྱི་དབྲལ་བ་ནས་རྐང་པའི་མཐེ་བོང་བར་ལཱྀ་རང་གི་ཁྲག་པོའི་སོར་བརྒྱད་ཅུར་འགྱུརརོ།། གཙུག་ཏོརཱ་ལ་སོར་བཞིའི་ཆང་དོ།། ངའི་ཕྱིར་སོར་རེ་རེ་ལ་བྱེ་བའི་གྲངས་ཀྱི་རྣལ་འབྱོར་གྱི་དབང་ཕྱུག ་རྣམས་གན་སོ།། དེ་ཅི་ཞེ་ན་དབུགས་ཕྱིར་རྒྱུ་བ་དང་ནང་དུ་རྒྱུ་བ་བཅིངས་པའི་རྣལ་འབྱོར་གྱིས་རང་བཞིན་རྣམསུ་འགྱུརརོ།། དེའི་བྱོར་འདི་ལ་རྣལ་འབྱོར་ཡོད་པསྟ་ན། རྣལ་འབྱོར་པའི་དབང་ཕྱུག་སྟེ། པ་དང་བུ་བཞིན་ནོ།། ་རྣལ་འབྱོར་ནི་རང་རིག་པའི་མཚན་ཉིད་འོད་གསལ་བའི་ཡེ་ཤེས་ཞེས་པའི་དོན་ཏོ།། དེའི་ཕྱིར་རང་བཞིན་རྣམསུ་འགྱུར་ཏེ། གཞན་ནི་མ་ཡིན་ནོ།། དེ་ཡང་བྱིས་པ་རྣམས་ལ་སྡུག་བསྔལ་སྟེར་བར་བྱེད་དེ། རྒྱུ་དང་འབྲས ་བུ་དང་བྲལ་བའི་ཕྱིར་དུ་འབོད་ལ་སོགས་པར་ལྟུང་བའོ།། རྒྱུ་དང་འབྲས་བུ་དེ་ཅི་ཞེ་ན། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ནི་རྒྱུའོ།། འབྲས་བུ་ནི་རང་རིག་པའི་ཡེ་ཤེས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་མཚན ་ཉིད་དྲོ།། དེ་ལྟར་དག་པའི་རང་བཞིན་རྣམས་ནི་བསྟན་པར་བྱ་བའོ།། གཟུགས་བརྙན་གྱི་མཚན་ཉིད་ནི་བཅོམ་ལྡན་འདས་སྟོན་པའོ།། དེའི་ཕྱིར་སྒྱུ་མ་ལྟ་བུའི་ཆོས།། བདེན་པ་མ་ཡིན་བརྫུན་པ་མིན།། བརྟན་དང་གཡོ་བ་སྣ ་ཚོགས་བྱ།། རླུང་སེམས་རྒྱུ་ལྔས་འབྱུང་བ་ཡི།། སྒྱུ་མ་འདི་ནི་མ་ཤེས་པས།། འགྲོ་བྱ་དྲུག་ནི་ཉིད་དུ་འཁོར།། དེ་བཞིན་སྒྱུ་མ་གང་རིག་པས།། སངས་རྒྱུས་འགྱུར་གཞན་དུ་མིན།། དེ་ལྟར་རྣམ ་འབྱོར་པའི་དབང་ཕྱུག་རྣམས་ཀྱི་དབུས་རྡོ་རྗེ་སྙིང་པོ་ལ་གཟིགས་ཏེ་ཞེས་པ་ལ་རྗེ་ནི་དབྱར་མེད་པའི་ཡེ་ཤེས་སོ།། སྙིང་པོ་ནི་དེ་ཤེས་པ་སྟེ། རྣམཔར་ཤེས་པ་ཞེས་པའི་དོན་ཏོ།། ཡུལ་དང་ཡུལ་ཅན་གཟུང་བ་དང་འཛིན ་པ་ལ་སོགས་པ་ལ་དམིགས་པ་ནི་གཟིགས་པའོ།། དེ་ཉིད་སེམས་ཅན་ལ་གཟིགས་པའི་སྙིང་རྗེའི་དབང་གིས་འཛུམ་པ་མཛད་པ་དེ་ལ་དེ་སྐད་ཅེས་བྱའོ།། འཛུམ་པ་མཛད་མ་ཐག་ཏུ་ཞེས་པ་ནི་འདིར་ཆོས་བདག་མེད་པ་ལ ་གནས་པ་དང་ལྡན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ནང་དུ་ཡང་དགེ་འཇོག་པས་ཆོས་ལ་དམིགས་པ་མངོན་དུ་བྱེད་པ་ནི་འཛུམ་པ་མཛད་ཞེས་པའི་དོན་ཏོ།། འདིར་ཞེས་པ ་ལ་བྱང་ཆུབ་སེམས་དཔའ་རྣམས་ནི་སེམྦ་ནཱ་གྱི་དོན་བྱེད་པའི་ཕྱིར་ཇི་སྲིད་དུ་གང་ཟག་ལ་བདག་མེད་པ་ལ་ཆགས་པར་མི་བྱེད་པ་དེ་སྲིད་དུ་སྐྱེ་རབས་སྣ་ཚོགས་པ་རྣམས་ལ་ཡང་སྤྲུལ་པའི་སྐུས་འཇུག་པར་མི་འགྱུར་རོ།། ་དེདེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་གཅིག་ཏུ་དང་དུ་མོའི་ལུས་ཀྱི་དབང་གིས་གང་ཟག་ལ་བདག་མེད་པ་གྲུབ་པོ།། གོང་གི་ཕྱིར་དམིགས་པ་མེད་པའི་སྙིང་རྗེས་ཀྱང་སེམས་ཅན་རྣམས་ཀྱི་བསམ་པའི་དབང་གིས་ཆོས ་སྟོན་པའི་ཕྱིར་རོ།། དེའི་ཕྱིར་དེ་བཞིན་གཤེགས་པ་ལ་སྣ་ཚོགས་པ་ནི་མདོ་ཞེས་པའི་ཚིག་ནི་གསུང་རླུང་ཁ་ཅིག་ལས་གསུང་སོ།། དེ་ལྟར་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམས་ཞེས་བརྗོད་པ་ཡིན།། ཤེས ་རབ་ཐབས་དག་ཡེ་ཤེས་ནི།། སྙིང་རྗེ་ཆེན་པོ་ཞེསུ་གསུངས།། རང་གི་སྟན་ལས་ལངས་ཏེ་ཞེས་བྱ་བ་ལ་སོགས་པ་ལ།། ཤེས་རབ་དང་ཐབས་དག་གིས་རྣལ་འབྱོར་པ་སྟེ། རྒྱུ་རྡོ་རྗེ་འཛིན་གྱི་དྲུང་ནས་སྒྱུ་མ་དང་གཟུགས ་བརྙན་བཞི་ནི་ན་མཁའ་ལས་སྐར་མ་བཞིན་ལངས་པའོ།། བླ་གོས་ཕྲག་པ་གཅིག་ལ་གཟར་ནས།། ཞེས་པ་ལ་བླ་གོས་ནི་ཐེག་པ་གསུམ་ལ་སྔགས་ཀྱི་ཐེག་པ་ཆེན་པོ་གྲོང་མར་གྱུར་པའོ།། དོའི་གཟར་བ་ནི་དེ་ལ་འཇུག ་པའོ།། དྲན་པའང་རུང་གཟར་ནས་ཞེས་སྦྱར་རོ།། པུས་མོ་གཡས་པའི་ལྷ་ང་སཱ་ལ་བཙུགས་ཏེ་ཞུས་པ་ལ། པུས་མོ་གཡས་པ་ནི་དང་པོ་ལམ་བསྟེན་པའི་དུས་སུའོ།། པུས་མེའོ་ལྷ་ང་ནི་ཕྱག་རྒྱ་ཆེན་པོར་འགྲོ་བ་ལ ་བརྩོན་པའི་སེམསོ།། དེ་ཉིད་ས་ལ་བཙུགས་པ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་གཞི་མ་རིག་པ་ཡིན་ཏེ། དེ་ལས་བྱུང་བའི་ཕྱིར་རོ།། ས་ལ་བཙུགས་པ་ནི་དྲྀ་བཅོམ་པས་རོ་གཅིག་པར་བྱེད་པའོ།། ཐལ་མོ་སྦྱར ་བ་བྱས་པ་ནི་དངོས་པོ་ཐམས་ཅད་རོ་མཉམ་པར་རྟོགས་པའི་སེམས་དེ་ལ་དེ་སྐད་ཅེས་བྱའོ།། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི་འདི་ལྟར་བསྟན་དེ་བྲག་ཆ་བཞིན་དམིགས་པའི་དོན་ཏོ།། ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་ཆེན་ཁ་སྦྱོར་ལས་འབྱུང་བའི་མཚན་ཉིད་ཡེ་ཤེས་དབང་ཕྱུག་ལ་ཉན་པར་འཚལོ་ཞེས་པ་ནི་འདིར་གསུངས་པ། སྔོན་གྱི་ལས་དག་པའི་སྟོབས་ཀྱི་བག ་ཆགས་ཀྱི་དབང་གིས་གཟུང་བ་ཉིད་ནི་ཉན་པའོ།། སེམས་སྣ་ཚོགས་པ་རྣམས་ལ་ཆོས་བསྟན་པ་འཇིག་པ་ནི་འཚལ་བའོ།། ཡེ་ཤེས་ཀྱི་དབང་ཕྱུག་ཅེས་པ་ལ་ཡེ་ཤེས་ནི་མངོན་པར་ཤེས་པ་དྲུག་གི་མཚན་ཉིད་དེ། ཁྱབ ་འཇུག་དང་དབང་ཕྱུག་ལ་སོགས་པ་རྣམས་ལ་མངོན་པར་ཤེས་པ་འདི་རྣམས་མེད་པའི་ཕྱིར་དབང་ཕྱུགོ།། གང་གི་ཕྱིར་ཕྱོགས་གཅིག་པར་མི་འགྱུར་ཏེ། ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཕྱིར་རོ།། དེའི་ཕྱིར་རྒྱུད་ཐམས ་ཅད་ཀྱི་གླེང་གཞི་གསང་ཆེན་ཁ་སྦྱོར་ལས་བྱུང་བའི་མཚན་ཉིད་བཤད་དུ་གསོལ་ཞེས་སྦྱོརོ།། ད་ནི་དེ་བཞིན་གཤེགས་པའི་གསུང་བསྟན་ཏེ། ཨེ་མའོ་རྡོ་རྗེ་སྙིང་པོ་བརྩེ་བ་ཆེན་པོ་ལོགསོ་ལེགསོ་ཞེས་བྱ་བ་ལ ་སོགས་པ་ལ། འདིར་སེམས་ཅད་ཐམས་ཅད་མི་ཤེས་པ་གསུམ་གྱིས་ཉེས་པ་ལས་དང་ཉོན་མོངས་པ་དང་སྡུག་བསྔལ་རྣམས་ཀྱིས་འཁོར་བར་འཁོར་བར་འགྱུར་རོ།། སེམས་ཅན་དེ་རྣམས་ལ་སངས་རྒྱས་ཀྱི་སྔོན ་གྱི་སྨོན་ལམ་གྱི་དབང་གིས་བརྒྱ་ལམ་ན་སྐད་ཅིག་ཟང་ཅིག་ཙམ་བསོད་ནམས་བསགས་པའི་ཚུལ་གྱིས་སེམས་བསྐྱེད་དེ་བསོད་ནམས་ངེས་སུམ་ཅུ་རྩ་གསུམ་པའི་ལྷར་འགྱུར་རོ།། དེ་ནས་འཕོས་ནས་སླར་ཡང་མི ་ལ་སོགས་པའི་འགྲོ་བ་ལྔར་སྐྱེའོ།། དེའི་ཕྱིར་སྔོན་གྱི་ལས་ཀྱི་བག་ཆགས་ཀྱི་སྟོབས་ཀྱིས་ལྟ་བ་དྲུག་རྣམས་ལ་འཇུག་པར་བྱེད་དོ།། ལྟ་བ་དེ་རྣམས་ཀྱང་དུས་ཀྱི་དབང་གིས་སེམས་ཅན་རང་རང་གི་སེམས་ལས་བྱུང་ངོ་།། དེ ་ལྟར་ལྟ་བ་པོའི་སེམས་ཅན་སྣ་ཚོགས་པ་གྲངས་མེད་པར་འགྱུརརོ།། དེ་ལྟར་ཡང་འགྲོ་བ་ཐམས་ཅད་བདག་ལས་བྱུང་། སྣང་པ་གསུམ་ཡང་བདག་ལས་བྱུང་།། བདག་གིས་འདི་དག་ཐམས་ཅད་ཁྱབ།། བདག་ལས་གཞན་པའི ་འགྲོ་བ་མེད་ཅེས་གསུངསོ།། འོན་ཀྱང་བྱང་ཆུབ་སེམས་དཔའ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་བདག་ཉིད་དང་དེ་བཞིན་དུ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་རྣམས་ཀྱི་རང ་གི་དོན་དང་གཞན་གྱི་དོན་གྱིས་མཱི་ཤེས་པ་གསུམ་རིང་དུ་བྱེད་དོ།། དེ་འབའ་ཞིག་བྱེད་པར་མ་ཟད་ཀྱིས་མི་འདོད་བཞིན་དུ་སྐུ་གསུམ་མངོན་དུ་བྱེད་པའི་དོན་ཏོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་ཨེ་མེའོ་ཞེས་པའི་ངོ་མཚར ་དང་། ལེགསོ་ཞེས་པའི་ལན་གཉིས་གསུངས་ཏེ། གང་གི་ཕྱིར་རིག་པ་བདེ་བ་སྟེར་བར་བྱེད་ཞེས་པའི་དོན་ཏོ།། ཡོན་ཏན་གྱི་འབྱུང་གནས་ཞེས་པ་ལ། ཡོན་ཏན་རྣམས་ཀྱི་འབྱུང་གནས་ཡིན་པས་ན། ཡོན་ཏན་འབྱུང་གན ་སོ།། ཡོན་ཏན་ནི་རྣམ་པ་ལྔ་སྟེ། དེ་ལ་སའི་ཡོན་ཏན་ལྔ་གྲངས་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་དང་ན་མཁའི་བདག་ཉིད་དོ།། དེ་བཞིན་དུ་ཆུའི་ཡོན་ཏན་བཞིའོ།། དེ་ཡང་ཆུ་དང་མེ་དང་རླུང་དང་ན་མཁའི་ཁམས་ཀྱི་བདག ་ཉིད་དོ།། དེ་བཞིན་དུ་མེའི་ཁམས་ཀྱི་ཡོན་ཏན་ནི་གསུམ་སྟེ་མེ་དང་རླུང་དང་ན་མཁའི་ཁམས་ཀྱི་བདག་ཉིད།། དེ་བཞིན་དུ་རླུང་གི་ཁམས་ཀྱི་ཡོན་ཏན་ནི་གཉིས་ཏེ། རླུང་དང་ན་མཁའི་ཁམས་ཀྱི ་བདག་ཉིད་དོ།། དེ་བཞིན་དུ་སྟོང་པའི་ཁམས་ཀྱི་ཡོན་ཏན་ནི་གཅིག་སྟེ། ནམ་མཁའི་ཁམས་ཀྱི་བདག་ཉིད་དོ།། དེ་བཞིན་དུ་ཡེ་ཤེས་ཀྱི་ཁམས་ཐམས་ཅད་ཀྱི་བདག་ཉིད་གཅིག་པའི་མཚན་ཉིད་ཤེས་པ་སྣོད་ཀྱི་འཇིག་རྟེན ་དུ་བསྟན་ཏོ།། དེ་ལྟར་འགྲོ་བ་ལྔའི་མི་ལ་སོགས་པའི་སེམས་ཅན་རྣམས་རིམ་པ་བཞིན་ལྔ་དང་བཞི་དང་གསུམ་དང་གཉིས་དང་གཅིག་གི་ཡོན་ཏན་གྱི་བདག་ཉིད་དུ་འགྱུར་རོ།། དེ་ཡང་གོང་དུ་རྡུལ་ཕྲ་རབ་ཀྱི་ཆོས་ཅན་བརྫུན་པར ་གནས་སོ།། འོན་ཀྱང་མ་རིག་པ་ལ་སོགས་པས་བསྒྲིབས་ཤིང་ལོག་པའི་ཆོས་ལ་ཆགས་པ་དང་། མི་དགེ་བའི་གྲོགས་དང་ཕྲད་པ་ལ་སོགས་པའི་ཉེས་པས་གོས་པའི་རྣམས་སྔོན་གྱི་བག་ཆགས་ཀྱི་དབང་གིས་འགྲོ་བས ་ཚོགས་པ་རྣམསུ་འཁོར་བར་འཁོར་བར་འགྱུར་རོ།། དེ་བཞིན་དུ་ཡང་ཡེ་ཤེས་ཀྱི་ཁམས་ཁམས་དྲུག་གི་བདག་ཉིད་སྐྱེས་བུ་ཆེ་བོ་གང་ཟག་འདི་ཉིད་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཆོས་སྐུའི་མཚན་ཉིད་སྟོང་པ་ཉིད་དང ་ཡང་དག་པའི་མཐའ་དང་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་བདག་ཉིད་ཅན་གང་ལ་བསམ་པ་འདི་ལྟ་བུ་ཡོད་པ་འམ་དེའོ་རིགས་ཅན་ནོ།། དེ་ཉིད་ཀྱིས་ན་ལེག་སོ་ལེག་སོ་ཞེས་པ་ལན་གཉིས་གསུངས་ཏེ། འདི་ནི་རྡོ་རྗེ་སྙིང་པོ། ་དོན་བསྟན་ཏོ།། རྒྱུད་ཐམས་ཅད་ཀྱི་གསང་ཆེན་གང་ཡིན་པ་དེ་དག་ཐམས་ཅད་ཉན་པར་འདོད་པ་ཞེས་པ་ལ། འདོད་པ་ཞེས་པ་ལ་ནི་རྡོ་རྗེ་སྙིང་པོའི་བྱེད་པའི་ཚིག་སྟེ། ཨེ་མའོ་ཞེས་པ་དང་འབྲལ་ཏོ།། འོན་ཀྱང་འདིར་སྡུག ་ཀྱི་ཐེག་པ་ཆེན་པོར་རྣལ་འབྱོར་མ་ཁ་སྦྱོར་བ་དེ་ནི་རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་མའི་རྒྱུད་ཅེས་བརྗོད་དོ།། དེ་བཞིན་དུ་རྣལ་འབྱོར་གྱི་རྒྱུད་དང་སྔོན་དུ་གསུངས་པའི་མཚན་ཉིད་ཀྱི་རང་བཞིནོ།། ད་ནི་རྣལ་འབྱོར ་མཱའི་རྒྱུད་ཀྱི་དབྱེ་བ་གསུངས་ཏེ། རྒྱུད་ཐམས་ཅད་ཀྱི་གསོང་ཆེན་གང་ཡིན་པ་ཞེས་བྱ་བ་ལ། རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་གི་གསང་བ་ནི་རྣལ་འབྱོར་མིའི་རྒྱུད་དོ།། རྣམ་པ་སུམ་ཅུ་རྩ་དྲུག་པོ་དེ་ཡང་འཆང་བཞིན ་པའི་རྩ་བའི་རྣལ་འབྱོར་མ་བསྐྱེད་པ་རྣམ་པ་མང་པོས་བཤད་པར་བྱའོ།། དེ་ལྟར་རྣལ་འབྱོར་མའི་རྒྱུད་ནི་རྣལ་འབྱོར་གྱི་རྒྱང་ཐམས་ཅད་ཀྱི་གསང་ཆེན་སྤྲོས་པ་ཞེས་པའི་དོན་ཏོ།། དེ་གང་ལ་ཡོད་པ་དེ་སྐད་ཅེས་པའོ།། ་གང་ཡིན་པ་དེ་དག་ཐམས་ཅད་ཞུ་བ་ཞེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཤེསཽ་རབ་དང་ཐིབས་དང་སྟོང་པ་དང་། སྙིང་རྗེ་དབྱེར་མེད་པ་རྣམས་ལ་ཞུ་བ་སྟེ་ཁོང་དུ་ཆུད་པའོ།། སེམས་ཅན་ཐམས་ཅད་ལྀ་ཡང ་དག་པའི་ལམ་སྟོན་པར་འདོད་པ་དེ་ནི་ད་ལྟར་སྨྲས་པར་འགྱུར་རོ།། འདི་ནི་དེ་བཞིན་གཤེགས་པའི་ངེས་པའོ།། ད་ནི་འཁོར་གྱི་ཚིག་གསུངས་པ། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས ་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་པ་ནི་ཞུས་པའི་རྗེས་ཐོགས་སུའོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་པ་ནི་སྐུ་རྡོ་རྗེ་ལ་སོགས་པ་གང་དག་གིས་དང་པོ་དེ་ནི་ཡོད་པ་ནི་རྡོ་རྗེ་སྙིང་པོ ་ལ་སོགས་པ་ཡེ་ཤེས་པ་རྣམ་པར་ཤེས་པ་དག་གཅིག་ཏུ་འདྲེས་པའི་བདག་ཉིད་ཅེས་པའི་དོན་ཏོ།། ཡང་ནི་སྒྱུ་མོའི་སྤྲུལ་པ་བཞིན་དུ་གཙོ་བོའོ།། དེའི་སྙིང་པོ་ནི་དབྱེར་མེད་པའི་དངོས་པོའི་ཕྱིར་རྡོ་རྗེའོ།། དེར་ཁྱད་པར་ཅན ་གྱི་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམསོ།། དེ་ཉིད་ཀྱིས་ན་རབ་དུ་དགའ་ཞིང་མིག་གདངས་པ་ནི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཅེས་པའི་དོན་ཏོ།། དེས་ནི་དེ་བཞིན་གཤེགས་པའི་སྤྱན ་དང་ཤའི་སྤྱན་དང་། ལྷའི་སྤྱན་དང་ཤེས་རབ་ཀྱི་སྤྱན་དང་སངས་རྒྱས་ཀྱི་སྤྱནོ།། དེའི་ཕྱིར་རབ་ཏུ་དགའ་བའི་མིག་གདངས་ཀྱི་སོ་སོའི་སྐྱེ་བོའི་ནི་མ་ཡིན་ནོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོས་ཞུས་ཤེས་འབྲེལ་ཏོ།། ། ་ཡང་དང་ཡང་དུ་ཕྱག་བྱས་ཏེ། འདིར་རང་གི་ཐེ་ཚོམ་གྱི་ཕྱིར་ཞུས་ཞེས་པའི་རིགས་པོས་ཡེ་ཤེས་དང་རྣམ་ཤེས་གཅིག་ཏུ་འདྲེས་པའི་བདག་ཉིད་དུ་གྲུབ་པོ།། འོན་ཀྱང་གང་གསུངས་པའི་མཚན་ཉིད་དེ་ཐམས་ཅད་དེ ་དགོངས་བཤད་གཞན་གྱི་སྐལ་པ་དང་ལྡན་པའི་སེམས་ཅན་རྣམས་ཉེ་བར་སྤྱོད་པར་འགྱུར་གྱི། ད་ལྟའི་གདུལ་བྱ་རྣམས་ལ་ནི་མ་ཡིན་ནོ།། གང་གི་ཕྱིར་བསྟན་བྱ་དང་སྟོན་བྱེད་དང་བསྟན་པ་རྣམས་ལ་འཇུག་པར ་མི་འགྱུར་ཏེ། དེའི་ཚེ་གདུལ་བ་དཀའ་བ་བེམས་པོའི་སེམས་ཅན་རྣམས་འདུལ་བར་མྱི་འགྱུར་རོ།། རྒྱུ་དེས་ན་སྤྲུལ་པའི་ལུས་ཅན་དབྱེར་མེད་པ་ལ་ཉེ་བར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་དགྱེས་ཤིང་མིག ་གདངས་ལ་གཟུགས་བརྙན་ལྟ་བུ་རྣམས་ཀྱི་ས་ཡང་དང་ཡང་དུ་ཕྱག་བྱས་ནས་རང་གི་ཐེ་རྗེམ་གྱི་ཕྱིར་ཁ་སྦྱོར་ལས་བྱུང་བའི་རང་བཞིན་དེའི་བདག་ཉིད་ཞུས་ཏེ། འདིར་ཞེས་པ་ནི་ཚིག་འདིར་གསུངས་པའོ།། རྒྱུད་རྣམས ་ཐམས་ཅད་གང་ལ་བགྱི་ཞེ་བ་ནས། དེར་ནི་མཚན་ཉིད་ཇི་ལྟ་བུ་ཞེས་པའི་བར་ནི་ཞུས་པའི་ཚིག་གོ། ད་ནི་བཅོམ་ལྡན་འདས་ཀྱིས་ལན་གྱི་ཚིག་གསུངས་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། སྡུད་པ་པོའི ་ཉེས་པ་ཡོངསུ་སྤངས་པའི་དོན་དུ་གསུངས་ཞེས་སྦྱརོ།། རྒྱུད་ཀྱང་དེ་ཞེས་བྱ་བ་ལ་སོགས་པ་ནི་བསྡུ་བའི་ཚིག་གོ། ཡང་ཐབས་ཀྱི་སྒྲ་ནི་འདུས་པ་ལ་སོགས་པར་ཤེས་པར་བྱའོ།། སོགས་པའི་སྒྲས་ནི་བྱ་བ་དང་སྤྱོད་པ་གཟུང ་ངོ་།། འདིར་བྱ་བ་ནི་དེ་ཉིད་བསྡུས་པ་ལ་སོགས་པའོ།། དེ་བཞིན་དུ་སྤྱོད་པ་ནི་སྒྲོལ་མ་འབྱུང་བ་དང་། འབྱུང་པོ་འདུལ་བྱེད་ལ་སོགས་པའོ།། འདི་དག་ཐམས་ཅད་རྣལ་འབྱོར་གྱི་རྒྱུད་དུ་ཉེ་བར་བཏགས་པའི་མཚན་ཉིད ་ཅན་དུ་བརྗོད་དོ།། སློབ་དཔོན་རྣམས་ཀྱིའོ།། གླེང་གཞི་ནི་སྒྱུ་འཕྲུལ་དྲ་བ་ལ་སོགས་པའང་རྣལ་འབྱོར་གྱི་རྒྱུད་སུམོ་ཅུ་རྩ་དྲུག་གི་བར་དུས་ཀྱི་རྩ་སུམ་བཅུ་རྩ་དྲུག་གི་སྣང་བའི་མཚན་ཉིད་དོ།། དེ་ཡང་རྣམ་པ་གསུམ ་སྟེ། སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དུ་རྟེན་དུ་ཤེས་པར་བྱའོ།། འོད་གསལ་བརྟེན་པར་ཤེས་པར་བྱའོ།། འདི་ནི་བསྡུད་པའི་མཚན་ཉིད་།། ་སངས་རྒྱས་རྣམས་ཀྱི་ནི་རིམ་པ་ལས་བཟློག་པས་འོད་གསལ་བ་ནི་རྟེན་ནོ།། བརྟེན་པ་ནི་སྣང་བ་གསུམ་ཏེ། སྒྱུ་འཕྲུལ་ཆེན་པོ་འཛིན་པ་ཉིད་ཀྱི་ཕྱིར་རོ།། དེ་ལྟར་ཡང་སྒྱུ་འཕྲུལ་དྲ་བོར་བཅོམ་ལྡན་འདས་ཀྱིས།། སྒྱུ་འཕྲུལ ་ཆེན་པོ་འཆང་མཁས་པ།། སྒྱུ་འཕྲུལ་ཆེན་པོའི་དོན་འགྲུབ་པར།། སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ།། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན།། ཞེས་བྱ་བ་ལ་སོགས་པ་གསུངསོ།། རྒྱུད་ཅེས་པ་ནི་འཁོར་བོའི ་སྡུག་བསྔལ་དུ་བྱིང་བའི་སེ་མས་ཅན་རྣམས་ལ་སྐྱོབ་པས་ན་རྒྱུའོ།། དེ་རྣམས་ཀྱི་གླེང་གཞི་ནི་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ་དྲུག་རྣམས་ཀྱི་གླེང་གཞི་ཡང་དག་པར་སྤྲོས་པའི་མཚན་ཉིད་དེ།། དེ་ལས་བྱུང་བ་རྣམས ་ནཱི་རྣལ་འབྱོར་མའི་ཚོགས་སམ་རྣལ་འབྱོར་གྱི་ཚོགས་སོ།། འདི་གཉིས་བསྡུས་པའི་དབང་གིས་བརྗོད་དང་རྗོད་བྱེད་དང་བྲལ་བར་ངེས་པ་ཞེས་པའི་དོན་ཏོ།། ཡང་སྔོན་དུ་གསུངས་པའི་དུས་ལ་སོགས་པ་སྟེ་དེ་རྣམས ་ཀྱི་གླེང་གཞི་ནི་ཁ་སྦྱོར་དུ་འགྱུར་བའོ།། ངེས་པ་ནི་མི་འཁྲུལ་པའོ།། ཡང་ནི་ཁ་སྦྱོར་ལས་བྱུང་བའི་ཐིག་ལེ་སད་པ་ལ་སོགས་པ་བཞིའི་རྣམ་པར་བཞག་པ་དང་བྲལ་བ་ལྷན་ཅིག་སྐྱེས་པ་རྫོགས་པའི་བྱང་ཆུབ་ཀྱི ་མཚན་ཉིད་དེ། དང་པོའི་སངས་རྒྱས་རྒྱུ་མེད་པ་ཞེས་གསུངས་པའི་ཕྱིར་རོ།། ངེས་པར་ཞེས་པ་ནི་གསུངས་ཤིང་བསྟན་ཅེས་པའི་དོན་ཏོ།། སེངྒེ་དང་འཕྲོག་བྱེད་ཅེས་པ་ལ་སོགས་པ་ལ། འདིར་ལུས་ལ་ལམ་དྲུག་ཏུ་སོང་བའི ་རྩཝ་དྲུག་གོ། དྲི་ལ་ལྟེ་བའི་སྟེང་དུ་གསུམ་ཏེ། ལ་ལ་ནཱ་དང་ར་ས་ནཱ་དང་ཨཱ་བྱཱ་དྷཱུ་ཏཱིའོ།། དེ་བཞིན་དུ་འོག་ཏུ་གསུམ་སྟེ། བཤད་པ་དང་གཅི་བ་དང་ཁུ་བ་འབབ་བྱའོ།། འདི་རྣམས་ཀྱི་མིང་རྣམས་རིམ་ལས་བཟློག་པས་དབྱིག ་སྙིང་པོ་ནི་བཱི་ཤད་པའི་ཌྷའོ།། འདི་རི་སིདྡྷི་ནཱི་ཁུ་བའི་རྒྱུའོ།། འབྲོག་བྱེད་ནི་ཛྫཿཆུའི་རྒྱུའོ།། དེ་བཞིན་དུ་ནི་ཟླ་བ་དང་ཉི་མ་དང་སྒྲ་གཅན་འབབ་པའོ།། དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའི་བདག་ཉིད་ཙནྡོ་དུས ་ཀྱི་ཁྱད་པར་གྱིས་དུས་ཀྱི་ཕོ་ཉ་འམ་དུས་ཀྱི་རྩར་བརྗོད་དོ།། འདི་རྣམས་ལས་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱི་དབྱེ་བས་མིག་ལ་སོགས་པའི་སྐྱེ་མཆེད་ཡུལ་དང་ཡུལ་ཅན་གྱི་དབྱེ་བས་རྣམ་ཤེས་ཚོགས་དྲུག་སེམས་ཀྱིས ་འཁྲུལ་པའི་ཤེས་པ་སྐྱེའོ།། དེ་ལས་སྐྱེས་ནས་རང་རང་གི་ལས་ཀྱི་དབང་གིས་སེམས་ལས་བྱུང་བའི་དངོས་པོས་ལྕི་བ་དྲུག་རྣམས་འཇུག་པར་བྱེད་དོ།། དེ་ལྟར་ལྟ་བ་རྣམས་ཀྱི་ནང་དུ་ཆུད་པ་ནི་སེམས་ཅན་རྣམས་ཏེ། ་སེམས་ཅན་གྱི་ནང་དུ་ཆུད་པ་ཡང་ལྟ་བ་རྣམས་ཞེས་པ་ལ་སོགས་པ་ཇི་སྲིད་གྲངས་མེད་པའི་རྣམ་པར་རྟོག་པའི་བག་ཆགས་དང་། གྲངས་མེད་པའི་ལུས་ཀྱི་རྩ་རྣམས་དང་། གྲངས་མེད་པའི་ཡང་རྣལ་འབྱོར་མ ་རྣམས་སྐྱེ་བར་འགྱུརརོ།། དེའི་ཕྱིར་དེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་ཆེན་ཞེས་པའི་སྔགས་ཀྱི་ཐེག་པ་ཆེན་པོ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཀྱི་རང་བཞིན་ཞེས་པའི་དོན ་ཏོ། ཡང་ན་གསང་ཆེན་ཞེས་པ་ནི་སྦས་པ་སྟེ་དུས་ཀྱི་ཕོ་ཉ་རྣམས་རྣམ་པར་འཇོམས་པའི་ཕྱིར་ཁྱབ་པར་བྱེད་པའི་རང་བཞིན་ནོ།། གང་སྐད་ཅིག་བཞིའི་མཚོན་པ་ཡང་དག་པའི་ལ་མོ་ངག་གི་ལོ་མ་ལས་འདས་པའི་སྤྱོད་ཡུལ ་གཉིས་གཉིས་པ་ཐམས་ཅད་སྤངས་པའོ།། དེའི་ཕྱིར་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་པོ་ནི་མི་སློབ་པའི་ལམ་ཞེས་པའི་དོན་ཏོ།། ད་ནི་ཡང་དག་པར་སྦྱོར་བའི་རྣལ་འབྱོར་དུ་བྱེད་པ་གསུངས་ཏེ། ཤེས་རབ་དང་ཐབས་ཀྱི ་བདག་ཉིད་ཁ་སྦྱོར་དེ་ཉིད་ལས་བྱུང་བ་ཞེས་པ་ནི་སེམས་དང་སེམས་ལས་བྱུང་བ་དངོས་པོ་གཅིག་ཏུ་བྱེད་པ་དང་། ཕྱི་དང་ནང་གི་བདག་ཉིད་མི་བྱེད་པ་དང་། སྟོང་པ་དང་སྙིང་རྗེ་སྦྱོར་བ་དང་། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར ་བ་དང་། སྤྲོ་བ་དང་བསྡུ་བ་སྦྱོར་བ་དང་། དཔལ་ཧེ་རུ་ཀ་དང་བདག་མེད་མ་སྙོམས་པར་འཇུག་པ་དང་། ཟུང་དུ་འཇུག་པའི་མཚན་ཉིད་དང་། ཆགས་པ་དང་། ཆགས་པ་དང་བྲལ་བ་རྣམ་པར་འདྲེས་པ་དང་། འཁོར་བ་དང་མྱ ་ངན་ལས་འདས་པའི་དངོས་པོ་དབྱེར་མེད་པ་དང་། སྐྱེས་མ་དང་སྐྱེས་པའི་གཟུགས་གཉིས་མེད་པ་དང་། ཀུན་རྫོབ་དང་དོན་དམ་པ་མི་ཕྱེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་དང་། རྒྱུ་དང་འབྲས་བུའི ་བདག་ཉིད་གཉི་སུ་མེད་པ་ནི་ཁ་སྦྱོར་གྱི་དོན་ཏོ།། དེ་ལྟར་གཞན་ཡང་གཉིསུ་མེད་པའི་ཡེ་ཤེས་དང་རྣམ་པར་ཤེས་པ་ལ་སོགས་པ་དང་ཤེས་རབ་དང་ཐབས་ཀྱི་བདག་ཉིད་མ་གསུངས་ཏེ། གཞུང་རྒྱས་པས་འཇིགས་པའི ་ཕྱིར་རོ།། དེའི་ཕྱིར་བླ་མ་བརྒྱུད་པའི་རིམ་པས་ཐོས་པ་དང་བསམ་པ་དང་བསྒོམ་པའི་ཤེས་རབ་ཀྱི་སྟོབས་ཀྱིས་དབུགས་དབྱུང་བ་དང་འཇུག་པ་རྣམ་པར་བཅོམ་པས་བསམ་གྱིས་མི་ཁྱབ་པའི་ལམ་ཡང་སྐྱེའོ།། དེ་ཡང་ཐིག ་ལྷོ་ཞེས་བརྗོད་དྲི་དཔྲལ་བར་ཐིག་ལེ་གཟུང་བཞིན་ནོ།། དེ་ལ་ཡང་དཔལ་གསང་བ་འདུས་པ་ལསཾ། དངོས་པོ་མེང་པ་བསྒོམ་པའི་དངོས།། བསྒོམ་པར་བྱ་བ་སྒོམ་པ་མིན།། དེ་ལྟར་དངོས་པོ་དངོས་མེད་པས།། སྒོམ་པ ་དམིགས་པར་མི་འགྱུར་རོ།། ཞེས་བཅོམ་ལྡན་འདས་ཀྱིས་གསུང་སོ།། དེའི་ཕྱིར་ཁཱ་སྦྱོར་ནི་སྙོམས་པར་འཇུག་པས་ཞེས་པའི་དོན་ཏོ།། སླར་ཡང་འདིའི་དོན་གསོལ་བར་བྱ་བའི་ཕྱིར་གསུངས་པ། ཁ་སྦྱོར་ཞེས་པ་ནི་འཕགས ་པ་རྣམས་ཀྱི་ཆོས་དང་ལོངས་སྤྱོད་རྫོགས་པའི་བདག་ཉིད་ཀྱི་སྦྱོར་བ་དབྱེར་མེད་པའི་ཉེ་བར་སྤྱོད་པ་ལ་འཇུག་པ་དེ་ལ་སྙོམས་པར་འཇུག་པ་ཞེས་བརྗོད་དེ། མཆོག་དུ་མི་འགྱུར་བ་རྟོགས་པ་ནི་ལྷན་ཅིག་སྐྱེས་པ་ཞེས་པའི ་དོན་ཏོ།། དེ་ཡང་འཕགས་པ་རྣམས་ཀྱི་བརྗོད་པར་བྱ་བའི་མཚན་ཉིད་དོ།། སླར་ཡང་འབྱུང་བ་ནི་སྐྱེས་པ་ཞེས་པ་ལ་མཆོག་ཏུ་མི་འགྱུར་བས་བསྒྲུབས་པའི་རང་རིག་པའི་ཡེ་ཤེསོ།། དེ་ལས་འབྱུང་བ་ནི་སྣ་ཚོགས་པ་སྟོང་པ་ཉིད ་ཀྱི་སྐུ་སྣང་བ་མེད་པའི་རང་བཞིན་ནོ།། དེའི་སྐྱེས་པ་ནི་མ་དང་པ་ཡང་དག་པར་སྦྱོར་བས་དང་སྔོན་གྱི་སྐྱེ་བོའི་བག་ཆགས་ཀྱི་དབང་གིས་སེམས་ཅན་ཐམས་ཅད་བསྒྲལ་བའི་རྒྱུར་འཇུག་པར་བྱེདདོ།། ། ་དེ་ཉིད་བཅོམ་ལྡན་འདས་སྤྲུལ་པའི་སྐུའི་མཚན་ཉིད་དེ། དེ་ཡང་མཚོན་བྱ་དོང་མཚོན་བྱེད་ཀྱི་བདག་ཉིད་དོ།། འདིར་དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བུ་ཞེས་པ་ནི་འདྲ་བའི་དོན་ཏོ།། སྔ་མའི་ཚིག་ཅེས་པོའི ་ཡང་ཕྱིརརོ།། གྱུར་པ་ཞེས་ནི་སྐྱེས་པའོ།། དེ་ཅི་ཞི་ན་བརྟན་པ་དང་གཡོ་བོའི་དངོས་པོའི་བདག་ཉིད་ཅེས་གསུངས་ཏེ། བརྟན་པ་ནི་སྣོད་ལ་སོགས་པའོ།། གཡོ་བ་ནི་མི་ལ་སོགས་པའོ།། དེ་རྣམས་སྐྱེས་པ་དེའི་རང་བཞིན ་གྱི་བདོག་ཉིད་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་།། དེ་ཡང་བསྐྱེད་བྱ་དང་སྐྱེད་བྱེད་རྗེསུ་མཐུན་པར་ཡང་དག་པར་གནས་པའོ།། འདིས་མཚོན་པས་ན་མཚན་ཉིད་དོ་ཞེས་པ་ནི་བདུན་པའི་དོན་ལ་གསུམ་པའོ།། མཚོན ་བྱ་དང་མཚོན་བྱེད་རྣམས་ལ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་སྐུ་བཞུགས་པོ་འདིས་ཁོང་དུ་ཆུད་པར་བྱའོ།། ཡང་ན་མཚོན་པས་ཞེས་པ་ནི། མཆོག་ཏུ་མི་འགྱུར་བའི་སྦྱོར་བས་སངས་རྒྱས་རྣམས་གུས་པ་དང་བཅས ་པོས་རྒྱུན་མི་འཆད་པར་ཞི་གནས་དང་ལྷག་མཐོང་ལ་གོམས་པས་ཁམས་གསུམ་པའི་སེམས་ཅན་རྣམས་ཡང་དག་པར་ཉེ་བར་སྤྱོད་པའི་ཚུལ་ནི་མཚན་ཉིད་དོ།། དེ་ལྟར་དུས་གསུམ་དུ་བཞུགས་པའི་དེ་བཞིན ་གཤེགས་པ་རྣམས་ཀྱིས་མཚོན་བྱ་དང་མཚོན་བྱེད་དག་གི་ཡང་དག་པའི་ལམ་བསྟན་པའི་ཕྱིར་སྐད་ཅིག་མཱ་ཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ནི་མཚོན་པའོ།། དེའི་ཕྱིར་འབྲས་བུ་ལ་རྒྱུར་ཉེ་བར་བཏགས་པའི ་ཕྱིར་སེམས་ཅན་ལ་དམིགས་པའི་མཚན་ཉིད་ནི་རྗོད་པར་བྱེད་པའོ།། དེ་ལྟར་གཞུང་ཉེ་བར་བཏགས་པའི་ཚིག་ནི་འབྲེལ་པའོ།། ད་ནི་ཕྱོགས་གཞན་གྱི་དགོས་པ་བརྗོད་དེ། ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། ཡང་ན་ཞེས་པ་ནི ་སྔོན་དུ་གསུངས་པའི་ལམ་རྟོགས་པར་བྱ་བ་དང་། ད་ལྟར་གྱི་སེམས་ཅན་རྣམས་ལ་ཡང་དག་པའི་ལམ་བསྟན་པའི་ཕྱིར།། རྒྱུད་ཅེས་པའི་སྒྲ་ནི་སྐྱེས་པར་བརྗོད་དོ།། དེ་བཞིན་དུ་རྒྱུད་ཅན་གྱིས་ནི་བུད་མེད་དུ་བརྗོད་དོ།། ཐམས་ཅད ་ཅེས་པ་ནི་བུད་མེད་དང་སྐྱེས་པ་དགྲ་གཅིག་པ་ཉིད་དོ།། དེ་ལྟར་བུད་མེད་དང་སྐྱེས་པ་དག་ནི་ཁ་སྦྱོར་གྱི་སྒྲས་བསྟན་ཏོ།། དེའི་གླེང་གཞི་ཞེས་པ་ནི་བོང་བ་ཆེན་པོའོ།། དེ་ཡང་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ཀྱི་རང་བཞིན་རྡོ་རྗེ་སེམས ་དཔའ་སྟེ། རྡོ་རྗེ་ཡང་ཡིན་ལ་སེམས་དཔའ་ཡང་ཡིན་པས་ན་རྡོ་རྗེ་ས་མས་དཔའོ།། དེ་ལས་བྱུང་བ་ནི་སེམས་ཅན་ཐམས་ཅད་ཅེས་པའི་དོན་ཏོ།། འོན་ཀྱང་མི་ཤེས་པའི་དྲི་མས་བསྒྲིབས་པར་འགྱུར་ཏེ། གདུལ་བྱ་དེ་རྣམ ་ཀྱི་དོན་དུ་རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་སྲིད་པའི་དང་པོར་ཡང་དག་པར་བཞུགསོ།། དེ་ལྟར་ཡང་དང་ཡང་ལས་ཀྱི་སར་འཇུག་པར་བྱེད་ཅིང་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་རྣམས ་ཡང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་བྱང་ཆུབ་བསྒྲུབས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ།། ཡང་ལོངས་སྤྱོད་རྫོགས་པའི་སྐུར་བཞུགས་ནས་སླར་ཡང་འཇུག་པར་བྱེད་དོ།། དེ་ལྟར ་གྲངས་མེད་པའི་དུས་རྣམསུ་གྲངས་མེད་པའི་སེམས་ཅན་རྣམས་ལ་གྲངས་མེད་པའི་བསྟན་པ་རྣམས་སངས་རྒྱས་རྣམས་ཀྱིས་སྟོན་པར་བྱེད་དོ།། གསངོ་ཆེན་ཞེས་བྱ་བ་འདིས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གོསང་བ་སྦ་བར ་བྱ་བ་ཞེས་བྱ་བའི་དོན་ཏོ།། མན་ངག་ལས་བྱུང་བ་ཞེས་པ་ནི་དེ་ལྟར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་དང་། འགྲེལ་པ་དང་དགོས་པ་མོ་གསུངས་ཀྱང་བཅོམ་ལྡན་འདས་ཀྱི་གསུངས་གི་རྗེ་སུ་འབྲངས་པས་ཁོང་དུ་ཆུད་པར་བྱའོ།། ་འདྲི་ནི་མན་ངག་ཅེས་པའི་དོན་ཏོ།། སྔགས་བཏུབ་ཞེས་བྱ་བ་ལ་སོགས་པ་ནི་བསྡུས་པའི་དོན་ཏོ།། ཐབས་དང་ཤེས་རབ་བདག་ཉིད་རྒྱུད་།། དེ་ནི་བདག་གིས་བཤད་ཀྱིས་ཉོན་ཞེས་པ་ལྔ། ཐབས་དང་ཤེས་རབ་བདགྲ་ཉིད་ཙོས ་པཔ་ནི་སྒྱུ་མའི་དངོས་པོའི་མཚན་ཉིད་ཀྱི་ཕྱིརརོ།། དེ་ཅི་ཞེ་ན་སྒྱུ་མ་ནི་ཤེས་རབ་བོ།། ཐབས་ནི་དངོས་པོའི་མཚན་ཉིད་དོ།། རྒྱུད་ཅེས་པ་ནི་བསྟན་པའི་ཆོས་སོ།། དེ་བདག་གིས་ཞེས་པ་ནི་ཐམས་ཅད་ཀྱི་ཀུན་རྫོབ་ཀྱི་བདེན་པ་ལ ་གནས་པའི་ཕྱིར་རོ།། བཤད་ཀྱིས་ཞེས་པ་ནི་དོན་དམ་པ་འི་ཡུལ་གྱི་མཚན་ཉིད་སྒྱུ་མ་ལྟ་བུའོ།། ཉོན་ཞེས་པ་ནི་ངེས་པར་ཟུང་ཞེས་པའི་དོན་ཏོ།། ཡང་ན་རྡོ་རྗེ་སྙིང་པོ་ལ་སོགས་པའི་དཔའ་བོ་རྣམས་ཐོས་པ་ལ་སྦྱོར་བ་སྟེ། ་སྒྱུ་མ་ལྟ་བུའི་ཏིངངེ་འཛིན་སྟོན་ཏོ་ཞེས་པའི་དོན་ཏོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལས་གསུངས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལཱམ་ལྟ་བུའོ།། ། ་ཞེས་བྱ་བ་ལ་སོགས་པ་དམ་པའི་ཆོས་ཀློག་པ་ལས་ཁོང་དུ་ཆུད་པར་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། ད་ནི་སླར་ཡང་དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པ་ཞེས་པ་ནས་ཉོན་ཞེས་པའི་མཐར་ཐུག་པའི་ཡི་གེའི་དོན་གྱི ་ཕྱི་དོང་ནང་གི་བདག་ཉིད་འབྱུང་བ་ལྔའི་བདག་ཉིད་ཅན་གྱི་ལུས་ལ་མིང་སྣ་ཚོགས་པ་འཇུག་པ་བརྗོད་དོ།། དེ་ཡང་རྣམ་པ་གསུམ་སྟེ། ལུས་དང་ངག་དང་སེམས་ཀྱི་བདག་ཉིད་དོ།། འདི་རྭ་དང་པོ་ཉིད་དུ་ངག་གི་མིང་བརྗོད་དེ ་འདིར་སེམས་ཅན་ཐམས་ཅད་ལ་མངལ་དུ་གནས་པའི་རང་རིག་པ་ནས་བརྩམས་ཏེ། ཇི་སྲིད་འཆི་བ་ལ་ཐུག་པ་དེ་སྲིད་ངག་གི་མིང་སྟེ། དེས་སྤྱོད་པ་དང་གྲོལ་བར་འགྱུརརོ།། དེའི་ཕྱིར་ངག་གི་མཱིང་གི་ཐ་སྙད་ཀྱིས་སེམས་ཅན ་རྣམས་འཁོར་བ་ནས་འཁོར་བར་འཁོརརོ།། རྒྱུ་དེས་ན་ཨུ་ཞེས་པ་ཚིག་གི་མིང་དང་པོ་ཉིད་དུ་བསྟན་ཏེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་ཅེས་མཚན་ཡང་དག་པར་རྗོད་པ་ལས་གསུངས་པའི་ཕྱིརརོ།། དེ་བཞིན་དུ་ཡང་ཨ་ནི ་ནམ་མཁའི་ཁམས་ཀྱི་མཚན་ཉིད་སྲོག་གི་རླུང་ཞེས་པའི་དོན་ཏོ།། དེ་ཡང་རྣམ་པ་གཉིས་ཏེ། ཏ་དང་ར་དག་ཆུ་དང་མེའོ།། དེ་ལ་ཆུའི་ཁམས་ནི་བྱང་ཆུབ་སེམསོ།། དེ་ལས་བསྐྱེད་པའི་ཚོགས་པ་ཆེན་པོའི་རང་བཞིན་མེའོ།། ་རྐན་གྱི་བུ་བའི་མིང་ནི་ཏའོ།། དེ་བཞིན་དུ་ལྟེ་བའི་བུ་གའི་མིང་ནཻ་རའོ།། ཅིའི་ཕྱིར་ཞེ་ན། ར་མེའི་ས་བོན་ཡིན་པའི་ཕྱིར་རོ།། མེའི་དཀྱིལ་འཁོར་གླུ་གསུམ་དུ་ལུང་ནས་གསུངས་པའི་ཕྱིར། ་ལྟེ་བ་ལམ་གསུམ་གྱི་བདག་ཉིད་ཅེས་པའི་དོནྣ་ཏཱཾ།། འདི་དག་རབ་ཏུ་སྦར་བ་དང་འཇུག་པ་དག་གིས་རང་རིག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ།། དེ་ནི་སེམས་ཅན་ཐམས་ཅད་རྣམས་ཀྱི་སྲོག་གཡོ་བའི་ཕྱིར་རླུང་སྟེ། སྲོག་གི་རླུང་དུ ་བརྗོད་དེ་རྩའི་རང་བཞིན་ཞེས་པའི་དོན་ཏོ།། དེའི་ཕྱིར་ཐ་ཞེས་པ་ནི། བརྟན་པཱ་ལ་སོགས་པ་དང་། གཡོ་བ་དང་བཅས་པ་བསྐྱེད་པའོ།། ཏི་ཞེས་པ་ནི་དེ་ཀུན་སེམས་འབྱུང་ཆོས་རྣམསོ།། བ་ཞེས་པ་ནི་ལུང་དང་ལྡན་པས་བརྗོད ་པཱའོ།། ཛྲ་ཞེས་པཱ་ནི་འདིར་བདག་གི་རང་གི་རོལ་པོའོ།། ག་ཞེས་པ་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུའོ།། བྷ་ཞེས་པ་ནི་དེ་ཀུན་སྣང་བར་བྱེད་པའོ།། པྲ་ཞེས་པ་ནི། འགྲོ་དྲུག་རབ་ཏུ་དགའ་བྱེད་པའོ།། མུ་ཞེས་པ་ནི། ཁའི་པདྨ་ཆོས ་ཀྱི་ནི།། བདུད་རྩིའི་ཆར་ནི་འགུགས་པའོ།། ཁྱཱ་ཞེས་པ་ནི། བཟའ་དང་བཏུང་ལྔ་རྟོག་ཆགས་ཤིང་།། འདོད་བྷ་ལྔ་ལི་ལོངས་སྤྱོད་པའོ།། མ་ཞུས་པ་ནི། ཡིད་ཀྱི་ས་ལ་ཚོགས་པོ་ཉིད།། ཧ་ཞེས་པ་ནི། ཆོས་རྣམས་ཐམས ་ཅད་འཇིག་དང་མཚུངས། བོ་ཞེས་པ་ནི། ཁོང་ཆུད་ཉིད་ནི་བྱིས་པའི་གཙོ།། དྷི་ཞེས་པ་ནི། བློ་དང་ལྡན་པའི་སེམས་ཅན་རྣམས།། རྣམ་ཤེས་སྨྲ་བའི་སྙིང་པོ་མིན།། ས་ཞེས་པ་ནི། ཐེག་པ་ཆེན་པོ་དྲན་པ་ཡིས།། འགྲོ་བ ་དྲུག་ལས་གྲོལ་བར་འགྱུ་རོ།། ཏྭཱ་ཞེས་པ་ནི། ཁྱོད་ཀྱིས་འཕགས་པའི་ཆོས་རྣམས་ནི།། རྟོགས་པར་གྱིས་ཤིག་རྡོ་རྗེ་འཛིན།། པྲ་ཞེས་པ་ནི། རབ་དགའི་སྐད་ཅིག་དབུས་སུའོ།། ཧཱ་ཞེས་པ་ནི། དགོད་དང་དེ་བཞིན་སྤྲོ་བའོ།། ་ཥ་ཞེས་པ་ནི། བདག་ཉིད་ཆེན་པོ་མྱ་ངན་བྱེད།། ཕུ་ཞེས་པ་ནི། དེ་བཞིན་བེམས་པོ་གདུང་མི་བྱེད།། ལླ་ཞེས་པ་ནི། མཚོན་བྱ་མཚོན་བྱེད་དབུས་སུའོ།། ལོ་ཞེས་པ་ནི། འདིར་ནི་སྐྱེ་བོ་འདོད་རྙེད་ཉིད།། ཙ་ཞེས་པ་ནི། ་བ་པྲ་ཁ་སྤྱོད་མི་བྱེད།། ནཱཿཞེས་པ་ནི། སངས་རྒྱས་ཕུན་ཚོགས་སྤྱོད་ཡུལ་རྣམས།། ཇི་བཞིན་དུས་སུ་རྟོགས་མི་བྱེད།། པྲྀ་ཞེས་པ་ནི། ཐ་དང་ཆོས་ལ་ཆགས་པ་ཉིད།། ཙྪ་ཞེས་པ་ནི། འདིར་ནི་བསྟན་པ་མདོ་རུ་བྱེད་པའོ།། ཏཱི་ཞེས ་པ་ནི། མུ་སྟེགསཽ་ཐམས་ཅད་ཕྱུགས་རྣམས་ཉིད། ཧ་ཞེས་པ་ནི། ཀྱི་ཧུད་སུ་ཞིག་ལྔ་ནི་བརྟན། སྭཱ་ཞེས་པ་ནི། རཱང་རིག་ལ་དགའ་སངས་རྒྱས་པ།། སམ་ཞེས་པ་ནི། ཡང་དག་ལམ་གྱི་རྗེས་འབྲངས་པའོ།། དེ་ཞེས་པ་ནི། ལུས ་མེད་སྨྲ་བ་རི་ནུས་མ་ཡིན། ཧ་ན་ཞེས་པ་ནི། མིག་ཤིགས་རྡོ་རྗེ་སེམས་དཔའ་ནི།། ལྟེ་བའི་དཀྱིལ་འཁོར་དུ་ནི་བརྒྱལ།། འབྱུང་བ་ཞེས་པའི་གྲངས་ནི་ལྔ།། ནུ་མཁའ་དེ་ལས་འབྱུང་བར་འགྱུར།། བླ་ཞེས་པ་ནི། ཉིན་མཚན་ཚིག ་ལས་འབྱུང་བ་ཡི།། རྟོག་པའི་དྲ་བ་རབ་བཅོམ་པའོ།། ཎི་ཞེས་པ་ནི། རྟག་ཏུ་ཆོས་སྐུ་མི་འགྱུར་བ།། བསྒོམས་པས་སྤྲོས་པ་རྣམས་དང་བྲལ།། པ་ཞེས་པ་ནི། ཆོས་རྣམས་ཐམས་ཅད་མཆོག་གི་ནི།། ཆོས་ཕྱིར་རྣམ་པ་རང ་བཞིན་ནོ།། ཏྲཱཾ་ཞེས་པ་ནི། སྐྱེ་ལུས་སངས་རྒྱས་ཐམས་ཅད་ཀྱིས།། རིགས་ལ་ཞེན་པ་སྤང་བ་བྱ།། མུ་ཞེས་པ་ནི། ཆོས་ཞེས་པ་ཡི་ཕྱག་རྒྱ་བསྟེན།། ཧཱུ་ཞེས་པ་ནི། བྱིན་ཟ་ལ་ནི་འགྲོ་བ་གསུམ ་རྨུཆུཞེས་པ་ནི། ཐུབ་པ་ཐམས་ཅད་རྣམས་ཀྱིས་ནི།། ཧུཿཞེས་པ་ནི། སྒྲིབ་པ་མང་པོ་བསྲེག་པར་བྱ།། འདི་ནི་ངགྲ་གི་མིང་ངོ་།། དོ་ནི་ལུས་ཀྱི་མིང་ཡང་གདུདུགས་སྡེ་བ་ནི། སྐྱོ་བོ་དམ་པ་བསྐུལཱཾ་བའི་ཕྱིར།། རྦ་ཞེས་པ་ནཱི། སྣ་ཚོག ་ལྷོ་རུ་གནས་པའོ།། ཏཾ་ཞེས་པ་ནི། ཇི་སྲིད་ན་མཁའ་ཁྱབ་བཱརརྲ་དུ།། དྭེ་དེ་སེམས་ཅན་དོན་རྣམས་བྱེད།། ཏྲཾ་ཞེས་པ་ནི། སྡེམས་ཅན་རྣམས་ལ་གནོད་བྱེད་པ།། གདུལ་དཀའ་རྣམས་ནི་སྐྲག་པར་བྱེད།། ཀྲིམ་ཞེས་པི་ནི། ་གཞན་ཡང་དེ་རྣམས་ཆོས་ཀྱི་རོ།། རྣམ་པ་སྣ་ཚོགས་དུ་མ་ཡིས།། སྙིང་རྗེའི་དབང་གིས་ཚིམ་པར་བྱེད།། ཨུ་ཞེས་པ་ནི། ཐེག་ཆེན་ཆོས་ནི་རྒྱ་ཆེ་ཞིང་།། ཟབ་པ་རྣམས་ལྔ་གཞུག་པར་བྱ།། ཙྪ་པ་ཞེས་པ་ནི། སེམས ་དང་སེམས་ཀྱི་རང་བཞིན་དང་།། ཤེས་པ་ཅནི་ཡང་མཁའ་གཟུགས་ཅན།། ཏེ་ཞེས་པ་ནི། བདག་དང་བདག་གི་ལྟ་བ་ནི།། དེ་ཡིས་དངོས་པོས་གྲོལ་བར་འགྱུར།། ནི་ཞེས་པ་ནི། དམ་པའི་དོན་དུ་མྱ་ངན་འདས། དཱ་ཞེས ་བ་ནི། བདེན་པའི་ལྟ་བ་འབྱུང་བའི་ཕྱིར།། ན་ཞེས་པ་ནི། བདག་གོ་སུ་ལའང་བཤད་པ་མེད།། ཅི་ཞེས་པ་ནི། སྤྱོད་པ་ཡང་ནི་སེམས་རང་བཞིན།། ཀ་ཞེས་པ་ནི། སྙིང་རྗེས་སེམས་ཅན་ལ་ཕན་བྱ།། ཐཾ་ཞེས་པ་ནི། ་དབང་པོའི་གཞུ་བཞིན་བསྟན་པའོ།། དྷཱ་ཞེས་པ་ནི། འཇིགས་པས་སྟུག་ལ་མི་འཇིགས་སྟེར།། སྲིད་པའི་རྒྱ་མཚོ་ལྔས་ཕུར་སྒྲོལ།། བེ་ཏ་ཞེས་པ་ནི་འཁས་པས་ཐམས་ཅད་ཆོས་དབྱིངས་ཀྱི།། ནང་དུ་ཆུད་པར་ཤེས་རིག་བྱ།། ་རཉེས་པ་ནི། དེ་བཞིན་ཉིད་ཀྱི་བདག་ལ་རོལ།། ཧ་ཞེས་པ་ནི། བདག་དང་གཞན་ནི་རིག་པ་མེད།། སྱེ་ཞེས་པ་ནི། འདི་ཡི་བདེ་བ་འདུས་པ་ལས།། སྟོན་ཅི་སྨོན་ལམ་ཉིད་ནི་དྲན།། དྱ་ཞེས་པ་ནི། སྙིང་ལས་འོད་ཟེར་རྣམས ་གཏོང་།། ཏྲ་ཞེས་པ་ནི། སྣང་བ་གསུམ་ནི་གསལ་བར་འབྱུང་།། ཀིཾ་ཞེས་པ་ནི། ཅུང་ཟད་ཐོས་པའི་སྒྲ་ཙམ་ཡང་།། རྨི་ལམ་བཞིན་དུ་སེམས་ལས་བྱུང་།། སུ་ཞེས་པ་ནི། སྤྲོས་པ་མེད་པའི་ཆོས་དེ་རྣམས།། ཙྱ་ཞེས་པ་ནི། འཛག ་པའི་ལམ་དུ་ངེས་པར་སྔ།། ཏེ་ཞེས་པ་ནི། དེ་ཡ་སངས་རྒྱས་སྐུ་ལའོ།། སཾ་ཞེས་པ་ནི། ཐེ་ཚོམ་མེད་པར་ངེས་པ་ཡིན།། བུ་ཞེས་པ་ནི། བུ་ནི་བྱང་ཆུབ་སེམས་དཔའ་རྣམས།། ཊོ་ཞེས་པ་ནི། འདི་དག་གཉིས་མེད་བསྒྱིང་སྣ་ལས།། ་དགེ་འདུན་གཞན་ན་བརྗོད་དུ་མེད།། བྷ་ཞེས་པ་ནི། འདས་པོའི་སྤྱོད་པ་རྣམས་སྤངས་པ།། འདིར་ནི་སེམས་ཅན་རྣམས་འཁོར་རོ།། བ་ཞེས་པ་ནི། རིགས་དང་རིགས་མིན་རྣམས་དཔྱར་ན།། ཐམས་ཅ་མཁའ་ལས་བྱུངངོ་།། ཀ ་ཞེས་པ་ནི། སངས་རྒྱས་གདོན་འང་མི་བཞུགས་ཏེ།། རྐྱེན་གྱི་དོན་ནི་འབའ་ཞིག། ཐཾ་ཞེས་པ་ནི། སྐལ་ལ་གནས་པའི་སྐྱེ་བོ་རྣམས།། ནཱ་ཞེས་པ་ནི། སྣ་ཚོགས་ཡས་ནི་ཀུན་ཏུ་སྨིན། མ་ཞེས་པ་མི། མི་ཡི་བདག་ཉིད་འབའ ་ཞིག་གིས།། ལ་ཞེས་པ་ནི། དགེ་དང་མི་དགེ་མཚོན་པར་བྱ།། ཀྵ་ཞེས་པ་ནི། སྐད་ཅིག་བལྟས་པ་ཙམ་གྱིསོ།། ཎཾ་ཞེས་པ་ནི། ཐོགས་མེད་དུས་སུ་དབང་དུ་འགྱུར།། ཏ་ཞེས་པ་ནི། དེ་རུ་དེ་ནི་འགྲོ་མཚན ་ཉིད།། ཏྲ་ཞེས་པ་ནི། དུས་ནི་རྣམ་པ་གསུམ་རྣམས།། ཀ་ཞེས་པ་ནི། འདྲིར་ནི་མཐོང་བ་དག་ཏུ་བྱེད།། ཐཾ་ཞེས་པ་ནི། འདི་ལྟར་བདག་གིས་དུས་བསྟན་པ།། རང་རིག་བདག་ཉིད་ཀྱིས་རྟོགས་བྱེད།། བྷ་ཞེས་པ་ནི། སྲིད་པའི་ཉེས་པ ་འཇོམས་པར་བྱེད།། བི་ཏ་ཞེས་པ་ནི། དྲི་མ་མེད་པའི་ས་རྣམས་ནི། དེ་ཉིད་དུ་ནི་རིག་པར་བྱེད།། བྷ་ཞེས་པ་ནི། བྷ་ནི་འདིར་ནི་དགའ་བ་སྟེ། དེ་བཞིན་ག་ནི་མཆོག་དགའ་བ།། བཱ་ནི་ལྷན་ཅིག་སྐྱེས་པར་བཤད།། ནཱ་ནི་དགའ་དང ་བྲལ་བར་བརྗོད།། ཧ་ནི་དགའ་བ་ཐམས་ཅད་དེ།། རྡོ་རྗེ་སེམས་དཔའི་མི་ཤིགས་པའོ།། འདི་ནི་ལུས་ཀྱིས་མིང་ངོ་།། ད་ནི་འདིར་སེམས་ཀྱི་མིང་བརྗོད་དེ། ས་ཞེས་པ་ནི། ཀུན་ཏུ་བཟང་། རྦོ་ཞེས་པ་ནི། འགྲོ་བ་ངེས་པར་གཟུང ་བར་རིག། ཙ་ཞེས་པ་ནི་གཡོ་བའི་ཕྱིར།། ཏེ་ཞེས་པ་ནི། དེས་ན་ལམ་ནི་འདྲིས་པ་ཡིན།། ཏཾ་ཞེས་པ་ནི། རྣམ་ཤེས་དེ་ཡཾ་མཚན་ཉིད་དོ།། ཏཱ་ཞེས་པ་ནི། འཁོར་བ་ལ་ནི་སྐྱོ་བ་བཞིན་པ།། ཤཱུ་ཞེས་པ་ནི། བྱ་བ་ཐམས་ཅད་ལ ་ནི་སྤྱོད།། ས་ཞེས་པ་ནི། ཀུན་ཏུ་བཟང་པོ་བདག་གི་གང་།། རྦ་ཤེས་པ་ནི། འགྲོ་བ་མ་ལུས་ཕྱག་ན་བྱ།། ཏཾ་ཞེས་པ་ནི། དེ་ནི་རྟག་ཏུ་བསྐྱང་བར་བྱ།། ཏཱ་ཞེས་པ་ནི། ཁམས་གསུམ་པ་ནི་སངས་རྒྱས་བདག། ས་ཞེས་པ་ནི། ལུས ་ལས་འོད་ནི་སྤྲོ་བར་བྱེད།། ཙ་ཞེས་པ་ནི། ནོར་འཛིན་བདུད་རྩི་བདེ་སྟེར་བ།། ཤ་ཞེས་པ་ནི། འཁོར་ལོ་དྲུག་དུ་ཆུད་པའོ།། བྷེ་ཞེས་པ་ནི། ལོ་སྦྱོར་རྣམ་སྦྱོར་བ་རུ་འགྱུར།། ན་ཞེས་པ་ནི། འཆི་མཚན་ཉིད་ཀྱིས་འཕོ་མི་འགྱུར། ་ས་ཞེས་པ་ནི། དངོས་པོ་རྣམས་ནི་ཐམས་ཅད་ལ།། སེམས་ནི་ལྷར་བཤད་གཞན་མ་ཡིན།། མཱ་ཞེས་པ་ནི། སངས་རྒྱས་སྒྱུ་འཕྲུལ་དྲ་བ་ཚོགས།། ཛཱ་ཞེས་པ་ནི། སད་པ་ལ་སོགས་བཞི་རྣམས།། དེ་ཞེས་པ་ནི། སྐྱེ་བོ ་རྣམས་ནི་སྟེར་བ་ཉིད།། ཡེ་ཞེས་པ་ནི། གང་དུའང་རུང་བའི་བུད་མེད་དམ།། དེ་བཞིན་དུ་ནི་སྐྱེས་པ་རྣམས།། ཏེ་ཞེས་པ་ནི། དེ་རྣམས་ཐོག་མ་ཐ་མར་གནས།། ཥཱཾ་ཞེས་པ་ནི། ཞི་གནས་ཐོབ་པའི་རྒྱུ་ཡིས་ནི། ནི་ཞེས་པ ་ནི། བདག་ཉིད་ཆེན་པོ་བཞུགས་པ་ཡིན།། དཱ་ཞེས་པ་ནི། བདེན་པའི་དངོས་པོ་ཀུན་ནི་སྟེ་རཽ།། ན་ཞེས་པ་ནི། དབང་པོའི་སྒོ་ཡིས་སྤྱོད་ཡུལ་མིན། བྷཱུ་ཞེས་པ་ནི། འབྱུང་པོ་ལྔ་པོ་རྣམས་ལ་ཡང་།། ཏི་ཞེས་པ་ནི། འདི ་ཡང་དེ་ཡི་སྤྱོད་ཡུལ་མིན།། ནི་ཞེས་པ་ནི། འདུ་འཛི་ཅན་ནི་རྣམས་ཀྱི་དང་།། དབང་པོ་མིང་རྣམས་ཀྱི་ཡང་མིན།། ཤྩི་ཞེས་པ་ནི། ཡིད་བཞིན་ནོར་པུཾ་ལྟ་བུ་ཡང་།། ཏ་ཞེས་པ་ནི། དབའ་རླབས་ཀྱིས་ནི་དཀྲུགས་པའི ་སེམས།། མ~ཾ་ཞེས་པ་ནི། ལོག་པའི་ཆོས་ལ་དགའ་བ་རྣམས།། ཏྱ་ཞེས་པ་ནི། བདེ་ཅན་རྣམས་ཀྱིས་འདོར་བར་བྱ།། རྠ་ཞེས་པ་ནི། ཉེར་སྦྱོང་རྣམས་ནི་དོན་མེད་འགྱུར། ཧ་ཞེས་པ་ནི། ཀྱི་ཧུད་སྡུག་པ་ངུ་འབོད་འགྲོ། རི ་ཞེས་པ་ནི། ལུས་ལ་ཡོན་ཏན་སྟོང་པ་བཞིན།། ཧ་ཞེས་པ་ནི། ཕ་རོལ་པོ་ཡི་རྫས་རྣམས་འཕྲོག། ར་ཞེས་པ་ནི། ཆགས་པའི་བདེ་བས་རོལ་པའོ།། ཧི་ཞེས་པ་ནི། དོར་དང་བླང་བར་དྲན ་སྤངས་རྣམས།། ར་ཞེས་པ་ནི། དགའ་ལ་སོགས་པ་ཆགས་པའི་བདག། ཎྱ་ཞེས་པ་ནི། རིགས་པའི་ཆོས་ལ་ཕྱིར་བལྟས་པ།། ག་ཞེས་པ་ནི། ཟབ་མོའི་ལུང་དང་བསྟན་བཅོས་རྣམས།། བསྟན་པ་དེ་བཞིན་དོན་དམ་པའོ།། ། ་རྡྷ་ཞེས་པ་ནི། འཇིགས་པས་སྐྲག་པའི་སེམས་ཅན་རྣམས།། ལོག་པའི་ཆོས་ནི་རབ་སྟེན་བྱེད།། ཤྭཱ་ཞེས་པ་ནི། དྲང་པའི་སེམས་ཅན་རྣམས་ལ་ནི།། འདོད་ཅན་སངས་རྒྱས་པ་ནི་བརྗོད།། བ་ཞེས་པ་ནི། གནས་དང་ཟས ་དང་སྐོམ་ལ་སོགས།། མལ་ཆུ་བདག་ལ་ཤིན་ཏུ་དགོས།། ཀ་ཞེས་པ་ནི། གྲལ་ཏེ་རིགས་ཀྱི་བུ་བྱེད་ན།། འཁོར་བའི་རྒྱ་མཚོ་ཕ་རོལ་འགྲོ། པྲ་ཞེས་པ་ནི། འདས་པའི་རང་བཞིན་མི་ཤེས་པར།། སེམས་ཅན་རྣམས་ལ་ཁྱབ ་བྱེད་པ།། ཏྱེ་ཞེས་པ་ནི། རང་དོན་གཞན་དོན་མེད་པ་རྣམས།། ཀ་ཞེས་པ་ནི། རང་དོན་ཙམ་ནི་འབའ་ཞིག་པ།། སངས་རྒྱས་པ་ནི་འགྲོ་དྲུག་འགྲོ། བུ་ཞེས་པ་ནི། ཆོས་རྣམས་མང་པོ་རྟོག་པའི་ཕྱིར།། སེམས་ཅན་ལའོང ་ཕན་བྱེད་པ།། དྷཱ་ཞེས་པ་ནི། སྲིད་པའི་རྩ་རུ་བཞུགས་གན་སུ།། རྟོག་པ་རྒྱས་པར་སྟེར་བར་བྱེད།། ནཱ་ཞེས་པ་ནི། བྱ་བ་མང་པོའི་ཡུལ་རྣམ་སོ།། མ་ཞེས་པ་ནི། ཡིད་ཀྱི་བརྗོད་པར་སོང་བ་རྣམས།། གོ་ཞེས་པ་ནི།། ་སངས་རྒྱས་བློ་ཡིས་སྦས་པའོ།། ཙ་ཞེས་པ་ནི། སྤྱོད་དང་ཀུན་སྤྱོད་སྤངས་པ་ཉིད།། ར་ཞེས་པ་ནི། སེམས་ཅནྡ་རྣམས་ནི་བཅོམ་པའི་ཕྱིར།། རྟག་ཏུ་སྤྲོས་པ་ལས་ནི་སྤྲོས།། ཏཱ་ཏ་ཅེས་པ་ནི། ཁྱོད་བདག་ལམ་ནི་དབྱར་ནི་མེད།། ་རཱ་ཞེས་པ་ནི། དངུལ་ཆུར་རྫས་རྣམས་ཞུ་བ་བཞིན།། ཧ་ཞེས་པ་ནི། རྟ་ཡི་ནང་གི་སྒྲ་རྣམས་ནི།། རྔ་ཡི་ནང་གི་སྒྲ་རྣམས་ནི།། རྟག་ཏུ་སྐྱེ་དང་འགོག་པ་བཞིན།། དེ་བཞིན་སངས་རྒྱས་པ་ཡི་ལམ།། བྱ་བ་སྨིག་རྒྱུའི་ཆུ་བཞིན་ནོ།། ་སྱཱཾ་ཞེས་པ་ནི། ཇི་ལྟར་འབའ་ཞིག་ཤིང་རྟེ་ཞོན།། དེ་ལྷུར་སྣང་བ་གསུམ་པོ་ལའང་།། སཾ་ཞེས་པ་ནི། རྟག་ཏུ་འདི་ལ་ཡང་དག་གནས།། པུ་ཞེས་པ་ནི། སྐྱེས་བུ་མྱ་ངན་འདས་པར་འགྲོ། ཊཾ་ཞེས་པ་ནི། ཐམས་ཅད་གར ་གྱི་གནས་བཞིན་དུ།། སྲིད་པ་གསུམ་ནི་མཐོང་བ་བཞིན།། པྲ་ཞེས་པ་ནི། འོད་གསལ་ཡེ་ཤེས་བཞི་ཡིན་ཏེ།། ཛྙེ་ཞེས་པ་ནི། ཤེས་བྱ་ཆུ་ཡི་ཆུ་བུར་བཞིན།། དེ་ལྟར་སྙིང་རྗེ་ཅན་སེམས་ཅན།། སྣང་བ་གསུམ ་ནི་སྟོན་པར་བྱེད།། པཱུ་ཞེས་པ་ནི། ཕ་རོལ་འགྲོ་བའི་ཆོས་རྣམས་ལ།། ཡ་ཞེས་པ་ནི། རང་བཞིན་དངོས་གྲུབ་དམ་པ་ལ།། དེ་ལ་བདག་ནི་བརྟེན་པ་རུ།། བྲག་ཆ་བཞིན་དུ་བཞུགས་པ་ཡིན།། ཏྨ་ཞེས་པ་ནི། མ་རིག ་ལ་སོགས་མུན་པ་ཡིས།། གཡོགས་པའི་སེམས་ཅན་རྣམས་ལ་ནི།། ཀཾ་ཞེས་པ་ནི། ཐ་མར་ཐེག་པ་གསུམ་སྟོན་པ།། ཏ་ཞེས་པ་ནི། དེ་དེའི་ཐབས་ནི་བདག་གིས་བསྟན།། དེ་ཞེས་པ་ནི།། ལུས་ཅན་རྣམས་ཀྱི་གྲོལ་རྒྱུ ་ཉིད།། བོ་ཞེས་པ་ནི། བྱང་ཆུབ་སེམས་དཔའ་གཞན་མ་དང་།། སྐྱེ་བོ་ཐམས་ཅད་རྣམ་ཉིད་ལ།། ཐུན་མོང་དུ་ནི་ལམ་བསྟན་ཏོ།། དྷཱ་ཞེས་པ་ནི། འགྱུར་བར་འདི་ནི་ཐེ་ཚོམ་མེད།། བཾ ་པ་ནི། རྡོ་རྗེ་སེམས་དཔའང་སྙིང་ལའོ།། སཾ་ཞེས་པ་ནི། མི་ཤིགས་པ་ནི་རྟག་ཏུ་བཞུགས།། པུ་ཞེས་པ་ནི། ཁ་སྦྱར་སྦྱོར་བའི་ཏིང་ངེ་འཛིན།། ཊཱཾ་ཞེས་པ་ནི། སེམས་དཔས་དབྱིབས་ནི་བརྗོད་པའོ།། ས་ཞེས་པ་ནི། ་ཏིང་འཛིན་འདི་ནི་བདག་གིས་བསྟན།། མཱ་ཞེས་པ་ནི། དབུས་མ་ཨ་བ་དྷཱ་ཏཱི་ཡི།། པཾ་ཞེས་པ་ནི། སྲོག་དང་ཐུར་སོལ་གང་ཟག་ལས།། ཏྟི་ཞེས་པ་ནི། རྣལ་འབྱོར་བདུད་རྩི་རྣམས་ཀྱིས་ཚིམ།། རཾ་ཞེས་པ་ནི། སྟོང ་བཞིན་པ་ཡི་རྣལ་འབྱོར་ནི།། ཏྱ་ཞེས་པ་ནི། ཐོག་མ་ཐ་མ་མཚོན་པ་སྤངས།། རྦཿཞེས་པ་ནི། དངོས་ངན་ཕུན་ཚེགས་གསུངས་པ་རྣམས།། དེ་ནི་བྲལ་བ་ཞེས་པའི་དོན། དོན་རྣམས་དོན་ནི་མེད་པ་ཡིན།། དེ་ཕྱིར ་བྲལ་བར་ངེས་པར་གཟུང་།། ཨུ་ཞེས་པ་ནི། དེ་ལས་དངོས་གྲུབ་འབྱུང་བར་བསྟན།། བརྟན་པའི་དོན་ནི་སྐྱེད་བྱེད་ཤེས།། དྷཱ་ཞེས་པ་ནི། སེམས་ཀྱི་གར་མཁན་ལས་བྱུང་བ།། བསྒོམས་པས་འདྲིར་ནི་བདེན་པ་མཽན།། ་བཿཞེས་པ་ནི། རྣམ་རིག་ཙམ་དུ་སྨྲ་བས་ནི།། རྣམ་རིག་ལྟ་བ་བདེན་པ་ཡི།། སངས་རྒྱས་པ་དེ་ཚད་མ་ཡིན།། ཨུ་ཞེས་པ་ནི། གླེགས་བམ་ཁ་ཅིག་ལས་ནི་གསུངས།། ཇི་ལྟར་ན་མཁའ་ལ་ནི་སྤྲིན།། མདོག་དང ་དབྱིབས་ནི་ཐ་དད་པ།། ནམཁའི་དབྱིསུ་བྱུང་ནས་ནི།། དེ་ཉིད་དུ་ནི་ཐིམ་པར་འགྱུར།། དེ་ཕྱིར་རྣམ་རིག་ཙམ་སྨྲས་ཚད་མ་མིན།། གླེགས་བམ་མཐོང་བས་ཁེངས་པས་ལོག་བརྗོད་ཕྱིར།། ཏྟིཿཞེས་པ་ནི། སེམས་ཅན་དེ ་རྣམས་རང་སེམས་བསམས་པ་ཡིས།། བྱང་ཆུབ་ལམ་གྱི་རྗེས་ལྔ་བཅོམ་ལྡན་གསུངས།། འདིར་གསུངས་པ། དེ་ལྟར་བུར་གྱུར་པའི་བརྟན་པ་དང་གཡོ་བའི་རང་བཞིན་གྱི་བདག་ཉིད་འདིས་མཚོན་པ་ནི་མཚན་ཉིད ་ཅེས་པ་འདིས་ནི་བསྡུས་པའི་དོན་སྟོན་ཏོ།། ཡཽང་ནེ་ཨེ་ཞེས་པ་ནི། ཆོས་ཀྱི་འབྱུང་གནསོ།། བཾ་ཞེས་པ་ནི་རྡོ་རྗེའོ།། བྷུ་ཞེས་པ་ནི་བདར་བའི་སྦྱོར་བ་ལས་དེར་ས་སྐྱེས་པའོ།། ཏམ་ཞེས་པ་ནི། དེ་དེའི་ཕྱིར་བདྲེ་བ་ཆེན་པོའོ།། ཞུ་བས ་ན་ཆུ་སྟེ་ཁུ་བ་ཞེས་བརྗོད་དོ།། སྠི་ཞེས་པ་ནི། དེའི་བརྟན་པའི་ཕྱིར་མི་འགྱུར་བ་ཕུན་ཚོགས་པའོ།། ར་ཞེས་པ་ནི། རོལ་པའི་ཕྱིར་དེར་ལྷན་ཅིག་སྐྱེས་པའི་དགོའ་བ་སྐྱེ་བའོ།། ཙ་ཞེས་པ་ནི་གཡོ་བཻ་རླུང་གི་ཁམ་སུ་འགྱུར་རོ།། འཕོ ་བའི་ཆོས་བསྟན་པའི་ཕྱིར་ཡང་ཙའོ།། ལ་ཞེས་པ་ནི་རྟག་པའི་གོ་འཕང་རྙེད་པའོ།། སྠཱ་ཞེས་པ་ནི་རང་གི་སེམས་ན་མཁའི་ཁོམ་སུ་འགྱུར་རོ།། བྷ་ཞེས་པ་ནི། བསྒོམོ་མིན་པའོ།། པཱ་ཞེས་པ་ནི་ཡང་ན་དངོས་པོ་ཐམས་ཅད་ཀྱི ་བདག་ཉིད་བསྒོམས་པས་རང་ཉིད་ལས་བྱུང་བའི་དོན་ཏོ།། ཏྲཱ་ཞེས་པ་ནི་ཡིད་ཀྱང་དེ་མི་བསམ་ཞིང་བསམ་དུ་མེད་པ་ལས་ཀྱང་ཀུན་ཏུ་སྤྲོ་བའོ།། ཀཾ་ཞེས་པ་ནི་ཅི་ལས་ཀུན་ཏུ་སྤྲོ་ཞེས་གསུང་སོ།། མཚོན་ཞེས་པའི་ཡི་གེ ་གསུམ་དང་འབྲལ་བའི་ཕྱིར་གང་གི་ཕྱིར་ཐ་མའི་མན་ངག་གི་ཚུལ་གྱིས་སམ་ཆེ་རབས་སྒྱུ་མ་གོམས་པའི་སྟོབས་ཀྱིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་སྒྲུབ་བྱ་དང་སྒྲུབ་ཐབས་དང་།། སྒྲུབ ་པ་པོས་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་མཐོང་བ་དེ་ནི་མཚོན་བྱ་གཟུང་བ་མེད་པའི་དོན་ཏོ།། མཚན་ཆ་མེད་པའི་ཕྱིར་དེ་ལྟར་བསམ་དུ་མེད་པའི་དོན་ཏེ།། འདིས་ཞེས་པ་ཡི་གེ་བཞི་དང་འབྲེལ་པ་དེའི་ཕྱིར ་བསམ་དུ་མེད་པའི་དོན་འདི་ལས་བྱུང་བ་ལས་གྱུར་པའི་སེམས་ཅན་ཐམས་ཅད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཚན་ཉིད་ཅེས་པ་ནི་འདུས་བྱས་པའི་གཟུགས་ཉམ་སུ་མྱོང་བ་དངོས་པོ་རེ་རེ་ལ་ཡང་མིང་དུ ་མི་འཇུག་སྟེ། དེ་ཡང་སྐྱེས་པ་དང་བུད་མེད་དང་། ལང་ཚོ་མ་དང་། ནུ་མ་དང་སྒྲ་དང་ལྡན་པ་ཞེས་པ་ལ་སོགས་པ་མིང་དུ་མའོ།། གང་གི་ཕྱིར་བསཾ་དུ་མེད་པ་ལ་སོགས་པ་ལས་བསམ་པའི་ཆོས་འབྱུང་སྟེ། ཆུ་བོ་དང་རྒྱ་མཚོ ་བཞིན་དུ་རྟོགས་པར་བྱའོ།། འོན་ཀྱང་ཆུའི་ཟླ་བ་བཞིན་དུ་མཚོན་པར་བྱ་བཞིན་པ་རྣམས་སངས་རྒྱས་རྣམས་ལས་མི་འབྱུང་གི་སེམས་ཅན་རྣམས་འབའ་ཞིག་ལས་དེ་འབྱུང་བའི་ཕྱིར་རང་གི་སེམས་ཀྱི་བག་ཆགས་ཀྱི་དབང ་གིས་སངས་རྒྱས་བཅོམ་ལྡན་འདས་མཐོང་ངོ་།། སྐད་སྣ་ཚོགས་ཀྱིས་བསྟན་པ་ཉན་པ་དང་། མྱ་ངན་ལས་འདས་པར་བྱེད་དེ་སྐར་མ་འཕྲོ་བ་བཞིན་གང་ནས་བྱུང་བ་དེ་ཉིད་དུ་སོང་ཞེས་མ་གསུངས་ཀྱང་དེ་བཞིན་གཤེགས་པར ་བལྟ་བར་བྱའོ།། འདི་ནི་སེམས་ཀྱི་མིང་ངོ་།། ད་ནི་སེམས་ལས་བྱུང་བ་རྣམས་ཀྱི་ཐ་སྙད་ཀྱི་ཕྱིར་མིང་གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་པ་ནི་སེམས་ཀྱི་མིང་གི་རྗེས་སུའོ།། ཡང་ན་ཕྱོགས་གཞན་ནོ།། རྒྱུད ་ཐམས་ཅད་ཀྱི་གླེང་གཞི་ཁ་སྦྱོར་གྱི་སྒྲས་ཤེས་པ། ཐམས་ཅད་ནི་གང་སྔོན་དུ་བསྟན་པ་རྣམསོ།། རྒྱུད་ནི་འདུས་པ་ལ་སོགས་པའོ།། གླེང་གཞི་ཞེས་པ་ནི་དང་པོ་རྣལ་འབྱོར་གྱི་ལུགས་བསྟན་ཏེ། དེ་ཅི་ཞེ་ན་ཁ་སྦྱོར་ཞེས་གསུངས ་ཏེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ཆོས་སྟོང་པ་དང་། སྙིང་རྗེ་དབྱེར་མེད་ཅིང་གཉིས་མེད་པའོ།། སྒྲས་ཞེས་པ་ནི་རྒྱུད་སྣ་ཚོགས་པའི་ལུང་རྣམས་ཀྱིས་དེའི་དོན་ཚིག་ཏུ་བརྗོད་པས་བསྟན་པའོ།། རྡོ་རྗེ་སེམས་དཔར ་བརྗོད་ཅེས་པ་ནི་ཆོས་དེ་ཉིད་སེམས་ཅན་གང་དང་གང་གིས་རྗེསུ་དྲན་པ་དང་། ཉན་པ་དང་། འཆད་པ་དང་། ཀློག་པ་དང་། སྒོམ་པ་དེ་དང་། དེ་ནི་རྡོ་རྗེ་སེམས་དཔར་བརྗོད་པར་འདིར་སོམ་ཉིད་མེད་དོ།། དེ་ཡང་སེམས་ལས ་བྱུང་བའི་ཆོས་སོ།། སླར་ཡང་སྐུ་གསུམ་དུ་རྣམ་པར་བཞག་པར་སེམས་ཅན་རྣམས་ལ་སྟོན་ཏེ། གང་གིས་ཕྱིར་ཡང་ན་ཞེས་པ་ནི་ཕྱོགས་གཞན་དང་འབྲེལ་བའི་ཕྱིར་རོ།། འོན་ཀྱང་ཐམས་ཅད་ཅེས་ནི་ཐམས་ཅད་རྣམ ་ཀྱིས་ཐོག་མ་མེད་པའི་དུས་རྣམསོ།། རྒྱུད་ཅེས་པ་ནི་ཆོས་རྣམ་པར་གནས་པ་སྟེ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམསུ་སངས་རྒྱས་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མཚན་ཡང ་དག་པར་བརྗོད་པ་ལ་སོགས་པ་རྣམས་བསྟན་ནས་ཡང་ནུབ་པོ།། དེའི་གླེང་གཞི་ཞེས་པ་ནི་གདོད་ནས་མི་འཇིགས་པའི་ཕྱིར་རོ།། ཁ་སྦྱོར་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་སྦྱོར་བ་མི་འཛག་པའོ།། ་གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་གཟུང་བའོ།། དེ་ཡང་སྒྲས་བརྗོད་དོ།། རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའ་ཡ་ཤེས་སོ།། དེའི་ཉེ་བར་སྤྱོད་པའི་ཚུལ་ནི་སེམས་དཔའོ།། ཡང་ནི་རྡོ་རྗེ་ཞེས་པ་ནི་སྙིང་རྗེའོ།། དེའི་འབྱུང་གོནས་ནི་སྟོང་པ་ཉིད།། ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་མཚན་ཉིད་དོ།། དེའི་ཕྱིར་ཁྱབ་པར་བྱེད་པས་ན་རྡོ་རྗེ་སེམས་དཔར་བརྗོད་དེ། འདི་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ། ཡང་ན་ཨ་ཞེས་པ་ནི་སྣང་བ་མེད་ལས་རྣམ་ཀུན་འབྱུང་ཞེསོ།། དེས་ན་ཆོས་ཐ~ཾད ་གདོད་ནས་མ་སྐྱེས་པའི་ཕྱིར་ཨའི་སྒོའོ།། ཞེས་གསུང་པཽ་ཕྱིར་རོ།། ཐ་ཞེས་པ་ནི་གནས་ཀྱི་ཁྱད་པར་རྣམསའོ།། ས་ཞེས་པ་ནི་གནས་དང་ཉེར་གནས་ཀུན་དུའོ། རྦ་ཞེས་པ་ནི། སེམས་ཅན་ཐམས་ཅད་བསྒྲལ་དོན་དུའོ།། ཏཾ་ཞེས་པ ་ནི། སེམས་ཅན་ལ་ནི་དེ་དཽ་ལྟར།། འདོད་པའི་དོན་གྱི་མཆོག་རབ་སྟེ་ར།། ཏྲ་ཞེས་པ་ནི། ཆོས་ཀྱི་ཚིམ་བཱ་རུ་ནི་འགྱུར།། ནི་ཞེས་པ་ནི། མྱ་ངན་འདས་གནས་མི་ཟད་པ།། དཱ་ཞེས་པ་ནི། བུ་ཕོ་དང་ནི་བུ་མོ་རྣམས།། ཇི་ལྟར་རོལྔ་པ་དེ་བཞིན ་འདིར།། ན་ཞེས་པ་ནི། འདིར་ནི་བརྫུན་པ་འབྱུང་བ་མིན།། སཾ་ཞེས་པ་ནི། ཡང་དག་ལམ་ལ་དགའ་བ་ཉིད།། པུ་ཞེས་པ་ནི། པུ་རི་ལ་སོགས་པར་གནས་ཏེ། རྟག་ཏུ་སྙིང་རྗེས་དགའ་བར་བྱ།། ཊ་ཞེས་པ་ནི། གཉེན་གྱིས་བསྐོར ་བའི་སེམས་ཅན་རྣམས།། ས་ཞེས་པ་ནི། བསགས་པ་རྣམས་ལ་ཆགས་པ་ཉིད།། བྷེ་ཞེས་པ་ནི། ལོ་གཅིག་ཏུ་ནི་འཁོར་བ་ཡིས།། ན་ཞེས་པ་ནི། མི་ཡི་གཟུགས་སོང་སངས་རྒྱས་རྣམས།། བ་ཞེས་པ་ནི། མཐོང་བ་ལ་ནི་ཕྱག ་འཚལ་བའོ།། ཛྲ་ཞེས་པ་ནི། ཉོན་མོངས་ཟད་པ་དེར་ནི་རོལ།། སྭ་ཞེས་པ་ནི། ཡང་དག་པ་ཡི་བླ་མ་ཡིས།། ཏྲོ་ཞེས་པ་ནི་ཁྱོད་ཆོས་ཀྱིས།། བི་ཞེས་པ་ནི། མངོན་པར་སྣོད། དྷཱི་ཞེས་པ་ནི། བློ་ལྡན་བྱང་ཆུབ་སེམས་དཔའ་རྣམས།། ་ཡ་ཞེས་པ་ནི་གང་གི་ཕྱིར། ཏེ་ཞེས་པ་ནི། དེ་རྣམས་བསྟན་པ་འདི་ལ་འགྲུབ།། དེ་ཕྱིར་ཁྱོད་ཀྱང་ད་ལྟར་ནི།། འགྲུབ་པར་འགྱུར་བར་སོམ་ཉི་མེད།། ད་ནི་འདི་འམ་ད་ལྟའི་སེམས་ཅན་རྣམས་ལ་བསྟོན་པོའི་རྗེ་སུ་འབྱངས་པས ་ལམ་གྱི་མན་ངག་བརྗོད་དེ། གསང་ཆེན་ཞེས་བྱ་འདྲིས་ནི་ཞེས་བྱ་བ་ལ་སོགས་པ་ལིཾ་གསང་ཆེན་ཞེས་པ་ནི་སྤྲས་པ་ཏེ། རྒྱུའི་རྒྱུད་ཆོས་ཀྱི་སྐུ་དང་། འབྲས་བུའི་ཕྱིར་ཡེ་ཤེས་ཀྱི་སྐུ་ཞེས་པའི་དོན་ཏོ།། ཞེས་པ་འདིས་ཞེས་པ་ནི ་རྒྱུ་དང་འབྲས་བུ་འདིསོ།། མན་ངག་ཅན་གྱིས་ཞེས་པ་ནི་ཡང་དག་པའི་བླ་མས་ཁུང་རྒྱས་པའི་ཚུལ་ལས་དེ་འདིའི་དོན་བསྟེན་ཏོ།། སྔགས་བཏུ་བ་ལ་སོགས་པ་ནས། དབང་བསྐུར་བའི་མཚན་ཉིད་ཅེས་པའི་བར་དུ་ནི་གོ་སླའོ།། ། ་འདི་ནི་མདོར་བསྡུས་ཏེ་བསྟན་པའོ།། སོགས་པའི་སྒྲས་ནི་ལས་ཚོགས་ལ་སོགས་པ་དང་སྒྲུབ་ཐབས་གཟུང་ངོ་།། མན་ངག་གིས་ཞེས་པ་ནི་དེ་བཞིན་གཤེགས་པའི་ལམ་སད་པ་དང་རྨི་ལམ་དང་ཉལ་བ་དང་བཞི་པ་དང ་བྲལ་བ་འཆང་བཞིན་པ་ལས་བཤུད་པར་བྱའོ།། ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅེས་པ་ནི་དེ་ལྟར་གསུངས་པའི་ཚིགས་ནས་ཡོངསུ་རྫོགས་པའི་བྱར་རམ་གླེང་གཞི་ནི་ཤེས་རབ་དང་། ་ཐབས་ཀྱི་བདག་ཉིད་ཀྱི་རྒྱུད་དང་སྟོང་པ་དང་སྙིང་རྗེའི་བདག་ཉིད་ཀྱི་ཆོས་སོ།། རྒྱུད་ཅེས་པ་ནི་ཐབས་ཏེ། འདིར་གཞུང་གི་ཚོགསོ།། དེ་བཞིན་དུ་ཤེས་རབ་དང་ཐབས་སྦྱོར་བ་ཉིད་ནི་ཁྭ་སྦྱོར་ཞེས་བརྗོད་དེ། ཐབས་ཀྱི་རྒྱུད་ཅེས་པའི་དོན ་ཏོ།། དེ་ཡང་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའོ།། དེ་ནི་བདག་གི་བཤད་ཀྱིས་ཞེས་པ་ནི་བདག་ཤཱཀྱ་ཐུབ་པས་ཁ་སྦྱོར་གྱི་རྒྱུད་དེ་བཤད་ཅེས་པའི་དོན་ཏོ།། ཉོན་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས ་དཔའ་བདག་གིས་སྤྲུལ་པའི་མཚན་ཉིད་རྣམས་མ་འོངས་པའི་སེམས་ཅན་རྣམས་གཞུག་པའི་ཕྱིར། ཉོན་ཞེས་གསུངས་ཏེ། ཚིག་འདི་ནི་དེ་བཞིན་གཤེགས་པའི་ངེས་པའོ།། དེ་ནི་དང་པོ་སྟོང་པ་ཉིད་བསྟན་པའི་སྒོ ་ནས་སེམས་ཅན་རྣམས་ལ་སྟོང་པའི་བྱང་ཆུབ་བསྟན་པའི་ཕྱིར། དང་པོ་སྟོང་པ་ཉིད་བསམས་པས། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཅན་ཐམས་ཅད་འཇུག་པའི་རྣམ་པར་ཤེས་པ་དྲུག་དང ་གཟུང་བ་དང་འཛིན་པའི་དངོས་པོས་འཁོར་བར་བཅིངས་ཏེ། དེ་རྣམས་ཡོངས་སུ་ཟད་བའི་ཕྱིར། དང་པོ་སྟོང་པ་ཉིད་རྣམ་པར་བསམས་ཏེ་ཐུན་མོང་དང་ཁྱབ་པར་བྱེད་པའི་ཕྱིར་ཆོས་རྣམས་ཐམས་ཅད་ཀྱི ་རང་བཞིན་ཉིད་སྣང་བ་མེད་པ་བསྟན་དུ་མེད་པ་རྣམ་པར་རིག་པ་མེད་པ་གཟུགས་མེད་པ་ཆོས་ལ་བདག་མེད་པའི་རང་བཞིན་དེ་བཞིན་དུ་རྣམ་པར་བས་མོ།། ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ་བ་ཞེས་པ་ནི་ལུས་འབྱུང་བ་དང་ལྡན ་བས་ན་ལུས་ཅན་རྣམས་ཀྱི་སྟེ། སྟོང་པ་ཉིད་ཀྱི་མེས་མི་ཤེས་པའི་དྲི་མ་བསྲེག་ཅིང་སྔོན་གྱི་སྐྱེ་བ་བརྒྱུད་པ་བག་ཆགས་ཀྱི་དྲི་མ་བཀྲུ་ཞེས་པའི་དོན་ཏོ།། གཟུགས་ཁམས་ཞེས་བྱ་སྟོང་པ་སྟེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ ་བཅད་པ་ཕྱེད་དང་གཉིས་ཀྱིས་སྐྱེ་མཚད་དྲུག་ཀྱང་སྟོང་པ་ཉིད་དུ་བསྟན་པ་ནི་དེ་བཞིན་གཤེགས་པའི་དམ་པར་འགྱུར་རོ།། གཟུགས་ཁམས་ཞེས་པ་དང་པོའི་དྲིན་ལ་དྲུག་པའོ།། དྲིའི་ཕྱིར་གཟུགས་རྣམས་སྟོང་པའོ།། དེ་བཞིན ་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་དོང་། ཡིད་ཀྱི་ཁམས་རྣམས་ཀྱང་སྟོང་པར་བྱ་བ་སྟེ། གསོལ་བ་གདབ་པ་དང་། དེ་བཞིན་གཤེགས་པའི་ལམ་གྱི་ཚིག་གི་ཚུལ་གྱིསོ།། འདིར་གསུངས་པ། རྡོ་རྗེ་སྙིང་པོས་གསོལ་བ་ཞེ ་པའོ་དོན་ཏོ།། ཅི་གསོལ་ཅེ་ན་གསོལ་པ། མིག་གི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནས་དབུསུ་རྣམ་ཤེས་ཇི་ལྟར་འགྱུརརུ་ཞེས་པའི་མཐར་ཐུག་པའི་ཚིགསུཾ་བཅད་པ་གསུམ་གྱིས་སྐྱེ་མཆེད་དྲུག་ལ་འཇུག་པའི་རྣམ ་ཤེས་དྲུག་རྣམ་པར་གནས་པའི་དོན་ཏོ།། ཇི་ལྟར་འགྱུར་ཞེས་པ་ནི་རྣམ་པ་གང་གིས་འགྱུར་ཞེས་པའི་དོན་ཏོ།། གང་གི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཀྱི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་། ཡིད་རྣམས ་རང་བཞིན་གྱིས་སྟོང་པའོ།། འོན་ཀྱང་བྱིས་པ་རྣམས་གློ་བུར་བའི་དྲི་མས་བསྒྲིབས་པས་གཟུང་བ་དང་འཛིན་པ་ལ་སོགས་པའི་རྒྱུས་སྔོན་གྱི་སྐྱེ་བའི་བགྲ་ཆགས་ཀྱི་སྟོབས་ཀྱིས་བུམ་པ་དང་ཤིང ་རྟ་ལ་སོགས་པ་རྣམས་ལ་འཁྲུལ་བའི་ཤེས་པ་སྐྱེའོ།། དེ་ལས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞིང་མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་ངོ་།། དེ་ཉིད་ཀྱིས་རྨོངས་པ་འཁོར་བར་འཆིང་ངོ་།། དེ་ཉིད་ཀྱིས་ཡེ་ཤེས་ཅནྡ་རྣམས ་ཀྱི་ཡང་དག་པར་ཡོངསུ་ཤེས་པས་འཁྲུལ་པ་ཡོངསུ་ཟད་ནས་གྲོལ་བར་འགྱུར་རོ།། གྲོལ་བ་འབའ་ཞིག་ཏུ་མ་ཟད་ཀྱི་མངོན་པར་ཤེས་པ་དྲུག་ཀྱང་རྙེད་པར་འགྱུར་རོ།། དེའི་ཕྱིར་གཟུགས་མེད་ཅེས་བྱ་བ་ལ་སོགས་པའི་ཚིགས ་བཅད་ཕྱེད་དང་གཉིས་ནི་སྔོན་གྱི་ཚིག་དང་རྗེ་སུ་འབྲེལ་བའི་ཕྱིར་རྡོ་རྗེ་སྙིང་པོ་བདག་ཉིད་ལ་ཡིད་ཆེས་པར་འགྱུར་ཞེས་པའི་དོན་ཏོ།། གང་གི་ཕྱིར་རྣམ་པར་ཤེས་པ་ནི་གཟུགས་མེད་པ། བསྟན་དུ་མེད་པ་ཐོགས་པ་མྱེད་པ། ་སྣང་བ་མེད་པ་རྣམ་པར་མི་རིག་པ། བསམ་དུ་མེད་པ། ཚོད་མེད་པ། བརྗོད་དུ་མེད་པ། བརྟག་ཏུ་མེད་པ། རྟོག་པ་མེད་པ། དབང་པོ་མེད་པ་ལ་སོགས་པས་མངོན་པར་འདུས་བྱས་པ་དང་བྲལ་བར་བལྟའོ།། འོན་ཀྱང ་དབང་པོའི་གཞུ་བཞིན་དུ་སྣང་བ་སྟེ། སངས་རྒྱས་རྣམས་ལ་སྒྱུ་མའི་རྣམ་པར་སྣང་བའི་ཕྱིར་རོ།། དེ་ཉིད་བྱིས་པ་རྣམས་ལ་དོན་མེད་པ་བསྐྱེད་པའི་དོན་ཏོ།། དེ་ལྟར་ཡང་འཕགས་པ་ཟླ་བའི་སྒྲོན་མ་ཞེས་པའི་མདོའི ་རྒྱལ་པོ་ལས་བཅོམ་ལྡན་འདས་ཀྱིས། ཇི་ལྟར་གཞོན་ནུ་མའི་རྨི་ལམ་ནང་དུ་ནི།། དེ་ལ་བུ་སྐྱེས་ནས་ནི་ཤྲིང་ཡང་ནི་མཐོང་།། སྐྱེས་པས་དགའ་ཞིང་ཤི་བས་ཡིད་མི་བདེ་བར་འགྱུར།། ཆོས་རྣམས་ཐམས་ཅད་དེ་དང་འདྲ་བར ་ཤེས་པར་བྱ། ཞེས་གསུངསོ།། དེའི་ཕྱིར་གཟུགས་མེད་པ་ལྟ་བ་མེད་སྒྲ་མེད་དེ་བཞིན་དུ་ཉན་པ་མེད་དྲི་མེད་སྣོམ་པ་མེད་རོ་མེདོ་མྱོང་བ་མཱ་རེག་ཊཱི་རཱིག་པ་ཡཱ་མྨེ་སེམྦ་མེད་སེམས་ལས་བྱུང་བ་ཡང་མེད་དོ།། དེ་ལྟར་སྐྱེ་མཆེད་བཅུ་གཉིས ་འགོག་པའི་ཕྱིར།། སྟོང་བཱ་ཞེས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཞེས་པའི་དོན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་གསུངས་ཤེ་ན། ཉན་པོའི་སྐྱེ་བོ་རྣམས་ཀྱི་ངོར་དེ་ཁོ་ཉིད ་བསྟན་པའི་ཕྱིར་ལན་གྱི་ཚིག་གསུངས་ཏེ། ཇི་བཞིན་ལམ་གྱི་དེ་ཉིད་ཉོན་ཞེས་བྱ་བ་ལ་སོགས་པ་ལ། ཉོན་ཞེས་པ་ནི་རྡོ་རྗེ་སྙིང་པོ་ངེས་པར་གཟུང་བའོ།། ཅི་ངེས་པར་གཟུང་ཞེ་ན། སྔར་ཞུས་པ་དྲུག་གི་གཟུང་བ་དང ་འཛིན་པ་གཉིས་ལས་གཉིས་མེད་པའོ།། དེ་ཉིད་ཅེས་པ་འཆད་བཞིན་པའི་བླ་མའི་མན་ངག་བསྒོམ་པ་འདིས་གཟུང་བ་དང་འཛིན་པ་སྤངས་པ་གཉིས་མེད་པའོ།། ཇི་བཞིན་ལཱམྦ་ཞེས་པེ་ནི་ཇི་ལྟ་བཞིན་གྱི་ཚུལ་གྱིས་ཏེ། ་བསྐྱེད་པ་དང་རྫོགས་པའི་རིམ་པ་གཉིས་ལ་བརྟེན་པའི་ལམ་གྱི་ཡེ་ཤེས་ལྔའོ།། དེ་ཡང་ན་མཁའ་ལ་སོགས་པའི་ཁམས་ལྔ་རྣམསོ།། དེའི་རིམ་པ་ནི་འདི་ལྟ་སྟེ། ཨ་ཨི་རྀ་ཨུ་ལཾའོ།། འདི་ནི་སྤྲོས་པའི་རིམ་པའོ།། ་སྡུད་པཱ་ནཱི་རིང་པོའོ།། དེ་བཞིན་དུ་ཨ་ཨ་ཨཪྻ་ཨོ་ཨལ་ཞེས་པ་ནི་ཡོན་ཏཱན་ཏོ།། དེ་བཞིན་དུ་ཡ་ནའི་བསྒྱུར་བ་ཧ་ཡ་ར་ཝ་ལའོ།། ཧཾ་ཞེས་པ་ནི་མི་ཤིགས་པ་འམ། ཨ་ཡང་རུང་བའི།། ་འདི་ནི་དགའ་བ་བཅུ་དྲུག་གི་མཚན་ཉིད་ཀྱི་ཕྱིར་ལམ་ནི་ཟླ་བའི་སྟེ། ཇི་སྲིད་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། ཉ་རྫོགས་པའི་མཐར་ཐུག་བར་ཚ་བཅོ་ལྔའོ།། མཐའ་མ་བཅུ་དྲུག་པ་དོན་གྱི་བྱ་བ་མི་བྱེད་པའི་ཕྱིར་ཆར་མི ་ཕོད་པའོ།། དེ་བཞིན་དུ་ཡང་ཉཝ་དང་མར་དེའི་ཚེས་གཅིག་གི་མཚམ་སུའོ།། དེ་ཡང་སངས་རྒྱས་རྣམས་ཀྱིས་ཡེ་ཤེས་ཀྱི་སྐུ་ཞེས་པའི་དོན་ཏོ།། གང་ཕྱིར་མཚན་ཕྱེད་ཀྱི་དུས་ནི། མངོན་པོས་བྱང་ཆུབོ་བླ་མེད་ཐོབ།། ཅེས ་པ་ལ་སོགས་པ་གསུངས་པའི་ཕྱིརོ།། དེ་ལྟར་ཤེས་རབ་ཀྱི་དེ་ཁོ་ན་ཉིད་དོ།། དེ་ཡང་སྙིང་རྗེ་བཅུ་དྲུག་གི་བདག་ཉིད་དོ།། དེ་ལ་དགའ་བ་རྣམས་བརྗོད་དོ།། སྤྲུལ་པའི་སྐུ་དང་གསུང་དང་ཐུག་ཡེ་ཤེས་གཅིག་སྡོམ་དགའ་བའོ།། ་ལོངས་སྤྱོད་རྫོགས་སྐུ་གསུང་དང་ཐུགས།། ཡེ་ཤེས་གཅིག་ཏུ་སྡོམ་དགའ་བ། དཔལ་ཆོས་སྐུ་དང་གསུང་དང་ཐུགས།། ཡེ་ཤེས་གཅིག་ཏུ་སྡོམ་དགའ་བ། ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས།། ཡེ་ཤེས་གཅིག་ཏུ ་སྡོམ་དགའ་བའོ།། དེ་བཞིན་ནག་པོའི་ཚེས་གཅིག་ནས་བརྩམས་ཏེ། ཇི་སྲིད་གནམ་སྟོང་གི་མཐར་ཐུག་པར་གུག་ཀྱང་རིང་པོའི་དབྱེ་བས་སྡུད་པའི་རིམ་པས་བསྟན་ཏོ།། དེ་ཡང་སྟོང་པ་ཉིད་བཅུ་དྲུག་གི་དེ་ཁོ་ན ་ཉིད་ཐུབས་ཤེསུ་བརྗོད་དོ།། ཉི་མའི་འཕེལ་བའི་རྒྱུད་ཉིད་ཀྱི་ཕྱིར་རོ།། གུག་ཀྱང་ཀྱང་གསུངས་པ། ལཱ་ཝཱ་རཱ་ཡཱ་ཧཱ། དེ་བཞིན་དུ་ཨཱལ་ཨོཾ་ཨཱར་ཨེ་ཨཱ། དེ་བཞིན་དུ་ཝཾ་ཨཱུ་རཱཾ་ཨཱི་ཨཱ་ཨཿམཐའ་མའོ།། གནཱ་མ་སྟོང་དང་དཀར ་བའི་ཚེས་གཅིག་གི་མཚམ་སོ།། སྟོང་པ་ཉིད་བཅུ་དྲུག་བརྗོད་པ་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ་རང་གི་མཚན་ཉིད་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ།། དེ་ལྟར་ཤེས་རབ་ཐབས་དག་སྦྱོར།། སྟོང་པ་སྙིང་རྗེའི་བདག ་ཉིད་ཀྱི། ལམ་ནཱི་བདུན་དུ་བསྟན་པ་ནི་འདི་དག་གཉིསུ་གསུངས་པ་ཡིན།། གཉིས་པོ་སྤངས་པའི་ཕྱིར་ན་འདི།། གཉིསུ་མེད་པ་ཞེསུ་བརྗོད། དེ་ཡང་མངོན་བྱང་ཆུབ་སྐད་ཅིག། དེ་བཞིན་བཅུ་དྲུག་པ་ནི་མཚམས།། ཐོབ་བྱ་མི ་ཤེས་པ་རྣམས་ནི།། འགྲོ་བ་དྲུག་ཉིད་དུ་ནི་འཁོར་ཞེས་སོ།། བརྟག་ཏུ་མེད་ཅིང་ཤེས་བྱ་མིན།། དེ་བའི་ན་རྟོག་གེ་པས་རྟོགས་དཀའ་ཞེས་པ་ལ། བརྟག་ཏུ་མེད་ཞེས་པ་ནི་བརྟག་པ་ནི་དཔྱད་པའོ།། དེས་མི་རྙེད་པས་ན་བརྟག་ཏུ ་མེད་པ་སྟེ། རྟོག་པ་མེད་ཅེས་པའི་དོན་ཏོ།། ཤེས་བྱ་མིན་ཞེས་པ་ལ།། ཤེས་བྱ་ནི་རྣམ་པར་ཤེས་པའི་འཁྲུལ་པ་སྔོན་པོ་དང་སེར་པོ་ལ་སོགས་པ་མཐོང་བའོ།། ཤེས་པར་བྱེད་པ་ནི་ཡིད་ཀྱི ་དབང་པོའོ།། དེ་ལྟ་བུ་དང་འདྲ་བ་མེད་པའི་ཕྱིར་དོན་དམ་པར་ཡང་མི་སྣང་ངོ་།། རིགས་པ་འདིས་ན་ཤེས་བྱ་བ་ཡིན་པའི་དོན་བཅོམ་ལྡན་འདས་ཀྱིས་བསྟན་ཏོ།། རྟོགས་དཀའ་ཞེས་པ་ནི་ཁོང་དུ་ཆུད་པར་དཀའ་བའོ།། དེ་ཡང ་རང་གི་བསོད་ནམས་ལས་ནི་ཤེས།། བླ་མོ་བརྒྱུད་པ་ཉེ་བ་བསྟེན་བྱ་ཞེས་སོ།། དེ་བཞིན་རྟོག་གེ་པས་ཤེས་པ་ནི། གླེགས་བམ་མང་པོ་མཐོང་བས་ཁེངས་ཞེས་པ་འམ། ཡང་ན་རྟོག་གེ་སྐམ་པོ་ལ་ཆགས་པ་རྨོངས་པ་མཁས ་པར་རློམ་པ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་བསྟན་པར་མི་ནུས་ཤིང་དེས་འདི་རྟོགས་པར་མི་ནུས་ཤེས་པའི་དོན་ཏོ།། སངས་རྒྱས་ཀུན་གྱི་གསང་ཆེན་ནི་ན་མཁའ་མཉམ་པ་ལྟ་བུ་སྟེ་ཤེས་པ་ནི་འདིར་སོ་སོ་སྐྱེ་བོ་བྱིས ་པ་མི་མཁས་པ་རྣམས་འབའ་ཤིག་གིས་མི་ནུས་པར་མ་ཟད་དོ་ཞེས་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱིས་ཞེས་གསུངས་ཏེ། འདིར་རྣམ་པར་ཤེས་པའི་སྐད་ཅིག་རེ་རཱི་ལས་རང་བཞིན་སྣ་ཚོགས་རྣམས་སྨོསཽ་ཏེ། ་དེ་ལས་དབྱིབས་སྣ་ཚོགས་པར་སྐྱེས་པའི་སེམས་ཅན་རྣམས་ཀྱི་བསམ་པ་དག་པོ་ཉིད་ཀྱིས་སངས་རྒྱ་སུ་འབྱུང་བ་ནི་ཉེ་བར་བརྟགས་པའི་ཚིགོ། མི་ཤེས་པ་དེ་རྣམས་ཀྱིས་ནི་སྔགས་ཀྱི་སྤྱོད་པ་གསང་བ་དང་བྲལ་ཞེ ་བའི་དོན་ཏོ།། ནམ་མཁའ་མཉམ་པ་ཞེས་པ་ནི་ཁྱབ་པར་བྱེད་པའི་ཕྱིར་འདྲ་བ་སྟེ། འོད་གསལ་བའི་ཡེ་ཤེས་ཤེས་པའི་དོན་ཏོ།། ལྟ་བུ་ཞེས་པ་ནི་དེ་ལས་བསྐྱེད་པའི་རྒྱུ་དང་འདྲ་བ་སྟེ། འཆང་བཞིན་པའི་སྒོམ་པའི་མན་དགུ ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་ན་མཁའ་དང་མཉམ་པའི་རྒྱུ་དང་འབྲས་བུའི་བདག་ཉིད་སྔགས་ཀྱི་ཐེག་པ་ཆེན་པོའོ།། དེ་ཡང་འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པའི་ཕྱིར་འབྲས་བུའི་བདག་ཉིད་འདི་ལས་འབྱུང་ངོ་།། དེའི་ཕྱིར ་དེ་ཁོ་ན་ཉིད་དམིགོས་པ་དང་འདྲ་བ་རྟོགས་པར་དཀའ་བ་ཞེས་པའི་དོན་ཏོ།། དེ་ལྟར་ཐེག་པ་ཆེན་པོ་ལ་དགའ་བ་སངས་རྒྱས་པ་རྣམས་ཀྱི་སྟེ། དེ་ཡང་གསང་ཞིང་སྤུ་ཞེས་པའི་དོན་ཏོ།། ཉན་ཐོས་རྣམས་ཀྱིས་ཞེས ་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དེ་དག་ཀུན་གྱིས་ཀྱང་མི་ཤེས་ཏེ། སྔོན་གྱི་སྨོན་ལམ་དང་བྲལ་བ་རྣམས་ཀྱིས་མི་ཤེས་ཤིང་མི་དྲན་ཞེས་པའི་དོན་ཏོ།། གསང་ཆེན་སངས ་རྒྱས་སྤྱོད་ཡུལ་ལོ་ཞེས་པ་ལ། སངས་རྒྱས་ཞེས་པ་ནི་སེམས་ཅན་རྣམས་སྨོན་ལམ་ཡོངསུ་རྫོགས་ཤིང་ཚོགས་རྫོགས་པས་ཡང་དགེ་བར་རྫོགས་པར་སངས་རྒྱས་ཀྱི་གཞན་ནི་མ་ཡིན་ནོ།། དེའི་སྤྱོད་ཡུལ་དུ་གྱུར ་པ་ཡེ་ཤེས་ནི་གསང་ཞིང་སྦས་པ་སྟེ། རང་རིག་པའི་ཡེ་ཤེས་ཚིག་གི་ལམ་གྱི་སྤྱོད་ཡུལ་མ་ཡིན་པའོ།། དེའི་ཕྱིར་རང་བཞིན་གྱིས་ཡོངསུ་དག་པ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངསུ་རྫོགས་པ་ལ་སོགས་པའི་ཡོན་ཏན་དང ་ལྡན་པ། འཇིག་རྟེན་ལས་འདས་པའི་ཀུན་རྫོབ་ཀྱི་བདེན་པ་ལ་གནས་པ། དེ་བཞིན་དུ་རྒྱུན་དུ་གོམས་པ་དང་ལྡན་པ་དེའི་ཡང་སྤྱོད་ཡུལ་མ་ཡིན་པ་སྟེ། བརྗོད་དུ་མེད་པའི་ཕྱིར་བགྲོད་དུ་མེད ་པའོ།། དེ་རང་བཞིན་ཉིད་ཀྱི་ཕྱིར་རྟོགས་པར་དཀའ་བའོ།། མི་འགྱུར་བ་ལ་གནས་པའི་ཕྱིར་བརྟགས་པར་དཀའ་བའོ།། གཟུགས་མེད་པའི་ཕྱིར་ཤེས་བྱ་མ་ཡིན་པའོ།། གང་གིས་ཕྱིར་འཁོར་བའི་རྒྱ་མཚོ་རབ་འཇིགས་ལས ་སྒྲོལ་བར་འགྱུར་བའི་བསམ་པ་ཡིས་ཞེས་གསུངས་པའི་རིགས་པསོ།། ལུས་ཅན་རྣམས་ཀྱི་དབུས་གནས་པ།། སྒྲོལ་བ་ཡི་ནི་མཚན་ཉིད་བརྗོད་ཅེས་པ་ནི།། སེམས་ཅན་རྣམས་ཀྱི་ལུས་ཀྱི་དབུས་སུ་རང་རིག་པའི་ཡེ་ཤེས ་གནས་ཞེས་པའི་དོན་ཏོ།། བསྒོམ་པ་ཞེས་པ་ནི་རབ་ཀྱི་མཐར་སོང་བ་དེའི་མཚན་ཉིད་བསྟན་པ་འཆང་བཞིན་པ་ལས་གསུངས་ཏེ། མཚོན་བྱ་མཚོན་བྱེད་མཚན་ཉིད་ནི།། རྣམ་ཤེས་རྣམས་ནི་ཡེ་ཤེས་བསམ།། ཞེས་བྱ ་བ་ལ་སོགས་པ་ལ། མཚོན་བྱེད་ཅེས་པ་ནི་སྲོག་དང་ཐུར་སེལ་བཅིངས་པའི་སྦྱོར་བས་བརྟན་བདུག་ཡོ་དཱ་དང་པོ་མི་གཡོ་བར་བྱེད་པའོ།། འདིར་བསྟན་པ་ནི་ཕུང་པོ་ལྔ་རྣམསོ།། གཡོ་བ་ནི་སྲོག་ལ་སོགས་པའི་རླུང་བཅུ་རྣམས ་སོ།། དེ་ལ་བརྟེན་ནས་སྣ་ཚོགས་པའི་མིང་ཅན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་རྣམ་པར་རྟོག་པ་བློ་བུར་པ་རྣམས་སྐྱེ་བའོ།། དེ་རྣམས་ཀྱི་མཚོན་བྱ་ཨ་བ་དྷཱུ་ཏཱིར་བཅུག་ཅིང་དེ་འགོག་པས་རྒྱུ ་མཐུན་པ་ལ་སོགས་པའི་འབྲས་བུ་ཐོབ་པ་སྟེ། ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོའི་འབྲས་བུ་ཡང་འཐོབ་པ་འཆད་བཞིན་པའི་འཁོལོ་འི་དབྱེ་བས་སྟོན་ཏོ།། དེ་ལྟར་མཚོན་པ་སྐུ ་མཐོང་བ་ཁམས་གསུམ་པའི་བདག་ཉིད་དོ།། མཚན་ཉིད་ཅེས་པ་ནི་འདིར་ཇི་ལྟར་འགའ་ཞིག་ཏི་ངེ་འཛིན་རྙེད་པའི་བསྒོམ་པའི་རིམ་པས་མཚན་མ་མཐོང་ངོ་།། དེ་བཞིན་དུ་འདིར་ཡང་མཐོང་བས་སངས་རྒྱས་རྣམས་ཀྱི་སྤྲུལ་པའི ་དབང་གིས་མར་མེའི་རྩེ་མོ་བཞིན་ཕྱིའི་ཆོས་རྣམས་ལ་བརྟེན་ཏེ་འཇུག་པར་འགྱུར་རོ།། དེའི་ལས་ཀྱིས་སེམས་ཅན་གྱི་དོན་དུ་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་དེ་ལྟར་མཚན་ཉིད་རྣམས་དང་ལྡནོ།། རྣམ་པར་ཤེས་པ་ཡེ་ཤེས ་བསྡམ་ཞེས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་མཚན་ཉིད་འདྲི་རྣམས་ལོངས་སྤྱོད་རྫོགས་པའི་སྐུ་ལས་བྱུང་སྟེ། ཡེ་ཤེས་བསམ་ཞེས་པའི་ཕྱིརརོ།། དེ་བཞིན་དུ་ཡང་འདིར་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་སྐུའོ།། བསམ་ཞེས ་པ་ནི་ཆོས་ཀྱི་སྐུའི་མཚན་ཉིད་དོ།། ཤེས་རབ་དང་ཐབས་འདི་དག་སྙོམས་པར་འཇུག་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བརྗོད་དོ།། སྟོན་དུ་གསུངས་པ་ཉེ་བབྱར་བརྟགས་པ་དེའི་དབང་གིས་རྣམ་པར་ཤེས་པ་ཞེས་པ་དེ་སྐྱེད ་པར་བྱེད་དོ།། དེའི་ཕྱིར་མཚོན་བྱ་དང་མཚོན་བྱེད་དང་མཚན་ཉིད་རྣམས་དང་ལྡན་པའི་བཅོམ་ལྡན་འདས་གྲུབ་པོ།། ཡང་ན་མཚོན་བྱ་ནི་ཆོས་ཀྱི་སྐུའོ།། མཚོན་བྱེད་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། མཚན་ཉིད་ནི་སྤྲུལ ་པའི་སྐུ་སྟེ། ངེས་འགྲོ་བའི་དོན་བྱ་བའི་ཕྱིར་སྐུ་དང་གསུངས་དང་ཐུགས་ཀྱི་བདག་ཉིད་དེ་བསྟན་ཏེ། དེ་བཞིན་གཤེགས་པའི་ངེས་པའོ།། ང་ནི་གང་ཟག་གི་ཆོས་ལ་གནས་པའི་སེམས་ཅན ་རྣམས་ཀྱི་ཡེ་ཤེས་དང་ཤེས་བྱའི་མཚན་ཉིད་མེད་པར་གཟུང་བ་དོང་འཛིན་པོའི་དབྱེ་བ་བརྗོད་དེ།། ཡེ་ཤེས་ཀྱིས་ནི་ཤེས་བྱ་བལྟ།། ཤེས་བྱ་རྣམས་ཀྱི་འགྲོ་བ་བརྟག་ཅེས་པ་ལ་སོགས་པ་ལ། ཡིས་ཀྱིས་ནི་ཞེས་པ་ནི་མིག་ལ ་སོགས་པའི་སྐྱེ་མཆེད་རྣམས་ལས་སྐྱེས་པའི་རྣམ་པར་ཤེས་པ་དེ་ནི་ཡུལ་ཅན་ཞེས་བརྗོད་དོ།། དེས་གང་ཕྱིའི་གཟུགས་ལ་སོགས་པ་ལ་དམིགས་པ་དེ་ནི་ཤེས་བྱ་ལ་བལྟ་བའོ།། འགྲོ་བ་བརྟག་ཅེས་པ་ནི་དབང་པོའི་རྟོག་པ ་འགྲོ་བས་དངོས་པོ་མཐོང་བ་ལ་རྟོགས་པའོ།། ཤེས་པ་དང་། ཤེས་བྱ་འདི་དག་སྙོམས་པར་འཇུག་པའི་དོན་ཏེ།། འགྲོ་བ་ཞེས་པ་ནི་གཞན་དུ་འགྲོ་བ་ལ་འཇོག་པའོ།། དེ་ཅི་ཞེ་ན། རྟོག་པའི་སེམས་ཀྱིས་རང་དགའ་ལ ་སོགས་ལམ་འགྲོར་འགྱུར་ཞེས་གསུངསོ།། བསམ་ཞེས་པ་ནི་སེམསཽ་ལས་བྱུང་བའི་དངོས་པོར་འགྱུར་རོ།། རྟོག་པ་ཞེས་པ་ཞེས་པ་ནི་དེའི་རང་བཞིན་གྱིས་ལྟ་བ་སྟེ། དེའི་སྔོན་གྱི་བག་ཆགས་ཀྱི་དབང་གིསོ།། རང་འདོད ་ལ་སོགས་ཞེས་པ་ནི་རང་ཉིད་ཀྱི་ལས་ཀྱི་རྗེ་སུ་འབྲངས་པསོ།། སོགས་པའི་སྒྲས་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱིས་གང་བྱས་པའི་ལས་དེས་འགྲོ་བའོ།། ལམེ་ཞེས་པ་ནི་ལམ་དེར་བགྲོད་པར་བྱ་བ་ཡིན ་བས་ན་དེ་ལ་དེ་སྐད་ཅེས་བྱའོ།། ཡང་ནི་ཡེ་ཤེས་ཀྱིས་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པསོ།། ཤེས་བྱ་བ་ལྟ་ཞེས་པ་ནི། གང་ཕྱི་རོལ་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་རྣམས་ལ་མིག་ལ་སོགས་པས་བལྟ་བའོ།། ་ཤེས་བྱ་རྣམས་ཀྱི་ཞེས་པ་ནི་དངོས་པོ་མཐའ་དག་པ་དེ་རྣམས་ཀྱིའོ།། འགྲོ་བ་ཞེས་པ་ནི་དེ་རྣམས་ལ་ཀུན་གཞི་རྣམ་པར་ཤེས་པ་ལ་འཇུག་པའོ།། ལྟ་བ་ཞེས་པ་ནི་ལྷའི་དབང་པོའི་སྒོ་ནས་ལྟ་བས་ཁྱབ་པར་བྱེད་པ་ཁམས ་གསུམི་མཐོང་བ་ཞེས་པའི་དོན་ཏོ།། དེ་ཡང་གཅིག་དང་དུ་མའི་རང་བཞིན་གྱིས་སེམས་ལས་བྱུང་བའི་དངོས་པོར་བརྗོད་དེ་བག་ཆགས་མང་པོའི་དབང་གིསོ།། འགྲོ་བ་ནི་དེའི་བགྲོད་པ་སྟེ། དངོས་པོ་སོ་སོ་ཐ་དད་པ་མཐོང་བའོ།། ་དེའི་ཕྱིར་རང་གི་འདོད་པས་རང་རང་གིས་ལས་དང་རྗེ་སུ་མཐུན་པས་ལམ་ལ་འཇུག་ཅིང་ལམ་ལ་སོགས་པ་ལ་བགྲོད་དེ་དེ་ལ་བརྟེན་ཞེས་པའི་དོན་ཏོ།། དེ་ལྟར་དགེ་བའི་ལས་ཅན་བདེན་པ་གཉིས་ལ་བརྟེན་པ་དགེ་བའི ་གྲོགས་བཟང་པོ་དང་ཕྲད་པའི་དབང་གིས་འགྲུབ་སྟེ། སྔོན་དུ་གསུངས་པའི་ནང་དུ་འགའ་ཞིག་དགེ་བའི་དབང་གིས་འགྲུབ་པའི་དོན་ཏོ།། འོན་ཀྱང་འཆད་བཞིན་པའི་ཚུལ་གྱིས་བར་བར་དུ་བཤད་པར་བྱའོ།། ད་ནི ་སྔོན་དུ་གསུངས་པའི་སྟོང་པ་ཉིད་ཀྱི་ལུས་ཀྱི་རིམ་པས་བྱང་ཆུབ་སེམས་ཀྱི་བསྒོམ་པའི་ཐབས་ཀྱིས་དེ་ཁོ་ན་ཉིད་བརྗོད་དེ། ཡེ་ཤེས་ལྔ་ཞེས་པ་ལ་སོགས་པ་ལ། འདིར་ཡེ་ཤེས་ལྔའི་དངོས་པོ་དེ་ཉིད་ཚོས་པ་ནི་དེ ་བཞིན་གཤེགས་ལྔ་འམ་ཁམས་ལྔའོ།། དེ་ཡང་སྲོག་ལ་སོགས་པའི་རླུང་ལྷ་རྣམ་སོ།། དེ་ཁོ་ན་ཉིད་ཅེས་པ་ནི་ཧཱུཾ་ཡེ་ཤེས་ཀྱི་ཕུང་པོའོ།། ཉུངས་ཀར་སྦོམ་པོའི་ཚད་ཙམུ་སྟེ་ཞེས་པ་ནི ་འདིར་མ་གསུངས་ཀྱང་གཏུམ་མོའི་སྦྱོར་བར་བརྗོད་དེ། འདིར་ལྟེ་བ་འདབ་མ་དྲུག་ཅུ་རྩ་བཞི་པས་སྤྲུལ་པའི་འཁོར་ལོ་ཁ་དོག་སེར་པོའོ།། དེའི་དབུས་ཀྱི་ལྟེ་བཱ་ར་ཨ་འོད་ཟེར་ལྔའི་རང་བཞིན་འཕྲོ་བའོ།། སྙིང ་གར་འདབ་མ་བརྒྱད་པ་ཆོས་ཀྱི་འཁོར་ལོ་ཁ་དོག་སྟོན་པོ་འཕྲོ་བའོ།། དེའི་ལྟེ་བར་ཧཱུཾ་ཁ་དོག་སྔོན་པོ་ཁི་འོག་ཏུ་བལྟ་བའོ།། དེ་བཞིན་དུ་མགྲིན་པར་ལོངས་སྤྱོད་རྫོགས་པའི་འཁོར་ལོ་འདྲབ་མ་བཅུ་དྲུག་པ་ཁ་དོག་དམར་པོ ་འཕྲོ་བའོ།། དེའི་དབུས་ཀྱི་ལྟེ་བར་ཨོཾ་མདོག་དམར་པོ་ཁྭ་སྟེང་དུ་བལྟས་པའོ།། སྤྱི་བོར་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་ཁ་དོག་དཀ་པོ་འཕྲོ་བའོ།། དེའི་དབུས་ཀྱི་ལྟེ་བར་མི་ཤིགས་པ་ཟླ་བའི་འོད ་འཕྲོ་བ་ཁ་འོག་ཏུ་བལྟས་པའོ།། སྤྱི་གཙུག་ཏུ་ན་མཁའི་འཁོར་ལོ་འདབ་མ་ལྔ་པ་ལྗང་ཁུའོ།། དེའི་དབུས་ཀྱི་ལྟེ་བར་ཁཾ་གི་ས་བོན་ལྗང་སྔོན་ནོ།། དེ་བཞིན་དུ་གསང་བར་ཡེ་ཤེས་ཀྱི་འཁོར་ལོ་འདབ་མ་སུམ་ཅུ་རྩཝ ་གཉིས་པ་མདོག་སྣ་ཚོགས་པའོ།། དེའི་དབུསུ་ཧ~ཾ་དཀར་པོ་དང་དམར་པོར་སྣང་བའོ།། དེ་ལྟར་འཁོར་ལོ་དྲུག་ལ་རིམ་བཞིན་རྣམ་པར་མཛད་དང་། མི་བསྐྱོད་པ་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་དང་། རིན ་ཆེན་དབང་པོ་དང་རྡོ་རྗེ་སེམས་དཔའོ།། དེ་བཞིན་དུ་ཁམས་ཀྱི་དབྱེ་བས། སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། བདག་མེད་མའོ།། དེ་རྣམས་ཀྱི་དབུསུ་རྩ་གསུཾ ་སྟེ། ལ་ལ་ནཱ་དང་། ར་ས་ནཱ་དང་། ཨ་བ་དྷཱུ་ཏཱི་རྣམསོ།། དེའི་ཕྱིར་ཡུངས་ཀ་རྀ་ཞེས་པ་ནི་འཁོར་ལྀ་ལྔའི་ནང་དུ་ཆུང་བའི་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་རྩ་གསུམོ།། དེའི་ནང་ནས་ཀྱང་བྱང་ཆུབ་ས་ཀྱི་སེམས་འཛག་པ་ནི ་ཨ་བ་དྷཱུ་ཏཱི་ཞེས་བྱ་སྟེ། སེམས་ཀྱི་གཟུག་ས་ཡིན་པའི་ཕྱིར་རོ།། གང་ཕྱིར་ཆོས་རྣམས་ཐམས་ཅད་ལ། སེམས་ཀྱིས་ཁྱབ་པར་བྱེད་པའི་ཕྱིར་ཞེས་གསུངས་པའི་ཕྱིར། དེ་ལྟར་ཡི་གེ་གསུམ་གྱི་ངེས་པའི་ཚིག་བསྟན་པའི ་ཕྱིར། ཡུངས་ཀར་ཞེས་གསུངས་ཏེ། སར་ཥཱ་བཱ་ཞེས་པའི་ཡི་གེ་དབུས་མོ་ཕྱི་བའི་ཕྱིར་སརྦ་ཞེས་འབྲེལ་ཏོ།། དེ་ལྟར་སརྦ་བ~ཾ་ལྟར་ཞེས་གསུངས་པའི་ཕྱིར་རོ།། སྦོམ་པོ་ཞེས་པ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ལ་ཁྱབ ་པར་བྱེད་པའོ།། ཚད་ཙམ་ཞེས་པ་ནཱི་ཨ་ཙ་མོ།། ཅི་ཕྱིར་ཨའི་གུག་ཀྱང་ཙམ་ཞེ་ན། དེ་ལྟར་ཡང་གསུངས་པ་ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། དོན་ཆེན་ཡི་གེ་དམ་པ་སྟེ།། སྲོག་ཆེན་པོ་ནཱི་སྐྱེ་བ་མེད།། ཚིག་ཏུ་བརྗོད་པ་སྤངས ་བའོ་ཞེས་གསུངས་པའི་ཕྱིརརོ།། དེ་བཞིན་དུ་རཱ་ཞེས་པ་ནི་ཆགས་པ་ཆེན་པོའི་རང་བཞིན་ཡིན་པའི་ཕྱིར། ཧ་ན་ཞེས་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཀུན་རྫོབ་ཀྱི་རྣམ་པ་ཞེས་པའི་དོན་ཏོ།། གསང་བ་ཞེས་པ་ནི་འཁོར ་ལོ་ལྔ་པོ་རྣམས་ཀྱི་བར་བར་དུ་ཁྱབ་པར་བྱེད་པ་ཉིད་ཀྱིས་ན་གསང་བ་སྟེ། སྦས་པ་ཞེས་པའི་དོན་ཏོ།། དེའི་ཕྱིར་ཡེ་ཤེས་ཀྱི་འཁོར་ལོ་ཞེས་བརྗོད་དོ།། དེ་ལྟར་ཀུན་རྫོབ་དོན་དམ་པར་གསུངས ་པར་འགྱུར་རོ།། དེ་བཞིན་དུ་འདིར་དོན་དམ་པ་བསྟན་པའི་ཕྱིར། དེའི་དབུས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཞེས་པ་ནི་སྔོན་དུ་གསུངས་པའི་བདེ་བ་ཆེན་པོའི་དབུསུ་གནས་པའོ།། དེ་ཅི་ཞེ་ན། བྷ་ཞེས་པ་ནི། སྣང་བ ་མེད་པའི་ཡེ་ཤེས་རང་བཞིན་གྱིས་འོད་གསྔལ་བའོ།། མི་གཔལ་གསལ་བའི་ར་བཞིན་ཅན་ཞེས་པ་ནི་དེ་ཉིད་ཡེ་ཤེས་ཆེན་པོ་སྟེ། སངས་རྒྱས་རྣམས་ཀྱི་སྐད་ཅིག་མ་གཅིག་ལ་མངོན་པར་རྫོགས་པར་བྱང་ཆུབ་པའི་མཚན ་ཉིད་དབང་པོའི་སྒོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའོ།། དེའི་ཕྱིར་མི་གསལ་བའོ།། དེའི་རང་བཞིན་ཉིད་ཀྱི་ཕྱིར་གསལ་བ་སྟེ། དེས་ན་དེའི་རང་བཞིན་ཞེས་པའི་དོན་ཏོ།། གུག་ཀྱང་ཕྱེད་པ་མཆོག་ཕྲ་བ།། ཐིག་ལེའི་གཟུགས ་ཅན་ཡིད་ལྟ་བུ་ཞེས་པ་ནི་འདིར་ཀུན་རྫོབ་དང་དོན་དམ་པ་དབྱར་མེད་པའི་ཕྱི་རོ།། གུག་ཀྱེང་ཕྱེད་པ་ཞེས་པ་བསྒོམ་པ་རྟོགས་པས་མཐོང་བའི་རྣམ་པ་ཙམ་གྱི་སྒྲ་ཞེས་པའི་དོན་ཏོ།། ཕུལ་དུ་བྱུང་བས་ན་མཆོག་གོ། ཕྲ་བ ་ཞེས་པ་ནི་དམིགས་པ་དང་བྲལ་བས་སོ།། ཐིག་ལེ་ཞེས་པ་ནི་ཡི་གེ་ལྟ་བུའོ།། གང་གི་ཕྱིར་མི་འཇིག་པའི་ཕྱིར་ཡི་གོ་སྟེ། རྩའི་ཁོང་སྦྱོང་ནས་སྟེང་དུ་འགྲོ་བའི་ཕྱིར་མཛག་པ་ཡེ་ཤེས་ཀྱི་བདུད་རྩིའི་ཕ་རོལ་ཏུ་སོན་པ ་ཞེས་པའི་དོན་ཏོ།། རྟག་ཏུ་སྐྱིང་གའི་དབུས་ན་གནས།། གཟི་བྱིན་ཆེན་པོའི་འོད་བཞིན་ལྡན་ཞེས་གསུངས་པ་ལ། འདིར་སྙིང་ཞེས་པ་ནི་སྐྱོང་བའི་དོན་ཏོ།། འོན་ཀྱང་དབུས་མ་ཨཱ་བ་དྷཱུ་ཏཱི་ལ་བརྟེན་པའི་སེམས་སོ།། དེ་ཡང ་དབང་པོ་དང་བྲལ་བ་སྟེ། སྒོ་དགུ་འགོག་པའི་ཕྱིར། དེའི་ཕྱིར་སྤྱི་གཙུག་ལ་སོགས་པ་ལས་འོངས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེའི་དབུས་སུའོ།། རྟག་ཏུ་གནས་ཞེས་པའི་ནི་ཚེས་ཀྱི་སྐུའོ།། དེའི་གཟི་བརྗིད་ཆེན་པོ ་ནི་ཆོས་ཐམས་ཅད་སྣང་བ་སྟེ་ཡེ་ཤེས་དང་ཤེས་བྱ་དག་གཅིག་ཅིང་སྟོང་པ་དང་སྙིང་རྗེ་གཉིས་མེད་པའོ།། དེ་བཞིན་དུ་འོད་ལྡན་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས ་ཀྱི་རང་བཞིན་བསམ་གཏན་བཞིའི་བདག་ཉིད་དོ།། ཡང་ན་སྣང་བ་བཞིའི་བདག་ཉིད་དེ། དེ་ཡང་སྣང་བ་དང་སྣང་བ་མཆེད་པ་དང་སྣང་བ་ཐོབ་པོ་དང་། འོད་གསལ་བའོ།། དེ་ནི་འོད་ཟེར་བཞི་ཞེས་པའི་དོན་ཏོ།། བཅུ ་གཉིས་མཐའ་དང་དགུ་ཡི་མཐའ།། རྐང་པ་ནས་ནི་སྤྱི་མཐའ་ཐུག་ཅེས་པ་ནི་འདིར་སྔོན་དུ་གསུངས་པ་ཡེ་ཤེས་ལྷའི་རང་བཞིན་དབུགས་ཏེ། དེ་ཡང་དཀྱིལ་འཁོར་ལྔའི་རང་བཞིན་གྱིས་རབ་ཏུ་རྒྱུ་བ་རྟོགས་པར་བྱའོ།། ་འདིར་གཡོན་དང་གཡས་ཀྱི་སྣའི་བུ་ག་དག་ལས་སྤྲོ་བོ་དང་སྡུད་པའི་དབྱེ་བས་དཀྱིལ་འཁོར་ལྷ་ལྔ་རྒྱུ་བར་འགྱུར་ཏེ། གཡོན་ནས་ན་མཁའ་ལ་སོགས་པའོ།། དེ་བཞིན་དུ་གཡས་ནས་ས་ལ་སོགས་པའོ།། དེ་ལྟར་དཀྱིལ ་འཁོར་བཅུ་རྒྱུ་བའི་རིམ་པས་སྲོག་གི་རླུང་དུ་བརྗོད་དེ།། དེ་ཡང་ཡེ་ཤེས་ལྔའི་བདག་ཉིད་ཅེས་པའི་དོན་ཏོ།། དེ་ལྟར་ཡང་འདུས་པ་ཕྱི་མ་ལས་བཅོམ་ལྡན་འདས་ཀྱིས།། ཡེ་ཤེས་ལྔ ་ཡི་རང་བཞིན་དབུག། ཡུངས་ཀར་སྦོམ་པོའི་ཚད་ཙམ་སྟེ།། སྣ་ཡི་རྩེ་མོར་ན་ནཻ་ཏཱན་དུ།། རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ་ཞེས་གསུངསོ།། དེ་ཉིད་འཆང་བཞིན་པ་ལས་བཤད་པར་བྱའོ།། དེ་བཞིན་དུ་འདིར་བཅུ་གཉིས ་མཐའ་ཞེས་པ་ནི་འདིར་དབུགས་དབྱུང་བ་དང་འཇུག་པའི་སྦྱོར་བ་དག་ལས་གང་གི་ཕྱིར་འགྲོ་བའི་སྲོག་དེ་ནི་སོར་བཅུ་གཉིས་ཀྱི་ཚད་ཙམ་དུ་འབྱུང་ངོ་།། དགུའི་མཐའ་ཞེས་པ་སྲོག་དེ་ཉིད་འཇུག་པའི་ལམ་ནུས་སོར་གསུམ ་མི་ཚད་པར་འགྱུར་རོ།། རྐང་པ་ནས་ནི་སྤྱི་མཐར་ཐུག་ཅེས་པ་ནི་སྤྱི་གཙུག་ནས་མཐོ་བོའི་བར་དུ་བླ་མའི་མན་ངག་གི་ཚུལ་གྱིས་གཞུའི་རྣམ་པ་ལྟ་བུ་ནི་གུག་ཀྱང་ཕྱེད་པའོ་ཞེས་བརྗོད་པའི་ཕྱིར་བརྟན་པ་ལས་ནི་ཁྱབ་པར་བྱེད་དོ།། ། ་དེའི་ཕྱིར་འགོག་པར་བརྗོད་དོ།། ཡང་ན་མགྲིན་པ་ནས་དཔྲལ་བ་དང་མགོ་བོའི་མཚམས་ཀྱི་མཐར་ཐུག་པ་ནི་ཕྱིའོ།། ནང་དུ་དེ་ཙམ་དུ་སྲོག་འགྲོ་བའི་ཕྱིར་བཅུ་གཉིས་ཀྱི་མཐའོ།། སླར་ལ་དེ་ཉིད་སྨིན་མའི་དབུས་ནས་མགྲིན ་པའི་མཐར་ཐུག་པར་འོང་བ་དེ་ནི་དགུའི་མཐའོ།། དེ་བཞིན་དུ་ཡང་གསང་བ་དང་ལྟ་བ་དང་སྙིང་གའི་འཁོར་ལོ་རྣམསུ་སྔོན་དུ་གསུངས་པའི་རིགས་པས་རྣལ་འབྱོར་གྱི་ལམ་ལ་དཀའ་བའི་རྣལ་འབྱོར་པས་ཐུན་ཚད་ཀྱི་དུས ་ཀྱི་ཁྱད་པར་གྱིས་སམ། ཡང་ན་རྒྱུན་མི་འཆད་པར་གོམས་པ་བཅུ་གཉིས་ཀྱི་མཐའ་དང་དགུའི་མཐའ་ཉེ་བར་མཚོན་པར་བྱའོ།། དེའི་ཕྱིར་ཇི་སྐད་དུ་གསུངས་པ་དེ་ལ་དེ་སྐད་ཅེས་བྱའོ།། འཁོར་ལོ་འདི་རྣམས་ཀྱི་བསྒོམ་པའི་ཁྱད ་པར་གསུངས་པ། སྣལ་མ་གཅིག་ནི་ཡང་དག་འབྱུང་ཞེས་བྱ་བ་ལ་སོགས་པ་ལ། ཆ་ལྔ་པའི་ཚད་དང་ལྡན་ཞེས་པ་ནི་འདིར་སྔོན་དུ་གསུངས་པའི་ཧའི་གདན་ཨུའི་མིང་ཅ་ནོ།། འོན་ཀྱང་ཀླུ་དབང་རྣམ་པར་རབ་རྒྱས་པ་ཞེས་པོ་ལྟེ ་བའི་སྟེང་དུ་ཁུང་དུ་འཁྱིལ་བའི་རྣམ་པ་སྐོར་ཕྱེད་དང་བཞིའི་བདག་ཉིད་དེའི་སྣལ་མ་གཅིག་ཡང་དག་པར་བྱུང་ཞིང་སྤྱི་གཙུག་གི་མཐར་ཐུག་པར་སོང་བའོ།། དེ་ཡང་གཏུམ་མོ་ཞེས་བརྗོད་དེ།། གང་གི་ཕྱིར་ལྟེ་བར་གཏུམ་མོ ་སྦར་བཾ་ཡིས།། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་།། སྤྱན་མ་ལ་སོགས་པ་ནི་བསྲེགས།། བསྲེགས་པས་རི་བོང་ཅན་ཧཾ་འཛག་ཅེས་བཅོམ་ལྡན་འདས་ཀྱིས་གསུང་སོ།། ཆ་དེ་ཡང་ནི་ཕྱེད་ན་སུ།། རྡོ་རྗེ་དབུས་ངེས་པར ་བྱུང་ཞེས་པ་ནི།། ཀླུ་དབང་ལས་བྱུང་བ་སྣརེལ་མ་གཅིག་པོ་དེ་མི་ཤིགས་པ་རྡོ་རྗེ་སེམས་དཔའ་ལ་འཁྱུད་ཅིང་རོ་གཅིག་པར་བྱས་པ་བུམ་པ་གང་བ་བཞིན་བདུད་རྩིའི་རྒྱུན་འཛག་པའོ།། དེའི་ཕྱིར་ཡང་འོངས་ཏེ། གང་གི ་ཕྱི་རེ་ཛཱ་ལནྡྷ་རའི་སྒོ་རུ་སོང་ནས་ཨོཾ་ཌྱན་གྱི་སྒོར་ཡང་འོང་བའོ།། དེའི་ཕྱིར་དབྱེར་མེད་ཅིང་གཅིག་ཏུ་འདྲིས་པར་འགྱུར་རོ།། རྡོ་རྗེའི་དབུསུ་ཞེས་པ་ནི། དེ་བཞིན་དུ་ཨ་བ་དྷཱུ་ཏཱིའི་དབུ་སུ་རྩ་གཉིས་བྱུང་བའི་ཕྱིར་ཤེས་རབ་དང་ཐབས ་ཀྱི་བདག་ཉིད་ཁོང་སྟོང་གཉིས་ཏེ། དེ་ལྟར་ཨ་བ་དྷཱུ་ཏཱིར་སྟེང་དང་འོག་ཏུ་འབབ་པ་གཉིས་སོ།། དེའི་ཕྱིར་རྡོ་རྗེ་ཞེས་བརྗོད་དེ། གང་གི་ཕྱིར་སེམས་རྡོ་རྗེ་རྡོ་རྗེ་དེར་སོང་ནས་རྡོ་རྗེ་དེ་ལ་ཡང ་འོང་བའོ།། དེ་བཞིན་དུ་དབུས་སུ་ངེས་པར་བྱུང་སྟེ། ཞིག་ནས་སླར་ཡང་སྙིང་རྗེ་ཆེན་པོའི་ད་བང་གིས་རང་རིག་པ་སྐྱེའོ།། ཕྱག་རྒྱ་ཆེན་པོ་བདེ་བའི་དབང་གིས་དམ་ཚིག་གི་ཕྱག་རྒྱ་ཞེས་བརྗོད་དེ། ལོངས་སྤྱོད་རྫོགས་པའི་སྐུའི ་ཁྱད་པར་ཅན་ཞེས་པའི་དོན་ཏོ།། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱི་འདུས་པའི་དུས་དེས་ཆོས་ཐམས་ཅད་འདུས་པའོ།། དམ་ཚིག་དང་ཆོས་འདི་དག་གི་ཕྱག་རྒྱ་སྙོམས་པར་འཇུག་པ་དེ་ནི་དམ་ཚིགི་ཕྱོག་རྒྱའོ།། འདི་དག་གི ་རབ་ཀྱི་མཐར་ཐུག་པའི་ཕྱག་རྒྱ་ཆེན་པོ་ཐོབ་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བརྗོད་དོ།། འདིར་གསུངས་པ། རྡོ་རྗེ་མི་ཕྱེད་ཅེས་གསུངས་པ། སྙིང་གསུམ་གཅིག་པ་སེམས་དཔའོ།། ཤེས་རབ་རིགས་འདི་ཡིས་ནི།། རྡོ་རྗེ ་སེམས་དཔའ་ཞེསུ་བརྗོད་ཅེས་སོ།། ས་བོན་སྐྱེ་གནས་དབུསུ་གནས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་སྔོན་དུ་གསུངས་པའི་ཨོ་ཌྱན་གྱི་སྒོ་ལས་ཡང་འོངས་པའི་བྱང་ཆུབ་སེམས་ཀྱི་ཐེག་ལེ་སྐྱེ་གནས་དབུས་སུ ་གནས་པ་ཞེས་པ་ལྟེ་བའི་དབུསུ་གནས་པའོ།། ས་བོན་ཞེས་པ་ནི་ཇི་ལྟར་དངུལ་ཆུ་བསད་པ་དང་གཟུགས་པའི་རིམ་པས་བསད་པ་དང་འཛག་པས་ལས་བྱེད་དེ་བརྒྱ་སྟོང་ཕྲག་དུ་མ་དང་སྲིད་གྲངས་མེད་པར་འབྱེད་དོ།། དེ ་བཞིན་དུ་འདིར་ཡང་རྫོགས་པའི་རིམ་པས་ས་བོན་གྱི་གཟུགས་གནས་པ་ནི་ཡེ་ཤེས་ཆེན་པོ་ཞེས་པའི་དོན་ཏོ།། དེ་ཆོས་ཀྱི་དབྱིངསུ་ཞུ་བར་བྱས་ཤིང་ཀུནྡ་གཞི་རྣམ་པར་ཤེས་པ་ལ་ཐིམ་པར་གྱུར་ཅེས་པའི་དོན་ཏོ།། ་མ་རིག་པ་ལ་སོགས་པའི་སྒྲིབ་པ་ཟད་པར་ངེས་པར་གསུངས་པའི་ཚིག་གོ།། དེ་ལྟར་དངུལ་ཆུ་བཞིན་ཀུན་གཞི་རྣམ་པཱར་ཤེ་སྔོ་པ་ལ་སོགས་པ་གསད་ཅིང་དེ་བཞིན་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་བཅུ་གཉིས ་དང་། དེ་བཞིན་དུ་ལས་ཀྱི་དབང་པོ་དྲུག་དྲང་དེའི་བྱ་བ་དྲུག་ཀྱང་གསད་ཅེས་པའི་དོན་ཏོ།། འདིར་ནི་རང་དབང་ཐོབ་པའི་དེ་བཞིན་གཤེགས་པར་འགྱུར་རོ།། རང་དབང་ཐོབ་པ་དེ་ནི་གང་དང་གང་དུ་འགྲོ་འདོད་པ་དེ ་དང་དེར་འགྲོ་བར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ།། དེ་བཞིན་དུ་དེའི་རིམ་གྱིས་འཕོ་བར་འགྱུར་ཞེས་པ་ནི་ཏིང་འཛིན་ལ་གནས་པས་ཡེ་ཤེས་ཀྱི་དབང་གིས་སྒོ་དགུ་ནས་གང་དུ་འདོད་པ་དེར་འཕོ་བར་བྱེད་དེ། ་དེ་ཡང་མིག་ལ་སོགས་པའི་སྐྱེ་མཆེད་ཀྵིཾ་སྒོ་ནས་འགྲོ་བའི་དོན་ཏོ།། འོན་ཀྱང་ཇི་ལྟར་སྒྲ་བརྙན་དང་སྣ་ཚོགས་ནོར་བུ་བཞིན་སྔོན་གྱི་དངོས་པོས་སོ།། ཐམས་ཅད་དུ་ཞེས་པོ་ནི་རྣམ་པ་ཐམས་ཅད་ཀྱིས་སོ།། ཚངས ་པའི་མེ་ནི་འདི་དེ་བཞིན་ཞེས་པོ་ལ། མེ་ཞེས་པ་ནི་ཆགས་པ་ཆེན་པོའོ།། དེས་ནི་ཚངས་པ་ཞེས་པ་ནི་སངས་རྒྱསོ།། འདི་ཞེས་པ་ནི་རང་གིས་གནས་ཀྱི་སེམས་རྟོགས་པའི་ཕྱིར་རོ།། དེ་བཞིན་ཞེས་པ་ནི་མཆོག་གི ་གོ་འཕང་རྟོགས་པའི་ཕྱིར་ཚངས་པ་འམ། རང་བཞིན་གྱིས་སྡུད་པའི་ཕྱིར་མེ་སྐྱེ། གཏུམ་མོ་ཞེས་པའི་དོན་ཏོ།། ཡང་ན་མེ་ཞེས་པ་ནི་དུས་མེ་སྟེ་དབང་པོ་ཐམས་ཅད་བསྲེགས་པའི་ཕྱིར ་རོ།། དེའི་ཚེ་ཕྱིར་ཚངས་པ་འདི་ནི་བདག་མེད་པའི་དེ་ཁོ་ན་ཉིད་རིག་པའོ།། དེ་བཞིན་གཤེགས་པ་ནི་འཆིད་བཞོན་པའི་སྒོའི་དབྱེ་བ་ལས་སོ།། འདིར་སྒོའི་དབྱེ་བས་གསུངས་པ། སེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་སྒོ་དགུ་རྣམ ་ལ་བུ་ག་བཅུ་དྲུག་ཉིད་དུ་འགྱུར་ཏེ། འདི་རྣམས་ལ་དབུ་ནི་གསལོ།། དེ་བཞིན་དུ་བདུན་ནི་མི་གསལ་བ་སྟེ། དེ་ཡང་རིམ་པ་བཞིན་མགྲིན་པར་གཉིས་དང་། དེ་བཞིན་དུ་དཔུང་པའི་རྩ་བ་དག་དང་། སྙིང་ག་དང་། ལྟེ་བའི་རྩ་བ ་དག་དང་། དེ་བཞིན་དུ་ཁུ་བའི་བུ་གའོ།། འདི་རྣམས་ཀྱི་དགོག་པའི་ཕྱིར་རང་བཞིན་གྱིས་གྲུབ་པའི་ས་བོན་གྱི་ཡི་གེ་རྣམས་བརྗོད་དོ།། དེ་ལ་སའི་ས་བོན་གཉིས་ཞེས་པ་ནི་སྤྱི་ལ་ལཱའི་ས་བོན་གཉིས་སོ།། དེ་བཞིན་དུ་རླུང་གིས ་བོན་ཡ་ཡཱའོ།། ན་མཁའི་ཧ་ཧའོ།། སོགས་པའི་སྒྲས་ནི་མོའི་ས་བཽནྡ་ར་རཱའོ།། བདུད་རྩིའི་ཀྵཾ་ངོ་།། ཆུའི་ནི་བཾ་ངོ་།། འཕྱང་བ་དག་གིས་ཨུ་ཨཱུའོ།། གློ་བའི་ཧཱ་ཧུའོ།། སྙིང་གི་གོང་བུའི་ཧུའོ།། འཁྱིལ་བ་ཅན་གྱི་ཨ་ཨཱའོ།། ངེས ་པའི་ཚིགས་ཅན་གྱི་ཡི་གེ་གསུངས་པ། ཨ་ཨི་རྀ་ཨུ་ལྀ་ཞེས་པ་ནི་ན་མཁའ་ལ་སོགས་པའོ།། དེ་ལྟར་ཡང་གསུངས་པ། ཨ་ཀུ་ཧ་ཀིཾ་ཆོག་དྲག་མགྲིན་པོ་ཅན་ཞེས་པ་ནི་ན་མཁའི་བདག་ཉིད། ཨཾ་ཙུ་ཡ་ཤ་རྐན་ཅན་དྭེ་པ་ནི་རླུང ་གི་བདག་ཉིད་དོ།། རྀ་ཊུ་རཱ་ཥ་མ་སྟེ་སྤྱི་བོ་ཅན་ཞེས་པ་ནི་མའི་བདག་ཉིད་དོ།། ཨུ་པུ་ཝ་བ་མཆུ་ཅན་ཞེས་པ་ནི་ཆུའི་བདག་ཉིད་དོ།། ལྀ་ཏུ་ལ་ས་སོ་ཅན་སའི་བདག་ཉིད་དུ་འགྱུར་ཞེས་པའི་རིགས་པས་སོ།། དེའི་ཕྱིར་ས་ལ་སོགས་པའི་ས ་བོན་རྣམས་བརྗོད་དེ། ལྀ་ལཱྀ་ཨི་ཨཱཾ་ཨཾ་ཨཿརཱྀ་རཱཾ་ཀླེཀྵྨ་ཨཱུ་དྷཱི་དྷི་ཧུཾ་ཧཱུཾ་དུ་ཨཽ་ཨཿའོ།། ཡང་ན་འཇིགས་མ་དང་གཏུམ་མོ་དང་དྲག་མོ་དང་ལ་སོགས་པའི་ས་བོན་རྣམས་གཞན་དུ་གོ་སླ་བ་ཉིད་ཀྱི་ཕྱིར་མཽ་བྲིས་སོ།། དེ་ལྟར་འདི་རྣམས ་ཀྱི་ས་བོན་རྣམས་བསམ་པར་བྱ་སྟེ། རིམ་པ་བཞིན་ངེས་པར་གཟུང་སྟེ། བསམ་ཞེས་གསུངས་པའི་ཕྱིར་རོ།། དེ་ལྟར་ས་བོན་དེ་རྣམས་ལ་སྲོག་དང་ཐུར་སེལ་འགོག་པས་དབང་པོ་ཐམས་ཅད་དང་མིག་ལ་སོགས་པ་ཡང་ཐིམ་པར ་བྱའོ།། བདུད་རྩི་ཞེས་པ་ནི་གསོང་བའོ།། སོགས་པའི་སྒྲས་ནི་དྲི་ཆེན་དང་དྲི་ཆུའི་བུ་ག་དག་གཟུང་ངོ་།། དབང་ཕྱུག་གཙོ་ཞེས་པ་ནི་བསྲུབ་ཅིང་བསྲུང་པའི་སྦྱོར་བས་གཉིས་དང་རྐན་གཉིས་ཀྱི་བདག་ཉིད་བདེ་བ་སྟེ། འཇིག་རྟེན་དབང ་ཕྱུག་ཅེས་པའི་དོན་ཏོ།། མགྲིན་པར་ཞེས་པ་ནི་ལྕེ་ཆུང་གཉིས་སོ།། དཔུང་པར་ཞེས་པ་ནི་དཔུང་པའི་བུ་གའི་རྩ་བ་ནས་མཆུན་ཁུང་གི་ལམ་དུ་སོང་ཞིང་གློ་བོའི་མཐར་ཐུག་པར་སོང་བའོ།། སྙིང་གུའི་ཕྱོགསུ་བསྐྱོད་བ་ཞེས་པ་ནི ་པདྨའི་རྩ་བའི་སྣལ་མ་ལྟ་བུའི་རྩ་དེས་མདུད་པས་མདུད་པ་ཐམས་ཅད་དུ་ཁྱབ་པ་སྟེ། མགོ་བོ་དང་ལག་པ་དང་རྐང་པ་ལ་སོགས་པའི་སོར་མོ་རྣམསུ་ཡང་ཁྱབ་པའི་དོན་ཏོ།། ཕྱུགས་ཞེས་པ་ནི་འདིར་གསུངས་པ། གང་དུ་སྐྱེས་པའི ་ཕྱུགས་ཐམས་ཅད། ཁུ་བ་ལྟུང་བའི་རྒྱུ་ཡིས་ནི།། གསང་བའི་གན་སུ་འདི་གསལ་ཏེ།། རང་ཉིད་སེམས་ནི་མེད་པར་འགྱུར།། གང་གི་ཕྱིར་ཕ་དང་མ་ཡང་དག་པར་སྦྱོར་བས་ཀུན་བཞི་རྣམ་པར ་ཤེས་པ་དང་ལྷན་ཅིག་བརྒྱ་ལ་བརྒྱལ་བ་དེའི་ཕྱིར་དོན་མེད་པ་བྱེད་པ་དེའི་ཕྱིར་ཕྱུགས་ཞེས་བརྗོད་དོ།། དེ་བཞིན་དུ་ཁུ་བ་དང་བུ་གའི་གནས་དེ་དག་བསད་པ་འདིར་ཆགས་པ་དང་བྲལ་བ་སྐྱེས་པའི་དོན་ཏོ།། ལྟོ་བའི་རྩ་བར་ཞེས་པ་ནི། གསང ་བ་དང་ལྟེ་བ་དག་ཏུ་གཟུང་བའི་ཕྱིར་གཉིས་གཉིས་དང་བྲལ་བའི་སྦྱོར་བ་སྐྱེ་བར་འགྱུར་རོ།། ཡན་ལག་བརྒྱད་ཀྱི་ཞེས་པ་ནི་སྔོན་དུ་གསུངས་པའི་ཡན་ལག་བརྒྱད་ཀྱི་ས་བོན་རྣམ་སོ།། ཡན་ལག་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམ ་སོ།། དེའི་ས་བོན་ནོ་རྣམ་པར་ཤེས་པ་དང་དབང་པོའོ།། དེའི་འགོག་པོ་ནི་ཆོ་གས་ཡན་ལག་བརྒྱད་དུ་དགོད་པའོ།། དེ་ལྟར་ས་བོན་དང་ཡན་ལག་ཏུ་གཟུང་བས་སོ།། ཆོ་གས་ཞེས་པ་ནི་རང་སྔོན་དུ་གསུངས་པའི་རིགས་པས་སོ།། སླར ་ཡང་འབྲས་བུ་དང་རྒྱུའི་ཏིང་ངེ་འཛིན་དང་འབྲེལ་བའི་ཕྱིར་རབ་ཀྱི་མཐར་སོན་ཅིང་ནང་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་ཕྱིའི་རྟེན་བསྟན་པའི་ཕྱིར་འགྲོ་བ་ཀུན་ལ་ཁྱབ་པ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཁྱབ་པ་པོ་ཞེས་པ་ནི་རང ་རིགས་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་སེམས་སོ།། འགྲོ་བ་ཞེས་པ་ནི་ཁམས་གསུམ་པའི་འགྲོ་བ་རྣམསོ།། ཀུན་ཞེས་པ་ནི་སྒོ་ང་ལས་སྐྱེས་པ་དང་། མངལ་ནས་སྐྱེས་པ་དང་། དྲོད་གཤིར་ལས་སྐྱེས་པ་དང་། བརྫུས་ཏེ་སྐྱེས་པའོ།། ་བརྟན་པ་ཞེས་པ་ནི་ཤིང་ལ་སོགས་པ་དང་། རི་དང་འབྱུང་བ་ཆེན་པོ་བཞི་ཡང་གཟུང་ངོ་།། གཡོ་བར་བཅས་པ་ནི་རྐང་གཉིས་པ་དང་རྐང་བཞི་པ་ལ་སོགས་པའི་སེམས་ཅན་དེ་རྣམས་ལ་ཡང་ཁྱབ་པར་འགྱུར་རོ།། དེའི་རྟེན་དུ་གྱུར ་པ་ཡིན་ཞེས་པ་ནི་ཁྱབ་བྱ་དང་ཁྱབ་པར་བྱེད་པའི་ཤེས་བྱ་ལ་སོགས་པའི་སྒྲིབ་པ་སྤོང་བའི་སྟོབས་བཅུ་དང་། མི་འཇིགས་པ་བཞི་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པ་ཡིན ་ལག་བཅུ་གཉིས་སྤོང་བ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ཡང་དག་པར་རྗེ་སུ་རྟོགས་པ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྫོགས་པ། ལུས་དང་ངག་དང་སེམས་གསུམ་གྱི་དྲི་མ་དང་བྲལ་བ་བདག་དང ་བདག་གི་དང་། གཟུང་བ་དང་འཛིན་པའི་དངོས་པོ་དང་བྲལྟ་བ་བྱམས་པ་ལ་སོགས་པའི་གནས་རབ་ཏུ་སྦྱོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེའི་རྟེན་དུ་འགྱུར་ཏེ། དེ་བཞིན་དུ་ཚངས་ལྷ་དང་ལྷ་མིན་གྱི་ཡང་ངོ་།། ་སོགས་པའི་སྒྲས་ནི་ཁྱབ་འཇུག་དང་དྲག་པོ་དང་མི་དང་མི་མ་ཡིན་པ་ལ་སོགས་པ་བསྡུའོ།། དེ་ལྟར་ཁྱབ་བྱ་དོང་ཁྱབ་བྱེད་ཉམ་སུ་མྱོང་བས་སྒྱུ་མ་ལྟ་བུའི་ཏིང་འཛིན་ཉེ་བར་མཚོན་པར་བྱའོ།། གཙོ་བོ་གང་དུ་སྤྱོད་པ་ཡི།། གནས་ནི ་བྷ་ག་ཞེསུ་གསུངས། ཞེས་པ་ནི་གནས་ནི་གནས་ཤེས་བརྗོད་དེ། དེ་ལ་ཡང་ཕྱི་དང་ནང་གི་གཟུགས་ཅན་ནོ།། དེ་ལཾ་ན་གཱ་ནི་ལུས་ལ་གནས་པའི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས།། རྩ་དེ་ལ་བྷ་ག་ཞེས་བརྗོད་དོ།། དབང་ཕྱུག ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ།། རྩཝ་དེ་རྣམ་ལ་གཙོ་བོ་གྱང་དུ་སྤྱོད་པ་ཞེས་པ། སྲོག་གི་རླུང་ཡེ་ཤེས་ཀྱི་བདག་ཉིད་རྒྱུ་བྱ་སྟེ། དུས་ཀྱི་ཁྱད་པར་དང་འཕོ་བཅུ་གཉིས་ཀྱི ་དབྱེ་བས་ཞེས་པ་ནི་མདོར་བསྡུས་པའོ།། འོན་ཀྱང་རྩའི་དབྱེ་བས་སྟོང་ཕྲག་བདུན་ཅུ་རྩ་གཉིས་བརྗོད་དོ།། དེ་ཅིའི་ཕྱིར་ཞེ་ན། འཕོ་བའི་ཕྱིར་ན་འཕོ་བ་ཞེས་བརྗོད་དོ།། འདིས་ནི་ཉི་ཁྲི་ཅིག་སྟོང་དྲུག་བརྒྱའི་སྲོག་རྒྱུ་བའི་ཕྱིར་ཞེས ་པ་བསྟན་ཏོ།། ཡང་ན་རྩ་ཇི་ལྟར་བ་བཞིན་དེའི་ཚད་ཀྱི་རྣལ་འབྱོར་མི་རྣམསོ།། དེ་བཞིན་དུ་གནས་དང་ཉེ་བའི་གནས་དང་ཞིང་ལ་སོགས་པ་རྟོགས་པར་བྱའོ།། ཇི་ལྟར་ཕྱི་རུ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི ་ཁམས་སྣ་ཚོགས་པའི་འཇིག་རྟེན་གྱི་ཁམས་རྣམས་ཤར་དོང་ནུབ་དང་ལྷོ་དང་བྱང་དང་འོག་དང་སྟེང་དུ་འཕྱང་བར་གནས་ཏེ། སླར་ཡང་དེ་རེ་རེ་ལ་ཡང་དེ་ལྟར་འགྱུར་རོ།། འདི་དག་ཐམས་ཅད་ནི་ཁམས་གསུམ་པའོ།། ་དེ་བཞིན་དུ་ནང་དུ་རྩའི་དབྱེ་བས་གནས་དང་། ཉེ་བའི་གནས་ལ་སོགས་པ་རྟོགས་པར་བྱའོ།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུའི་མཚན་ཉིད་བསྟན་པར་འགྱུར་ཏེ། དེས་འགྲོ་བའི་དོན་བྱེད་པའི་བྱ་བ་ལ ་ཡང་དག་པར་ཉེ་བར་སྤྱོད་པར་འགྱུར་རོ།། ཇི་སྲིད་ལུས་ལ་གནས་ཀྱི་བར།། ད་ཡི་ལས་དང་ལས་མིན་འགྱུར་ཞེས་པ་ནི་འདིར་སྦྱར་སེམས་ཅན་རྣམས་ཀྱི་ལུས་ལ་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་ཀྱི་ལས་ཀྱིས ་འཁོར་བར་འཆིང་སྟེ། དེ་ཡང་ལས་ནི་གཉིས་ཏེ་དགེ་བ་དང་མི་དགེ་བའོ།། སེམས་ཅན་རྣམས་ནི་རྣམ་པ་གསུམ་དུ་འགྱུརརོ།། དེ་ཅི་ཞེ་ན། གསུངས་པ། དགེ་བའི་ལྷ་དང་མི་དགེ་བའི་ལས་དང་འདྲེས་པའི་ལསོ།། དེ་ལྟར་གང ་དག་དགེ་བཅུའི་ལས་ཀྱི་ལམ་རྣམས་ལ་ཆགས་པ་དེ་དག་ནི་དགེ་བའི་ལས་ཅནོ།། དེ་བཞིན་དུ་གང་དག་རིམ་པ་ལས་བཟློག་པ་ལས་ཆགས་པ་དེ་དག་ནི་མི་དགེ་བའི་ལས་ཅན་ནོ།། དེ་བཞིན་དུ་གཉིས་པོ་དེ་དག་གང་ལ་ཡོད ་པ་ཞེས་པ་དེ་དག་ཐམས་ཅད་འདྲེན་མ་ཅན་ནོ།། དེའི་ཕྱིར་ལུས་དང་ངག་དང་ཡིད་ཀྱི་ལས།། རང་བྱས་དགེ་དང་མི་དགེ་གང་།། འཇིག་རྟེན་དེ་ཡི་འབྲས་ལ་སྤྱོད།། བྱེད་པོ་གཞན་ནི་སུ་ཡང་མེད་ཅེས་གསུང་སོ།། གང ་ཕྱིར་འཁོར་བ་ལས་དང་ཉོན་མོངས་པ་དང་སྡུག་བསྔལ་བློ་བུར་རྣམས་ཀྱིས་དང་། རྟེན་ཅིང་འབྲེལ་པ་ཡན་ལག་བཅུ་གཉིས་ཀྱི་ཚུལ་གྱིས་འཁོར་བར་འཁོར་བར་འགྱུར་རོ།། ཅིའི་ཕྱིར་ན། ཇི་སྲིད་ཉེ་བར་ལེན་པའི ་ཕུང་པོ་ལྔ་ལས་ཏེ། ལུས་ཞེས་པ་ནི་ལུས་དེ་ལ་གནས་པའི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པའི་རྣམ་པར་ཤེས་པ་ཚོགས་བརྒྱད་དོ།། འོན་ཀྱང་ཀུན་གཞི་རྣམ་པར་ཤེས་པ་འབའ་ཞིག་ལས་འཇུག་པའི ་རྣམ་པར་ཤེས་པ་དྲུག་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་སྐྱེ་སྟེ། སྔོན་གྱི་བག་ཆགས་ཀྱི་དབང་གིསོ།། ཡང་དང་ཡང་ལས་ཀྱི་རྣམ་པར་སྨིན་པས་སེམས་བསྐྱེད་དེ། དེའི་ལས་དང་ལས་མ་ཡིན་པར་འགྱུར་ཏེ། ་མགལ་མེའི་འཁོར་ལོ་བཞིན་ནོ།། བློ་དང་ལྡན་པ་འམ་བྱང་ཆུབ་སེམས་དཔའི་སྤྲུལ་པའི་སྐུའི་དབང་གིས་ལས་ཞེས་པ་ནི། སེམས་ཅན་སྣ་ཚོགས་པ་ཡོངསུ་སྨིན་པའི་ཕྱིར་ཆོས་སྟོན། ་ཏོ།། གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་གང་ཅི་ཡང་རུང་བའི་ངག་གི་ལས་དེ་ནི་ཆོས་སྟོན་པ་ལ་གནས་པ་ཞེས་གསུངས་པའི་ཕྱིར་རོ།། ལས་མིན་ཞེས་པ་ནི་སྟོན་པ་དེ་སྒྲ་བརྙན་བཞིན་ཏེ། རྐན་དང་ལྕེ་དང་མགྲིན་པ་དང་མཆུ་རྣམས ་ཀྱིས་བརྗོད་པ་ནི་མ་ཡིན།། དེའི་ཞེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་དེའི་འོ།། འགྱུར་ཞེས་པ་ནི་ངེས་པར་རོ།། འོན་ཀྱང་ཇི་སྲིད་ལུས་ལ་རྣམ་གནས་པར་ཞེས་པ་ནི། གང་དུ་དེ་བཞིན་གཤེགས་པའི་ཆོས་སྟོན་པའི་དུས་སུ ་འཁོར་འདུས་པ་དེ་ནི་འདིར་སྔོན་གྱི་ལས་ཀྱི་དབང་གིས་ཐེག་པ་གསུམ་ལ་མོས་པ་རྣམས་དང་། བླ་ན་མེད་པའི་ཐེག་པ་ལ་གནས་པ་རྣམས་ཀྱི་རང་གི་སེམས་བསྐྱེད་པའི་དབང་གིསོ།། འདི་ཐམས་ཅད་སེམས་ཀྱི་ནང་དུ ་འདུས་ཤིང་སེམས་ཀྱང་ཐམས་ཅད་ཀྱི་ནང་དུ་འདུསོ།། དེའི་ཕྱིར་སྔོན་གྱི་ལུས་ལས་བྱུང་བའི་སེམས་ཅན་རྣམས་ཀྱི་ལུས་དེ་རྣམས་ཉིད་འཁོར་འདུས་པ་ཡིན་གྱི། གཞན་ནི་མ་ཡིན་ནོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱི ་ཐད་གསང་བའི་རྒྱུ་ལས་གསུངས་པ། རྣལ་འབྱོར་པ་དང་སེམས་ཅན་ཀུན།། འདོད་དང་མི་འདོད་དངོས་པོ་ཡིས།། ཉོན་མོངས་བག་ཆགས་ངེས་པས་བསྒོས།། ལུས་ཅན་ངེས་པར་འཁོར་བར་འགྱུར།། སེམས་གང་སྡུག ་བསྔལ་དེ་ཉིད་དེ།། ལུས་ཅན་གྱིས་ནི་ལུས་འབྱུང་ཕྱིར།། སེམས་དེ་བ་སར་རྟོགས་པ་ཡིས།། སྐྱེ་བོ་ཡིས་ནི་སྡུག་བསྔལ་གནོན།། རྣམ་པར་སྣང་མཛད་རྒྱལ་བ་མགོན།། སངས་རྒྱས་ཐམས་ཅད་གཅིག་འདུས་པ།། སེམས ་ཅན་ཐམས་ཅད་སངས་རྒྱས་ཉིད།། སངས་རྒྱས་སེམས་ཅན་སྒྲོལ་བྱེད་པའོ་ཞེས་བྱ་བ་ལ་སོགས་པས་རྟོགས་པར་བྱའོ།། ཡང་དེ་ཉིད་ལས་གསུངས་པ།། རང་སེམས་ཉིད་ནི་རྫོགས་སངས་རྒྱས།། རྟོགས་པར་བྱ་བའི་སེམས་ཉིད ་དེ||རང་སེམས་ཉིད་ནི་བསད་བྱ་སྟེ།། སེམས་ནི་བསད་པར་བྱ་བ་ཡོན།། རྣལ་འབྱོར་པ་ནི་འབྱོར་འབྲེལ་ཕྱིར།། རོས་འགའང་དངོས་པོ་འབྱུང་བ་མིན།། སངས་རྒྱས་གང་དེ་རྣལ་འབྱོར་པ།། སངས་རྒྱས་ང་རང་ཞེས་ནི་བསྒོམ།། ། ་མདོར་ནི་ཏིང་འཛིན་ཡེ་ཤེས་ནི།། སངས་རྒྱས་ཉིད་དུ་འབྱུང་བ་ཡིན།། སངས་རྒྱས་རྣལ་འབྱོར་མ་གཏོགས་པརྱ།། སངས་རྒྱས་རྣལ་འབྱིར་པས་མི་ཐོབ།། ཇི་ལྟར་ཕ་མོའི་དངོས་པོ་མཐོང་།། དེ་ལྟར་དངོས་དང་དངོས་མེད ་བསྒོམ།། དངོས་དང་དངོས་མེད་དངོས་པོ་ནི།། བསྒོམ་པ་ཡོངསུ་བརྟགས་པ་ཉིད།། དངོས་པོ་བསྒོམ་པ་དངོས་པོ་མེད།། བསྒོམ་པ་ཉིད་ནི་བསྒོམ་པ་མིན།། དངོས་དང་དངོས་མེད་ངག་གི་དངོས།། རང་གི་སེམས་ཀྱི་ལས་ནི ་ཉིད།། སངས་རྒྱས་ཡུལ་ནི་སངས་རྒྱས་མིན།། སེམས་ཅན་ཡུལ་དུ་མི་འགྱུར་ཏེ།། སངས་རྒྱས་རྟོགས་ལ་སངས་རྒྱས་མིན།། རང་སེམས་ཐུལ་བ་སངས་རྒྱས་ཉིད།། ཅེས་པ་ལ་སོགས་པས་རྟོགས་པར་བྱའོ།། དེའི་ཕྱིར ་མེ་ལོང་གི་གཟུགས་བརྙན་བཞིན་དུ་སེམས་ཅན་རྣམས་ཀྱི་རང་གི་བདག་ཉིད་ཀྱི་མང་གིས་སངས་རྒྱས་མཐོང་བར་འགྱུར་བྷེ། རིགས་གཞན་སས་ས་བར་ངན་ཏོ།། དགེ་དང་མི་དག་ང་དྲུང་དང ་བྱས་པའི་ལས་རྣམས་ཐམས་ཅད་བྱེད་ཅེས་པ་ནི་གང་གི་ཕྱིར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པས་གཡོགས་པ་གདུལ་དཀའ་བ་ལ་སོགས་པའི་སེམས་ཅན་རྣམས་ལ་དེའི་ལས་རྣམས་བྱེད་དེ་ལས་ཚོགས་ཀྱི་ཚུལ ་གྱི་ཆོས་སྟོན་ཞེས་པའི་དོན་ཏོ།། ཐམས་ཅད་ཅེས་པ་ནི་བསོད་པ་དང་བསྐྲད་པ་དང་དབྱེ་བ་དང་རྨོངས་པ་དང་རབས་ལ་སོགས་པའོ།། བྱས་པ་ཞེས་པ་ནི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་རང་གི་ཆུ་ལས་བསྐྱེང་བའི་དབང་གིས་དེ་བཞིན ་གཤེགས་པའི་ལས་དེ་ནི་བྱས་པའི་ལས་ཏེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེའི་རང་གི་སེམས་ཀྱི་མི་དགེ་བའི་དབང་གིས་བསད་པ་ལ་སོགས་པས་རྣམ་པར་གཞོམ་མོ།། བདེ་བའི་དབང་གིས་ནི་ཐམས་ཅད་ཀྱིས ་དགེ་བ་ཉམ་སུ་མྱོང་ངོ་།། གང་གི་ཕྱིར། རང་ཉིད་བྱེད་པོ་རང་འཕྲོག་པོ།། རང་ཉིད་རྒྱལ་པོ་རང་གཙོ་བོ།། ཞེས་གསུངས་པའི་ཕྱིར་རོ།། འོན་ཀྱང་ཐུན་མོང་བའི་སེམས་ཅན་མི་དགེ་བའི་གྲོགས་ལ་ཆགས་པ་རྣམས་མི་དགེ་བའི ་དབང་གིས་མནར་མེད་པ་ལ་སོགས་པའི་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་རོ།། དེ་བཞིན་དུ་དགེ་བའི་དབང་གིས་མཐོ་རིས་ལ་སོགས་པ་རྣམསུ་ལོངས་སྤྱོད་རྙེད་ཅེས་པ་ནི་ཐམས་ཅད་དུ་གྲགས་པའོ།། ང་ནི་ལས་དང ་བའི་ཚུལ་གྱིས་བསྒོམ་པའི་སྦྱོར་བ་གསུངས་པ། སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ། འདིར་འཆང་བཞིན་པའི་ཚུལ་གྱིས་དབང་ཇི་ལྟ་བཞིན་ཐོབ་པའི་སློབ་མ་ཡང་དག་པར་རྗེ་སུ་གནང་བ་དེའི་རང་དང་གཞན་གྱི་དོན་དུ་བསྐྱེད་པའི ་རིམ་པའི་ཚུལ་གྱིས་དཀྱིལ་འཁོར་ལ་སོགས་པའི་རྣམ་པར་ལྷོ་དམིགས་པས་ཐ་མལ་པའི་ང་རྒྱལ་ཡོང་སུ་སྤངས་པའི་དོན་དུ་ལྷའི་ང་རྒྱལ་འཆང་ངོ་།། དེའི་སྦྱོར་བ་ཞེས་པ་ནི་གནས་བསྲུང་བ་དང་བདག་བསྲུང་བ་དང་རྣལ་འབྱོར ་བསྲུང་བ་དང་། དང་པོའི་སྦྱོར་བ་དང་། དཀྱིར་རྫ.ོཾ་མཆོག་སྤྲུལ་རྒྱལ་པོ་མཆོག་དང་། ཐིག་ལེའི་རྣལ་འབྱོར་དང་། ཕྲ་མོའི་རྣལ་འབྱོར་རོ།། དུའི་སྒྲ་ནི་ངེས་པར་གཟུང་བའོ།། མཉམ་པ་ཉིད་ཅེས་པ་ནི་སྦྱོར་བ་དེས་སེམས་རྣམ་པར ་གཡེངས་པ་སྤངས་པའི་ཕྱིར་དེའི་ཞི་བ་ནི་མཉམ་པ་ཉིད་དུ་གསུངས་ཏེ། སྦྱར་བར་བྱ་ཞེས་དགོངསོ།། དེའི་ཕྱིར་བསྒོ་བ་རུ་ནི་འགྱུར་ཞུ་བ་ནི་དངོས་པོ་བསྒོམ་པར་བྱའོ།། དེ་ཅི་ཞེ་ན། བཅོམ་ལྡན་འདས་ཀྱི་གཟུགས་དཔལ་ཧེ་རུ་ཀའི་རྣམ་པ་ལ ་སོགས་པ་དམིགས་པའོ།། དེ་ཉིད་བསྒོམ་པར་བྱ་བར་འགྱུར་ཞེས་པ་ནི་ངེས་པའོ།། དེའི་རང་བཞིན་ཉིད་ཀྱིས་ན་ཀུན་གཞི་རྣམ་པར་ཤེས་པ་དེ་རབ་ཀྱི་མཐར་སོང་བའི་ཕྱིརརོ།། བསྒོམ་པའི་དངོས་པོ་དང་བསྒོམ་པ་པོ་གཅིག་ཏུ ་འདྲེས་པའི་བདག་ཉིད་ཅེས་པའི་དོན་ཏོ།། གང་ཚོ་ལས་ཀྱི་ལུས་ཞིག་ན།། དེ་ལྟ་བུ་ཡི་ལུསུ་འགྱུར་ཞེས་པ་ནི། འདིར་གང་ཚེ་འཆི་བའི་དུསུ་ཕུང་པོ་ལྔ་རྣམས་འཇིག་པར་འགྱུར་བ་དེའི་ཚེ་ལུས་དང་ངག་དང་སེམས་ཀྱི་ལས་རྣམས ་ཀྱང་འཇིག་གོ།། འོན་ཀྱང་སྔ་མ་ལ་བལྟོས་པའི་ཕྱིར་བག་ཆགས་ཀྱང་འཇིག་པས་ཆོས་ཐམས་ཅད་ལ་དམིགས་པ་དགེ་བ་འམ་མི་དགེ་བའི་འབྲས་བུར་འགྱུརརོ།། དེའི་ཕྱིར་འདིར་ཡང་དཔལ་ཧེ་རུ་ཀ་ལ ་སོགས་པའི་དམིགས་པས་དེ་འདྲ་བའི་ལྷ་རུ་འགྱུར་རོ།། དེ་ལྟར་རྣལ་འབྱོར་པས་འཆི་བའི་ཚེ་གང་དང་གང་གི་གཟུགས་གཟུང་བ་དེ་དང་དེ་རུ་སྣང་ངོ་།། ཇི་ལྟར་སྐྱེས་པ་འམ་བུད་མེད་འགའ་ཞིག་གཉིད་མ་ལོག་པའི་གནས་སྐངསུ་ཆགས་པ་ཡིད ་ལ་བྱེད་པ་དེ་ཉིད་ཀྱིས་གཉིད་ལོག་པའི་གནས་སྐྱབས་ཀྱི་དུས་སུ་རྣམ་པར་རྟོག་པས་རྨི་ལམ་དུ་ཡང་ཉམ་སུ་མྱོང་བར་འགྱུརརོ།། གང་གི་ཕྱིར། འགག་ཞིག་གཉིད་ལོག་སད་པ་ན། རེག་དང་ཉམ་སུ་མྱོང་བར་མི་རྙེད། དེས་ན་དེ་ནི་བརྫུན ་པར་འགྱུར།། དེ་འདི་སེམས་ཀྱི་ཐོ་འཚམ་པའོ།། དེའི་ཕྱིར་རྣལ་འབྱོར་པའི་སེམས་ཉིད་ལྷའི་གཟུགསུ་འགྱུརརོ།། དེའི་ནུས་པ་དེ་ཚེ་དེས།། གང་གིས་བརྟན་དང་གཡོ་བ་ཁྱབ།། ཅེས་པ་ནི་ལྷ་དེའི་གཟུགས་ཀྱི་ནུས་པ་ནི་སྟོབས་སོ།། ་དེ་ཚེ་ཞེས་པ་ནི་ངེས་པར་གཟུང་བའོ།། དེའི་ཞེས་པ་ནི་སྒྲུབ་པ་པོའི་འོ།། གོང་གིས་ཁྱབ་ཅེས་པ་ནི་སྟོན་ཀའི་ནམ་མཁའ་ཉི་མ་ཕྱེད་དུ་སྣང་བ་ལྟ་བུ་ཀུན་གཞི་རྣམ་པར་ཤེས་པ་དེས་ཁྱབ་བོ།། བརྟན་གཡོ་ཞེས་པ་ནི་ཁྱབ་བྱའོ།། བརྟན་པ་ནི་སྣོད ་ལ་སོགས་པའོ།། གཡོ་བ་ནི་རྐང་གཉིས་པ་དང་རྐང་བཞི་པ་ལ་སོགས་པའོ།། དེ་ལྟར་ཐམས་ཅད་ཀྱི་ཁྱབ་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་ན་ཆོས་རྣམས་ཐམས་ཅད་ཀྱི་རྟག་པ་ཉིད་ཀྱིས་ན་ཁྱབ་པར་བྱེད་པ་ནི་ཆོས་ཀྱི་སྐུའོ།། ། ་རྣལ་འབྱོར་པ་དེ་ཉིད་ཀྱི་སེམས་དེ་རྡོ་རྗེ་འཆང་ལྷའི་གཟུགས་དེ་ཕྱི་དང་ནང་གི་གཟུགས་རྣམས་ལ་ཁྱབ་པའོ།། དེའི་ཁ་དོག་ཤེས་པར་བྱ། ལུང་དང་མཉམ་པ་ལྟ་བུའོ་ཞེས་པ་ནི། དེའི་ལྷའི་བདག་ཉིད་ཀྱི་སེམས་ཀྱིའོ།། ཁྭ་དོག་ནི ་དམར་པོ་དང་སེར་པོ་དང་དམར་པོ་དང་ནགས་པོ་དང་ལྗང་གུའོ།། གང་ལུང་དང་མཉམ་པ་ལྟ་བུ་ཞེས་པ་ནི་བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་རྣལ་འབྱོར་བླ་མ་དང་། རྣལ་འབྱོར་བླ་མའི་རྒྱུད་རྣམསུ་གང་བཅོམ་ལྡན་འདས་ཀྱིས་གསུངམ ་པའི་ཞི་བ་ལས་ཀྱི་ཚུལ་གྱིས་ཤེས་པར་བྱ་ཞེས་པ་དེ་ཉིད་སྒྲུབ་པ་པོས་མོས་པའི་དབང་གིས་ལྟེ་བར་མཚོན་པར་བྱའོ།། ཡང་ན་ཁ་དོག་ཐམས་ཅད་དོ།། མྱ་ངན་འདས་གནས་དཔའ་བོ་ནི།། གོས་པ་མེད་ཅིང་དྲི་མས་སྦགས་ཞེས་པ་ལ ་མྱ་ངན་འདས་ཞེས་པ་ནི་ཆོས་ཀྱི་སྐུའོ།། དཔའ་བོ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་སྐུའོ།། མི་འཇིག་པའི་ཕྱིར་དཔའ་བོ་སྟེ། ཡན་ལག་མ་རྣམས་ཀྱི་བདེ་བ་ལ་རེག་པས་རེས་འགའ་ཡང་འཛག་པར་མི་འགྱུར་ཞེས་པའི་དོན་ཏོ།། ཡང་ན ་དཔའ་བོ་དང་བཅས་པའི་ལྷན་ཅིག་སྐྱེ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་དེ་བཞིན་གཤེགས་པ་རྣམས་ན་མཁའི་ཁམས་ཀྱི་མཐར་ཐུག་པར་བཞུགས་པ་ནི་དཔའ་བོ་སྟེ་མི་འཛག་པའི་རྒྱུད་ཅེས་པའི་དོན་ཏོ།། ཡང་ན་བདུད་པ་ནི་བཅོམ ་པའི་ཕྱིར་སྙིང་རྗེ་ཆེན་མངོན་དུ་བྱེད་ཅིང་ཕྱིར་མི་ལྡོག་གི་ཕྱིར་དཔའ་བོའོ།། ཡང་ན་དཔའ་བོ་རྣམས་ཐུལ་བའི་ཕྱིར་དཔའ་བོའོ།། གོས་པ་མེད་ཅེས་པ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཕྲག་དོག་ལ་སོགས་པ་ནི་གོ་བསྟེ ་ན་མཁའ་ལ་སྤྲིན་བཞིན་འགེགས་པར་བྱེད་པ་དེ་བཞིན་དུ་སེམས་ལ་མ་རིག་པ་ལ་སོགས་པའི་པ་ཁུར་པའི་དྲི་མ་རྣམས་ཀྱིས་འགེབས་པར་བྱེད་དོ།། དེ་རྣམས་དང་སྤྲུལ་པ་ནི་དགོས་པ ་མེད་པ་སྟེ། ལོང་སྤྱོད་རྫོགས་པའི་སྐུའོ།། དྲི་མས་སྔགས་ཞེས་པ་ནི་སྤྲུལ་པའི་སྐུའོ།། དེ་ཡང་མ་དང་ཕ་ཡང་དག་པར་སྦྱོར་བའི་དབང་གིས་ཕུང་པོ་ལྔ་ལ་སོགས་པ་རྣམས་ལ་བརྟེན་པར་བྱེད་དོ།། དྲི་མ་དེ་རྣམས་ཀྱིས་འདི་གསལ་བའི་ཡེ ་ཤེས་སྟོང་པ་དང་། སྙིང་རྗེའི་བདག་ཉིད་ཀྱི་སེམས་སྤགས་པའོ།། གང་གི་ཕྱིར་ཕུང་པོ་ལྔ་མ་གཏོགས་པར་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་མི་འགྱུར་རོ།། རྒྱུ་དེས་ན་སྐྱོ་རབས་སྣ་ཚོགས་པ་རྣམསུ་འཁྲུངས་པའི་ཕྱིར ་མ་འོངས་པར་ཡང་སྤྲུལ་པའི་སྐུས་ཅུང་ཟད་འདོད་ཆགས་ལ་བརྟེན་པའི་ཐུགས་ཀྱིས་བརྟེན་པར་བྱེད་དོ།། འདོད་ཆགས་ནི་སེམས་ཀྱི་དྲི་མ་སྟེ། དངོས་པོ་རྣམས་ལ་ཆགས་པའི་དྲི་མ་ངོས་སྦགས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་འཇུག ་པའི་དོན་ཏོ།། དེ་ལྟར་སྐུ་བཞི་གོ་རིམས་བཞིན་རྣལ་འབྱོར་པ་རྣམས་དང་འབྲེལ་བར་བྱའོ།། ད་ནི་ཕྱི་དང་ནང་དུ་རྩའི་དབྱེ་བས་འཕོ་བ་བཅུ་གཉིས་ཀྱི་དབང་གིས་བཅུ་གཉིས་བསྟན་པ་དང་རིགས་ཀྱི་རྣལ་འབྱོར་མོ་རྒྱུ་བའི་དམ་ཚིག་བསྟེན ་བའི་ཕྱིར། མ་དང་སྲིང་མོ་ཞེས་པ་ལ་སོགས་པ་གསུངས་ཏེ། འདིར་ལྟེ་བར་འཁོར་ལོ་རྩུབ་སོ་བཅུ་གཉིས་པའི་རང་བཞིན་ཐུན་མོང་དུ་བསྟན་པའོ།། འོན་ཀྱང་ཆང་མ་ནི་རྩིབས་བཅུའོ།། དེ་ཅིན་ནོ།། འདིར་ཕྱོགས་བརྒྱད ་དབྱེ་བས་རྩིབས་བརྒྱད་ཐུན་བརྒྱད་ཀྱི་བདག་ཉིད་དོ།། དེ་བཞིན་དུ་ཐུན་ཚོད་གཉིས་ཀྱི་དབྱེ་བས་གཉིས་ལྷག་པའོ།། དེ་ལྟར་རྩིབས་བཅུ་དཀྱིལ་འཁོར་བཅུ་འབབ་པའི་ཕྱིར་ཡང་བཅུའོ།། དེའི་འོག་དང་སྟེང་གི་དབྱེ་བས་འདབ་མ་གཉིས་ཏེ། ་རྩ་གཉིས་ཁུ་བ་དང་ཁྲག་འབབ་པའོ།། དེ་ལྟར་རྩིབས་བཅུ་གཉིས་འདིར་རིམ་པ་བཞིན་རྩ་རྣམས་འདུས་ཏེ། མ་ནི་སེར་སྒྱུ་མའོ།། སྲིང་མོ་ནི་ཡིད་བཟངས་མའོ།། བུ་མོ་ནི་ཨི་ཊའོ།། གཉིན་མོ་ནི་སྨར་མཱའོ།། བྲམ་ཟེ་མོ་ནི་གླང་པོ་ཆེའི ་ལྡེའོ།། རྒྱལ་རིགས་མོ་ནི་རྒྱལ་ཞེས་པའོ།། རྗེའུ་རིགས་མོ་ནི་རྒྱལ་མའོ།། དམྱངས་རིགས་མོ་ནི་ཨི་དྲའོ།། གར་མཁོན་མ་ནི་སྲེག་མའོ།། ཆོས་མཁན་མ་ནི་དུང་ཅན་མའོ།། འོག་ཏུ་ཡེ་ཤེས་ཅན་ཏེ་དེ་ནི་གཡུང་མོའོ།། སྙིང་དུ་རྣམ ་པར་ཤེས་པ་སྟེ། དེ་ནི་གཏུམ་མོར་ཤེས་པར་བྱའོ།། ཤེས་རཔྲ་ཐབས་ཀྱི་ཆོ་ག་ཡིས། ཤེས་པ་ནི་ཤེས་རབ་ནི་རྣལ་འབྱོར་མ་བཅུ་གཉིས།། དེ་རྣམས་ཀྱི་ཐབས་ནི་སྲོག་ལ་སོགས་པའི་རླུང་རྣམསོ།། ཚ་གྲ་ཡིས་ཞེས་པ་ནི ་དུས་ཀྱི་ཁྱད་པར་གྱིས་སོ།། མཆོད་པར་བྱ་ཞེས་བྱ་བ་ནི་ཇི་ལྟ་བའི་དུས་ཀྱིས་ཉེ་བར་མཚོན་པར་བྱ་བའོ།། དེ་ཉིད་རིགས་ཞེས་པ་ནི་རྣལ་འབྱོར་པ་ཁོ་ན་ཉིད་ཚོལ་ཞིང་རིག་པ་དེ་ནི་དེ་ཉིད་རིག་པའོ།། དེ་ཁོ་ན་ཉིད་ཅེས་པ་ནི་རང་རིག ་པའི་ཡེ་ཤེས་རབ་ཀྱི་གནས་སྐབསུ་སོན་པས་རྡོ་རྗེ་འཛིན་པ་ཆེན་པོའི་ས་ཐོབ་བོ།། དུས་འདིའི་ཆོ་ག་མ་གསུངས་ཀྱང་བླ་མ་བརྒྱུད་པ་ལོས་རྟོགས་པར་བྱའོ།། དེའི་རིམ་པ་ནི་འདི་ཡིན་ཏེ། རྩིབས་བཅུའི་དབྱེ་བ་རྣམས་ལ ་རྩིབས་རེ་རེ་རྩ་རེ་རེའི་བདག་ཉིད་ཀྱིས་འཕོ་བ་བཅུར་འགྱུར་ཏེ། འོག་དང་སྟེང་གི་རྩ་གཉིས་ཀྱི་དབྱེ་བས་ཐུན་ཚོང་བཞི་དང་ལྷན་ཅིག་འཕོ་བ་གཉིས་སོ།། ཅིའི་ཕྱིར་ཞེ་ན། ཕྱི་རོལ་ཏུ་ཡང་ལུག ་དང་སྲང་གི་འཕོ་བའི་དུས་གཉིས་མཉམ་པའི་ཕྱིར་རོ།། ད་ལྟར་ནང་དུ་མཉམ་པར་སྦྱོར་བའི་ཕྱིར་རྡོ་རྗེ་ལྟ་བུར་སྲོག་དང་ཐུར་སེལ་འབིགས་པས་རྩ་གཉིས་རྟོགས་པར་བྱའོ།། དེ་ལྟར་འཕོ་བ་བཅུ་གཉིས་ཉེ་བར་མཚོན་པར་བྱའོ།། ། ་ཇི་ལྟར་ཕྱི་རོལ་དེ་བཞིན་ནང་གི་བདག་ཉིད་དོ།། དེ་ཡང་འཕོ་བཱ་རེ་རེ་ལ་གཡོན་དང་གཡོས་ཀྱི་སྣའི་བུ་གའི་དབྱེ་བས་དཀྱིལ་འཁོར་ལྔ་ལྔ་རྒྱུ་བར་འགྱུར་ཏེ། དཀྱིལ་འཁོར་རྀ་རེ་ལ་སུམ་བརྒྱ་དྲུག་ཅུའི་སྲོག་རྣམ་སུ་འགྱུར།། དེ་ལྟར ་དབྱུག་ཚོད་དྲུག་ཅུ་དང་རྩ་དྲུག་ཅུ་རྣམས་ཡང་འགྱུར་རོ།། དེ་བཞིན་དུ་ཨ་བ་དྷཱུ་ཏཱིའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཆ་ལ་དཀྱིལ་འཁོར་བཅུ་གཉིསུ་བརྗོད་དེ། དེ་རྣམས་ལྷན་ཅིག་བདུན་ཅུ་རྩ་གཉིསུ་འགྱུར་རོ།། དེ་རྣམས་ལས་རྣལ ་འབྱོར་མ་དང་། རྣལ་འབྱོར་གྱི་རྒྱུད་རྣམས་སྐྱེ་བ་བརྗོད་དེ། དེ་ལ་ད་ལྟར་སྤྲོ་བ་དང་སྡུད་པ་གཡོན་གྱི་རྩ་རྣམས་ལ་རྣལ་འབྱོར་མའི་རྒྱུད་དྲུག་ཏུ་འགྱུར་རོ།། དེ་བཞིན་དུ་གཡས་ཀྱི་རྩ་ལ་རྣལ་འབྱོར་གྱི་རྒྱུད་དྲུག་ཏུ་འགྱུར་རོ།། དེ་ཡང ་གཡོན་རྣམས་ལ་འཁོར་ལོ་སྡོམ་པ་དང་། གདན་བཞི་པ་དང་། རྣལ་འབྱོར་རྗེ་སུ་རིག་པ་དང་། ཀུན་ཏུ་སྤྱོད་མ་དང་། བརྗོད་པ་བླང་མ་དང་། ཧེ་རུ་ཀ་མངོན་པར་འབྱུང་བའོ།། དེ་བཞིན་དུ་གཡོས་རྣམས་ལ་འདུས་པ་དང་། ་སྒྱུ་འཕྲུལ་དྲ་པཱ་དང་། རྡོ་རྗེ་བདུད་རྩི་དང་། རྡོ་རྗེ་འཇིགས་བྱེང་དང་། གཤིན་རྗེའི་དགྲ་དང་། དཔལ་མཆོགས་དང་པོའོ།། དེ་ལྟར་རྣམ་པ་གཉིས་ནི་ཁ་སྦྱོར་ཞེས་བརྗོད་དེ།། དུས་ཀྱི་ཕོ་ཉ་དྲུག་དྲུག་གི་དབྱེ་བསོ།། དེ་ལས་རྣལ་འབྱོར་མ་དང ་རྣལ་འབྱོར་གྱི་རྒྱུད་དག་འབྱུང་སྟེ། སུམ་ཅུ་གཉིས་དྲུག་ཅུར་འགྱུར་ཞེས་སྦྱརོ།། དེ་ལས་དཔལ་དགྱེས་པའི་རྡོ་རྗེ་འབུམ་ཕྲག་ལྔ་པ་ཞེས་པ་རྟོག་པ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ།། དེས་ན་རྒྱོད་ཉུང་ངུར་བྱང་ཆུབ་ཀྱི་སེམས ་འབབ་པཱིཿསུཾ་རྩ་གཉིས་གསུངས་ཏེ་དེ་ནི་བསྡུས་པའི་དོན་ཏོ།། དེ་དེ་ལྟར་མི་ཤེས་པའི་སེམས་ཅན་རྣམས་ཁ་སྦྱོར་ཐིག་ལེ་ལས་བྱུང་བ་རྣལ་འབྱོར་གཙོ་བོར་བཅོམ་ལྡན་འདས་ཀྱིས་བསྟན་ཏོ།། སླར་ཡང་རྩི་འོདི་དག་རྣམས་ཀྱི ་རྩིབས་བཅུ་གཉིས་རྣམས་ལ་རླུང་རྣམ་པར་བཞག་པ་བརྗོད་དེ་སྲོག་དང་། ཐུར་སེལ་དང་། མཉམ་པ་དང་། གྱེན་རྒྱུ་དང་། ཁྱབ་བྱེད་ལྔའོ།། ཀླུ་དང་རུ་སྦལ་དང་རྩངས་པ་དང་ལྷས་བྱིན་དང་ནོར་རྒྱལ་ཞེས་པ་བཅུ་ནི་རྩིབས་བཅུ་ལའོ།། ་དེ་བཞིན་དུ་འགྲོ་དང་སྟེང་དུ་ཡེ་ཤེས་འཆར་བ་དང་། རྣམ་པར་ཤེས་པ་འཆར་བའོ།། དེ་རྣམས་ཀྱི་འཕོ་བ་བཅུ་གཉིས་ཀྱི་དབྱེ་བས་དཀྱིལ་འཁོར་རྒྱུ་བའི་དབང་གིས་དང་བླ་མའི་མན་ངག་གི་དབང་གིས་ཨ་བཱ་དྷཱུ་ཏཱིར་སྲོག་རྒྱུ་བས ་འཕོ་བའི་དཀྱིལ་འཁོར་རྣམས་འགོག་པར་འགྱུར་རོ།། རྒྱུན་ཏུ་གོམས་པའི་ཡན་ལག་བཅུ་གཉིས་རྣམས་འགོག་པར་འགྱུར་རོ།། དེས་ན་ས་བཅུ་རྣམས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པར་འགྱུར་ཏེ། གང་གི་ཕྱི་རེ་མ་ཞེས་པ་ལ ་སོགས་པ་ཆོས་མཁན་མའི་མཐར་ཐུག་པ་རབ་ཏུ་དགའ་བ་ལ་སོགས་པས་ས་བཅུ་རྣམས་ཀྱི་ཏིང་ངེ་འཛིན་གྱིས་ཡོན་ཏན་དོན་དམ་པའི་བདེན་པའོ།། འདིའི་རྒྱུ་ཡང་ཀུན་རྫོབ་ཀྱི་བདེན ་པ་ལ་སོགས་པའི་རྩཝ་རྣམ་པ་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུ་སྟེ། དེས་རབ་ཏུ་ཐོབ་པའི་སངས་རྒྱས་ཀྱི་ས་ཀུན་ཏུ་འོང་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཡང་དག་པའི་མཐའ་ནི་གཡུང་མོ་ཞེས་བརྗོད་དོ།། དང་ནི་སྡུད ་པའི་དོན་ཏོ།། དེ་དག་ནི་མ་གསུངས་ཀྱང་དོན་གྱིས་རྟོགས་པར་བྱ་ཞེས་པའི་དོན་ཏོ།། དེ་བཞིན་དུ་སྙིང་རྗེའི་དབང་གིས་མོས་པས་སྤྱོད་པའི་ས་ནི་བཅུ་གཉིས་སོ།། དེ་ཡང་དང་པོར་འགྱུར་ཏེ། གང་གི་ཕྱིར་རྣལ་འབྱོར་པའི་བསམ ་གཏན་ཐམས་ཅད་ཀྱི་དང་པོར་སྙིང་རྗེ་ལ་དམིགས་པའི་བསམ་གཏན་དེ་བཞིན་གཤེགས་པས་བསྟན་ཏེ།། དེ་ཡང་གཏུམ་མོ་ཞེས་བརྗོད་དེ་ཤིན་ཏུ་འདུག་ཅིང་གཏུམ་པ་ལོག་པའི་ཆོས་ཀྱིས་ཉེ་བར་བསྣུན་པོ་རྣམས་ཀྱི་བློ ་ངན་པ་རྣམ་པར་གཞོམ་པའི་ཕྱིར་དྲག་པོ་ལ་སོགས་པའི་གཟུགས་དང་སྙིང་རྗེས་བརླན་པའི་ཐུགས་ཀྱིས་ལས་ཆོ་གས་སྣ་ཚོགས་པ་དེ་བཞིན་གཤེགས་པས་གསུངསོ།། དེའི་ཕྱིར་གཏུམ་མོས་གཏུམ་པོའི་ལས་རྣམས ་གཞོམ་པའི་ཕྱིར། སྟང་གི་རྩ་དག་གོ།། དེ་ལྟར་སྲོག་དང་ཐུར་སེལ་གྱི་སྦྱོར་བའི་ཤེས་རབ་དང་ཐབས་ཀྱི་ཆོ་གའི་སྦྱོར་བ་དེས་རྡོ་རྗེ་ལྟ་བུའི་སེམས་མཆོད་པར་བྱའོ།། ཡང་ན་དབང་གི་དུས་སུ་རྣལ་འབྱོར་མ་བཅུ་སློབ་མས་སློབ ་དཔོན་ལ་དབུལ་བར་བྱའོ།། གཡུང་མོ་དང་གཏུམ་མོའི་བུ་མོའི་སྐྱེ་གནས་མ་ཉམས་པ་གཉིས་ཁྲུས་ཀྱི་དོན་དུ་ཡང་དབུལོ།། དེ་རྣམས་དང་ལྷན་ཅིག་སློབ་དཔོན་གྱིས་སྙོམས་པར་འཇུག་པར་བྱ་སྟེ། སློབ་མ་ལ་གསང་བའི་དབང ་བསྐུར་བའི་རྒྱུར་རོ།། དེ་ཡང་བུང་བའི་དྲ་དང་ཁ་ཕྱེ་བ་དང་ཕྱེ་མ་ཐག་དང་། བསྐུམས་པ་དང་། བརྐྱང་བ་ལ་སོགས་པ་འབྱུང་བའི་ཚོགས་འདོད་པའི་བསྟན་བཅོ་སུ་གསུངས་པའི་ཚུལ་གྱིས་རྟོགས་པར་བྱའོ།། དེ་བཞིན་དུ་བཅུའི་ནང་ནས ་གཅིག་དབང་ཕྱི་མའི་དོན་དུ་སློབ་མ་ལ་གཏང་པོར་བྱའོ།། གཅིག་ཀྱང་འབྲས་བུ་དང་རྒྱུའི་དབང་གིས་བཅུར་འགྱུར་ཏེ། དེ་ཅི་ཞེ་ན། གསུངས་པ། དང་པོ་ནུ་མ་ལ་རེག་པའི་ཕྱིརཱ། མ་ཞེས་བརྗོད་དོ།། དེ་ཡང་གདུང་བ་དང ་བཅས་པས་ལྟ་བ་ནི་སིང་མེའོ།། བརྩེ་བ་བརྟན་པས་འཁོར་བའི་སྡུག་བསྔལ་སེལ་ཏོ།། ད་ནི་ངེས་པར་གཟུང་བའོ།། དེ་ཡང་ཐམས་ཅད་ཀྱི་རྗེ་སུ་འབྲེལ་པར་བྱའོ།། དེ་བཞིན་ཞེས་པ་ནི་མ་ལྟ་བུ་དང་སྲིང་མོ་ལྟ་བུའོ།། བུ་མོ་ལྟ ་བུ་ཞེས་པ་ནི་ཡང་དང་ཡང་དུ་འོ་བྱ་བའི་ཕྱིར་རོ།། དེ་བཞིན་དུ་གཉེན་མོ་ནི་འཁྱུད་པའི་ཕྱིརརོ།། བྲམ་ཟེ་མོ་ནི་དམ་པའི་དོན་རིག་པའོ།། རྒྱལ་རིགས་མ་ཞེས་པ་ནི་ཤིན་ཏུ་ཆགས་པའི་སྦྱོར་བས་རེས་འགའ་ཡང་ཡོངསུ་མི་ཚིམ ་བའོ།། ཡང་ནི་ཤིན་ཏུ་གདུངས་པས་ཀྱང་མི་ཚིམ་པའོ།། ཡང་ན་བྲམ་ཟེ་མི་ཞེས་པོ་ནི་ཚངས་པའི་གནསུ་ཤེས་པར་བྱ་བ་སྟེ། རང་གི་ལག་པས་མཚན་མ་གཟུང་ནས་རང་གི་མཚན་མར་རེག་པར་བྱེད་པའོ།། དེ་བཞིན་དུ ་རྗེའུ་རིགས་མོ་ཞེས་པ་ནི་ཆ་ལུགས་སྣ་ཚོགས་པའི་གཟུགས་སྣ་ཚོགས་པས་འདོད་པའི་བསྟན་བཅོས་ཀྱི་ཚུལ་གྱིས་སིད་ཅེས་པ་འམ། ཧ་ཞེས་པ་འདྲོན་པའོ།། དེ་བཞིན་དུ་དམངས་རིགས་མ ་ནི་འཛག་པ་སྟེ། ཇི་ལྟར་རིའི་རྩེ་མོ་ནས་ཆུ་རྒྱུན་འཛག་པ་དེ་བཞིན་དུ་པདྨའི་ལྟེ་བ་ནས་བྱང་ཆུབ་སེམས་ཀྱི་འཛག་པའོ།། དེ་བཞིན་དུ་གར་མཁན་མ་ཞེས་པ་ནི་ཡན་ལག་བརྒྱད་ཀྱིས་བསྐོར་བའི་ཕྱིར་རོ།། དེ་བཞིན་དུ་ཆོས་མཁན་ཞེས་པ་ནི ་ཆགས་པ་ཆེན་པོའི་བདེ་བས། བདེ་བ་མི་འཆོར་བར་བྱེད་པའོ།། དེ་ལྟར་འདོད་པའི་གནས་སྐབས་བཅུ་རྒྱས་པ་ལས་ཤེས་པར་བྱའོ།། དེ་ནས་གཡུང་མོ་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་དུསུ་ཡེ་ཤེས་སྨྲར་མེད་པ་དང་རེག་ཏུ ་མེད་པའི་ཕྱིར་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་ཉིད་ཀྱིས་ངག་གི་ལམ་དང་བྲལ་བ་ཞེས་པའི་དོན་ཏོ།། དེ་ཉིད་གཏུམ་མོར་ཤེས་པར་བྱ་བ་སྟེ། རྣམ་པར་རྟོག་པའི་ཤི་བསྲེག་པས་གཏུམ་མེའོ།། དགའ་བ་དང་བྲལ་བ་རྣམས ་བྲལ་བར་བྱེད་ཅིང་དེ་བཞིན་བདེ་བར་བྱེད་པའོ།། དེ་ལྟར་ཕྱི་དང་ནང་གི་སྦྱོར་བ་ནི་དམ་ཚིག་ཅེས་པའི་དོན་ཏོ།། དེས་ན་འདུས་པ་དམ་ཚིག་ཏུ་བལྟ་བའོ།། དེ་ཉིད་རིག་པས་མཆོད་ཅེས་པ་ནི་གཉིས་ཏེ། སྒྱུ་མ་ལྟ་བུ་དང་རྣམ་པར་རིག་པའོ།། ་སྒྱུ་མ་ལྟ་བུའི་ནི་སྔོན་དུ་གསུངས་པའི་འཁོར་ལོ་རྩིབས་བཅུ་གཉིས་པའི་ཚུལ་གྱིས་ས་ལ་བརྟེན་པའོ།། དེའི་ཕྱིར་རྣམ་པར་རིག་པ་ནི་ད་ལྟའི་སེམས་ཅན་རྣམས་ཀྱི་རང་གི་སེམས་ཀྱི་བསམ་པས་ལས་ཀྱི་ཕྱག་རྒྱ་དང་། སྦྱར་བས་སངས ་རྒྱས་ཉིད་ཐོབ་པས་དེ་ལ་དེ་སྲིད་ཅེས་བྱའོ།། ད་ནི་དམ་ཚིག་བསྲུངས་པ་དང་ཉམས་པའི་སྐྱོན་དང་ཡོན་ཏན་བསྟན་པའི་ཕྱིར། ཇི་ལྟར་དབྱེ་བ་སྐྱེ་མེད་པར་ཞེས་པ་ལ་སོགས་པ་གསུངས་ཏེ། འདིར་སྔོན་དུ་གསུངས་པའི་ཏིངངེ་འཛིན ་བསྟེན་པའི་དུས་སུ་དེ་ཡང་རབ་ཏུ་འབོད་པས་བསྟེན་པར་བྱའོ།། རབ་ཏུ་འབད་པས་ཞེས་པོ་ནི་ལུས་དང་ངག་དང་སེམས་ཀྱི་ཉེས་པ་སྟེ་རྩ་རྒྱུ་བའི་དུས་ཇི་ལྟར་སེམས་རྣམ་པར་གཡེང་བར་མི་འགྱུར་བ་དེ་ལྟར་དུས་འཇིག་པར་བྱེད་དེ་སྐད ་ཅིག་མ་གཅིག་ལ་མཚོན་པ་ཞེས་པའི་དོན་ཏོ།། གང་གི་ཕྱིར་རྣམ་པར་གཡེང་བར་འགྱུར་བ་དེའི་ཚེ་ཉེས་པ་སྐྱེ་སྟེ། ཏིང་ངེ་འཛིན་ལ་གནས་པའི་ལམས་ཉམ་སོ།། སེམས་ཉམས་པ་དེས་ཇི་ལྟར་དབྱེ་བ་ཞེས་པ་དུས་ཀྱི་དབྱེ་བ ་སྐྱེའོ།། དེས་ན་སྐལ་བ་མེད་པར་འགྱུར་ཏེ། མིག་ལ་སོགས་པ་རྣམ་པར་ཤེས་པ་རྣམས་གཡེང་བའི་དོན་ཏོ།། དེས་མཐོང་བའི་ཉེས་པའི་ཕྱིར་དམ་ཚིག་ཉམས་པར་འགྱུར་རོ།། ཡང་ནཱ་དབང་ལ་སོགས་པའི་དུས་སུ་དམོ་ཚིག ་ལོ་སྤྱོད་པའི་དབང་གིས་གསད་བར་མི་བྱེད་ཅེས་པ་ནི་གདུལ་དཀའ་བའི་སེམས་ཅན་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་དེ་མཐོང་བས་སྡུག་བསྔལ་ཞེས་པ་ནི་མན་མེད་པ་ལ་སོགས་པའི་དམྱལ་བ་རྣམསུ་འགྱུར་རོ།། རྣལ་འབྱོར ་གྱི་སྦྱོད་བ་ལ་མཐོ་འཚམ་པ་སྤྲུལ་ལ་སོགས་པས་གསང་ནས་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུརརོ།། དེའི་ཕྱིར་དམ་ཚིག་བསྲུངས་པས་དངོས་ཀུབ་བཐོད་ཅེས་པ་ནི་ངེས་པའོ།། ད་ནི་རྣལ་འབྱོར་མ་ཞིང་སྐྱེས་བརྒྱད་ཀྱི་རིགས་རློམ ་བསྟན་པའི་ཕྱིར། རིགས་ཀྱི་དབྱེ་བས་ཕྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞིང་དང་ཉེ་བའི་ཞིང་ལ་གནས་པའི་རྣལ་འབྱོར་པ་རྣམས་ཀྱི་རིགས་ཀྱི་དབྱེ་བས་ཕྱེ་བ་ཞེས་པ་ནི་དེ་བཞིན ་གཤེགས་པ་ལྔའི་རང་བཞིན་གྱི་བདག་ཉིད་མཚོན་པར་བྱའོ།། དེས་ནི་ཉེ་བར་མཚོན་པས་སྒྲུབ་པ་པོ་རྣམས་ལ་མཆོག་སྟེར་བར་འགྱུར་རོ།། ཅིའི་ཕྱིར་ཞེ་ན། སེམས་ཀྱི་རིགས་ཀྱི་དབང་གིས་གཅིག་དང་དུ་མའི་སེམས་ལས་བྱུབ་པའི ་དངོས་པོའི་ཕྱིར་དེས་ན་དག་པའི་རང་བཞིན་གྱི་འཁོར་ལོ་ལས་ཕྱི་རོལ་ཏུ་རྣལ་འབྱོར་མ་རྣམས་སྐྱེའོ།། དེས་ན་ཡང་སྒོམ་པ་ཙམ་གྱི་རྣམ་པར་རྟོག་པའི་དབང་གིས་སྒྲུབ་པ་པོ་རྣམས་ཀྱང་དུས་མཉམ་པ་ལ་སྐྱེའོ།། དེའི་ཕྱིར་གཅིག་ལ ་གཅིག་མཐོང་བས་གྲོལ་བར་འགྱུར་རོ།། དེ་ལྟར་ཞིང་བརྒྱད་ཀྱི་རྣལ་འབྱོར་མ་རྣམས་རང་གི་རིགས་དང་འཁྱུད་པས་ཕྱག་རྒྱ་ཞེས་པ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ།། དེ་ཡང་རྣམ་པ་ལྟ་རུ་གསུངས་ཏེ། བྲམ་ཟེ་མོ་ལ་སོགས ་པའོ།། དེ་བཞིན་གཤེགས་པར་འདོད་ཅེས་པ་ནི་རྣམ་པར་སྣང་མཛོད་ཅེས་པའོ།། དཔག་མེད་རྡོ་རྗེ་ཞེས་པ་ནི་འོད་དཔག་ཏུ་མེད་པའི་རིགས་ལས་སྐྱེས་པའོ།། ལས་ཀྱི་རིགས་ལས་སྐྱེས་པ་ནི་དོན་ཡོད་པར་གྲུབ་པའི་རིགས་ལས ་སྐྱེས་པའོ།། དམངས་མོ་ནི་ཞི་བ་མོ་ལ་སོགས་པའི་རིགས་མའོ།། རྣམ་སྣང་མཛད་ནི་ཆེན་པོར་འདོད་ཅེས་པ་ནི་ནང་དུ་རང་རིག་པའི་གཟུགས་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་ཞེས་པའི་དོན་ཏོ།། རྡོ་རྗེ་ཞེས་པ་ནི་མི་བསྐྱོད་རྡོ་རྗེའོ།། ་རིན་ཆེན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྱི་རིགསོ།། ཕྱག་རྒྱ་རྣམ་པ་ལྔར་ངེས་པའོ།། ཞེས་པ་ནི་སྔོན་དུ་གསུངས་པའི་ཞིང་སྐྱེས་ཀྱི་རྣལ་འབྱོར་རིགས་ལྔ་ལས་སྐྱེས་པ་རྣམསོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་ལྔར་ངེས་པའི་དོན་ཏོ།། དེ་བཞིན ་གླགཤེགས་པ་རྣམས་ཀྱི་རིགས།། འདི་ནི་མདོ་རུ་བསྡུས་པར་བརྗོད། ཅེས་པ་ནི་རིགས་ལྔ་པོ་འདི་དག་ནི་འདོད་ཆགས་ཆེན་པོ་དང་། ཞེ་སྡང་ཆེན་པོ་དང་། གཏི་མུག་ཆེན་པོ་དང་། ཕྲག་དོག་ཆེན་པོ་དང་། སེར་སྣ་ཆེན་པོའི་རིགས་ལྔའོ།། ་རིགས་དེ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཏུ་སོང་བ་དེ་བཞིན་གཤེགས་པས་མདོར་བསྡུས་ཏེ་རབ་ཏུ་བསྟན་ཏོ།། འོན་ཀྱང་རིགས་མཐའ་ཡས་པས་ཕྱག་རྒྱ་མཐའ་ཡས་ཏེ། གཅིག་ལ་གཅིག་འཁྱུད་པའི་དབང་གིས་རང་གིས ་རིགས་ལ་མངོན་པར་བགྲོད་པས་དེ་རྣམས་དང་ལྷན་ཅིག་འགྲུབ་པ་ལ་འདིར་སོམ་ཉི་མེདོ།། སུའི་ཞེ་ན། དེ་བཞིན་ཉིད་དུ་སོང་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་རྣམ་པ་ཀུན་གྱི ་མཆོག་དང་ལྡན་པ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་མེད་པའི་འོད་གསལ་བ་གྲོལ་བའི་ལམ་གྱི་མཚན་ཉིད་དངོས་པོ་རྣམས་དང་རོ་གཅིག་པར་བྱེད་པའི་ཕྱག་རྒྱ་ནི་བྱས་རྒྱ་རིན་པོ་བྲི་བརྗོད་དེ། དེར་སོང་བ་ནི་སེམས་ལས་བྱུང ་བའི་དངོས་པོ་གཉིས།། དཔལ་ལྡན་ཞེས་པ་ལ། དཔལ་ཞེས་པ་ནི་གཉིས་མེད་པའི་ཡེ་ཤེསོ།། ལྡན་ཞེས་པ་ནི་དེར་རིགས་པའི་སེམས་དེའི་བདག་ཉིད།། དེ་བཞིན་དུ་སྒོར་འོངས་པ་ཞེས་པ་ད་ནི་དེ་ལས་ཡང་རྟེན་ཅིང་འབྲེལ་བར་འབྱུང ་བ་བཞིན་དུ་དེ་ཉིད་ལས་འོངས་པས་སྤྲུལ་པའི་སྐུ་གཟུང་ནུས་སེམས་ཅན་གྱི་དོན་བྱེད་ཅིང་སླར་ཡང་དེ་ཉིད་དུ་སོང་ནས་སྔགས་ཀྱི་ཐེག་པ་ཆེན་པོའི་ཆོས་རྗེ་སུ་དྲན་པ་སྐུ་བཞི་ཐོབ་པའོ།། ་དེ་ལྟར་དེ་བཞིན་གཤེགས་པ་སླར་ཡང་བྱོན་ཞེས་པའི་དོན་ཏོ།། ཤེས་རབ་འདིའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། རིགས་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔར་གསུངས་པའི་རིགས་ལྔ་པོ་དེའི་ཁྱད་པར་ཉིད་བརྗོད་པའོ།། ། ་མཐའ་ཡས་ཞེས་པ་ནི་རང་བཞིན་རྣམས་མཐའ་ཡས་པ་དེས་ན་མཐའ་ཡས་པའི་རིགསོ།། བརྒྱ་ཞེས་པ་ནི་རང་བཞིན་དེ་རེ་རེ་ལ་རིགས་བརྒྱར་འགྱུར་ཏེ། དབུག་པ་དང་ཡུད་ཙམ་གྱིས་དབྱེ་བསོ།། དེ་ཡང་སྟོང་ཕྲག་ཏུ་འགྱུར ་རོ།། དེ་ལྟར་རིགས་མཐའ་ཡས་པ་ནི་སེམསོ།། དེ་བཞིན་དུ་རིགས་བརྒྱ་ནི་ལུས་སོ།། རིགས་སྟོང་ནི་ངག་གོ།། ཕྱིས་ཞེས་པ་ནི་སྐུ་དང་གསུང་དང་། ཐུགས་ཀྱི་དབྱེ་བས་ཤེས་པ་སྟེ། ཉེ་བར་བསྡུ་བའི་དོན་ཏོ།། སླར་ཡང ་ཚིགསུ་བཅད་པ་ཕྱེད་ཕྱེད་དཀྲུགས་ཏེ་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་བསྐྱེད་པའི་རིམ་པ་བསྟོན་ཏོ།། དེ་ཅི་ཞེ་ན་གསུངས་པ། རྡོ་རྗེ་ཞེས་པ་ནི་མི་བསྐྱོད་རྡོ་རྗེ་སྟེ། མི་ཕྱེད་པའི་ཡེ་ཤེས་དེ་འཛིན་པའི་ཕྱིར་རོ།། ་དེས་སངས་རྒྱས་རྣམས་ཀྱིས་རྣམ་པར་ཤེས་པའི་ཕུང་པོ་བསྐྱེད་པ་ནི་ན་མཁའི་ཁམསོ།། རིན་ཆེན་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ཏེ། ཡང་དག་པའི་ཡེ་ཤེས་འཛིན་པའི་ཕྱིརརོ།། དེས་སངས་རྒྱས་རྣམས་ཀྱི་ཚོར་བའི ་ཕུང་པོ་བསྐྱེད་དེ།། རིག་པའི་ཡེ་ཤེས་ཟེར་བའི་ཕྱིར་རོ།། པདྨ་ཞེས་པ་ནི་འོད་དཔག་མེད་དེ་པདྨའི་རྩ་བའི་སྣལ་མ་ལྟ་བུའི་རྩཝ་རྐང་པ་ནས་སྤྱི་བོར་འཛིན་པའི་ཕྱིར་ཡང་དག་པའི་དྲན་པ་དེས་སངས་རྒྱས་རྣམས་ཀྱི་འདུ་ཤེས་ཀྱི ་ཕུང་པོ་བསྐྱོད་དེ་ཡང་དག་པའི་ཏིངངེ་འཛིན་མངོན་དུ་བྱ་བའི་ཕྱིར་རོ།། ནོར་བུ་ཞེས་པ་ནི་དོན་ཡོད་གྲུབ་པའོ།། ཅིའི་ཕྱིར་ནོར་བུ་ཡིན་ཞེ་ན། ཨིནྡྲ་ནཱི་ལ་ལྟ་བུའི་རལ་གྲི་འཛིན་པའི་ཕྱི་རོ།། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས ་པ་སྣ་ཚོགས་པ་འམ། འདོད་ཆགས་ལ་སོགས་པོ་རྣམ་པོ་ལྔ་འཇོམས་པའི་ཕྱིར་དེས་སངས་རྒྱས་ཀྱི་འདུ་བྱེད་ཀྱི་ཕུང་པོ་བསྐྱེད་པར་འགྱུར་རོ།། འཁོར་ལོ་ཞེས་པ་ནི་རྣམ་པར་སྣང་མཛད་དེ། རྣམ་པར་སྣང་མཛད་ཅེས ་པཱའི་རླུང་ཆེན་པོ་དེ་འགོག་པའི་ཕྱིར་དེས་སངས་རྒྱས་རྣམས་གཟུགས་ཀྱི་ཕུང་པོ་བསྐྱེད་པའོ།། དེ་བཞིན་དུ་ས་དང་ཆུ་དང་མེ་དང་རླུང་གི་ཁམས་རྣམས་རིམ་པ་བཞིན་དུ་རྟོགས་པར་བྱའོ།། དེའི་ཕྱིར་དཀྲུགས་པསུ་སྔར་གྱི ་ཚིག་སུཾ་བཅད་པ་ཕྱེད་ཀྱི་དོན་བསྟན་པའི་ཕྱིར། འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་གང་གི་ཕྱིར་ཡེ་ཤེས་ལྔ་རྣམ་པར་གཟུང་བའི་ཕྱིར་དེའི་དུས་སུ་རིགས་གཅིག་ནས་བརྩམས་ཏེ། ཇི་སྲིད་གྲངས ་མེད་པོའི་རིགས་རྣམས་བསྐྱེད་པར་འགྱུརརོ།། ཅིའི་ཕྱིར་ཞེ་ན། གསུངས་པ། ཕུང་པོ་ལྔའི་ཞེས་པ་ནི་སྲོག་ལྔ་ལ་སོགས་པའི་རླུང་རྣམ་སོ།། དེ་ལྟར་འབྱུང་པོ་ཆེན་པོ་ལྔའི་རང་བཞིན་དེ་ནི་བརྟེན་པའོ།། དེ་རྣམས་ཀྱི་བརྟེན་ནི ་ཕུང་པོ་ལྔའོ།། དེའི་རང་བཞིན་ཁམས་རྣམསོ།། ཁམས་རྣམས་ལས་རིགས་རྣམས་འབྱུང་ངོ་།། དེའི་རིགྶ་ཀྵི་རྣམ་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགསུ་འགྱུར་ཏེ། བྱ་བ་བྱེད་པ་དང ་འབྲེལ་པའི་ཕྱིར་རོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ལང་ཀར་གཤེགས་པ་ལས་གསུངས་ཏེ། དུ་བ་ལས་ནི་མེར་ཤེས་ཤིང་།། ཆུ་སྐྱར་ལས་ནི་ནུ་ཡཽ་ནཱ་ཏེ།། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི།། རིགས་ནི་མཚན་མ ་རྣམས་ལས་ཤེས་ཤེས་སོ།། དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྐྱེས་ཞེས་པ་ནི་ཕུང་པོ་ལྔ་དེའི་རང་བཞིན་དུ་བསྐྱེད་པོར་འགྱུར་རོ།། དེའི་ཕྱིར་རིགས་ཞེས་པ་ནི་སེམས་ཅན་སྣ་ཚོགས་པའི་ཁམསུ་བསྐྱེད ་བའོ།། སེམས་ཅན་ཐམས་ཅད་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཕྲག་དོག་དང་དྲེགས་པ་དང་སེར་སྣ་དང་ང་རྒྱལ་གྱི་དྲི་མསོ་བསྒྲིབས་པ་འགྲོ་བ་དྲུག་ཏུ་སྡུག་བསྔལ་ཉམ་སུ་མྱོང་བ་མ་ཡིན་ནམ། ཅིའི་ཕྱིར་སངས་རྒྱས ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་སྐྱེས། གང་གི་ཕྱིར་གསུམ་ལ་སྐྱབསུ་འགྲོ་བ་ཙམ་གྱིས་ཀྱང་ངན་འགྲོར་མི་འགྲོ་ན་གཞན་ལྟ་ཅི་སྨོས། གང་དག་སངས་རྒྱས་སྐྱབས་འགྲོ་བ།། དེ་དག་ངན་འགྲོར་མི་འགྲོའོ།། ་མི་ཡི་ལུས་ནི་སྤངས་ནས་སུ།། དེ་ཡིས་ལྷའི་ལུས་ནི་རྙེད།། དེ་བཞིན་དུ་ཆོས་དང་དགེ་འདུན་ལ་སྐྱབསུ་འགྲོ་བས་ཀྱང་ངོ་།། ཁྱད་པར་དུ་ས་བཅུའི་དབང་ཕྱུག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་རྣམས ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱི་ཁམས་རྣམས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམསུ་མྱོང་བར་འགྱུར་སྙམ་པའི་དོགས་པ་འགའ་ཞིག་ལ་ཡོད་དེ།། དེའི་ཕྱིར་འདིར་ལྡན་གསུངས་པ། བདེན་མོད་ཀྱང་མི་ཤེས་པའི ་དྲི་མས་བསྒྲིབས་པ་སཱ་མུ་སྟེགས་པ་ལ་སོགས་པའི་བྱིས་པ་རྣམས་ལོག་པའི་ཆོས་ལ་ཆགས་པ་མི་དགེ་བའི་གྲོགས་ཀྱི་དབང་གིས་ཕྱིན་ཅི་ལོག་གི་ཆོས་རྣམས་ལས་ཡོངསུ་རྟོགས་གོ། དེའི་ཕྱིར་དེ་རྣམས་ཀྱི་ལྟ་བ་ངན་པ་རྣམས ་རྣམ་པར་གཞོམ་པའི་ཕྱིར་དེ་བཞིན་གཤེགས་པས་ཆོས་སྣ་ཚོགས་པ་སྟོན་པར་མཛད་དོ།། གང་གི་ཕྱིར་ཏིང་ངེ་འཛིན་པར་བར་དུ་ཆད་པས་ཇི་སྲིད་དུ་སེམས་རབ་ཀྱི་མཐར་ཐུག་པར་མ་གྱུར་པ་དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་ལེའུའི ་ཚུལ་གྱིས་དེ་ཁོ་ན་ཉིད་བསྒོམ་པ་བཅོམ་ལྡན་འདས་ཀྱིས་བསྟན་ཏེ། གང་དམིགས་པས་སེམས་རྩེ་གཅིག་པར་འགྱུ་རོ།། དེ་ཅི་ཞེ་ན། སྐྱེ་བ་པོ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒོམ་པ་པོ་མེད་བསྒོམ་བྱ་མེད་ཅེས་བླ་ནི ་འདིར་སེམས་ཅན་རྣམས་ཀྱི་གཟུང་བ་དང་འཛིན་པའི་དངོས་པོས་དབང་པོའི་སྒོ་ནས་ཕྱིའི་དངོས་པོ་རྣམས་ལ་འཇུག་པར་འགྱུ་རོ།། དེའི་ཕྱིར་ཕུང་པོ་ལྔའི་ང་རྒྱལ་སླར་ཡང་དགེ་བ་དང་། མི་དགེ་བའི་བག་ཆགས་ཀྱི་དབང་གིས ་མ་དང་ཕ་ཡང་དག་པར་སྦྱོར་བས་ཕུང་པོ་དང་ཁམས་ལ་སོགས་པ་ལ་བརྟེན་པ་འཛིན་ཏེ།། གང་ལས་ཤེ་ན། སེམས་ཀྱི་རྟོག་པའི་དངོས་པོ་ལས་སོ།། སེམས་ཀྱང་མི་བདེན་པ་སྟེ། མི་བདེན་པ་ལ་བདེན་པར་ཡོངསསུ་བརྟགས་པ ་དེས་འཁོར་བར་འཆིང་བར་འགྱུར་ཏེ། མི་ཤེས་པསོ།། འདི་ནི་འགལོ།། ཅེ་ཞེ་ན། དེར་བསྟན་པ་ཅི་གང་དང་བསྟན་པས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྣམས་ཟད་པར་བྱེད་དོ།། ་དེ་ཡང་རྣམ་པར་རྟོག་པའི་བདག་ཉིད་དུ་འགྱུར་ཏེ། སྡུད་པ་བྱེད་པས་གསུངས་པའི་དམ་པའི་ཆོས་སྣ་ཚོགས་པའི་གླེགས་བམ་ཀྱི་ཚུལ་གྱིས་དེ་རྣམསུ་ངག་གི་རྣམ་པར་རྟོག་པས་དངོས་པོའི་དཔེ་བརྗོད་པའི་ཕྱིརརོ།། དེ་འདིར་བརྗོད། ་དེ། འདིར་སངས་རྒྱས་རྣམས་ཀྱིས་གཟུང་བ་དང་འཛིན་པའི་བག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་དང་། ཉོན་མོངས་པ་རྣམས་སྤངས་པའི་ཕྱིར་རྣམ་པར་མི་རྟོག་པའི་བདག་ཉིད་ཀྱི་ལམ་བསྐྱེད་དོ།། གང་གི་ཕྱིར་དགྲ ་བཅོམ་པ་རྣམས་ཀྱི་ནི་ལྷག་མ་དང་བཅས་པའོ།། དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ལམ་དུ་འགྱུརོ།། དེའི་ཕྱི་རོ་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་པར་མི་རྟོག་པའི་བདག་ཉིད་ཀྱི ་སེམས་རང་བཞིན་དང་བྲལ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ།། འོན་ཀྱང་ཀུན་རྫོབ་ཀྱི་རྒྱུས་སེམས་མིང་ཙམ་དུ་བརྗོད་དོ།། དེ་ལྟར་ཡང་རྒྱལ་བའི་ཡུམ་ལས་གསུངས་ཏེ། རབ་འབྱོར་སེམས་གང་སེམས་ད་ནི་སེམས་མེད་པར ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་སེམས་དེ་ནི་སེམས་མེད་པའོ།། དེ་བཞིན་དུ་ཡང་ཡོད་པ་མེད་པ་མིན།། ཡོད་དང་མེད་པ་གཉི་ག་མིན།། གཉི་གའི་བདག་ཉིད་མེད་པའང་མིན།། མཐའ་བཞི་ལྔ་ནི་རྣམ་གྲོལ ་བྱ།། དེ་ཉིད་དབུ་མ་པ་ཡིས་ཤེས།། དེ་ཕྱིར་སྒོམ་པ་པོ་མེད་དེ་སེམས་མེད་ཅེས་པའི་དོན་ཏོ།། དེ་མེད་པའི་ཕྱིར་ཕུང་པོ་ལྔའི་ང་རྒྱལ་ཡང་མེད་དོ།། ཕུང་པོ་ལྔ་མེད་པའི་ཕྱིར་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཀྱང་མེད་དོ།། ། ་སྐྱེ་མཆེད་རྣམས་མེད་པས་འཛིན་པ་ཡང་མེད་དོ།། འཛིན་པ་མེད་པས་གཟུང་བའི་དངོས་པོ་ཡང་མེད་དོ།། ཅིའི་ཕྱིར་མེད་ཅེ་ན། གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ།། ཁམས་རྣམས་ཀྱི་གོང་བུ་རྡུལ་སྦྲུ་ཏུ་ཀྐོ་ཊ་ཝས་ཀྱང་ཆ་དྲུག་ཏུ་ཕྱེ ་ཞོང་ཕྱོགས་ཆ་དྲུག་གི་དབྱེ་བས་ཆ་མེད་པ་ཉིད་དུ་འགྱུར་བའོ།། དེ་ལྟར་ཕུང་པོ་ལྔ་དང་སྐྱེ་མཆེད་རྣམས་བདེན་པར་མེད་དོ།། དེའི་ཕྱིར་སྒྱུ་མ་ལྟ་བུའི་ཆོས།། བདེན་པོ་མ་ཡིན་བརྫུན་པ་མིན།། སྒྱུ་མའི་དཔེ་ནི་བཅུ་གཉིས་ཀྱིས།། ་རྟོགས་བཱར་བྱའོ་འདི་ལྟ་སྟེ།། སྒྱུ་མ་དང་ནཱཾ་སྨུག་རྒྱུ་དང་།། དྲི་ཟ་ཡི་ནི་གྲོང་ཁྱེར་དང་།། མདུན་གྱི་ཆུ་ཡི་ཟླ་བ་དང་།། མེ་ལོང་གི་ནི་གཟུགས་བརྙན་དང་།། དེ་བཞིན་རྨི་ལམ་དབང་པོའི་གཞུ།། སྣརོན་གྱི་གྲིབ་མ་གསལ་སྣང་དང་།། ཆུ་ཡི ་ཆུ་བུར་མིག་འཕྲུལ་དང་། མུན་པ་ཡི་ནི་རབ་རིབ་བོ།། དམ་པའི་ཀུན་རྫོབ་ཀྱི་བདེན་པ་གསུངས་པ་ནི་སྣ་ཚོགས་ཀྱི་དོན་འབྱུང་བའི་ཕྱིར་རོ་ཞེས་པ་ནི་ངེས་པའོ།། རིགས་པ་འདིས་དངོས་པོ་མེད་ཅེས་པ་ནི་རྣལ་འབྱོར་གྱི་སྐུད་པ ་བསལ་བའོ།། ཡང་ན་བསྒོམ་པར་བྱ་བ་དང་སྒོམ་པ་དང་སྒོམ་པ་པོ་བསྒོམ་པ་བྱ་བའི་རྣལ་འབྱོར་ལ་གོམས་པས་ཅུང་ཟད་ཉམ་སུ་མྱོང་པོ་དང་བཅས་པའི་སེམས་ཀྱི་ལམ་མཐོང་ངོ་།། འདི་གཉིས་འདི་ལྟར་བསྒོམ་པར་བྱ་བ་མི་ཕྱེད ་པའི་སྦྱོར་བ་བལྟའོ།། རྩ་རྣམས་ཀྱི་རང་བཞིན་གྱིས་འཁོར་ལོས་སྲེག་དང་ཐུར་སེལ་འགོག་པ་ཡང་ཕན་ཚུན་ཕྱི་དང་ནང་འཁྱུད་པའོ།། དེ་ལྟར་བསྒོམ་པ་ཡང་དེ་དག་གི་སྒྱུ་མ་ལྟ་བུ་གསལ་བ ་ཙམ་ཉིད་ཀྱིས་ཏེ། གཞན་དུ་དེ་ཁོ་ནི་ཉིད་འདི་མོས་པར་བྱ་བ་མ་ཡིནོ་ཞེས་དགོངསོ།། ད་ནི་དོན་དམ་པའི་བདེན་པའི་ལྟ་བ་བསྟན་པའི་ཕྱིར།། སྔགས་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རྣལ་འབྱོར་པ་རྣམས་ཀྱི ་སྔགས་ཞེས་པ་ལ། སྔགས་ནི་རྣམ་པ་གསུམ་མོ།། དེའི་རིམ་པ་ནི་འདི་ལྟ་སྟེ། དབྱིབས་དང་བྱང་ཆུབ་སེམས་དང་རླུང་ངོ་།། དེ་ལ་དབྱིབས་ནི་རྣམ་པ་གཉིས་ཏེ། སྔགས་དང་དབྱིབས་ཀྱི་བདག་ཉིད་དོ།། དེ་ཡང་ཡིད་སྐྱོབ་པའི་དོན་གྱིས ་དེ་བཞིན་ཉིད་ཀྱི་བདག་ཉིད་དོ།། དེ་བཞིན་དུ་བྱང་ཆུབ་སེམས་ཀྱི་དབྱེ་བ་གཉིས་ཏེ། གཅིག་ནི་ལུས་ལ་དབྱིབས་ཀྱི་རྩའོ།། དེ་བཞིན་དུ་བྱང་ཆུབ་སེམས་རྒྱུ་བའི་དུས་སུ་གང་སྩལ་མར་བརྗོད་པ་དེའོ།། དེ་བཞིན་དུ་རླུང་ཡང་རྣམ ་པ་གཉིས་ཏེ། གཅིག་ནི་དོན་དམ་པའི་སྲོག་གོ།། དེ་བཞིན་དུ་གཉིས་པ་ནི་དེ་རྒྱུ་བའི་ཕྱིར་སྣལ་མ་དང་སྣལ་མ་མེད་པ་སྟེ། སྦས་པ་ཉིད་ཀྱིས་ཡན་ལག་དྲུག་གིས་སྦྱོར་བས་ཤེས་པའོ།། དེ་ཡང་མེད་དེ། བསྒོམ་པའི་རྣམ་པར ་རྟོག་པའི་དབང་གིས་ཞེས་པ་ནི་ངེས་པའོ།། ལྷ་ཡང་མེད་ཅེས་པ་ནི་དོན་དམ་པར་རང་རིག་པའི་ཡེ་ཤེས་ཀྱི་ལྷ་དེ་ཡང་མེད་ཅེས་པའི་དོན་ཏོ།། དེ་ཅི་ཞེ་ན། གསུངས་པ། གཟུང་བ་དང་འཛིན་པའི་དངོས་པོའི་ཕྱིར་རོ།། དེ་ལྟར་མ ་ཡིན་ན་དྭེར་ཅི་ཞིག་རྟོགས་པར་བྱ་ཞེ་ན། སྐྱེས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྤྲོས་པ་མེད་པ་ལུས་བཟློག་པ་བསྒོམ་པར་ཀུན་ཏུ་འཛིན་པའོ།། དེ་བཞིན་དུ་འཁྲུལ་པ་རྣམས་ཀྱིས་སྤྱོད་ཡུལ་མ་ཡིན ་པ་ཆོས་ཀྱི་དབྱིངས་དང་དེ་བཞིན་དུ་ཡང་བཞི་པ་ལས་འདས་པའི་ཡེ་ཤེས་ཀྱི་ཁམས་སོ།། དེ་དག་གཉིས་མེད་པ་ནི་སྤྲོས་པ་མེད་པ་དམིགས་ཡང་དག་པའི་ཡེ་ཤེས་བདེ་བ་ཆེན་པོའི་རང་བཞིན་འཁྲུལ་པོའི་རྒྱུ་ཐམས་ཅད ་ཆུབ་པས་ན་སྤྲོས་པ་མེད་པའོ།། ཡང་དག་པའི་ཡེ་ཤེས་དེ་ཉིད་ཀྱིས་ཀུན་ནས་ཉོན་མོངས་པའི་ས་བོན་ཐམས་ཅད་ཟད་པའི་ཕྱིར་རྡོ་རྗེ་འཛིན་ཆེན་པོའི་ས་བཅུ་གསུམ་པ་ཟག་པ་མེད་པས་སྤྲོས་པ་མེད་པ་འོད་གསལ་བའི ་ཡེ་ཤེས་ཤེས་པའི་དོན་ཏོ།། དེ་ཉིད་སྔགས་དང་ལྷ་དེའི་བདག་ཉིད་དུ་བཞུགས་ཞེས་སྦྱ་རོ།། སྔགས་རྣམས་ལས་བྱུང་བའི་ལྷོ་ཉིད་སྔགས་ཀྱི་ལྷ་སྟེ། ཡན་ལག་དྲུག་གིས་སྦྱོར་བས་འོད་གསལ་བའོ།། གང་གིས་ཕྱིར ་སྣ་ཚོགས་པ་དེའི་ངོ་བོ་དེའི་རང་བཞིན་དུའི་བདག་ཉིད་ཅེས་པ་ནི་ངེས་པའོ།། དེ་ལ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། འོད་གསལ་རང་བཞིན་སྣ་ཚོགས་པ། འོད་གསལ་ལས་ནི་སྣ་ཚོགས་འབྱུང་།། དེ་ཉིད ་འོད་གསལ་བདག་ཉིད་དོ།། འདི་ཉིད་འདི་གསལ་བདག་ཉིད་དོ།། འདི་ཉིད་དུ་ནི་ཐིམ་པར་འགྱུར།། འོན་ཀྱང་སྒྱུ་མ་ལྟར་སངས་རྒྱས།། སེམས་ཅན་རྣམས་ཀྱི་ལུས་འབྱུང་།། སྣང་བ་ཡི་ནི་རང་བཞིན་ཆོས།། བསྟན་ནས། ་དེ་ཉིད་དུ་ཐིམ་འགྱུར།། དེ་ལྟར་ཡིད་ཆེས་ཚོགས་པ་རྣམས།། སངས་རྒྱས་རྣམས་ཀྱིས་བསྟན་པ་ནི།། ཡིད་ཆེས་པ་ནི་འབའ་ཞིག་ཙམ།། སེམས་ཅན་རྣམས་ནི་བསྒྲལ་བའི་རྒྱུར།། གང་དང ་གང་གི་ལས་ཀྱིས་ནི།། སེམས་ཅན་རྣམས་ནི་བསྒྲལ་བའི་ཕྱིར།། དེ་དང་དེ་ཡི་ལམ་ཉིད་ནི།། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྟན།། ལྟ་བ་དྲུག་ལ་གནས་པ་ནི།། སེམས་ཅན་དེ་ཉིད་འདོད་གང་དག། དེ་རྣམས་རང་གི ་སེམས་དབང་གིས།། བསྟན་པ་དེ་ཉིད་ཅེསུ་བརྗོད།། ད་ནི་སངས་རྒྱས་བཅོམ་ལྡན་འདས་ཁྱབ་བྱ་དང་ཁྱབ་བྱེད་ཀྱིས་དེ་ཁོ་ན་ཉིད་བསྟན་པ་བརྗོད་དེ།། འདྲིར་དང་པོ་ཉིད་དུ་སངས་རྒྱས་པ་རྣམས་དེ་བཞིན་གཤེགས་པ་དྲུག ་གི་གཟུགས་ཀྱིས་དེའི་རང་བཞིན་གྱི་བདག་ཉིད་རྣམས་ལ་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། རྣམ་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། རྣམ་སྣང་མཛད་དང་མི་བསྐྱོད་པ།། རིན་ཆེན་དཔག་མེད་སེམས་དཔའ་རྣམས་ཞེས་པ་ལ ་ངང་གིས་ནི་དོན་ཡོད་གྲུབ་པ་གཟུང་།། སེམས་དཔའ་ཞེས་པ་ནི་རྡོ་རྗེ་སེམས་དཔའོ།། དེ་དང་པོ་བརྗོད་པར་འདོད་པས་གསུངས་པ། འདིར་རྡོ་རྗེ་སེམས་དཔའ་གཅིག་པུར་འགྲུབ་པ་རྟོག་པ་ཐམས་ཅད་ཀྱི་ཆོ་ག་དང་གཞན་རྣམསུ ་བར་བར་དུ་ཇི་ལྟར་འདོད་པ་ངེས་པར་སྦྱོར་བའི་ཕྱིརརོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་སངས་རྒྱས་མཉམ་སྦྱོར་ལས་གསུངས་པ། སྣ་ཚོགས་ཆོ་ག་འདོད་རྣམས་ཀྱིས།། སྣ་ཚོགས་ཆོ་གའི་སྦྱོར་བ་ཡིས།། སེམས་ཅན ་རྣམས་ནི་འདུལ་དོན་དུ།། བདེ་བ་ཐམས་ཅད་རབ་གྲུབ་ཕྱིར།། ཞེས་བྱ་བ་ལ་སོགས་པསོ།། དེ་ཉིད་རྣམ་པར་སྣང་མཛད་ཤིན་ཏུ་སྟོང་པ་དང་ལྡན་པའོ།། དེས་སེམས་ཅན་ཐམས་ཅད་འབྱུང་བའི་ཕྱིར་དེར་འགོག་པའི་ཆོས ་ཉིད་ལ་འགོགས་ཅིང་ཡོངསུ་མྱ་ངན་ལས་འདས་པ་དེ་རྣམས་ཇི་སྲིད་ན་མཁའི་མཐར་ཐུག་པར་བཞུགས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པས་བསྐུའོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། དེ་ཉིད་བཅོམ ་ལྡན་འདས་སྦྱོར་བ།། རྡོ་རྗེ་སྙོམས་དཔའ་དེ་བཞིན་གཤེགས།། རྣམ་ཐར་ཐམས་ཅད་རྣམ་དག་ཕྱིར།། སངས་རྒྱས་མྱ་ངན་འདས་པ་འཛིན།། སྟོང་པ་མ་ཡིན་མྱི་སྟོང་མིན།། དབུ་མ་དམིགས་པར་མི་འགྱུར་ཏེ།། ཤེས ་རབ་ཕ་རོལ་ཕྱིན་སྦྱོར་བ།། སྙིང་རྗེ་ཐབས་ཀྱི་བདག་ཉིད།། དེ་ཕྱིར་སྙིང་རྗེ་བཅས་པའི་ཐབས།། ཤེས་རབ་ཕ་རོལ་ཕྱིན་པར་གསལ།། རྣམ་པར་མི་རྟོག་ལྷག་མོས་པས།། རྟོག་པ་ཐམས་ཅད་བརྟག་པར་བྱ།། རྣམ་པར ་མི་རྟོག་ཆོས་རྣམས་ལ།། སེམས་ཅན་དོན་ནི་ཡོངསུ་བརྟགས།། བྲག་ཆ་སྒྲ་ནི་ལྟ་བ་རུ།། ཆོས་ཀྱི་གསུངས་ནི་བོལྟ་བར་བྱ་ཞེས་བྱ་བ་ལ་སོགས་པས་སོ།། དེ་ལྟར་འགྲོ་བའི་དོན་བསྒྲུབ་པ་མཆོག་མཉམ་པོ་མེད་པ་རྟག ་ཏུ་སྣང་བར་བྱེད་པ་བརྩེ་བ་ཆེན་པོའི་བདག་ཉིད་སྙིང་རྗེ་མི་འདོར་བ་འདིས་རྣམ་པར་སྣང་མཛད་ངོ་།། དེ་ཉིད་མི་བསྐྱོད་རྡོ་རྗེ་ཀུན་ཏུ་འབྱུང་སྟེ། ཤིན་ཏུ་གདུག་ཅིང་གཏུམ་ལ་དྲག་པའི་སེམས་ཅན་རྣམས་ཀྱི་ལས་ངེས་དུ ་འབོད་ལ་སོགས་པར་ལྟུང་ངོ་།། དེར་ཤི་ནས་སླར་སེམས་ཀྱི་བག་ཆགས་ཀྱི་སྦྱོར་བས་སེམས་ཅན་དུ་འགྱུར་ཏེ། ཤིན་ཏུ་གདུག་པ་ཆེ་རྒྱལ་པོ།། བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས།། ་རིམས་དང་དུག་དང་སྦྱར་དུག་ནང་།། མཁའགྲོའི་ཉེ་བར་འཚེ་དང་གདེན།། བདུད་དང་ལོག་འདྲེན་ཉིད་དང་ནི།། ཤིན་ཏུ་གདུག་པ་ཆེན་པོར་འགྱུར།། སྲིད་པ་གསུམ་ནི་བརླག་པར་བྱེད།། ལེགས་པ་རྣམས་ནི་ཟད་བྱེད་ཅིང་།། ལྷ ་ལ་སོགས་པས་སྐྱོ་བར་བྱེད།། བསྟན་པ་རྣམས་ནི་འཇོམས་པར་བྱེད།། དེ་ཕྱིར་དབང་པོ་དང་བཅས་པ།། ཚངས་པ་ལ་སོགས་པ་ལ་བརྟེན།། དེ་རྣམས་ཀྱི་སྐྱབས་ལ་ཉེ་བར་བརྟེན་ཏོ།། ཚངས་པ་ལ་སོགས་པོ་དེ་རྣམས་ཀྱང ་རྡོ་རྗེ་འཛིན་ལ་སྐྱབོ་སུ་འགྲོའོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། དེའི་ཕྱིར་དབང་པོར་བཅས་པའི་ལྷ།། ཚངས་པ་ལ་ནི་ཉེ་བར་བརྟེན།། ཚངས་པ་དབང་པོར་བཅས་པའི་ལྷ།། ཁྱབ་འཇུག་ལ་ནི་སྐྱབསུ་སོང་།། ་ཚངས་པ་དང་ནི་ཁྱབ་འཇུག་ལྷ།། ལྷ་ཆེན་པོ་ལ་ཉེ་བ.རེ་བརྟེན།། ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ།། རྡོ་རྗེ་ཅན་ལ་སྐྱབསུ་སོང་ཞེས་སོ།། དེའི་ཕྱིར་མི་བསྐྱོད་རྡོ་རྗེའི་ཏིང་འཛིན་གྱིས།། དཔལ་ཧེ་རུ་ཀ་ལ་སོགས་པ་དྲག་པོའི ་གཟུགས་སྙིང་རྗེ་ཆེན་པོ་ཅན་མངོན་དུ་མཛད།། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་ཡང་དག་པའི་སྦྱོར་བ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱིས་སངས་རྒྱས་ཐམས་ཅད་དང་ཁྲོ་བོ་ལ་སོགས་པ་འདུས་པར་བྱའོ།། དེ་རྣམས་ཀྱང་རྡོ ་རྗེ་འཆང་གི་བཀའ་ཙམ་གྱིས་འཁོར་གྱི་འཁོར་ལོ་འདུས་པས་ཁམས་གསུམ་ཡང་ངེས་པར་བསྲེག་གོ། གང་ཕྱིར་སངས་རྒྱས་ཀུན་བྱོན་ན།། གཞན་དག་སྨོས་ལྷ་ཅི་ཞིག་དགོས།། ཤིན་ཏུ་གདུག་ཅིང་དྲག་རྣམས་ལ།། ཞི་བ་ཉིད་ནི་ཉེར ་མི་སྦྱར།། སངས་རྒྱས་ཀུན་ནམ་ཅི་ཡང་རུང་།། ཁམས་གསུམ་པ་ནི་ཁྱད་པར་ཉིད།། དེ་ནས་སྣ་ཡི་རྩེ་མོ་རུ།། ཡིད་ཀྱིས་བསྟན་པོར་གཟུང་བར་བྱ།། སྣ་ཡི་དབུགས་ནི་སྒྲོ་བསྡུས་པས།། ཕྱག་རྒྱའི་སྦྱོར་བས་རྒྱལ་བ་ནི།། ཧེ་རུ་ཀ ་སོགོས་སྤྲོ་བར་འགྱུར།། དེ་ལྟར་ཡང་གླེགས་བམ་ལ་ལར་བཅོམ་ལྡན་འོདས་ཀྱིས་གསུངས་པ་འདི་ལྟ་སྟེ། དེ་ཉིད་བཅོམ་ལྡན་འདས་སྦྱོར་བས།། རྡོ་རྗེ་ཁྲོ་བོ་རྣམ་པར་སྤྲོ།། ཧེ་རུ་ཀ་དཔལ་དྲག་ཆེན་པོ།། འཇིགས་པའི་ཐལ་བ་ཉེ་བར ་འབར།། སེམས་དཔའ་སྔོན་པོ་འབར་རང་བཞིན།། འོད་ཀྱི་དཀྱིལ་འཁོར་དམར་འབར་བ།། འཇིགས་པ་ཆེན་པོའི་ལུས་ལྟར་འབར།། དོར་ཁྲོད་ཀྱི་ནི་མེ་ལྟ་བུ།། སྒྲ་ལས་འོད་ནི་ཆེན་པོ་འབར།། ཐོད་པ་དག་ནི་ཅོད་པན་གཙིགས།། འཇིགས ་པ་ཆེན་པོའི་དུས་ལྟར་དྲག། དུར་ཁྲོད་ལྟ་བུར་འཇིགས་ཤིང་གཏུམ།། དྲག་པོ་ལ་སོགས་ཉམས་སྦྱོར་བས།། སྣ་ཚོགས་ཞལ་ནི་རྣམ་པར་འཁོར།། དེ་ནི་རྣམ་འཁོར་སྨིན་མ་གཉེར།། མར་མེ་འོད་ལྟར་གར་བྱེད་པས།། དྲག་པོའི་དབང ་པོ་ཉེ་དབང་པོ།། ཟླ་བ་ཉི་མ་གཤིན་རྗེར་བཅས།། སྲིད་པ་གསུམ་ནི་ཉེ་བར་འབར།། ཐལ་བར་འཇིགས་པར་བྱེད་པ་འདི།། རྡོ་རྗེར་བཅས་ཤིང་ཁ་ཊྭཱཾ་བཅས།། དྲིལ་བུར་སིལ་སིལ་སྒྲ་སྒྲོགས་པས།། ཡང་དག་ཕབ་ནས་སླར་ཐམས་ཅ། ་ཐལ་བར་སོང་བ་དེ་ཡང་འཚོ།། དེ་ལས་ཉི་མའི་འོད་ནི་འབྱུང་།། གྲིབ་མ་མཆོག་ཏུ་རྣོ་བའོ།། བདུད་ལ་སོགས་པ་མ་ལུས་སྤྲོ།། བདུད་ཀྱི་ཁྲག་ནི་གསོལ་བར་སྤྱོད།། དེ་རྣམས་ལྷན་ཅིག ་རྒྱལ་པོ་ནི།། དུར་ཁྲོད་དུ་ནི་ཐལ་བར་བྱེད།། ཐམས་ཅད་རྡོ་རྗེ་མཉམ་པར་སྦྱོར།། མཁའ་གྲོ་མ་དཀྱིལ་ཉེ་བར་འབར།། ཤིན་ཏུ་གདུག་ཅིང་དྲེག་པ་གཏུམ།། སེམས་ཅན་ཁམས་ནི་རྣམ་དག་ཉིད།། སངས་རྒྱས་ཞིང་ནི་ངག་རྣམསུ།། ་སངས་རྒྱས་བྱང་ཆུབ་ལ་ནི་བཞུགས།། རྡོ་རྗེ་ཅན་འདོད་ཁྲོ་སྔོགས་ཀྱིས།། རྟོགས་པ་ཐམས་ཅད་བླ་མེད་པས།། ན་མཁའི་ཁམས་ཀྱིས་མཐར་ཐུག་པར།། སེམས་ཅན་ཁམས་ནི་རབ་ཏུ་བསྒྲུབས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི ་ངེས་པའོ།། དེ་ཉིད་ནི་རིན་ཆེན་ཞེས་པ་ནི་རྡོ་རྗེ་ཉི་མའོ།། འདིར་ཤིན་ཏུ་གདུག་ཅིང་བརྐམ་པ་དེས་སེམས་ཅན་ཐམས་ཅད་འདོད་པའི་བདག་ཉིད་ཅན་དུ་འགྱུརརོ།། ཤིན་ཏུ་སེར་སྣ་ཆེ་བ་དེས་ཀྱང་སེམས་ཅན་རྣམས་དམྱལ་བར ་ལྷུང་བར་འགྱུརརོ།། དེར་ཡང་ཤི་ནས་ཡང་དབུལ་ཆེས་པར་འགྱུརརོ།། དེའི་ཕྱིར་ལྟོགས་པ་དང་སྙོམས་པ་ལ་སོགས་པའི་ཉེས་པ་རྣམས་ཀྱིས་ཕ་རོལ་གྱི་རྫས་འཕྲོག་པ་དེ་རྣམས་འདུལ་བའི་དོན་དུ་དེ་ལྟར་བསྔོས་ཀྱི་གསུང་དེ་ཉི ་བཅྡོཾས་སྦྱོར་བས།། དོན་དམ་པ་ནི་ནོར་ཆེན་པོ།། ཤིན་ཏུ་གདུག་པི་དག་དོན་དུ།། རྡོ་རྗེ་ཉི་མ་འབྱུང་བར་འགྱུར།། ན་མཁའི་སྙིང་པོ་ཀུན་གྱི་བདག། བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད།། མཁའ་ལས་བཙུན་མ ་སོགས་རིན་ཆེན།། རིན་ཆེན་ཐམས་ཅད་སྦྱར་བྱེད་པ།། ཤིན་ཏུ་གདུག་ཅིང་གཏུམ་རྣམས་ལ།། ཞི་བ་ཉིད་ནི་ཉེར་སྦྱར་མིན།། ཤེས་རབ་ཐབས་དངོས་ཉི་མས་ནི།། སྒྲུབ་པོ་ཐམས་ཅད་གདུང་བར་བྱེད།། བྱེད་པ་དང་ནི་གཟུང ་བ་དང་།། འཕྲོག་པོ་ཡི་ནི་ཁྱད་པར་ཉིད།། འདྲི་དོན་ཐམས་ཅད་རྣམ་པར་བསམ།། སྲིད་པ་གསུམ་ནི་སྡུད་པར་འགྱུར།། ཁམས་གསུམ་རྣམ་པར་རྒྱལ་སོགས་ཀྱི།། རྟོག་པ་ཀུན་གྱི་བླ་མེད་པས།། ནམ་མཁའ་ཁམས་ཀྱི་མཐར་ཐུག ་པར།། སེམས་ཅན་ཁམས་ནི་རབ་ཏུ་བསྒྲུབ།། ཅེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། དེ་ཉིད་འཇིག་རྟེན་མགོན་པོ་སྟེ།། དེ་བཞིན་དུ་པདྨ་གར་གྱི་དབང་ཕྱུགོ། ལོག་པའི་ལྟ་བ་ལ་ཆགས་པ་དང་།། དེ་བཞིན་དུ་མུ་སྟེགས་པ ་ལ་སོགས་པ་གཞན་ཡང་ངོ་།། དེས་སེམས་ཅན་ཐམས་ཅད་བསྐྱེད་དེ།། དེ་ཡིས་ཡང་ཤིན་ཏུ་གདུག་ཅིང་མི་བཟད་པས་ངུ་འབོད་ཆེན་པ་རྣམས་ལྷུང་བར་འགྱུར།། དེ་རྣམས་ཀྱི་ཡང་རྣམ་པར་གཞོམ་པའི་ཕྱིར། བཅོམ ་ལྡན་འདས་ཀྱིས་གསུངས་པ། དེ་ཉིད་བཅོམ་ལྡན་འདས་སྦྱོར་བ།། རྡོ་རྗེ་སེམས་དཔའ་རྣམ་དག་ཕྱིར།། པདྨ་རཱ་གའི་རང་བཞིན་སྦྱོར།། རྡོ་རྗེ་ཆོས་ནི་རབ་ཏུ་གནས།། ཇི་ལྟར་པདྨ་དམར་པོ་འདི།། འདོད་ཆགས་དྲི་མས་མ་གོས ་ཏེ།། དེ་བཞིན་བག་ཆགས་སྐྱོན་རྣམས་ནི།། སྣ་ཚོགས་ཀྱིས་ངག་ཁམས་གསུམ་པ།། དེ་ལ་ཀུན་ཏུ་བལྟས་པའི་ཕྱིར།། དབང་ཕྱུག་དག་གི་རྒྱལ་བར་འགྱུར།། དཔལ་ལྡན་ཀུན་ཏུ་གཟིགས་དབང་ཕྱུག། རྡོ་རྗེ་སེམས་དཔའ ་དེ་བཞིན་གཤེགས།། འདོད་ཆགས་ཐམས་ཅད་རྣམས་ངག་ཕྱིར།། བཅོམ་ལྡན་མཆོག་ནི་སྟེར་བའི་མཆོག། སྣ་ཚོགས་འདུལ་བའི་ཐབས་དང་ནི།། སྣ་ཚོགས་འདུལ་བའི་སྤྲོ་བ་ཡིས།། སྤྱན་རས། ་གཟིགས་དབང་ཕྱུག་རྒྱལ་པོ།། པདྨ་གར་གྱི་དབང་ཕྱུག་འགྱུར།། པདྨ་འབར་བ་མཉམ་སྦྱར་བ།། མཁའ་གྲོ་མ་ཡི་དྲཱ་བ་སྡོམ།། དཔལ་ལྡན་གར་གྷི་དབང་སོགས་ཀྱིས།། རྟོག་པ་ཀུན་ནཱི་བླ་མེད་པས།། ན་མཁའི་ཁམས་ནི་མཐར ་ཐུག་པར།། སེམས་ཅན་ཁམས་ནི་རྣམ་པར་སྦྱངས་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། དེ་བཞིན་དུ་དེ་ཉིད་ཀྱིས་རྟ་མཆོག་ཏུ་གཟུང་སྟེ།། ཤིན་ཏུ་བརྩོན་འགྲུས་དམན་པའི་ཕྱིར་དེ་ལས་སེམས་ཅན་ཐམས་ཅད་བསྐྱེད ་པར་འགྱུར་ཏེ། སླར་ཡང་བརྩོན་འགྲུས་དམན་པོ་དེས་མནར་མེད་པའི་དམྱལ་བར་ལྟུང་བར་འགྱུར་ཏེ།། དེ་རྣམས་ཀྱིས་བརྩོན་འགྲུས་ཐོབ་པར་བྱ་བའི་ཕྱིར།། རྟ་མགྲིན་གྱི་ཏིང་འཛིན་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་པའི ་ཚིག་བརྗོད་དེ།། དེ་ཉིད་བཅོམ་ལྡན་སྦྱོར་བ་སྟེ།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། དཔལ་ལྡན་རྟ་ཡི་སྦྱོར་ཚེ་གས།། རྟ་ཡི་མཆོག་ཞི་འབྱུང་བར་འགྱུར།། ཐམས་ཅད་དྲག་པར་མོས་པ་ཡིས།། རབ་བསྒྲུབས་སྟོབས་ཀྱིས ་མི་འགྲོའོ།། ཐམས་ཅད་གནོན་པ་ཉིད་ཀྱིས་ནི།། འཇིག་རྟེན་ཐམས་ཅད་རབ་གཟིར་བྱ།། སེམས་ཅན་ཁམས་ནི་སྣ་ཚོགས་པས།། ཤིན་ཏུ་གདུག་ཅིང་མི་བཟང་གཏུམ།། བྱི་བྱེད་ཆོམ་པོ་གསོད་བྱེད་པ།། ཐམས་ཅད་དེ་ལྟར ་རྣམ་སྦྱང་བྱ།། དོར་ཐབས་དང་ནི་རྒྱུད་ཉིད་ཀྱིས།། རབ་བསྒྲུབས་སྟོབས་དང་ལྡན་དེ་བཞིན།། མཚོན་ཆ་ལྔ་དང་ཉེ་མཚོན་ལྔས།། འཇིག་རྟེན་ཀུན་ལས་རྒྱལ་དེ་ཚེ།། འགྲོ་བ་བརྟན་དང་གཡོ་བ་ནི།། མ་ལུས་སྣ་ཚོགས་པ་ནི་འགྲུབ། ་སྣ་ཚོགསོ་འདུལ་བའི་ཐབས་རྣམས་ཀྱིས།། རྒྱལ་སྲིད་ཆགས་པ་ཙཱ་སུ་བསྐྱང་།། འདོད་ཅན་རྣམས་ལ་འདོད་པར་འགྱུར།། དྲག་པོ་རྣམས་ལ་དྲག་པོར་འགྱུར།། ཞི་བ་རྣམས་ལ་ཞི་བར་འགྱུར།། གཞི་རྣམས་ཀྱང་ནི་རྣམ་པར་གནོན།། ་དབང་ཕྱུག་དམ་པ་གནས་པར་བྱ།། རབ་བསྒྲུབས་སྟོབས་ཀྱིས་མི་འགྲོའོ།། འཇིགས་པའི་ལྷ་མོ་བཀུག་ནས་ནི།། རང་ཉིད་ཉེ་བའི་ལོངས་སྤྱོད་སྤྱོད།། ཁྱབ་འཇུག་ཡང་དག་པར་མནན་པར།། རབ་བསྒྲུབས་སྟོབས་ཀྱིས་དེ་མི ་འགྲོ། དཔལ་མོ་ཡང་དག་བཀུག་ནས་ནི།། རང་གི་ཉེ་བའི་ལོངས་སྤྱོད་སྤྱོད།། སྐྱེ་དགུའི་བདག་པོ་ཡང་དང་གནས།། རབ་བསྒྲུབས་སྟོབས་ཀྱིས་མི་འགྲོའོ།། རབ་ཞི་ལྷ་མོ་ཡང་དག་མནན།། རང་ནི་ཉེ་བའི་ལོངས་སྤྱོད་སྤྱོད།། འདོད ་པའི་ལྷ་ནི་ཡང་དག་མནན།། རབ་བསྒྲུབས་སྟོབས་ཀྱིས་དེ་མི་འགྲོ། དགོའ་མ་བོ་རྩ་བརྟེན་དབང་ཕྱུག་མ།། ཡང་དག་བཀུག་ནས་ཉེར་ལོངས་སྤྱོད།། དེ་སོགས་མཐའ་མེད་དང་པོ་ནི།། ཆོས་དབྱིངས་མཉམ་དང་མི་མཉམ་པ། ་ན་མཁའ་ཁམས་ཀྱིས་མཐར་ཐུག་པ།། རྡོ་རྗེ་བུ་མོ་མཆོག་ནི་གནོན།། ན་མཁའ་ཀུན་གྱི་སྐབས་ན་དཔལ།། རྡོ་རྗེ་སེམས་དཔའ་རབ་ཏུ་བཞུགས།། བསྒྲུབས་པའི་རྟ་ཡི་སྦྱོར་བ་ཡི།། སྐྱེས་བུ་གཞོན་ནུའི་སྒྲུབ་ཐབས་ཀྱིས།། མ ་ལུས་འཇིག་རྟེན་གསུམ་རྒྱལ་པོ།། རྡོ་རྗེ་འཛིན་བཅས་ཡང་དག་ཐོབ།། བྱང་ཆུབ་སེམས་ནི་མཐའ་མེད་དནྟེ།། བཙན་ཐབས་སྦྱོར་བས་བསྒྲུབ་པར་བྱ།། ཐམས་ཅད་བདག་ལ་མོས་པ ་ཡིས།། བསྒྲུབས་པའི་སྟོབས་ཀྱིས་དེ་མི་འགྲོ། ཕ་རོལ་སྟོབས་ནི་མནན་པ་ཡིས།། སངས་རྒྱས་བྱང་ཆུབ་རབ་བརྙེས་བྱས།། བདུད་མེད་དཀའ་སྤྱོད་ཀྱིས་བསྒྲུབ་ཅིང་།། སངས་རྒྱས་བྱང་ཆུབ་བདེ་ཆེན་པོ།། དེ་ཡི་སྦྱོར་བའི ་བདག་ཉིད་ཐོབ།། གོ་འཕང་མཆོག་ཏུ་རྟག་པའོ།། སེམས་ཅན་ཁམས་ནི་སྣ་ཚོགས་པ།། མ་ལུས་པ་ནི་མངོན་དུ་བྱ།། བདུད་མེད་དཀའ་སྤྱོད་བྱང་ཆུབ་པ།། སེམས་ཅན་རྣམས་ལ་གནས་བརྟན་སྟེར།། མ་ལུས་ལུས་པ་མེད ་པ་ཡི།། རྟོག་པ་ཐམས་ཅད་དབང་དུ་འགྱུར།། རྟ་ཡི་མཆོག་གི་རྣམ་འཕྲུལ་གྱིས།། སེམས་ཅན་དོན་ནི་ཐམས་ཅད་བྱེད།། དེ་ཕྱིར་དཔལ་ལྡན་རྟ་སོགས་ཀྱིས།། རྟོག་པ་ཀུན་ནི་བླ་མེད་པས།། ནམ་མཁའི་ཁམས་ནི་མཐར ་ཐུག་པར།། སེམས་ཅན་ཁམས་ནི་རབ་ཏུ་བསྒྲུབས་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། དེ་སོགས་མཐའ་མིང་དང་པོ་ནི།། ཆོས་དབྱིངས་མཉམ་དང་མི་ཉམས་པའོ།། ཆོས་ཀྱི་ཡེ་ཤེས་རང་བྱུང་བ།། ནམ་མཁའ ་ཀུན་གྱི་སྐབས་ན་དཔལ།། རྡོ་རྗེ་སེམས་དཔའ་རིག་ཏུ་ཞུགས།། ཐམས་ཅད་བདག་ཉིད་རབ་ཏུ་འཇུག། དངོས་གྲུབ་དབང་ཕྱུག་རབ་ཏུ་སྔར།། དེ་ལྟར་སངས་རྒྱ་སྤ་རྣམས་ཀྱིས་འཁོར་ལོས་སྒྱུར་བ་དྲུག་གི་ཚུལ་གྱིས་ཆོས ་སྟོན་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། གང་གི་ཕྱིར་བདག་རིག་གཞན་རིག་ཐམས་ཅད་ལ།། ཀུན་ལ་ཕན་པའི་གང་ཟག་མཆོག། དཔེར་བྱ་ཀུན་ལ་འདས་པ་པོ།། ཤེས་དང་ཤེས་བྱ་བདག་པོ་མཆོག་ཅེས་སྒྱུ་འཕྲུལ་དྲ ་པར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་གིས་སོ།། ཡང་ན་དོན་དམ་པའི་བདེན་པ་འོད་གསལ་བའི་བདག་ཉིད་དེ་ཉིད་རྣམ་པར་སྣང་མཛདདོ།། སྣང་བ་ཙམ་ཉིད་ཀྱིས་སྣང་བ་གསུམ་མཐོང་བའི་ཕྱིར་སྣང་བ་ཙམ་དེ་བསྟན ་པའི་ཕྱིར་སྣང་བ་མེད་པའི་གཟུགསུ་འགྱུར་རོ།། དེ་ཉིད་མི་བསྐྱོད་པ་སྟེ། མི་གཡོ་བའི་ཏིང་འཛིན་ཡིན་པའི་ཕྱིར་ཆོས་ཀྱི་སྐུའོ།། དེ་ཉིད་དོན་ཡོད་གྲུབ་པ་སྟེ། དོན་སྣ་ཚོགས་བྱེད་པའི་ཕྱིར་རོ།། དེ་ཉིད་རིན་པོ་ཆེ་སྟེ། སངས་རྒྱས ་ཐམས་ཅད་ཀྱི་ཆོས་རྣམས་རྙེད་པའི་ཕྱིར་རོ།། དེ་ཉིད་ནི་འོད་དཔག་མེད། དེ་རྣམས་ཀྱིས་བདག་ཡང་དག་པོར་ཡོངསུ་བཅད་ཕྱིརརོ།། དེ་ལྟར་ཡེ་ཤེས་ལྔའི་རང་བཞིན་ཉིད་ཀྱི་ཕྱིར། དེ་ཉིད་སེམས་ཅན་ཏེ། ཡེ་ཤེས་ན་མཁའ ་ལྟ་བུ་མི་གཡོ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ཞེས་པའི་དོན་ཏོ།། ད་ནི་ཚངས་པ་ལ་སོགས་པའི་ཆོས་ཀྱིས་ཚངས་པ་ལ་སོགས་པའི་ལོངས་སྤྱོད་ལ་བརྟེན་པའི་སེམས་ཅན་རྣམས་འདུལ་བ་བསྟན་པའི་ཕྱིར།། ཚངས་པ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། འདིར་སྔོན་དུ་གསུངས་པའི་དེ་བཞིན་གཤེགས་པ་ལྔ་ལ་སོགས་པ་ནི་བརྟེན་པའོ།། དེ་ཡང་ཚངས་པ་ལ་སོགས་པ་རྟེན་དུ་གྱུར་པ་ཉིད་ཀྱིས་ན་སངས་རྒྱས་རྣམས་འབྱུང་བའི་དོན་ཏོ།། ཅིའི་ཕྱིར་ཞེ་ན། ་ཚངས་སོགས་ལྷ་དང་ལྷ་མ་ཡིན། དེ་ལ་བརྟེན་པར་འགྱུར་བ་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ།། དེ་ལྟར་ཚངས་པ་ལ་སོགས་པའི་ལྟ་བ་ལྔ་རིམ་པ་བཞིན་རྟོག་པར ་བྱ་བྱའོ།། དེའི་རིམ་པ་ནི་འདི་ཡིན་ཏེ། ཚངས་པ་ཞེས་པ་ནཱི་ཆིངས་པའི་ལྟ་བའོ།། དེ་བཞིན་དུ་ཁྱབ་འཇིག་གཱི་ལྟ་པ་དང་། ཞི་བྱེད་ཀྱི་ལྟ་བའོ།། ཀུན་ནཱ~ཾས་པ་ནི་གློ་ཙར་བུ་བྷའི་ལྟེ་བའོ།། ནམྦྷ་རྟོག་ཅེས་པ་ནི་འཇིག་རྟེན་རྒྱུང་བླུན་པའི་ལྔ ་བོའོ།། གང་དག་ལྟ་བ་དེ་རྣམས་ལ་གནས་པ་དེ་དག་ནི་དེའི་ལྟ་བ་པར་འགྱུར་ཏེ། དེ་ཐམས་ཅད་ཀྱང་དེ་ཁོ་ན་ཉིད་འདོད་པའོ།། འོན་ཀྱང་མི་དགེ་བའི་གྲོགས་ཀྱི་དབང་གིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམ་སུ་མྱོང་ངོ་།། ་འདིར་དེ་བཞིན་དུ་དེ་རྣམས་ཀྱང་སྔོན་ལེག་པའི་ཆོས་ལ་སེམས་ཀྱིས་རྟོག་གོ། དེ་ལས་སེམས་ཅན་རྣམས་བྱུང་བའི་ཕྱིར་ལྟ་བ་རྣམས་ཀྱི་རྗེ་སུ་འབྲང་ངོ་།། དེའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཚངས་པ་ལ་སོགས ་པའི་ལུས་རྣམས་འཁྱུད་པར་འགྱུར་རོ།། དེ་སྔ་ན་སེམས་ཅན་སྔོན་གྱི་ལས་ཀྱི་རྗེ་སུ་འབྲངས་པ་རྣམས་ལ་ཆོས་སྟོན་ཏོ།། དེ་རྣམས་ཀྱང་གཱཅིག་ལ་གཅིག་དྷཱ་སུ་འབྲང་ངོ་།། དེ་ལྟར་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་ཅེས་བརྗོད་དོ།། ཅིའི་ཕྱིར ་ཞེ་ན། དེ་ཁོ་ན་ཉིད་བརྗོད་ཅེས་གསུངས་པའི་ཕྱིར་རོ།། ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་བརྟེན་པར་མི་བྱེད་པ་དེ་སྲིད་དུ་འགྲོ་བའི་རིགས་དྲུག་པོ་འདིར་ཡང་འཁོར་བར་འགྱུར་རོ།། གང་གི་ཕྱིར་འདིར་གསུངས་པ། ཚངས་པོ་མྱ ་ངན་འདས་སངས་རྒྱས་ཞེས་པ་ནི་སེམས་ཅན་གང་དག་ཚངས་པའི་ཡེ་ཤེས་འདོད་པ་དེ་རྣམས་ཀྱི་མྱ་ངན་ལུས་འདས་པ་ཞེས་པ་ནི་མྱ་ངན་ལས་འདས་པའི་ལམ་བསྟན་པའོ།། དེ་ཡང་སངས་རྒྱས་ཤེས་པ་ནི་ཤིན་ཏུ་རྣམ་པར་དག་པ་རྟོགས ་པའི་རང་བཞིན་གྱི་ཕྱིར་འདི་ནི་སངས་རྒྱས་ཏེ་དེ་ཁོ་ན་ཉིད་དེ་བཞིན་དུ་བྲམ་ཟེ་མཆོག་གི་ལམ་བསྟན་པའི་ཕྱིར་རོ།། ཅི་རིག་བྱེད་ལ་སོགས་པ་ལ་མངོན་སུམ་དུ་སྤྱོད་པ་མ་ཡིན་ནམ།། གསུངས་པ་དེ་ནི་བདེན་མོང་།། འོན་ཀྱང་གདུལ་དཀའ ་པ་ལ་སོགས་པའི་སེམས་ཅན་རྣམས་གདུལ་བའི་དོན་དུ་དེ་བཞིན་གཤེགས་པས་ཐབས་ཀྱི་སྒོ་ནས་སྤྲུལ་པ་སྤྲུལ་ཏེ་བྱ་བ་བྱེད་དོ།། གང་གི་ཕྱིར། སེམས་ཅནི་གང་དང་གང་གི་ནི།། སེམས་ནི་དངོས་པོ་ལ་རེག་པ།། སེམས་ཅན་དེ་དང ་དེ་ཡི་ནི།། གཟུགས་དང་མཐུན་ལ་བརྟེན་པ་ཡིན།། ལས་དང་རིགས་དང་བྱ་དེ་བཞིན་ཞེས་སོ།། འདིར་ལས་ནི་བཟོ་སྣ་ཚོགས་ཀྱི་ལས་དང་། བཟོ་མ་ཡིན་པའི་ལས་སོ།། རིགས་ནི་རིགས་དྲུག་ཅུ་རྩ་དྲུག་གི་ཁྱད་པར་ཏེ་ཚོང་པ་དང་ཕྲེང ་རྒྱུད་མ་ལ་སོགས་པ་རྣམསོ།། དེ་བཞིན་བྲམ་ཟེ་ལ་སོགས་པ་རིགས་བཞི་འོམ་རུས་སོ།། བྱ་བཱ་ཞེས་པ་ནི་སེམས་ཅན་འདི་རྣམས་ཀྱི་རང་རང་གི་ལས་དང་རྗེསུ་མཐུན་པས་བྱ་བ་སྣ་ཚོགས་པ་ཆོས་དང་ཆོས་མ་ཡིན་པ་རྣམས་ལ་འཇུག་པའོ།། ་དེ་ལྟར་ལས་ལ་སོགས་པ་གསུམ་ལ་བརྟེན་ཏེ། དེ་བཞིན་གཤེགས་པ་བརྟེན་པར་མཛད་པའི་གཟུགས་ཀྱི་ཐབས་གདུལ་བྱའི་དོན་དུ་མཛད་དེ། རྒྱལ་པོ་ལ་སོགས་པའི་ཆད་པས་ནི་མ་ཡིནོ།། དེའི་ཕྱིར་རིག་བྱེད་ལ་སོགས་པའི་མུ ་སྟེགས་ཀྱི་ཆོས་ཀྱི་ཚུལ་གྱིས་དེ་བཞིན་གཤེགས་པས་སྐྱབསུ་བསྟན་པ་ལ་ཉེས་པ་ཅི་ཡོད།། གང་ཕྱིར་སྣ་ཚོགས་འདུལ་བའི་ཐབས།། གཟུགས་བྱས་ནས་ནི་དེ་ཉིད་དུ།། སྙིང་རྗེས་རོལ་དམིགས ་ནས་སུ།། དེ་བཞིན་གཤེགས་པས་དེ་ཉིད་གསུངས།། དེ་བཞིན་དུ་འཇུག་པས་ཁྱབ་འཇུག་ཅེ་སུ་བརྗོད་ཅེས་པ་ནི་མངོན་དུ་གསུངས་པའི་སེམས་ཅན་རྣམས་དེའི་བདག་ཉིད་ཀྱིས་རང་རང་གི་ཆོས་ལ་འཇུག་པའི་ཕྱིར་དང་། ཕྱིས་ཟབ་བཱི་ཆོས ་བསྟན་པའི་ཕྱིར་རོ།། བི་ཥའི་སྐད་བྱིངས་ལས་བི་ཥ་པྲ་གེ་ཥ་སྟེ། རིམས་ཀྱིས་འཇུག་པས་པའི་དོན་ཏོ།། ཞི་བྱེད་རྟག་ཏུ་དགེ་བ་ཡིན་ཞེས་པ་ནི་དེ་ལྟར་ཞི་བྱེད་ཉིད་ཀྱིས་དུས་ཐམས་ཅད་དགེ་བ་སྟེར་བར་བྱེད་པ་ཐོར་པ་སྟེར་ཞེས་པའི་དོན་ཏོ།། ། ་ལྷག་མ་ནི་སྔོན་བཞིན་ནོ།། ཀུ་ནི་ནི་ཐམས་ཅད་བདག་ཉིད་བཞུགས་ཞེས་པ་ནི་དེ་ལྟར་གཅེར་བུ་པའི་རིས་དྲུག་ཅེས་བྱ་བ་ལ་སོགས་པའི་ཆོས་རྣམས་ལ་གནས་ཤིང་དེ་རྣམས་ཀྱི་བདག་ཉིད་ཀྱི་ཆོས་དེ་ཆོས་སྟོན་པར་བྱེད་པ་ལ་གནས་ཏོ།། ་དེའི་ལམ་གྱིས་སངས་རྒྱས་ཀྱི་ཆོས་ལ་འཇུག་ཅིང་རིག་པར་བྱེད་པ་ཉིད་ལ་གནས་པའོ།། དེ་བཞིན་དུ་བདེ་བ་དམ་པས་དེ་ཁོ་ན་ཆུབ་པས་རྣམ་པར་རྟོག་པར་བཞེད་ཅེས་པ་ནི་འཇིག་རྟེན་རྒྱང་པན་གྱི་གཞུང་ལུགས་རྣམས་ལ་དེའི་གཟུགས ་ལ་བརྟེན་ཏེ་དེས་བསྟན་པས་རྣམ་པར་རྟོགས་པའོ།། ཅིའི་ཕྱིར་ཞེ་ན། རྟོགས་པར་འདོད་པས་སོ།། བདེ་བ་དམ་པ་ཞེས་པ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ཉིད་ཀྱིས་ན་དེ་ཁོ་ན་ཉིད་དེ། དེ་རྟོགས་པར་འདོད་པ་ནི་གཞན་རྣམས་ལ་སྟོན ་པར་བྱེང་བ་སྔ་ལམ་ལ་འཇུད་པ་ཞེས་པ་ཛིན་ཏོ།། སྣརོན་ཀྲུང་དཀར་གྱི་མུ་སྤྱུགས་ལ་སོགས་པའི་སེམས་ཅན་ནམས་སྐྱེ་ས་གས་པར་སུ་ཤེས་ཀླས་པ་པའི་དོན་དུ་ནག་པ་བརྒྱུད་པའི་རབ་ཏུ་དང་ཕྱུ་ག་ས་བྱ་དྷམ ་ལྡན་འདས་ཀྱིས་གསུངས་ཏེ། བདག་གིས་ཀྱང་དེ་ཉིད་དུ་ཅུང་ཟད་བཤད་བཱིརྱ་བྱའོ།། དེ་ལྟར་ལྟ་བ་དྲུག་བསྟན་པ་ནི་བཙོམྦྷ་ལྡན་འདས་ཀྱི་ངེས་པའོ།། ཡང་ན་ཕྱི་དང་ནང་དུ་རྣམ་པར་སྣང་མཛད་ལོ་སྩོགས་པ་འཁོར་ལྷོ་དྲུག ་གི་དབྱེ་བས་རྣམ་པར་གནས་པར་གསུངས་ཏེ། འདིར་རྣམ་པར་སྣང་མཛད་ནི་ལྟོ་བའི་འཁོར་ལྷོའི་གཙོ་བོ་སྟེ། དེ་ཡང་སའི་ཁམས་སོ།། མི་བསྐྱོད་པ་ནི་སྙིང་གི་འཁོར་ལོའི་གཙོ་བོ་སྟེ། ཆུའི་ཁམསོ།། དེ་བཞིན་དུ་འོད་དཔག ་མེད་ནི་མགྲིན་པའི་འཁོར་ལོའི་གཙོ་བོ་སྟེ། མེའི་ཁམས་སོ།། དྲིན་ཡོད་གྲུབ་པ་ནི་དཔྲལ་བའི་འཁོར་ལོའི་གཙོ་བོ་སྟེ། རླུང་གི་ཁམསོ།། རི་ན་ཆེན་འབྱུང་ལྡན་ནི་གཙུག་ཏོར་གྱི་འཁོར་ལོའི་གཙོ་བོ་སྟེ། ན་མཁའི་ཁམས ་བོ།། སེམས་དཔའ་ཅན་ནི་གསང་ངའི་འཁོར་ལོའི་གཙོ་བོ་སྟེ། ཡེ་ཤེས་ཀྱི་ཁམས།། དེ་རྣམས་ཀྱང་གྲངས་བཞིན་ཚངས་པ་ནི་ལྟེ་བར་རོ།། ཁྱད་འཇུག་ནི་སྙིང་གར་རོ།། ཞི་བྱེད་ནི་མགྲིན་པར་རོ།། ཐམས་ཅད་ནི་དཔྲལ་བར་རོ།། ་རྣམ་པར་རྟོག་ནི་གཙུག་ཏོར་དུའོ།། དེ་ཉིད་ནི་གསང་བར་འགྱུར་རོ།། ཀུན་རྫོག་ཏུ་དྲི་ཆེན་ལ་སོགས་པ་ཐམས་ཅད་འོག་ཏུ་འབབ་པས་ཁམས་དྲུག་ཟད་པར་རྟོགས་པར་བྱའོ།། དོན་དམ་པར་ནི་ཡང་ཐམས་ཅད་སྟོང་དུ་འབབ ་པར་འགྱུར་རོ།། དེ་ལྟར་ཡང་ཚངས་པ་མྱ་དྲན་འདས་སངས་རྒྱས་ཞེས་གསུངས་ཏེ། དྲི་ཆེན་གྱི་ཁམས་མི་འཛག་པའི་ཕྱིར་རོ།། འཇུག་པས་ཁྱབ་འཇུག་ཅེས་པ་ནི་དྲི་ཆུའི་ཁམས་འཛག་པ ་འགྲོ་བ་མེད་པའི་ཕྱིརརོ།། བརྗོད་ཅེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་པའི་དོན་ཏོ།། དེ་བཞིན་དུ་ཞི་བྱེད་ཅེས་པ་ནི་ཁུ་བ་འཛག་པ་མེད་པའི་ཕྱིར་རོ།། དེ་ཡང་རྟག་ཏུ་ཤིན་ཏུ་རྣམ་པར་དག་པའི་དགེ་བ་བྱེད་པས་སངས་རྒྱས ་ཞི་བ་སྟེ།། གཞན་ནི་མ་ཡིན་ཞེས་པའི་དོན་ཏོ།། ཐམས་ཅད་བདག་ཉིད་བཞུགས་ཞེས་པ་ནི་དོན་ཡོད་གྲུབ་པོ་སྟེ་སྲོག་གི་རླུང་།། དེ་ཡང་རྩ་རྣམས་ཐམས་ཅད་ཀྱི་བདག་ཉིད་ཁམས་སུམ་ཅུ་དྲུག་པོ་དེ་རྣམས་ལ་ཁྱབ་པར་བྱེད་པའི་རླུང ་སྟེ་མི་ཟད་པའི་ཕྱིར་འདུ་བྱེད་མེད་པའོ།། དེ་ཡང་ཐམས་ཅད་ཀྱི་བདག་ཉིད་ཡེ་ཤེས་དང་རྣམ་པར་ཤེས་པ་རོ་གཅིག་པར་གྱུར་པ་ཞེས་པའི་དོན་ཏོ།། ཆུབ་པས་རྣམ་པར་རྟོགས་པར་བཞད་ཅེས་པ་ནི་རིན་ཚུན་འབྱུང་ལྡན་ཏེ། ཁྲིག ་གི་ཁམས་དེ་འཇིག་པ་མེད་པའི་ཕྱིར་སྡུག་བསྔལ་མེད་པའོ།། དེ་མེད་པའི་ཕྱིར་བདེ་བ་དང་སྡུག་བསྔལ་མཐར་བྱེད་པ་དེ་རྟོགས་པའི་ཕྱིར་ལྷའི་མིག་ལ་སོགས་པས་གཞན་གྱི་སེམས་ཤེས་པ་ལ་ཁྱབ་པའི་ཕྱིར་རྣམ་པར་རྟོགས ་པ་ཞེས་པའི་དོན་ཏོ།། དེ་བཞིན་དུ་བོདེ་བ་དམ་པས་དེ་ཁོ་ན་ཞེས་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་དམིགས་པ་མེད་པ་ཟག་པ་མེད་པ་སྟོང་པ་ཉིད་མཚན་མ་མེད་པ་སྨོན་པ་མེད་པ་མངོན་པར་འདུ་མ་བྱས་པ། རྣམ་པར་ཐར་པ་གཅིག ་བའི་རང་བཞིན་སྙིང་རྗེ་ལ་སོགས་པ་བཞིའི་རང་བཞིན་ཅན་དམིགས་པ་མེད་པའི་རང་བཞིན་གྱིས་མི་དམིགས་པ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སངས་རྒྱས་ཞེས་བརྗོད་དོ།། དེ་ལྟར་གང་ཡེ་ཤེས་ཀྱིས་དམིགས་པས་སེམས་དང ་སེམས་ལས་བྱུང་བ་གཉིས་མེད་པ་ནི་དེ་ཁོ་ན་ཉིད་ཅེས་བརྗོད་དེ། དེ་གང་ལ་ཡོད་པའི་ལྷ་དེ་ནི་དེ་ཁོ་ན་ཉིད་ཅེས་བརྗོད་དོ།། དེ་ཉིད་གསུངས་པ། ལུས་ལས་བྱུང་བ་ཉིད་ཀྱི་ཕྱིར། ལྷ་ཞེས་བྱ་བར་བརྗོད་པ་ཡིན་ཞེས་པ་ནི་འདིར་སྔོན་དུ ་གསུངས་པའི་ལྷའི་འཁོར་ལོ་དྲུག་གི་ཚུལ་གྱིས་རྣལ་འབྱོར་པ་རྣམས་ཀྱི་ལུས་ལས་མི་འཛག་པའི་ཕྱིར་རྡོ་རྗེ་ལུས་སོ།། དེ་ལས་བྱུང་བ་ནི་གཉིསུ་མེད་པའི་ཡེ་ཤེས་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བདག་ཉིད་ཀྱི་བྱང་ཆུབ་ཀྱི ་སེམས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་བདག་སྡེ་བའི་ཡེ་ཤེས་རྡོ་རྗེ་འཆང་གི་སྐུ་དེ་ཉིད་ལྷའོ།། དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པས་བརྗོད་ཅེས་པ་ནི་དམིགས་པ་དེའི་རང་བཞིན་དུ་བྱ་ཞེས་པའི་དོན་ཏོ།། ཡང་འཆད་བཞིན་པའི་ཕེཾ་ཉ་མོ་བཅུ ་གཉིས་ཀྱི་བདག་ཉིད་དུ་སངས་རྒྱས་འཁྲུངས་ཏེ། ཀུན་གཞི་རྣམ་པར་ཤེས་པའི་ཡང་དག་པར་སྦྱོར་བས་མའི་ལྟོ་བར་སྔོན་གྱི་ལུས་ལས་འོངས་པ་དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པར་དགོངསོ།། འདི་ལ་སྐལ་པ་ཡོད་པ་ཞེས་པ་ནི་དམིགས ་བ་སྔོན་དུ་འགྲོ་བ་དེ་གང་ལ་ཡོད་པ་དེ་ནི་སངས་རྒྱས་ཀྱི་སྐལ་པ་རིག་པ་ཉིད་དེ་ཀུན་རྫོབ་དང་དོན་དམ་པ་དེའི་སྐལ་བ་དང་ལྡན་པ་དེ་བཞིན་ཉིད་ཀྱི་བདག་ཉིད་ཀྱི་ཕྱིརརོ།། གསུངས་ཞེས་པ་ནི་ཤེས་པར་བྱ་ཞེས་དགོངས་པའི་དོན་ཏོ།། ་དབང་ཕྱུག་ལ་སོགས་ལ་སོགས་ཡོན་ཏན་ནི།། སྐལ་པ་རྣམ་པ་དྲུག་ཏུ་བཤད་ཅེས་པ་ནི་འདིར་སྐུལ་པའི་སྒྲ་ནི་རྣམ་པ་དྲུག་སྟེ། དབང་ཕྱུག་དང་ནི་གཟུགས་བཟང་དང་།། དཔལ་དང་གྲགས་དང་། ་ཡེ་ཤེས་དང་།། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ།། དྲུག་པོ་དྲིལ་ལྡན་ཟློས་བརྗོད།། དེ་ལྟར་ཡོན་ཏན་གྱི་ཁྱད་པར་གྱིས་ཇི་ལྟ་བའི་དུས་ཀྱིས་འཁོར་ལོ་དྲུག་རྣམསུ་ཇི་ལྟ་བའི་རིམ་པསྣ་རྟོགས་པར་བྱའོ།། ཡང་ན་ཉོན་མོངས ་ལ་སོགས་བཅོམ་ཞེས་པ་ནི་སྔོན་དུ་གསུངས་པའི་ཚངས་པ་ལ་སོགས་པའི་ལྟ་བ་ལ་གནས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པས་སྦགས་པའི་སེམས་ཅན་དེ་རྣམས་ཀྱི་བག་ཆགས་འཇོམས་པའི་ཕྱིར་བཅོམ ་ལྡན་འདས་ཞེས་བརྗོད་དོ།། ཡང་ན་བྲག་ཆགས་དང་བཅས་པའི་སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྒྲར་བརྗོད་དོ།། ད་ནི་འཁོར་ལོ་དྲུག་རྣམསུ་སྤྲོ་བ་དང་སྤད་པའི་བདག་ཉིད་ཀྱི་རྣལ་འབྱོར་མ་བཅུ་གཉིས་རྣམས ་ཀྱི་བསྐྱེད་བྱ་དང་སྐྱེད་བྱེད་ཀྱི་དབང་གིས་སངས་རྒྱས་རྣམས་ཀྱི་རྫོགས་པའི་རིམ་པས་བསྐྱེད་པོའི་རིམ་པས་བསྐྱེད་པ་བརྗོད་དེ། འགྲོ་བའི་ཞེས་པ་ལ་སོགས་པ་ལ། འདིད་དཱ་ཋཱ་རཾ་མ་ཞེས་པ་ན་མྲའོ།། ཤེས་རབ་ཅེས་པ་ནི་སྔོན་གྱི་ལྷ ་བའི་བུ་ག་ནས་ཡོད་པ་དང་མེད་པ་ཉེ་བར་མཚོན་པོའི་ཕྱིར་བློའོ།། པྲ་ཞེས་པ་ནི་དེ་རབ་ཀྱི་མཐོར་ཐུག་པ་སོང་བ་ཉིད་ཀྱིས་ནི་ཤེས་རབ་བོ།། དེའི་ཛྙཱ་ཞེས་པ་ནི་ཤེས་པར་བྱེད་པའི་ཕྱིར་རོ།། གང་གི་ཕྱིར་ཛྙཱ་ཁོང་དུ་ཆུད་པར་སྐད་ཀྱི་བྱིངས ་ནས་བརྗོད་དོ།། དེ་ལ་ཅུང་ཟད་ཆགས་པ་དེའི་སེམས་དེའི་རང་བཞིན་སྐྱེས་པ་ནི་ཡན་ལག་མ་སྟེ། དེ་ཡང་ཞེས་བརྗོད་དོ།། གང་གི་ཕྱིར་འགྲོ་བ་བསྐྱེད་པས་མ་ཞེས་པ་ལ་གླང་གི་ཕྱིར་ཞེས་པ་ནི་འདིར་སེམས་ཅན་ཐམས་ཅད་རྣམས ་ཀྱི་སྐྱེད་པར་བྱེད་པ་ནི་པཾ་ལས་འོངས་པའི་ཁུ་བར་བརྗོད་དོ།། དེའི་ཡང་བསྐྱེད་པ་ནི་ཤེས་རབ་ཀྱི་རྡུལ་གྱི་ཁམསོ།། སུ་ཞིག་བསྐྱེད་ཅེ་ན། འདིར་གསུངས་པ། ལས་ཀྱིས་བྱིན་གྱིས་བརླབས་པའི་དྲི་ཟའི་སེམས་ཅན་ནོ།། འོན་ཀྱང་འཕགས ་པ་རྣམས་ནི་ལས་བཟང་པོས་བྱིན་གྱིས་བརླབས་པའོ།། དེ་བཞིན་དུ་སོ་སོའི་སྐྱེ་བོ་ནི་ལས་ངན་པས་བྱིན་གྱིས་བརླབས་པའོ།། དེ་ཡང་འཆི་བའི་མཐར་བརྫུས་ཏེ་སྐྱེས་པའི་ཡན་ལག་ཀུན་གཞི་རྣམ་པར་ཤེས་པའོ།། དེ་ཡང་འདིར ་འགྲོ་བ་ཞེས་པའི་སྒྲས་བརྗོད་དོ།། གང་གིས་ཕྱིར་ཆལ་བའི་སྲས་དག་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་པའི་ཕྱིརརོ།། དེའི་ཕྱིར་འགྲོ་བའི་སྒྲ་ཉིད་ནི་འགྲོ་བ་བསྐྱེད་པས་ཤེས་པའི་རིགས་པས་སོ།། དེ་ལྟར ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ནི་རྡུལ་དང་ཁུ་བོའི་ཁམསོ།། ཤེས་རབ་དེ་ཉིད་ལ་སྲིང་མོ་ཞེས་བརྗོད་དོ།། ཆ་ཤས་དུ་མ་སྟོན་པའི་ཕྱིར་ཞེས་པ་ནི་ཁྲག་གི་བ་སྤུ་དང་ཕགས་པ་ལ་སོགས་པའི་ཁམས་རྣམས་འགྱུར་བའི་མཚན ་ཉིད་དོ།། དེ་བཞིན་དུ་ཁུ་བའི་རྩ་དང་རྐང་ལ་སོགས་པའི་ཁམས་རྣམས་ཆ་ཤས་འགྱུར་བའི་ཕྱིརརོ།། དེ་ལྟར་ཡང་གསུངས་པ། མ་ལས་འགྱུར་བ་རྣམ་པ་གསུམ།། དེ་བཞིན་པ་ལས་གྱུར་པ་གསུམ།། དྲུག་གི་སྦུབས་ཅན་གོང ་བུ་འདི།། ལུས་གྱི་ཁམསུ་བརྟགས་པ་ཡིན།། ཤེས་རབ་དེ་ཉིད་ཡོན་ཏན་འཇོ་བའི་ཕྱིར་ཞེས་པ་ལ་ཡོན་ཏན་ནི་ལྔ་སྟེ། གཟུགས་དང་སྒྲ་ལ་སོགས་པའི་ཡུལ་དེ་རྣམས་ལ་དེ་རྣམས་འཇོ ་བའི་ཕྱིར་ཡང་དག་པའི་ཡེ་ཤེས་གརྡུང་ཞེས་པའི་དོན་ཏོ།། ཡང་ན་སྔོན་དུ་གསུངས་པའི་ཁུ་དང་ཁྲག་ལས་བྱུང་བའི་ཁམས་རྣམས་ཐམས་ཅད་པདྨའི་རྩ་བའི་སྣལ་མ་བཞི་ནི་རོ་མཉམ་པར་བྱེད་པའི་ཕྱིར་དེ་བཞིན་གཤེགས ་པར་འགྱུར་ཏེ། ཤེས་རབ་དེ་ལ་བུ་མོ་ཞེས་བརྗོད་དེ།། ཉོན་མོངས་པའི་ཕུང་པོ་འཇོམས་པར་བྱེད་ཅིང་ལྷའི་ཕུང་པོ་བསྐྱེད་པའི་ངང་ཚུལ་ཅན་ཞེས་པའི་དོན་ཏོ།། ཁྲིམས་དེ་རྣམས་ཐམས་ཅད་ཀྱི་དབང་པོའི་སྒོ་ནས་བསྐྱེད་པ་ནི ་བུ་མོའོ།། དེ་ལ་རེ་ཞིག་དབང་པོ་དྲུག་དང་། གཟུགས་ལ་སོགས་པའི་སྐྱེ་མཆེད་དུགོ།། དེ་ལ་རི་བཞིན་གཤེགས་པའི་སྤྱན་ལྔ་གཟུང་བའི་ཕྱིར་ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་དང་། ་སངས་རྒྱས་ཀྱི་སྤྱན་ནོ།། དེ་བཞིན་དུ་སྒྲ་ནི་ལྔ་སྟེ། ཐུན་མོང་གི་སྒྲ་དང་། ལྷའི་སྒྲ་དང་། ཤེས་རབ་ཀྱི་སྒྲ་དང་། མི་ཤོགས་པའི་སྒྲ་དང་། ཡེ་ཤེས་ཀྱི་སྒྲའོ།། དེ་བཞིན་དུ་དྲི་ལྔ་ནི་ཤ་ལ་སོགས་པའི་དྲི་དང་། ལྷའི་དྲི་དང་། མཆོག ་ཏུ་མི་འགྱུར་བ་རང་རིག་པ་བདེ་བའི་དྲི་དང་བཟླས་པའི་དྲི་དང་། བསམ་གཏན་གྱི་དྲིའོ།། དེ་བཞིན་དུ་རོ་ལྔ་ནི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྙིང་རྗེ་ལ་སོགས་པའི་རི་དང་། དམ་པའི་ཆོས་ཀྱི་རོ་མྱང་བའི་རོ་དང་། བླ་མའི ་མན་ངག་གི་དབང་གིས་དབང་གིས་བརྟགས་པའི་བདེ་བའི་རོ་དང་། མཆོག་གི་བདུད་རྩིས་ཚིམ་པའི་རོ་དང་། རིག་པའི་རོའོ།། དེ་བཞིན་དུ་རེག་བྱ་ལ་ཡང་རྣམ་པ་ལྔ་སྟེ། དང་པོ་ཉིད་དུ་མ་དད་པའི་དབང་གིས་ཀུན་དུ་སྦྱོར་བའི་རེག ་བྱའོ།། དེ་ཡང་མངལ་དུ་ཞུགས་པ་ནས་སྐྱེས་པ་ལ་ཐུག་པར་མྱང་བའི་རེག་བྱའོ།། དེ་བཞིན་དུ་སྙིང་རྗེས་ཕན་པའི་སེམས་ཅན་ལ་དབང་པོའི་ཤེས་པ་ལ་ཀུན་ལྟ་བའི་རེག་བྱའོ།། ཕུང་པོ་ལྔ་ལ་སོགས་པ་ནས་ཁམས་གསུམ་ཅུ་རྩ་དྲུག ་འཇུག་པའི་མཐར་ཐུག་པས་དེ་རྣམས་ཀྱི་སོ་སོ་ཐ་དད་པར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྐྱེད་པའི་ཚུལ་གྱིས་གནས་དང་ཉེ་བའི་གན་སུ་རྒྱུ་བ་དེ་ན་འཆང་བཞིན་པའི་རབ་ཏུ་བྱེད་པ་གཉིས་པར་ལྟ་བའི་བདེ་བ་བསྐྱེད་པའི་རེག་བྱའོ།། ་སྱཱ་དཱན་ལས་འདས་པའི་རེག་བྱ་ནི་ལྔ་པའོ།། དེ་དག་ནི་ཐབས་སོ།། འདིའི་ཤེས་རབ་ཀྱི་རང་བཞིན་གཟུགས་དྲུག་པ་དང་། སྒྲ་དྲུག་པ་དང་། དྷཱི་དྲུག་པ་དང་རོ་དྲུག་པ་དང་། རེག་བྱ་དྲུག་པ་དང་། དེ་དག་ཐམས་ཅད་དྲུག་པོ་ཆོས ་གྱི་དབྱིངས་གཉི་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དེ་བཞིན་གཤེགས་པའི་ངེས་པའོ།། དེ་བཞིན་དུ། ཤེས་རབ་ཆོས་མཚན་མེ་ཞེས་བརྗོད་ཅེས་པ་ནི་མངལ་གྱི་གནས་ནས་བྱུང་བས་ཆོས་མཁན་སྟེ། དེའི་ལུས་ཐམས་ཅད་ཡེ ་ཤེས་ཀྱི་བདུད་རྩིས་བསྒོམས་པ་དེ་ཉིད་མཐོང་སྟེ། སེམས་ཅན་ཐམས་ཅད་འཚེད་པས་ཞེས་པ་དབང་པོ་ལ་སོགས་པའི་ལྷ་དང་མི་ལ་སོགས་པ་རྣམས་སྙིང་རྗེས་ཆགས་པས་འཚེད་པའི་ཕྱིར་རོ།། ཆོས་མཁན་མར་ནི་དེ་བཞིན ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་ཡང་བརྗོད་དུ་མེད་པའི་ཕྱིར་རེག་དུ་མེད་པའོ།། དེའི་ཕྱིར་དེ་བཞིན་གཤེགས་པའི་རྫུ་འཕྲུལ་དང་ཆོ་འཕྲུལ་རབ་ཏུ་བསྟན་པའི་ཕྱིར་གཡུང་མོའོ།། ཊི་ནི་ན་མཁ་འགྲོ་བཱ་ཞེས་པ་འདིར་སྐད་ཀྱི་བྱིངས་ལས་བརྗོད་དོ།། ཨམ་པའི་ཞེས་པ་ལ། ་ཨམ་པ་ནི་མ་སྟེ། ཤེས་རབ་དེ་ན་མཁར་འགྲོ་བ་ཞེས་པའི་དོན་ཏོ།། དེ་ལྟར་རྫུ་འཕྲུལ་གྱི་ཆོ་འཕྲུལ་ན་མཁར་བསྟན་པ་གང་གི་ཕྱིར་བཅོམ་ལྡན་འདས་ལ་དེའི་བདག་ཉིད་ཀྱི་བློ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་ལྟེ་བར ་མའོ།། སྙིང་ཁར་སྲིང་མོའོ།། མགྲིན་པར་ཚེས་མཁར་མའོ།། དཔྲལ་བར་བུ་མོའོ།། གཙུག་ཏོར་དུ་གར་མཁན་མའོ།། དེ་བཞིན་དུ་གསང་བར་གཡུང་མོའོ།། འདིར་སྡུད་པ་ལས་ཕྱི་རུ་སྤྲོ་བའི་རིམ་པས་བསྐྱེད་པཱ་ནི་ངེས་པའོ།། དེ ་བཞིན་དུ་མ་གསུངས་ཀྱང་དགོངས་བཤད་གཞན་གྱི་མན་ངག་གིས་གཉེན་མོ་ལ་སོགས་པ་རྣལ་འབྱོར་མ་དྲུག་རྣམས་ཀྱི་ངེས་པའི་ཚིགས་བསྟན་པའི་ཕྱིར།། བཟླས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བཟླས་པའི་ཡུལ ་གཉེན་མོ་ཤེས་རབ་མའོ།། དེ་བཞིན་དུ་དཀྱིལ་འཁོར་གྱི་ཡུལ་ལ་བྲམ་ཟེ་མོ་ཤེས་རབ་མའོ།། དེ་བཞིན་དུ་ལག་པའི་བྱ་བ་རྣམས་ལ་རྒྱལ་རིགས་མོའོ།། དེ་བཞིན་དུ་བྱུང་བ་དང་དོར་བའི་བྱ་བ་ལ་རྗེའུ་རིགས་མའི་ཤེས་རབ་མའོ།། ་དེ་བཞིན་དུ་བདེ་བའི་ལས་ནི་དམང་རིགས་མའི་ཤེས་རབ་མའོ།། དེ་བཞིན་དུ་འཆི་བའི་གནས་སྐབས་འཇོམས་པ་ནི་གཏུམ་མོའི་ཤེས་རབ་མ་ཞེས་པ་སྟེ་ངེས་པའོ།། དེའི་ཕྱིར་དེ་བཞིན་གཤེགས་པའི་བཟླས་པ་ཟློས་པར་བཤད ་བཱ་ཞེས་པ་ནི་གང་ངག་གིས་བརྗོད་ཅིང་ཟློས་པ་དེ་ནི་བཟླས་པ་བརྗོད་དེ། དབྱངས་དང་བསལ་བྱེད་ཀྱི་ཆོགསོ།། ཡང་ན་སྲོག་དང་རྩོལ་བའི་སྦྱོར་བརྟན་པའོ།། དཀྱིལ་འཁོར་ཞེས་པ་ནི་དབུས་མཱ་ཨ་བ ་དྷཱུ་ཏཱིའོ།། རྐང་པས་འདྲི་འགྱུར་ཞེས་པ་ནི་ལ་ལ་ནཱ་དང་ར་ས་ནཱའི་རྩ་གཉིས་ཀྱི་སྲོག་མནན་པ་ནི་རྐང་པའོ།། ཨ་བ་དྷཱ་ཏཱིར་འཇུག་པོ་ནི་འདྲི་བ་སྟེ། སྔོན་གོམས་པའི་ཕྱིར་རོ།། འགྱུར་ཞེས་པ་ནི་ངེས་པར་ཞེས་པའི་དོན་ཏོ།། ཉིད་ཕྱིར ་དཀྱིལ་འཁོར་ཞེས་བྱ་བར་བརྗོད་ཅེས་པ་ལི། ཉེད་པ་ནི་རྡུལ་ཆགས་པ་ཆེན་པོ་རང་རིག་པའི་ཡེ་ཤེས་མཚོ་གྀ་ཏུ་བདེ་བ་སྟེ། དེས་སྣ་ཚོགས་རྒྱ་ས་བཏབ་པ་འདིས་ན་དཀྱིལ་འཁོར་ཏེ། རང་དང་གཞན་ཀུན་རྫོབ་པ་དག་གཅིག ་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་ལག་པ་རྐྱོང་པོ་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་ནི་སྣ་ཚོགས་འདུལ་བའི་འོད་ཟེར་རྣམས་ཏེ། དེ་རྣམས་ཀྱི་རྐྱོང་ང་པ་ནི་གསལ་བར་འགྱུར་ཞེས་སྦྱར་རོ།། ཕྱག་རྒྱ་ཞེས་པ་ནི་ཁམས ་གསུམ་པ་རྣམས་བདུད་རྩིའི་རོ་རྣམས་ཀྱིས་ཚིམ་པར་བྱེང་པའི་ཕྱག་རྒྱ་སྟེ། སེམས་ཅན་རྣམས་ཀྱི་གཟུགས་བརྙན་གྱི་མཚན་ཉིད་ཅེས་དགོངསོ།། སོར་མོ་བསྐུམ་པའང་དེ་བཞིན་ནོ།། ཞེས་པ་ནི་ཆོས་ཀྱི་བདུད་རྩིའི་འོད་ཟེར ་རྣམས་ཀྱིས་བསྐུམ་པ་ནི་བསྐུམ་པ་སྟེ། སོན་ཐམས་ཅད་རང་གི་ཡེ་ཤེས་ཀྱིས་དེ་རྣམས་དང་རོ་མཉམ་པར་བྱེད་པའི་ཕྱིར་རོ།། གང་ཞིག་བསམ་པ་དེ་བསམ་གཏོན་ཞེས་པ་ནི་དེ་བཞིན་དུ་སེམས་ཅན་ཐམས་ཅད་རྣམས་ཀྱི་རིམ ་གྱིས་རྣམ་པར་གཞག་པར་བྱ་སྟེ། གང་ཞིག་བསམ་པ་དེ་བསམ་གཏན་དུ་གཟུང་བར་བྱ་བ་རྣལ་འབྱོར་པའི་སེམས་ཀྱིས་གཞན་གྱི་སེམས་ཤེས་པར་བྱེད་པའོ།། གང་ཕྱིར་རྣམ་བསམ་བསམ་གཏནོ་ཞེས་པ་ནི་གང་གི་ཕྱིར་བསམ ་དུ་མེད་པ་དེ་བཞིན་ཤིགས་པའི་གཟུང་བ་དང་འཛིན་པ་མེད་པའི་ཕྱིར་རྣམ་པར་མོ་རྟག་པའི་ལྡུམ་ཞེས་པའི་དོན་ཏོ།། འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱིས་གང་བསམས་པ་ལས་ཐོབ་པའི་བདེ་བ་གྲང་ཞེས་པ་ནི་ལྦུ་བའི ་དོན་ལ་བདུན་པའོ།། ཕ་ལས་ཐོབ་པའི་འཆི་བའི་མཐར་བསྐྱེད་པའི་བདག་ཉིད་བདེ་བ་འཇུག་པའི་གནས་སྐབསུ་མྱོང་བའི་བདེ་བ་དེ་ཉིད་ལོ་བཅུ་དྲུག་གི་མཐར་སྐྱེས་པ་རང་ཉིད་ཀྱིས་སྤྱོད་དོ།། བུད་མེད་ཀྱིས་ཀྱང་ལོ་བཅུ ་གཉིས་མཐར་རང་ཉིད་ཀྱིས་སྤྱོད་དོ།། གང་གིས་ཕྱིར་བདེ་བ་གང་གིས་འདིར་མི་འཆི་ཞེས་པ་ནི་འདིར་འཁོར་ལ་རྣམས་ནི། སྐད་ཅིག་ཙམ་གྱི་བདེ་བས་འཁོར་བ་ནས་འཁོར་པོར་འཁོར་རོ།། བློ་དང་ལྡན་པ་རྣམས ་ཀྱིས་ནི་གང་གི་ཚེ་བདེ་བ་ཉིད་བརྟན་པར་འགྱུར་བ་དེའི་ཆ་རྣམ་འབྱོར་པ་རྣམས་ཀྱི་བསམ་གཏན་དུ་བརྗོད་ངོ་།། གང་གི་ཕྱིར་བཅོམ་ལྡན་འདས་བདེ་བའི་རྣམ་པ་སྟེ། བདེ་བས་འགྲོ་ལ་ཁྱབ་པ་ཉིད།། འདིར་ནི་བདེ་ལས ་བདེ་གཞན་གྱི།། འཆི་དང་སྐྱེ་བ་འབྱུང་མི་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་གསུངསོ།། ཞེས་པ་ནི་རྒྱུད་འདིའི་བརྗོད་པ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། སོགས་པའི་སྒྲས་ནི་བསྟན་པ་དང་། སྟོན་པ་ལ་འབྲེལ ་སོ+ོ་ས་ནཱི་སྔོན་དུ་གསུང་སོ+ོ།། དེ་ཁོ་ན་ཉིད་ཀྱི་རབ་ཏུ་བྱུད་པ་ཞེས་པ་ནི་རྟག་པ་བཅུ་གཅིག་གི་མདོར་བྱཱ་སྠཱསྟྲ་བྷཱ་སྟྭ~ཾ། དཱ་རྣམས་ལ་ཁྱཱད་བྷུརརྱ་བྱེད་པའི་ཕྱིར་རོ།། དེ་ན་ཉིད་ནྟིདྷམྦྷ་པུཥྚི་དོན་ལྷ་འཇུག་བླའི་དོན་ནོ།། ་དེ་ནི་རྟོག་པ་ཐམས་ཅད་ཀྱི་རབ་ཏུ་བྱེད་པའོ།། དེ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པ་རབ་ཀྱི་མཐར་འགྲོ་བའི་ཕྱིར། རབ་ཏུ་བྱེད་པའོ།། དེ་ཉིད་དང་པོ་སྟེ། དང་པོའི་མིང་ཡིན་པའི་ཕྱིར་རོ།། འདི་ནི་དེ་བཞིན་གཤེགས ་བའི་ངེས་པའོ།། ཁ་སྦྱོར་ཐིག་ལོའི་རྒྱུད་ཀྱི་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་བཤད་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་པོ་ཞེས་བྱ་བའི་གཞུང་མདོར་བསྟན་པ་སྟེ་དང་པོའོ།། །། ད་ནི་བྱང་ཆུབ་ཀྱི ་ཕྱོགས་ཀྱི་ཆོས་རྣམས་སུམ་ཅུ་རྩ་བདུན་གྱི་རྣམ་པར་འགྲེལ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བུ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་དེ་ཁོ་ཉིད་ཀྱི་རབ་ཏུ་བྱེད་པའི་རྗེས་ཐོག་སུ ་རབ་བྱེད་པ་གཉིས་པ་བཤད་ཅེས་པའི་དོན་ཏོ།། ཡང་ན་དི་ནཱ་ཞེས་པ་ནི་གཅིག་གི་ཚོག་གི་རིགས་ཏེ། རབ་ཏུ་བྱེང་པ་དང་པོ་དེའི་དོན་སྣ་ཚོགས་འབྱེད་ཅིང་རྟོགས་པར་བྱེད་པའི་བསྟན་བཅོས་ཞེས་བྱ་བ་ཞེས་པའི་ཚད་མའི་དག ་ཅེས་པའི་དོན་ཏོ།། འདིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སུམ་ཅུ་བདུན་ཞེས་པ་ནི་འདིར་བྱང་ཆུབ་ཀྱི་ཆོས་རྣམས་ནི་ཕུང་པོ་ལྔ་དང་། ཁམོས་ལྔ་དང་། དབང་པོ་ལྔ་དང་། དབང་པོ་ལྔ་དང་། ཡུལ་ལྔ་དང་། དེ་བཞིན་དུ ་ལས་ཀྱི་དབང་པོ་ལྔ་དང་། དེའི་བྱ་བ་ལྔའོ།། དེ་ལ་དྲུག་པ་ཡེ་ཤེས་ཀྱི་ཕུང་པོ་དང་། ཡེ་ཤེས་ཀྱི་ཁམས་དང་། ཡེ་ཤེས་ཀྱི་དབང་པོ་དང་། ཡེ་ཤེས་ཀྱི་ཡུལ་དང་། དེ་བཞིན་དུ་ཡེ་ཤེས་ཀྱི་ལས་ཀྱི་དབང་པོ་དང་། དེའི་བྱ ་བའོ།། དེ་རྣམས་ལ་ཁྱབ་པར་བྱེད་པ་ནི་སུམ་ཅུ་རྩ་བདུན་པ་སྟེ། དེ་ཡང་ཆོས་ཅན་ཡེ་ཤེས་ཀྱི་ཁམས་ཤེས་པའི་དོན་ཏོ།། དེ་ལྟར་ཆོས་རྣམས་སུམ་ཅུ་རྩ་བདུན་ཏེ། ཆོས་དེ་རྣམས་ཀྱི་ཕྱོགསོ།། ། ཤྭེ་བནི་ཡཱ་ལཱཀཿབརྗོད།། དེའི་ཡིན ་ལག་ནི་རྣམ་པ་གསུམ་མམོ་རྣམ་པ་མང་པོར་འགྱུར་བའོ།། དེ་ཐམས་ཅད་བཤད་པར་བྱ་ཞེས་པ་ནི་འཆང་བཞིན་པ་དེས་རྒྱས་པར་གསུངས་ཏེ། ནང་གི་ལུས་ཤེས་པ་ལ། ལུས་ཤེས་པ་ནི་གཟུགས་ཀྱི་ཕུང་པོའོ།། ད ་ཡང་རྣམ་པ་གསུམ་སྟེ། དེ་ནི་ལུས་ཀྱིས་ཉེ་བར་མཚོན་པར་བྱའོ།། འདིར་ནང་གི་ལུས་གསུངས་པ། གུང་རྣལ་འབྱོར་པ་རྣམས་ཀྱི་གཏུམ་མོའི་ཚོགས་པ་རྡོ་རྗེ་ལྟ་བུའི་ཏིངངེ་འཛིན་གྱིས་སྲོག་གི་རླུང་གཟུང་བའི་གནས ་དྭེར་ལུས་ཀྱི་རྗེ་སུ་ལྟ་བཱི་ཞེས་པ་ནི་རང་རིག་པའི་ཡེ་ཤེས་རང་གི་སམས་དང་གཉིསུ་མེད་པའི་དངོས་པོའོ།། དེ་ཡང་སེམས་ཅན་རྣམས་ལ་རབ་ཏུ་བསྟན་པ་སྟེ། རང་དབང་ཐོབ་པའི་སེམས་ཅན་རྣམས་འཁོར ་ལོ་ཆེན་ཐོབ་བོ་རྒྱུ་བའི་ཕྱིར་ཏེ། རྣམ་པར་སྤྱོད་ཅེས་པ་ནི་སྤྲོས་པའི་ཕྱིརརོ།། དེ་ནས་ཤེས་བཞིན་ཤེས་པ་རང་གི་སྒྲ་ནི་སྤྱང་པ་ཛིན་ཏོ།། དེས་ཤེས་བཞིན་ནི་ཡང་དག་པར་རབ་ཏུ་ཤེས་པ་སྟེ། ལྷའི་དབང་པོས ་སེམས་ཅན་རྣམས་ཀྱི་ལུས་ཀྱི་ལས་ཤེས་པའོ།། དེས་ན་དྲན་པ་དང་ལྡན་པའི་འཇིག་རྟེན་གྱི་རྣམ་པར་གསལ་ཏེ་ཞེས་པ་ནི་མངོན་དུ་མངོན་ཤེས་ཐོབ་པས་རང་ལས་བྱུང་བའི་འཇིག་རྟེན་གདུལ ་བྱ་དེ་རྣམས་དེས་དྲན་པ་དེའི་བདག་ཉིད་ཀྱིས་དྲན་ཞིང་རྟོག་ཤེས་པའི་དོན་ཏོ།། གང་གི་ཕྱིར་རང་གི་བདག་ཉིད་ལས་བྱུང་བའི་སེམས་ཅན་སྟོན་དག་པའི་རྩ་བ་བསགས་པ་དེ་རྣམས་ཀྱི་ཅི་ཞིག་རྣམ་པར་སེལ་ཞེས་བརྗེད་ས་བོན་གྱི ་ཁྱད་པར་ལས་འབྲས་བུའི་ཁྱད་པར་སྐྱེ་བར་འགྱུར་བ་མ་ཡིན་ནམ། ཇི་ལྟར་འབྲས་ཀྱི་མྱུ་གུ་ལས་འབྲས་ཀྱི་འབྲིས་བུ་འབྱུང་གི་ཁྲེ་ན་ལ་ཡིནོ།། འདི་ལྟར་ཤིན་ཏུ་རྣམ་པར་དག་པའི་སེམས་ཀྱི་ས་བོན་དང་། ལས་ཁྱད་པར་ཅན ་ལས་འབྲས་བུ་ཁྱད་པར་ཅན་སྐྱེ་བར་འགྱུརརོ།། ཞེས་འགའ་ཞིག་སོམ་ཉི་ཟ་བར་འགྱུར་ན། དེ་ལ་བརྗོད་པ་དེ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། མ་རིག་པ་དང་ཡང་མི་བདེ་བ་ཞེས་གསུངས་ཏེ། འདིར་སྟོན་ནས་འཁོར་བར་སྐྱེ་བར ་བྱེད་པ་ནི་མ་རིག་པའོ།། དེས་ན་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོག་པའི་བག་ཆགས་ཀྱི་ཉེས་པ་རྣམས་ཀྱིས་འཆིང་བར་འགྱུ་རོ།། རྟོགས་པ་རྣམས་ཀྱིས་ནི་དེ་རྣམ་པར་བཅོམ་པའི་ཕྱིར་བཅིངས་པ་ལྔས་གྲོལ་བར་འགྱུ་རོ།། ་འོན་ཀྱང་སྔོན་གྱི་ལས་ཀྱི་བག་ཆགས་ཀྱི་དབང་གི་ཇི་སྲིད་དུ་སངས་རྒྱསུ་མི་འགྱུར་བ་དེ་སྲིད་དུ་འཁོར་བའི་བཅིངས་པ་ལས་གྲོལ་བར་མི་འགྱུར་ཏེ། རང་གི་ཕུང་པོ་ལ་སོགས་པའི་སྒྲིབ་པ་རྣམས་ཟད་པའི་ཕྱིར་གྲོལ་བར་བརྗོད།། ་དེ་ལྟར་ཕུན་ཚུན་ཟོ་ནུའི་འཁྲུལ་འཁོར་བཞིན་སེམས་ཅན་གྱི་རིགས་གྲངས་མེད་པ་དང་། སངས་རྒྱབ་ཀྱི་རིགས་བླངས་མེད་པ་རྣམས་ཉེ་བར་མཚོན་པར་བྱའོ།། འོ་ན་འདི་ལྟར་ཕ་ལས་བུ་སྐྱེ་བར་འགྱུར་མེད་པ་ནི་མཁས་པ་ཆེན་ཐ ་བྱང་བ་ཆོས་དང་ལྡན་པ་ལ་སོགས་པའི་ཡོན་དང་ལྡན་ལ། དེའི་བུ་ནི་ལས་ངན་པ་ལ་དགའ་བ་རྨོངས་པ་ཆོས་མི་བྱེད་པ་ལ་སོགས་པའི་ཉེས་པས་གོས་པ་དང་ལྡནོ།། དེས་ན་འདིར་མ་རིག་པ་དང་ཡིད་མི་བདེ་བས་སེམས་ཁྱད་པར ་ཅན་ལས་སེམས་ཅན་རྣམས་སྙེང་པར་བྱེད་དོ།། ཕྱིའི་ལུས་ལ་བརྟན་པ་དེ་ཐམས་ཅད་ཉེས་པས་གོས་པར་འགྱུརརོ།། ཇི་ལྟར་མ་ལོང་གསལ་བ་ཉིད་ལ་དངོས་པོ་སྣ་ཚོགས་པ་བསྟན་པའི་ཕྱིར་དེ་ལ་གཟུགས་བརྙན་སྣང་བས་གས ་བཔ་ཡང་སྔར་གྱི་གཟུགས་སྤངས་ནས་བེམོས་པོར་འགྱུར་རོ།། འོན་ཀྱང་འདིར་ལུས་དང་ངག་དང་སེམས་གསལ་བ་རྣམས་མི་གསལ་བར་འགྱུར་ཏེ། དེས་ན་སྐྱེ་བོ་ལ་སོགས་པ་རྣམས་ཀྱི་དངོས་པོ་སྣ་ཚོགས་པ་མཐོང་བས་གསལ་བའི ་སྔོན་གྱི་གཟུགས་སྤངས་ནས་རྨོངས་པ་ཉིད་དུ་འགྱུར།། དེ་རྣམས་བཏུལྟ་བའི་རྒྱུས་དེ་བཞིན་གཤེགས་པའི་ཤེས་བཞི་ནོ།། དེ་རྣམས་འདུལ་བའི་དུསུ་ཡང་དེ་བཞིན་གཤེགས་པ་མཐོང་བའི་ཕྱིར་སེམས་དྲན་པ་དང་ལྡན་པར་འགྱུར ་རོ།། དེ་བཞིན་དུ་ལུས་གསུམ་རིམ་པ་བཞིན་དུ་རྟོགས་པར་བྱའོ།། དེ་ལ་རིམ་པ་ནི་འདི་ཡིན་ཏེ། ནང་གི་བདག་ཉིད་ཀྱི་ལུས་དེ་བཞིན་གཤེགས་པ་སྐྱེད་པར་བྱེད་པའི་རྒྱུའོ།། དེ་ཡང་སྔོན་དུ་གསུང་སོ།། དེ་ནས་ཕྱིའི་ལུས་རྐྱེན་གྱི ་བདག་ཉིད་དེ་བཞིན་གཤེགས་པའི་གཟུགསོ།། དེ་བཞིན་དུ་ནང་དང་ཕྱིའི་ལུས་ནི་འཇིག་རྟེན་གྱི་བསལ་བ་བྱང་ཆུབ་སེམས་དཔའི་རིགསོ།། དེ་ཡང་འབྲས་བུའི་བདག་ཉིད་ཅན་སངས་རྒྱས་ཀྱི ་མཛད་པ་བྱེད་པའི་ཕྱིར་ཞེས་པའི་དོན་ཏོ།། དེ་ལྟར་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་ཀྱི་རིགས་སྐུ་གསུམ་དུ་རྣམ་པར་བཞག་པ་འམ་ཡང་ན་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའོ།། ཞེས་པ་སྟེ་ངེས་པའོ།། ་ད་ནི་དེ་བཞིན་དུ་ཚོར་བ་རྣམ་པ་གསུམ་བསྟན་པའི་ཕྱིར། ནང་གི་ཚེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཚོར་བའི་ཕུང་པོ་ནི་རིན་ཆེན་འབྱུང་ལྡན་ཏེ། དེའི་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་ཀྱི་ཚོར་བ་རྣམ་པ ་གསུམ་མོ།། འདིར་རིན་ཆེན་འབྱུང་ལྡན་ནི་རྡུལ་གྱི་ཁམ་སོ།། དེ་ལས་བྱུང་བ་ནི་ཚོར་བ་སྟེ། བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་དང་སྡུག་བསྔལ་བ་དག་གོ། དེ་ལ་གང་ཚོར་བ་བདེ་བ་ནི་ནང་གི་བདག་ཉིད་དེ། དེས་བདེ ་བའི་རྣམ་པའི་བཅོམ་ལྡན་འདས་རང་རིག་པའི་ལུས་ཀྱི་བདག་ཉིད་ཅེས་པའི་དོན་ཏོ།། དེར་གང་ཚོར་བ་སྡུག་བསྔལ་བ་དེ་ནི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་སྟེ། ངག་གི་བརྗོད་པས་ཆོས་མང་པོ་སྟོན་པའི་ཕྱིརརོ།། གང ་ཚོར་བ་བདེ་བ་དང་སྡུག་བསྔལ་བ་དེ་ནི་སེམས་ཅན་གྱི་རིགས་ཅན་གྱི་སྟེ། དངོས་པོའི་ཚོགས་པས་གཞན་གྱི་སེམས་ཁོང་དུ་ཆུད་པ་དེའོ།། ཞེས་པའི་དོན་ཏོ།། དེ་ནས་ཡང་ཚོར་བའི་ཡོངསུ་ལྟ་ཞེས་པ་ནི་སེམས་ཅན་དེ ་རྣམས་ལ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་རྗེསུ་སྟོན་པའི་ཚོར་བ་དོན་མཐུན་པ་ཉིད་ཀྱི་བསྡུ་བའི་དངོས་པོ་ཞེས་པའི་དོན་ཏོ།། ཤེས་བཞིན་དང་རྣམ་པར་སྤྱོད་ཅེས་པཱ་ལ་དང་གི་སྦྱོང་ནི་སེམས་ཅན་དེ་རྣམས་ཀྱི ་ཡང་དག་པའི་ལམ་ཤེས་ནས་སྤྱོད་པ་སྟེ། ཀུན་རྫོབ་དང་དོན་དམ་པའི་རྣལ་འབྱོར་གྱིས་ཇི་སྲིད་ན་མཁྲིའི་མཐར་ཐུག་པར་སེམས་ཅན་གྱི་དོན་བྱེད་པའོ།། མ་རིག་པ་དང་ཡིད་མི་བདེ་བ་ཞེས་པ་ནི་དེ་ལྟར་ཚོར་བ་རྣམ་པ་གསུཾ ་ལ་བརྟེན་པའི་སེམསོ།། ཚོར་བ་ཞེས་པ་གང་ཞེ་ན། མ་རིག་པའི་དབང་གིས་ཚོར་བའོ།། དེ་སྲུང་པ་ནི་ཚོར་བ་བྱེད་པའོ།། དྲན་པ་དང་ལྡན་པ་ནི་རིག་པ་བཟང་པོ་སྐྱེད་པར་བྱེདོ།། ཞེས་པའི་དོན་ཏོ།། དེ་ལྟར་ལུས་བཞིའི་བདག་ཉིད ་ཚོར་བ་ནི་ཚོར་བའི་ཕུང་པོའོ།། དེའི་ཡང་དག་པའི་དྲན་པའི་ཕྱིར་དྲན་པ་ཉེ་བར་གཞག་པ་གཉིས་པའོ།། དེ་བཞིན་དུ་ཆོས་རྗེསུ་དྲན་པ་ཉེ་བར་གཞག་པ་བསྟན་པའི་ཕྱིར། ནོང་གི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་འདིར་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་ཆོས་རྣམས་ཀྱི་ཚིག་གི་ལམ་གྱིས་ངེས་པར་གསུངས་ཤིང་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏོ།། དེ་ཡོང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི ་བདག་ཉིད་དེ། དེ་དག་ནི་ལུང་གཞན་རྣམས་ལས་རྒྱས་པར་རྟོག་པར་བྱའོ།། བདག་གིས་ནི་གཞུང་རྒྱས་པས་འཇིགས་པས་མ་བརྗོད་དོ།། འོན་ཀྱང་མན་ངག་གིས་བརྗོད་དོ།། ནང་གི་ཆོས་རྣམས་ཞེས་པ་ནི་རྩ་སྟོང་ཕྲག ་བདུན་ཅུ་རྩ་གཉིས་པདྨའི་སྐུད་རྩ་ལྟ་བུ་རྣམས་ལ་གྲང་བརྟེན་པའི་སེམས་ཏེ། དེ་ཡང་ཆོས་ཅན་ཞེས་བརྗོད་དེ་རང་རིག་པའི་བདག་ཉིད་ཀྱི་ཕྱིར་རོ།། དེའི་ཕྱིར་དེའི་རང་བཞིན་གྱིས་ཡུལ་དང་ཡུལ་ཅན་རྣམས ་ལ་ལྟ་བའི་ཆོས་ནི་ནང་གི་ཆོས་རྣམསོ།། ཕྱིའི་ཆོས་རྣམས་ཞེས་པ་ནི་དེ་ལྟ་བུའི་ཆོས་རྣམས་ལ་བལྟས་པས་དངོས་པོ་སྣ་ཚོགས་པའི་མིང་རྣམས་ལ་འཇུག་སྟེ། དེའི་རང་གི་ལས་ཀྱི་དབང་གིས་དགེ་བ་འམ་མི་དགེ་བ་འབྱུང་ངོ་།། ་དེས་དངོས་པོ་སྣ་ཚོགས་པ་བསྐྱེད་དེ་འབྱུང་བ་ཆེན་པོའི་བདག་ཉིད་འབྱུང་བར་འགྱུར་རོ།། དེ་བཞིན་དུ་རྣལ་འབྱོར་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚེ་རབས་སྔ་མའི་བག་ཆགས་ཀྱི་དབང་གིས་དགེ་བའི་ལས་ཀྱིས ་དམ་པའི་ཆོས་སྣ་ཚོགས་པའི་དངོས་པོ་རྣམས་ལ་སེམས་བསྐྱེད་དོ།། ལས་དེས་ཕྱི་རུ་བག་ཆ་བཞིན་ཆོས་སྟོན་ཏོ།། ཉན་པ་དང་། སྟོན་པ་དང་། ཀློག་པ་དང་། རྒྱས་པར་ཡང་དག་པར་རབ་ཏུ་སྟོན་ཏོ།། དེ་བཞིན་དུ་དམ་པའི་ཆོས ་སྣ་ཚོགས་སྟོན་པའི་གླེགས་བླམ་རྣམས་སྡུད་པར་བྱེད་པ་དང་། འཛིན་པར་བྱེད་པ་ལྕེ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ཐམས་ཅད་བྱེད་དོ།། དེ་བཞིན་དུ་ནང ་ཕྱིའོ་ཆོས་རྣམས་ལ་ཞེས་པ་ནི་འདིར་ཆོས་ལ་དམིགས་པའི་སྙིང་རྗེས་གང་དག་སྣ་ཚོགས་པར་སྤྲུལ་པའི་སེམས་ཅན་དེ་རྣམས་ཀྱི་བློ་ངན་པའི་ཉེས་པ་གཞོམ་པའི་ཕྱིར། ཆོས་རྣམས་ལ་རྗེསུ་ལྟ་བ་ཞེས་པ་ནི་ཀུན་གྱི་མཆོག ་དང་ལྡན་པའི་སྟོང་པ་ཉིད་ཀྱི་ལཱམ་གྱི་རྗེ་སུ་ལྟ་བུའོ།། དེས་ན་རྒྱས་པར་ཡང་ཆོས་སྟོན་པའོ།། རྣམ་པར་དཔྱོད་པ་དང་། ཤེས་བཞིན་ཞེས་པ་ནི་དེ་ལྟར་སེམས་ཅན་དེ་རྣམས་ཀྱི་བག་ཆགས་ཙམ་སྦྱང་བའི་ཕྱིར་བཏུལ་ཞེས་པ་ནི་མ ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཏིང་འཛིན་གྱི་ཚུལ་གྱིས་རྗེ་སུ་ཞུགས་པའོ།། མ་རིག་པ་དང་ཡོད་མི་བདེ་བོ་ཞེས་པ་ནི་བདག་ཏུ་འཛིན་པས་གཟུང་བ་དང་འཛིན་པ་ལ་དམིགས་པའི་ཕྱིར་མ་རིག་པའོ།། དེས་ནི་ཡིད་མི་བདེ་བ་ཞེས་པ ་ཅུང་ཟད་འདོད་ཆགས་ཀྱིས་གཡོགས་པར་འགྱུར་རོ།། དྲན་པ་དང་ལྡན་པ་ཞེས་པ་ནི་དེའི་ཕྱིར་དེ་བཞིན་གཤེགས་པ་མཐོང་བས་སྔོན་གྱི་གཟུགས་སྤངས་ཏེ། རང་བཞིན་གྱི་གཟུགས་ཀྱི་རྗེསུ་དྲན་པའོ།། ཇི་ལྟར་ཉི་མ་འཆར་བས ་པདྨ་ཁ་བྱེ་བ་བ་སྙི་དུ་འགྱུའོ།། དེ་ཡིན་ཏུ་འིག་བླ་གཡོགས་པས་ཡང་སངས་རྒྱས་ཀྱི་ཉི་མ་ཆར་བ་མཐོང་བས་ཁ་བྱེ་བར་འགྱུར་རོ།། དེ་ལྟར་དེ་རྣམས་ཀྱིས་ཡང་དག་པའི་ལམ་རབ་ཏུ་ཤེས་པས་ན་ཤེས་བཞིན་ནོ།། འཇིག་རྟེན་གྱི་བཏུལ་ཏེ་ཞེས ་པ་ནི་དེ་ལས་བྱུང་བའི་ཕྱིརརོ།། འཇིག་རྟེན་དེ་ལས་ཆོས་སྟོན་པར་བྱེང།། དེས་བག་ཆགས་པའི་བདག་ཉིད་བཅོམ་ནས་དང་མཉམ་པར་བྱེད་ཅེས་པའི་དོན་ཏོ།། དེ་བཞིན་དུ་རྣམ་པར་སྤྱོད་པ་ནི་ཐོག་མ་དང་བར་མ་དང་ཐ་མར་རོ།། དེ ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཐོག་མར་དགེ་བ་བར་དུ་དགེ་བ་ཞེ་བྱ་བ་ལ་སོགས་པ་གསུངས་པས་དུས་གསུམ་དུ་དགེ་བ་ལ་རྣམ་པར་སྤྱོད་དོ།། དེ་ཡང་འདུ་ཤེས་ཀྱི་ཕུང་པོ་འོད་དཔག་ཏུ་མེད་པའི་ཆོས་དེའི་ཡན་ལག ་ནི་ཕྱོགས་དེ་ཡང་བྱང་ཆུབ་དེ་ནི་སྒྲུབ་ཐབས་ཀྱི་ཕྱིར་དྲན་པ་ཉེ་བར་གཞག་པ་གསུམ་པའོ།། བཞི་དབང་དུ་བྱས་ཏེ་གསུངས་པ། ནང་གི་སེམས་ཞེས་བྱ་བ་ལ་སོགས་པ་ལ། འདིར་སེམས་ནི་རྣམ་པ་གསུཾ ་སྟེ། དེ་ལ་ཀུན་བཞི་རྣམ་པར་ཤེས་པ་ནི་ནང་གི་སེམསོ།། ཕྱིའི་སེམས་ཞེས་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དོ།། ནང་དང་ཕྱིའི་སེམས་ཤེས་པ་ནི་འཇུག་པའི་རྣམ་པར་ཤེས་པའོ།། རྣམ་པར་ཤེས་པ་དེ་རྣམས་བཀག་པའི ་ཕྱིར་གང་ནང་གི་སེམས་དེ་ནི་སྣང་བ་མེད་པའི་ཡེ་ཤེས་ཏེ། རྣལ་འབྱོར་པ་རྣམས་ཀྱིས་སྟོན་དུ་བཀག་པའི་ཕྱིར་རོ།། གང་ཕྱིའི་སེམས་དེ་ནི་རྫུན་ཏེ། གང་གི་ཕྱིར་སེམས་ལས་བྱུང་བའི་དངོས་པོ་སྒྱུ་མ་ལྟ་བུའོ།། དེ་བཞིན་དུ་སངས ་རྒྱས་རྣམས་ཀྱི་སྐུ་ལ་རྣམ་པར་རིག་པ་འགོག་པའི་ཕྱིརརོ།། དེའི་ཕྱིར་གོང་ནང་གི་སེམས་དང་ཕྱིའི་སེམས་སྒྲིབ་པོ་མེད་པ་དེ་ནི་དམིགས་པ་མེད་པའི་སྙིང་རྗེ་སྟེ། སྔོན་དུ་རྣམ་པར་ཤེས་པ་འགྲོག་པ་འི་ཕྱིར།། མ་རིག་པ་དང་ཡིད ་ཡིད་མི་བདེ་བ་ཞེས་པ་ནི་གང་གི་ཕྱིར་སྔོན་དུ་འགོག་པས་དམིགས་པ་མེད་པར་འགྱུར་ཏེ། དེའི་ཚེ་ཉེ་བའི་ཉོན་མོངས་པ་ཅུང་ཟད་འཛག་པ་དེ་ནི་མ་རིག་པའི་ཆགས་པ་རྣམ་པར་བཅོམ་པའི་ཕྱིར་སེམས་ཀྱི་རྗེ་སུ་ལྟ་བའོ།། སེམས ་ཅན་དེ་རྣམས་ཀྱི་སེམས་གང་སེ་མོས་མེད་པར་བསྟན་པ་སྙིང་རྗེ་གསུམ་ལས་སྙིང་རྗེ་ཆེན་པོ་བསྒྲུབས་པོ་དེ་ཆོས་ཀྱི་དབྱིངས་གཉིས་མེད་པ་སྟོང་པ་ཉིད་ཡང་དག་པའི་མཐའ་དོན་དམ་པ་འོད་གསལ་བ་དེ་ཁོ་ན་ཉིད་ཅེས ་རྣམ་གྲངས་ཏེ། དེའི་རྗེ་སུ་ལྟ་ཞིང་བཅོམ་ལྡན་འདས་རྣམ་པར་སྤྱོད་ཅེས་སྦྱརོ།། ཅི་ལ་རྣམ་པར་སྤྱོད་ཅེ་ན། གསུངས་པ། ཤེས་བཞིན་དང་ཞེས་པ་ནི་དེ་ལྟར་སེམས་ཅན་གྱི་རིས་ལ་ཡང་དག་པར་ཤེས་བཞིན་པ་ལམ་བརྟེན་པ་དེས ་ཉེ་བར་མཚོན་པར་དྲན་པ་དང་ལྡན་པ་ཞེས་བྱ་རྡོ་རྗེ་འཆང་གི་སྤྱིའོ།། འཇིག་རྟེན་གྱི་བཏུལ་ཏོ་ཞེས་པ་ནི་དེ་ཉིད་སྒྱུ་མ་ལྟ་བུའི་ཆོས་ཏེ། རང་བྱིན་གྱིས་བརླབས་པའི་ཆོས་ཀྱིས་འདོད་ཆགས་ཟད་པའི་སྐུ་ཀུན་རྫོབ་དང་དོན་དམ་བྱ ་དུག་དབྱེར་མྱེད་བྱུ་ལ་རྣམ་པར་སྤྱོད་ཅེས་དགོངས།། དེ་ལྟར་འང་བྱེད་ཀྱི་ཕུང་པོ་ནི་དོནི་ཁོད་པར་གྲུབ་པའི་ཚིམ་སོ།། དེའི་ཡན་ལག་བྱང་ཆུབ་ཀྱི་ཕྱོགས་དྲན་པ་ཉེ་བར་གཞག་པ་བཞི་པ་སེམས་བཤད་པ་དེས་ན་རྣམ་པར་སྤྱོད ་ཅེས་པོ་དགོང་སོ།། དེ་ལྟར་འདུ་བྱེད་ཀྱི་ཕུང་པོ་ནི་དོན་ཡོད་པར་གྲུབ་པའི་ཆོས་སོ།། དེའི་ཡན་ལག་བྱ། ཅེས་པ་ནི་བཅོམ་ལྡན་འདས་ཀྱི་ངསྡེ་པའོ།། བན་པོ་ཞེས་པ་ནི་གྲངས་ཙམ་མོ།། དེ་རྣམས་ཞེས་པ་ནི་དེ་ལྟར་སྔོན་དུ་གསུངས ་འོ།། དྲན་པ་ཉེ་བར་གཞག་པོ་རྣམས་ཞེས་པ་ནི་འཁོར་ནམལ་བསྟེན་པའོ།། ང་ནི་ཡང་དག་པར་སྤོང་བ་བཞི་རྣམས་བརྗོད་པའི་ཕྱིར། སྡིག་པ་མི་དགེ་པའི་ཆོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སངས་རྒྱས་ཀྱི ་ཞིང་ཤིན་ཏུ་རྣམ་པར་དག་པ་རྣམ་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འབྱུང་བར་འགྱུ་རོ།། དེའི་དུས་འཐུང་བ་ཆེན་པོ་བཞིའི་བདག་ཉིད་ཀྱི་སེམས་ཅན་རྣམས་སྐྱེ་བར་འགྱུརརོ།། དེ་ཡང་རྣམ་པ་བཞིར་འགྱུར། ་དེ་ལ་བརྞྞ་པཱ་ཏེ་སྐྱེས་པ་ནི་གཟུགས་མེད་པའི་ཁམ་སོ།། དེ་རྣམས་ཀྱི་ལུས་ནི་རླུང་དང་རྣམ་པར་ཤེས་པའི་བདག་ཉིད་དེ། དེས་ན་གཟུགས་མེད་པར་གནས་སོ།། དེ་ལ་གཙུག་ཏོར་ནསྣ་དཔྲལ་བའི་འཁོར་ལོར ་མཐར་ཐུག་པར་སོར་བཞི་རྣམསུ་གནས་བཞི་དང་ལྡན་པ་འབྱུང་བར་འགྱུར་རོ།། དེ་རྣམས་ཀྱི་བག་ཆགས་ཀྱི་ཉེས་པ་བཟློག་པའི་ཕྱིར་སྒྲོལ་མ་རླུང་གི་ཁམས་བསམ་ཏེ། དེ་ཡང་ཡང་དག་པར་སྤོང་བའོ།། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས ་པ་རྣམས་ཤེས་པ་ནི་གཟུགས་མེད་པའི་ཁམས་འགོག་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་པ་འདི་རྣམས་ཀྱི་ཏིང་འཛིན་གྱིས་ཇི་སྲིད་དུ་དེ་རྣམས་ཀྱི་གན་སུ་འཆི་བར་མི་འགྱུརརོ།། སྔོན་གྱི་བག་ཆགས་ཀྱི་དབང་གིས་ཤི་ནས་སྡིག་པ་མི ་དགེ་བའི་ཆོས་རྣམས་ལ་བློ་འཇུག་སྟེ། དེས་སྡུག་བསྔལ་སྣ་ཚོགས་ཉམ་སུ་མྱོང་བར་འགྱུརརོ།། དེའི་ཕྱིར་དེ་རྣམས་ཀྱི་མི་བསྐྱོད་པར་བྱ་བའི་ཕྱིར་ཞེས་པ་ནི་སྡིག་པའི་བློ་དང་། མི་དགེ་བའི་བློ་དང་། ཆོས་མ་ཡིན་པའི་བློ་ཇི་སྲིད་དུ་སྐྱེ་བར་མི ་འགྱུར་བ་དེ་སྲིད་དུ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ།། དེ་ཉིད་བསྟན་པའི་ཕྱིར། འདུན་པ་བསྐྱེད།། ཞེས་པ་ནི་སྔོན་གྱི་གནས་རྗེ་སུ་དྲན་པར་བྱང་བའོ།། འདུན་པ་དང་རིམ་པ་དང་འདྲ་བའི་ཚིག་གམ་སྔོན་གྱི་ཆོས་དང་ལས་དེ་དང་འདྲ་བ ་ནི་དེ་བཞིན་གཤེགས་པའི་གསུང་ཤེས་པའི་དོན་ཏོ།། དེས་ནི་སངས་རྒྱས་ཀྱི་ཆོས་རྣམས་ལ་འཇུག་པར་འགྱུརརོ།། དེས་ནི་ལུས་རྣམ་པར་དབེན་པས་ལུས་ཀྱི་ཏིངངེ་འཛིན་ལ་བརྟན་པར་བྱེད་དོ།། དེ་ཡང་སྤྲོས་པ་དང་བཅས་པ་སྟེ། ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་དམིགས་པའོ།། དེས་ན་དབེན་ནོ་ཞེས་པ་ནི་དེ་རྣམས་ལ་སླར་དེ་ལ་སོགས་པ་སྟོན་ཅིང་འཛིན་པར་བྱེད་ཅིང་སླར་ཡང་མི་སྐྱེ་བ་འཛིན་པར་བྱེད་དོ།། དེའི་ཕྱིར་བརྩོན་འགྲུས ་རྩོམ་མོ་ཞེས་པ་ནི་བླ་མ་དང་དགེ་བའི་ག་ཤེས་གཉེན་རྣམས་མཉེས་པར་བྱེདའོ།། བརྩོན་འགྲུས་ཀྱི་སྤྲོ་བས་སྦྱིན་པ་དང་ཤིན་ཏུ་སྦྱིན་པ་དང་སྦྱིན་པ་ཆེན་པོ་སྟེར་རོ།། དེས་ན་ཐེག་པ་གསུམ་ལ་སོགས་པའི་ཆོས་རྣམས་ཉན་ཏོ།། དེའི་ཕྱིར ་བླ་མའི་མན་ངག་ལ་དམིགསོ།། དེས་ཀྱང་ཉོན་མོངས་པའི་ཕུང་པོ་རྣམས་ཡོངསུ་སྤོང་བར་བྱེད་ཅིང་དངོས་གྲུབ་ཀྱང་ཐོབ་པར་འགྱུརརོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། བརྩོན་འགྲུས་སྤྲོ་བའི་རང་བཞིན་ཆོས།། ་སྒྲུབ་པ་པོ་ནི་ཕ་རོལ་འགྲོ། བརྩོན་འགྲུས་དང་ནི་བྲལ་ན་ནི།། སྒྲུབ་པོ་དངོས་གྲུབ་ཐོབ་མི་འགྱུར།། དེ་ལྟར་བརྩོན་འགྲུས་བརྟེན་པ་ཡིས།། མཁས་པ་རྣམས་ནི་འགྲུབ་པར་འགྱུར།། ཇི་སྲིད་མི་རུ་མ་སྐྱེས་པར།། བརྩོན་འགྲུས ་ཉིད་ནི་བྱ་བ་ཡིན།། ཆོས་ནི་མང་པོ་མཉན་པ་དང་།། བསྒོམ་པ་རྣམས་ནི་སྒྲུབ་པར་བྱེད།། སེམས་ཅན་རྒྱུ་རུ་བདག་སྒྲུབ་པར།། སྨོན་ལམ་ཡང་ནི་འདེབས་པར་བྱེད།། དེ་བཞིན་དུ་སེམས་རབ་ཏུ་འཛིན་ཏེ་ཞེས་པ་ནི་སྟོང་པའི ་ཏི་ངེ་འཛིན་ཡོངསུ་སྤངས་ཏེ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་ཅིང་ངེས་ཡང་དག་པའི་སྨོན་ལམི་རྫོགས་པར་བྱས་པའོ།། སྨོན་ནོ་ཞེས་པ་ནི་སེམས་ཅན་ཐམས་ཅད་རྣམས་ལ་ཡང་དག་པའི་ལམ་སྟེར ་ཞེས་པ་སྟེ་ངེས་པའོ།། དེ་བཞིན་དུ་གཟུགས་ཀྱི་ཁམས་པ་རྣམས་ཀྱི་བསྟན་པའི་ཕྱིར། སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་ཞེས་བྱ་བ་སོགས་པ་གསུངས་ཏེ། འདིར་གཟུགས་ཀྱི་ཁམས་པའི་ལྷ ་ནི་གཙོ་བོར་མེའི་ཁམས་ཀྱི་བདག་ཉིད་དོ།། དེ་རྣམས་ཀྱང་སྔོན་གྱི་དགེ་བའི་རྩ་བས་བདག་ཉིད་ཆེན་པོར་འགྱུརརོ།། འོན་ཀྱང་དགེ་བའི་གྲོགས་མཚིག་དང་བྲལ་བའོ།། དེས་ན་དགེ་བའི་ཆོས་རྣམས་ལ་སེམས་བསྐྱེད་པར་མི་འགྱུར་ཏེ། ་གང་དང་གང་ཡང་དག་པར་སྤོང་བ་བསྐྱེད་པའི་དགེ་བའི་ཆོས་དེས་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་པར་འགྱུར་བའོ།། གང་འདུན་པ་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་དུ་རྟོགས་པར་བྱ་སྟེ། གང་གི་ཕྱིར་དཔྲལ་བ་ནས ་མགྲིན་པའི་འཁོར་ལོའི་མཐར་ཐུག་པར་སོར་བཅུ་དྲུག་ནས་དེར་སྐྱེ་སྟེ། གཟུགས་ན་སྤྱོད་པ་བཅུ་དྲུག་གི་ལྷ་རྣམས་ཀྱི་གནས་བཅུ་དྲུག་པོ་དེ་རྣམསུ་སྐྱེ་བར་འགྱུ་རོ།། དེའི་ཕྱིར་དེ་བཞིན་གཤེགས་པའི་གདུལ་བྱའོ།། དེ་བཞིན་དུ་མེའི ་ཁམས་གོས་དཀར་མོའོ།། དེས་ན་ཡང་དག་པར་སྤོང་བ་བསྒོམ་པོར་བྱའོ།། གང་དུ་བསྒོམས་པར་བྱ་བ་ཡང་དེར་སྐྱེས་པའི་སེམས་ཅན་རྣམས་སྡིག་པ་མི་དགེ་བའི་ཆོས་རྣམས་ཀྱི་བློ་དང་ལྡན་ཏེ། དེས་འཁོར་བར་ཡཱང་ལྔ་དུ་སྡུག ་བསྔལ་ཉམསུ་མྱོང་བར་འགྱུར་རོ།། དེས་ན་འདུན་པ་བསྐྱེད་།། ཞེས་པ་དགེ་བ་དང་མི་དག་པའི་ཆོས་སྟོན་པ་ཉན་ཏོ།། དེས་ན་འདུན་པ་དང་ལྡན་པར་གྱུར་ཏོ།། བཅོམ་ལྡན་འདས་མཐོང་བས་སོར་ཕྲེང་བཞིན་བརྒྱལ་བར་འགྱུར ་ཕྱིས་དྲན་པར་བྱེད་དོ།། དེ་ཡང་འབད་དོ་ཞེས་པ་ནི་དེ་ལྟར་བཅོམ་ལྡན་འདས་ཀྱི་བཀའ་དྲན་པ་འམ་འཛིན་པར་བྱེད་དོ།། སྡིག་པ་མི་དགེ་བའི་ཆོས་རྣམས་འདོར་ཞེས་དགོངསོ།། དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་བརྩོན་འགྲུབ་རློམ ་མོ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་ཏེ། ཡང་དག་པར་སྤོང་བ་གཉིས་པའོ།། དེ་བཞིན་དུ་ཡང་དག་པར་སྤོང་བ་གསུམ་པའི་དབང་དུ་བྱས་ཏེ་གསུངས་པ། དགེ་བའི་ཆོས་མ་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་འདིར ་འདོད་པའི་ཁམས་ཀྱི་ལྷ་རྣམས་ནི་གཙོ་བོར་ཆུའི་ཁམས་ཀྱི་བདག་ཉིད་དོ།། ལྷག་མ་ནི་དེའི་ནང་དུ་འདུས་སོ།། དེ་ལ་མགྲིན་པ་ནས་སྙིང་གའི་འཁོར་ལོའི་བར་སོར་བཅུ་གཉིས་པོ་དེ་རྣམས་ལས་དེ་སོར་གཉིས་གཉིས་པོ་དེ་ལས ་གནས་དྲུག་རྣམསུ་འདོད་པའི་ཁམས་དྲུག་པོ་རྣམས་འབྱུང་བར་འགྱུར་ཏེ། སྔོན་དུ་གསུངས་པའི་ཡོན་ཏན་གཉིས་དང་། ཕྱི་མ་དད་ཡོན་ཏན་གསུམ་ལས་འབྱུང་ངོ་།། ལྷ་མ་ཡིན་ཡང་དེའི་ནང་དུ་འདུས་ཏེ། དེ་ཡང་སྙིང་གའི ་འོག་ཏུ་སེར་གཉིས་ལས་འབྱུང་བར་འགྱུར་རོ།། དེ་བཞིན་དུ་མཱ་མ་ཀྵི་ནི་ཆུའི་ཁམས་སོ།། དེ་རྣམས་ཀྱང་བསོད་ནམས་ཀྱི་བདག་པོ་ཆེན་པོར་བསྟན་པས་སྦྱིན་པ་ལ་སོགས་པ་དང་ལྡན་པ་ཡེ་ཤེས་ཀྱི་སྣང་བྱ་སྤངས་པ་དགེ ་བའི་གྲོགས་དང་བྲལ་བ་ཤིན་ཏུ་འདུད་པ་ལ་ཆགས་པའོ།། དེ་རྣམས་ཀྱི་སྤོང་བ་ནི་ཡང་དག་པར་སྤོང་བའོ།། འོ་ན་འདོད་པ་ལ་སྲེད་པ་སྟེ། གང་གི་ཕྱིར་མི་བསྐྱོད་པ་སེམས་ཏེ། དེ་ཡང་ཞུ་བའི་རང་བཞིན་ནོ།། དེས་མཱ་མ་ཀཱི། ་ནུའི་ཁམ་སོ།། དེས་ན་འདོད་པ་ལ་སྲེད་པའི་སེམས་ཀྱི་འདོད་པས་སྐྱེས་མ་རྣམས་དང་སྙོམས་པར་འཇུག་གོ།། དེའི་ཕྱིར་ལྷ་རྣམས་འདོད་པ་ལ་སྲེད་པའོ།། དེས་ན་དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད ་པའི་ཕྱིར་འདུན་པ་བསྐྱེད་ཅེས་པ་ལ། འདུན་པ་ནི་ཏིང་ངེ་འཛིན་རྙེད་པ་སྟེ། ཆོས་ཀྱི་དབྱིངས་ལྟ་བུར་ཤེས་པར་བྱེད་པའོ།། འབད་དོ་ཞེས་པ་ནི་དེ་ཡང་དག་པར་འབད་པའོ།། དེས་ན་བརྩོན་འགྲུས་ཞེས་བྱ་བ་ལ་སོགས་པ་སྔོན་བཞོན ་རྟོགས་པར་བྱའོ།། དེ་བཞིན་དུ་ཡང་དག་པར་སྤོང་བ་བཞི་པ་བསྟན་པའི་ཕྱིར། དེ་བཞིན་དུ་དགེ་བའི་ཆོས་སྐྱེས་པ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་ཞེས་པ་ནི་སྔོན་དུ་གསུངས་པའི་ཡང་དག་པར་སྤོང་བ ་གསུམ་པོ་རྣམས་ཉེ་བར་བསྡུ་བའི་དོན་ཏོ།། དེ་རྣམས་ཐམས་ཅད་གྲངས་བཞིན་དུ།། བཞི་དང་དེ་བཞིན་བཅུ་དྲུག་དང་།། གནས་བདུན་དུ་ནི་གང་བཤད་པ།། གསུམ་པོ་བརྫུས་ཏེ་སྐྱེ་བར་འགྱུར།། དེ་བཞིན་དུ་ཡང་མངལ་ནུས ་སྐྱེས་པ་ནི་རྐང་གཉིས་པ་མི་ལ་སོགས་པའོ།། དེ་རྣམས་ཀྱི་དགེ་བའི་ཆོས་སྐྱེས་པ་རྣམས་གནས་པར་བྱ་ཞེས་པ་ནི་དེ་ལྟར་རྫུས་ཏེ་སྐྱེས་པ་སྲིད་པ་གསུམ་གྱི་ལྷ་རྣམས་མངལ་ནས་འབྱུང་བར་བསྐྱེད་པའི་ཕྱིར་སྔོན་གྱི་མིའི ་དངོས་པོ་འཛིན་ཏོ།། དེས་ན་མི་དེ་རྣམས་ཀྱང་དགེ་བའི་ཆོས་ཡོངསུ་རྫོགས་པའི་རང་བཞིན་གྱིས་གནོས་ཏེ། དེ་རྣམས་ཡོངསུ་རྫོགས་པར་བྱ་བ་དང་། ཡང་དག་པའི་ལམ་སྦྱིན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི ་སྤྲུལ་པའི་སྐུར་འགྱུར། རྟེན་ཅིང་འབྲེལ་པར་འབྱུང་བ་བཞིན།། ཁ་ཏོན་མར་མེ་མེ་ལོང་སོགས་ཞེསོ།། ཇི་ལྟར་ཁ་ཏོན་ལས་ཁ་ཏོན་དང་མར་མ་ལས་མར་མེ་དང་། མ་ལོང་ལས་གཟུགས་བརྙན་ནོ།། དེ་དེ་བཞིན་དུ་སྐྱོན་གྱི་སྨོན་ལམ ་གྱི་དབང་གིས་སྤྲུལ་པའི་སྐུར་འགྱུར་རོ།། ལུས་དེས་སེམས་ཅན་རྣམས་ཀྱི་བསྒོམ་པར་བྱ་བའི་ཐབས་ཚད་མེད་པ་ཞེས་པ་ནི་འདིར་དེ་བཞིན་གཤེགས་པས་རྣལ་འབྱོར་མ་སྣ་ཚོགས་པའི་རྒྱུད་རྣམ་སུ་ཐབས་སྣ་ཚོགས་པའི་སྒོམ ་པ་སྣ་ཚོགས་པ་ལ་བརྟེན་ཏེ། སེམས་ཅན་རྣམས་ལ་ཞི་བ་དང་དྲག་པོ་དང་ཤིན་ཏུ་དྲག་པོའི་ཐབས་ཀྱིས་ཏེ། བཅོམ་ལྡན་འདས་ཀྱི་སྐུས་མན་ངག་སྣ་ཚོགས་པས་བསྟན་པའོ།། ཡོངསུ་རྫོགས་པར་བྱ་བ་ལ་ཞེས་པ་ནི་ལྔ ་པའི་དོན་ལ་བདུན་པའོ།། སེམས་ཅན་གང་དང་ཀཱི་ཪྵ་གི་སེམས་ཆོས་དེ་རྣམས་ཀྱིས་ཡོངསུ་རྫོགས་པར་བྱ་བའི་ཕྱིར། སླར་ཡོངསུ་རྫོགས་པར་བྱ་བ་ཞེས་པ་ནི་སླར་གྱི་སྒྲས་མིའི་འཇིག་རྟེན་དུ་འཇུག་པས་ལྷ་དང་ཀླུ་དང ་གྲནོད་སྦྱིན་དང་མི་འམ་ཅི་ལ་སོགས་པ་རྣམས་ཆོས་ཀྱིས་སྐུ་བདུད་རྩིས་ཡོངསུ་རྫོགས་པར་བྱེད་པའོ།། བྱོལ་སོང་དང་དམྱལ་བ་དེ་རྣམས་ཡོངསུ་རྫོགས་པར་བྱ་བའི་ཕྱིར་ཡང་དང་ཡང་དུ་སྐྱེས་ནས་ཆོས་སྟོན་པར་བྱེདདོ།། ། ་སྒོམ་པ་འཕེལ་བ་དང་རྒྱས་པའི་ཕྱིར་ཞེས་པ་ནི་དེ་ཡང་སྒོ་དེ་ལས་སྐྱེས་པ་དང་དྲིད་གཤེར་ལས་སྐྱེས་པའི་སེམས་ཅན་བྱོལ་སོང་རྣམས་དང་། སྒོ་ང་ལས་སྨྱོས་པ་རྐང་བཞི་པ་ལ་སོགས་པ་ཡང་མིའི་སྐྱེ་བ་ཐོབ་པས་སྒོ ་པ་སྣ་ཚོགས་པ་རྒྱ་ཆེན་པོ་འཕེལ་བར་འགྱུ་རོ།། སྒོམ་པ་དེས་སངས་རྒྱསུ་འགྱུར་ཏེ། ཡེ་ཤེས་འཕེལ་བའི་ཕྱིར་རོ།། འདུན་པ་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འོན་ཀྱང་མི་དེ་རྣམ ་ནི་གཙོ་བོར་སིའི་ཁམས་ཀྱི་རིང་བཞིན་ཏེ། ལྷག་མ་ནི་དེའི་ནང་དུ་འདུས་པའོ།། ཡང་ན་ཁམས་ཐམས་ཅད་ཀྱི་རང་བཞིན་གྱི་བདག་ཉིད་དོ།། དེ་རྣམས་ཀྱི་སྙིང་གའི་འོག་ཏུ་སོར་གཉིས་ནས་ལྟེ་བའི་མཐའ་ཐུག་པ་སོར་བཅུ ་ལས་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་སྤྱན་མ་སའི་ཁམས་ཏེ་དེའི་རྟེན་ལྟེ་བའི་འཁོར་ལོ་ཡིན་པའི་ཕྱིར་རོ།། དེ་ལྟར་ཁམས་བཞིའི་རང་བཞིན་ཡང་དག་པར་སྤོང་བ་བཞི་རྣམས་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། ད་ནི ་མི་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་རྣམས་བཅོམ་ལྡན་འདས་ཀྱིས་རྣམ་པར་བཤད་པ་བསྟན་པའི་ཕྱིར། འདུན་པའི་ཏིངངེ་འཛིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་འདུན་པ་ཞེས་པ་ནས་རྐང་པ ་ཞེས་པའི་མཐར་ཐུག་པ་ནི་མདོར་བསྟན་པའོ།། འདིའི་བཤད་པ་ནི་དབེན་པ་ཞེས་པ་ལ་སོགས་པའོ།། དབེན་པོ་ཞེས་པ་ནི་ལུས་རྣམ་པར་དབེན་པ་སྟེ། དེའི་དབང་པོའི་སྒོ་ནས་ཕུང་པོ་དང་ཁམས་རྣམས་དང་སྐྱེ་མཆེད་ལ ་སོགས་པ་ཉེ་བར་མཚོན་པར་བྱ་བའོ།། དེ་ཡང་རྣལ་འབྱོར་གྱི་རྒྱུད་དུ་མ་རྣམསུ་བཅོམ་ལྡན་འདས་ཀྱིས་རྒྱས་པར་གསུངས་ཤིང་ཆོས་མངོན་པ་ལ་སོགས་པ་རྣམ་སུ་ཡང་གསུངས།། དེས་ན་བདག་གིས་མི་བསྟན་ཏེ། ་གཞུང་རྒྱས་པས་འཇིགས་པའི་ཕྱིར་རོ།། ཡང་དེ་རྣམས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ཀྱི་བདག་ཉིད་ཀྱིས་སེམས་ཅན་ཐོག་མ་མེད་པ་ནས་ཐམས་པའི་ང་རྒྱལ་གྱིས་རྣམ་པར་གནས་པ་རྣམས་དེའི་རང ་བཞིན་གྱི་ཕྱིར་འདུན་པའོ།། དེའི་སྤོང་བ་ནི་བསྒོམ་པ་དབེན་པ་སྟེ། དེས་ནི་ཏིང་འཛིན་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ང་རྒྱལ་ལོ།། དེ་ཡང་ལྷག་པར་མོས་པའི་རྣམ་པར་རྟོགས་པའོ།། དེས་ན་འཇིག་རྟེན་པའི་གང་ཟག་ཏུ ་ལྟ་བའོ།། བརྟེན་པ་ཞེས་པ་ནི་ལྟ་བ་ལ་བརྟེན་པའི་སེམསོ།། འདོད་ཆགས་དང་བྲལ་བ་ཞེས་པ་ནི་དེའི་འདོད་ཆགས་དང་བྲལ་བ་ནི་ངག་རྣམ་པར་དབེན་པ་སྟེ། དེས་རབ་ཏུ་ཞི་བའོ།། དེ་ཡང་རྡོ་རྗེ་བཟླས་པའི་ཚུལ་གྱིས་རླུང་གི་སྦྱོར ་པ་ཉིད་སྣའི་རྩེ་མོར་བསྒོམ་པའི་རིམ་པས་ཉེ་བར་མཚོན་པར་བྱའོ།། དེས་ན་སེམས་བརྟེན་པར་འགྱུར་རོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསང་བ་འདུས་པ་ལས་གསུངས་ཏེ། རིན་ཚྭ་ནི་ཁ་དོག་སྣ་ལྔ་པ། ཉུངས་དཀར ་སྦོམ་པའི་ཚད་ཙམ་དུ།། སྣ་ཡི་རྩེ་མོར་ནན་ཏན་དུ།། རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ།། ཞེས་བྱ་བ་ལ་སོགས་པ་རྒྱུད་སྣ་ཚོགས་ལས་རྒྱས་པར་གསུངསོ།། དེའི་ཕྱིར་རྫོགས་པའི་རྣལ་འབྱོར་མེད་པར་སླར་རྣམ ་པར་རྟོག་པའི་སེམསུ་འགྱུར་ཏེ། དེ་གསུངས་པ། རྟེན་ཞེས་པ་ནི་རྣལ་འབྱོར་པ་ལ་དམིགས་པའི་ཕྱིར་སེམས་ཡོད་ཅེས་སྦྱོར་རོ།། དེའི་འགོག་པ་ཞེས་པ་ནི་སེམས་རྣམ་པར་དབེན་པའོ།། དེ་ཡང་སེམས་དང་སེམས་ལས ་བྱུང་བའི་གནས་སྐབས་ཀྱི་རང་བཞིན་གྱི་ཆོས་རྣམས་ལུང་རྣམ་པ་མང་པོའི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ།། འོན་ཀྱང་དེའི་ཇི་སྲིད་དུ་སྒྱུ་མ་ལྟ་བུའི་ཏིངངེ་འཛིན་མངོན་དུ་མ་བྱས་པ་དེ་སྲིད་དུ་དེའི་འགོག་པར ་མི་འགྱུར་རོ།། དེ་ཡང་བཅོམ་ལྡན་འདས་ཀྱིས་ཐབས་སྣ་ཚོགས་པ་བསྟན་མོད།། རྨོངས་པ་རྣམས་ཀྱིས་མི་ཤེསོ།། བརྟེན་པ་ཞེས་པ་ནི་དེ་ལ་ཡང་བརྟེན་ཏོ།། འོ་ན་གང་ལས་ཤེས་ཤེ་ན། འགའ་ཞིག་སྒྱུ་མ་རྣམ་པ་དང་བཅས་པ་གོམས ་པ་མེད་པར་དམིགས་པའི་ཕྱིར་བསྟན་པའི་རྒྱུན་ཉིད་།། རྣམ་པར་སྤོང་བས་ཡོངསུ་བསྒྱུར་བ་ཞེས་པ་ནི་ཉེས་པ་དང་ཡོན་ཏན་ནོ།། དེ་ཡང་རྣམ་པ་དང་བཅས་པའི་བདེན་པ་འམ་རྣམ་པ་མེད་པའི་སྒྱུ་མ་ལྟ་བུ་དེའི་ཉེས་པ་རྣམས་ཡོངསུ ་རིམ་པའི་སེམས་ཉིད་ཡེ་ཤིས་ཏེ། དེ་བརྗོད་དུ་མེད་པའི་འོད་གསལ་བའི་ཡེ་ཤེས་ཤེས་པའི་དོན་ཏོ།། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འདོད་པའི་ལྷའི་ང་རྒྱལ་ཙམ་གྱིས་ལུས་དང་ངག་དང་སེམས་དྲི་མ་མེད་པས་སེམས་ཅན་ཐ~ཾད ་གྲོལ་བར་འགྱུར་བ་མ་ཡིན་ནམ། ཇི་ལྟར་ཏིང་ངེ་འཛིན་སྣ་ཚོགས་པ་ལ་ཉེ་བར་སྤྱོད་པས་སེམས་གོང་ནས་གོང་ལ་བརྟེན་པར་འགྱུར། དེ་ནི་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པའི་བག་ཆགས་ཀྱི་རྣམ་པར་རྟོག་པ་ལ་ཉེ་བར ་སྤྱོད་པའི་ཕྱིར་རོ།། གང་གི་ཕྱིར་འགྲོ་བའི་དོན་བྱེད་པའི་ཕྱིར། བདག་གི་མདུན་དུ་ཤིན་ཏུ་ཞུམ་པར་མ་གྱུར་ཅེས་པ་ནི་འདིར་བྱང་ཆུབ་སེམས་དཔའ་རྣམས་ནི་རྣམ་པར་རྟོགས་པ་ཙམ་བཞིད་དེ་སྨོན་ལམ་གྱི་དབང་གི་སོ།། རིགས་པ་དེས ་ན་སྔོན་གྱི་རྣམ་པར་རྟོགས་པ་ངན་པའི་བག་ཆགས་ཀྱི་དབང་གིས་སྨོན་ལམ་སྔོན་དུ་སོང་བའི་རྣམ་པར་རྟོག་པ་བཟང་པོས་རང་གི་དོན་དང་གཞན་གྱི་དོན་དག་སྒྲུབ་པར་བྱེད་ཀྱི་རང་གི་དོན་གྱི་རྣམ་པར་རྟོག་པ་ཙམ་འཛིན་པ་ནི་མ ་ཡིན་ནོ།། དེས་ན་འདིར་སྨོན་ལམ་འདེབསོ།། འདུན་པ་ཞེས་པ་ནི་ཅུང་ཟད་རྡོ་རྗེ་འཆང་ལ་སོགས་པའི་གཟུགསུ་སྤྲུལ་པའི་རང་བཞིན་གྱིས་དེའི་ཡང་དམིགས་པ་རང་གི་བདག་ཉིད་དེ་དང་འདྲ་བར་འགྱུར་ཞེས་པའི་དོན་ཏོ།། ཤིན ་ཏུ་ཞུམ་པར་མ་གྱུར་ཅིང་སྒྱུ་མའི་སེམས་དེ་ཡང་ཤིན་ཏུ་ཆེས་ཞུམ་པར་མ་གྱུར་ཅིག་ཅེས་པ་ནི་སྨོན་ལམ་མོ།། ན་ཏུ་འཛིན་པར་མ་གྱུར་ཅེས་པ་ནི་རེས་འགའ་ཆུང་ཟད་གནས་པ་དེར་ཡང་གནས་པར་མི་བྱེད་པའི་ནི་སྨོན ་ལམ་མོ།། འོ་ཞེས་པ་ནི་དེ་དེ་བཞིན་ཞེས་པའི་དོན་ཏོ།། དེ་ལ་རྫུ་འཕྲུལ་གྱི་རྐང་པ་ཡང་ཅི་ཞེ་ན། སྔོན་དུ་གསུངས་པའི་ཕུང་པོ་བཞི་པོ་དེར་ལྔ་པ་རྣམ་པར་ཤེས་པའི་ནི་མདུན་པའི་རྫུ་འཕྲུལ་གྱི་རྐང་པའོ།། དེ་ཡང་མི་བསྐྱེད་པའི ་ཆོས་ཏེ། དེའི་འགོག་པ་ངེས་པར་གསུངས་པ་དེས་ན་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལྟར་ལྡན་པ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་གཉིས་མེད་པའི་རྒྱུན་ཏུ་རྣལ་འབྱོར་དང་ལྡན་པའི་སེམས་དེ་ཡང་བསམ་དུ་མེད་པའི་འདུ་བྱེད ་ཉིད་ཀྱིས་འདུན་པ་དེ་འགོག་པ་ལ་གནས་པ་འམ་མི་གནས་ཤེས་པ་ནི་ངེས་པའོ།། དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་གཉིས་པ་བསྟན་པའི་ཕྱིར། བརྩོན་འགྲུས་ཀྱི་ཏིང་འཛིན་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྩོན ་འགྲུས་ཀྱི་ཏིང་ངེ་འཛིན་ཅེས་པ་ནས། རྐང་པ་ཞེས་པའི་བཱར་གྷྲི་མདོར་བསྟན་པའི་ཚིག་གོ།། དེའི་བཤད་པ་དབེན་པ་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན་དུ་རྟོགས་པར་བྱའོ།། ལེན་ཀྱང་སྔོན་དུ་གསུངས་པའི ་རྫུ་འཕྲུལ་གྱི་རྐང་པ་གང་ཡིན་པ་ནི་རིག་པའོ།། འདིར་རྫུ་འཕྲུལ་གྱི་རྐང་པ་གཉིས་པ་ནི་དེ་ཉིད་ཀྱི་ཟླ་བའི་མཚན་ཉིད་དོ།། དེའི་ཕྱིར་ཕྲ་བ་ནི་ལུས་རྣམ་པོར་དབེན་པའོ།། དེ་བཞིན་དུ་ངག་དང་སེམས་ཀྱང་ངོ་།། རྫུ་འཕྲུལ་གྱི་རྐང་པ་ཡང ་ཞེ་ན། སྔོན་དུ་ཁས་བཞི་གསུངས་པའི་དེའི་ལྔ་པ་ནི་ན་མཁའི་ཁམས་ཏེ། དེ་ཡང་རྫུ་འཕྲུལ་གྱི་རྐང་པ་པདྨ་འབར་བའི་ཆོས་དེའི་འགོག་པ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་དཔྱོད་པའི་ཏིང་འཛིན་ཞེས་བྱ་བ་ལ་སོགས་ནི་གོ ་སླའོ།། འོན་ཀྱང་རྫུ་འཕྲུལ་གྱི་རྐང་པ་ནི་ཤིན་ཏུ་ཕྲ་བ་སྟེ། དེ་ཡང་དབེན་པ་ཞེས་པ་ནི་སྔོན་བཞིན་རྟོགས་པར་བྱའོ།། རྫུ་འཕྲུལ་གྱི་རྐང་པ་ཡང་ཅི་ཞེ་ན། དབང་པོ་རྣམས་ལ་དབང་པོ་དྲུག་པ་ནི་ཆོས་ཀྱི་དབྱིངས་ཏེ་དེ་ཡང་རྫུ ་འཕྲུལ་གྱི་རྐང་པ་སྟེ། ཀུན་ཏུ་བཟང་པོའི་ཆོས་པོའི་འགོག་པའོ།། ལྷག་མ་ནི་སྒྱུ་མ་བཞི་ནོ།། དེ་བཞིན་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་པའི་དཔུང་དུ་བྱས་ཏེ། གསུངས་པ། སེམས་ཀྱི་ཏིངངེ་འཛིན་ཞེས་བྱ་བ་ལ་སོགས་པ་ནི་སྔོན་བཞིན ་ཏེ། དེ་ཡང་ཆེས་ཕྲ་བའོ།། དེའི་དབེན་པ་ཞེས་བྱ་བ་ལ་སོགས་པ་གོ་སླའོ།། འོན་ཀྱང་རྫུ་འཕྲུལ་གྱི་རྐང་པ་ཅི་ཞེ་ན། དེའི་ཡུལ་ཆོས་ཀྱི་དབྱིངས་སོ།། དེ་ཡང་སེམས་ལས་བྱུང་བ་བཅོམ་ལྡན་འདས་བྱམས་པའི་ཆོས་དེ་འགོན། ་པའོ།། ཡང་ན་གཟུགས་རྡོ་རྗེ་དང་། སྒྲ་རྡོ་རྗེ་དང་དྲི་རྡོ་རྗེ་དང་། རོ་རྡོ་རྗེའི་རང་བཞིན་ཅན་རྫུ་འཕྲུལ་གྱི་རྐང་པ་བཞི་པོ་དེའི་ཆོས་རྣམས་འགོག་པའོ།། དེ་རྣམས་འགོག་པའི་ཕྱིར་འདོད་པའི་ཡོན་ཏན་ལྔ་རྣམས་འགོག་པའོ།། ལྷག་མ་ནི་སྔ ་མ་བཞིན་ནོ།། འདི་ནི་སློབ་དཔོན་རྣམས་ཀྱི་ལུགསོ།། དེ་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་ཤིན་ཏུ་དབེན་པ་དང་། ཤིན་ཏུ་དཔྱད་པ་དང་ཤིན་ཏུ་ཡོན་ཏན་གྱི་ཚུལ་གྱིས་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པར་བྱའོ།། ད་ནི་དབང་པོ་ལྔ་རྣམས ་བརྗོད་པའི་ཕྱིར། དེ་འདོད་པ་ན་སྤྱོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་སྔོན་དུ་གསུངས་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་མི་ལ་སོགས་པའི་རང་དབང་དུ་འགྱུར་རོ།། དེས་ན་འདོད་པ་ན་སྤྱོད་པ་ཞེས་པ་ནི་འདོད་པའི་ཁམས་ན ་སྤྱོད་པའི་སེམས་ཅན་དེ་རྣམས་ཀྱང་ལས་ཀྱི་སོར་སྐྱེས་ནས་བྱང་ཆུབ་ཀྱི་ས་བོན་རབ་ཏུ་འདེབས་ཏེ། ལས་ངེས་འཇིག་རྟེན་པ་ཞེས་པ་ནི་གང་གི་ཕྱིར་ཁམས་གསུམ་གྱི་སེམས་ཅན་རྣམས་མིའི་གཟུགས་རྣམསུ་འཇུག་པ་དེའི་ཚེ་ཡང ་དོག་པའི་ལྟ་བ་ཕུན་སུམ་ཚོགས་པ་ལ་དད་པར་བྱེད་ཅེས་དགོངསོ།། རང་གི་ལས་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཅན་དེ་རྣམས་ཀྱང་ཆུང་ངུ་དང་འབྲིང་དང་ཆེན་པོར་འགྱུར་ཏེ།། ཁ་ཅིག་ནི་རང་གི་དགེ་བའི་ལས་ཀྱི་རྣམ་པར་སྨིན ་པའི་དབང་གིས་མཐོ་རིས་ལ་སོགས་པའི་ལོངས་སྤྱོད་ལ་སྤྱོད་དོ།། ཁ་ཅིག་ནི་ལས་མི་དག་པས་བྱོལ་སོང་དང་ཡི་དགས་དང་དམྱལ་བ་རྣམསུ་སྐྱེ་བར་འགྱུར་རོ།། ཁ་ཅིག་ནི་ཤིན་ཏུ་དགེ་བའི་ལས་ཀྱིས་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཀྱི་ལམ་བགྲོད་པར་འགྱུར་རོ།། དེ་ལྟར་དེའི་ལས་ཀྱི་རྣམ་པར་སྨིན་པ་བདག་གིས་བསྟན་པར་བྱའོ།། དེ་རྣམས་ལ་བསྟན་པ་ཙམ་གྱིས་ཉོན་མོངས་པ་ཟད་པར་བྱས་ནས་ཐམས་ཅད་སངས་རྒྱས ་སུ་འགྱུརརོ།། དེ་ལྟར་རང་གི་ལས་ཞེས་པ་ནས། སོ་སོར་མྱོང་བར་འགྱུར་ཞེས་པའི་མཐར་ཐུག་པ་ནི་སྨོན་ལམ་ཉིད་དེ། དེ་བཞིན་གཤེགས་པའི་ངེས་པའོ།། དེ་སྲོག་གི་ཕྱིར་ཡང་ཞེས་བྱ་བ་ལ་སོགས་པའོ།། འདིར་སེམས་ཅན་གང་དག་གི ་བདག་འཚེ་བའི་དོན་དུ་སྲོག་གཅོད་པ་ལ་སོགས་པ་དང་། ཚོང་སྣ་ཚོགས་པ་འཚོང་བར་བྱེད་དོ།། ཡང་གི་སྒྲས་ཆད་པ་དང་རྩོད་པ་དང་ཆོམ་པ་ལ་སོགས་པ་བཟུང་ངོ་།། དེས་ནི་སྡིག་པའི་ལས་རྣམས་བདག་ཉིད་མངོན་པར་འདུ་མི ་བྱེད་པའོ།། གལ་ཏེ་བྱེད་པ་ན་དེས་ནི་དམྱལ་བ་ལ་སོགས་པར་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་རོ།། དེ་རྣམས་ཀྱི་འདི་ནི་དད་པའི་དབང་པོར་བརྗོད་ཅེས་པ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་ཆོས་རྣམས་ཀྱི་ཆོས་དང་པོ་ནི་དང་པོའོ།། ། ་གང་གི་ཕྱིར་ཆོས་རྣམས་ཐམས་ཅད་ཀྱི་དང་པོར་བསྐྱེད་པ་ནི་དིང་བའོ།། དེའི་ཚེ་ཆོས་གང་དག་ཅེས་པ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོ་དང་། ཡོང་དག་པར་རྟོགས་པའི་བྱང་ཆུབ་ཀྱི་ཆོས་རྣམས་ཀྱི ་ལྟར་གསུངས་པ་བཞིན་བྱེད་པ་སྟེ། གཞན་འཇིག་རྟེན་པའི་ཆོས་ལ་ནི་མ་ཡིན་ནོ་ཞེས་དགོངསོ།། དེ་ལྟར་དེ་རྣམས་ནི་མིག་གི་དབང་པོའི་ཡུལ་ལོ།། དེ་ཡང་གཟུགས་རྡོ་རྗེ་མའི་ཆོས་ཏེ། དེའི་བྱ་བ་ལ་ཉེ་བར་སྤྱོད་པ་དེ་ལ་དེ ་སྐད་ཅེས་བྱའོ།། དེ་བཞིན་དུ་རྣ་བའི་ཡུལ་སྒྲ་རྡོ་རྗེ་མའི་ཆོས་བརྩོན་འགྲུས་ཀྱི་དབང་པོའོ།། དེ་བཞིན་དུ་སྣའི་ཡུལ་དྲི་རྡོ་རྗེ་མའི་ཆོས་དྲན་པའི་དབང་པོའོ།། དེ་བཞིན་དུ་ལྕེའི་ཡུལ་རོ་རྡོ་རྗེ་མའི་ཆོས་ཏིང་འཛིན་གྱི་དབང་པོའོ།། དེ་བཞིན ་དུ་ལུས་ཀྱི་ཡུལ་རེག་བྱ་རྡོ་རྗེ་མའི་ཆོས་ཤེས་རབ་ཀྱི་དབང་པོའོ།། དེ་བཞིན་དུ་ཆོས་དེ་རྣམས་བརྩོན་འགྲུས་གང་གིས་ཞེས་པ་ནས་དེ་དག་ནི་སྟོབས་ལྔ་ཞེས་པའི་མཐར་ཐུག་པ་ནི་གོ་སླའོ།། འོན་ཀྱང་ཡུལ་ཅན་ལྔས་ས་སྙིང་ལ་སོགས ་པའི་བྱང་ཆུབ་སེམས་དཔའ་ལྔ་པོ་དེ་རྣམས་སྟོབས་ལྔའོ།། དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་བསྟན་པའི་ཕྱིར། དེ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་པ་ནི་སྔོན་དུ ་གསུངས་པའི་རྫུ་འཕྲུལ་གྱི་རྐང་པ་ལ་སོགས་པའི་གནས་རྣམས་ལའོ།། ཇི་ལྟ་བུ་ཞེ་ན། ཞེས་པ་ནི་ཚད་ནི་ཞེས་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པའོ།། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་ལན་གྱི་ཚེ་གོ།། ་འོན་ཀྱང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཀུན་བཞི་རྣམ་པར་ཤེས་པའི་ཁམས་ཏེ། དེ་ཡང་འཇམ་དཔལ་གྱིས་ཆོས་སོ།། ལྷག་མ་ནི་གོ་སླའོ།། ཆོས་རྣམ་པར་འབྱེད་པ་ལ་སོགས་པ་རྣམས་ནི་ལུས་རྣམ་པར ་དབེན་པ་ལ་སོགས་པ་རྣམས་ལ་ངེས་པར་སྦྱར་བར་བྱའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་པ་ལ་སོགས་པའི་སྒྲ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་རྫུ་འཕྲུལ་གྱི་རྐང་པའི་གནས་རྣམས་ལ་བསྒོམ་ཞེས་པ་སྟེ། ་དེ་བཞིན་གཤེགས་པའི་དམ་བཅའ་བའོ།། འདི་ནི་ངེས་པའོ།། ཆོས་རྣམ་པར་འབྱེད་པ་ལ་སོགས་པ་དྲུག་པོ་འདི་རྣམས་ཀྱིས་ཆོས་རྣམས་རྣམ་པར་བཞག་པ་གསུངས་ཏེ། དེ་རྣམས་ཐམས་ཅད་རིམ ་པ་བཞིན་དུ་གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་དང་། གནོད་མཛེས་རྒྱལ་པོའོ།། ལས་ཀྱི་དབང་པོ་ལྔའི་དངོས་པོའི་ཕྱིར་རོ།། དེ་བཞིན་དུ་ལས་ཀྱི་དབང་པོ་རྣམས ་ལས་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་གཙུག་གཏོར་འཁོར་ལོས་སྒྱུར་བའི་ཆོས་སོ།། དེ་ཡང་མཚན་མའི་སྒོའོ།། དེ་ལྟར་དྲུག་པར་བརྗོད་དོ།། ལྷག་མ་ལས་ཀྱི་དབང་པོའི་བྱ་བ་རྣམས་འཆང་བཞིན་པ་ལས ་ཤེས་པར་བྱའོ།། དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བརྗོད་པའི་ཕྱིར། འཕགས་པའི་ལམ་བརྒྱད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བུ་ཞི་བ་ནི་བྱང་ཆུབ་ཀྱི་ཡན་ལག་གི་གནས་རྣམ་སུ་ཅི་ལྟ་བའི་རང ་བཞིན་རྣམས་བསྒོམ་པར་བྱ་ཞེས་དགོངསོ།། འཇིག་རྟེན་ལས་འདས་པའི་ལྟོ་བ་གང་གིས་ཞེས་པ་ལ་སོགས་པ་ནི་གོ་སླའོ།། འོན་ཀྱང་ཅུང་ཟད་བརྗོད་དོ།། ཡང་དག་པའི་ལྟེ་བ་ནི་ལས་ཀྱི་དབང་པོའི་བྱ་བ་ས་མི་གཡོ་བའི ་ཆོས་རྐང་པའི་བྱ་བའོ།། དེ་བཞིན་དུ་ཡང་དག་པའི་རྟོག་པ་ནི་ཉེ་བར་གནས་པ་འཇུག་མའི་བྱ་བ་དབྱུག་སྔོན་ཅན་གྱི་ཆོས།། དེ་བཞིན་དུ་ཡང་དག་པའི་རྩོལ་བ་ནི་ན་མཁའ་ནི་ཚིག་གི་བྱ་བ་འདོད་པའི་རྒྱལ་པོའི་ཆོས་སོ།། དེ ་བཞིན་དུ་ཡང་དག་པའི་ལས་ཀྱི་མཐའ་ནི་ལག་པའི་བྱ་བ་སྟེ། སྟོབས་པོ་ཆེའི་ཆོས་སོ།། དེ་བཞིན་དུ་ཡང་དག་པའི་འཚོ་བ་ནི་ཁུ་བ་འཛག་པ་དྲུག་པ་ཡེ་ཤེས་ཀྱི་ཕུང་པོ་རྡོ་རྗེ་སེམས་དཔའི་ཆོས་སོ།། དེ་བཞིན་དུ་ཡང་དག་པའི ་རྩོལ་བ་ནི་ནི་མཁའི་མཐར་ཐུག་པ་ཨ་བ་དྷཱུ་ཏཱིར་རང་རིག་པ་འཛིན་པའི་ཕྱིར་དྲུག་པ་ཡེ་ཤེས་ཀྱི་ཁམས་ཏེ། ཆོས་ཀྱི་དབྱིངས་རྡོ་རྗེ་མའི་ཆོས་སོ།། དེ་བཞིན་དུ་ཡང་དག་པའི་དྲན་པ་ནི་རྡོ་རྗེའི་ལམ་ནས་ཆགས་པ་ཆེན་པོ་ཆགས ་པའི་ཁམས་སྟེང་དུ་འགྲོ་བའི་ཕྱིར་དྲུག་པ་ཡེ་ཤེས་ལས་ཀྱི་དབང་པོ་སྟེ། དེ་ཡང་བདག་མེད་མའི་ཆོས་སོ།། དེ་འཛིན་པའི་ཕྱིར་དྲུག་པ་ཡེ་ཤེས་ལུས་ཀྱི་དབང་པོའི་བྱ་བའི་སྙིང་རྗེའི་ཆོས་སོ།། འདི་རྣམས་ཀྱི་ཅོད་པན་ན ་བཞུགས་པའོ།། དེ་བཞིན་གཤེགས་པ་དེ་རྣམས་ཀྱང་ཆོས་ཏེ་དེ་ལྟར་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་གྱི་བདག་ཉིད་ཡང་དག་པའི་ཏིངེ་འཛིན་གྱི་ཆོས་ཅན་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དཔའ་བོའི་ཆོསོ།། ཆོས་སུམ ་ཅུ་རྩ་བདུན་པོ་དེ་རྣམས་རྣལ་འབྱོར་གྱི་རྒྱུད་རྣམས་ལ་བརྟེན་ཏེ་མདོར་བསྡུས་ནས་གསུངསོ།། དེའི་ཕྱོགས་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཏེ། དེ་ཡང་མདོར་བསྡུས་ཏེ་གསུང་སོ།། རྒྱས་པར་ཡང་གཞུང་སྣ་ཚོགས ་པའི་ལུང་རྣམས་ལས་རྟོག་པར་བྱའོ།། ལྷག་མ་ནི་གོ་སླའོ།། དེ་ལྟར་དེ་དག་ཡང་དག་བཤད།། རབ་ཏུ་དགའ་ལ་སོགས་པའི་ས་ཞེས་པ་ནི་དེ་དག་ཅེས་པ་སྔོན་དུ་གསུངས་པའི་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས།། ་དེ་ལྟར་ཞེས་པ་དེ་རྣམས་ཐམས་ཅད་དོ།། ཡང་དག་བཤད་ཅེས་པ་ནི་འགྲོ་བའི་དོན་གྱི་རྒྱུར་བདག་གིས་ཡང་དག་བཤད་ཅེས་པའི་དོན་ཏོ།། རབ་ཏུ་དགའ་བ་ལ་སོགས་པ་ཞེས་པ་ལ་སོགས་པའི ་སྒྲས་ནི་རིམ་པ་བཞིན་ས་བཅུ་གཉིས་རྣམས་གཟུང་ངོ་།། ཉིད་ནི་ངེས་པར་གཟུང་ངོ་།། ཉིད་ནི་ངེས་པར་གཟུང་བའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་ཞེས་པ་ལ་གནས་ཞེས་པ་ནི་དེ་རྣམས་ཐམས་ཅད་ནི་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་རྟེན་ནོ།། བྱང་ཆུབ་སེམས་དཔའ་དེ་རྣམས། དབང་པོ་ལ་སོགས་པ་རང་བཞིན་ཅན་ཞེས་པ་ལ་སོགས་པའི་སྒྲ་ནི་ཡུལ་དང་ཡུལ་ཅན་ལས་ཀྱི་དབང་པོ་དང་དེའི་བྱ་བའོ།། དེ་རྣམས་ཀྱི་རང་བཞིན་ནི་ཡང་དག་པའི ་ལམ་རྗེ་སུ་རྟོག་པའོ།། བྱང་ཆུབ་བསྒྲུབ་པའི་ཚུལ་ཡོད་པའི་སེམས་ཅན་ནི་བྱང་ཆུབ་སེམས་དཔའ་འོ།། དེ་རྣམས་ཀྱི་གནས་ནི་བྱང་ཆུབ་བསྒྲུབ་པའི་རྟེན་རང་གི་ལུས་ཤེས་པའི་དོན་ཏོ།། སངས་རྒྱས་ཐམས་ཅད་རྣམས་ཀྱི་གནས ་པ་ཞེས་པ་ནི་དེ་བཞིན་དུ་སྔོན་དུ་གསུངས་པའི་ས་བཅུ་གཉིས་ཀྱི་བདག་ཉིད་ཀྱི་གནས་ཏེ། དེ་རྣམས་བསྡུས་པའི་ལུས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྒྲར་བསྟན་ཏོ།། སོ་སོར་ཕྱེ་ན་རྣལ་འབྱོར་གྱི་རྒྱུད་སུམ་ཅུ་རྩ ་དྲུག་རྣམསུ་བརྗོད་དེ་བསྐྱེད་པའི་རིམ་པའི་ཕྱིརརོ།། རྟེན་དེའི་བརྟེན་པ་རྣལ་འབྱོར་མའི་རྒྱུང་སུམ་ཅུ་རྩ་དྲུག་ཏུ་བརྗོད་དེ། དེ་རྣམས་ཀྱང་ལུས་ཀྱི་རྩ་སུམ་ཅུ་རྩེ་གཉིས་ཏེ། འཆད་བཞིན་པའི་རིམ་པས་སྟོན་ཏོ།། དེ་རྣམས་འདུས ་པའི་བདག་ཉིད་རྩ་གསུམ་མོ།། ཐ་མལ་པའི་ཨ་བཱ་དྷཱུ་ཏཱི་དེ་རྣམས་འདུས་པའི་རྩ་གཅིག་ནི་ཡེ་ཤེས་ཀྱི་ཨ་བཱ་དྷཱུ་ཏཱིའོ།། དེ་ལྟར་རྩ་སུམ་ཅུ་རྩ་དྲུག་པོ་དེ་ཡང་གནས་ཏེ། སངས་རྒྱས་ཐམས་ཅད་རྣམས་དང་། རང་རིག་པའི་ཡེ་ཤེས ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རྟེན་ཡིན་པའི་ཕྱིར་རོ།། ཕུང་པོ་ལ་སོགས་ཁྱད་པར་ཉིད་ཅེས་པ་ནི་སངས་རྒྱས་ཐམས་ཅད་རྣམས་འབའ་ཞིག་གནས་མ་ཡིན་ཏེ། ཕུང་པོ་ལ་སོགས་རྣམས་ཀྱི་ཡང་གནསོ།། སོགས་པའི་སྒྲས ་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཡང་ངོ་།། འོན་ཀྱང་དེ་རྣམས་ལ་ཁྱད་པར་ཡོད་དེ། གཞན་གཟུགས་ལ་སོགས་པའི་ཕུང་པོ་དང་། གཞན་ཁམས་རྣམས་དང་། གཞན་སྐྱེ་མཆེད་རྣམས་དང་གཞན་ཡུལ་རྣམས་དང་། གཞན ་ལྔས་ཀྱི་དབང་པོ་རྣམས་དང་། གཞན་དེའི་བྱ་བ་རྣམསོ།། དེ་ཅི་ཞེ་ན། སྔོན་དུ་གསུངས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཚུལ་གྱིས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་དུ་འགྱུར་བའོ།། དེའི ་ཡེ་ཤེས་ཀྱི་སྣང་བ་མཐོང་བར་བྱ་བའི་ཕྱིར་དེ་རྣམས་ཀྱང་སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས། སངས་རྒྱས་ཉིད་ནི་འབྱུང་བའི་མཆོག་ཅེས་པ་ནི་འདིར་ཤིན་ཏུ་རྣམ་པར་དག་པའི་སངས་རྒྱས་དང་བྱང་ཆུབ་བེམས་དཔའ ་རང་གི་ལུས་ལས་བྱུང་བ་དེའི་བདག་ཉིད་རྣམས་ཇི་སྲིད་དངོསུ་རྡོ་རྗེ་འཚོང་གིས་ས་ལ་བརྟེན་པར་མི་བྱེད་པ་དེ་སྲིད་དུ་དེ་རྣམས་མ་རིག་པའི་དབང་གིས་བརྒྱ་ལ་ཅུང་ཟད་ལམ་མ་རྫོགས་པའི་དབང་གིས་འཁོར་བར་འཇུག་པར་འགྱུར། ་དེའི་ཕྱིར་སངས་རྒྱས་ཉིད་འབྱུང་བའི་རྩའི་མཆོག་ཅེས་ཕུལ་དུ་བྱུང་བ་གཟུང་བ་དང་འཛིན་པ་དང་བྲལ་བ་སྔོན་གྱི་རིམ་པས་རབ་ཏུ་དག་པའོ།། འོན་ཀྱང་སུམ་ཅུ་རྩ་གཉིས་ཤེས་པ་ནི་ཐ་མལ་པའི ་གནས་སྐབསུ་ཡང་སློབ་བཞིན་པ་ཉིད་ཀྱི་ཕྱིར་རྣལ་འབྱོར་པ་རྣམས་ཀྱི་རྫོགས་པའི་རིམ་པར་འོས་པ་ཤིན་ཏུ་བསྡུས་པ་འདོད་པའི་ཕྱིར་བྱང་ཆུབ་བསྒྲུབ་པ་ལ་བརྩོན་པའོ།། གང་གི་ཕྱིར་རྩོད་པའི་དུས་སུ་ང་རྒྱལ་ཅན་ཚེ་ཐུང་བ ་སྒྲ་ཅན་ལས་ངན་པ་ལ་དགའ་བ་འབྱུང་ངོ་།། དེས་ན་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་མའི་རྒྱུད་ཀྱི་རིམ་པ་རྣམསུ་རྫོགས་པའི་རིམ་པོ་བསྟན་པ་དེས་ན་རྩ་སུམ་ཅུ་རྩ་གཉིས་བསྟན་ཏོ།། དེ་རྣམས་ཀྱི་མིང་འཆད་བཞིན་པས་བརྗོད ་བའི་རྒྱུ་བ་རྟོགས་པར་བྱའོ།། བྱང་ཆུབ་སེམས་རྣམ་སུམ་ཅུ་གཉིས། གླང་ཚེ་ཞེས་པ་ནི་དེ་ལྟར་ཡང་རྩ་དེ་རྣམས་ལ་དུས་ཐམས་ཅད་དུ་བྱང་ཆུབ་སེམས་རྒྱུ་བས་ཐ་མལ་པའི་གནས་སྐབསུ་ཡང་བླ་མའི་མན་ངག་གིས་བསྒོམ ་པའི་དུས་སུ་གང་བ་ཞེས་པ་ནི་དུས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བར་གྱུར་ཏེ། མགལ་མེའི་འཁོར་ལོ་བཞིན་རྒྱུན་མི་འཆད་པར་འགྱུར་པ་དེའི་ཚེ་འཆད་བཞིན་པའི་དུས་སུ་འཁོར་ལོ་བཞིའི་དབྱེ་བ་རྣམས་ལ ་བཤད་པའི་ཕྱིརརོ།། དབང་པོ་ཞེས་བྱ་བ་ལ་སོགས་པ་ནི་རྩེ་རྣམས་འབའ་ཞིག་བྱང་ཆུབ་སེམས་ཀྱིས་གང་བར་མ་ཟད་ཀྱི་དབུ་བོ་རྣཾ་དུ་འབྱུང་བ་ནི་དང་ཕུང་པོ་ལ་སོགས་པ་རྣམས་ཀྱང་གང་བ་སྟེ། འཆང་བཞིན་པའི་དུས་སུ་རང་རིག་པའི་ཡེ ་ཤེས་ཉམ་སུ་མྱོང་ཞེས་པའི་དོན་ཏོ།། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱིས་ཉམ་སུ་མྱེང་བས་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་མཐོང་ངོ་།། དེ་ནས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དབྱེར་མེད་པའི་མཚན་ཉིད་གཉི་སུ་མེད་པ་ཟུང ་དུ་འཇུག་པའི་བདག་ཉིད་དངོས་པོ་དང་དངོས་པོ་མེད་པར་རོ་མཉམ་པའི་རང་བཞིན་ཉིད་དོ།། དེ་ཉིད་བསྟན་པའི་ཕྱིར། དེ་རྗེས་སངས་རྒྱས་ཉིད་ཅེས་པོ་ནི་སྒྲིབ་པ་མེད་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་དང་བྲལ་བ་མཆོག་ཏུ་མི ་འཛེག་པའི་རྣལ་འབྱོར་རང་བཞིན་གྱིས་འོད་གསལ་བའི་བདག་ཉིད་དེ་བཞིན་ཉིད་བགྲོང་དུ་མེད་པ་རྒྱུད་མེད་པ་དྲང་པོའི་དང་པོ་ཐོག་མ་མེད་པའི་སེམས་དཔའ་རྡོ་རྗེ་འཛིན་གྱི་སའོ།། མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ་དུས་གསུམ་དུ་རྒྱུད་ཉམ ་པ་མེད་པ་རྟོགས་གོ་བ་རྣམས་ཀྱིས་བགྲོད་པར་བྱ་བ་མ་ཡིན་པ་སངས་རྒྱས་རྣམས་ཀྱི་ཡུལ་བརྗོད་དུ་མེད་པའོ།། གང་ཕྱིར་རྟོགས་པས་སངས་རྒྱས་ཉིད།། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ།། སངས་རྒྱས་གཞན་དུ་བསྟན ་པ་མིན།། རང་རིག་པ་ཡི་མཆོག་ནི་རྙེད་ཅེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། དཀྱིལ་འཁོར་གྱི་འཁོར་ལོ་དམིགས་པ་ལ་སོགས་པ་དང་། སྐུ་གསུམ་རྣམ་པར་བསྒོམ་པ་དང་། དེ་བཞིན་དུ་སྐུ་གཟུགས་དང་། ་མཆོད་རྟེན་དང་དམ་པའི་ཆོས་རྣམས་འདུས་བྱ་བ་ལ་ཉེ་བར་སྤྱོད་པ་དང་། དེ་རྣམས་ཀྱི་དཀྱིལ་འཁོར་བྱ་བ་དང་། སྦྱིན་པ་པའི་ལྕི་བ་ཞེས་བྱ་བ་ལ་སོགས་པ་ནི་མཎྜལ་གྱི་ཚོགསུ་བཅད་པ་བརྗོད་པའི་ཕྱིར་ཕ་རོལ་ཏུ་ཕྱིན ་པ་དྲུག་ཐོབ་སྟེ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་བཞི་ནི་བསོད་ནམས་ཀྱི་ཚོགས་ཀྱི་དོན་དུའོ།། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ནི་ཡེ་ཤེས་ཀྱི་ཆོས་སོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན ་པ་ནི་ཚོགས་འདི་གཉིས་ཀ་ལ་འཇུག་པའོ།། དེ་ལྟར་ཚོགས་གཉིས་ཡོངསུ་རྫོགས་པའི་ཕྱིར་ཏེ། དེ་བཞིན་གཤེགས་པས་སངས་རྒྱས་པ་ཉིད་དུ་གསུངས་པ་མ་ཡིན་ནམ། དེ་ཇི་ལྟར་སེམས་རང་རིག་པའི་ཕྱིར་སངས་རྒྱས་ཉིད ་འཐོབ་སྟེ། གཞན་དུ་བསྟན་པ་མིན་ཞེས་བརྗོད་དོ།། སེམས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཏེ། དེ་ཡང་ཆོས་ཀྱི་སྐུའོ།། ཞེས་གལ་ཏེ་འགའ་ཞིག་སེམས་པར་གྱུར་ན་དེའི་ཕྱིར་གསུངས་པ། རང་གི་ལུས་ལ ་སངས་རྒྱས་བཞུགས།། གཞན་དུ་གང་ནའང་སངས་རྒྱས་མེད་ཅེས་བྱ་བ་ལ་སོགས་པ་དེ་རྣམས་བཟློག་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངསོ།། འདིར་གང་དག་ཕ་རོལ་ཏུ་ཕྱིན་པའི་ཐོག་པ་ལ་བརྟེན་པ་རང་རིག་པའི་ཡེ ་ཤེས་མི་རྟོགས་པ་རང་གི་མངོན་པར་འདོད་པ་དེ་ནི་མ་ཡིནོ།། ཅིའི་ཕྱིར་ཞེ་ན། བརྗོད་པར་བྱ་སྟེ། འདིར་དང་པོ་རེ་ཞིག་སེམས་ཅན་རྣམ་པ་གསུམ་དུ་འགྱུར་ཏེ། ཆུང་ངུ་དང་འབྲིང་དང་ཆེན་པོས་སངས་རྒྱས་ཀྱང་རྣམ་པ ་གསམ་མོ།། ལུས་དང་ངག་དང་སེམས་ཀྱི་ཆོས་ཅན་གྱིས་ཐེག་པ་གསུམ་སྟེ། ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོའོ།། དེ་ལ་གང་དག་དབང་པོ་རྟུལ་བའི་སེམས་ཅན་དེ་དག་ལ་བསྐྱེད་པའི་རིམ་པའི་ཚུལ་གྱི ་བསྟན་ཏོ།། གང་དག་དབང་པོ་ཅུང་ཟད་རྣོ་བའི་སེམས་ཅན་དེ་དག་ལ་བསྐྱེད་པའི་རིམ་པའི་རྫོགས་པའི་རིམ་པ་བསྟན་ནོ།། དེ་རྣམས་ཀྱང་སློབ་བཞིན་པར་འགྱུརརོ།། གང་དག་དབང་པོ་རྣོན་པོའི་སེམས་ཅན་དེ་དག་ལ་རྫོགས་པའི ་རིམ་པ་བསྟན་ནོ།། དེ་བཞིན་དུ་གང་དག་དབང་པོ་རྣོན་པོའི་སེམས་ཙཱནཾ་དེ་དག་ལ་ཡང་དག་པར་རྫོགས་པའི་རིམ་པ་བསྟན་ནོ།། འོན་ཀྱང་རྫོགས་པའི་རིམ་ཧྲཱི་ཨོཾ་ཨུ་ཎོ་ཁཱི་རཱི་པ་བྫདྠ་འབྲས་བུའི་ཚུལ་གྱིས་ཕན་ཚུན་བལྟོས་པའི་ཕྱིརོ།། ་དེ་ལ་བསྐལ་པ་བཟང་པོའི་དུསུ་རྣམ་པར་གཟིགས་ནས་འོད་སྲུང་གི་མཐར་ཐུག་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐེག་པ་གསུམ་བསྟན་ནོ།། རྫོགས་ལྡན་གྱི་དུསུ་ཡང་དབང་པོ་རྣོན་པོའི་སེམས་ཅན་རྣམས་ཀྱིས་ཐ ་པ་གསུམ་གྱི་ནང་དུ་རྡོ་རྗེ་ཐེག་པ་འདུས་པར་ཤེས་ཏེ། དེས་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་སོགས་པ་རྣམས་ཀྱིས་གླེགས་བམ་ལ་སོགས་པ་མ་བསྟན་ཅིང་། དམ་པའི་ཆོས་ཀྱི་མཛོད་ཀྱང་མ་མཛདདོ།། འཁོར ་ཐམས་ཅད་ཀྱི་རིག་ཅིང་རང་གི་བདག་ཉིད་ཀྱིས་ཡོངསུ་ཤེས་པའི་ཕྱིའོ།། དེའི་ཕྱིར་འདིར་ཅོད་པའི་དུས་སུ་ཤཱཀྱ་ཐུབ་པས་རྡོ་རྗེ་ཐེག་པ་ཡང་དག་པར་བསྟན་ཏོ།། སྡུད་པ་པོ་རྣམས་ཀྱིས་ཀྱང་དངོ་སུ་ཐོས་ཤིང་སྡུད་པ་པོས་གླེགས ་བམ་རྣམས་བྲིས་པ་འམ་གཟུང་བའི་དོན་ཏོ།། དེས་ན་གཞན་དང་གཞན་ལས་བརྒྱུད་དེ་འོངས་པ་གང་དག་ཡང་སྟོན་ནས་དབང་པོ་རྣོན་པོ་སློབ་བཞིན་པ་དེ་རྣམས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་རྣམས་ཀྱིས་གྲུབ་སྟེ། རྡོ་རྗེ ་ཐེག་པ་ནང་དུ་འདུས་པའི་ཕྱིར་རོ།། རྡོ་རྗེ་ཐེག་པ་ཡང་ལུས་ཀྱི་རིམ་པ་ལུས་ཀྱི་རིམ་པཱ་ལུས་ལ་བརྟེན་པའི་སེམས་ངེས་ལུས་སུ་སོང་ཞིང་འཇུག་པའི་ཕྱིར་སེམས་ཉིད་རང་རིག་པའི་བདག་ཉིད་དོ།། ངས་ན ་ཉམ་སུ་མྱོང་བས་རབ་ཀྱི་མཐར་ཐུག་པ་ཕུང་པོ་དང་ཁམས་དང་སྐྱེ་མཚད་རྣམས་ཀྱིས་ཐར་པ་ཐོབ་སྟེ། གང་གིས་ཚེ་དེའི་རྗེསུ་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་བ་ཉིད་སྒྲིབ་པ་དང་བྲལ་བ་སྤྲོས་པ་མེད་པའི་ཡེ་ཤེས་ཐོབ་ཅེས་པའི ་དོན་ཏོ།། དེས་ན་རང་གིས་ལུས་ལ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེའི་སྐུ་ལའོ།། རྡོ་རྗེའི་སྐུ་ནི་དབྱེར་མེད་པའི་ཏིངངེ་འཛིན་དང་ལྡན་པའི་ཕྱིར་རོ།། དེས་ན་སངས་རྒྱས་ཉིད་བཞུགས་ཞེས་པ་ནི་རང་རིག་པའི་ཡེ་ཤེས་ཏེ། དེའི་ཕྱིར། ་གཞན་བརྗོད་དུ་མེད་པའི་བདེ་བ་ལ་གནས་པ་སྟེ། བདེ་བའི་མཐར་ཐུག་ཅེས་པའི་དོན་ཏོ།། གཞིན་དུ་ཞེས་པ་ནི་རང་གི་ལུས་མ་གཏོགས་པར་ཞེས་པའི་དོན་ཏོ།། གང་ནའང་མེད་ཅེས་པ་ནི་རང་གི་རིག་པའི་མཐའ་དེ་དང་ཡང་བྲལ ་བ་གང་ན་ཡང་མེད་པ་སྟེ་བསྟན་བཅོས་བརྗོད་པ་ལ་ཡང་གནས་པ་མ་ཡིན་ཞེས་པའི་དོན་ཏོ།། དེ་ཉིད་བསྟན་པའི་ཕྱིར། ལུས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གིས་ལུས་སྤངས་ནས་གཞན་དུ་སངས་རྒྱས་ཉིད་ཅེས ་པ་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་རྣམས་ལ་ཡང་མེདོ།། དེའི་ཕྱིར་མི་ཤེས་པ་ཡིས་བསྒོབས་པོར་འདོད་ཅེས་པ་ལ་རྡོ་རྗེ་ཐེག་པ་དང་བྲལ་བ་དེ་རྣམས་ཀྱི་འདོད་པ་ནི་རང་གི་སེམས་ཀྱི་བསམ་པའོ།། བྱིས་པ ་རྣམས་ཀྱི་ཕྱོགས་གཅིག་པའི་ཕྱིར་དེས་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་རོ།། རང་ལུས་ཡེ་ཤེས་ཆེན་པོའི་གནས་ཞེས་པ་ནི་མཆོག་གི་ལོངས་སྤྱོད་རྫོགས་པའི་སྐུ་ཆགས་པ་ཆེན་པོ་འབྲས་བུ་ཆེན་པོ་འབྱུང་བའི་ཕྱིར་རོ།། ། ་དེ་ཉིད་ཀྱིས་ན་ཀུན་རྟོག་ཐམས་ཅད་སྤངས་པ་ཉིད་ཅེས་གསུངས་ཏེ། བདག་དང་བདག་གི་དང་གཟུང་བ་དང་འཛིན་པ་དང་བྲལ་བ་མ་བཅོས་པ་སྐད་ཅིག་མོའི་བདེ་བ་སྤངས་པའོ།། དེ་ཡང་ཆོས་ཀྱི་སྐུའི་མཚན་ཉིད་ཐམས་ཅད་མཁྱེན ་པ་བགྲོད་བྱ་མ་ཡིན་པའོ།། དངོས་པོ་ཀུན་ལ་ཁྱབ་བྱེད་པ་ཞེས་པ་ནི་བརྟན་པ་དང་གཡོ་བ་ལ་སོགས་པའི་དངོས་པོ་རྣམས་ལ་ཁྱབ་པར་བྱེད་པའི་ཆོཀྱི་སྐུ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཀྱི་མཚན་ཉིད་དོ།། དེ་ཡོང ་ལུས་ལ་གནས་ཀྱང་ཞེས་པ་ནི་སྤྲུལ་པའི་སྐུའི་ལུསཽ་ཤེས་པའི་ཕྱིར་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དཔེ་བྱད་བརྒྱད་ཅུས་བརྒྱན་པའི་ཡུལ་དེ་ཡང་སྔོན་གྱི་གཟུགས་བརྙན་གྱི་ཕྱིར་བདེ་བའི་རང་བཞིན ་དེ་ཡང་སྒྱུ་མ་ལྟ་བུའི་ལྟ་བ་ལས་བྱུང་བའོ།། ཅིའི་ཕྱིར་ཞེ་ན། ཡང་དོག་པར་ལྟ་བ་ཉིད་ཀྱི་ཕྱིར་ཏེ། གང་གི་ཕྱིར་གང་འཇིག་རྟེན་ལས་འདས་པའི་བདག་གི་ལྔ་བ་ཀུན་ལས་མི་ལྡང་བ་ཞེས་བྱ་བ་ལ་སོགས་པསོ།། ལུས་མ ་སྐྱེས་པ་པོ་ནི་བརྗིད་དུ་མེད་པའི་ཕྱིར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་གཅིག་པ་ཉིད་ཀྱིས་དབྱེར་མེད་པའི་མཚན་ཉིད་དོ།། དེས་ན་ཡེ་ཤེས་དང་ཤེས་བྱ་གཅིག་པ་ཉིད་དོ།། དེའི་ཕྱིར་ལུས་དང་སེམས་ངག་ཀྱང་མི་ཕྱེད ་པའི་ཕྱིར་ལུས་མ་སྐྱེས་པའོ།། གང་གི་ཕྱིར་སེམས་ལ་རྟོགས་པར་ཤེས་པར་མི་ནུས་པ་ཀྱི་ན་འོགལ་ཏེ་འདི་མ་ཡིན་ན། དེ་ཅིའི་ཞེ་ན། འོད་གསལ་བའི་ཡེ་ཤེས་ཅན་གྱིས་གྲུབ་པའི་ཕྱིར་དབང་པོས ་དམིགས་པ་དང་བྲལ་བ་དེས་ན་ལུས་ཀྱིས་ངེས་པོར་གཟུང་བའི་དངོས་པོ་མེདོ།། དེའི་ཕྱིར་རང་རིག་པ་ལས་དམ་པ་ཞེས་པའི་དོན་ཏོ།། དེ་ཉིད་བྱང་ཆུབ་དང་བྱང་ཆུབ་ཆེན་པོ་དེ་ཉིད་སངས་རྒྱས་ཏེ་རང་ཉིད་ཀྱིས་རབ་ཏུ་རྟོགས་པའི་ཆོས ་ཀྱི་དབྱིངས་ཉིད་གོ་འཕང་དམ་པ་མི་ཟད་པ་ཉིད་ཀྱིས་ནི། སངས་རྒྱས་ཉིད་དོ།། དེ་ཡོང་སངས་རྒྱས་རྣམས་ཀྱི་ཡུལ་ཞེས་པ་ཕུང་པོ་ལྔ་རྣམས་དང་དབང་པོ་ལྔ་རྣམས་དང་ཁམས་ལྔ་རྣམས་ཀྱི་ཡུལ་ཉམ་སུ་མྱེང་བའི་ཕྱིར་རང ་རིག་པའི་སྤྱོད་ཡུལ་དེའི་མཐར་ཐུག་པ་དེ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དབང་པོ་དང་ཕུང་པོ་དང་ཁམས་ཐ་མལ་པ་རྣམས་སྤངས་པ་བརྗོད་དུ་མེད་པ་ཞེས་པའི་དོན་ཏོ།། དེའི་ཕྱིར་རྩོད་པའི་དུས་ཀྱི་སེམས་ཅན་རྣམས་རྡོ་རྗེ ་ཐེག་པ་མེད་པར་དངོསུ་དངོས་གྲུབ་མེད་པར་ངེས་པའོ།། གང་གི་ཕྱིར་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་བ་ཉིད་དུ་འགྱུར་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ།། དེ་ལྟར་སེམས་ཉིད་ནི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ།། ཞེས་པ་ནི་བདེན་མོད།། འོན་ཀྱང་དབང་པོ་རྟུལ་པོ་རྣམས་ལ་དངོས་གྲུབ་མེད་དོ།། དེ་ཅིའི་ཕྱིར་ཞེ་ན། སྔོན་བློ་རྣོན་པོ་མ་ཡིན་པའི་ཕྱིར་ཞེས་པ་སྟེ་ངེས་པའོ།། དེ་ལྟར་ཡི་གེའི་དོན་མཐའ ་ངག་གསུངས་པར་འགྱུར་རོ།། སླར་ཡང་དེ་ཉིད་ཀྱི་དོན་མན་ངག་ཉིད་ཀྱིས་གསུངས་པ། འདིར་དཀར་པོའི་ཕྱོགས་དང་ནག་པོའི་ཕྱོགས་ཀྱི་དབྱེ་བས་རྩ་སུམ་ཅུ་རྩ་གཉིས་རྣམས་ཀྱི་གནས་སྐབས་བརྗོད་དེ། དེ་ལ་དཀར་པོའི་ཕྱོགས ་ལ་སྤྲོ་བའི་རིམ་པས་ཟླ་བའི་ཆ་བཅོ་ལྔའོ།། དེ་བཞིན་དུ་ནག་པོའི་ཕྱོགས་ལ་སྡུད་པའི་རིམ་པས་ཉི་མའི་ཆ་བཅོ་ལྔའོ།། དེ་བཞིན་དུ་ཉི་མའི་མཐའ་ཆ་གཅིག་གོ།། དེ་བཞིན་དུ་གནམ་སྟོང་གི་མཐར་ཡང་ཆ་གཅིགོ། དེས་ན་སྤྲོ་བོའི་རིམ ་པས་དབང་པོ་ཞེས་པ་ནི་དགའ་བོ་ལ་སོགས་པའི་ཆོས་ལྔའོ།། དྭཀར་པོའི་ཚེས་གཅིག་ནས། ཚེས་ལྔའི་མཐར་ཐུག་པ་འདི་ལྟ་སྟེ། དགའ་བ་དང་བཟང་པོ་དང་རྒྱལ་བ་དང་སྟོང་དང་རྫོགས་པའོ།། དེ་བཞིན་དུ་ཕུང་པོ་ཞེས་པ་ནི་ལྔ ་དྲུག་པ་ནས་ས་བཅུ་པའི་མཐར་ཐུག་པ་དགའ་བ་ལ་སོགས་པའི་ཚེས་ལྔའོ།། དེ་བཞིན་དུ་འབྱུང་བ་ཞེས་པ་ནི་ལྔ་སྟེ། བཅུ་གཅིག་ལ་སོགས་པའི་ཉའི་མཐའ་ཐུག་པར་སྔོན་བཞིན་དུ་ཚེས་ལྟའོ།། འདི་རྣམས་ཀྱི་ཆ་ཨ་ལ་སོ་ཌ ་པ་ཐུང་དུ་ཡོན་ཏན་དང་ཡ་ཎའི་རྐྱེན་བསྒྱུར་བའོ།། དེ་བཞིན་དུ་ནག་པོའི་ཚེས་གཅིག་ལ་སོགས་པ་སྡུད་པ་ཉིད་འབྱུང་བ་དང་ཕུང་པོ་དང་། དེ་བཞིན་དུ་དབང་པོ་རྣམས་ཏེ། ལྔ་དང་ལྔ་དང་དེ་བཞིན་ལྔ་ནས་སྟེང་གི་མཐར་ཐུག་པའི ་ཆ་བཅོ་ལྔ་ཡ་ཎའི་རྐྱེན་བསྒྱུར་བ་ལ་སོགས་པ་རིང་པོ་རྣམས།། དེ་བཞིན་དུ་རྗེས་དབྱངས་དང་ཚིག་དྲག་གི་ཆ་དག་བཅུ་དྲུག་པ་མཐའ་མ་ཉིད་དོ།། ད་ལྟར་རྩའི་རྒྱུ་བ་རྣམས་ཀྱིས་སྲོག་དང་ཐུར་སལ་ཕྲད་པས་ཨ་བ་དྷཱ་ཏཱིར་འཇུག ་པ་རྟོགས་པར་བྱའོ།། དེ་ལ་རེ་ཞིག་རྩ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། དང་པོ་ཁོང་སྟོང་རྒྱུས་པའི་དབྱིབས་ཀྱི་རྩའོ།། གཉིས་པ་ནི་བྱང་ཆུབ་སེམས་ཀྱི་རྩའོ།། དེ་བཞིན་དུ་བྱང་ཆུབ་སེམས་སྐྱེད་པར་བྱེད་པ ་རླུང་གི་རྩའོ།། གང་གི་ཚེ་རྩ་རྣམས་གན་མོ་སྟོང་དང་ཉ་དག་གི་མཐར་གང་བར་འགྱུར་ཞིང་མཐའ་མ་དག་གི་ཆ་གཉིས་འདུས་པ་དེའི་ཚེ་བྱང་ཆུབ་སེམས་དཔའི་རྒྱུ་བར་མི་འགྱུརརོ།། དེ་མི་རྒྱུ་བའི་ཕྱིར་རྩ་རྣམས་ཀྱི་རྒྱུ་བོར་མི་འགྱུར་རོ།། ་དེ་མི་རྒྱུ་བའི་ཕྱིར་རྩ་རྣམས་དང་བྱང་ཆུབ་སེམས་རོ་མཉམ་པ་ཉིད་དུ་འགྱུར་རོ།། དེར་རོ་མཉམ་པ་ཉིད་ཤའི་ཁམས་འཇུ་བར་འགྱུ་རོ།། དེ་ཞུ་བའི་ཕྱིར་རུས་པའི་ཁམས་འཇུ་བར་འགྱུར་རོ།། དེ་ཡང་ཞུ་བའི་ཕྱིར་པགས་པའི་ཁམས ་ཞུ་བར་འགྱུར་རོ།། དེ་དག་ཡོངསུ་ཟད་པའི་ཕྱིར་ལུས་ལ་སོགས་པའི་ཁམས་གསུམ་ཡོངསུ་ཟད་པར་འགྱུརརོ།། དེས་དབང་པོ་དང་ཕུང་པོ་དང་འབྱུང་བའི་ཁམས་རྣམས་ཡོངསུ་ཟད་པར་འགྱུར་རོ།། དེས་ན་གཟུང་བ་དང ་འཛིན་པ་རྣམས་མི་དམིགསོ།། དེ་ལྟར་ཆུ་གཉིས་གཉིས་མེད་པའི་དངོས་པོ་སྲོག་དང་བདེ་བ་དག་རོ་གཅིག་པའི་དངོས་པོའི་སྲོག་གི་བརྡའ་ནི་ཆེག་དྲག་སྟེ། དེ་ཡང་དངོས་པོའི་དབྱེ་བས་ཐབསོ།། དངོས་པོ་རྣམས་མཐར་བྱེད ་པས་ན་ཤེས་རབ་བོ།། དེ་བཞིན་དུ་བདེ་བ་ནི་རྗེས་དབྱངས་ཏེ། དེ་ཡང་དངོས་པོའི་དབྱེ་བས་ཤེས་རབ་དང་ཐབས་ཉིད་དུ་གྱུར་པའོ།། དེ་ལྟར་ཁམས་གསུམ་པའི་འགྲོ་བ་བསྟན་པ་དང་གཡོ་བ་ལ་སོགས་པ་ཐམས་ཅད་ཤེས ་རབ་དང་ཐབས་ཀྱི་བདག་ཉིད་དོ།། དེ་རྗེས་སངས་རྒྱས་ཉིད་ཅེས་པ་ནི་ཤེས་རབ་དང་ཐབས་ཀྱི་སྦྱོར་བ་དག་གི་རྗེ་སུ་སྦྱངས་རྒྱས་ཀྱི་སྤྱན་གྱིས་གང་མཐོང་བའི་དངོས་པོ་དེ་ཐམས་ཅད་ནི་གཞོན་ནུ་མའི་ཆགས་པ་བཞིནོ།། དེ་ཡང ་བདག་གིས་བླ་མ་བརྒྱུད་པའི་མན་ངག་ལས་ཤེས་མོད་ཀྱི་འོན་ཀྱང་གཞུང་འདིར་མ་བརྗོད་དེ། བརྗོད་དུ་མེད་པའི་ཕྱིར་རོ།། དེ་ཡང་བླ་མ་དང་ལུང་དང་བདག་ཉིད་ལ་ཡིད་ཆེས་པས་བརྒྱུད་པ་ལས་བདག་ཉིད་ཀྱིས་རྟོགས ་པའི་ཕྱིར་རོ།། ཡང་ནི་བླ་མ་དང་དཔའ་བོ་དང་རྣལ་འབྱོར་མའི་བཀའ་དྲིན་གྱིས་རྟོགས་པའི་དོན་ཏོ།། དེ་ལྟ་རང་གི་ལུསུཾ་ལཾ་ཞེས་བྱ་བཱ་ལ་སོགས་པའི་ཚིགསུ་བཅད་པ་གཉིས་ཀྱི་དོན་བཅོམ་ལྡན་འདས་ཀྱིས་དགོངས་བཤད ་གཞན་གྱིས་གདན་བཞིར་གསུངས་ཏེ། དེ་བཞིན་དུ་ཚོགས་བཅད་དང་པོ་ཕྱེད་ཀྱིས་བདག་གི་གང་ན་ནོ་གཉིས་པ་ནི་ཚོགས་བ་ཙོད་ཕྱེད་ཀྱིས་གཞན་གྱི་གདན་ནོ།། གསུམ་པའི་ཚིགས་བཙང་ཕྱེད་ཀྱི་སྦྱོར་ཐེག་།། བནི་བཱི་ནི་པ་བྱེད་ཀྱི ་ཏེ་མདོར་བསྡུས་པའོ།། དེ་ལ་རང་གི་ལུས་ལ་སྤྱོད་པ་ནི་སངས་རྒྱས་ཉིད་དེ་འདིར་བདག་གི་གདན་གྱི་རྐང་པ་ནས་གཙུག་ཏོར་གྱི་བར་གྱི་རྩ་སྟོང་ཕྲག་བདུན་བཅུ་རྩ་གཉིས་ཀྱིས་འཁོར་ལོ་དྲྀ་རྣམས་ལ་ཁྱབ་པར་བྱེད་པའི ་སྲོག་གི་རླུང་ངོ་།། དེ་ཡང་བདག་གི་གདན་ཏེ། གང་གི་ཕྱིར་བདག་སྲོག་ལ་བརྟེན་པའོ།། དེ་ཡང་རང་གི་ལུས་སྔོན་དུ་གསུངས་པའི་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཟད་པའི་ཕྱིར་རྡོ་རྗེའི་སྐུ་སྟེ། དེ་ཡང་བངོ་བོའི་རང ་བཞིན་ནོ།། དེ་ཉིད་དུ་སངས་རྒྱས་བཞུགས་ཏེ། བདག་ཉིད་ཀྱིས་བདེ་བ་རྟོགས་པའི་ཕྱིར། གཞན་གང་ན་ཡང་མེད་ཅེས་པ་ནི་དེ་ཁྱད་པར་གྱི་དོན་ཏོ།། འོན་ཀྱང་བདག་ཉིད་སངས་རྒྱས་ཏེ་བདག་ཉིད་རྟོགས་པ། ་དེ་ལ་དེ་སྐད་ཅེས་བྱའོ།། གཞན་དུ་གཞན་གསུངས་པ། ལུས་ལས་གཞན་དུ་སངས་རྒྱས་ཉིད་ཅེས་པ་ནི་ལུས་ནི་སྔོན་དུ་གསུངས་པའི་སྲོག་གམ་ཆ་གཉིས་པོ་ཤེས་རབ་དང་ཐབས་དག་གོ།། ལུས་ལས་ཞེས་པ་ནི་དེ་ལས་གཞན་པ་ནི ་གཞན་གྱི་གདན་ཞེས་པའི་མིད་ཅན་འོད་གསལ་བའི་ཡེ་ཤེས་ཏེ། དེ་ཡང་སངས་རྒྱས་ཉིད་དེ་ལྷན་ཅིག་སྐྱེས་པའི་དགའ་བའི་མཚན་ཉིད་དོ།། མི་ཤེས་པ་ཡིས་བསྒྲིབས་པར་འདོད་ཅེས་པ་ནི་དེ་ལ་སངས་རྒྱས་མེད་གཉིས་མེད་པ ་མེད་དེ་ཁོ་ན་ཉིད་རྗེ་ཡེ་ཤེས་མེད་ཅེས་པ་ལ་སོགས་པའི་རྣམ་གྲངས་དུ་མས་བསྟན་ཏེ། དེ་ཐམས་ཅད་ཀྱི་དངོས་པོ་མེད་པའི་ཕྱིར་ཞེས་པ་ནི་མི་ཤེས་པ་ཡིས་བསྒྲིབས་པར་འདོད་ཅེས་དེ་བཞིན་གཤེགས་པས་གསུངསོ།། དེ་ལྟར ་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་མེད་པར་དངོས་གྲུབ་མེད་དེ། དྲི་ཡང་མཆོག་ཏུ་ཟབ་པའི་ཕྱིར་དོན་དམ་པའོ།། དེའི་ཕྱི་རོ་ཀུན་རྫོབ་དང་དོན་དམ་པ་དག་དབྱེར་མེད་པའི་ཕྱིར་སྦྱོར་བའི་གདན་གསུངས་ཏེ། རང་ལུས་ཡེ་ཤེས ་ཆེན་པོའི་གནས་ཞེས་པ་ནི་འདིར་འཆད་བཞིན་པའི་འཁོར་ལོ་བཞིའི་ཚུལ་གྱིས་འཁོར་ལོ་བཞི་རབ་ཏུ་ཕྱེ་བས་སྔོན་དུ་གསུངས་པའི་བྱང་ཆུབ་སེམས་ཞུ་བ་འམ། རྒྱུ་བ་ལ་སོགས་པས་གང་ལུས་ལ་བྱང་ཆུབ་སེམས་ཀྱིས་རང ་བཞིན་གྱི་ལྷ་དང་ལྷ་མོ་བསྒོམས་པ་ལས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀུན་རྫོབ་ཉིད་བསྐྱེད་པ་དེ་ནི་རང་གི་ལུས་ལ་གནས་པའི་བྱང་ཆུབ་སེམས་ཀྱིས་རྣམ་པ་རྩཝའི་ཡེ་ཤེསོ།། དེ་ཡང་རྟོག་པ་ཐམས་ཅད་སྤངས་པ་ཉིད་ཅེས་པ་ནི ་དེ་ལྟར་གསུངས་པའི་ཡ་ཤས་ཆེན་པོ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རེ་རེའི་བདེ་བ་སྣ་ཚོགས་པའི་ཡང་དག་པའི་རྟོགས་པོ་ལས། བདག་དང་བདག་གི་རྟོག་པ་སྤངས་པ་ཡེ་ཤེས་དང་ཤེས་བྱ་དག་དབྱེར་མེད་པ་ནི་སྦྱོར་བའི ་གདན་ནོ།། དེ་བཞིན་དུ་གསང་བའི་གདན་གསུངས་པ། དངོས་པོ་ཀུན་ལ་ཁྱབ་བྱེད་པ་ཞེས་པ་ནི་འདིར་རང་རིག་པའི་ཡེ་ཤེས་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་དེ་ནི་རྣལ་འབྱོར་པ་རྣམས་ཀྱི་སྒོམ་པའི་དུས་སུ་ཡང་སེམས་རང ་རིག་པའི་རང་བཞིན་སྣ་ཚོགས་པའི་བདེ་བ་ཉེ་བར་དམིགས་པའི་ཕྱིར་རོ།། དེས་ནི་ཉེ་བར་དམིགས་པའི་ཕྱིར་རོ།། དེས་ན་ཉེ་བར་དམིགས་པས་བསམ་དུ་མེད་པ་ཡང་བསམ་པོ་ཉིད་དུ་འགྱུར་རོ།། དེ་ནི་གསང་བའི་གདན་ནོ།། གང་གི ་ཕྱིར་གསང་བར་བྱ་བས་ན་གསང་བ་འམ་དཔག་པར་དཀའ་བ་ཅུང་ཟད་ཀྱང་སྣང་བ་མེད་པ་གང་གིས་ཀྱང་མི་དམིགས་པ་སུས་ཀྱང་མི་མཐོང་བའོ།། དེ་བཞིན་དུ་རང་རིག་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་འབྱུང་བ་དང ་འབྱུང་བ་ལས་གྱུར་པ་དེ་ཡང་སྣོད་ལ་སོགས་པ་བཅུད་དང་བཅས་པ་བརྟན་པ་དང་གཡོ་བའི་དངོས་པོའོ།། དེ་ལ་སོགས་པ་དངོས་པོའི་མིང་མཐའ་ཡས་པ་རྣམས་ཀྱིས་བརྗོད་པའི་དངོས་པོ་དེ་ཐམས་ཅད་ལ་ཁྱབ་པར་བྱེད་པ ་དེ་ཉིད་ཀྱིས་ན་རང་རིག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་སེམསོ།། དེ་ཡང་ལུས་ལ་གནས་ཀྱང་ལུས་མ་སྐྱེས་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ལུས་ཏེ་སྐུའོ།། དེ་རྣམས་ཀྱི་ལུས་ལ་གནས་པ་ནི་རྟོག ་པའི་ཡེ་ཤེསོ།། དེ་ཡང་ལུས་ལས་ཕྱིར་བྱུང་བའོ།། དེའི་ཕྱིར་ལུས་ལ་གནས་ཀྱང་དེ་ལུས་ལས་མ་སྐྱེས་ཏེ་གཟུགས་མེད་པའི་ཕྱིརརོ།། རྒྱ་ཆེ་བའི་ཕྱིར་ལུས་དང་ཁམས་རྣམས་ལ་རྟོགས་བཞིན་པ་ན་གང་ལས་ཀྱང་མ་སྐྱེས་ཏེ། ་གནས་མེད་པའི་ཕྱིར་རོ།། དེའི་ཕྱིར་འདི་ནི་གསང་བའི་གདན་ནོ།། དེ་ལྟར་གདན་བཞིའི་བདག་ཉིད་ཀྱི་རྣལ་འབྱོར་ནི་ལྔ་པ་དེ་ཁོ་ན་ཉིད་ཀྱི་གདན་ཏོ།། དེ་ཡང་རྣལ་འབྱོར་པ་རྣམས་ཀྱིས་རྟག་པར་རྒྱུན་ཏུ་བསྒོམ་པར་བྱ་ཞེས་པ་སྟེ། ་ངེས་པའོ།། དེ་ནི་འཁོར་ལོ་བཞིའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། རྡོ་རྗེ་སྙིང་པོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསོལ་ཏོ་ཞེས་བྱ་བ་ནི་སྡུད་པ་པོའི་ཚིག་གོ། ལུས་ལ་རྩ་ནི་དུ་ཞིག་མཆིས།། ཤེས་པ་ནི་རྡོ་རྗེ་སྙིང་པོས ་གསོལ་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་པ་ནི་བསྟན་པའི་སྒོ་ནས་བསྟན་པའོ།། བཅུ་ཕྲག་གཉིས་ལྷག་བརྒྱ་ཕྲག་གཅིག་འཁོར་ལོ་བཞི་ཡི་རང་དབྱེ་ཉིད་ཅེས་པ་ནི་མདོར་བསྡུས་པའི་ཚི་གོ། དེ་ལྔ་ལྟེ་བར། ་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའོ།། དེ་བཞིན་དུ་སྙིང་ཁར་འདབ་མ་བརྒྱད་པའོ།། མགྲིན་པར་འདབ་མ་བཅུ་དྲུག་པའོ།། སྤྱི་བོར་འདབ་མ་སུམ་ཅུ་རྩ་གཉིས་པའོ།། དེ་ལྟར་སྐུ་དང་། ཐུགས་དང་། གསུང་དང་། ཡེ་ཤེས་ཀྱི་འཁོར་ལོ ་རྣམས་རིམ་པ་བཞིན་དྲུག་ཅུ་རྩ་བཞི་དང་། བརྒྱད་དང་བཅུ་དྲུག་དང་། སུམ་ཅུ་རྩ་གཉིས་ཀྱི་རབ་ཏུ་དབྱེ་བ་ཉིད་དེ་མདོར་སྨྲས་ན། བརྒྱ་ཕྲག་གཅིག་དང་ཉི་ཤུའོ།། འོན་ཀྱང་རྒྱས་པར་ནི་བྱེ་བ་ཕྲག་བརྒྱུད་ཅུ་སྟེ། རང་བཞིན་གྱི ་ཆོས་རྣམས་ཀྱི་དབང་གིས་སོ།། གཞན་འཇིག་རྟེན་དུ་གྲགས་པ་ནི་བྱེ་བ་ཕྲག་ཕྱེ་དང་བཞི་སྟེ། བ་སྤུ་དང་སྒོའི་ཆོས་ཉིད་དོ།། དེ་ལྟར་འཁོར་ལོ་བཞིའི་རབ་ཏུ་དབྱེ་བའི་རྩ་ལྷའི་རང་བཞིན་རྣམས་ནི་གདན་བཞི་ལ་སོགས་པ་རྣམསུ ་ཤེས་པར་བྱ་སྟེ། དེས་ན་འདིར་ནི་རྒྱས་པར་མ་གསུང་སོ།། འོན་ཀྱང་འདིར་ནི་བདག་གི་བླ་མ་བརྒྱད་པོའི་མན་ངག་གིས་འདི་རྣམས་ཀྱི་བཤད་པ། ཅུང་ཟད་ཙམ་བརྗོད་དེ། དེ་ལ་རེ་ཞིག་རང་བཞིན་འཁོར་ལོར་མི་རྟོག་པ། བྱུང ་ཆུབ་སེམྦ་སཽ་ནཱི་བདེ་ཆེན་པོ།། རྣལ་འབྱོར་མ་ནི་དྲུག་བཅུ་བཞིའོ།། ལྟེ་བའི་རྩ་ཡི་པདྨར་འཇུག། དབུས་རྩར་བཙན་ཐབས་སྦྱོར་བ་ཡིས།། ལག་པས་རྐང་པ་གཉིས་གཟུང་ནས།། ལྷག་པ་ནས་ནི་སྐྱེར་གཟུང་ཞིང་།། གྲུབ་མོ་གཉིས ་ཀྱིས་སྣ་ནི་གཟིར།། དེ་ཚེ་རླུང་ནི་གཟུང་བར་བྱ།། དབུགས་སྟེང་འགྲོ་བའི་སྦྱོར་བ་ཡིས།། སེམས་ནི་པདྨར་གཞུག་པར་བྱ།། ཆོས་རྣམས་ཐམས་ཅད་སྟོང་རང་བཞིན།། ཕུང་པོ་ཁམས་ནི་བརྒྱད་པོ་གཞོམ།། རྩ་བཅིངས་པ་ཡིས ་རླུང་ལ་ཞུགས།། རླུང་གཉིས་དབྱེར་ནི་མེད་ཞུགས་པས།། པདྨའི་མདུད་པ་དབྱེ་བར་བྱ།། མགྲིན་པར་བརྒྱད་གཉིས་ཀྱི་ནི་རྩ།། དབུ་མ་ཡི་ནི་འདུད་པར་འབར། སྔོན་གྱི་བྱེད་པའི་བཅིངས་པས་འདོར།། བདེ་བ་ཆེན་པོའི་པདྨར་འཇུག ་སུམ་ཅུ་གཉིསུ་ཞུགས་པ་ཡིས།། རྩ་ལས་རྒྱུན་མི་འཆད་པར་དབའ།། མཐེ་བོང་ནས་ནི་རླུང་བཀུག་ཅིང་།། གཙུག་ཏོར་བ་དུ་འཛེག་པར་བྱ།། དེ་ནས་བླ་མའི་བཀའ་དྲིན་ནི།། རྣལ་འབྱེར་མཱ་ཡི་སྡེ་ཡི་ཆོས ་འདི་ནི་སུ་ལ་འང་བསྟན་མི་བྱ།། མི་ཐོགས་འགྲོ་བའི་གཙོ་བོར་འགྱུར།། རྩཝའི་འཁོར་ལ་གཟུང་བའི་མན་ངག་འདིས་དངོས་གྲུབ་ཐོབ་ཅིང་ངས་སུ་འཆི་བ་ཡང་སླུ་ན་དུས་མ་ཡིན་པར་འཆི་བ་ལྟ་ཅི་སྨོས། འདིས་རྒྱུན་མི་འཆད་པར ་བསླབས་པའི་སྦྱོར་བས་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་པ་ཉིད་ཀྱང་འཐོབ་བོ།། སླར་ཡང་གང་གི་ཚེ་རྣལ་འབྱོར་པ་རྣམས་མན་ངག་བསྒོམ་པའི་དུས་སུ་རྩ་སུམ་ཅུ་རྩ་གཉིས་ཁོང་སྟོང་དེ་རྣམས་ཀྱི་ནང་རྣམ་སུ་བྱང་ཆུབ་སེམས ་ཀྱི་བདག་ཉིད་ཀྱི་རྒྱུན་དེ་རྣམས་འབྱུང་བ་དེ་རྣམས་བསྟན་པའི་ཕྱིར། བྱང་ཆུབ་སེམས་ཀྱི་རང་བཞིན་ཞེས་བྱ་པོ་ལ་སོགས་པ་གསུངས་ཏེ། འདིར་བྱང་ཆུབ་སེམས་ནི་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་རྒྱུན་འཛག་པོའི་རང ་བཞིན་ནོ།། གཉིས་པ་ནི་ཡི་གེའི་དོན་ཉིད་དོ།། དེ་དག་ལ་རྒྱུན་འཛེག་པ་ཛ་ནཱི་ཀུན་རྫོབ་ཀྱི་བདེན་པས་རྣལ་འབྱོར་པ་རྣམས་ལ་བདེ་བ་སྟེ་རུ་བར་བྱེད་པའོ།། དེ་བཞིན་དུ་གང་ཡི་གེའི་དོན་དེ་ནི་དོན་དམ་བདེ་བ་སྟེར་བར་བྱེད་པའོ།། དེ ་ཡང་རྩ་སུམ་ཅུ་རྩ་གཉིས་རྣམས་ཀྱི་མིང་གི་དབྱེ་བས་ཇི་སྲིད་མཆོག་ཏུ་མི་འགྱུར་བ་དེ་སྲིད་རྣལ་འབྱེར་པ་རྣམས་ཀྱིས་མཚན་རྣམས་ཐོང་པོའོ།། དེ་བཞིན་མཆོག་ཏུ་འདོད་ཅེས་པ་ནི་མཆོག་ཏུ་མི་འགྱུར་པའི་བདེ་བ་འདོད་ཅེས ་པའི་དོན་ཏོ།། དེ་ཡང་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་བྱ་བ་ཚིག་འབྲས་བུ་ལ་ཉེ་བར་སྤྱོད་པའི་ཕྱིར་ཞེས་སྦྱར་ཏེ། དེ་ཉིད་ཀྱི་ལས་ནི་མི་ཕྱེད་མ་ཞེས་བྱ་བ་ལ་སོགས་པར་དགོངསོ།། དེ་ཉིད་ལ ་གསུངས་པ་ཨ་ཐོག་མ་བར་དང་མཐའ་མ་རུ།། བྷེ་རྐང་པ་ནས་ནི་མགོ་རུ་དབྱེ།། བྱ་བདུད་རྩི་ཡིས་ནི་དགའ་བཞིན་པ།། སྐུ་ཁོང་སྟོང་ཐམས་ཅད་དུ་ནི་འགྲོ། ཀྵ་དེ་ཉིད་དུ་ནི་འཛིན་པར་བྱད་།། རུ་བདེ་བ་ཞེས་པ་བརྟེན་པ་ཡིན།། པཱ་དྲོན ་དམ་པ་ཡི་སེམས་ནི་ཉིད།། ཙ་དཔྱད་པ་ཡིས་ནི་བྱང་ཆུབ་མཆོག། དེ་ཉིན་མོའི་དུས་སུ་རྩཝ་ནི་གྲང་།། བྱ་མགོ་ཡི་སྤྱི་གཙུག་བར་དུ་ཁྱབ།། པཱ་ཚིག་ནི་ལཱྀ་དབང་པདྨ་རུ།། མཱ་མ་ཏུ་ལུང་གའི་མགོ་བོ་རུ།། ཏུ་བཞི་པ་རྡོ་རྗེའི་རྩེ་མོའི་རྩར ་བཱ་གཡོན་དུ་ཁུ་བའི་བུ་ག་རུ།། མཽ་ནོར་བུ་གན་སུ་སོང་བེ་ཙཱམ།། ཎཱི་བྱང་ཆུབ་སེམསུ་ཐིམ་པའོ།། ཀྵེ་དབང་པོ་ཐམས་ཅད་ལ་ནོ་ཁྲོས།། རྨཱ་དབུ་མའི་རྩ་རུ་རྟོགས་པ་ཡིས།། ཛཱ་གཏུམ་མོ་ཡི་ནི་གཟུགས་ཀྱི་མཛུག། བྷཱུ་དངོས་དང ་དངོས་མེད་ཟིང་བྱེད་མ།། པ་སྒྲུབ་པོ་རྣམས་ཀྱིས་མཆོག་གི་གཟུགས།། ཀྵ་གྲགས་དང་བདེ་བས་སྒེག་པ་མོ།། སེ་མཆོག་དེ་ཁོ་ན་ཉིད་ནི་བརྟེན།། ཀཱ་འདོད་པའི་བསྟན་བཅོས་རྗེས་འབྲངས་མ།། དྷཱ་དུ་བའི་ལམ་ནི་སྙིང་ཉི་ད་དོ།། ་ཡང་ན་འོག་ལྟའི་བཟང་མོའི་གཟུགས་ཅན་མ།། ཁྭ་ཚར་བཅད་རྗེསུ་གཟུང་བྱེད་མ།། བི་དབེན་པའི་བདག་ཉིད་སྐྱེ་བྱེད་མ།། ཥྛ་ཁམས་ནི་བཅོ་བརྒྱད་འབབ་པ་མོ།། 6། ལུས་རྣམས་ཐམས་ཅད་དུ་ནི་རྒྱུ།། མཱ་མགྲིན་པ་དང་ནི ་རྐང་དུ་མངར།། ཏུ་མྱུར་འགྲོའི་མཆོག་ནི་ལྟ་བ་རུ།། རྭ་འདོད་ཆགས་མེ་ནི་རབ་འབར་མ།། སརྒྷ་དང་མི་རྒྱུ་སྙིང་འཁོར་ལོར།། རྦ་རྐང་རྣམས་བཅིང་བར་སྦྱོར་བྱེད་མ།། རཱི་ཁུ་བ་ཐམས་ཅད་དུ་ནི་འཕངས།། ་ཤཱི། བར་གྱི་མཚམས་ནི་ཚུལ་འགྲོ་མ།། ཏཱ། ཤཱིང་གི་གཟུགསུ་འང་དེ་ཤེས་བྱ།། དཱ་བྱང་ཆུབ་ཀྱི་ནི་སྣརུམས་ཉིད་གཟུང་།། ཨུ་ཨུའི་ཡི་གེ་ཡི་ནི་གཟུགས།། ཥྚ། སྣའི་གནསུ་འགྲོ་འདི་བྱེད།། 6། ཐམས་ཅད་སྤྱོད་པར་སོང་བ་ནི ་ལ་ལ་ནཱ་བཅིངས་སྦྱོར་བ་ཡིས?།། ར་སཱ་ནཱ་ནཾ་རྐན་གྱི་ལམ།། རྩ་གཉིས་ཨ་བ་དྷྲྀ་ཏཱི་ར་མཱ།། པྲ་ལྟེ་བ་ཡི་ནི་བུ་གར་ཞུགས།། མཱ་ང་རྒྱལ་ཅན་རྣམས་རྟོགས་བྱེད་མ།། ནཱི་སྣ་བུག་གཉིས་ཀ་ལྀས་ནི་སྟེང་།། ཀྲྀ། དབང་པོ་ཐམས་ཅད ་འགུགས་པར་བྱ།། ཥྛ། དྲོ་བའི་སྒོར་ནི་སོང་བའི་རྩ།། ཝ་ཡུར་བ་ཡི་ནཱི་ངོ་མྲ་ཚེར་བྱེད།། རྞྞ་ཁ་དོག་སྣ་ཚོགས་སྤངས་པ་ཉིད།། ཙ་གཏུམ་བྱེད་གཏུམ་པའི་མ་མོའོ།། སཱ། བུ་ག་སྙིང་པོ་ལས་འབྲུབ་མ།། མཱ་དེར་ནི་བདག་ཉིང ་མཆོད་པར་བྱེད།། ནྱཾ། གང་ཞིང་སྣང་བ་གསུམ་སྤངས་བྱ།། ཧེ་དེ་ཡི་རྒྱུ་ནི་འོད་གསོལ་བའོ།། ཏུ་བཞི་པའི་དབང་གི་རྩ་ནི་གང་།། དཱ། བློ་ལྡན་མཁའ་བཞིན་རྟག་ཏུ་བསམ། ཡཾ། གང་དག་གི་ནི་ཁམས་ཐམས་ཅད་། ཀཱ་ལུས ་ཅན་གྱི་ནི་ཙཽ་མང་པོ།། བི་དེ་ཉིད་དུ་ནི་ངལ་ནི་བསོས།། ཡེ་རྣལ་འབྱོར་བདེ་བ་མ་འགྱུར་བའོ།། གཱ། དར་ནི་ཤིན་ཏུ་བརྫེ་དབང་གིས།། རྩ་རྒྱུ་བ་དག་གི་རྩ་འདྲ་བ།། པྲེ། དེ་ཉིད་དུ་ནི་བཞུགས་པར་བྱ།། མ་གནད་གཅོད་སྲིད་པ ་མཐར་བྱུད་མ།། ཎཱི། ཁུགྶ་རྣཱ་དུ་བ་ལ་སོགས་ཀྱིས།། སི་ཕྱག་རྒྱའི་དངོས་གྲུབ་འདོད་ཅན་མ།། དྷཱ་རྩིབས་བཅུ་གཉིས་ཀྱི་འཁོར་ལོ་བ་ཤད་།། རྩ་རྒྱུ་བའི་སྲོག་ནི་མཛེས་མའོ།། བཱ་མེ་ཡིས་རབ་དགང་བར་བྱ།། ས་ཉོན་མོངས་པཱ་ནི ་སླུ་ཞིང་གསང་།། ཀྵི། སྒྲ་ཡི་རྣམ་པ་ལྟ་བུའི་རྩ།། སུ། ཡིད་བཟངས་སྟེང་དུ་རབ་རྒྱུ་མ།། མ་ཡིད་སྲུབ་སྟེང་དུ་སོང་བ་ཉིད།། ན་མ་ཡི་སྣ་ནི་འཆང་བས་ན།། ཏ། དེ་བཞིན་གཤེགས་པ་རྣམས་ཀྱིས་གསང་།། ཐཱ། དཽ་ཡི་གནས་ནི་སྟེང ་བུག། ཏྲི། ཙ་གསུམ་ཟླ་ཉི་སྒྲ་གཅན་ཏེ།། པྲྀ། དུས་མེ་ཞེས་པའི་བྱ་བའང་བཅིངས།། ཏཱ། སྐར་མ་རྣམས་དང་མིག་སྨན་མཁའ།། ཀཱ། ཐམས་ཅད་ཀྱི་ནི་ཁ་ནི་འབྱེད།། མི་དབང་པོས་མཆོག་ནི་རྟོགས་པའི་ཕྱིར།། ནཱི། རྩ་གང་དག ་ནཱི་མདུན་པ་མེད།། ཀེ་གྲཱ་ཡི་སྒྲ་ནི་རྗེས་འགྲོ་མ།། ཧཱ་ཧཱ་ཞེས་པ་ལས་འཆར་བ་ཉིད།། ཙཾ་གཏུམ་མོ་ཡི་ནི་གན་སུ་འོདིས།། རཱ་སྒོ་ང་རྣམྦ་ནི་སཱིད་འགེས་ཉིད།། ཀྲཱྀ་གང་མུག་ལ་སོགས་སྨོས་ཅི་དགོས།། མ་འབྱུང་བ་ཐམས་ཅད་རྣམ ་ཀྱི་གཞི།། རཱ། དེ་ཉིད་དུ་ནི་དགའ་བར་བྱ།། དཱི་བྱང་ཆུབ་ལམ་ལ་སེམས་དཔས་གཟུང་།། རི། དགྲ་བོ་རྣམས་ནི་ཟད་བྱེད་མ།། ཀཱ། འདོད་པའི་མཆོག་ནི་ཀུན་ཏུ་སྟེ།། རྩ་སུམ་ཅུ་རྩ་གཉིས་པོ་ཀུན་རྫོབ་དང་དོན་དམ་པའི་གཟུགས ་ཀྱི་བདག་ཉིད་བརྒྱུད་པའི་རིམ་པ་བླ་མ་དང་དགེ་བའི་གྲོགས་མཆོག་དེ་ཉིད་ཀྱི་ཁ་ནས་ཁོང་དུ་ཆུད་པར་བྱའོ།། ཅི་འདི་རྣམས་ཞེས་པ་ནི་སླར་ཡང་རྡོ་རྗེ་སྙིང་པས་ཞུས་པའོ།། དེ་རྣམས་ནི་སྔོན་དུ་གསུངས་པའི་རྩ་གསུམ་ཅུ་རྩ ་གཉིས་སོ།། བཅོམ་ལྡན་འདས་ཇི་ལྟ་བུ་ཞེས་པ་ནི་བཅོམ་ལྡན་འདས་ལ་དྲིས་པའོ།། ཇི་ལྟ་བུ་ཞེས་པ་ནི་རང་བཞིན་ཇི་ལྟ་བུ་ཞི་བ་སྟེ། འདིར་གང་གི་ཕྱིར་ཀུན་རྫོབ་ཀྱི་བདེན་པས་རྣལ་འབྱོར་མའི་རྒྱུད ་རྣམས་ལ་དམིགས་པ་དེ་རྣམས་ཐམས་ཅད་ནི་རྩ་རྣམས་ཏེ། དེ་ཡང་ཅི་བསྒོམས་པའི་གནས་མ་ཡིན་ནམ་ལུས་རང་གྲུབ་པའི་ཕྱིརོ།། ཡང་ན་ལུས་ཀྱི་ནང་རྣམསུ་པདྨོའི་རྩ་བ་ལྟ་བུ་ཐ་དད་པའི་འཁོར་ལོ་ཡོད་དམ་དེ་ཇི ་ལྟ་བུར་འགྱུར་ཞེ་དགོངསོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྲིད་པ་གསུམ་ཞེས་བྱ་བ་ལ་སོགས་པས་ལན་གསུངས་ཏེ། འདིར་དགོངས་བཤད་གཞན་གྱིས་ལུས་ལ་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་ནི་སྲིད་པ་གསུ ་དུ་གསུངས་ཏེ། དེ་ཡང་གཅིག་ཏུ་འདུས་པ་ནི་ལུས་ཏེ། དེའི་ཡོངསུ་གྱུར་པ་ཞེས་པ་ནི་ལུས་ཐམས་ཅད་ཀྱི་བ་སྤུའི་བུ་ག་ལ་སོགས་པ་དང་ཚིགས་དེ་རྣམས་ཐམས་ཅད་དུ་རྩ་སུམ་ཅུ་རྩ་གཉིས་ནང་དུ་འདུས་པར་འགྱུར ་བ་ནི་ཁུ་བའི་རྣམ་པ་ཉིད་དོ།། ངོའི་ཕྱིར་ཐམས་ཅད་གཟུང་བ་དང་འཛིན་པ་སྤངས་པའོ་ཞེས་གསུངས།། གལ་ཏེ་རེ་ཞིག་བྱང་ཆུབ་སེམས་ཀྱི་བདག་ཉིད་གཞན་རྒྱུས་པ་དང་རྩེ་ཁོང་སྟེང་རྣམས་ཇི་ལྟ་བུ་ཞེ་ན། ཇི་ལྟར་བུ ་རམ་ཤིང་གི་སྡོང་བུའི་ཁམས་སྣ་ཚོགས་པ་ནི་བམ་པོའི་བདག་ཉིད་དོ།། རོ་ནི་ཐམས་ཅད་ལ་ཁྱབ་པར་བྱེད་པའོ།། དེ་བཞིན་དུ་ལུས་ཀྱི་རྒྱུས་པ་སྣ་ཚོགས་པ་དང་རྩ་རྣམས་ཀྱང་བེམས་པོར་གྱུར་པ་སྟེ། དེ་རྣམས་ལ་བྱང ་ཆུབ་སེམས་ནི་རོ་གཅིག་ཏུ་ཐམས་ཅད་ལ་ཁྱབ་པར་བྱེད་པའོ།། འོན་ཀྱང་དེ་ནི་གནས་སུམ་ཅུ་རྩ་གཉིས་སུ་སྐྱེས་པའོ།། དེ་ལ་རེ་ཤིག་མྱི་ཕྱེད་པ་མ་ནི་སྤྱི་བོར་རོ།། ཕྲ་གཟུགས་མ་ནི་སྤྱི་གཙུག་ཏུ་ཞེས་པ་ལ་སོགས་པ་ནི་དགྱེས། ་པའི་རྡོ་རྗེར་གསུངས་པའི་ཚིགས་ལས་ཤེས་པར་བྱའོ།། ཇི་ལྟར་འདིར་བུ་རམ་ཤིང་སྡོང་བུ་གཅིག་ཉིད་ལ་མདུད་པ་སྣ་ཚོགས་པ་ཡོད་པ་དེ་བཞིན་དུ་ལུས་ལ་ཡང་མདུད་པ་སྣ་ཚོགས་པ་ཡོད་པའོ།། དེས་ན་གཟུང་བ་དུང ་འཛིན་པ་སྤངས་པའི་དོན་ཏོ།། ཇི་ལྟར་བུ་རམ་ཤིང་གི་སྡོང་བུ་འཁྲུལ་འཁོར་གྱིས་རོ་དྲངས་ཏེ་དངོས་པོ་ལོགསུ་བྱས་པ་དེ་ཡང་གང་འདོད་པ་དེར་ཁྱེར་ཏེ་ཆང་ལ་སོགས་པ་བསིད་པའི་ཕྱིརརོ།། དེ་བཞིན་དུ་ལུས་ལ་ལྟེ ་བའི་འཁྲུལ་འཁོར་གྱིས་ཏེ་དབུས་སྟེང་དང་འོག་ཏུ་འགྲོ་བས་བྱང་ཆུབ་སེམས་ཀྱི་བཅུད་དྲངས་པ་ལོགསུ་བྱས་པའི་དངོས་པོ་ནི་ཁམས་རྣམས་ལས་ཐ་དད་པ་ཉིད་དེ། བྱང་ཆུབ་སེམས་ཀྱི་བཅུད་དེ་ཡང་གང་དུ་འདོད་པ ་དེར་ཁྱེར་ཏེ་རྩ་སྣ་ཚོགས་པར་རྒྱུ་བའི་ཕྱིརོ་ཞེས་སྦྱར་རོ།། བྱང་ཆུབ་སེམས་དེ་ལ་ཡོན་ཏན་མེད་པ་མེད་དེ་དྲི་མ་མེད་པའི་ཕྱིརརོ།། དེའི་ཕྱིར་གཟུང་བ་དང་འཛིན་པ་སྤངས་ཤེས་པའི་དོན་ཏོ།། གལ་ཏེ་རེ་ཞིག་དབང་པོ་གཉིས ་ཡང་དག་པར་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་སེམས་ལགོ་པའིམ་ཉ་ཕྱིས་ལ་སོགས་པས་བླངས་པ་དེའི་ཚེ་དེ་ལ་ཅུང་ཟད་ཀྱང་སྲོག་གི་གཟུགས་མེད་དེ་བེམས་པོ་དེ་ཉིད་ཀྱི་ཕྱིརརོ།། འོན་ཏེ་གལ་ཏེ་སྲོག་མེད་ན་དེ་ལས ་ཇི་ལྟར་འཇིག་རྟེན་རྣམས་སྐྱེ་བར་འགྱུར་ཞེ་ན། དེ་གསུངས་པ་མ་དང་པ་ཡང་དག་པར་སྦྱོར་བ་ལས་འགྱུར་ཏེ། པ་མེད་པར་མ་འབའ་ཞིག་ལས་མི་སྐྱེའོ།། དེ་བཞིན་དུ་མ་མེད་པར་པ་འབའ་ཞིག ་ལས་ཀྱང་མི་སྨྲའོ།། དེ་བཞིན་དུ་མ་མེད་པར་པ་འབའ་ཞིག་ལས་ཀྱང་མི་སྐྱེའོ།། དེའི་ཕྱིར་བདེ་བ་ཙམ་འབའ་ཞིག་གི་རང་བཞིན་ཉིད་དུ་འགྱུརརོ།། ཇི་ལྟར་བུ་རམ་ཤིང་གི་རོ་མངར་བའི་རང་བཞིན་དེ་ལ་སྲོག་ཡོད་པ་ནི་མ ་ཡིན་ཏེ་བེམས་པོའི་ཕྱིརོ།། དེ་ལྟར་དངོས་པོའི་སྦྱོར་བས་བེམས་པོ་མ་ཡིན་པའི་དངོས་པོ་རྣམས་སྐྱེ་བར་འགྱུར་རོ།། ཇི་ལྟར་ས་ལ་ས་བོནི་སྣ་ཚོགས་པ་བཏབ་པས་འབྲས་བུ་སྣ་ཚོགས་པ་སྐྱེ་བར་འགྱུར་ཞེས་པ་ལ་སོགས ་པ་ནི་བདེན་པ་འམ་མི་བདེན་པར་འཁྲུལ་པར་མི་བྱའོ།། འོ་ཞེས་པ་ནི་དེ་ལྟར་ཞེས་པའི་དོན་ཏེ།། དེ་ལྟར་ཕུང་པོ་དང་། ཁམས་ལ་སོགས་པའི་བདག་ཉིད་རྣལ་འབྱོར་གྱི་རྒྱུ་དང་། དེ་བཞིན་རྩ་བའི་བདག་ཉིད་རྣལ་འབྱོར ་མའི་རྒྱུད་དོ།། དེས་ན་ཀུན་རྫོབ་དང་དོན་དམ་པ་ཁཾ་སྦྱར་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་འདིས་ན་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་སྐྱེ་བ་དེ་ཡོད་སྐྱང་ཙ་ས་བྱའོ།། དེ་བཞིན་དུ་བྱང་ཆུབ་ཀྱི་ཕྱོགསོ་ཞེས ་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། འོན་ཀྱང་དྲན་པ་ཉེ་བར་བཞག་པ་བཞི་དང་ཡང་དག་པར་སྤོང་བ་བཞི་དང་རྫུ་འཕྲུལ་གྱི་རྐང་པ་བཞི་ནི་དབང་པོ་ལྔ་ལ་སོགས་པ་བཞིས་བཤད། དེས་ནི་བསྟེན་པ་དང་བཤད ་བ་ངེས་པའོ།། བྱང་ཆུབ་སེམས་ཞེས་པ་ནི་འདིར་འཇིག་རྟེན་ལས་འདས་པ་དོན་དམ་པ་དེ་ལ་འཇུག་པའི་མིང་གང་ལ་ཡོད་པ་ནི་བྱང་ཆུབ་ཀྱི་སེམས་ལ་འཇུག་པ་ཞེས་པའི་རབ་ཏུ་བྱེང་བའོ།། དེ་ཡང་ལས་གང་གིས་བསྐྱེད ་པ་དེ་བྱེད་པའི་ཕྱིར་རབ་ཏུ་བྱེད་པའོ།། དང་པོ་ལ་ལྟོས་པས་ན་གཉིས་པའོ།། དང་པོ་ལ་ལྟོས་པས་ན་གཉིས་པའོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་དང་པོའི་རབ་ཏུ་བྱེད་པོ་གཉིས་པའི་རྒྱ་ཆེར་འགྲེལ་པ་ཡང་དོག ་པར་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་གཉིས་པའོ།། །། ད་ནི་དེ་ཁོ་ན་ཉིད་དམིགས་པའི་རབ་ཏུ་བྱེད་པ་གསུམ་པ་བསྟན་པའི་ཕྱིར། དེ་ནས་ཤེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་ནས་ཤེས་པ་ནི་བྱང་ཆུབ་སེམས་ལ་འཇུག་པའི་རབ་ཏུ་བྱུང་པ་བསྟན་པའི་རྗེས་ཐོགས་སུའོ།། བཅོམ་ལྡན་འདས་ཞེས་པ་ནི་ཡེ་ཤེས་དང་ཤེས་བྱ་དག་རོ་གཅིག་པར་གྱུར་པའོ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་མཆོད་དེ་ཞེས་པ་ནི་སྒྱུ་མའི་གཟུགས་བརྙན་གྱི་བདག་ཉིད་དོ།། དེ་རྣམས་ཀྱིས་མཆོད་པར་བྱ་ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་བདག་ཉིད་ལ་ཡིད་ཆེས་སོ།། ཕྱག་བཙལ་ནས་ཞེས་པ་ནི་དེ་རྣམས་ཀྱིས ་ཡང་དང་ཡང་དུ་ཕྱག་འཚལ་བའོ།། དེའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་འདེབས་པར་བྱེད་དོ།། གསང་ཆེ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྙིང་པོ་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས ་ཀྱི་ཡང་གོང་མའོ།། གསང་ཆེན་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡང་སྤྱོད་ཡུལ་མ་ཡིན་པའི་ཡེ་ཤེས།། བླ་ན་མེད་ཅེས་པ་ནི་ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པ་དང་། ཉན་ཐོས་ལ་སོགས་པ ་ལས་བླ་ན་མེད་པ་སྟེ་དེ་རྣམས་ཀྱིས་གོང་མ་ཕུལ་དུ་བྱུང་བ་ཡང་དག་པའི་ཡེ་ཤེས་ཐམས་ཅད་མཁྱེན་པའི་བགྲོད་བྱའོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ལན་གྱི་ཚིགས་གསུང་སོ།། དེ་ནས་ཞེས་པ་ནི་གསོལ་བ་བཏབ་པའི་རྗེས ་ཐོག་སུ་བཅོམ་ལྡན་འདས་སྙིང་རྗེ་ལ་དམིགས་ཏེ། རྨི་ལམ་བཞིན་དེ་བཞིན་གཤེགས་པ་རྣམས་ཀྱིས་གསོལ་བ་བཏབ་པ་མཁྱེན་པའི་ཕྱིར་རོ།། རྒྱུད་ཐམས་ཅད་ཅེས་པ་ནི་སྔོན་དུ་གསུངས་པའི་རྣལ་འབྱོར་གྱི་རྒྱུ་དང་རྣལ་འབྱོར ་མའི་རྒྱུད་རྣམསོ།། སྙིང་པོ་ཞེས་པ་ནི་དེ་རྣམས་ཀྱི་སྙིང་པོ་ཞེས་པའོ།། དེ་ཅི་ཞེ་ན་གསུངས་པ། ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་ཞེས་བྱ་བ་ལ། ཡེ་ཤེས་ཞེས་པ་ནི་ཁམས་གསུམ་པ་ཐམས་ཅད་ལག་མཐིལ་གྱི་སྐྱུ་རུ་ར ་བཞིན་དུ་དེས་ཡོངསུ་ཤེས་པ་སྟེ། ཡང་དག་པར་རྫོགས་པར་སངས་རྒྱས་ནས་མར་མེ་བཞིན་དུ་རིག་པའི་ཕྱིརརོ།། རྡོ་རྗེ་ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པ་ཡེ་ཤེས་ཀྱི་སྣང་བ་དེའི་རང་བཞིན་ཉིད་ཅེས་པའི་ཏིངངེ་འཛིན་དེ་ལ་དེ་སྐད་ཅེས ་འོ།། དེའི་ཕྱིར་རྒྱད་ཅེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དོ།། དེ་གསང་ཆེན་ཞེས་པ་ནི་རྣམ་པར་མི་རྟོག་པའི་ཕྱིར་གསེང་ཆེན་ཞེས་པའི་དོན་ཏོ།། དེ་ཡང་གསུངས་པ་ཞེས་པ་ནི་བྲག་ཆའི་སྒྲ་ལྟར་ཉན་པ་པོ་རྣམས་གཞུག་པའི ་བྱིརྱ་དེར་དེ་གསུང་སོ།། གསང་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ལུས་པ་ལ་བུ་ག་བཅུ་དྲུག་ཏུ་འགྱུར་ཏེ། དེ་རྣམས་ཀྱང་ཡི་གེ་བཅུ་དྲུག་གི་མིང་རྣམས་ཀྱིས་མཚོན་ཏོ།། གང་དག་བུ་གཅེས་པ་དེ་དག་ནི་མཚམས་རྣམས་ཏེ། འདི་ལྟར་རླུགསུ ་ནི་ལྟེ་བ་དང་སྙིང་ག་དང་མགྲིན་པའི་མཚམས་རྣམ་སུའོ།། དེ་བཞིན་དུ་ཧ་ནི་སྤྱི་བོའི་མཚམས་སུའོ།། ལྷག་མ་ཡི་གེ་བཅུ་གཉིས་ནི་རིམ་པ་བཞིན་ལག་པ་དང་རྐང་པ་ལ་སོགས་པའི་མཚམས་རྣམས་སུའོ།། དེ་ལྟར་རྭ་གསུམ་དང་ཧ་ནི་ཨ ་བ་དྷཱུ་ཏཱི་ལ་ཡང་དག་པར་སྦྱར་བའོ།། དེ་བཞིན་དུ་ཡི་གེ་བཅུ་གཉིས་ནི་ལ་ལ་ནཱཾ་དང་ར་ས་ནཱ་ལ་དྲུག་དྲུག་ཡང་དག་པར་སྦྱོར་བའོ།། གཞན་སྒོ་དགུ་རྣམས་ཀྱིས་བུ་ག་དགུ་ནི་རབ་ཏུ་བྱེད་པ་དྲང་པོར་གསུང་སོ།། དེ་ལྟར་བུ་ག་ཉི་ཤུ་རྩ་ལྔའི་བདག ་ཉིད་ཀྱི་ལུས་སོ།། གང་སྙིང་གའི་བུ་ག་དུ་ནི་གཙུག་ཏོར་གྱི་བུ་གའོ།། དེ་བཞིན་དུ་སྔོན་དུ་གསུངས་པའི་ལྟེ་བ་དང་སྙིང་གོ་དང་མགྲིན་པ་དང་མགོ་བོར་ཡི་གེ་རྣམས་ཏེ། དེ་ཉིད་དེར་རིམ་གྱིས་འོག་དང་སྟེང་དུ་འབབ་པའོ།། དེའི་ཕྱིར་དཔལ ་གསང་བ་འདུས་པའི་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་དོ།། དེ་ཡང་སངས་རྒྱས་ཀུན་དངོས་ཞེས་པ་ནི་སངས་རྒྱས་ཉི་ཤུ་རྩ་ལྔ་སྟེ་ལྷ་དང་ལྷ་མོ་རྣམས་ཀྱི་རང་བཞིན་ཞེས་པའི་དོན་ཏོ།། སེམས་དཔའ་ཞེས་པ་ནི་ཆོས་ཀྱི་དབྱིངསཱ་ལྔ་སེམས ་དཔའ་ཞེས་བརྗོད་དོ།། སེམས་དཔའ་འབྱུང་བའི་ཕྱིརརོ།། ཡང་ན་རྟག་པའི་རང་བཞིན་ཉིད་དེ་སེམས་ཅན་ཐམས་ཅད་དེ་རྣམས་རང་བཞིན་གྱིས་དྲི་མ་མེད་པ་དེས་ན་ཆོས་ཀྱི་སྐུའི་རྒྱུན་གྱི་སྦྱོར་བས་ཕུལ་དུ་བྱུང་བ་ཉིད་དོ།། གང་གི་ཕྱིར་དེ་བཞིན ་ཉིད་ཀྱི་བདག་ཉིད་ནི་སངས་རྒྱས་ཐམས་ཅད་ཀྱང་ཡིན། དེ་བཞིན་གཤེགས་པ་ཡང་ཡིན་ཏེ། དེས་ན་མ་སྐྱེས་ཤིང་མ་འགལ་བ་ནི་དེ་བཞིན་གཤེགས་པའོ།། རྡོ་རྗེ་སེམས་དཔའ་ཞེས་པ་ནི་དེ་བཞིན་དུ་རྡོ་རྗེའི ་སྒྲས་ནི་ཆོས་ཀྱི་སྐུ་གཟུང་ངོ་།། མཾ་ཕྱེད་པས་ན་རྡོ་རྗེའམ། དུས་ཐམས་ཅད་དུ་མཱི་འཇིག་པའི་ཆོས་ནི་རྡོ་རྗེའོ།། ཁྱབ་པར་བྱེད་པའི་ཆོས་ཀྱི་དབྱིངས་ནི་སེམས་ཅན་དཔའོ།། འདི་དག་སྙོམས་པར་འཇུག་པ་ནི་རྡོ་རྗེ་སེམས་དཔའོ།། ཡང་ནཱ་ཌྷྭེ་རཾ་དང་བྷྱོར ་མའི་རྒྱུད་རྣམས་ནི་སངས་རྒྱས་ཏེ། དེ་རྣམས་རང་བཞིན་གང་ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའོ།། དེ་ཅི་ཞེ་ན། རྒྱུད་མེད་པའོ།། བདེ་བ་ཞེས་པ་ནི་བདེ་བ་ཡང་བྱ་བ་ཙམ་ཞེས་པའི་དོན་ཏོ།། བདེ་བའི་མཆོག་ཅེས་པ་ནི་ལྷུན་གྱིས་གྲུབ ་པཔའི་བདེ་བ་དཔེ་པ་རྟོགས་པར་བྱེད་པ་བཟང་མོ་ལོངས་སྤྱོད་རྫོགས་པའི་སྐུ་དང་ལྷན་ཅིག་གཉིས་མེད་པར་གྱུར་པ་ཐོག་མ་མེད་པ་ནས་གྲུབ་པ་དེ་ཉིད་མ་གྲུབ་པ་བསྒྲུབ་བྱ་མེད་ཅིང་སྒྲུབ་པ་ཡང་ཅུང་ཟང་ཡོད་པ་དངོས་པོ་ཐམས་ཅད་ལ་རྒྱུན ་མེད་པའི་ཕྱིརརོ།། དེ་བཞིན་དུ་གྲུབ་པའི་ཡེ་ཤེས་འདི་ལ་སྤྱད་པའི་ཡོན་ཏན་གསུངས་ཏེ། འདི་ནི་ཞེས་བྱ་བཱི་ལ་སོགས་པ་ལ། འདི་ཞེས་པ་ནི་རྣལ་འབྱོར་འདིའོ།། ནརྀ་ཞེས་བ་ནི་གང་གི་ཕྱིར་ཞེས་པའི་དོན་ཏོ།། བཅོམ་ལྡན་རྣལ་འབྱོར་ཞེས ་པ་ནི་རྣལ་འབྱོར་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་བླ་མ་སྟེ། རང་འབྱུང་ཉིད་ཀྱི་ཕྱིརོ།། དེའི་བཅོམ་ལྡན་ནི་རྣལ་འབྱོར་གྱི་ཁྱད་པར་རོ་གང་གི་ཕྱིར་རྣལ་འབྱོར་ནི་རྣལ་འབྱོར་བླ་ན་མེད་པ་དང་། རྣལ་འབྱོར་གོང ་ན་མེད་པའོ།། དེ་ནི་བཅོམ་ལྡན་འདས་ཞེས་པའི་སྒྲའོ།། བརྟན་ཞེས་པ་ནི་དེ་ལྟར་གོང་ན་མེད་པའི་རྣལ་འབྱོར་ཆེན་པོ་རྟག་པ་དང་བྲལ་བའོ།། དེ་ཡང་སྐུ་བཞི་མེད་པར་མི་སྐྱེ་ཞིང་མི་འགག་པའོ།། ཅིའི་ཕྱིར་ཞེ་ན། སྐུ་བཞི་སངས་རྒྱས ་རྣམས་ཀྱི་གོང་ནས་གོང་དུ་འཇུག་པ་སྟེ། ཚོགས་ཀྱི་ཡོན་ཏན་རྒྱས་པའི་ཕྱིར་རོ།། དེས་ན་འདིར་དེ་ཡང་འདྲ་བའི་ཡེ་ཤེས་བརྟན་པའི་ཕྱིར་ཏེ་ངེས་པའོ།། དེའི་ཕྱིར་མཆོག་ཏུ་རྟག་པ་ཞེས་པའི་དོན་ཏོ།། འོན་ཀྱང་ཡིད་སྲུབ་ཞེས་པ་ནི ་འདོད་པའོ།། དེས་མིང་སྣ་ཚོགས་པའི་བློས་སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པའི་དངོས་པོ་རྣམས་འདོད་པའོ།། རྟག་ཏུ་ཞེས་པ་ནི་དུས་བཞི་གང་གི་དང་པོ་དང་སྣ་དང་ཐ་མ་རྣམསུ་བྱང་ཆུབ་སེམས་དཔའ་འདོད་ཆགས་ཀྱི་བདག ་ཉིད་རྣམ་པར་རྟོག་པ་མི་འདོར་བས་འགྲོ་བའི་དོན་བྱེད་པའི་ཕྱིར་རོ།། དེ་བཞིན་དུ་རང་བཞིན་གྱིས་ནི་འདའ་དཀའ་བ་ཞེས་པ་ནི་དཀའ་བ་ཞེས་པ་ནི་དཀའ་སྤྱོང་འདོར་བར་མི་ནུས་པའི་ཕྱིར་རོ།། དེ་ཉིད་གསུངས། འདིར་སེམས་ཅན་རྣམ ་བསམ་པ་སྣ་ཚོགས་པ་མཛེས་པར་འདོད་པ་དེ་རྣམས་སྣ་ཚོགས་པའི་ལས་ཀྱི་སྦྱོར་བའི་རྗེསུ་འབྲངས་ཏེ། འཇིག་རྟེན་པའམ་འཇིག་རྟེན་ལས་འདས་པའི་ལས་དེ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་སངས་རྒྱས་རྡོ་རྗེ་འཛིན་སོགས ་པས་ཞེས་པ་ནི་འདིར་གལ་ཏེ་རེ་ཞིག་རྣལ་འབྱོར་པ་རྣམས་ཀྱི་ལས་དམ་པའི་དབང་གིས་ཏེ། ལས་དེས་སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ཐོབ་འགྱུར་བ་དེའི་ཚེ་མཛད་ཅེས་པས་སངས་རྒྱས་ལ་སོགས་པ་ཡང་མཛད་པ ་འགྱུརརོ།། མཛད་པ་ལ་ཡང་སྐྱོན་ཡོད་དེ། དེ་ཡང་གསུངས་པ། འོ་ན་སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པ་དེ་རྣམས་ཀྱང་རྒྱུ་མེད་པའི་ཕྱིར་རོ།། འདི་ལྟར་དང་པོ་སངས་རྒྱས་རྒྱུ་མེད་པ་ཞེས་གསུངས་པའི་ཕྱིར་རོ།། ་དེདེའི་ཕྱིར་འདུས་པ་མེད་པ་མ་བྱས་པ་ལས་མེད་པ་ཡིན་ན་ཅི་ལྟར་ལས་སྣ་ཚོགས་པར་འགྲུབ་ཅེ་ན། དེ་ཉིད་བསྟན་པའི་ཕྱིར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བརྟན་པ་དང་གཡོ་བ་ཞེས་པའི་སྣོད་དང་བཅུད་ལོ ་སོགས་པའི་དངོས་པོ་སྣ་ཚོགས་པའི་ཁམས་གསུམ་པའོ།། སངས་རྒྱས་ཀུན་ཞེས་པ་ནི་དེ་ཡང་མཆོག་ཏུ་བདེ་བ་དམིགས་པ་མེད་པ་སྟོང་པ་དང་སྙིང་རྗེའི་བདག་ཉིད་དོ།། སོགས་པའི་སྒྲས་འོད་གསལ་ལས་འབྱུང་བར་འགྱུར ་པ་གཟུང་ངོ་།། དེ་ཡང་དངོས་པོ་ཀུན་ཏུ་འདིར་འགྱུར་རོ།། ཞེས་པ་ནི་བརྟན་པ་དང་གཡོ་བའི་དངོས་པོ་དེ་རྣམས་ཀྱི་རང་བཞིན་མི་ཟད་པའི་ཡེ་ཤེས་ཞེས་པའི་དོན་ཏོ།། དེ་རྣམས་ཀྱང་རྣམ་པར་རྟོག་པ་ཐམས་ཅད་ཀྱི་རང་བཞིན་ཅན ་རྒྱུ་དང་འབྲས་བུའི་ཕྱིར་རོ།། ཡང་ན་སངས་རྒྱས་ཀུན་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐེག་པ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱསོ།། སོགས་པའི་སྒྲ་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཆང་ལ་སོགས་པ་གཟུང་སྟེ། ་དེ་རྣམས་ཀྱི་དངོས་པོ་ནི་ཆོས་ཀྱི་དབྱིངསུ་འགྱུར་བའོ།། དེ་ཡང་སངས་རྒྱས་ཀུན་དང་མཉམ་སྦྱོར་བ་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དངོསུ་སངས་རྒྱསུ་བྱེད་པའོ།། མཁའ་གྲོ་མའི་དྲ་བ་སྡོམས་ཞེ ་བ་ལ་མཁའ་གྲྀ་མ་ནི་སྤྲུལ་པས་ན་མཁའ་འགྲོ་ཞིང་རྒྱུ་བས་ཁྱབ་པའོ།། ཀ་ནི་ཨ་ཀའི་སྐད་དབྱིངས་ལས། གྷ་གྱུར་འགྲོ་བའོ།། ནཱི་ནི་འོད་ཟེར་ཕྲ་བའི་གཟུགས་ཅན་ཏེ་བྱང་ཆུབ་སེམས་ཀྱི་བདག་ཉིད་ཀྱི་རྩའི་ཆོ་ག་སོ།། སྡོམ་པ་ཞེས་པ་ནི་འདི ་དངག་གི་སྡོམ་པ་ཆོས་ཀྱི་དབྱིངས་དང་སྙོམས་པར་འཇུག་པོའི་རྣལ་འབྱོར་ལས་བྱུང་ཞེས་པའི་དོན་ཏོ།། འདིས་ཞེས་པ་ནི་གསུངས་པའི་རིགས་པ་འདིས་སྒྱུ་མའི་རྣལ་འབྱོར་དུ་འགྱུར་ཏེ། དེས་ན་སྒྱུ་མའི་རང་བཞིན་སྒྱུ་འཕྲུལ་ཆེན་མོ་སྐྱེད ་སྐྱེད་པའི་བྱེད་པའོ།། ཐམས་ཅད་དུ་སྣ་ཚོགས་མཆོག་ཅེས་པ་ནི་ཐམས་ཅད་ཀྱི་རྣམ་པའི་བདག་ཉིད་ཡེ་ཤེས་ཆེན་པོ་དེ་ཡང་བསམ་དུ་མེད་པའི་ཞེས་པའི་དོན་ཏོ།། སངས་རྒྱས་ལ་སོགས་འདུལ་བས་འགྲུ་བ་ཅེས་པ་ནི་ལས ་ད་པར་ཅན་སྣ་ཚོགས་ལ་སོགས་པ་བསྟན་པས་སངས་རྒྱས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱས་པར་འགྲུའོ།། དེ་འབའ་ཞིག་གྲུབ་པར་མ་ཟད་དེ། སེམས་ཅན་ཀུན་དོན་བླ་ན་མེད་ཅེས་པ་དེ་ཡང་བྱ་བའི་ཕྱིར་བླ་ན་མེད་ཅེས ་པོ་དེ་ཡང་བྱ་བའི་ཕྱིར་བླ་ན་མེད་ཅེས་པ་ནི་ཡང་དང་ཡང་བྱེད་པའོ།། བུད་མེད་ཀུན་ཞེས་བྱ་བ་ལ་སོགས་པ་ལ་བུད་མེང་ཀུན་ཞེས་པ་ནི་ལྷ་མོ་ཐམས་ཅད་དེ། དེ་རྣམས་ཉིད་སྒྱུ་མའི་ལྷ་མོ་ཞིང་སྐྱེས་དང་། སྔགས་སྐྱེས་དང་ལྷན་ཅིག ་སྐྱེས་པ་གནས་དང་ཉེ་བའི་གནས་ན་གནས་པའི་རྣལ་འབྱོར་མ་རྣམསོ།། རྣལ་འབྱོར་མོ་དེ་རྣམས་དང་སྒྱུ་མས་གྲུབ་པའོ།། དེ་བཞིན་དུ་སངས་རྒྱས་དེ་ཐམས་ཅད་དང་རྣལ་འབྱོར་མ་རྣམས་གང་དུ་གྲུབ་འདིར་གསུངས་པ། འདིར ་དམ་པའི་ལས་ཀྱིས་སྔོན་གྱི་གཟུགས་སྤངས་ཏེ་ཕུང་པོ་རྣམས་འདོར་བར་འགྱུར་བའི་ཚེ་ཁམས་གསུམ་པ་རྣལ་འབྱོར་མའི་གཟུགས་ཀྱིས་སངས་རྒྱས་པར་འགྱུརརོ།། དེ་བཞིན་དུ་རང་གི་གཟུགས་ཡོངས ་སུ་རྗེས་པ་ཞེས་པ་སླར་བདག་གི་གཟུགས་སྤངས་ནས་སངས་རྒྱས་པའོ།། སངས་རྒྱས་ཤེས་པ་ནི་ཉེ་བར་བཏགས་པའི་ཚིག། འོན་ཀྱང་བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་མ་རྣམ་སུ་ཤེས་པའི་དོན་ཏོ།། དེའི་ཕྱིར་གྲུབ་ཅེས ་པ་ནི་བསམ་དུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནོ་ཞེས་པའི་དོན་ཏོ།། དེ་བཞིན་དུ་བསམ་དུ་མེད་པ་དང་། ཤིན་ཏུ་བསམ་དུ་མེད་པ་དང་། ཆེ་སོ་བསམ་དུ་མེད་པ་དང་། ཆེས་པས་ཀྱང་ཆེས་བསམ་དུ་མེད་པ་དེ་ཉིད་ཀྱང་བསམ་དུ་མེད ་པའོ།། སྣ་ཚེ་གས་ཤེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ལྔ་པོ་ཆེ་བཱི་མེ་ཆེ་བའི་ཡེ་ཤེས་བསམ་དུ་མེད་པ་དེ་ཉིད་ཀྱང་བསམ་དུ་མེད་པ་སྣ་ཚོགས་པ་ཉིད་བསམ་པ་དེས་ན་སྒྱུ་མ་དང་ཤིན་ཏུ་སྒྱུ་མ་དང་སྒྱུ་མ་ཆེན་པོ་སྒྱུ་མའི་ཕྱག་རྒྱ་དེ་ཡང ་ཆེན་པོའི་ཆེན་པོ་ཕྱག་རྒྱ་ཆེན་པོའོ།། དེ་ཡང་འདིར་མཁ་འགྲོ་མ་ཞེས་པ་དགོངས་བཤད་གཞན་གྱིས་བསྟན་ཏེ། དེ་ལྟར་ཌཾ་ནི་ནི་མཁར་འགྲོ་མ་ཞེས་པ་ལ་སོགས་པ་སྐད་དབྱིངས་ལས་བཛྲོད་དེ། ཌཾ་ནི་མཁར་འགྲོ་བ་ནི་སྟོང ་པའི་བདག་ཉིད་དུ་བྱེད་པའོ།། འདི་རྣམས་ཀྱིས་དོན་ཆེན་པོའི་དངོས་གྲུབ་བསྟན་པའི་ཕྱིར་ངེས་པའི་ཚིག་གསུངས་ཏེ། ནམ་མཁའ་ཞེས་བྱ་བ་ལ་སོགས་པ་ལ། འདིར་སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་དང་བརྟན་པ ་དང་གཡོ་བ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་དགོས་སྐབས་སྟེར་བ་ཞེས་པ་ཡེ་ཤེས་ཀྱི་ན་མཁའ་ཤིན་ཏུ་ཟབ་པའི་ཆོས་ཀྱི་དབྱིངས་ཀྱི་ཡུལ་སྣང་བ་མེད་པ་དང་། སྣང་བ་མེད་པ་མ་ཡིན་པ་དང་། སྟོང་པ་མེད་པ་དང་། ་སྟོང་པ་མེད་པ་མ་ཡིན་པ་དང་། བརྫུན་པ་མེད་པ་དང་བརྫུན་པ་མེད་པ་མ་ཡིན་པ་དང་། དངོས་པོ་མེད་པ་དང་། དངོས་པོ་མེད་པ་མ་ཡིན་པ་དང་། ས་བོན་མེད་པ་དང་། ས་བོན་མེད་པ་མ་ཡིན་པ་དང་། མི་འགྱུར་བ་མེད ་བཾ་དང་། མི་འགྱུར་བ་མེད་པ་མ་ཡིན་པ་དང་། སྐབས་མེད་པ་དང་། སྐབས་མེད་པ་མ་ཡིན་པ་དང་། བརྗོད་དུ་མེད་པ་དང་། བརྗོད་དུ་མེད་པ་མ་ཡིན་པ་དང་། བརྗོད་ཀྱིས་མི་ལང་བ་དང་། བརྗོད་ཀྱིས་མི་ལང་བ་མ་ཡིན་པ ་དང་། གཉིས་མེད་པ་དང་། གཉིས་མེད་པ་མ་ཡིན་པ་དང་། འོད་མེད་པ་དང་། འོད་མེད་པ་མ་ཡིན་པ་དང་། གཟུགས་མེད་པ་དང་། གཟུགས་མེད་པ་མ་ཡིན་པ་དང་། བེམས་པོ་མེད་པ་དང་། བེམས་པོ་མེད་པ་མ་ཡིན་པ ་དང་། བསྟན་དུ་མེད་པ་དང་། བསྟན་དུ་མེད་པ་མ་ཡིན་པ་དང་། བདག་མེད་པ་དང་། བདག་མེད་མ་ཡིན་པ་དང་། བསམ་དུ་མེད་པ་དང་། བསམ་དུ་མེད་པ་མ་ཡིན་པ་དེ་ལ་སོགས་པའི་ཡོན་ཏན་རྒྱུ་ཆེན་པོས་ན་མཁའ་གང ་བ་འདི་སྤྱོད་པ་དེ་ཐམས་ཅད་ནི་ནམ་མཁའ་ལ་སྤྱོད་པ་འགྲུབ་ཅིང་། དཔག་ཏུ་མེད་པ་དེ་དང་ལྷན་ཅིག་སྤྱོད་པ་ཞེས་པ་ཕུང་པོ་དྲུག་དང་ཁམས་དྲུག་དང་། སྐྱེ་མཆེད་ལ་སོགས་པ་ཐམས་ཅད་སྒྲིབ་པ་མེད་པ་དེ་ལ་དེ་སྐད་ཅེས ་བྱའོ།། མཁའ་གྲོ་མ་ཞེས་པ་ནི་གཅིག་གི་ཚིགས་ཅན་གྱི་རིགས་ཏེ། དངོས་པོ་འདི་དག་ཐམས་ཅད་ཀྱི་རང་བཞིན་གྱི་བདག་ཉིད་བདག་མེད་པ་དེ་བསྒྲུབས་པས་ན་དེ་མི་བཟང་བའི་གནས་སོ།། ཞེས ་བྱ་བ་ནི་རང་དང་གཞན་གྱི་དེ་ནི་རབ་ཏུ་སྒྲུབ་ཅེས་དགོངསོ།། ཡང་ན་དངོས་པོ་ཐམས་ཅད་ཀྱི་གོ་སྐབས་འབྱེད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ནི་ནམ་མཁའ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་འཁོར་ལོས་སྒྱུར་བ་དྲུག ་གོ།། དེ་དག་ལྷན་ཅིག་སྤྱོད་པ་ཞེས་པ་དེ་ནི་དེ་བཞིན་དུ་སྐྱེས་པ་ཉིད་ཀྱིས་གཅིག་གིས་ཚིག་ཅན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་སྒྲུབ་ཐབས་ཤེས་པའི་དོན་ཏོ།། དེ་དག་གིས་ནི་དངོས་གྲུབ་དེ་ཉིད་རྫོགས་པས་ཁྱབ་པ ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་ཀྱི་ཚུ་ལྔ་གོང་གི་ཡིན་པ་དེ་ནི་མཁའ་གྲོ་མཱ་སྟེ། བསམ་དུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ།། དེ་ལྟར་རབ་ཏུ་གྲུབ་པ་སྟེ། དེ་ལྟར་བྱུང་བ་ལ་ངེས་འགྲུབ་པར་འགྱུར་རོ།། ། ་དེས་ན་ཞིང་སྐྱེས་ལ་སོགས་པའི་མཁ་འགྲོ་མ་ཐབས་ཀྱི་བདག་ཉིད་ཅན་འགྲུབ་ཅེས་པ་ནི་ཚུལ་ལོ།། ཀུན་ཏུ་ཞེས་པ་ནི་ཕྱོགས་བཅུརོ།། སྣ་ཚོགས་ནི་ཕུང་པོ་ལ་སོགས་པའོ།། རྒྱས་འདེབས་པ་ནི་ཀུན་ཏུ་སྣ་ཚོགས་ཕྱག་རྒྱ་སྟེ། ་ལྷ་མོའོ།། དེ་ཡང་མཁའ་འགྲོ་མ་ལ་སོགས་པར་དེ་བཞིན་དུ་བལྟ་བ་དང་འཁོར་ལོས་སྒྱུར་བ་དྲུག་ཏུ་བལྟ་བར་བྱའོ།། དོང་གི་སྒྲ་ནི་ཁྱད་པ་ར་ཏེ་ཐ་མལ་པའི་བུད་མེད་ཀྱི་གཟུགས་ཉིད་ལྷ་མོའི་གཟུགས་ཅན་ཞེས་པའི་དོན་ཏོ།། ་ཡང་ན་ཀུན་ཏུ་སྣ་ཚོགས་ཕྱག་རྒྱ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཡང་དག་པའི་ཡེ་ཤེས་ཀྱིས་རྒྱས་བཏབ་པའོ།། ཀུན་ཏུ་ཞེས་པ་ནི་སེམས་ཅན་དེ་རྣམས་དེ་རྒྱས་གདབ་པའི་ཕྱིར། སྡོམ་པ་དེ་ཉིད་གསུངས་པ ་ཞེས་ཤེས་པ་ནི་དོན་འདིའོ།། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱང་རིགས་ལྔའི་དབྱེ་བས་ལྷའི་རང་བཞིན་ཏེ། དེ་ཡང་རྡོ་རྗེ་དང་པདྨ་དང་དེ་བཞིན་དུ་ནོར་བུའོ།། མ་གསུངས་ཀྱང་འཁོར་ལོ་དང་རལ་གྲི་ཡང་གཟུ ་དོ།། དེའི་ཕྱིར་སེམས་ཅན་སྒོམ་པ་ལ་མོས་པ་དེ་རྣམས་ཁྱད་པར་ཅན་གྱི་རིགས་ལྔ་རྣམསུ་འགྱུར་ཏེ། འོདདི་ལྟ་སྟེ། རྡོ་རྗེ་འཛིན་གྱི་རིགས་དང་དེ་བཞིན་དུ་པདྨ་འཛིན་པ་དང་། ནོར་བུ་འཛིན་པ་དང་། འཁོར་ལོ་དང་རལ་གྲི་འཛིན། ་པའི་རིགས་རྣམ་སོ།། དང་ཞེས་པ་ནི་མ་གསུངས་པའི་རིགས་ཀྱང་རྟོགས་པར་བྱ་བའི་ཏོན་ཏོ།། སེམས་ཅན་དེ་དག་ཐམས་ཅད་ནི་སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པ་དེ་རྣམས་ཀྱི་རིགས་ཅན་ཏེ། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་རིགསོ།། དེ་ལྟར་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་བདག་ཉིད་དེ་ཁོ་ན་ཉིད་དོ་ཞེས་པ་སྟེ། བཅོམ་ལྡན་འདས་ཀྱི་ངེས་པའོ།། ད་ནི་ང་ལྟར་བྱུང་བའི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ཀྱི ་ལྟ་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་སངས་རྒྱས་ཀྱི་རིགསུ་སྐྱེས་པའི་རྣལ་འབྱོར་པ་རྣམས་ལ་བསྒོམ་པའི་ཡེ་ཤེས་བསྟན་པའི་ཕྱིར་དེ་རྣམས་ཐམས་ཅད་དེ་བཞིན་གཤེ ་པའོ།། དེ་རྣམས་ཟིལ་གྱིས་གནོན་པ་ནི་གཉིས་མེད་པའི་ཡེ་ཤེསོ།། དེས་ན་རྡུལ་དང་བྲལ་བ་ཞེས་པ་ནི་སྙིང་རྗེའི་རྡོ་རྗེས་བརྟུལ་ཏེ། རྗེས་ཆགས་པ་དངོས་པོའི་ལྟ་བ་དེ་དང་བྲལ་བའོ།། གནས་ཞེས་པ་ནི་ཊ ་དུ་འཇུག་པ་ཞེས་དེས་སྙིང་རྗེ་མངོན་དུ་བྱེད་པའོ།། དེའི་ཕྱིར་དོན་དམ་པའི་བྱང་ཆུབ་ཀྱི་སེམས་འདི་གསུངས་ཏེ། སྤྱོང་པ་མ་ཡིན་ཞེས་བྱ་བ་ནས། དེ་ནས་ཆོས་ཀྱི་གསུངས་འདི་བྱུད་ཞེས་པའི་མཐར་ཐུག་པ་ནི་གོ་སླའོ།། དེ་ལྟར་བ ་ལྡན་འདས་ཀྱིས་གསུངས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་བསྟོད་པ་དེ་ཉིད་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐེག་པ་ཆེ་ལས་ཤེས་པ་ནི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཟབ ་མོའི་ཐེག་པ་ཆེན་པོ་རྣམས་ལསོ།། འབྱུང་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་བའོ།། ཡོན་ཏན་རབ་རྒྱས་ཞེས་པ་ནི་སྔགས་ཀྱི་ཐེག་པ་དབུ་མ་ཆེན་པོ་ལས་ཀྱང་སངས་རྒྱས་འབྱུང་བའོ།། དུས་གསུམ་དུ་ཐམས་ཅད ་ཀྱིས་བསྟོད་པའི་རྒྱལ་པོ་འདིས་འཆང་བཞིན་པ་དེས་ཇི་ལྟ་བ་བཞིན་བྱེད་དོ།། ལྷག་མི་ནི་གོ་སླའོ།། ད་ནི་ལས་དང་པོ་པའི་རྣལ་འབྱོར་པ་རྣམས་མཉམ་པར་བཞག་པའི་ཕྱིར་དེ་ཁོ་ན་ཉིད་བརྗོད་དེ། ཡང་མཆོད་ཅིང་ཞེས་བྱ ་བ་ལ་སོགས་པ་ལ་བཤད་དུ་གསོལ་ཞེས་པ་ནི་དེ་ཁོ་ན་ཉིད་བཤད་དུ་གསོལ་ཞེས་པ་ནི་དེ་ཁོ་ན་ཉིད་བཤད་དུ་གསོལ་ཞེས་པའི་དོན་ཏོ།། སྙིང་པོ་ཞེས་པ་ནི་དེ་ཁོ་ན་ཉིད་དོ།། ཆོས་ཀུན་གཅིག་པའི་སྐུ་ཞེས་པ་ལ། ཆོས་ཀུན ་མི་བརྟན་པ་དང་གཡོ་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྐུ་ནི་ཆོས་ཀྱི་སྐུའོ།། དེ་ཡང་མ་རིག་པའི་དབང་གིས་འཇིག་རྟེན་པས་ཡོངསུ་བརྟགས་པའི་སེམས་སོ།། དེའི་ཕྱིར་རྡོ་རྗེ་སྙིང་པོས་གསོལ་བ་བཏབ་པ་དེའི་ལན་བཅོམ་ལྡན ་འདས་ཀྱིས་གསུངསོ།། དེ་ཅི་ཞེ་ན། དབང་པོ་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མིག་ལ་སོགས་པའི་རྣམ་པར་ཤེས་པས་ཡུལ་རྣམས་ལ་དམིགས་ཏེ། དེ་ཡང་ཐམས་ཅད་འཁྲུལ་པས་རྣམ་པར་ཤེས་པར ་ཡོངསུ་རྟོག་གོ།། དེ་ཐམས་ཅད་སྒྱུ་མ་ཉིད་ཀྱི་ཕྱིར། དེ་དང་དེའི་རང་བཞིན་ཞེས་པ་ནི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་རང་བཞིན་དུ་ཡོངསུ་བརྟག་པར་བྱའོ།། དེས་ན་མཉམ་པར་མ་བཞག་པ་འཁོར་བའི་སྦྱོར་བས་སོ།། འོན ་ཀྱང་དེ་ལྟ་མོས་པས་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ།། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། དངོས་ཀུན་བདག་ཉིད་ཅེས་པ་ནི་གཉིས་མེད་པའི་ཡེ་ཤེས་སོ།། དེ་ནི་རྨོངས་པ་འགས་ཀྱང་ཞེས་པ་ནི་རྣམ་པར ་རིག་པའི་ཡེ་ཤེས་ཀྱིས་མི་ཤེས་ཞེས་པའི་དོན་ཏོ།། དེ་རྣམས་ཐ་ཤོལ་ཞེས་པོ་ནི་བྱིས་པའི་རིགས་རྣམས་སོ།། དེའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོ་ལ་ནི་རྟེན་ཞེས་པ་ནི་གཟུང་བ་ལ་སོགས་པ་ལ་མངོན་པར་ཤེས ་པར་བྱེད་དེ། དེ་ཉིད་ཀྱིས་ན་འཁོར་བར་འཆིང་བར་འགྱུར་ཏེ། སྦུབས་བྱེད་པའི་སྲིན་བུ་བཞིན་ནོ།། དེས་ན་དེ་རྣམས་ཀྱི་རྣམ་པར་དག་པ་བསྟན་པའི་ཕྱིར། སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ ་སེམས་སུ་རྣམ་པར་རྟོག་པ་དང་སེམས་མེད་པར་རྟོག་པ་ལ། གལ་ཏེ་རེ་ཞིག་རང་གི་མཚན་ཉིད་ཀྱིས་སེམས་མེད་དེ་མེད་པའི་ཕྱིར་སེམས་མེད་པའི་དངོས་པོ་ཡང་མེད། གང་གི་ཕྱིར་ཕ་ལས་བུ་སྐྱེ་བར་འགྱུར་རོ།། དེའི ་ཕྱིར་པ་མེད་ན་བུ་སུ་ལས་སྐྱེ་བར་འགྱུར། ས་བོན་མེད་པར་མྱུ་གུ་འབྱུང་བར་མི་འགྱུར་རོ།། དེ་བཞིན་དུ་མྱུ་གུ་མེད་པར་འབྲས་བུ་ཕུན་སུམ་ཚོགས་པར་མི་འགྱུར་རོ།། དེའི་ཕྱིར་སེམས་དང་སེམས་མེད་པར་མི་འགྱུར་ཞེས་པ་སྟེ། ངེས་པའོ།། ་སེམས་དངོས་མེད་ཅེས་པ་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་སོ་སོར་སྣང་བ་དེ་རྣམས་འཁྲུལ་པའི་ཤེས་པས་དམིགས་པ་ནི་བརྫུན་པའོ།། དེ་ལྟར་རྣམ་པར་ཤེས་པ་རྣམ་པ་གསུམ་བདེན་པར་ནི་མེད་དོ།། འཁྲུལ་པ་དེས་ནི་འཁོར ་བར་འཁོར་ཞིང་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་རོ།། འདིར་གསུངས་པ་སེམས་ཅན་གྱི་ཁམས་མངོན་སུམ་གྱི་ཚད་མ་ལ་སྣང་བ་དེས་ན་རྣམ་པར་ཤེས་པ་ཡོད་དོ།། དེ་ལས་ནི་སེམས་ཅན་གྱི་ཁམས་འབྱུང་ངོ་།། དེ་ན་སངས ་རྒྱས་དང་བྱང་ཆུབ་སེམས་དཔའི་རིགསུ་འགྱུར་རོ།། གང་གི་ཕྱིར་སེམས་ཅན་ཉིད་སངས་རྒྱས་ཏེ། སེམས་ཅན་གཅིག་ཀྱང་སངས་རྒྱས་མ་ཡིན་པ་མེད་ཅེས་གསུངས་པའི་ཕྱིརརོ།། གཞན་ཡང་ཀྱེ་རྒྱལ་བའི་སྲས་དག་ཁམས་གསུཾ ་པ་འདི་དག་ནི་སེམས་ཙམ་མོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངསོ།། དེ་ན་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ཅིང་དོན་དམ་པའི་བདེན་པ་དེ་ལ་བརྟེན་ཏེ། དེ་ལྟར་བདེན་པ་གཉིས་རྣམ་པར་མ་ཚང་བའི་རྒྱུན་གྱིས་སྐུ་བཞིས་སེམས ་ཅན་གྱི་དོན་བྱེད་པས་སངས་རྒྱས་སྐྱེ་རབས་སྣ་ཚོགས་པ་ལེན་པར་མཛད་པ་མ་ཡིན་ནམ། ཇི་ལྟར་སེམས་དང་སེམས་མེད་པ་དང་སེམས་ཀྱི་དངོས་པོ་མེད་ཅེས་བརྗོད། དེ་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་རྣམས་སུན་དབྱུང་བར་འགྱུར་རོ།། དེས་མནར་མེད་པ་ལ་སོགས་པར་འགྱུར་རོ།། དེས་ཀྱང་སངས་རྒྱས་པའི་སེམས་ཅན་རྣམས་ཀྱི་ལོག་པའི་ལྟ་བའི་དབང་གིས་མུ་སྟེགས་པའི་ལུགས་བརྗོད་དེ་བསོད་ནམས་དང་སྡིག་པ་ལ ་སོགས་པ་མེད་ཅེས་གསུངས་པའི་ཕྱིར་དེས་ཀྱང་དམྱལ་བ་ལ་སོགས་པར་འགྲོ་བར་འགྱུར་ཞེས་འགའ་ཞིག་དོག་པ་སྐྱེ་བར་འགྱུར་ན་དེའི་ཕྱིར་བརྗོད་དེ། བཅོམ་ལྡན་འདས་ཀྱི་གསུངས་བསྟན་པ། རྣམ་ཤེས་ཞེས་བྱ་བ་ལ ་སོགས་པ་ནི། འདིར་དེ་ཐམས་ཅད་ནརྀ་བདེན་མོང་། འོན་ཀྱང་དེ་བཞིན་གཤེགས་པས་བསྟན་པའི་རྣམ་པར་ཤེས་པ་དང་ཡེ་ཤེས་དེ་ལ་ཡང་དགོངས་པ་ཡོད་དོ།། འབྲས་བུ་ཞེས་པ་ལ། འདིར་འབྲས་བུ་ནི་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམས་ཀྱིའོ།། དེ་བཞིན་དུ་སྣརུམས་ཅན་ཐམས་ཅད་ཀྱི་ཡང་ངོ་།། འདི་རྣམས་ནི་ཐོག་མ་མེད་པའི་དུས་ནས་རྒྱུད་མཉམ་པ་སྟེ། དེ་རྣམས་ཀྱི་ཐོག་མ་མེད་པའི་དུས་ནས་རྒྱུད་མཉམ་པ་སྟེ། དེ་རྣམས་ཀྱི་ཐོག ་མ་མེད་པའི་བག་ཆགས་ཀྱི་རྒྱུན་གྱི་དབང་གིས་བསྐྱེད་བྱ་དང་སྐྱེད་བྱེད་དུ་འབྲལ་བའི་དངོས་པོར་འགྱུར་རོ།། དེས་ན་རྒྱུ་དང་འབྲས་བུ་ཞེས་པ་ནི་རྣམ་པར་ཤེས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་པ་ལ་སོགས་པ ་ལ་འཇུག་པའོ།། དེ་བཞིན་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་བརྟེན་ཏོ།། དེས་ན་བླ་ན་མེད་པའི་མན་ངག་གིས་བསྒོམ་པ་ལ་སོགས་པ་དམིགསོ།། དེས་ནི་ཡེ་ཤེས་ཀྱི་ཚོགསུ་འགྱུརརོ།། ་དེ་ལྟར་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱིས་རྣལ་འབྱོར་པའི་ཕུན་སུམ་ཚོགས་པར་འགྱུར་ཏེ། བསམ་གྱིས་མི་ཁྱབ་པའི་ལམ་ལ་འཇུག་པའི་འབྲས་བུ་དེ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་ཆོས་ནི་རང་བཞིན་གྱིས ་འབྱུང་བའི་ཆོས་རྣམསོ།། ཆོས་ཅན་ཞེས་པ་ནི་གཉིས་མེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རང་བཞིནོ།། དེ་བསྒོམ་པ་ནི་རྣམ་པར་ཤེས་པ་དང་ཡེ་ཤེས་མ་རྟོགས་པ་རྟོགས་པར་བྱེད་དེ། དེས་ན་གང་གི་ཕྱིར། ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཀྱི་རང་བཞིན་རྣམ་པ་མང་དེས་ན་སེམས་ཀྱི་ཆོས་སྣ་ཚོགས་པའི་རྣམ་པར་རྟོག་པ་ཉིད་ལས་རྣམ་པར་རྟོག་པ་འབྱུང་སྟེ། དེ་རྣམས་ཀྱང་རྒྱུན་མི་འཆད་པར་ཆུ་བའི ་རྒྱུན་བཞིན་འབྱུང་ངོ་།། དེས་ན་རྒྱ་མཚོ་ཞེས་པ་ནི་འདུས་པར་འགྱུར་ཏེ། ཇི་ལྟར་རྒྱ་མཚོ་ཆུ་འདུས་པ་བཞིན།། དེས་ན་ཐོག་མ་མེད་པའི་རྒྱུད་ཀྱི་དབང་གིས་སེམས་ཅན་སྔངས་རྒྱས་ལ་སོག་སྲ་པའི་རིགསུ་འགྱུར ་དེ་རྣམས་ཀྱི་ཆོས་རྣམས་ཀྱིས་ཐོར་པ་ཞེས་པ་ནི་ཐར་པ་གཅིག་ཁོ་ན་སྟེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡེ་ཤེསུ་འགྱུར་ཞེས་པ་སྟེ་ངེས་པའོ།། དེའི་ཕྱིར་དུ་མ་ཉིད་དུ་དམིགས་མེད་ཅིང་ཞེས་པ་ནི་སྒྱུ་མ་ལྟ ་བུའི་ཆོས་ལ་བརྟེན་པའི་རང་བྱིན་གྱིས་བརླབས་པས་རྡོ་རྗེ་འཆང་གི་རྣམ་པ་ལ་སྩོགས་པར་དམིགས་པའི་ཡུལ་གྱིས་ཆོས་དེ་རྣམས་ཀྱང་རང་གི་སེམས་ཉིད་ལས་བྱུང་བ་སྒྱུ་མའི་རྣམ་པ་དེ་ནི་ཁྱད་པར་གྱི་རྟོག་པར ་བསྟན་ཏོ།། དེས་ན་སྒྱུ་མའི་རྣམ་པ་འབྱུང་བ་དམིགས་པའི་ཕྱིར་རོ།། དེའི་ཕྱིར་ང་མི་ཁ་སྡེ་བ་ནི་རྣམ་པ་མི་རྟོག་པ་སྟེ་སྒྱུ་མ་མི་བདེན་པའི་ཕྱིར་རོ།། དེ་ལྟར་དམིགས་པ་དང་བཙེས་པ་དང་དམིགས་པ་མེད་པའི་སེམས་གསལ ་བ་གཉིས་མེད་པར་ཙོ་དགོངསོ།། བླ་མོའི་ཞལ་ནས་རྙེད་པར་འགྱུར་ཞེས་པ་ནི་དེ་ཡང་དབང་ཕྱི་མའི་དུས་སུ་བླ་མིས་བསྟན་པའི་དབོའི་ལྷན་ཅིག་སྐྱེས་པའི་དགའ་བ་བཞི་པ་ཐོབ་པའོ།། ཇི་ལྟར་ནཱང་དུ་རྣམ་གནས་པ ་ཞེས་པ་ནི་རྡོ་རྗེའི་ནོར་བུ་ལྷན་ཅིག་སྐྱེས་པའི་དགའ་བ་བདེ་བའི་གཟུགསུ་གནས་པ་དེ་ཉིད་བློ་མའོ།། དེས་ནི་ཀུན་རྫོབ་དེས་གང་གི་ཚེ་རང་རིག་པར་འགྱུར་བ་དེའི་ཚེ། བླ་མར་ཤེས་པར་བྱའོ།། ཅིའི་ཕྱིར་བླ་མ་ཞེ་ན། ་སྲིད་སྐྱེས་པ་ནི་འཆི་བའི་མཐར་ཐུག་པར་དེ་ཡང་ནང་གི་བདེ་བ་ཉིད་རྣམ་པར་གནས་པ་དེའི་ཞལ་ནས་རྙེད་པར་འགྱུར་ཏེ། བདེ་བ་ཉམ་སུ་མྱོང་བའི་མཐར་ཐུག་པར་དཔེས་རྟོགས་པོ་སྤྲོས་པ་མེད་པའི་བདེ་བ་བརྗོད ་དུ་མེད་པའི་དོན་དམ་པའི་ཡེ་ཤེས་སོ།། དེ་ཡང་འཆང་བཞིན་པས་བཤད་པར་བྱའོ།། དེ་ལྟར་བླ་མ་ནི་རྒྱུད་ཐམས་ཅད་དུ་དགོངས་བཤོད་གཞན་གྱིས་བསྟོན་པའོ།། བཅོམ་ལྡན་འདས་ཀྱི་ངེས་པའོ།། དེ་ཁོ་ན ་ཉིད་བསྟན་པ་ཞེས་པ་ནི་དེ་ཁོ་ན་ཉིད་ཡང་དག་པའི་ཡེ་ཤེས་ཡོངསུ་བརྟག་པ་འཆང་བཞིན་པས་བཤད་པ་དེས་ཉམསུ་མྱོང་བ་འདི་བསྟན་པ་དེའི་རབ་ཏུ་བྱེད་པ་ངེས་ཡང་དག་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། ་ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་དང་པོའི་རབ་ཏུ་འབྱེད་པ་གསུམ་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྷ་དྲད་པ་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ། བཞི་པའོ།། ། ད་ནི་སེམས་ཅན་སྣ་ཚོགས ་པའི་བསམ་པ་སྣ་ཚོགས་པོས་རང་གི་ལས་དགེ་བས་སངས་རྒྱ་སུ་འགྱུར་རོ།། དེ་ན་མན་ངག་སྣ་ཚོགས་པའི་དོན་དུ་བསམ་པ་སྣ་ཚོགས་པ་སྟོན་པའི་བསྡུས་དོན་ཏོན་དེ་བྱེད་པ་བསྟན་པའི་ཕྱིར། དེ་ནས་ཞེས་པ་ལ་སོགས་པ་གསུངས་ཏེ། དེ ་ནས་ཞེས་པ་ནི་རབ་ཏུ་བྱེད་པ་གསུམ་གྱི་མཐར་ཏེ། རབ་ཏུ་བྱེད་པ་གསུམ་བསྟན་པ་དེའི་རྗེ་སུའོ།། དེའི་ཕྱིར་རབ་ཏུ་བྱེད་པ་དེ་གསུམ་བཤད་པའོ།། དེ་ཡང་ཡང་དག་པར་བཤད་བྱ་ཞེས་པ་ནི་ཡང་དག་པར་རབ་ཏུ་བཤད་པར་བྱ་བ་སྟེ། ་རྒྱས་པར་བཤད་པར་བྱ་ཞེས་པའི་དོན་ཏོ།། གང་གི་ཕྱིར་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པར་འགྱུར་བ་དེས་ཀྱང་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བར་འགྱུར་བའོ།། དེ་གུང་ཞེ་ན། རྒྱུད་རྣམས་ཀུན་གྱི་ཞེས་བྱ་བ་ལ་སེ ་པ་གསུངས་ཏེ་རླུང་ཀུན་གྱི་ཤེས་རབ་དང་ཐབས་ཏེ། དེ་རྣམས་ཀྱི་གཏན་ལ་དབབ་པའི་ནི་ཡང་དག་པར་རྣམ་པར་གཞག་པ་རྣམ་པོ་སྣ་ཚོགས་པའོ།། སྦྱོར་བ་ཡང་ཐེསམ་པ་སྣ་ཚོགས་པ་རྣམ་པ་མང་པོ་ཀུན་རྫོབ་དང་དོན་དམ་འི ་དབྱེ་བས་ཐུན་མོང་དུ་ངེས་པའི་རྒྱུད་ཐམས་ཅད་ཀྱི་སྒྲ་ཞེས་དགོངསོ།། དེ་བཞིན་དུ་ངེས་པ་ཡང་བསྟན་པའི་ཕྱིར། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཅན་ཐམས་ཅད་རྣམས་ཀྱི་ཐུན་མོངས་གི་སྦྱོར་བ ་དེ་ནི་རྣམ་པ་གསུམ་མོ།། དེ་ཅི་ཞེ་ནི། ལུས་དང་ངག་དང་སེམས་ཀྱི་བདག་ཉིད་ཀྱི་ཕྱིར་རོ།། ཡང་ན་རྣམ་པར་ཤེས་པ་གསུམ་གྱི་བདག་ཉིད་དོ།། དེ་ནས་རྒྱ་ཆེ་བའི་གཟུགས་ཞེས་པ་ནི་རྣལ་འབྱོར་ཐམས་ཅད་ཀྱི་བསྡུས་པའི་དོན་ཏོ།། ་དེ་ཡང་ཡུལ་དང་དེ་བཞིན་དུ་ཡུལ་ཅན་དེ་རྣམས་ཀྱི་རང་བཞིན་དེའི་བདག་ཉིད་ཆོས་ཀྱི་སྐུའོ།། གང་དག་ཡུལ་ཡིན་པ་དེ་དག་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཏེ། རྣམ་པར་ཤེས་པ་ཅན་ནོ།། ཡུལ་ཡང་རྣམ ་པར་ཤེས་པ་གསུམ་སྟེ། དེ་རྣམས་ལས་ཀུན་གཞི་རྣམ་པར་ཤེས་པ་ནི་སེམསོ།། ཉོན་མོངས་པ་ཅན་གྱི་ཡིད་ནི་སེམས་མེད་པའོ།། དེ་བཞིན་དུ་འཇུག་པའི་རྣམ་པར་ཤེས་པ་ནི་སེམས་ཀྱི་གཟུགསོ།། དེ་ལྟར་སེམས་ཅན་ཐད ་ཤུ་གསུམ་རྒྱ་ཆེ་བ་དོར་ཏེ། དངོས་པོ་གཟུང་བའི་ཕྱིར་ན་སྒྱུ་མའི་གཟུགས་ཅན་ཞེས་པའི་དོན་ཏོ།། དེ་ལྟར་ཆོས་ཀྱི་སྐུ་གཅིག་དང་དུ་མ་ཉིད་དེ་རྣལ་འབྱོར་པ་རྣམས་ཀྱི་སེམས་ཀྱི་དོན་དུའོ།། དེའི་ཕྱིར་ཏིང་འཛིན་ལ་དམིགས་པས ་རྣམ་པར་ཤེས་པ་རྣམས་སྐྱེ་བར་འགྱུར་ཏེ། དེ་བསྟན་པའི་ཕྱིར། གན་སུ་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཅན་རྣམས་ལ་གཙོར་འདོད་པའི་ཁམས་ལ་བརྟེན་པ་དེ་རྣམས་ནི་གཟུགས་ལ་སོགས་པའི ་ཡུལ་རྣམས་ལ་བརྟེན་ཏོ།། ཚངས་སོགས་ལྷ་དང་ལྷ་མཱིན་ཞེས་པ་ནི་གོ་སླའོ།། སོགས་པའི་སྒྲས་ནི་གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་ལྷ་མ་ཡིན་དང་མི་ལ་སོགས་པ་རྣམ་སོ།། ་དེ་ལྟར་དངོས་པོ་ཐམས་ཅད་ནི་ཁྱབ་བྱའོ།། དེ་རྣམས་ལ་ཁྱབ་པར་བྱེད་པ་ནི་ཆོས་ཀྱི་སྐུའོ།། དངོས་པོ་རྣམས་ཀུན་ཏུ་སྦྱོར་བས་ན་རྣམ་པར་ཤེས་པ་ཙམ་མོ།། དངོས་པོ་རྣམས་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལྔའི་རྒྱུས་ཚངས ་པ་ལ་སོགས་པ་བདག་ཉིད་ཆེན་པོའི་ལྷ་དང་། གཞན་ཡོད་ཆོས་དང་ལྡན་པའི་མི་ལ་སོགས་པ་འཐོབ་བོ།། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་བསོད་ནམས་ཀྱིས་ཚོགས་ཀྱི་ཕྱིར་རོ།། དེ་ཉིད་ཅེས་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ ་རྣམས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྱབ་པར་བྱེད་པའོ།། དེའི་ཕྱིར་ཀུན་རྫོབ་རྣམ་པའི་གཟུགས་ཅན་ཞེས་པ་ནི། ཕ་རོལ་ཏུ་ཕྱིན་པ་ལྔ་ལ་ཁྱབ་པ་ཅན་ཡོངསུ་ཤེས་པའི་ཚུལ་ཅན་སྟོང་པ་ཉིད་ཀྱི་གཟུགས་ཅན་རྣམ་པ ་ཀུན་གྱི་རང་གི་ངོ་བོ་ཅན་ཞེས་པའི་དོན་ཏོ།། དེ་ཉིད་ཡུལ་ལས་འདས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ད་ནི་སེམས་ཅན་འཁོར་པོར་འཆིང་བར་གསུངས་ཏེ། གཏི་མུག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་རྣམས་གྲོལ ་བའི་རྒྱུར་དེ་བཞིན་གཤེགས་པ་ཉིད་ཀྱིས་ཐབས་གསུངས་པ། དེས་ན་སངས་རྒྱས་དབང་པོ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་འཁོར་བའི་སྡུག་བསྔལ་རྣམསུ་ལྟུང་བའི་སེམས་ཅན་དེ་རྣམ་འབྱུང་བའོ།། ། ་དེས་ན་ཞེས་པ་ནི་དེའི་ཕྱིར་ཞེས་པའི་དོན་ཏོ།། དཔའ་བོ་སངས་རྒྱས་ཤེས་པའི་དང་པོའི་སངས་རྒྱས་སམ་ཐོག་མ་མེད་པའི་སངས་རྒྱས་འོད་གསལ་བ་ལས་བཞེངས་པའི་རྡོ་རྗེ་འཆང་གིས།། དེ་ཉིད་ཀྱིས་ན་ཉོན་མོངས་པའི་བདག ་ཉིད་ཀྱི་སྡུག་བསྔལ་ཅན་ལ་གཟིགས་པའོ།། དེ་རྣམས་ཀྱིས་ཉོན་མོངས་པ་རྣམས་ཀྱི་རྐྱེན་དུ་སྤྲུལ་ཏེ་རིགས་པས་ཞེས་པ་ནི་ཤེས་རབ་དང་ཐབས་ལ་སོགས་པ་རྒྱུརརུ་བསྟན་པའོ།། དེ་ཡང་དང་པོ་ལས་ཀྱི་ཕྱག་རྒྱའི་སྒོ་ནས་འདོད ་ཆགས་ཀྱི་བདག་ཉིད་ཅན་རྣམས་ལ་བསྟན་ཏེ། དེ་རྣམས་ཀྱི་རྐྱེན་ནི་འདོད་པའི་ཡོན་ཏནྡ་ལྔ་ལ་ཉེ་བར་ལོངས་སྤྱོད་པའོ།། དེས་ན་སྤྲུལ་པའི་རྒྱས་ཞེས་པ་ནི་དེའི་ཕྱིར་རིགས་པས་ནང་གི་བདག་ཉིད་ཀྱི་སྦྱོར་བ་བསྟན་ཏེ། དེ་ཡང ་འཆད་བཞིན་པའི་འཁོར་ལོ་བཞིའི་རབ་ཏུ་དབྱེ་བ་ལས་སོ།། འབྲས་བུ་ཞེས་པ་ནི་དེའི་ཕྱིར་ཤེས་རབ་དང་ཐབསོ་དག་གཅིག་པ་ཉིད་དོ།། མཚོན་ཞེས་པ་ནི་རང་རིག་པའི་ཡེ་ཤེས་ཏེ་དེས་འབྲས་བུ་མཚོན་དུ་མེད་པ་ཞེས་པའི ་དོན་ཏོ།། དེ་ཡང་ཁམས་གསུམ་རྣམསུ་དྲི་མཽད་སྲུང་ཞེས་པ་ནི་སྣང་བ་གསུམ་སྤངས་པའི་འོད་གསལ་བའི་ཡེ་ཤེས་ཏེ། དེས་ན་གང་དང་གང་གིས་ཞེས་བྱ་བ་ལ་སོགས་པས་ནི་ཚངས་པ་ལ་སོགས་པའི་གཟུགསུ་སྤྲུལ་ཏེ། ་དྲི་ན་སྐྱེས་རབས་སྣ་ཚོགས་པ་རྣམསུ་སྤྲུལ་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ།། ཤིང་དང་མེའི་ཚུལ་བཞིན་དུ་ཞེས་པ་ནི་འདིར་ཇི་ལྟར་ཤིང་གཉིས་བསྲུབས་པ་ལས་མེ་འབྱུང་སྟེ། མེ་དེ་ཉིད་ཀྱིས་ཤིང་དེ་གཉིས ་བསྲེག་གོ།། དེ་བཞིན་དུ་རང་གི་ངོ་བོ་ཡོངསུ་ཤེས་པས་རྣལ་འབྱོར་པ་རྣམས་ཀྱིས་རང་བཞིན་དུ་རབ་ཏུ་འཕྲོ་སྟེ། དེ་སྒྱུ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འབྱུང་ངོ་།། དེ་བཞིན་དུ་ཅུང་ཟད་རང་གི ་ངོ་བོ་ཡོངསུ་ཤེས་པའི་དབང་གིས་གདུལ་བྱའི་སེམས་ཅན་མ་ལུས་པ་ནཱཾ་འབྱུང་པོར་འགྱུར་ཏེ། དེ་ནི་ཤེས་བཞིན་ནོ།། དེ་རྣམས་ཀྱི་སཛེས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་མེ་བཞིན་ཏེ། དམ་པའི་ཆོས་ཀྱི་ཡེ་ཤེས་ཀྱི ་མེས་ཉོན་མོངས་པ་ཐམས་ཅད་ཀྱི་སྒྲིབ་པ་རྣམས་བསྲེགས་ཏེ། རང་གི་རིག་པ་ལས་བྱུང་བའི་ཕྱིར་ཞེས་དགོངསོ།། དེ་ལྟར་སངས་རྒྱས་ཀྱི་རོལ་མོ་དམ་པ་རྣམ་པ་སྣ་ཚོགས་པའི་བདག་ཉིད་དོ།། བཟང་པོ་ཞེས་པ་ནི་རང་གི་ངོ་བོ ་ལས་བྱུང་བའི་བྱིས་པ་རྣམས་ཀྱིས་མི་རྟོགས་པ་རྣལ་འབྱོར་པ་རྣམས་ཀྱི་ངོ་མཚར་སྐྱེད་པར་བྱེད་པ་དང་། ཕྱག་རྒྱ་ཆེན་པོའི་བདེ་བ་སྟེར་བར་བྱེད་པའོ།། ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་གསུངས་པ་དེ་དེ་བཞིན་དུ་བྱས ་ཞེས་པའི་དོན་ཏོ།། གཏི་མུག་ཅེས་བྱ་བ་ལ་སོགས་པ་ནི་འདིར་ཐ་མལ་པའི་གཏི་མུག་ལ་སོགས་པ་རྣམས་གཏི་མུག་ཆེན་པོ་ལ་སོགས་པས་སྦྱང་བར་བྱའོ།། དེ་ལྟར་རྣམ་པར་དག་པ་ལྔ་ནི་རྣམ་པར་སྒྲུང་མཛད་ལ་སོགོས ་པའི་དེ་བཞིན་གཤེགས་པ་ལྔའོ།། དེ་རྣམས་ཐམས་ཅད་སྦྱོང་ཞེས་བྱ་བ་ནི་དེ་རྣམས་ནི་རྡོ་རྗེ་སེམས་དཔའ་དེའི་རང་བཞིན་ཏེ། ཉོན་མོངས་པ་ལྔ་རྡོ་རྗེ་འཆང་དང་འདྲ་བར་འགྱུར་བའོ།། དེ་དག་རིགས་ཞེས་བྱ་བ་ལ་སོགས་པ་ནི ་གོ་སླའོ།། དྲ་ནི་སེམས་ཅན་གང་དག་གིས་བླ་ན་མེད་པར་སྔགས་ཀྱི་ཐེག་པ་ཆེན་པོ་མི་རྙེད་པ་དེས་ན་དེ་རྣམས་ཀྱི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འབྱུང་བར་བརྗོད་དོ།། གང་དག་བླ་མ་ལ་ཞེས་བྱ་བ་ལཱ་སོགས་པ་ལ། སྔགས་དང ་ཕྱག་རྒྱའང་རྙེད་མི་འགྱུར་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་མི་ཤེས་པའི་དོན་ཏོ།། རང་གི་གེདོན་ནི་ཕྱག་རྒྱ་ཆེན་པོ་ཡང་མི་ཤེས་པ་དེ་ལ་དེ་སྐད་ཅེས་བྱའོ།། འཛམ་བུའི་གླིང་དུ་ཞེས་བྱ་བ་ལ་སོགས་པ་ནི་འདིར་དགའ་ལྡན་གྱི་གནས་ནས ་དེ་བཞིན་གཤེགས་པ་རྣམས་འཁྲུངས་པར་འགྱུར་བའོ།། འདིར་ཡང་འཛམ་བུའི་གླིང་དུ་བདགཽ་ཅེས་པ་ནི་ཤཱཀྱ་ཐུབ་པ་སངས་རྒྱས་བདག་དགའི་ལྡན་གྱི་གནས་ནས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་རྡོ་རྗེའི་རྒྱན་གྱི་བདག་ཉིད་ཀྱི ་གཞལ་ཡས་ཁང་རྣམསུ་ལོངས་སྤྱོད་རྫོགས་པའི་སྐུ་ལས་སྤྲུལ་པའི་སྐུ་འབྱུང་བ་ནི་ཐུན་མོང་གི་ཚིག་གོ།། ངེས་པར་གསུངས་པའི་ཚིག་ནི་བཙུན་ལོ་ཞེས་པ་ནི་རྡོ་རྗེའི་བཙུན་མོ་སྤྱན་མཱ་ལ་སོགས་པ་དང་། མཁ་འགྲོ་མཱ་ལ་སོགས ་པའོ།། ཡང་ན་ཐ་མལ་པའི་བུད་མེད་རྣམསོ།། དེ་རྣམས་ཀྱི་བྷ་ག་གྲུ་གསུམཱ་ནི་ས་བཅུ་གཅིག་རྣམ་པར་དག་པའི་ཕྱིར་གོང་ནས་གོང་དུ་སྤངས་པའོ།། ས་བཅུའི་དབུས་ཁོང་སྟོང་གི་ས་བཅུ་གཅིག་པའོ།། འདི་ནི་མིང་ཙམ་མོ།། ་རང་གི་ངོ་བོ་ནི་ཤིན་ཏུ་རྣམ་པར་དག་པའི་བྷ་ག་སྟེ། སྣ་ཚོགས་སྡུང་བའི་ཕྱིརརོ།། ལྷན་ཅིག་སྐྱེས་པའི་དགའ་བོའི་བདག་ཉིད་ལུས་དང་ངག་དང་སེམས་གསུམ་གྲུ་གསུམོ།། དག་པ་ཞེས་པ་ནི་རང་རིག་པའི་བདག་ཉིད་དེ་ཉིད ་གང་ལ་ཡེང་བ་དེ་ལ་དག་པ་ཞེས་བརྗོད་དེ་གཙོ་བོའོ།། དེ་ཇི་ལྟར་དགའ་བ་དེ་བསྟན་པའི་ཕྱིར་ཨེའི་ཆ་བྱད་ཅེས་བྱ་བ་ལ་སྩོགས་པ་གསུངསྭཱ་ཏེ། འདིར་ཨཱིའི་རྣམ་པ་ཨ་བཱ་དྷཱུ་ཏཱི་ལའོ།། དབུས་སུ་བམ་ནི ་བལྟ་བར་བྱ་ཞེས་པའི་སྒྲ་ནི་བདག་ཉིད་རྡོ་རྗེ་སེམས་དཔའོ།། དེ་ལྟར་ཨོཾ་བཾ་ཞེས་པ་ཤེས་རབ་དང་ཐབས་ཀྱི་མདོར་སྦྱོར་བ་བསྡུས་པོ་བསྟན་པོའོ།། ཇི་ལྟ་བ་ཞེས་པ་ནི་རིག་པའོ།། དེ་ཉིད་བསྟན་པའི་ཕྱི་རགྲུ་གསུམ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། འདིར་རྫོགས་པའི་རིམ་པ་ལས་སྐྱེས་པར་འགྱུར་བ། དེ་ཡང་རྫོགས་པའི་རིམ་པ་བསྒོམ་པ་ལས་བསྟན་པ་དེས་ན་དག་པ་སྟེ། ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྦྱོར་བའོ།། དེའི་ཕྱིར་རྫོགས་པའི་རིམ་པ ་བརྗོད་དོ།། གྲུ་གསུམ་ཞེས་པ་ནི་ལ་ལ་ནཱ་དང་ར་ས་ནཱ་དག་གི་དབུས་ཀྱི་ཨ་བ་དྷཱུ་ཏཱིའོ།། དེའི་དཀྱིལ་འཁོར་ཉམས་དགའ་བར་ཞེས་པ་ནི་ཆོས་ཀྱི་དབྱིངས་ཡོན་ཏན་རྒྱས་པ་ཐམས་ཅད་འབྱུང་པོ་ཐམས་ཅད་ཀྱི་གཽནས་དེ་ཉིད་བླ་མའི ་མན་ངག་གིས་ཞེས་བྱ་བ་ལ་སོགས་པའི་སྒྲིབ་པ་ཡོངསུ་ཟད་པ་ཆོས་ཀྱི་དབྱི་དུས་ཀྱི་རང་བཞིན་ཉམས་དགའ་བ་ལ་མེ་ཏོག་དང་འབྲས་བུ་སྣ་ཚོགས་པས་གཏམས་པའོ།། ཏོག་རྨ་ཏིངངེ་འཛིན་སྣ་ཚོགས་པའི་བདེ་བ་བསམ ་གྱིས་མི་ཁྱབ་པ་གཞལ་དུ་མེད་པའོ།། འབྲས་བུ་ནི་རྒྱུ་མཐུན་པ་དང་རྣམ་པོར་སྨིན་པ་དང་སྐྱེས་བུ་བྱེད་པ་དང་དྲི་མ་མེད་པ་རྣམས་ཏེ། དེ་ལ་སོགས་པ་ཐོབ་པའི་གནསུ་རྣལ་འབྱོར་པ་རྣམས་ཀྱིས་བསྒོམ་པ་རྟོག་པའི་ཕྱིར། རྡོ་རྗེ ་རོལ་པ་ཡང་དག་འབྱུང་ཞེས་པ་ནི་འདིར་ཨ་བ་དྷཱུ་ཏཱིའི་བསམ་གྱིས་མི་ཁྱད་པའི་སེམས་ཀྱིས་ཡངསུ་རྟོགས་པའི་སྲོག་དང་ཐུར་སེལ་འཇུག་པས་བྱང་ཆུབ་སེམས་དགག་པའོ།། ཇི་ལྟར་དེ་དགུག་ཅེ་ན་དབུ་རྒྱན་གྱི་བུ་ག་ནས་ལྟ ་པར་འོང་བ་དེ་ལ་བརྟེན་པའི་བདེ་བ་དེ་ཉིད་ཀྱི་སྦྱོར་བ་གོམས་པ་ལས་བསྒོམ་དུ་མེད་པ་ཡང་སྟེང་དུ་འགྲོ་སྟེ། མི་འཛག་པའི་ཕྱིར་རོ།། དེས་ན་དེ་ལས་སངས་རྒྱས་ཀྱི་ཡོན་ཏན་རྣམས་སྐྱེའོ།། དེའི་ཕྱིར་ཆོས་ཀྱི་འབྱུང་གནས་ཤེས་པའི། ་སྒྲ་རེ་འཇིག་རྟེན་དུ་གྲགསོ།། དེ་ཡང་བཙུན་མོའི་བྷ་ག་ཞེས་པ་ཞེས་བྱ་བ་ནི་སྤྱན་མ་ལ་སོགས་པའོ།། དང་གི་སྒྲས་ནི་ཐ་ཡལ་བའི་བུད་མེད་གཟུང་བའི་དོན་ཏོ།། དེ་བཞིན་དུ་དེའི་ཞེས་པ་ནི་ཨ་པ་དྷཱ་ཏིའི་བྷ་གའོ།། པདྨ་ཞེས་པ་ནི་རྩ་བརྒྱད ་རེག་བྱའི་བདག་ཉིད་ཅན་ནོ།། ག་སར་བཅས་ཞེས་པ་ནི་དེའི་བདུད་པོའི་བུ་གཽ་འམ། ཁྱོང་སྟོང་ལ་སྦྱར་བའོ།། དེ་རྣམས་ཀྱི་རང་བཞིན་བསྟན་པའི་ཕྱིར་ཨཱ་ལི་ཞེས་བྱ་བ་ལ་སོགས་པ་གསུངམོས་ཏེ། དེ་བཞིན་དུ་རྩཝ་ངརྒྱད་རྣམས་ལ ་ཨཱ་ལྀ་ཀཱ་ལི་མཉམ་འདྲེས་པའི།། སྡེ་ཚན་བརྒྱད་ཅེས་པ་ནི་འདིར་ཨཱ་ལི་ནི་ཨ་ལ་སོགས་པའི་དབྱངས་ཡིག་བཅུ་དྲུག་གོ། དེ་བཞིན་དུ་ཀཱ་ལི་ཀ་ལ་སོགས་པའི་གོསལ་བྱེ་སུམ་ཅུ་རྩེ་གསུམོ།། འདི་ནི་ཡི་གེའི་དོན་ཏོ།། འོ་ན ་ཀྱང་རྩ་རྣམས་ལ་སྲོགས་མཉམ་པར་འདྲེས་པ་དེ་ནི་ཀཱ་ལིའི་གཟུགསོ།། དེ་བཞིན་དུ་ཨཱ་ལིའི་གཟུགས་ནི་ཕུར་སོལ་གྱི་རླུང་ངོ་།། དེ་དག་མཉམ་དུ་འདྲེས་པ་ནི་དེ་མ་པ་ཞེས་པའི་དོན་ཏོ།། དེས་སྡེ་ཚན་བརྒྱད་རྣམ་པར་གནས ་ཏེ་བརྡས་བསྟན་པ་བརྗོད་དུ་མེད་པ་ཞེས་པའི་དོན་ཏོ།། དེས་ན་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་འགོག་ཅིང་མྲིང་ཙམ་ཡང་མེད་དེ་འགོག་ཅེས་པ་སྟེ་ངེས་པའོ།། ཡང་ན་ཨཱ་ལི་ཀཱ་ལི་ཞེས ་པ་ནི་ཟླ་བ་དང་ཉི་མ་སྟེ་ཁུ་བ་དང་རྡུལ་ལོ།། དེ་དག་འདྲེས་པ་ནི་སྒྲ་ཅན་ཏེ་ཀུན་གཞི་རྣམ་པར་ཤེས་པའི་མིང་ཅན་ནོ།། དེ་ཡང་དབུས་སུ་གནས་པའི་གེ་སར་གང་གི་འཇུག་མ་དེ་ནི་དུ་བ་མཇུག་རིངས་ཏེ། དེའི་རྣམ་པ་བརྒྱད་ནི་རྩ ་བརྒྱད་དེ་དེ་རྣམས་ཀྱི་དབུས་སུ་རྣམ་པར་ཤེས་པ་བརྒྱད་འདབ་མ་བརྒྱད་བཞིན་དུ་རྩ་བརྒྱད་ལ་གནས་ཏེ་དེ་ལ་ཤར་གྱི་འདབ་མ་ལ་ཉོན་མོངས་པ་ཅན་གྱི་ཡིད་ཉི་མའོ།། དེ་བཞིན་དུ་ནུབ་ཀྱི་འདབ་མ་ལ་ཀུན་གཞི་རྣོ་བར་ཤེས་པ་སྒྲ ་གཅན་གྱི་མིང་ཅན་ནོ།། དེ་བཞིན་དུ་ལྷོའི་འདབ་མ་གསུམ་ལ་ཤར་ལ་སོགས་པ་རིམ་པ་བཞིན་དུ། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པའོ།། དེ་རྣམས་དང་སྤེན་པ་དྲང་ཕུར ་བུ་དང་མིག་དམར་གྱི་མིང་ཅན་ནོ།། དེ་བཞིན་དུ་བྱང་གི་འདབ་མ་གསུམ་ལ། ཤར་ལ་སོགས་པ་རིམས་བཞིན་དུ་མིག་གི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པའོ།། དེ་རྣམས ་ཀྱང་གཟའ་ལག་དང་ཟླ་བ་དང་པ་བ་སངས་ཀྱི་མཽང་ཅན་ནོ།། དེ་ལྟར་གཟའ་བརྒྱད་ཀྱི་རེས་བརྒྱད་དམ་ཐུན་བརྒྱད་དེ། སྒྲ་གཅན་གྱི་ལོངས་སྤྱོད་ཀྱི་དབང་གིསོ།། རྩ་བ་བརྒྱད་པོ་དེ་རྣམས་ཀྱང་སྒོ་བརྒྱད་རྣམསུ་སོང་བའི ་དོན་ཏོ།། ལུས་ཅན་ཞེས་བྱ་བ་ལ་སོགས་པ་ནི་འདིར་སེམས་ཅན་ཐམས་ཅད་རྣམས་ཀྱི་རང་གི་མིང་གི་དང་པོའི་ཡི་གེ་ཞི་བ་ལ་སོགས་པའི་ལས་རྣམས་བྱེད་དོ།། གང་གི་ཕྱིར་རང་གི་ལུས་སུ་བསྒྲུབས་པའི་སྔགས་སྡེ་ཚན་བརྒྱད ་རང་བཞིན་གྱིས་གྲུབ་པའོ།། དེ་རྣམས་ཀྱང་སྤྲོས་ན་ཡི་གེ་ལྷ་བཅུའི་བརྡས་དབྱེ་བ་རྣམས་ཞེས་པ་ནི་འདིར་ལུས་ལ་གདན་ལྔ་བཅུའི་གནས་རྣམསུ་མདུད་པ་ལྔ་བཅུར་འགྱུར་ཏེ། དེ་རྣམ་ལ་ཁུ་བོ་ལྔ་བཅུ་འམ་ཀོ་ར་ལྔ་བཅུར ་འགྱུ་རོ།། དེ་རྣམས་ལ་སྨིག་རྒྱུ་ཁྲུགས་པ་ལྟ་བུ་ག་ལ་ཡོད་དོ།། དེ་རྣམས་ཀྱི་གནས་རྣམསུ་ཡི་གེ་རྣམ་གྲངས་བཞིན་དུ་ཨ་ཨཱ་ཨཻ་ཨཱི་ཨུ་ཨཱུ་རི་རཱྀ་ལི་ལཱྀ་ཨི་ཨཻ་ཨོ་ཨཽ་ཨཾ་ཨཿཀཾ་ཁ་ག་གྷུ་པ། ཙ་ཚཾ་ཛ་ཛྙཱ་ཉྫ། ཊ་ཐ་ཌ་ཌྷ་ཎ། ་ཏ་བ་ད་དྷ་ན། པ་ཕཱ་བ་བྷི་མ། ཡཱ་ར་ལ་ཝ། ཤཥ་ས་ཧ་ཀྵཿཞེས་པ་ཡང་དག་པར་གནས།། དེ་ལྟར་ཡི་གེ་ལྔ་བཅུ་པོ་རྣམས་ཀྱི་དབྱིབས་ནི་ཤར་ཕྱོགས་ལ་སོགས་པའི་ཡི་གེ་བཞིན་གནསོ།། དེ་རྣམས་ཉིད་ཀྱི་གནསུ་གསུངས ་པ་དེ་ལྟར་རིམ་བཞིན་སྤྱི་བོ་དང་སྤྱི་གཙུག་དང་། རྣ་བ་གཡས་པ་དང་རྒྱབ་ཀྱི་ཆ་དང་། རྣ་བ་གཡན་པ་དང་། སྨིན་མའི་དབུས་དང་། མཁལ་མོ་དང་། སྙིང་དང་། མཆན་ཁུང་གཉིས་དང་། ནུ་མ་གཉིས་དང་། གློ་བ ་གཉིས་དང་། སྣའི་རྩེ་མོ་དང་། བློ་བོའི་རྩ་གཉིས་དང་། ལྟོ་བ་དང་། ལ་ལ་ནཱ་དང་། ར་ས་ནཱ་ངག་དང་། བཤ་བའི་རྩ་དང་སྒྲ་མཚམས་ཀྱི་བུ་ག་དང་། རྒྱུ་ཞབས་དང་། རྣག་གི་རྩ་དང་། བརླ་གཉིས་དང་། རྫོ་ངར་གཉིས་དང་། ་ཚིལ་གྱི་བུ་ག་དང་། རྐང་པའི་བོལ་གཉིས་དང་པུས་མོ་གཉིས་དང་། ལྷག་མ་ནི་ལག་པ་དང་། རྐང་པའི་སེར་མོ་ཉི་ཤུའི་བུ་ག་རྣམསོ།། དེ་ལྟར་རང་བཞིན་བརྗོད་དོ།། གནས་དེ་རྣམསུ་སྔགས་གཞན ་རྣམས་མགྲིན་པ་དང་། རྐན་དང་མཆུ་ལ་སོགས་པས་ཡི་གེ་ཉིས་རྩེགས་དང་སུམ་བརྩེགས་ལ་སོགས་པ་སྣ་ཚོགས་པར་སྦྱོར་བའི་རང་བཞིན་ཅན་བརྗོད་དོ།། དེ་ལྟར་རྒྱུད་རྣམས་དང་གཞན་ཡང་ཕྱིའི་བསྟན་བཅོས་རྣམས་ཏེ། ་སྒྲའི་བསྟན་བཅོས་ལ་སོགས་པ་རྣམས་འབྱུང་སྟེ། དེའི་རང་བཞིན་ཉིད་ཀྱི་ཕྱིརརོ།། དེ་ལྟར་འདི་དག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྙིང་པོའི་རང་བཞིན་ཞེས་པ་ནི་རྡོ་རྗེ་ནི་རང་རིག་པའི་ཡེ་ཤེསོ།། དེའི་སྙིང་པོ་ནི་མིང་གི་ཡི་གེ ་རྣམ་པར་ཤེས་པ་ཙམ་ཉིད་དོ།། གཞན་ནི་མ་ནི་ཞེས་པ་ནི་དེ་ལྟར་རང་རིག་པའི་ཡེ་ཤེས་ཀྱི་ཡི་གེ་རྣམས་ནི་གཞན་ཐ་མལ་པ་འགའ་ཞིག་གི་ལུས་ལས་འབྱུང་བ་མ་ཡིན་ནོ།། དེའི་ཕྱིར་རྣལ་འབྱུར་པ་རྣམས་ཀྱིས་རྟག་པ ་རྒྱུན་དུ་ཡང་དག་པའི་སྦྱོར་བས་བརླབ་ཅེས་པ་སྟེ་ངེས་པའོ།། དེ་ལྟར་སྟེ་མཚན་དེ་རྣམས་ལ། ཨ་ནི་མགྲིན་པ་དང་ཁར་རོ།། དེ་བཞིན་དུ་ཀ་ནི་རྣ་བ་གཡས་པར་རོ།། ཙ་ནི་མིག་གཡོན་པར་རོ།། ཊ་ནི་མིག་གཡས་པར་རོ། ་དེ་བཞིན་དུ་ཏ་ནི་རྣ་བ་གཡོན་པ་ལའོ།། པ་ནི་སྐུའི་བུ་ག་གཡོན་པར་རི།། དེ་བཞིན་དུ་ཡ་ནི་བུ་ག་གཡས་པར་རོ།། དེ་བཞིན་དུ་ཤ་ནི་བཤང་བའི་བུ་གར་རོ།། སྡེ་མཚན་ལྔ་བཅུ་པོ་རྣམས་ནི་སྲོག་གི་བུ་གར་རོ་ཞེས་བརྗོད་པ ་ནི་དབུགས་ནང་དུ་ཆུད་པ་སྟེ། སྔོན་དུ་གསུངས་པའི་བཙན་ཐབས་ཀྱི་སྦྱོར་བའོ།། སླར་ཡང་བྱང་ཆུབ་སེམས་དང་ལྷན་ཅིག་རྡོ་རྗེ་རོལ་པ་ནི་ཨ་བ་དྷཱུ་ཏཱིའི་བདེ་བར་རོ།། མཉམ་པར་གྱུར་པ་འོངས་ཏེ། པདྨར་ཞུགས་པའོ།། ་པདྨ་དོ་ཡང་ཨ་བཱ་དྷཱུ་ཏཱི་ན་མཁའ་དང་མཚུངས་པ་བེམས་པོ་དང་བྲལ་བའོ།། དེ་ཡང་སོ་སོ་ཞེས་པ་ནི་རང་གི་ངོ་བོ་ལྟ་བུའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་རིག་པ་སྟེ་ལྷའི་དབང་པོ་དང་ལྷའི་རྣམ་པར་ཤེས་པ ་བརྒྱད་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ།། དེ་རྣམས་དབུས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་ལྷའི་རྣམ་པར་ཤེས་པ་བརྒྱད་པོ་དེ་རྣམས་ཀྱི་དབུས་སུའོ།། ལྟེ་བ་ཞེས་པ་ནི་དེར་བསྒྱིང་བུ་རང་རིག་པའི་ཡེ་ཤེས་གཙོ་བོ་ཉིད ་ཕྱིར་ལྟ་བའོ།། ཉམ་སུ་མྱོང་བའི་ཕྱིར་དེ་རྣཾས་ཀྱི་དབུསུ་གནས་པ་ཉིད་དོ།། དེའི་ཕྱིར་མཆོག་གི་དབང་ཕྱུག་མ་སྟེ། མཆོག་མི་ཡེ་ཤེས་དམ་པ་རྣམ་པར་ཤེས་པ་རྣམས་དང་བྲལ་བ་དེའི་རང་བཞིན་ཙམ་ཉིད་དོ།། དེས་ན་དབང ་ཕྱོག་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྣམས་རྫོགས་པའོ།། དེས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་འདོད་པ་རྣམས་ལ་དངོས་གྲུབ་སྟེར་བར་བྱེད་པའོ།། དེས་ན་སྡེ་ཚན་བརྒྱད་ཀྱིས་ཡང་དག་པར ་བསྐོར་བའོ།། ངོ་བོ་ཞེ་ན། མཆོག་ཏུ་མི་འགྱུར་ཞེས་པ་སྟེ། མི་འཛག་པའི་ཕྱིརོ།། དེ་ཡང་ཨ་སྟེ་ཡི་གེ་ཐམས་ཅད་རྣམས་ཀྱི་མཆོག་ཏུ་འགྱུར་བའོ།། དོན་ཆེན་ཐོས་པ་ནི་རང་གི་ཇོ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་རང་བཞིན་ནོ།། དེས་ན་གྲུབ་པ་སྟེ། ཆོས་ཀྱི་དབྱིངས་ཉིད་ཀྱི་ཕྱིར་རོ།། ཞེས་དགོངསོ།། དེ་བཞིན་དུ་སྡེ་ཚན་རྣམས་ཀྱི་གཙེ་ཞེས་པ་ནི་ཆོས་ཐམས་ཅད་རྣམས་ཀྱི་མཆོག་ཏུ་གྱུར་པའི་ཕྱིར་ཆོས་ཀྱི ་སྐུ་རྟག་པའི་མཚན་ཉིད་དོ།། དེ་ཉིད་ལས་ཞེས་པ་ནི་གནས་འདི་རྣམས་ལས་བྱུང་བ་ལུས་ཅན་རྣམས་སྔགས་ཐམས་ཅད་རྣམས་ནི་འཆད་བཞིན་པ་དེ་ཉིད་ཀྱིས་སྟོན་ཏོ།། གང་རལ་གྲི་མིག་སྨན་ཞེས་བྱ་བ་ལ་སོགས་པ ་དངོས་གྲུབ་ཀྱི་ལས་ཐམས་ཅད་ནི་གོ་སླའོ།། འོན་ཀྱང་དེ་ཐམས་ཅད་འཆང་བཞིན་པའི་ལས་སོགས་ཀྱི་རབ་ཏུ་བྱེད་པ་ལས་བཤད་པར་བྱའོ།། ། ད་ནི་སྔགས་འདི་རྣམས་ཀྱི་གནས་ཀྱི་དབང་གི ་ཡོན་ཏན་གྱི་རང་བཞིན་བརྗོད་པའི་ཕྱིར། སྒྲ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སེམས་ཅན་ཐམས་ཅད་རྣམས་ཀྱི་ལུས་ཀྱི་རྩ་ཨ་བ་དྷཱུ་ཏཱི་ནང་དུ་རང་རིག་པའི་ཡེ་ཤེས་དེ་ནི་སྒྲའོ།། དེ་ཡང་ཨའི་ཡི་གེའི་མིང ་ཅན་བདེ་བས་ཁྱབ་པར་བྱེད་པའོ།། དེའི་ཕྱིར་སྔགས་ཞེས་སུ་གསུངས་པར་འགྱུར་ཏེ། སྔགས་རྣམས་བརྗོད་པའི་རང་བཞིན་ནོ།། དེ་ཡང་བདེ་བ་སྣ་ཚོགས་པ་གཉིད་ཀྱི་ཕྱོགས་དཔེའི་ཡུལ་མ་ཡིན་པའོ།། དེ་ཉིད་ཀྱི ་དབང་དུ་བྱས་ཏེ་གསུངས་པ། སྣ་ཚོགས་མདུད་པ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ལུས་ལ་སྣ་ཚོགས་མདུད་པ་ནི་རྣམ་པ་གཉིས་ཏེ་ཕྱི་དང་ནང་ངོ་།། དེ་ནི་རྡོ་རྗེ་ནོར་བུའི་ལྟེ་བའོ།། ནང་ནི་ལྟེ་བའི་ལྟེ་བའོ།། དེའི ་གནས་ཆེན་ལས་ཞེས་པ་ནི་འདིར་ཕྱག་རྒྱ་བཞིའི་དབྱེ་བས་དང་པོ་གོམས་པའི་སྦྱོར་བས་ལྟ་བ་ལ་སོགས་པའི་འཁོར་ལོ་བཞི་ལ་རིམ་པ་བཞིན་ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའོ།། ང་རྣམས་ཀྱང་འཆང་བཞིན་པས ་གསལ་བར་བསྟན་པའི་ཕྱིརོ།། དེ་ཡང་དཔྲལ་བ་ནས~ཾ་ལྟེ་བའི་མཐར་ཐུག་པར་ཟློག་པ་དེས་ལས་ཀྱི་ཕྱག་རྒྱ་ལ་སོགས་པར་ཤེས་པར་བྱའོ།། དེའི་ཕྱིར་ལྟེ་བའི་གནས་ནས་ཆེས་ཀྱི་རོལ་པ་ཡང་དག་འབྱུང་ཞེས་པ་ནི་འདིར་སྔོན་གྱི་བདེ་བ ་ཆེན་པོའི་འཁོར་ལོ་ལས་རྡོ་རྗེ་རོལ་པ་ནི་ཨོཾ་ཊན་གྱི་སྒོ་ནས་བྱང་ཆུབ་སེམས་རང་རིག་པའི་ཡེ་ཤེས་རོ་མཉམ་པའི་གཟུགས་ལྟེ་བར་འོངས་པའོ།། དེས་ན་སྣ་ཚོགས་མདུད་པའི་གནས་ཆེན་ལས་ཆོས་ཤེས་པ་སླར་ཡང་ཛཱ་ལནྡ་རའི ་སྒོ་ནས་སྟེང་དུ་སོང་བའི་ཆོས་ཀྱི་འཁོར་ལོར་འཇུག་པ་ནི་ཆུའི་འཁྲུལ་འཁོར་བཞིན་ནོ།། འོན་ཀྱང་དགོངས་བཤད་གཞན་གྱིས་ཆོས་ཀྱི་སྒྲ་ནི་ཆོས་ཀྱི་དབྱིངས་ཏེ། དེ་ཡང་ཐམས་ཅད་ལ་ཁྱབ་པར་བྱེད་པའོ།། རོལ་པ་ཞེས་བ་ནི ་དྲདཔེའི་བདེ་བ་སྤངས་པའོ།། ཡང་དགྲ་འབྱུང་ཞེས་པ་ནི་གང་གི་ཕྱིར་ལྟ་བའི་སྟེང་བུ་བདེ་བ་འགྲོ་བའི་ཕྱིར་བསྡམ་གྱིས་མི་ཁྱབ་པའི་བདེ་བ་དེ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཉིད་སྟེར་པོར་བྱེད་པའོ།། དེའི་ཚེ་ཅི་ཡང ་མེད་ནས་ཅེས་བྱ་བ་ལ་སོགས་པ་ནི་དེ་ལྟར་ཅི་ཡང་མེད་པ་ནི་ཁ་ཅིག་ཏུ་འགའ་ཞིག་གི་ངེས་པ་འདི་ལས་ཅི་ཡང་མེད། རྟག་ཏུ་ལྟེ་བ་ལ་སོགས་པར་རྣམ་པར་གནས་པ་ནི་སྔགས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད ་ཀྱི་ཕྱིར་ཡེ་ཤེས་ཀྱི་གནས་ཕྱོགས་གཅིག་པ་གནས་པ་མེད་པར་རང་བཞིན་གྱིས་མ་སྐྱེས་ཤིང་མི་འགག་པའི་དངོས་པོ་རྣམསུ་འཛིན་པ་མེད་པའི་ཕྱིར་ཞེས་དགོངསོ།། དངོས་གྲུབ་ཅེས་པ་ནི་དེའི ་ཕྱིར་སྟོན་ནས་གྲུབ་པའོ།། དེས་ན་དངོས་གྲུབ་ནི་བསྟན་པའི་སྒོ་ནས་བཤད་པའོ།། རྫུ་འཕྲུལ་ཞེས་པ་ནི་མཆོག་ཏུ་མི་ཟད་པའི་ཕྱིརརོ།། དེའི་ཕྱིར་རྣམ་གནས་ཤེས་པ་ནི་རྟག་པ་རྒྱུན་ཏུ་གནས་པ་རྟག་ཏུ་དངོས་པོ་མེད་པའི ་མཚན་ཉིད་དོ།། དེ་ཡང་དེ་དག་ལ་སོགས་པའི་ཡོན་ཏན་གྱི་རྣམ་གྲངས་ཤེས་པར་བྱ་སྟེ་མིང་མེད་པའི་ཕྱིར་རོ།། དེས་ན་དེ་དེ་བཞིན་དུ་བསྟན་ཏོ།། དེ་ཡང་མུ་སྐྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། དེ་ལྟར ་སྔགས་དང་དབྱངས་དང་གསལ་བྱེད་ཀྱི་སྡེ་ཚན་ཐམས་ཅད་སྒྲའི་རང་བཞིན་སངས་རྒྱསོ།། གླིང་གི་ཕྱིར་སངས་རྒྱས་དང་སྒྲ་ལ་བརྟན་ཅིང་དེ་ལས་བྱུང་བའོ།། དེ་དེའི་ཕྱིར་སྔགས་ལ་སོགས་པ་ཐམས་ཅད་སངས་རྒྱས་ཀྱི་གསུངས ་གི་སྒོ་ནས་བསྟོན་པའི་བདག་ཉིད་ཅེས་པ་སྟེ་ངེས་པའོ།། །། ད་ནི་སྔོན་དུ་དངོས་པོར་ཞེན་པ་དགག་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་འཁོར་ལོ་བཞིའི་དབྱེ་བས་རྡོ་རྗེ་འཆང་གི་ཆོས་ཀྱི་འབྱུང ་གནས་ཀྱི་ནང་གི་གཞལ་ཡས་ཁང་དུ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་བཞུགས་པ་མཆོག་ཏུ་ཟབ་པའི་གནས་ནི་ཀུན་རྫོབ་ཀྱི་བདེན་པའི་དབྱེ་བས་བརྗོད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ལུས་རྣམ་པར་དག་པའི་རྗེས་ཐོག་སུ་རྣལ་འབྱོར་པ་དག་པ་བརྗོད་དེ། དེས་ན་གཞན་ཞེས་པ་ནི་མཆོག་ཏུ་ཟབ་པ་ལས་ཟབ་པའི་གནསོ།། དེ་ཡང་ཁ་སྦྱོར་ལས་བྱུང་མཚན་ཉིད་དེ་ཞེས་པ་ནི་འདིར་ཐུན ་མོང་དུ་སྟོང་པ་དང་སྙིང་རྗེ་དབྱེར་མེད་ཅིང་གཉིས་མེད་པའོ།། ཁྱད་པར་དུ་མངོན་པར་འདོད་པ་ནི་བསམ་གྱིས་མི་ཁྱབ་པའི་སྙིང་རྗེ་དང་སྟོང་པ་སྟེ། དེ་ནི་ཁ་སྦྱོར་རོ།། དེས་ན་དབྱར་མེད་ཅིང་བསམ་དུ་མེད་པ་ཤེས་རབ་དང་ཐབས་ཀྱི་བདག ་ཉིད་ཟབ་པ་གཉིས་མེད་པ་དེ་གང་ལས་བྱུང་བ་ཡོད་པ་དེ་ནི་ཁ་སྦྱོར་ལས་བྱུང་བ་སྟེ། དེའི་མཚན་ཉིད་རབ་ཏུ་བཤད་པར་བྱ་ཞེས་སྦྱརོ།། དེ་ཡང་ཨཱ་ཞེས་བྱ་བ་ལ་སོགས་པས་སོ།། དེ་བཞིན་དུ་ཨ་ནི་ཡེ་ཤེས་ཀྱི་ཨ་བ་དྷཱུ་ཏཱིའོ།། ས ་ཞེས་པ་ནི་ས་ཆེན་པོར་ཤེས་པར་བྱ་སྟེ། བསྟན་པའི་སྒོ་ནུས་ཤེས་པར་བྱའོ།། དེས་ན་ལས་ཀྱི་ཕྱག་རྒྱ་ཉིད་དང་སྤྱན་ཞེས་གསུངས་ཏེ། དེ་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ།། ལྷག་མཱ་ནི་གོ་སླའོ།། དེ་ལྟར་འཁོར་ལོ་བཞིའི ་རབ་ཏུ་དབྱེ་བས་གཞལ་ལས་ཁང་བསྟན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཅན་ཏེ། དེ་ཡང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་སྔོན་ནས་དག་པའི་ཁམས་རྣམསོ།། དེས་མི་ཟད་པའི་ཕྱིར་རིན་པོ་ཆེའོ།། དེ་ཡང་པགས་པ་དང་། ་རྒྱུས་པ་དང་། ཤ་དང་། རུས་པ་དང་། ཞག་དང་། ཁྲག་དང་། ཁུ་བོའི་རིན་པོ་ཚེ་སྣ་ཚོགས་པའི་ཉེ་བར་སྤྱོད་པ་དེ་རྣམས་ཀྱིས་སྤྲས་པ་འམ་སྤྲུལ་པའོ།། དེ་ལྟར་གནས་དེའི་ནང་དུ་ཤེས་རོབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར ་བསྟན་པའི་ཕྱིར། ཨེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨོཾ་ཞེས་པ་ནི་ལུས་དང་ངག་དང་སེམས་ཀྱི་དངོས་པོར་རེ་མཉམ་པར་གྱུར་པའོ།། དེ་ན་ཆོས་ཀྱི་དབྱིངས་བསམ་དུ་མེད་པའི་ཤེས་རབ་དམིགས ་པ་མེད་པ་ཡེ་ཤེས་ཀྱི་བདག་ཉིད་ཨེའི་ཆ་བྱད་བཟང་པོ་ཆོས་ཀྱི་འབྱུང་གནས་ཀྱི་གནསོ།། དེའི་དངོས་པོ་ཉིད་ཀྱིས་སྣ་ཚོགསུ་སྤྲུལ་པའི་མཚན་ནི་ཉིད་ནི་ཐབས་ཏེ། བཞིན་དུ་བཾ་ནི་བསམ་དུ་མེད་པའི་སྙིང་རྗེའི་བདག་ཉིད་རང་རིག ་པ་བསམ་དུ་མེད་པའི་ཐབས་ལུས་དང་ངག་དང་སེམས་ཀྱི་ཆོས་སྒྱུ་མ་ལྟ་བུ་བསལ་བར་བྱེད་པའོ།། དེ་ཉིད་ཤེས་རབ་ཀྱི་བདག་ཉིད་དཔྱད་པཱི་སྱོད་ཡུལ་མ་ཡིན་པའི་ཨེ་ལ་བཾ་གིས་བརྒྱན་ཏེ། ཨེའི་ཆ་བྱད་ཀྱི་ཤེས་རབ་བོ།། ཨེ་དཾ ་ཉིད་ཀྱིས་ཀྱང་བཾ་བརྒྱན་པའོ།། ངེས་པར་ཞེས་པ་ནི་གདོན་མི་ཟ་བར་ཞེས་པའི་དོན་ཏོ།། འོག་དང་སྟེང་འདི་དག་ཕན་ཚུན་དུ་སྙོམས་པར་འཇུག་པ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱི་རྣལ་འབྱོར་བསམ་དུ་མེད་པ། ཨེ ་དང་བཾ་ཉིད་ཅེས་ཡང་གསུངས་པའི་ཚིག་གིས་གཉིས་མེད་ཅིང་གཉིས་མེད་པར་གསུངས་སོ།། དེས་ན་ཨེ་བམ་ཞེས་བྱ་བ་ནི་འདུས་པ་ལ་སོགས་པའི་རྒྱུད་རྣམ་སུ་འདི་སྐད་བདག་གིས་ཞེས་པ་ལ་སོགས་པ་བསྟན་པའོ།། ཚིག ་ཕྲད་ཅེས་པ་ནི་འདི་སྐད་བདག་གིས་ལ་སོགས་པ་དགོངས་བཤད་གཞན་གྱི་ཚིག་གིས་ངེས་པར་བཞག་པའོ།། ཇི་ལྟར་འོག་དང་སྟེང་དུ་ཞེས་པ་ནི། འོག་ལྟེ་བའི་རྩ་བར་ཨེའོ།། སྟེང་སྙིང་གའི་གནསུ་བཾ་ངོ་།། འདི་གཉིས ་ཀླུ་སྦྱོར་བ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་རོ།། དེས་ནུ་གཉིས་མེད་པ་ལས་བྱུང་བའི་དངོས་པོའི་མཚན་ཉིད་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཞལ་སྟོང་ཕྲག་བརྒྱ་དུ་མས་ཀྱང་བསྟན་པར་མི་ནུས་ན། བདག་ཅས ་མི་རྣམས་ཀྱི་ལྕེས་བརྗོད་པ་ལྟ་ཅི་སྨོས། དེའི་ཕྱིར་འོང་ཡོང་རྒྱུད་འདིར་རྡོ་རྗེའི་ཚིག་འདིས་འདི་སྐད་ཅེས་པ་ནས་ཡོངསསུ་རྫོགས་པའི་མཐར་ཐོག་པའི་རྒྱུད་བསྡུས་ཏེ་སྟོན་པར་བྱེད་པ་ནི་ཨེ་དང་པོ་གཉིས་ཏེ་དེ་བཞིན་དུ་བསམ་དུ་མེད ་པ་གཉིས་མེད་པ་རྟོག་པ་བཅུ་གཅིག་གི་བདག་ཉིད་འདི་བསྡུས་པས་བསམ་དུ་མེད་པ་གཉིས་མེད་པ་སྟོན་ཏོ།། དེ་ལས་བྱུང་བའི་ཕྱིར་དེ་ལྟར་རྒྱུད་ཐད་བདེ་བའི་རང་བཞིན་དུ་དགོངསོ།། བདེ་བ་དེ་ཡང་ཨི་དང་བཾ་ལ་རབ་ཏུ་གནས ་པ་སྟེ་དེ་ལྟར་ཡང་གསུངས་པ། ཨེའི་མ་བྱད་བཟང་པོ་གང་།། དབུསུ་བཾ་གིས་རྣམ་པར་བརྒྱན།། བདེ་བ་ཐམས་ཅད་ཀྱི་ནི་གཞི།། སངས་རྒྱས་རིན་ཆེན་ཟ་མ་ཏོག་ཅེས་ཏེ། དེ་བཞིན་གཤེགས་པའི་ངེས་པའོ།། ད་ནི་སེམས་ཅན ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྙེད་པར་བྱ་བའི་ཕྱི་བསྟན་བྱ་དང་སྟོན་པ་པོ་དག་གི་འབྲེལ་པ་བརྗོད་དོ།། བདག་གིས་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྒྱུད་ཐམས་ཅད་ཀྱི་བླ་མའི་རྒྱུད་ཁ་སྦྱོར་ཞེས་པ་ཤེས ་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་སྦྱོར་བ་སྔོན་དུ་རྟོགས་ཏེ་འཁོར་ལོ་བཞིའི་རབ་ཏུ་དབྱེ་བསོ།། དེས་ན་རྫོགས་པའི་རིམ་པ་བསྒོམ་པའི་ཕྱིར་སེམས་ཅན་གྱི་དོན་གྱི་དབང་གིས་བསྐྱེད་པའི་རིམ་པའི་ཚུལ་འོག་ནས་འཆང་བཞིན་པས ་དེས་དེ་བཞིན་གཤེགས་པར་བསྐྱེད་དོ།། དེའི་ཕྱིར་དེ་ཁོ་ན་ཉིད་ཁོང་དུ་ཆུད་པས་བྲག་ཆའི་སྒྲ་བཞིན་དུ་གསུངས་ཏེ། དེ་ཉིད་བདག་གིས་ཐོས་ཞེས་པ་ནི་རྡོ་རྗེ་སྙིང་པོ་ཁྱོད་ཀྱི་སྤྲུལ་པའི་སྐུ་སྟེ། ཏིང་འཛིན ་ལལ་བཞུགས་པའི་ཕྱིར་དང་། སྔོན་དུ་ལེགས་པར་བརླབས་པ་ཉིད་ཀྱི་ཕྱིར་རོ།། ཞེས་བྱ་བ་ནི་ཨཻ་དེང་བཱཾ་གི་ཡི་གེ་གཉིས་པདེ་བ་ཉིད་ཀྱི་ཆོས་ཀྱི་རང་བཞིན་བདག་ཉིད་ཀྱིས་ཐོས་ཏེ་བསམ་གྱིས་མི་ཁྱབ་པ་བདག་ཉིད་རྡོ་རྗེ་སྙིང་པོའི ་གཟུགསུ་སྣང་བའོ།། ནི་ཞེས་པ་ནི་གང་གི་ཕྱིར་གྱི་དོན་ཏོ།། ཆགས་པ་ཆེན་པོ་ཞེས་པ་ནི་བསམ་གྱིས་མི་ཁྱབ་པའི་སྙིང་རྗེ་ཆེན་པོ་བསམ་དུ་མེད་པའི་རྣམ་པར་ཤེས་པ་དང་། ཡེ་ཤེས་དག་གཅིག་ཏུ་འདྲེས་ཤིང་ཨེ་བཾ་གཉིས ་རོ་མཉམ་པར་གྱུར་པས་སོ།། དེ་རྟག་ཏུ་གནས་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྟག་པའི་རང་བཞིན་དུ་ཉེ་བར་བསྟན་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ཞེས་དགོངསོ།། དེ་བཞིན་དུ་ཐོས ་པ་མཉན་པ་ཞེས་རང་ཉིད་ཀྱི་ཁ་ནས་བརྗོད་ཅིང་ཐོས་པར་འདོད་པ་ཉིད་དོ།། བསྟན་པ་ཞེས་པ་ནི་འདིར་རྡོ་རྗེ་སྙིང་པོ་རང་ཉིད་སོམ་ཉི་ཟ་བའོ།། གང་གི་ཕྱིར་ཚིག་འདི་བསྟན་པ་འདིའི་ཚེ་གང་ཡང་བདེ་ཆེན་ཞེས་པ་ནི་བཅོམ་ལྡན ་འདས་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ནོ།། མགོན་པོ་ཞེས་པ་ནི་འཇིག་རྟེན་འདོན་པར་བཞེད་པ་དེས་ན་སེམས་ཅན་རྣམས་ཀྱི་མགོན་པོར་འགྱུར་ཏེ། བསམ་དུ་མེད་པའི་སྙིང་རྗེ་ཆེན་པོ་རྡོ་རྗེ་འཆང་ཆེན་པོའོ།། དེ་ཉིད་བདག ་ཉིད་ཀྱིས་ཞེས་པ་ལ་སོགས་པ་ནི་དམ་བཅས་པ་ཉིད་དེ། དེའི་ཚེ་ཐོས་པ་ཞེས་པ་ནི་བླ་མ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐོས་པ་སྟེ་རྣ་བས་ཐོས་ཤེས་པའི་དོན་ཏོ།། དེ་ཉིད་ཀྱིས་ནམ་འཆི་བ་ལ་ཐུག་པར་དུས་ཐམས་ཅད་དུ་རྟོག ་པའོ།། ཤེས་པས་ཞེས་བྱ་བ་ནི་མངོན་པར་ཤེས་པའི་སྟོབས་ཀྱིས་ཐོས་ཤིང་ངེས་པར་གཟུང་བའོ།། དེའི་ཕྱིར་རྟོག་པ་མ་ཡིན་ཞེས་པ་ནི་བསྒོམས་པས་རྟོགས་པར་མ་བྱས་པ་སྟེ། དུས་ཐམས་ཅད་དུ་ཐོས་པ་བརྒྱུད་པས ་སྐྱེ་བ་དུ་མར་དགོངས་ཤིང་རྟོགས་པའོ།། དེས་ན་ཡོངསུ་ཤེས་པས་སམ་མངོན་ཤཱིམྦྷི་བྱེ་བ་ཉིད་ཀྱིས་ཐོས་པའོ།། དེས་ན་དེ་ཉིད་ཀྱིས་སྟོན་ཏོ་སྙམ་མོ།། རྟོགས་པ་ལས་ཞེས་པ་ནི་འདིར་བསྒོམ་པ་འབའ་ཞིག་གིས་དེ་ཁོ་ན་ཉིད ་རྟོགས་ཏེ། དེས་ན་བདྲེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་འཛིན་ཐོབ་ནས་སྟོན་པ་འདི་ལ་བཅོམ་ལྡན་འདས་ཉེས་པ་ཅི་མཆིས་ཞེས་པ་ནི་རྡོ་རྗེ་སྙིང་པོས་ཞུས་པའོ།། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ཅི་གསུང ་སྙམ་པ་སྟེ། རྡོ་རྗེ་སྙིང་པོ་རང་ཉིད་ཀྱི་ཐེ་ཚོམ་བསལ་བའི་དོན་ཏོ།། སྡུད་པར་བྱེད་པ་ཞེས་པ་ལ་སོགས་པ་ནི་གོ་སླའོ།། རིགས་ཀྱི་བུ་ཞེས་པ་ནི་ཉན་པའི་སྐྱེ་བོ་རྣམས་ལ་བོ་པའོ།། ལྷག་མ་གོ་སླའོ།། བསམ་གྱིས་མྲྀ ་ཁྱབ་པའི་རྣམ་པར་ཐར་པ་ཞེས་པ་ནི་གཉིས་མེད་པའི་ཁྱད་པར་ཅན་གྱི་ཐར་པ་སྟེ། གཞན་སྤྱིར་སྟོང་པ་དང་སྙིང་རྗེ་གཉིས་མོང་མཆོག་གི་མཐར་པ་བསམ་དུ་མེད་པ་གཉིས་མེད་པ་སེམས་ཅན་ཐམས་ཅད་ཀྱི་ཏིང ་འཛིན་གྱིས་རྙེད་པའོ།། བསྟན་ཏོ་ཞེས་པ་ནི་ཡང་དག་བསྟན་པའོ།། དུས་ཞེས་པ་ནི་དེ་བཞིན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་ཏིང་འཛིན་རྙེད་པའི་དུས་སོ།། དེ་ཡང་དུས་གཅིག་ནི་ཞེས་གསུང་བར ་འགྱུར་ཏེ། རྟག་པའི་མཚན་ཉིད་ཀྱི་ཕྱིར་ཞེས་དགོངས་སོ།། སླར་ཡང་རྟག་པའི་དུས་ཀྱི་བསྒོམ་པ་རྟོགས་པ་ཉིད་བསྟན་པའི་ཕྱིར། དུས་ནི་རྣམ་པ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ནི་ཞེས་པ་ནས་ཉིད་ཅེས ་པའི་མཐར་ཐུག་པ་ནི་བསྟན་པའི་ཚིག་གོ། འདི་ཉིད་ཀྱི་བཤད་པ་བསྟན་པའི་ཕྱིར། སྣ་རྩེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིར་སྔོན་གསུངས་པའི་ཚུལ་གྱིས་འཁོར་ལོ་བཞིའི་རབ་ཏུ་དབྱེ་བས་གཏུམ་མོ་སྦར་ཏེ། ་ལྟ་བའི་འཁོར་ལོ་ནས་བདེ་བ་ཆེན་པོའི་འཁོར་ལོར་སོང་བའི་བྱང་ཆུབ་ཀྱི་སེམས་ཨོཾ་བ་དྷཱུ་ཏཱིའི་སྣ་རྩེའི་བུ་ག་ནས་འོངས་པ་ནི་རང་རིག་པའི་ཡེ་ཤེས་ཀྱི་བདག་ཉིད་སྲོག་གཉིས་མེད་པ་དེ་ལ་དུས་བཟང་པོ་ཞེས་བརྗོད་དོ།། ་དེ་བཞིན་དུ་མེའི་ཞེས་བྱ་བ་ལ་སོགས་པ་ནི་དེ་ཡང་སླར་ལ་ཡང་བྱང་ཆུབ་ཀྱི་སེམས་མེའི་ག་ཐུགས་ཀྱི་ཤེས་པ་གཏུམ་མེའི་གཟུགས་ཀྱིས་ཛཱ་ལན་དྷ་རཱའི་བུ་ག་ནས་སྤོང་བ་ནི་མི་འཛག་པར་འགྱུར་པའོ།། དུས་ནི་དྲན ་པ་ཞེས་པ་ནི་སྐད་ཅིག་དེ་ཉིད་དཀའ་སྤྱོད་དུ་འགྱུར་བའོ།། གྲགསོ་ཞེས་པ་ནི་བསྟན་ཞེས་པའི་དོན་ཏོ།། དེ་དག་ཅེས་པ་ནི་བདེ་བའི་དུས་དང་སྡུག་བསྔལ་གྱི་དུས་དག་གཅིག་པ་ཉིད་དུ་གྱུར་པའི་དུས་གཅིག་ན་བསམ་གྱིས ་མི་ཁྱབ་པའི་དུས་དེ་ཉིད་དུ་བསྟན་ཏོ།། འདུས་པ་ནི་ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་ཀུན་ཏུ་རྟོག་པའི་བདེ་བ་དེ་རྣམས་སྤངས་པ་སྐད་ཅིག་མ་གཅིག་ལ་མངོན་པར་བྱང་ཆུབ་པའི་མཚན་ཉིད་དེ། དེ་ཡང་བསམ་གྱིས་མི་ཁྱབ ་པར་སོན་པའོ།། གང་གི་ཕྱིར་མངོན་པ་རྡོ་ཌ་པཱ་བྱུང་པ་ནི་མངོན་པཱ་རྞོ་ཁཱ་ཡཱ་སའོ།། སངས་རྒྱས་ཞེས་པ་ནི་ཉེ་བར་བཏགས་པའི་ཚིག་གོ། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་དུ ་འགྱུར་བའོ།། དེ་ཡང་བསམ་གྱིས་མེ་ཁྱབ་པ་སྟེ། དེས་ན་སྟོང་པ་ཉིད་སྙིང་རྗེ་བསམ་གྱིས་མི་ཁྱབ་པའོ།། དེའི་ཕྱིར་གཉིས་མེད་པ་བསམ་གྱིས་མི་ཁྱབ་པ་ཐོབ་པ་ནི་གྱུར་པའི་སྒྲར་བསྟན་ཏོ།། འདི་རྣམས་ཀྱི་ངེས་པའི་ཚིག ་བསྟན་པའི་ཕྱིར། འདོད་ཆགས་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་གོ་སླའོ།། སླར་ཡང་བཞུགས་པའི་གནས་ཀྱི་ངེས་པ་བརྗོད་པའི་ཕྱིར།། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ ་དབང་ཕྱུག་ལོ་སོགས་པའི་སྐལ་པ་དྲུག་དང་། ཡང་དག་པར་སྦྱོར་བའི་ཕྱིར་བཅོམ་ལྡན་འདས་ཏེ། དེ་ཡང་གང་དུ་བཞུགས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྐུ་དང ་གསུང་དང་ཐུགས་ལས་བྱུང་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ་རྣལ་འབྱོར་པའི་རང་གི་མཚན་ཉིད་ཀྱི་ནང་དུ་འདུས་པའོ།། དེས་ན་དེ་བཞིན་གཤེགས་པ་རྣམས་ཚངས་པ་ལ་སོགས་པའི་གཟུགས་ལ་བརྟེན་ཏེ། ་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་ཉེ་བར་བསྡུས་པ་ནི་ཆོས་ཀྱི་དབྱིང་སོ།། དེ་རྣམས་ཉིད་སྙིང་པོ་སྔ་མི་ཟད་པའི་ཕྱིར་རོ།། དེ་ཉིད་རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་མཚན་ཉིད་ཀྱི་ཕྱིར་དང་རེས་འགའ ་ཡང་མི་འགྲོ་བའི་ཕྱིར་རོ།། དེ་ཉིད་ཀྱིས་ནི་རྡོ་རྗེ་ལྷ་མོ་སྤྱན་མ་ལ་སོགས་པ་འབྱུང་བ་ཆེན་པོའི་ཁམས་རྣམས་ཏེ། གང་གི་ཕྱིར་ཆོས་ཀྱི་དབྱིངས་ཡེ་ཤེས་ལྔའི་བདག་ཉིད་དེ་རྣམས་རོ་མཉམ་པར་གྱུར་པ་སྟེ། དེའི་བཙུན ་མོའི་བྷ་གའོ།། དེར་བཞུགས་ཞེས་པ་ནི་བསམ་གྱིས་མི་ཁྱབ་པ་གཉིས་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཞེས་པའི་དོན་ཏོ།། ཡང་ན་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་བདེ་བ་ཆེན་པོའི་རང་བཞིན་རང་རིག་པའི་ཡེ་ཤེས ་དེ་ལ་དེ་སྐད་ཅེས་བྱའོ།། ཨ་བ་དྷཱུ་ཏཱི་ནང་གི་སྲོག་ནི་ཡེ་ཤེས་ལྔའི་བདག་ཉིད་དེ། དེ་ཡང་དཀྱིལ་འཁོར་ལྔ་ཉེ་བར་བསྡུས་པས་བྱང་ཆུབ་སེམས་འགུགས་པའོ།། དེས་ན་སྐད་ཅིག་ཐམས་ཅད་ལ་ཀུན་ཏུ་ཞེན་པའི་སེམས ་དེའི་རྣམ་པ་ཉིད་ཀྱི་ཕྱིར་རོ།། བྷ་ག་ནི་ཉོན་མོངས་པ་ཐམས་ཅད་ལས་ཁ་ཕྱིར་ཕྱོགས་པའོ།། དེས་ན་ཐ་མལ་པའི་ཀུན་རྫོབ་ཏུ་བསྟན་ཏོ།། གཞན་ཡང་སོ་སོའི་སྐྱེ་བོ་རྣམས་ཀྱི་རྒྱུ་དང་འབྲས་བུའི་གནས་ཐབས་ལ ་བདེ་བ་ཡང་བུད་མེད་ཀྱི་བྷ་ག་ལ་ཀུན་ཏུ་སྦྱོར་བའི་ཕྱིར་དེར་ཡང་བཞུགས་པའོ།། གང་གི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཡང་བདག་གོ། ཞེས་བརྗོད་པའི་ཕྱིརོ།། དེས་ནི་འཇིག་རྟེན་པའི་ཀུན་རྫོབ ་དུ་བསྟན་ཏོ།། དེ་ལྟར་ཀུན་རྫོབ་རྣམ་པ་གསུམ་གྱི་བྷ་གྲ་ལ་བཞུགས་ཏེ། ཆུང་ངུ་དང་འབྲིང་དང་ཆེན་པོ་འཆད་བཞིན་པས་སེམས་ཅན་རྣམས་ལ་སྟོན་ཏོ།། དེ་ཉིད་གསུངས་པ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་ནི ་རྡོ་རྗེ་སྙིང་པོའི་ཞུ་བ་བཅོམ་ལྡན་འདས་ལ་ཁུསྡེ་པའོ།། ཀྱེ་ཞེས་པ་ནི་བོད་པའོ།། ཅི་ཞེ་ན། བཞུགས་ཞེས་གསུངས་ཏེ། སྔོན་དུ་གསུངས་པ་འདི་ལྟ་བུའི་ཀུན་རྫོབ་རྣམ་པ་གསུམ་དོན་དམ་པར་ཡང་ཇི་ལྟ་བུ་ཞེས་པའི་དོན་ཏོ།། ་ཅི་གསུངས་པར་འགྱུར་ཞེས་པ་ནི་དགོས་པ་ཅི་ཡོད་ཅེས་པའི་དོན་ཏོ།། གལ་ཏེ་ཡང་བཅོམ་ལྡན་འདས་དོན་དམ་པའི་རང་བཞིན་ཡིན་པ་དེའི་ཚེ་མ་གསུངས་པའི་ཕྱིར་ཀུན་རྫོབ་རྣམ་པ་གསུམ་ཇི་ལྟ་བུའི་དགོས་པ་ཡིན ་ཞེས་པའི་དོན་ཏོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་གསུངས་པའོ།། ཅི་གསུངས་ཞེས་པ་ནི་རྡོ་རྗེ་སྙིང་པོའི་སོ་མཱ་ཉི་གསལ་ཏེ། རང་གི་ངོ་བོའི་རང་བཞིན་ཤེས་པོར་བྱའོ།། རོ་གཅིག་ཅེས་བྱ་བ་ལ་སོགས་པ་ནི་འདིས ་དང་པོ་ཉིད་དུ་དོན་དམ་པ་བསྟན་པ་བརྗོད་དེ། རོ་གཅིག་ཅེས་པ་ནི་རང་གི་ལུས་དང་ངག་དང་སེམས་ཀྱི་ཆོས་དེའི་རང་བཞིན་རྣམས་འབྱུང་བའོ།། དེས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་པ་ནི་དེ་བཞིན་ཉིད་ལས ་བྱུང་བ་གཞན་གྱི་དབང་གིས་རང་བཞིན་དུ་གྱུར་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀུན་རྫོབ་ཀྱི་བདེན་པ་གཟུགས་ཅན་དེ། གང་གི་ཕྱིར་སེམས་ནི་དེ་བཞིན་ཉིད་ཀྱི་བདག་ཉིད་དེ་གཞན་གྱི་དངོས་པོ་རྣམས་ལ ་ཐིམ་པར་གྱུར་པ་གཅིག་ཏུ་དང་དུ་མའི་རང་བཞིན་སྣ་ཚོགས་ཀྱི་ནོར་བུའི་གཟུགས་བཞིན་དེའི་ཚེ་གཞན་དབང་དུ་བཞག་པ་རྣམ་པ་སྣ་ཚོགས་པ་དེ་ནི་དེ་བཞིན་གཤེགས་པའི་ངེས་པའོ།། སླར་ཡང་བ ་པའི་བསྒོམ་པའི་དབང་གིས་དེ་བཞིན་གཤེགས་པ་དེ་རྣམས་རོ་གཅིག་པ་ཉིད་དེ་ཡེ་ཤེས་དང་རྣམ་པར་ཤེས་པ་གཅིག་པ་ཉིད་དོ།། དེས་ན་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྣམས་ཉེ་བར་བསྡུས་པ་དེས་ན་ཡོངསུ་གྲུབ་པའི ་ཆོས་ཉིད་དོ།། དེ་ལྟར་སེམས་དང་སེམས་ལས་བྱུང་བའི་མ་རིག་པའི་བག་ཆགས་ཟད་པ་ནི་རྒྱུའོ།། དེའི་འབྲས་བུ་བསྟན་པའི་ཕྱིར་དེ་བཞིན་དུ་སེམས་ལ་སོགས་པ་གསུམ་གྱི་རྣམ་པར་བག་པ་གསུངས་ཏེ། སྣ་ཚོགས་པ ་ཞེས་བྱ་བ་ལ་སོགས་པ་ལ། སྣ་ཚོགས་ཞེས་པ་ནི་ཐབས་ཀྱི་ཁྱད་པརོ།། ཇི་ལྟར་འགའ་ཞིག་ལག་པ་བཟོ་བ་ཉིད་ཀྱིས་ནོར་བུ་རྣམས་འཆོས་ཤིང་བྱེད་པ་དེའི་ནོར་བུ་སྣ་ཚོགས་པའི་ཡོན་ཏན་གྱིས་སྐྱོན་ཡང་ཡོན་ཏན་དུ་འགྱུརརོ།། ་དེ་བཞིན་དུ་རྣམ་པ་སྣ་ཚོགས་པའི་ཐབས་ཀྱིས་གདུལ་བྱ་སྐྱེ་བོ་རྣམས་འདུལ་བར་འགྱུར་རོ།། ཇི་ལྟར་འགྱུར་ཞེ་ན། གདུལ་བྱའི་སྐྱེ་བོ་དེ་རྣམས་ཀྱི་ཡིད་ལ་འདོད་པ་འཕྲོག་པ་དང་ལྡན་ཞེས་པ་ནི་འདིར་བསྒོམ་པའི་དུས་སུ་ཡང་ལས ་དང་པོ་པ་དེས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཡིད་དེསོ་རང་གིས་སེམས་ཀྱི་འདོད་པ་སྣ་ཚོགས་པའི་བློ་དེ་ཉིད་དང་། བླ་མོའོ་མན་ངག་གིས་ཐབས་སྣ་ཚོགས་པའི་ནང་དུ་ཆུད་ཀྱང་བདེ་བས་སེམས་ཀྱི་བློ་བུར་ཟད་དེ། དེས་ན ་བདེ་བ་དང་སེམས་ཅན་འདི་དག་ལ་བརྟེན་པའི་བློ་སྐྱེའོ།། དོན་ཏོ་ཞེས་པ་ནི་དེ་ལྟར་རྡོ་རྗེ་སྙིང་པོ་ལ་བོད་པའོ།། ཀུན་རྫོབ་གསུམ་ལ་བདེ་བར་བརྟེན་པ་འདིས་དེ་ཉིད་ཀྱི་དོན་ཡོངསུ་རྫོགས་པའི་ནང་དུ་ཆུད་ཀྱང་བསམ་གྱིས་མི་ཁྱབ་པ་ལ་སེམས ་པའོ།། དེའི་ཕྱིར་བསམ་གྱིས་མི་ཁྱབ་པའི་སྙིང་རྗེས་བསྒྲུབས་ཞེས་པའི་དོན་ཏོ།། དེ་བཞིན་དུ་སེམས་ཅན་ལ་དམིགས་པས་པས་ལྷན་གྱིས་གྲུབ་པས་དམིགས་པ་མེད་པའི་སྙིང་རྗེ་སྐྱེའོ།། དེས་ནི་ཆོས་ལ་དམིགས་པའི་སྙིང་རྗེ་བསྒྲུབ་པར ་བཤད་དོ།། སླར་ཡང་ཉེ་བ་བསྡུ་བ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་ཞེས་པ་ནས་བདག་གིས་ཐོས་ཞེས་པའི་མཐར་ཐུག་པ་གསུངས།། ཅི་ཐོས་ཞེ་ན། གསུངས་པ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལྔ། འདིར་གྲང་གིས་ཞེས ་པ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་བཅོམ་པ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་ན་ཤེས་རབ་ཅེས་པ་ནི་སྟོང་པ་ཉིད་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་བཅུ་དྲུག་ལས་གཙོ་བོར་གྱུར་པ་དེ་ནི་གང་གི་ཕྱིར་ཉོན་མོངས ་པ་ཐམས་ཅད་འཇོམས་པ་དེའི་ཕྱིར་ཤེས་རབ་ལ་བྷ་ག་ཞེས་བརྗོད་དོ།། སོགས་པའི་སྒྲ་ནི་རྩ་རྣམས་ཀྱི་རྒྱུ་བས་དཀྱིལ་འཁོར་ལྔའི་སྲོག་རྣམས་རྒྱུ་བ་ཤེས་པར་བྱ་སྟེ། ཨ་བ་དྷཱུ་ཏཱིའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ཆ་དེ་འཇུག་པའི་དུས ་སུ་དེའི་བྷ་ག་ལ་བཞུགས་པ་སྟེ། གང་གིས་ཕྱིར་སེམས་དང་སྲོག་དག་གཅིག་པ་ཉིད་དོ།། ཡང་ན་ཐ་མལ་པའི་བུད་མེད་རྣམས་ཀྱི་བྷ་ག་བདེ་བ་དང་ལྡན་པ་དེ་ལོ་དེའི་རང་བཞིན་གནས་པའོ།། དེ་ལྟར་དེ་རྣམས་ཀྱི་བཙུན་མོ་ལ་བཙུ ་པའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་རང་རིག་པའི་བདག་ཉིད་ཅན་ནོ།། བཙུན་མོ་ཞེས་པ་ནི་སྙིང་རྗེ་བཅུ་དྲུག་པོ་དེ་རྣམས་དང་ལྷར་གཅིག་བཞུགས ་པ་སྟེ། སྤྲོས་པ་མེད་པའི་ཆོས་ཉིད་ཀྱི་རྣམ་པ་དེ་སྤྲོས་པ་དང་བཅས་པར་གྱུར་པའོ།། དེས་ན་བྱང་ཆུབ་སེམས་དཔའི་སྐྱེ་བོའི་ལུས་ལ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་སྦྱོར་བ་འཛིན་པ་བཞུགས་པའོ།། དེ་ཡང་ཉོན་མོངས་ཉེར ་བསྣུན་ཞེས་པ་ནི་རང་གི་ཆ་ལས་བྱུང་བའི་སེམས་ཅན་དེ་རྣམས་ཐམས་ཅད་ནི་མི་ཤེས་པས་བསྒྲུབས་ཤིང་དེ་དང་ཉེ་བར་གནས་པའི་སེམས་ཅན་འདུལ་དཀའ་བ་ལ་གོས་པ་ལ་དམིགས་པ་དེས་ན་མི་ཤེས་པ་རྣམས་ཀྱིས་ལས ་ཀྱི་རྣམ་པར་སྨིན་པ་མཐོང་བས་འདུལ་བར་འགྱུར་རོ།། དེས་ན་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་འཇོམས་པར་འགྱུར་རོ།། དེའི་ཕྱིར་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་སེམས་ཅན་ལ་དམིགས་པའི་ཕྱིར ་ཆོས་ལ་དམིགས་པའི་སྙིང་རྗེ་གྲུབ་པའོ།། དེ་ཉིད་ཀྱིས་ན་ཨེ་མཱའོ་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་བར་བསྟན་ཏོ།། སངས་རྒྱས་ཐམས་ཅད་ཀྱི་ཞེས་པ་ནི་བྱང་ཆུབ་ཀྱི་ལམ་ཀྱི་རྗེསུ་འབྲང ་བ་དེ་རྣམས་ཀྱིའོ།། ཀུན་མཁྱེན་ཡེ་ཤེས་པ་ནི་རབ་ཏུ་སོན་པའི་མཐར་ཐུག་པས་འབྲས་མཐར་ཐུག་པས་འབྲས་བུ་གང་ཐོབ་པའོ།། དེ་ཉིད་ཀྱིས་ན་བླ་ན་མེད་པ་ཞེས་པ་ནི་དེའི་རང་བཞིན་ཉིད་ཀྱི་ཕྱིར་ཞེས་དགོངསོ།། ག་ཞེས་པ ་ནཱི་གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་བདེ་བའི་དོན་ཏོ།། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་དུའོ།། དེའི་ཕྱིར་བཙུན་མོ་ཉིད་ཉེ་བར་སྤྲུལ་ཞེས་པ་ནི་རྒྱལ་བའི་རྣམ་པར་སྒེག་མོ་སྙིང་རྗེ་མགྲིན་པ་ནས་སྐད ་ཅིག་ཀྱང་མི་འདོར་ཏེ། དེ་ནི་གཉིས་མེད་པའི་བདེ་བ་དང་ལྡན་པས་མི་འདོར་རོ།། གང་གི་ཕྱིར་སེམས་ཅན་ཐམས་ཅད་ནི་དེའི་རང་བཞིན་ཡིན་པས་དེས་ན་དེ་རྣམས་ཀྱི་དོན་བྱེད་དོ།། འདི་རྣམས་ཀྱི་ཉེ་བར་བསྡུ་བ་གསུངས་པ། ་རིགས་ཀྱི་བུ་ཞེས་བྱ་བ་ལ་སོ་ལ་ལ་འགྲོ་རྣམས་རང་གི་རིགས་ལྕེས་བྱུང་བ་ནི་སངས་རྒྱས་ཀྱི་སྨྲས་སོ།། དེ་ན་འདི་སྐད་ཅེས་པ་ནི་ཁྱོད་ཀྱི་འདི་ཞེས་པའི་དོན་ཏོ།། གང་གིས་ཐོས་ཞེས་པ་ནི་ཤེས་རབ་དང་ཐབས་བདག་ཉིད་ཀྱི་སྦྱོར་བའོ།། ་དེ་ཡང་དག་གི་སྒོ་ནས་ངེས་པར་བཟུང་བ་མིང་སྔོན་དུ་འགྲོ་བས་ན་ཡི་གེ་དེ་ཡང་ཆོས་ཀྱི་ཐོག་སྔོགས་རྟག་ཏུ་བཞུགས་ཞེས་པ་ནི་ཐེག་པ་གསུམ་ལ་སོགས་པའི་དམ་པའི་ཆོས་ཀྱི་གླེགས་བམ་ལའོ།། སོགས་པའི་སྒྲས་ནི ་སྙན་དངགས་ཀྱི་བསྟན་བཅོས་དང་། སྒྲའི་བསྟན་བཅོས་ལ་སོགས་པ་དང་། གཞན་ཡང་འཇིག་རྟེན་པའི་ཚོགས་བརྗོད་པ་ལ་ཡང་ངོ་།། རྟག་ཏུ་བཞུགས་ཞེས་པ་ནི་བརྗོད་པའི་ངང་ཚུལ་ཞེས་དགོངསོ།། འོན་ཀྱང་དག་པ ་ཞེས་པ་ནི་འདིར་ཡི་གེ་དག་པ་དེ་ནི་ཆོས་ཀྱི་ཕྱིད་ཀྱི་རང་བཞིན་ཡིན་པས་དེ་ཉིད་ཀྱི་ནང་དུ་ཐིམ་མོ།། དེས་ན་བརྗོད་དུ་མེད་པས་དག་པའོ།། གང་གི་ཕྱིར་ཆོས་ཐམས་ཅད་འདུས་མ་བྱས་ཤིང་གདོད་ནས་མ་སྐྱེས་པ་ཉིད ་དངོས་པོ་མེད་པའི་མཚན་ཉིད་མི་བདེན་པ་བརྫུན་པའོ།། དེའི་ཕྱིར་བརྗོད་དུ་མེད་ཅེས་དགོངས་སོ།། དེ་ལྟར་རྫོགས་པའི་སངས་རྒྱས་དེ་རྣམས་ཀྱི་དེ་བཞིན་དུ་དངོས་གྲུབ་དེ་རྣམས་ཀྱང་བསྐྱེད་པར་བྱེད ་པའོ།། བརྗོད་མེད་ཅེས་པ་ནི་འདིར་གལ་ཏེ་ཡང་ཆོས་རྣམས་ཐམས་ཅད་རོ་གཅིག་པ་ཉིད་ཀྱི་བྱང་ཆུབ་དེའི་བདག་ཉིད་སངས་རྒྱས་ཏེ་རྫོགས་པའི་སངས་རྒྱ་སོ།། དེ་རྣམས་ཀྱི་ཆོས་ནི་རྟེན་མེད་པ་ཆོས་ཀྱི་སྐུའོ།། དེས་ན་ཡོད ་མཱ་ཡིན་པའི་ཆ་བརྗོད་དུ་མེད་པའོ།། དེས་ནཱ་ཡི་གེ་བརྗོད་པའི་མིང་གི་མཐའ་ནུབ་པའོ།། དེ་ཡང་སྙིང་རྗེས་བསྐུལ་བ་དག་གིས་ཞེས་པ་ནི་ཤཱཀྱ་ཐུབ་པ་སྤྲུལ་པའི་སྐུ་གཟུང་ནས་འགྲོ་བའི་དོན་བྱ་བའི་ཕྱིར་རྩོད་པའི་དུས་སུ་སྔ ་ཀྱི་ཐེག་པ་ཆེན་པོའི་ཆོས་རྣམས་ཕྱུག་ན་རྡོ་རྗེ་ལ་ཡི་གེ་ཐམས་ཅད་ཀྱི་གཟུགས་ཀྱིས་སོ།། བསྟན་ཅེས་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་སྦྱོར་བའི་ཚིག་གི་སྒོ་ནས་བསྟན་ཅེས་དགོངསོ།། དེའི་ཕྱིར་ཡི་གེ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། ཡི་གེ་འདི་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱིས་མཉན་པར་བྱ་བ་དང་། བཀླག་པར་བྱ་བ་དང་། བསམ་པར་བྱ་བ་དང་། བཅང་བར་བྱ་བ་དང་། དམ་པའི་ཆོས་སྣ་ཚོགས་པའི་དག ་པའི་བླ་མའི་མན་ངག་གིས་བསྒོམ་པར་བྱའོ།། དེས་ན་སེམས་ཅན་རྣམས་ལ་དེ་སྐད་ཅེས་བྱའོ།། མཚོན་བྱ་ཞེས་པ་ནི་མངོན་དུ་བསྒོམ་པ་ལོ་རྟོག་པའི་བདག་ཉིད་ཅོན་ཡི་གེའི་མིང་ཅན་གྱིས་རང་རིག་པ་ལ་སོགས ་བའི་མཚོན་པར་བྱའོ།། དེ་ཡང་སྔོན་དུ་ཞེས་པ་ནི་ཡང་དག་པར་དེར་ཐིམ་པའི་སེམས་ཀྱིས་ཇི་སྲིད་མཚོན་པ་མེད་པའི་བར་དུ་ཞེས་སྦྱ་རོ།། ཚེ་འདི་ཉིད་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ལྟར་བསྡུས་པའི་དོན་བསྟན ་པའི་ཕྱིར། དངོས་གྲུབ་ཀྱི་མཆོག་ཅེས་གསུངས་ཏེ། གཉིས་མེད་པས་བསམ་གྱིས་མི་ཁྱབ་པ་གཉིས་མེད་པའི་མཆོག་གི་དངོས་གྲུབ་སྟེ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཀྱི་མཆོག ་འདུས་མ་བྱས་པའི་ཡེ་ཤེས་ཀྱི་དངོས་པོ་ཞེས་པའི་དོན་ཏོ།། རྒྱུད་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་ནོར་དང་སྦྱོར་མའི་རྒྱུད་ཐབས་ཤེས་རབ་ཀྱི་བདག་ཉིད་རྣམས་ཀྱིའོ།། དེ་དག་གི་གླེང་གཞི་ཞེས་པ་ནི་དེའི་ངེས་པའི ་ཚིག་ཡང་དག་པར་བསྟན་པའོ།། གསང་ཆེན་ཞེས་པ་ནི་སྟོང་པ་དྲང་སྙིང་རྗེ་གཉིསུ་མེད་པའི་ཕྱིར་དེ་དག་སྤྲོས་པ་ཉིད་དོ།། དཔལ་ཁ་སྦྱོར་གྱི་ཐིག་ལེ་ལས་བྱུང་བ་ཞེས་པ་ནི་དེ་བཞིན་དུ་དཔལ་ནི་གཉིས་མེད་པའི་ཡེ་ཤེས ་བསམ་གྱིས་མི་ཁྱབ་པཾ་གཉི་སུ་མྱེད་པ་ལས་བྱུང་བའོ།། རྟོག་པའི་རྒྱལ་པོ་ཞེས་པས་ནི་དེ་ལྟར་རྟོག་པ་ཐམས་ཅད་ཀྱི་གླེང་བཞི་གཙོ་བོར་གྱུར་པ་བརྗོད་པ་ལེའུ་འམ་དུམ་བུའམ་རིམ་པར་ཕྱེ་བའོ།། དེ་ཉིད་དོན་དམ་པ ་བྱང་ཆུབ་སེམས་ལས་མཆོག་གོ།། དེ་ཉིད་དོན་གྱི་སྒྲས་བསྟན་ཏེ། གང་གིས་རྟོག་པའི་རྒྱལ་པོ་ཐམས་ཅད་མཛེས་ཤིང་འབར་བས་ན་རྒྱལ་པོའོ།། དེ་དེ་ལས་བྱུང་བ་སྟེ། སྒྲ་བརྙན་ལྟ་བུ་དང་དེ་ཡང་དང་པོའོ།། ཐོག་མ ་དང་ཐ་མ་དོན་མཐུན་པ་ཉིད་ཀྱིས་ན་རྫོགས་པ་ཞེས་པས་ནི་ཐོབ་པའོ།། དེ་ལྟར་སྡུད་པར་བྱེད་པས་ཡི་གེའི་རྣམ་པས་གླེགས་བམ་ལ་སོགས་པ་རྣམ་སུ་བྲིས་བ་ནི་རྒྱུ་དང་འབྲས་བུའི་ཕྱིར་ཞེས་འབྲེལ་ཏོ།། ་ཁ་སྦྱོར་གྱི་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་བཅོམ་ལྡན་འདས་གསང་ཆེན་ཐམས་ཅད་ཀྱི་རང་བཞིན་ལ་འཇུག་པའི་རྟོག་པའི་རྒྱལ་པོའི་རྒྱ་ཆེར་འགྲེལ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་ལས་རྟོག་པ་དང ་པོ་བསྟན་པ་སྟེ་ལྔ་པ་ཡོངསུ་རྫོགས་པའོ།། རྟོག་པ་དང་པོའི་རྒྱ་ཆེར་འགྲེལ་པ་རྫོགས་སོ།། །། ད་ནི་རྟོག་པ་གཉིས་པའི་བྱང་ཆུབ་སེམས་ཀྱི་དབང་གི་རབ་ཏུ་བྱེད་པ་ནས་བརྩམས་ཏེ། སེམས ་ཅན་གྱི་དོན་དུ་དེའི་དཀྱིལ་འཁོར་གྱི་ཆོ་ག་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་རྒྱུད་ཐམས་ཅད་ཀྱི་གླེང་གཞི་གསང་ཆེན་གྱི་རྗེསུ་སྟེ་དེ་བསྟན་པའི་མཐར་རོ།། ཡང་དག་བཤད་པ ་ཞེས་པ་ནི་ཡང་དག་པའི་ཆོས་བསྟན་པ་བཤད་པར་བྱ་ཞེས་པའི་དོན་ཏོ།། སྒྲུབ་པ་པོ་རྣམས་ལ་ཞེས་པ་ནི་དེ་ལྟར་བྱུང་བའི་སེམས་ཅན་རྣམས་ལ་ཞེས་པའི་དོན་ཏོ།། ཕན་པའི་ཕྱིར་ཞེས་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད ་ཀྱི་ཆོས་ཏེ། གཞན་མུ་སྟེགས་པ་ལ་སོགས་པའི་ཆོས་རྣམས་དང་མཚུངས་པ་ནི་མ་ཡིན་ནོ།། དེས་ན་འདི་ནི་གང་གི་ཕྱིར་ཞེས་པའི་དོན་ཏོ།། སློབ་མ་དབང་བསྐུར་བའི་ཞེས་པ་ནི་འདིར་དབང་ནི་རྣམ་པ་གཉིས་ཏེ། འཇིག ་རྟེན་པ་དང་། འཇིག་རྟེན་ལས་འདས་པའོ།། དེ་ལ་འཇིག་རྟེན་ནི་དེ་བཞིན་གཤེགས་པའི་དབུགས་དབྱུང་བ་སྟེ། དེ་ཡང་རྣམ་པ་བཅུའོ།། གང་འཇིག་རྟེན་ལས་འདྲ་བ་དེ་ནི་རྡོ་རྗེ་འཆང་གི་དབུགས་དབྱུང་བ་སྟེ། གསང་བ་དང ་ཤེས་རབ་ཡེ་ཤེས་དང་གོང་མའོ།། དེ་ལྟར་དེ་བཞིན་གཤེགས་པའི་དབུགས་དབྱུང་བས་ནི་བསོད་ནམས་ཀྱི་ཚོགས་བསགས་པ་དང་། དམ་པའི་ཆོས་ཀྱི་སྣོད་དུ་བྱེད་པའོ།། དེ་བཞིན་དུ་རྡོ་རྗེ་འཆང་གིས་དབུགས་དབྱུང་བས ་ནི་ཡེ་ཤེས་ཀྱི་ཚོགས་ཀྱི་དབང་གིས་སངས་རྒྱས་ཉིད་འཐོབ་པར་འགྱུར་པའོ།། དེ་ལྟར་ཕྱི་དང་ནང་གི་བདག་ཉིད་འཆད་བཞིན་པ་དེ་ནི་རྒྱུ་དང་འབྲས་བུའི་ཕྱིར་ཏེ། གང་གིས་ཞེས་པ་ནི་དཀྱིལ་འཁོར་གྱི་ཆོ་གས་སོ།། ཆོ་ག་དེ་ཡ ་ཞེས་པ་ལ་ཡང་གི་སྒྲས་ནི་དབང་གི་ཆོ་གས་གཟུང་ངོ་།། བསྟན་པར་བྱ་ཞེས་པ་ནི་བཤད་པར་བྱ་ཞེས་པའི་དོན་ཏོ།། དང་པོར་ལྷ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སློབ་མས་གསོལ་བ་བཏབ་པའི་རྗེ་སུ་སྟེ། དེ་ལྟར་དང་པོ་ཉིད་བླ་མ་དྷྭེ། ་སློབ་མ་དག་ཕན་ཚུན་ལེགས་པར་བརྟགས་པ་བདག་ལ་བལྟོས་པ་མེད་པ་རང་དང་གཞན་གྱི་དོན་བསྒྲུབ་པ་ལ་བརྩོན་པ་དེ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སློབ་མ་ལ། བླ་མས་ཀྱང་སྙིང་རྗེ་མངོན་དུ་བྱའོ།། དེ་ནས་ཡང ་ཐམས་ཅད་ཐོབ་པ་དེའི་ཚེ་དཀྱིལ་འཁོར་གྱི་སར་སློབ་དཔོན་སོང་ནས་དྲི་ཞིམ་པའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་ས་ལ་བསང་གཏོར་བྱའོ།། སླར་ཡང་བླ་མས་རང་གི་འདོད་པའི་ལྷའི་སྦྱོར ་བ་མངོན་དུ་བྱ་སྟེ། དེའི་ཚེ་བུམ་པ་ལ་སོགས་པ་དགད་ཅིང་ས་བོན་དགོས་པ་ལ་སོགས་པ་སྔོན་དུ་འགྲོ་བས་སའི་ལྷ་མོ་ལྷག་པར་གནས་པར་བྱའོ།། དེ་ཉིད་ལ་གསོལ་བ་གདབ་པར་བྱ་སྟེ། མེ་ཏོག་ལ ་སོགས་པ་ཕུལ་ལ་བཟོད་པ་གསོལ་ཏེ། བློས་ན་མཁར་གཤེགསུ་གསོལ་ལོ།། དེ་ནས་པུས་མོ་ཙམ་བརྐོ་བར་བྱའོ།། པེའུ་ལ་སོགས་པའི་ཟུག་རྔུ་བསལ་ནས་མཐོ་གང་ཙོམ་བརྐོས་ཏེ། ཆུས་བཀང་ལ་བརྟག་སྟེ། གོམ་པ་བརྒྱ་བརྒྱ ་སོང་ལ་སླར་ལོག་ནས་བལྟའོ།། གལ་ཏེ་ཅུང་ཟད་པར་མ་གྱུར་ན་དེའི་ཆོས་གཟུང་བར་བྱའོ།། གལ་ཏེ་ཅུང་ཟད་ན་དེའི་ཚེ་དོར་རོ།། ཅིའི་ཕྱིར་ཞེ་ན། ཉེས་པ་དུ་མར་ཐལ་བའི་ཕྱིར་རོ།། སླར་ལ་ཡང་གང་གི་ཚེ་ཉེས་པ་འདི་རྣམས་མེད་པ ་དེདེའི་ཚེ་དེ་ཉིད་ཀྱི་སས་དགང་བར་བྱའོ།། གལ་ཏེ་ས་ལྷག་ན་དེའི་ཚེ་སྔགས་ཀྱི་དངོས་གྲུབ་པོ།། གལ་ཏེ་ཉུང་ན་དེའི་ཚེ་དངོས་གྲུབ་མེད་དོ།། གལ་ཏ་ཡང་མཉམ་ན་དེའི་ཚེ་ཞི་བར་འགྱུར་རོ།། དེ་བཞིན་དུ་བླ་མས་ཏིང་འཛིན་ལ་དམིགས་པར ་བྱས་ནས། སྔགས་བཟླས་པ་ལྀ་སོགས་པ་དང་མཆོད་པ་ཡང་བྱ་སྟེ། བུམ་པ་ལ་སོགས་པ་གཞོག་པར་བྱའོ།། དེ་ནསཱ་སའི་ལྷ་མོ་སྤྱན་དྲངས་ཏེ། དེ་ཉིད་ལ་མཆོད་པ་བྱས་ནས། ཧཱུཾ་རྡོ་རྗེ་འབད་བྱས་པས་ཤེས་པ་ནི་དཀྱིལ ་འཁོར་དེའི་གན་སུ་སའི་ལྷ་མོ་དེ་ཐིམ་པར་བསམ་པར་བྱའོ།། དེའི་ཚེ་ཧཱུཾ་ཡོངསུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའོ།། དེས་ན་དེའི་རང་བཞིན་དུ་བྱ་ཞེས་དགོངས་སོ།། དེའི་ཚེ་དར་ཕྱོགས་སྐྱོང་རྣམས་ལ་གཏོར་མ་རྒྱ་ཆེན་པོ་སྦྱིན་པར་བྱའོ།། ་སླར་ཡང་བླ་མས་ཏིང་འཛིན་གསུམ་གྱི་ཚུལ་གྱི་སྲུང་བའི་འཁོར་ལོ་ལ་སོགས་པ་ཉེ་བར་དགོད་པར་བྱའོ།། དེའི་རྗེ་སུ་སྒྲུབ་པ་པོ་གལ་ཏེ་རྒྱ་ཇི་ཙམ་འདོད་པ་དེ་ཙམ་གྱི་དཀྱིལ་འཁོར་བྱི་བར་བྱའོ།། དེ་ཉིད་ཀྱི་གནས་གསུངས་པ ་སྐྱེད་མོས་ཚལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སྟོང་པ་ཞེས་པ་ནི་དུ་ཁྲོད་དུ་ཞེས་པའི་དོན་ཏོ།། སླར་ཡང་ཉེས་པའི་དེ་ནི་གསུངས་པ། འདིར་ཆོས་རྣམས་ཐམས་ཅད་ཀྱི་གཞི་ནི་མ་རིག་པའོ།། དེས་ནི་ཕུང་པོ་ལྔ་རྣམས་སྐྱེ ་བོར་འགྱུར་རོ།། དེས་ན་སྣ་ཚོགས་ཉིད་དེ། དེའི་ཕྱིར་རྣལ་འབྱོར་པ་རང་གི་ལུས་སྦྱང་བར་བྱ་སྟེ། ལས་དང་པོ་པས་རྣམ་པ་དང་བཅས་པའི་ལྷའི་བདག་ཉིད་བསྒོམ་པའོ།། དེས་ན་སེམས་རྩེ་གཅིག་པ་ཧཱུཾ་གིས་བརྡས་བསྟན་པ ་སེམས་རྡོ་རྗེ་ཅན་དབྱེར་མེད་པའི་ཡེ་ཤེས་རྡོ་དྷར་འགྱུར་ཞེས་དགོངས་ཏེ། དེའི་ཚེ་གཡོན་དང་གཡས་ཀྱི་སྣའི་བུ་ག་དག་གི་སྲོག་ལ་སོགས་པ་བཅུའི་དཀྱིལ་འཁོར་ལྔ་ལྔ་བསྒོམ་པར་བྱ་ཞེས་པ་ནི་སླེབཱི་མའི་ལམ་མོ།། ཕྱིས ་བསྒོམ་པའི་ལམ་གསུངས་ཏེ། སྐྱེད་མོས་ཚལ་ཞེས་པ་ནས་ལྡིང་ཁང་གོ་བར་རོ།། དེ་ཡང་རིམ་པ་བཞིནི་ས་ལ་སོགས་པ་ན་མཁའི་མཐའ་ཐུག་པའི་དཀྱིལ་འཁོར་ལྔ་སྣ་བུ་ག་གཡས་པར་སྡུད་པའི་རིམ་པས་སོ།། དེ་བཞིན ་དུ་ན་མཁའ་ལ་སོགས་པའི་དཀྱིལ་འཁོར་ལྔ་སྣ་བུག་གཡོན་པར་སྤྲོ་བའི་རིམ་པས་སོ།། དེ་ལྟར་དཀྱིལ་འཁོར་མཆོག་ཅེས་པ་ནི་གནས་འདི་རྣམ་སུ་བསམ་པར་བྱ་བའོ།། དེ་ཡང་རང་བཞིན་གྱིས་དག་པ་དེ་བཞིན་ཉིད་ཆོས ་ཀྱི་དབྱིངས་ཀྱི་དཀྱིལ་འཁོརོ།། འོན་ཀྱང་ཞི་བ་ལ་སོགས་པའི་ལས་བྱ་བའི་ཕྱིར་འཆང་བཞིན་པ་ལས་བསྟན་པར་བྱའོ།། དེ་བཞིན་དུ་ཡང་ཕྱིའི་དཀྱིལ་འཁོར་གྱི་རྡུལ་ཚོན་རྣམས་བསྟན་པའི་ཕྱིར། ་རྡུལ་ཚོན་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། དུར་ཁྲོད་ཀྱི་སོལ་བ་དང་སོ་ཕག་དང་མིའི་རུས་པའི་ཕྱེ་མ་དང་། མི་རུས་ཀྱི་ཕྱེ་མ་ལྡོང་རོལ་ཀྱིས་བསྒྱུར་བའི་རྡུལ་ཚོན་དང་། དེ་བཞིན་རྡུལ་ཚོན་ལྗང་ཁུའོ།། དེ་རྣམས་མ་རྙེད་ན། རིན ་ཆེན་ལྔའི་རང་བཞིན་ཞེས་པ་ནི་པདྨ་རཱ་གཾ་དང་ཨིནྟེ་ནཱི་ལ་དང་ཀཪྻེ་ཏ་ཀ་དང་བཻ་ཌཱུརྱ་དང་མཱཪྴ་ཏ་རྣམསོ་སོ།། ཡཱང་ན་གི་སེལ་དང་དངུལ་དང་བྷུ་རུ་དང་། མུ་ཏི་གེ་དང་མུ་མེན་རྣམ་སོ།། དེ་རྣམ་ཀྱང་མ་རྙེད་ན་འབྲས་ལ་སོགས་པ་སྟེ། ་འབྲས་བཏཿཔའི་རྭ་བཞིན་ལྡོང་རློས་ལ་སོགས་པའི་ཚེ་ན་སྣ་ལྔས་ཁ་བསྒྱུར་བའི་ཕྱེ་མཱ་རྣམས་ཀྱིས་བྱ་ཞེས་པ་ནི་དྲང་པའི་དོན་ཏོ།། དེ་བཞིན་དུ་ངེས་པའི་དོན་བསྟན་པའི་ཕྱིར་རྡུལ་ཚོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག ་ཅེས་པ་ནི་སྔོན་དུ་གསུངས་པའི་དཀྱིལ་འཁོ་པ་རེ་རེ་མེ་ལོངངྒེ་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་བདག་ཉིད་།། ཡང་ན་དེ་ཉིད་ཀྱི་ཨ་པཱ་དྷཱུ་ཏཱིར་བདུད་རྩི་ལྔ་རྒྱུ་བའི་ཕྱིརོ།། དེས་ན་འབྲོས་ལ་སོགས་པའི་འབྲུ་མ་ཟོས་པས་ནང ་མེད་པར་འགྱུར་བ་དང་། སྐྲ་དཀར་དང་གཉེར་མ་སྤངས་པའི་ལུས་ཀྱི་དངོས་གྲུབ་ཏུ་འགྱུ་རོ་ཞེས་པ་སྟེ་ངེས་པའོ།། ང་ནི་སློབ་མའི་དབང་གི་ངཀྱིལ་འཁོར་གྱི་ཚིང་བསྟན་པའི་ཕྱིར། ཁྲུ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དེ་ལ་ཁྲུ་གསུམ་ནས་བརྩམས་ཏེ་ཁྲུ་བཞི་ལ་སོགས་པ་འམ་ཁྲུ་སྟོང་གི་མཐར་ཐུག་པར་རོ།། དེ་ལྟར་དཀྱིལ་འཁོར་རྫོགས་ནས་འདི་ཉིད་དུ་སློབ་མ་དང་སློབ་དཔོན་ལྷ་གང་ལ་མོས་པ་དགྱེས་པའི་རྡོ་རྗེ་ལ་སོགས་པའི་ལྷ ་གན་སུ་དགོད་དེ། ཇི་ལྟ་བའི་ཆོ་གས་མཆོད་པ་བྱས་ནས་གཏོར་མ་སྦྱིན་ནོ།། འོན་ཀྱང་དབང་བཅུ་མ་གསུངས་མྱོང་དེ་བཞིན་དུ་འདིར་གོ་རིམས་ཇི་ལྟ་བ་བཞིན་རྒྱས་པར་བྱའོ།། གཞན་དུ་དམ་ཚིག་ཉམས་པར་འགྱུར་ཞེས་པ ་སྟེ་ངེས་པའོ།། དེ་ནི་སླར་ལ་ཡང་འཇིག་རྟེན་ལས་འདས་པའི་དབང་གི་དོན་འདོད་པ་སྐལ་པ་དང་ལྡན་པའི་སློབ་མ་རྣམས་ཀྱི་གསང་བའི་དབང་བསྟན་པའི་ཕྱིར། རིག་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྤྱིར ་རིགས་ལྔ་ལས་བྱུང་བའོ་ཞེས་པ་ནི་བྲམ་ཟེ་ལ་སོགས་པའི་རིགས་པས་བྱུང་བའོ།། དེ་བཞིན་དུ་སྡིགས་ཞེས་བྱ་བ་ལ་སོགས་པ་ལ་སྔགྶ་ཀྱ་ལམ་ཀླ་ཀློའི་ལམ་གྱིས་བསྟན་པ་ནི་རྣམ་པ་གཉིས་ཏེ། གཅིག་ནི་བླ་མའི་ནུས་པ་སྟེ། ་དེས་ན་ཁམས་གསུམ་པ་གང་སུ་ཡང་རུང་བའི་བུ་མོ་སྔགས་ཀྱི་ནུས་པས་འགུགས་པའོ།། གཉིས་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོར་རྣལ་འབྱོར་ལ་སྤྱོད་པས་རྣམ་པར་རྟོག་པ་མི་བྱ་སྟེ། སྔགས་ཀྱི་ལམ་ལ་བརྟེན་པས་བུད ་མེད་རྣམས་ལ་རི་རཱཙཱ་ཏི་ཅན་མ་ཡིན་པར་མི་བཏགས་པའི་དོན་ཏོ།། བློ་ལྡན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཡོ་བྱད་ཅེས་པ་ནི་ཆོས་མྱུར་བར་རྣལ་འབྱོར་འཕེལ་བར་འགྱུརརོ།། ལྷག་མེ་ནི་གོ་སླའོ།། སྐལ་བཟང་མ ་བ་ནི་པདྨ་ཅན་ཏེ། དེ་ཡང་གསུངས་པ། རུ་སྦྲུལ་རྒྱབ་དང་གླང་པོའི་དཔུང་།། པདྨའི་ཁ་དང་ལེགས་ཟླུམ་པ།། སྤུ་ནི་མེད་ཅིང་ཁ་རྒྱས་པ།། དྲུག་པོ་དེ་དག་སྐལ་བཟངས་བརྗོད།། བུ་མོ་འདི་དག་གིས་ནི ་ཞེས་པ་ནི་རིགས་མ་བརྒྱད་ཀྱིསོ།། རིགས་ཀྱི་རིམ་པ་བཞིན་ཞེས་པ་ནི་གཽ་རཱི་ལ་སོགས་པའི་རིགས་ལས་བྱུང་བའོ།། ཡང་ན་གངྒཱ་དང་གང་དུ་སྐྱེས་པའི་བུ་མོ་དེ་དང་དེ་ཉིད་གཟུང་སྟེ། གསུམ་ལ་སྐྱབསུ་འགྲོ་བ་དང་དབང་བསྐུར ་བ་སྔོན་དུ་འགྲོ་བས་དམ་པའི་ཆོས་སྣ་ཚོགས་པ་མཉན་པར་བྱའོ།། གཞན་ཡང་ཀ་ར་ན་སྣ་ཚོགས་པའི་རིམ་པ་ཞེས་པ་ནི་འདོད་པའི་བསྟན་བཅོས་དང་། རྗེ་སུ་མཐུན་པར་ལེགས་པར་བསླབས་བརྗོད་དོ། འཁྱོགས་དང་བསྐུམས ་པ་དང་བརྒྱངས་པ་དང་།། བརླ་གདེངས་ལེགས་པར་བརྒྱངས་པ་ཞེས་པ་ལ་སོགས་པ་བྱེད་པ་དྲུག་ཅུ་རྩ་བཞིའི་པར་ལ་ལེགས་པར་བསླབས་ཤིང་བྱང་བར་བྱའོ།། དེ་ལྟར་སྒྲུབ་པ་པོ་རྣམས་ལ་གདུང་བའི་ཕྱག་རྣོ་ཆ་ལ་སོག་སྡེ་རྒྱན ་མས་ཅད་ཀྱིས་རྣམ་པར་བརྒྱན་པའོ།། དངོས་གྲུབ་མཆོག་སྟེར་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྟེར་བར་བྱེད་པའོ།། འདི་ལྟ་བུའི་ཕྱག་རྒྱ་གང་དག་སྟོན་དུ་གསུངས་པའི་ཚུལ་གྱིས་སྦྱངས་པ་དེ་དག་གིས་ནི་ཇི་སྐང ་གསུངས་པ་བཞིན་ཏེ། གཞན་དུ་ནི་མ་ཡིན་ནོ།། རིག་པ་འཛིན་པའི་གྲོགས་ལ་སོགས་པ་དང་བཅས་པ་ཞེས་པོ་ནི་འདིར་རྣལ་འབྱོར་གྱི་ནུས་པས་སློབ་དཔོན་གྱི་དངོས་གྲུབ་ཆེན་པོ་བརྒྱད་ཐོབ་པ་དེའི་དངོས་གྲུབ་འཛིན ་པས་ན་རིག་པ་འཛིན་པའོ།། དངོས་གྲུབ་དེ་རྣམས་ཀྱང་དགུག་པར་བྱའོ།། གང་གི་ཕྱིར་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐོབ་པ་དེའི་ཚེ་འཇིག་རྟེན་པའི་དངོས་གྲུབ་གཞན་བསྒྲུབ་པ་ནི་གྲོགསུ་གྱུར་པའོ།། དེའི་ཕྱིར་དེ་ཐ~ཾད ་པར་འགྱུར་རོ།། སོགས་པའི་སྒྲས་ལྷ་དང་མི་ལ་སོགས་པ་རྣམས་བསྡུའོ།། མེ་ཏོག་གི་ཕྲེང་བ་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟ་བུའི་ཡོན་ཏན་གྱིས་བརྒྱན་པའི་སློབ་དཔོན་ལ་ཕྱག་རྒྱ་མ་དབུལ་ཞེས་པའོ།། གཞན་ཐམས་ཅད ་ནི་གོ་སླའོ།། དྲ་ནི་སློབ་མས་སློབ་དཔོན་ལ་གསོལ་བ་བཏབ་པ་གསུངས་ཏེ། སློབ་མ་ཞེས་བྱ་བ་ལ་སོགས་པ་ནི་སློབ་མའི་བྱ་བ་བསྟན་པའོ།། འདུད་ཅེས་བྱ་བ་ལ་སོགས་པ་ནི་གསོལ་བ་གདབ་པའི་ཕྱིར་བསྟོད་པའོ།། དེ་ཡང ་མི་བབསྐྱོད་པའི་སྒོ་ནས་བསྟོད་པའོ།། ཀུན་མཁྱེན་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པོར་སྣང་མཛད་ཀྱི་སྒོ་ནས་སོ།། འགྲོ་བ་མི་ཤེས་ཞེས་བྱ་བ་ལ་སོགས་པ་ནི་རིན་ཆེན་འབྱུང་ལྡན་གྱི་སྒོ་ནསོ།། སངས་རྒྱས་ཞེས་བྱ་བ་སོ། ་པས་ནི་འོད་དཔག་མེད་ཀྱི་སྒོ་ནསོ།། དེ་བཞིན་དུ་དཀོན་མཆོག་གསུམ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཡོད་པར་གྲུབ་པའི་སྒོ་ནསོ།། འགྲོ་བ་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་སེམས་དཔའི་སྒོ་ནསོ།། དེ་ལྟར་མདོར་བསྡུས་པའི ་སངས་རྒྱས་ཀྱི་ཡོན་ཏན་གྱི་རང་བཞིན་གྱིས་སློབ་དཔོན་གྱི་ཡོན་ཏན་ཡང་དག་པར་གྱུར་པ་སློབ་མས་བརྗོད་པར་འགྱུར་རོ།། དེ་ཉིད་བླ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི་གསོལ་བ་གདབ་པའོ།། རྡོ་རྗེའི་དབང ་བསྐུར་བབུ་ཞེས་པ་ནི་བུམ་པའི་དབང་གི་རྗེ་སུ་གསང་བའི་དབང་བསྐུར་བའོ།། གསུང་ཆེན་ཞེས་པ་ལ་སོགས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་གི་རྗེས་ཐོག་སུ་དབང་བླ་མ་ལ་སོགས་པ་གདབ་པའོ།། དེ ་ལྟར་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་བླམས་ཀྱང་ཇི་སྐད་གསུངས་པ་བརྗོད་པ་དེ་ལ་དེ་སྐད་ཅེས་བྱའོ།། འདོད་པའི་ཡོན་ཏན་ལྷ་ཞེས་པ་ནི་གཟུགས་དང་སྒྲ་དང་དཱི་དང་རོ་དང་རེག་བྱ་རྣམས་ཏེ། རྣམ་པ་སྣ་ཚོགས་པ་དེ་རྣམ ་ཀྱིས་བརྒྱན་པའི་གནས་རྣམསུ་སློབ་མ་དབང་བསྐུར་བར་བྱའོ།། འགྲོ་བའི་གཙོ་བོ་ཞེས་པ་ནི་མ་གསུངས་ཀྱང་དེ་བཞིན་དུ་རྒྱས་པའི་དབང་རྣམ་པ་བཅུ་སྟོན་ཏོ།། ཉིད་ནི་ངེས་པར་གཟུང་བའོ།། འོན་ཀྱང་མེ་ཏོག་བསྒྱུར་ནས་དམ ་ཚིག་སྦྱིན་པར་བྱའོ།། དེས་ན་རང་བཞིན་ཞེས་པ་ནི་ལུས་སྦྱོང་བའི་ཕྱིརརོ།། དེ་ཡང་ཁྲུག་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲག་ཆེན་པོ་ཞེས་པ་ནི་རང་འབྱུང་གི་མེ་ཏོགོ། ག་བུར་བཅས་ཞེས་པ་ནི་ཡང་དག་པར་སྦྱོར་བ ་ལས་བྱུང་བའི་བྱང་ཆུབ་སེམས་སོ།། དེས་ན་དེ་དང་ལྡན་པར་འགྱུར་རོ།། དེ་བཞིན་དུ་མཱིའི་ཁྲག་དང་། ཙོན་ངན་ཡང་དག་པར་སྦྱར་ཞེས་པ་ནི་བཤད་པ་དང་ལྡན་པའི་མི་བསྐྱོད་པའོ།། དེ་བཞིན་སེམས་ལྔས་འབྱུང་བར་བཤད ་ཅེས་པ་ནི་ཡང་སྔོན་དུ་གསུངས་པའི་པདྨའི་སྣོད་ལ་གནས་པའོ།། དེ་ལྟར་དམ་ཚིག་གསུང་སོ།། གཞན་ཡང་སྲོག་ཆ་གོས་ཞེས་བྱ་བ་ལ་སོགས་པ་ནི་སྡོམ་པའོ།། དེ་བཞིན་དུ་སྔོན་དུ་གསུངས་པའི་ཞེས་བྱ་བ་ལ་སོགས་པ ་ནི་གསང་བའི་དབང་ངོ་།། དེས་ནི་ངག་དག་པར་འགྱུར་རོ།། དེ་བཞིན་དུ་དེ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་།། དེས་ནི་སེམས་རྣམ་པར་དག་པར་འགྱུར་རོ།། དེ་བཞིན་དུ་བདག་དང་གཞན་དུ་ཞེས་བྱ་བ ་ལ་སོགས་པ་ནི་དབང་བླ་མའོ།། དེས་ནི་ཡེ་ཤེས་རྣམ་པར་དག་པར་འགྱུར་རོ།། དེ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་རྗེསུ་གནང་བ་སྦྱིན་པའོ།། དེ་ལྟར་སློབ་མ་ཆོས་བསྟན་པ་སྨྲ་བར་བྱའོ།། དེ་བཞིན ་དུ་ཆོས་བསྟན་པ་ཐོས་ནས་རངས་པའི་སློབ་མས་འདི་བརྗོད་དོ།། དེ་རིང་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་དུ་གང་དང་གང་ཅེས་བྱ་བ་ལ་སོགས་པ་ནི་བླ་མ་ལ་ཡོན་ཏན་བཅས་པ་ནི་སྦྱིན་པའོ།། གཞན་དྲི་ཐམས་ཅད་ལ ་གང་ཅུང་ཟད་མ་བསྟན་པ་དེ་ཐམས་ཅང་ན་གོ་སླའོ།། འོན་ཀྱང་དོན་དེ་བཞིན་འཚོད་བཞིན་པས་བཤད་པར་བྱའོ།། དེས་ན་ཁ་ཅིག་ཏུ་དྲོན་གསལ་བར་ཁོང་དུ་ཆུད་པར་བྱ་ཞེས་པ་སྟེ། དྲང་བའི་དོན་ཏོ།། ད་ནི་འདི་ཉིད་ཀྱི ་བསྡུས་པའི་ངེས་པའི་དོན་བསྟན་པའི་ཕྱིར། ཁྲུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིརོ་ལུས་ལ་རྐང་པ་ནས་ཇི་སྲིད་དུ་མགྲིན་པའི་མཐར་ཐུག་པ་ཁྲུ་གསུམ་དྲང་སོར་བཅུ་གཉིས་ལྷག་པར་འགྱུ་རོ།། ་དེས་ནི་དབྱིབས་ཀྱི་རླུང་བསྟན་པའི་དོན་ཏོ།། བཞི་ཞེས་པཾ་ནི་ཀོ་སྐོ་ནས་སྣའི་བར་ལ་སོར་བཞིའོ།། འདིས་ནི་ལས་ཀྱི་རླུང་བསྟན་པའོ།། ཅིའི་ཕྱིར་བསྟན་ཅེས་ན་གསུངས་པོ། རིག་མ་ཞེས་བྱ་བ་ལ་སོགས་པ་ནི་རིག་མ ་ནི་སྤྱན་ལྔ་སོགས་པའི་ལྷ་མོ་ལྔ་དཀྱིལ་འཁོར་ལྔ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཅན་ནོ།། དེ་ཡང་སྔགས་ཀྱི་ལན་གྱིས་ཏེ། ཡི་གེ་གསུམ་གྱིས་རང་བཞིན་གྱི་རྡོ་རྗེ་བཟླས་པའི་ཚུལ་གྱི ་དཀྱིལ་འཁོར་ཐམས་ཅད་ནང་དུ་ཐིམ་པར་བྱ་བའོ།། གང་གིས་སེམས་དབང་བསྐུར་བར་འགྱུར་པས་སྐད་ཅིག་ཐམས་ཅད་དུ་བདེ་བ་ལ་དམིགས་པ་ཐོབ་བོ།། དེ་བཞིན་དུ་མངོན་སུམ་དུ་ཕུང་པོ་ཐམས་ཅད་ཀྱི་སྟེ། དེ་ལྟར་ཡང ་ཇི་ལྟར་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཕུང་པོ་ད་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱི་བདག་ཉིད་དེ་ཉིད་བདེ་བའི་གནསོ།། དེ་ལྟར་སེམས་བདེ་བ་ཉིད་དུ་ཡོངསུ་བརྟགས་ཏེ། དེ་ལས་བྱུང ་བའི་ཕྱིར་ཞེས་དགོངས་སོ།། དེའི་ཕྱིརརུ་ཇི་ལྟར་སེམས་དབང་བསྐུར་བར་འགྱུར་བ་དེ་བཞིན་དུ། འཇིག་རྟེན་ཁམས་ནི་མཐའ་ཡས་ཞེས་པ་ནི་ལུས་དང་དུག་དང་སེམས་ཀྱི་བདག་ཉིད་རྩི་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོཌ ་པ་དེ་ཐམས་ཅད་བློས་གཟུང་བར་བྱའོ།། འདིས་ནི་ཀུན་རྫོབ་ཀྱི་བདེན་པ་རང་བྱིན་གྱིས་བརླབས་པའི་བདག་ཉིད་འཐོབ་བོ།། དེས་ནི་ཁམས་གསུམ་པ་སྣ་ཚོགས་པའི་རང་བཞིན་བསྐྱེད་དོ།། འགྱུར་པ་ནི་དོན་དམ་པའི་དམ ་ཚིག་གོ།། འདི་དོན་ཐམས་ཅད་ནི་དབོང་གི་དོན་ཏེ་རྒྱལ་པོའི་བདག་ཉིད་གང་གིས་ཡང་དག་པར་ཐོབ་བོ།། མདོར་བསྡུས་ན་ཐམས་ཅད་ལ་ཁྱབ་པར་བྱེད་པའི་རྣལ་འབྱོར་གྱི་རྡོ་རྗེ་སློབ་དཔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ ་དེས་ཀྱང་འགྲོ་བའི་དོན་བྱེད་དེ་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ཆེན་པོ་བསྲུང་བའི་ཕྱིར་འགྲུབ་བོ།། དེ་བཞིན་དུ་སྔགས་ཀྱི་ལམ་གྱིས་དོན་དམ་པ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་རྡོ་རྗེ་ལྟ་བུའི་སྲོག་འཇུག་པར་འགྱུར་རོ།། དེའི་ཚེ ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་བཞིན་གཤེགས་པདྨཤཱ་ནཱཾ་བསྐྱེང་བར་འགྱུར་བ་ནི་དོན་དམ་པའི་དམ་ཚི་གོ།། འདི་དྲི་ན་ཐམས་ཅད་ནི་དབང་གི་དོན་ཏེ་རྒྱལ་བའི་བདག་ཉིད་གང་གིས་ཡང་དག་པར་ཐོབ་བོ།། མདོར་བསྡུས་ན་ཐམས ་ཅད་ལ་ཁྱབ་པར་བྱེད་པའི་རྣལ་འབྱོར་གྱི་རྡོ་རྗེ་སློབ་དཔོན་བི་ཙམྦྷ་ལྡན་འད་སྭཱ་ཤཱཀྱ་ཐུབ་པ་ཡོན་ཏན་གྱི་རྒྱ་མཚོ་བཞིན་ཞེསོ།། དེས་ན་མ་ལ་སོགས་པོ་རྣལ་འབྱོར་མ་བཞི་རིམ་པས་བཟློག་པས་དམ་ཚིག་གི་ཕྱག་རྒྱ་ལ་སོགས ་པས་སྒྲུབ་པར་བྱེད་དོ།། ཡང་ན་ཕྱག་རྒྱ་གཅིག་བསམ་གཏན་གྱི་ཁྱད་པར་གྱིས་ཇི་ལྟར་ཐོབ་པ་དེ་དང་ལྷན་ཅིག་བྱ་ཞེས་དགོངསོ།། གང་དེ་ལྟར་མི་འགྱུར་བ་དེའི་ཚེ་གཞན་རིགས་མ་བརྒྱད་པ་ཞེས་པ་བྲམ་ཟེ་མོ་ལ་སོགས་པའོ།། ། ་དེ་རྣམས་ཀྱི་ཡང་ཡི་གེའི་དོན་བརྗོད་ང་རྣལ་འབྱོར་མའི་རྒྱུད་རྒྱསྲྀ་པ་རྣམྦ་ལས་ཇི་ལྟ་བ་བཞིན་གསུངས་པ་དྲྀ་ལྕེ་གཉིས་འདུས་པའི་གནས་སུའོ།། ཛ་རྒོད་མ་ཡི་ནི་མེ་ནི་འབར།། དྷ་ཡེ་ཤེས་སོ་གྷུ་ལེ་འོང་བར་འགྱུར།། ་རཱ་འདོད་ཆགས་ལ་སོགས་ལྔ་ཟད་པས།། མ་དྲོགས་པ་འབབ་པའི་རྩ་ནི་གང་།། བ་ནུ་མའི་དབུས་རྣམ་པར་གཟུང་།། བཱ་བག་ཆགས་དམ་པ་ཤིས་པར་བྱ།། རྭ་འདོད་ཆགས་ཕུལ་དབྱུང་བྱེད་པ་ཡིན།། ཛ་རིགས་འབྱུང་དེ་ནི ་རྣམ་པར་འཇོམས།། ཀྵི་སྐཱ་ཡི་མཚམ་སུ་སོང་བའི་རྩ།། ཨ་མ་མཆུའི་བདུད་རྩི་བཟའ་བའོ།། ཐ་གང་ཚེ་མསྨིན་པར་འདར་ཞིང་འདྲར།། བཱ་ཚིག་གིས་ཚོགས་ནཱ་འགྲོག་པའོ།། ཙཾ་བདུད་རྩིའི་རོ་ནི་མྱང་བའོ།། ་ཌྷ་ཚངས་སྒོང་ཞེས་པ་ཚོལ་འགྲོ་བ།། ལི་དེར་ནི་མི་ཤིགས་པ་ལ་འཁྱུད།། ཀཱ་དུས་དང་དུས་མིན་གཉིས་དུས་མིན།། དོ་སྦྲུལ་བཞིན་དུ་ནི་ཤུགས་འགྲོ་མ།། བཱི་ས་བོན་གཟུགས་ནི་བདུད་རྩིར་སོང་།། མ་ནོར་བུའི་བུ་ག་གཉིས་ལས ་གཡུས།། ཎི་དེ་འགྲོ་བར་ནི་སེམས་ཅན་སྦྲུལ།། ཀུ་རིགས་དང་རུས་ནི་རབ་ཏུ་སྐྱེས།། ལ་དབང་ནི་ཐམས་ཅད་ཐོབ་པ་ཡིན།། ཛ་སྤྲུལ་པ་པོ་ནི་རྟག་ཏུ་འབྱུང་།། ཨ་འབྱུང་བ་ཐམས་ཅད་རྣམས་ནི་གནས།། ཐ་བརྟན་པ་ལ་སོགས ་གཡོ་དང་བཅས།། བཱ་ཨུ་བ་དྷཱ་ཏཱིའི་སྟེང་དུ་འགྲོ།། རཱ་འདོད་ཆགས་བདུད་རྩི་མི་འཛག་ཕྱིར།། ཛཱི་རྟག་ཏུ་བདག་ནི་ཤེས་རྣམ་པ།། ན་ཤེས་པ་མེད་ཅིང་ཤེས་བྱ་མེད།། ཊ་སྒྲུབ་ཐབས་ཐམས་ཅད་བཱན་བཞིན་ཏེ། དངོས་གྲུབ་ཐད་འོང ་བཱར་འགྱུར།། རཱ་རྒྱལ་པོ་དགྲ་ཙི་ཡིས་འཇིགས་ཐམས་ཅད་།། ཤིལ་མདུན་ནས་དལཽ་བཱ་ཉིད་དུ་སོང་།། པི་སེམས་ཅན་གྲང་དག་སྤྲོ་ཆུང་བ།། ཀ་འདི་ལྟ་བུ་ཡི་མཆོག་ནི་བྱེད།། མཱི་ཡིད་ཅན་གྱིས་ནི་ཡོད་མེད་བྱེད།། ཐ་སྲོག ་ནི་རྡོ་རྗེ་ལྟ་བུ་བསྟན། བླ་བག་ཆགས་བདེ་བ་ཙམ་ན་ཉིད།། རྡོ་རྗེ་རླུང་དུ་བསྟན་པ་ཡིན།། འདི་ནི་སྦྱོར་བའི་ལམ་ཡིན་ནོ།། དེ་ནས་མཐོང་བའི་ལམ་གསུངས་པ།། རྀ་དགས་མིག་ལ་སོགས་པ་ཡི།། འདིརོ་རི་དགས ་བཞིན་དུ་རྣལ་འབྱོར་མིག། བསྒོམ་པ་རྟོགས་པ་ཡཱི་ནི་སེམས།། རྒྱ་ཆེ་བར་ནི་ལྟ་བའི་ལུས།། དབུ་མ་ཕྲ་མ་སྤངས་པའོ།། བདེ་དང་སྡུག་པ་རོ་སྨད་ཉིད།། ཆོས་ཀྱི་དབྱིངས་ནི་རྒྱ་ཆེའི་ཕྱིར།། ནུ་མ་མཐོན་པོ་ཞེས་པ་འདིར།། སྲིད་དང་མྱ་ངན་འདས ་པ་ཉིད།། ལྟ་བའི་སྡོང་པོ་སྤངས་པ་ཉིད།། དེ་དག་གཉིས་མེད་མཆོག་ཏུ་འགྱུར།། སྐལ་བཟངས་ཞེས་པ་འདི་ནི་གསུངས།། སུ་བདིར་གཤེགས་འཆིང་བ་དང་ནི་བྲལ།། བྷ་རང་གི་བག་ཆགས་ཀྱིས་ནི་འཁོར།། གྲཝ་སེམས་ཅན་རྣམས་ཀྱི་རིགས ་ནི་གཟུང་།། དེ་ཡང་བསམ་མེད་གཉིསུ་མེད།། སྒྱུ་མ་ཉིད་དེ་རྒྱུ་མའི་སྒྲ།། འཁྲུལ་པས་སྨིག་རྒྱུའི་ཚོགས་ལ་ནི།། ཆུ་ཡི་རྣམ་པ་ཉིད་དུ་མཐོང་།། འཁྲུལ་པའི་ཕྱིར་ན་ཆུ་ནི་མེད།། དེ་ལྟར་ཐམས་ཅད་ང་ནི་ངོར།། ཟབ་མོའི་ཆོས་ཀྱི་དབྱིངས ་ནི་ཉིད།། བཅོམ་པའི་གཟུགས་ལས་འདས་པ་ཀྲིའི་སྒྲ།། བསྐལ་པའི་དང་པོར་རྟག་ཏུ་གན་སྭ།། དམ་ཚིག་ཅེས་པ་དུས་མི་འགྱུར།། སྤྱད་པས་གཉིས་མེད་རབ་ཏུ་འཐོབ།། དེ་ལྟར་ཤིན་ཏུ་གུས་ན་སུ།། དེ་ཉིད་བརྗོད་མེད་མཆོག་མདུན ་དུ།། སྔགས་དང་རྒྱུད་སོགས་ཐམས་ཅད་ནི། སྨིག་རྒྱུ་བཞིན་དུ་རྟག་ཤེས་བྱ།། འདི་དག་གཉིས་མེད་བུ་མོ་འང་།། གཉིས་མེད་ཆོས་ཉིད་དུ་ནི་གསུངས།། ལུས་ངག་གསུམ་གྱི་སྲིད་གསུམ་དུ།། རིན་ཐང་མེད་པ་བསྒོམ་པའི་བདག། ་འདི་ཉིད་ཀྱིས་ནི་སེམས་ཅན་ཀུན།། དབང་བསྐུར་ཉིད་བདག་དེ་ཡི་དངོས།། དེ་ལྟར་བདག་ཉིད་དངོས་གྲུབ་ནི།། ཆོས་རྣམས་ཀྱིས་ནི་རིག་རིམ་ཀྱིས།། ཡང་ན་ཇི་ལྟར་ཕྱག་རྒྱ་ནི།། ཟབ་མོའི་ཆོས་ཀྱི་ངེས་པས་སོ།། ད་ནི་རྒྱུ་བ་གསུངས་པ་སྟེ།། ་ལོ་ནི་བཅུ་དྲུག་མ་ལ་སོགས།། ལོ་ནི་བཅུ་དྲུག་མ་ཞེས་པ།། འདི་ནི་དགོངས་བཤད་གཞན་ཉིད་ཀྱིས།། འཕོ་བ་བཅུ་དྲུག་ཏུ་ནི་བརྗོད།། དེ་ཡིས་རྣལ་འབྱོར་མ་རྒྱུ་འགྱུར།། གནས་ནི་བཅུ་དྲུག་གནས་སུའོ།། འཁོར ་ལོ་རྩིབས་ནི་བཅུ་དྲུག་ཏུ།། ཐམས་ཅད་དུ་ནི་སྲོག་རྣམས་རྒྱུ།། དེ་བཞིན་འཁོར་ལོའི་དོན་ནི་གསུང་།། ཐིག་ལེ་ལྔ་པ་ལྔ་ཉིད་དེ།། ཕྲེང་བ་བཞིན་དུ་ཡོངསུ་གྲགས།། ཟུར་བཞིའི་ཐིག་ལེ་རྣམས་དང་ནི།། དབུས་ཀྱི་ཐིག་ལེ་ཉིད་ཀྱང་དཔྱ། ་ཐམས་ཅད་དུ་ནི་དོར་བྱ་སྟེ།། ཆ་ནི་བཅུ་དྲུག་ཏུ་རྒྱུ་བའི་ཕྱིར།། ཐུན་མཚམས་བཞི་ཡི་ཐིག་ལེ་བཞི།། སྟོང་པའི་ཐིག་ལེ་རྣམསུ་བརྟག། གནས་ལྔའི་བུ་ག་རྣམསུ་ནི།། ཐིག་ལེའི་གནས་སོགས་སྔོན་འགྲོ་བ།། མཆོག་གི་དེ་ཉིད་ཤྲེ ་པར་བྱ།། ལྔ་གསུམ་གཅིག་ལ་རྒྱུ་བའི་ཕྱིརཱ། དེ་ཡང་ཕྲད་འདབ་བཞིན་ཞེས་བྱ།། དང་པོ། ཐིག་ལེ་གཙུག་ཏོར་མིང་ཅན་ལྔས།། ཉི་མའི་ཆ་ནི་བྱུང་ནས་སུ།། གཉིས་པ་ཡི་ནི་དང་པོར་འགྲོ། ཡང་ནི་གསུམ་པའི་གཉིས་པ ་འོང་།། བཞི་པ་ཡི་ནི་དང་པོར་སོང་།། ལྔ་པོ་ཡིས་ནི་གཉིས་པར་འགྲོ། དེ་བཞིན་གཤེགས་པའི་གསུམ་པར་འགྲོ། ཡང་ནི་ལྔ་པའི་བཞི་པར་འོང་།། བཞི་པ་ཡི་ནི་ལྔ་པར་འགྲོ། དེ་ནས་གསུམ་པའི་བཞི་པར་རོ།། གཉིས ་པ་ཡི་ནི་ལྔ་པར་འགྲོ། དེ་ནས་དང་པོའི་བཞི་པར་རོ།། གཉིས་པ་ཡི་ནི་གསུམ་པར་འགྲོ། དེ་ལས་དང་པོའི་ཐིག་ལེའི་གཉིས་པར་འགྲོ། རྟག་ཏུ་གཡས་ནས་བསྐོར་བར་རུ།། ཡང་དག་པར་ནི་བྱེད་པར་འདོད།། དེ་བཞིན་རིམ ་པ་བཞིན་ཤེས་བྱ།། རྐང་པའི་མཐེ་བོང་གཡོན་པ་ནས།། ཕྲག་པ་གཡོན་པའི་མཚམསུ་འགྲོ།། བདུད་རྩི་ཡི་ནི་གན་སུ་འོང་།། ལག་པའི་མཐེ་བོང་ཚིགསུ་འགྲོ། ཡང་ནི་ལྕེའི་རྩེ་མོར་འོང་།། ཕྲག་པ་ཡི་ནི་མཚམ་སུ་འགྲོ།། དེ་ནས་མཚན ་མའི་འབྲས་བུར་འགྲོ། དེ་ལས་རྩ་བའི་བུ་གར་རོ།། མགྲིན་པ་ཡི་ནི་རྐན་དུ་འགྲོ། དེ་ལས་དྲེགས་པ་འབར་བར་འགྲོ། སྣ་ཡི་བུ་ག་དག་ཏུ་འགྲོ། དེ་ལྟར་འཕོ་བ་བཅུ་གཉིས་ནི།། པདྨ་འདབ་མ་བརྒྱད་དུ་གྲགས།། ཕྱོགས་བཞི་རུ ་ནི་ཐིག་ལེ་བཞི།། ཤར་ལ་སོགས་པའི་འདབ་མར་གནས།། འཆར་བ་དང་ནི་ནུབ་པའི་རྒྱུས།། ཕུན་སུམ་ཚོགས་པའི་རིམ་ཤེས་བྱ།། ཉི་མ་འཆར་དང་ཟླ་བ་འཆར།། དེ་བཞིན་སྒྲ་གཅན་ཐིག་ལེ་ཡང་།། དེ་རྣམས་འཛིན་པ ་སྔོན་འགྲོ་བ།། དེ་རྣམས་གནས་ནི་རིམ་པ་བཞིན།། དངོས་གྲུབ་རྒྱུ་རུ་བསྟན་པར་བྱ།། ལྀ་ལ་ནཱ་ཡཾ་ཁོང་སྟོང་གནས།། དང་པོ་རྟག་ཏུ་ཤེས་པར་བྱ།། གཉིས་པ་ར་ས་ནཱ་དབུས་ཉིད།། གསུམ་པ་ཨ་བཱ་དྷཱུ་ཏཱཾའི་གནས།། བཞི་པ ་མགོ་བོ་ཡཱི་ནི་མཚམས།། འདིར་ནི་མཆོག་གི་དེ་ཉིད་དེ།། རྣལ་འབྱོར་མ་ཡི་ཚོགས་རྒྱུ་ཕྱིར།། རབ་ཏུ་འབད་དེ་ཤེས་པར་བྱ།། དུས་དང་དུས་ཚོད་ཉེར་མཚོན་པ།། དེ་ཡང་གྲངས་ནི་བཅུ་དྲུག་ལ།། སྲོག་དང་རྩོལ་བ་ཉེར་བརྟག ་ཕྱིར།། དཀྱིལ་འཁོར་དེ་ཉིད་རླུང་གིས་ནི།། རྣལ་འབྱོར་པ་ཡི་གྲངསོ་བགྲང་བ།། དབུགས་ནི་དྲུག་བརྒྱ་ལྷག་པ་ཡི།། སྟོང་ཕྲག་ཉི་ཤུ་རྩ་གཅིག་གིས།། ཆ་ནི་རིམ་པར་རྣམ་པར་ཤེས་པས།། རྒྱུ་བ་དེ་ཉིད་རྒྱ་ཡིས་གདབ།། ་དེ་དགུ་བཅུ་དྲུག་ལྷ་ཆེན་མོ།། དེ་ཡི་དབུསུ་གྲངས་མེད་པ།། རང་བཞིན་དང་ནི་སྐྱེས་བུར་ཤེས།། སེམས་ཀྱི་གཟུགས་ནི་མཐོང་བའི་ཕྱིར།། དེ་ཡང་ནག་མོ་གཅིག་ལ་སོགས།། གདན་བཞི་པ་ལས ་པར་བྱ།། དེ་བཞིན་རྡོ་རྗེ་མཁའ་གྲོ་རུ།། དུས་ཀྱིས་རྣལ་འབྱོར་མས་ཤེས་བྱ།། ཡེ་ཤེས་རོ་མཉམ་གྱུ་པཱ་ཡཽ།། བདུད་རྩིའི་རྒྱུན་ནི་འབབ་པར་འགྱུར།། འདིས་ནི་འབབ་པར་ཤེས་བྱ་སྟེ།། གནས་བཅུ་དྲུག་ཏུ་འཛག་ཕྱིར་རོ།། ་དེ་བཞིན་ཨ་བ་དྷཱུ་ཏཱིའི་ཆ།། གཞོན་ནུ་ལ་སོགས་ལེགས་བྱེད་ཕྱིར།། དེ་ཡི་ཆ་ནི་དེ་ཚེ་ཤེས།། དུས་ཀཽ་རྒྱུ་ནི་བརྟགས་པ་ཡིན།། དེ་ཉིད་ཀྱིས་ནི་དང་པོར་འགྱུར།། ལང་ཚེ་ནད་མེད་འཕེལ་བའི་ཕྱིར།། དེ་ལྟར་ཕྱག་རྒྱར་རྟག་ཏུ ་བཤད།། སངས་ཀྱི་རྒྱས་པ་ནི་འདོད་བཟངས་ལྷ།། འདི་ལྟ་བུ་ཡི་ཕྱག་རྒྱ་གདག་། ཕྱག་རྒྱ་འདི་ནི་ཕྱག་རྒྱ་མེ། དེའི་ག་ཥྚི་ཕྱི་རོལ་སྦྱང་།། གསུམ་ལ་སྐྱབས་འགྲོ་སོགས་དོན་བཞིན།། ལྗོན་ཀྱང་སེམས་ཅན་དོན་དབང་ལས།། ཕྱི་རུ་ངོའི་འོང ་བསྟེན་པ་ཡིན།། རང་རིག་བདག་ཉིད་ལས་ནཱཾ་གཞན།། གཞན་དུ་ཕྱག་རྒྱ་བརྗོད་པ་མ་ནི།། དེ་ལྟར་འདིར་ནི་བསྟན་པ་ཡང་།། སློབ་མ་རྣམས་ལ་བརྩེ་དབང་གིས།། དེ་ཡང་སྔ་མ་བཞིན་དུ་འབྱུང་།། མི་བསྐྱོང་ལ་སོ ་བདེ་གཤེགས་དྲུག། འདིར་ནི་བསྟོད་པ་ཡང་ནི་བྱེད།། བདུད་ཅེས་བྱ་སོགས་ཚིག་བཤད་ཀྱིས།། སྟོང་པ་དངོས་པོ་ཀུན་གྱི་མཆོག། དེ་ཡི་སྙིང་པོ་རྫོགས་ལོངས་སྤྱོད་།། དེ་ཡང་ལྷན་ཅིག་སྐྱེས་པ་ཙམ།། རྟོག་པ ་ནི་དྲ་བ་སྤངས།། འོད་གསལ་ཞེས་པའི་ཆོས་འདི་ནི།། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ།། ཡེ་ཤེས་ཀྱི་ནི་སྐུ་དེ་ཡི།། བླ་མ་དམ་པ་ཕྱག་འཚལ་བསྟོད།། མི་བསྐྱོད་དངོས་པོའི་གཟུགས་ཀྱིས་ནི།། རྟག་ཏུ་གཙོ་བོ་ཀུན་ཏུ་བཞུགས།། ་སླརཱ་ལ་ཡང་ནི་རྣམ་སྣང་མཛད།། མགོན་པོ་དམིགས་པ་ཡི་ནི་མཆོག། དེ་ཡི་བསྟོད་པའི་ནང་ཆུད་པ།། སངས་རྒྱས་གངྒཱའི་བྱེ་མོར་འདོད།། འགྲོ་བ་ཞེས་སོགས་ཚིགསུ་བཅད།། དེ་ལྟར་སེམས་ཅན་ཐམས་ཅད་ནི།། དེ་རྣམས ་ལ་ནི་བསྟན་པའི་ཆོ་སི།། རིན་ཆེན་འོད་ཟེར་སྙིང་གསང་བ།། རྡོ་རྗེ་མི་ཕྱེད་བྱེད་པ་ནི།། སེམས་དཔའ་རྟག་ཏུ་རྒྱུན་ཆད་པསོ།། ཆོས་ཀྱི་དབྱིངས་ནི་དེ་ཡི་གཞི།། དེ་ལྟར་རིན་ཆེན་རྡོ་རྗེ་ཆེ།། ་བླ་མ་སྟོན་པ་འགྲོ་བའི་གཙོ།། མ་བྱོན་རྡོ་རྗེ་སེམས་དཔའ་ནི།། དངོས་པོ་ཀུན་གྱིས་ཕྱག་འཚལོ།། ཡང་ནི་དཔག་མེད་རྡོ་རྗེ་རུའི།། ཡོང་དག་བཞུགས་པ་ཁྱོད་དཔའ་བོ།། རྫོགས་སངས་རྒྱས་དག་ཐོབ་ཕྱིར་དང་།། ས ་ཅན་རྣམས་ཅད་འདུལ་བའི་ཕྱིར།། དེ་བཞིན་བྱང་ཆུབ་སེམས་བསྒྱིངས་ནས།། དེ་ཉིད་ལ་སོགས་ཡང་དག་བསྟན།། དེ་ལྟར་ཡང་ནི་ལུས་ལས་ནི། བྱང་ཆུབ་སེམས་ནི་འབྱུང་བ་ནི།། དོན་དམ་པ་ཡི་གཟུགས་ནི་ཉིད།། ་དེ་ཡི་རང་བཞིན་ཅན་ཕྱག་འཚལ།། དེ་བཞིན་དཀོན་མཆོག་གསུམ་ལ་སོགས།། ཐེག་པ་ཆེ་ལ་སོགས་ཆོས་ཉིད།། ལུས་ལས་ཡང་དག་འབྱུང་པོ་ཡི།། དོན་ཡོད་གྲུབ་པ་དབང་བསྒྱུར་བས།། བརྟན་པ་དང་ནི་གཡོ་སྣ ་ཚོགས།། གཙོ་བོ་ཁྱོད་ཀྱིས་སྤྲུལ་བྱེད་ཅིང་།། ཁམས་གསུམ་ལ་སོགས་བསྐྱེད་པ་དང་། འདུ་བྱེད་ཞི་བར་བྱེད་པའོ།། དེ་ལྟར་སྐུ་སོགས་རྡོ་རྗེ་གསུམ།། དཔའ་བོ་ཡིས་ནི་ཕ་རོལ་འགྲོ། དཔའ་བོ་འགྲོ་བའི་བྱ་བ་སྤྱོད།། ་དོན་ཡོད་གྲུབ་ལ་ཕྱག་འཚལ་བསྟོད།། དེ་བཞིན་ཡིད་བཞིན་ནོར་བུ་སོགས།། རྡོ་རྗེ་སེམས་དཔའ་བདག་དངོས་ཀྱིས།། གཙོ་བོ་ཁྱོད་ནི་ཡང་དག་བཞུགས།། རྡོ་རྗེ་སེམས་དཔའ་འགྲོ་བ་ཉིད།། གཟུགས་བརྙན་བཞིན་དུ་མཛད་པའོ།། དེས་ན་ཁྱོད ་ཀྱི་སྐུ་ཉིད་ནི།། འདོད་པ་ཡི་ནི་དངོས་གྲུབ་སྟེ།། དཔལ་ལྡན་ལ་སོགས་གོ་སླའོ།། དེ་བཞིན་གཤེགས་པ་དྲུག་རྣམས་ཀྱིས།། སྲས་པོ་གཉིས་ལ་ཕྱག་འཚལ་བསྟོད།། ཡོན་ཏནུ་ལ་སོགས་གོ་སླའོ་ཞེས་པ་ནི་ངེས་པའོ།། ད་ནི་ཏཱིངེ་འཛིན་ཡང་དག ་པའི་སྦྱོར་བས་བྱང་ཆུབ་སེམས་ཀྱི་གསང་བའི་དབང་བརྗོད་པའི་ཕྱིར། དཔལ་ལྡན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སློབ་དཔོན་ནི་སྔོན་ནས་གྲུབ་པའི་ཕྱིར་དེའི་ལུ་སྤྱི་དཀྱིལ་འཁོར་དང་པོའོ།། གཉིས་པ་ནི་བྱང་ཆུབ་སེམས ་ཀྱི་དཀྱིལ་འཁོར་རོ།། དེ་ཡང་ཕྱག་རྒྱའི་སྦྱོར་བས་བསྐྱེད་པའོ།། སླར་ཡང་དེ་ཉིད་ནི་གཅིག་སྟེ་བདག་གི་དངོས་པོའོ།། གཉིས་པ་ནི། གཞན་ལ་ཕན་པའོ།། གང་བདག་གི་དངོས་པོ་དེ་ཡང་ནང་གི་བླ་མའོ།། དེའི་ཕྱིར་པདྨའི་སྣོད་ཨ ་བ་དྷཱ་ཏཱིའི་དབུས་སུ་འོངས་ཏེ། ལྟེ་བའི་དབུས་ངལ་བསོལ་པའི་བྱང་ཆུབ་སེམ་སོ།། རྒྱལ་བདག་ཉིད་སྐྱེས་ཞེས་པ་ནི་དེ་བཞིན་གཤེགས་པ་དྲུག་གི་བདག་ཉིད་།། ཨུ་མཆོག་གི་དེ་ཉིད་འབྱུང་བར་འགྱུར།། དྷུ་པོ་ཉ་ཕོ་ཉ་མོ་རང་བཞིན།། ་ཏ་དེ་ནི་བདེ་བ་ཆེན་པོའི་སེམས།། ཙ་སྒྱུ་མ་ཡིས་ནི་སྡུད་པར་བྱེད།། མ་ཡིད་ཀྱིས་དབང་བསྐུར་བ་ནི་སྦྱིན།། རེ་རེ་འདི་དག་ཚོགས་ཀྱི་དཀྱིལ་འཁོར་ཏེ།། ཚྭ་བདེ་བའི་སྐུའི་གྲིབ་མ་ཉིད།། ཏཾ་ཁམས་གསུམ་སྤྲོས་པ་ཉིད་ཀྱིས་ནི།། གྲཝ་བདེ་བུ་ཕུན ་སུམ་ཚོགས་པ་གཟུང་།། ཐཱ་གནས་དཅིང་གནས་མིན་ཉམས་དགའ་བ།། མ་བཀྲ་ཤིས་ཡིད་ཙན་རྣམས་ཀྱིས་ཡོངསུ་རྫོགས།། ག་གསང་བའི་དུས་སུ་སོང་ནས་ནི།། ལ་བདེ་བ་དམིགས་པ་རྒྱུད་པ་ནི།། གྷི་རི་བོ་ཡི་ནི་ཕྱིར་མ་ཚང་པ།། ཏི་ཏི་ལེ ་ལས་མར་ཁུ་འབྱུང་བ་བཞིན།། བྷེ་འབྱུང་བའི་རྩིག་པ་ལ་ནི་བརྟེན།། དེ་ལྟར་ཕྱག་རྒྱ་ཕྱག་རྒྱ་ཆེ།། ལྡན་པ་རྣལ་འབྱོར་པ་དེ་ནས།། སློབ་མ་དབང་བསྐུར་བྱ་ཞེས་པ།། དེ་ནི་འབྱུང་ཆེན་བདག་ཉིད་ལས།། འབྱུང་ལས་གྱུར་པའི་དངོས་པོ་འབྱུང་།། དེ ་ཐམས་ཅད་ནི་སློབ་མར་གྱུར།། འགྲོ་བའི་གཙོ་པོར་བྱ་བའི་ཕྱིར་རོ།། བྱ་ཞེས་པ་ནི་སློབ་དཔོན་གྱིས་དབང་ངོ་།། དེ་ནི་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་དེ་ཁོ་ན་ཉིད་བསྟན་པའི་ཕྱིརརོ།། དེའི་ཕྱིར་མཆོག་གི་དབང་ཕྱུག་དུ་འགྱུར་ཏེ། ་སངས་རྒྱས་ཉིད་དུ་ངེས་པའོ།། ད་ནི་དེ་རྣམས་ཀྱི་རྟེན་བརྗོད་པའི་ཕྱིར།། བཟང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱིན་པར་བྱ་ཞེས་པ་ནི་ཕྱེའི་སྦྱོར་མ་ཞིང་སྐྱེབ་དྨ་སྔ་སྐྱེས་དང་ལྷན་ཅིག་སྐྱེས་མ་གནས་ལས་སྐྱེས་པ། འཆང ་བཞིན་པ་རྣམས་ཀྱི་མངལ་དུ་འཇུག་པར་འགྱུར་ཏེ། དེ་བཞིན་དེ་ཡང་གལ་ཏེ་རྣལ་འབྱོར་པ་སྔོན་དུ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ལ་རྣམ་པར་མོས་པས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དུ་འགྱུར་བ་དེའི་ཚེ་རྒྱུ་དེས་ནི ་པ་དང་མ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་དག་གི་རིམ་ལས་སྐྱེ་བར་འགྱུར་ཞེས་སྦྱར་རོ།། འོན་ཏེ་རྣལ་འབྱོའི་གྱི་རྒྱུད་གཅིས་པུ་ས་ངས་ནི་པ་ནི་དཔའ་བོ་ལ་སོགས་པ་ཡོན་ཏན་གྱིས་བརྒྱན་ཅིང་། མ་ནི ་ཐ་མལ་པའི་བུད་མེད་དོ།། དེ་བཞིན་དུ་རྣལ་འབྱོར་མའི་རྒྱུད་ལ་མོས་པ་དེས་ན་མ་ནི་དཔའ་མོ་ལ་སོགས་པའི་ཡོན་ཏན་གྱིས་ངརྒྱན་ཏེ་ཕོ་ནི་ཐ་མལ་པའི་སྐྱེས་པའོ།། དེས་ན་ཅུང་འང་མ་གྱུར་པར་འགྱུར་རོ།། དེའི་ཕྱིར་ཤེས་རབ་དང་ཐབས ་ཀྱི་བདག་ཉིད་ཀྱི་སྦྱོར་བ་གཟུང་བར་བྱའོ།། དེས་ན་དག་པོའི་སེམས་དེ་སྨིན་པར་བྱ་ཞེས་སྦྱར་རོ།། དེས་ན་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ།། དེ་ལྟར་ངམ་ཚིག་ཅེས་པ་ནི་བརྡའི་སླད་ཀྱིས་སུངས་པའོ།། ཉམས་དགའ་ཞེས་པ་ནི་རང་རིག ་པའི་བདག་ཉིད་དོ།། བཟང་པོ་ཞེས་པ་ནི་སྣ་ཚོགས་པ་ཉིད་ཀྱི་རང་བཞིན་དང་བྲལ་བའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས་ཡོང་སུ་དག་པའོ།། འདུས་བྱས་ཞེས་པ་ནི་ཆོས་ཀྱི་སྐུའི་ངོ་བོ་དེའི་གནསོ།། ཁྲག་ཆེན་པོ་ཞེས་པ་ནི་འདིར་དེའི་རང ་གི་ངོ་བོ་ལས་བྱུང་བའི་སེམས་དེ་མ་ཡིས་ཀྱང་རྣལ་འབྱོར་ཀྱི་ནུས་པས་དེའི་དུསུ་མཐོང་ངོ་།། དེའི་ཚེ་རང་གི་བདག་ཉིད་ཆགས་པ་ཆེན་པོའི་ཏིངེ་འཛིན་ལ་དམིགས་པར་བྱ་སྟེ། དེས་རང་འབྱུང་གྱི་མེ་ཏོག་བསྐྱེད་པ་དེ་ནི་ཁྲག་ཆེན་པོའོ།། ། ་དེ་དང་ག་བུར་བཅས་ཞེས་པ་ནི་རང་རིག་པའི་བདག་ཉིད་ཀྱི་བྱང་ཆུབ་སེམས་ཏེ། དེ་ཡང་དེ་བཞིན་དུ་བསྐྱེད་ཅེས་པའི་དོན་ཏོ།། འོན་ཀྱང་ཅན་ངན་དམར་པོ་དང་ནི་སྦྱར་ཞེས་པ་ནི། ཕ་ཆགས་པ་ཆེན་པོ་སྐྱེས་པ་དེས་ན་རྣལ་འབྱོར ་མ་བསྐུལ་ཏེ། དེས་ཀྱང་འཁྱུང་པ་ལ་སོགས་བྱེད་དོ།། དམར་པོ་ནི་ཆགས་པས་མཆོད་པའི་ཕྱིར་དེའི་ཚེ་ཙན་དན་དྲི་བཞིན་བྲི་བའོ།། ཇི་ལྟར་ཕྱིའི་རྣམ་པར་རྟོག་པས་རྡུལ་ཕྲ་རབ་ལྟ་བུའི་སེམས་ཅན་རྣམས་ཤིན་ཏུ་ཕྲ་བར་འགྱུར་ཏེ། རྨི ་སྙམ་པས་ན་དྲི་ཟའོ།། དེ་བཞིན་དུ་འདིར་ཡང་ཐ་མལ་པའི་བྱང་ཆུབ་སེམས་ནི་དྲི་མ་མེད་པ་སྟེ། ཐ་མལ་བའི་བག་ཆགས་ཀྱི་དབང་གིས་སོ།། རྣལ་འབྱོར་པ་རྣམས་ཀྱིས་ནི་དེ་ལྟ་བུ་མ་ཡིན་ཏེ། ཆགས་པ་ཆེན་པོའི་བདག་ཉིད་ཙནྡ་དན ་བཞིན་དུ་དྲི་ཤེས་པར་བྱ་སྟེ། བག་ཆགས་ཁྱད་པར་ཅན་ལས་རང་རིག་པ་ཉིད་དུ་འགྱུར་རོ།། དེ་བཞིན་དུ་ཡང་ཇི་ལྟར་ཙན་དན་གོ་ཤིར་ཤིའི་དྲི་བསྣམས་པ་ཙམ་གྱིས་གདུང་བ་ཆེན་པོ་ཉེ་བར་ཞི་བར་འགྱུ་རོ།། དེ་བཞིན་དུ་རང་རིག ་པའི་བདེ་བ་ཉེ་བར་མཚོན་པ་ཙམ་གྱིས་འཁོར་བའི་བག་ཆགས་རྣམས་ཀྱི་གདུང་བ་ཆེན་པོ་ཉེ་བར་ཞི་བར་འགྱུ་རོ།། དེ་ཡང་དེ་ཉིད་བག་ཆགསུ་འགྱུར་ཏེ། དེའི་ཚེ་དྲི་ནི་སེམས་ཅན་ཐམས་ཅད་ཀྱི་མིང་ཅན་དེ་དེ་བཞིན་ནོ།། མ་དང ་ཕའི་དྲི་ཞིམ་པོའི་ཙན་དན་བཞིན་དུ་དེ་དག་གི་དྲི་སྣོམས་ཞེས་པ་སྟེ་ངེས་པའོ།། རྡོ་རྗེ་ཆུ་དང་བཅས་པ་ཞེས་པ་ནི་ཕའི་བྱང་ཆུབ་སེམས་འཛག་པའི་དུས་སུའོ།། ལྔ་པ་སེམས་ལས་བྱུང་བ་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ ་དྲི་ཟ་ཉེ་བར་འཁོར་གྱི་སེམས་ཅན་ང་ཡང་རྣལ་འབྱོར་པ་རྣམས་ཀྱི་སེམས་ཁྱད་པར་ཅན་ལས་བྱུང་བ་དེ་ཉིད་མ་དང་ཕའི་བདེ་བ་དང་ལྷན་ཅིག་རོ་གཅིག་པར་གྱུར་པ་སྐྱེད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེའི་ཕྱིར་འདི ་དེ་དམ་ཚིག་ཡང་དག་འདོད་ཅེས་པ་ནི་བསམ་གྱིས་མི་ཁྱབ་པའི་དུས་ཏེ་དུས་ཀྱི་མཚན་ཉིད་དེ་ཡང་དེ་བཞིན་གཤེགས་པས་དཔལ་འདུས་པ་ལ་སོགས་པའི་རྒྱུ་ཐམས་ཅད་སངས་རྒྱས་ཐམས་ཅད་ཡང་དག་པར ་བཞེད་པ་གསུང་སོ།། དེ་རྣམས་ཀྱང་ཐོག་མ་མེང་བའི་དུས་སུ་གསུང་སོ་ཞེས་པ་སྟེ་ངེས་པའོ།། དེ་བཞིན་དུ་བཟང་པོ་བསྐྱེད་པར་ཞེས་བྱ་བ་ལ་སོགས་པ་ནི་པོ་སླའོ།། དེ་བཞིན་དུ་སྡོམ་པའི་གྲུབ་པའི་རྣལ་འབྱོར་པས་སྲོག་ཆགས་གསང་མི་བྱ ་ཞེས་པ་ནི་མྱུར་དུ་མྱ་ངན་ལས་འདས་པར་མི་བྱ་ཞེས་དགོངསོ།། བུད་མེད་རིན་ཆེན་དོར་མི་བྱ་ཞེས་པ་ནི་དཔལ་སྒྱུ་མ་ཡོངསུ་མི་དོར་ཞེས་པའི་དོན་ཏོ།། ཡང་ན་གལ་ཏེ་ཡོངསུ་མྱ་ངན་ལས་འདས་པར་བྱེད་ན། དེའི་ཚེ་སློབ་དཔོན་གྱིས་ཏེ། ་མི་དོར་ཞེས་པ་ནི་འཇིག་རྟེན་གསུམ་སྤྱོད་པར་མི་འགྱུར་བ་དེའི་ཚེ་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པར་མི་འགྱུར་རོ།། དེའི་ཕྱིར་སྡོམ་པ་མི་འདོར་ཏེ། ཇི་སྲིད་དུ་ན་མཁའི་སྦྱོར་བ་འཛིན་པ་དེ་སྲིད་དུ་སྒྱུ་མའི་ལུས་བཞིན་དུ་བརྟག་ཅེས ་པ་ནི་མཆོག་གི་སྡོམ་པའོ་ངེས་པའོ།། སྔོན་དུ་གསུངས་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔོན་དུ་གསུངས་པའི་ཚུལ་གྱིས་རོག་མའི་རང་བཞིན་གྲུབ་པ་རྣམས་མཐོང་བའི་ཕྱིར་གསང་བའི་དབང་ངོ་།། ཡང་ན་ཞེས་པ་ནི་ཕྱོགས་གན། ་ནོ།། བདག་གི་རྣལ་འབྱོར་མ་ཞེས་པ་ནི་ཨ་བ་དྷཱུ་ཏཱཾ་ལ་བརྟེན་པས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དག་པ་དེའི་ཚེ་སྔ་མ་བཞིན་དེ་ལ་སྐད་ཅེས་བྱའོ།། དེ་བཞིན་དུ་སིཧླ་ཞེས་པ་ནི་སྒྱུ་མར་ཡིད་ཆེས་པ་རང་འབྱུང་ཆག་པ་ཆེན་པོའི ་ཁྲག་སྙིང་རྗེའོ།། ག་པུར་ཞེས་པ་ནི་ཡི་གེ་ལྔ་སྟེ། ཀ་ནི་སྡོང་བུའི་རྩ་རུ། རིན་བུ་ག་ལྔ་རུའོ།། པ་ནི་རླུང་ལྔ་རྣམས་སུའོ།། ཨུ་ནི་ཡི་གེ་མི་འགྱུར་བའོ།། ར་ནི་འཚེད་པའི་ཆགས་སྦྱོར་བས།། བུད་མེད་དེ་ནི་མེ་འཛག་བྱེད་ཅེས་པ་ནི་སྙིང་རྗེར་བཅོམ ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ།། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ནི་དེ་ལྟར་མཆོག་ཏུ་མི་འགྱུར་བའི་རིག་པ་ཐོབ་པའོ།། དེ་སྲིད་བསྟེན་ཞེས་པ་ནི་སྦྱོར་བའི་ཡན་ལག་དྲུག་གིས་རྒྱུན་དུ་ཁྱམས་པར་བསྟན་པའོ།། དེ་སྲིད་ཁུ་བ་དང་། ་ལྡན་གྱུར་པ་ཞེས་པ་ནི་དེ་གོམས་ནས་རབ་ཀྱི་མཐར་ཐུག་པས་ཡང་དག་པའི་ཡེ་ཤེས་མཐོང་བའི་ཕྱིར་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར་བའོ།། དེ་བཞིན་དུ་ཕྱག་རྒྱའི་འབྲས་བུ་བསྟན་པའི་ཕྱིར། ཕྱག་རྒྱའི་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཕྱག་རྒྱ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དོ།། གདོད་ན་བཀབ་ནས་སུ་ཞེས་པ་ནི་བསམ་གྱིས་མི་ཁྱབ་པ་དེ་ཉིད་བེམས་པ་དང་བཅས་པའོ།། དེས་ན་ཐབས་ཀྱི་ཞེས་པ་ནི་རྣམ་པར་ཤེས་པའི་བྱ་བ ་དེ་ཡང་སྙིང་རྗེ་ཆེན་པོ་རྡོ་རྗེའི་རང་བཞིན་བསམ་དུ་མེད་པའི་མཚན་ཉིད་ཀྱི་ཕྱིརོ།། དེས་ན་གདོང་བཅིངས་པའོ།། དེ་ཉིད་གྱིས་ནི་དམིགས་པ་མེད་པའི་བདེ་བའི་རྒྱུ་ཡེ་ཤེས་ཉིད་ལས་ཡེ་ཤེས་སྐྱེ་ཞེས་པ་ནི་ངེས་པའོ།། འདི་དག ་གི་ཡེ་ཤེས་དེས་སློབ་མ་མངོན་ཤེས་དྲུག་དང་ལྡན་པ་རྣམས་ཀྱི་ཁ་ནས་ཁོ་རུ་སྤྲོས་པའོ།། ཐམས་ཅད་དེའི་རང་བཞིན་ཞེས་པ་ནི་མདོར་བསྡུས་ནས་སྤྲུལ་པའི་སྐུ་ཞེས་པ་དེ་ལ་དེ་སྐད་ཅེས་བྱའོ།། ང་ནི་ཐམས་ཅད་དེའི་བདག ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་xxx། xxx ་དེ་བཞིན་ཤེས་རབ་ཡེ་ཤེས་ཀྱི་དབང་གྱི་རྗེས་ཐོགས་དེ་ཉིད་དུ་ཚིག་གི་སྒོ་ནས་བསྟན་པ་དེ་ནི་དབང་བླ་མ་ཞེས་བརྗོད་དོ།། དེས་ཀྱང་བརྟགས་པའི་ཕྱིར་མན་ངག་བརྟན་པར་འགྱུརོ།། དེ་བཞིན་དུ་པདག་དང་གཞན་ཞེས་བྱ་བ་ནས།། ཇི་སྲིད ་དངོས་དང་དངོས་མེད་ཅེས་པའི་མཐར་ཐུག་པ་དཔེས་ཉམ་སུ་མྱོངས་པའི་མཐར་དཔེ་མེད་པའི་བྱང་ཆུབ་སེམས་ཀྱི་བླ་མ་ཞེས་པ་བརྗོད་དུ་མེད་པ་དེ་ནི་རང་རིག་པའི་ཡེ་ཤེས་སོ།། ལྷག་མ་འདི་ཉིད་ཀྱི་ཡོན་ཏན་གྱི་ཁྱད་པ་ཐམས་ཅད ་ནི་གོ་སླའོ།། དེའི་མན་ངག་བསྟན་པའི་ཕྱིར། དང་པོ་དགའ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྤྱི་བོ་ནས་བྱང་ཆུབ་སེམས་འཛག་པའི་དུས་སུ་དང་པོ་ཉིད་དུ་དགའ་བ་སྐྱེའོ།། དེ་ཡང་མི་གཡོ་བའི་ཏིང་ངེ་འཛིན་གྱིས ་དཔའ་བོའོ།། སླར་ཡང་བྱང་ཆུབ་སེམས་ལྟེ་བའི་གནས་ཕྱིན་པའི་ཚོ་དམ་པར་དགའ་བ་སླའོ།། རྣལ་འབྱོར་མ་ཞེས་པ་ནི་དེ་བཞིན་དུ་སྦྱོར་བའི་ལམ་གྱི་སྟེང་དུ་རྒྱུ་བ་སྟེ། རླུང་ཕྲད་པའི་ཕྱིར་ཞེས་གསུངས་པས་སོ།། དེས་ན་ཤེས་རབ ་དང་ཐབས་ཀྱི་བདག་ཉིད་ལ་རྣལ་འབྱོར་ཞེས་བརྗོད་དེ། གཉིས་པོ་འདི་དག་ལས་བདེ་བ་བསྐྱོད་པའོ།། རྩ་ཐམས་ཅད་ལ་རྒྱུ་བའི་ཕྱིར་ཨོཾ་བ་དྷཱ་ཏཱཾ་ས་ཐམས་ཅད་ལ་ཁྱབ་སྟེ། དེ་ཉིད་ཀྱི་དཀྱིལ་འཁོར་གྱི་སྲོག་གི་ཆ་ལས་ཡེ་ཤེས་ཀྱི ་དཀྱིལ་འཁོར་ཤེས་སོ།། དེས་ན་མཆོག་ཏུ་ཆགས་པས་དགའ་བ་མི་འཛག་པའོ།། དེ་ཉིད་ཀྱིས་ནམ་ལུས་པ་ནི་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཡེ་ཤེསོ།། དེས་ན་ཉིད་ཀྱི་སྒྲ་ནི་ངེས་པར་གཟུང་བའོ།། དེ་བདེ་བའི་ཐབས་ཀྱིས ་ཐམས་ཅད་རིག་ཅེས་པ་ལ། དེ་ཞེས་པ་ནི་ཡེ་ཤེས་ཀྱི་རྣམ་པར་གཞག་པ་དང་བྲལ་བ་དེ་ཉིད་ཀྱི་མིང་བསྟན་པའི་སྒོ་ནས་ཏེ། དེས་ན་འདི་ཉིད་མཆོག་ཏུ་ཆགས་པའི་དགའ་བ་དང་དགའ་བ་ལ་སོགས་པའི་གསུམ ་གྱི་ཐབས་ཀྱིས་ཆོས་རྣམས་ཐབས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས་དང་དེའི་སྙིང་པོ་རང་རིག་པའི་ཡེ་ཤེས་ཏེ། རྣལ་འབྱོར་གྱི་རང་གཞིན་ཉིད་ཀྱིས་ན་འོད་གསལ་བའོ།། འདི་དག་གི་བསམ་གྱིས་མི་ཁྱབ་པ་ནི་གཉིས་མེད་པའོ།། དེའི ་རིགས་ཞེས་པ་ནི་སྐྱེད་པར་བྱེད་པའི་དགའ་བ་གསུམ་མོ།། དེའི་ཕྱིར་འདི་དག་ནི་བླ་མར་བརྗོད་དེ་བསྐྱེད་བྱ་དང་སྐྱེད་བྱེད་འབྲེལ་པའི་ཕྱིན་ཞེས་དགོངསོ།། དེ་ལྟར་དོན་དམ་པ་མཐོང་བ་ཞེས་པ་ནི་ངེས་པའོ།། དེའི་ཚེ་འདིར་བལ་ཏེ་འཇིག ་རྟེན་དང་འཇིག་རྟེན་ལས་འོངས་པ་གཅིག་ཏུ་འགྱུར་ན་དེ་ཇི་ལྟར་རྣལ་འབྱོར་པ་རྣམས་ཀྱིས་ཆེའི་ངོར་སེམས་ཅན་གྱི་དོན་བྱེད་གལ་ཏེ་རེ་ཞིག་ཕྱིའི་བྱ་བ་བཀག་ན་སློབ་མ་ལ་ཆོས་བསྟན་པ་མེད་པར་འགྱུར་རོ།། ཅིའི་ཕྱིར་ཞེ་ན། ་ནང་དུ་བསྒོམས་པས་སོ།། དེས་ན་རང་གི་དོན་མི་འབྱུང་སྟེ། སྔོན་དུ་མ་ཐོས་པའི་ཕྱིརརོ།། ཅི་ཡང་ཐོས་པ་བརྒྱུད་པ་མེད་པར་སེམས་ཅན་གྱི་དོན་དུ་འགྱུར་རམ་ཞེས་འགའ་ཞིག་གི་ཚིག་ཏུ་འགྱུར་ན་དེའི་མི་བརྗོད་དེ་བཅོམ་ལྡན ་འདས་ཀྱིས་བཀའ་གསུངས་པ། དང་པོ་དགའ་བ་ཞེས་བྱ་བ་ལ་སོགས་པ་འདིར་བསྟན་པའི་རྒྱུན་ཐམས་ཅད་ནི་གོ་སླའོ།། དེ་ལྟར་བསྟན་པ་ནི་འོན་ཀྱང་བདེན་མོང་དོན་ཐཾད་དོན་དེ་པའོ།། ཅིའི་ཕྱིར་ཞེ་ན། གསུངས་པ། ཁ་ཅིག་ཏུ་ཡང ་ཁྱེད་ཅག་རྣམས་ཀྱིས་གཏམ་ཙམ་ཡང་མ་ཐོས་སམ། དེ་ཅི་ཞེ་ན། གང་གི་ཕྱིར་བརྟན་པ་དང་གཡོ་བ་ལ་སོགས་པའི་ཆོས་ཐམས་ཅད་ནི་མདོར་བསྡུས་ན་རང་བཞིན་གྱིས་ཀུན་རྫོབ་ཀྱི་མཚན་ཉིད་དོ།། དེས་ན་དང་པོ་ཉིད་དུ་ལྟ་བ་དྲུག་ལ ་འཇུག་པ་རྣམས་འདི་སྐད་ཅེས་བརྗོད་དེ། བདག་ཅག་གིས་ཐར་པ་ལ་ཇི་ལྟར་བགྲོད་པར་འགྱུར་ཞེས་ཅིག་ལ་ཅིག་འགྲོ་བར་འགྱུར་རོ།། དེའི་ཚེ་དེ་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་དགེ་བའི་གྲོགས་དང་ཕྲད་པར ་འགྱུར་རོ།། དེ་ཉིད་ནི་ཚིག་འདི་སྐད་བརྗོད་དེ་མུ་སྟེགས་ལ་སོགས་པའི་སློབ་དཔོན་ལ་བསྙེན་བཀུར་གྱིས་ཤིག། སློབ་དཔོན་ཆེ་གེ་མོའི་ཁྱིམ་དུ་སོང་ལ་ཆོས་ཉོན་ཅིག། དེའི་བཀའ་དྲིན་གྱིས་ཐར་པ་ཐོབ་བོ།། དེས་སྲིད་པ་ཟང ་པར་བྱེད་དོ།། དེ་ལྟར་དེ་ཡང་སོང་ནས་ཇི་སྐད་སྨྲས་པ། དེ་བཞིན་དུ་བྱེད་དོ།། སློབ་དཔོན་རྣམས་ཀྱང་རང་རང་གིས་ཆོས་དེ་དང་དེ་ལ་སྦྱ་རེ།། དེའི་ཕྱིར་ཐམས་ཅད་དམ་པར་འདོད་པའོ།། འོན་ཀྱང་དེ་བཞིན་གཤེགས་པའི་བསྟན ་པ་ལ་བདེན་པ་གཉིས་ལ་བརྟེན་པས་ཐར་པ་ཐོབ་བོ།། དེ་ཡང་སྟོང་པོ་དང་སྙིང་རྗེའི་བདག་ཉིད་དོ།། དེ་བཞིན་དུ་རྒྱུ་དང་འབྲས་བུ་མེད་ན་གྲོལ་བར་མིང་ངོ་།། དེ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་གོ།། དེ་ལྟར་གསུངས་པ ་དང་པོ་ཉིད་དུ་དོན་དམ་པ་ནི་རྒྱུའོ།། ཀུན་རྫོབ་ནི་འབྲས་བུའོ།། དེ་ཡང་འཇིག་རྟེན་ལས་འདས་པའོ།། ཀུན་རྫོབ་ཀྱི་བདེན་པས་དོན་དམ་པའི་བདེན་པ་བསྒྲུབ་སོ།། དེས་ན་སངས་རྒྱས་ཏེ་ངེས་འཇིག་རྟེན་ལས་འདས་པའི་བདེན་པའི ་སྒོ་ནས་ཐམས་ཅད་མཁྱེན་པའི་རྒྱུའི་ཕྱིར་བསྟན་ཏེ། འཇིག་རྟེན་པའི་བདེན་པའི་སྒོ་ནས་ནི་མ་ཡིན་ཏེ། མི་ནུས་པའི་ཕྱིར་རྒྱལ་པོ་གཟུགས་ཅན་སྙིང་པོ་བཞིན་ནོ།། དེའི་ཕྱིར་ཕན་ཚུན་རྒྱུ་དང་འབྲས་བུ་འཇིག ་རྟེན་ལས་འདས་པའི་ཀུན་རྫོབ་དང་དོན་དམ་པའོ།། དེ་ལྟར་བསྟན་པ་ནི་གཙོ་བོར་སྒྱུ་མ་ཡིན་ཏེ། དོན་དམ་པ་ནི་གཙོ་བོར་དངོས་གྲུབ་ཀྱི་རྒྱུ་ཡིན་ནོ།། དེས་ན་ཐམས་ཅད་མཁྱེན་པ་ཉིད་བསྟན་པ་སྟོན་ཏོ།། ཐ་མལ་པ་རྣམས་ཀྱིས་ནི ་མ་ཡིན་ནོ་ཞེས་པ་ནི་ངེས་པའོ།། འོ་ན་ཇི་ལྟར་ད་ལྟར་སེམས་ཅན་རྣམས་སྟོན། གང་ཕྱིར་དེ་བཞིན་གཤེགས་པ་ཡོང་སུ་མྱ་ངནི་ལས་འདས་པའི་ཕྱིར་རོ།། དེའི་ཕྱིར་བརྗོད་དེ། འདིར་དེ་བཞིན་གཤེགས་པས་སྔོན་ཉིད་དུ་རྒྱུ་དང ་འབྲས་བུའི་བདག་ཉིད་ཀྱི་ཆོས་སྟོན་ཏེ། དེ་ཡང་སྡུད་པར་བྱེད་པས་བསྡུས་ནས་གླེགས་བམ་ལ་སོགས་པར་གྲགསོ།། དེ་ཡང་ཕན་ཚུན་བརྒྱུད་པས་ཐོས་པོ་དང་བསམ་པས་ཕྱག་རྒྱ་ཆེན་པོ་ལ་མངོན་པར་བགྲོད་ངོ་།། དེས་ན་ང་ལྕེའི་སློབ ་དཔོན་རྣམས་ལ་བཅོམ་ལྡན་འདས་ཀྱི་བཀའ་གསུངས་པ། དེ་རིང་ཞེས་བྱ་བ་ལ་སོགས་པ་ནི་སློབ་མ་སྤྲོ་བའི་རྗེས་ཐོགསུ།། དེ་ནས་རྫས་ནི་གང་ཞེས་བྱ་བ་ལ་སོགས་པོ་ནི་སློབ་དཔོན་གྱི་ཡོན་ཏན་གྱི་རྗེས་ཐོགས་སུའོ།། དེ་ནས ་སློབ་མ་ལ་ཆོས་བསྟན་པའི་རྗེས་ཐོག་སུ་སླར་ཡང་སློབ་མ་རྣམས་རྒྱལ་ཚབ་ཉིད་དུ་བཞག་པའི་ཕྱིར། སྲིད་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཀྱིས་ཞེས་པ་ནི་འདི་ཉིད་ཀྱིས་ཏེ། ཕྱི་དང་ནང་གི་བདག་ཉིད་ཀྱི ་གཞུང་ལུགས་ངག་གིས་ཏེ། ཇི་ལྟར་གསུངས་པའི་གཞུང་ལུགས་ཟ་མོ་དེ་ཉིད་ཀྱི་ཆོ་གས་ད་ལྟར་གྱི་སློབ་དཔོན་རྣམས་ཀྱིས་རང་དང་གཞན་གྱི་དོན་བྱ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། འོན་ཀྱང་སློབ་མ་རྣམས་མོས་པའི་དབང་གིས ་ཆོས་བསྟན་པའོ།། དེས་ན་སློབ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། དེ་ལྟར་དབང་བསྐུར་བ་ཐོབ་པའི་སློབ་མའི་ཡོན་ཏན་གྱི་ཚིག་བཤད་བསྟན་པའི་ཕྱིར། དབང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོག་ཅེས་པ་ནི ་རྗེ་འཛིན་ཆེན་པོའི་དབུགས་དབྱུང་བའོ།། དེ་ཡང་ཟབ་མོའི་བསྒོམ་པས་རྟོགས་པའོ།། དེ་བཞིན་དུ་རྙེད་དཀའ་ཞེས་པ་ནི་ཐོབ་པར་དགའ་བའོ།། མཚུངས་མེད་ཅེས་པ་ནི་བསྒོམ་པ་ཐམས་ཅད་དང་མཚུངས་པ་མེད་པའོ།། དེ་ཡང་རྣལ་འབྱོར ་པ་ཆེན་པོ་རྣམས་ཀྱི་བགྲོད་པའོ།། ཞིང་ཞེས་པ་ནི་བླ་མའི་མན་ངག་གིས་རང་གིས་ལུས་ཉིད་སྦྱངས་པའོ།། ལོངས་སྤྱོད་ཅེས་པ་ནི་རང་རིག་པའི་ཡེ་ཤེས་དེའི་རང་བཞིན་ནོ།། དེའི་ཕྱིར་དཔལ་ཞེས་པ་ནི་གཉིས་མེད་པ་ནི་བྱང་ཆུབ་སེམས ་ཆེན་པོ་དེ་ཉིད་དོ།། དེ་ཉིད་ཀྱིས་དབང་བསྐུར་བའི་གང་རྣལ་འབྱོར་པ་དེ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། གང་གི་ཕྱིར་རྗེས་གནང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་གོ་སླའོ།། དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་དབང་བསྐུར་བའི ་རྗེས་ཐོག་སུ་ཡེ་ཤེས་སྦྱར་བར་བྱེད་བའོ།། དེ་ཡང་བྱང་ཆུབ་སེམས་ཀྱི་དབང་བསྐུར་བའོ།། དེ་ལ་ངོ་མཆོག་གི་བདག་ཉིད་ཀྱིས་ནི་རྟོགས། དྷི་ཉིན་མོའི་དུསུ་དམིགས་པ་ཡིས།། ཙཾ་སེམས་ནི་སེམས་མེད་རང་བཞིན་བྱེས།། ཏི་དེ ་ཡིས་མཆོག་ཏུ་གཉིས་མེད་དོ།། བྷི་སྐུ་རྣམས་ལ་ནི་རང་བློ་མེད།། འི་གཉིས་ཀྱི་མགོ་བོ་རུ་ནི་གཏོར། ཀེ་དཔའ་བོ་ནུས་པ་དེ་རུ་ཞིག། རང་གི་ཁྱིམ་དུ་སེམས་བྲམ།། ཁ་སྦྱོར་ཐིག་ལའི་རྒྱུད་ཀྱི་རྒྱལ་པོ ་གཉིས་པའི་དབང་བསྐུར་བའི་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་དང་པོའོ།། །། ད་ནི་ཤེས་རབོ་དང་ཐབས་ཀྱ་ངན་བསྒོམ ་པའི་རྣམ་པར་འགྲེལ་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཤེས་པ་ནི་འཇིག་དང་འཇིག་རྟེན་ལྔ་འདྲ་བའི་དབང་བསྐུར་བའི་རྗེས་ཐེགསུ་བསྒོལ་པའི་ངེས་པའོ།། དེ་ཡང་ཡང་དག་བཤད་པ་ཞེས་པ་ན ་ཇི་ལྟར་གོ་རིམས་བཞིན་བཤད་པར་བྱའོ།། གང་གིས་བྱིས་པ་སྐྱེ་བོ་རྣམས་ཀྱིས་རྟོགས་པར་འགྱུར་པ་དེ་ལ་དེ་སྐད་ཅེས་བྱའོ།། གཞན་དོན་ཞེས་བྱ་བ་ལ་སོགས་པ་ནི་འདིར་སེམས་ཅན་གང་དག་གཞན་གྱི་དོན་མེད་པརོ་སྒོམ་པ་བྱེད ་པ་དེ་རྣམས་ནི་མྱ་ངན་ལས་འདས་པར་འགྱུར་རོ།། ཅིའི་ཕྱིར་ཞེ་ན། འདིར་གླང་གི་ཕྱིར་རྩོད་པའི་དུས་སུ་སེམས་ཅན་ཐམས་ཅད་ཚ་ཐུང་ཞིང་བརྩོན་འགྲུས་ཆུད་པ་སྟེ་པ་བསེད་རྣམས་ཆུང་པ་རྣམས་འབྱུང་སྟེ། དེའི་ཚེ་སྒྲུབ་པ་རྣཡོ ་རང་གི་སེམས་ཀྱི་བསམ་པས་སངས་རྒྱས་ཉིད་འདོད་།། དེ་ལ་ཕན་པའི་ཕྱིར་ཚ་འདི་ཉིད་ལ་རྡོ་རྗེ་འཆང་བ་ཉིད་འཐོབ་པའོ།། གང་གིས་ཤེས་པ་སོ་འཁོབའི་འཇིགས་པ་ཟབ་མོ་འདོད་ཆགས་སོགས་འི་ཉོན་མོངས་པདེ ་རྒྱ་མཚོ་ལ་སྒྲོལ་བར་འགྱུར་རོ།། དེའི་ཕྱིར་མྱ་ངན་ལས་འདས་ཞེས་པ་ནི་རང་གི་དོན་ཙམ་ཡོངསུ་སྤངས་ཤིང་སྲིད་པའི་བྱ་བ་མི་བྱེད་པའོ།། གང་གི་ཕྱིར་རབ་ཀྱི་མཐར་ཐུག་པ་ཞེས་པ་ནི་དུ་གསུངས་པའི་བསྒོམ་པ་ལ་ཇི་སྲིད་རབ་ཀྱི་མཐ ་ཟུག་པ་ཞེས་སྔོན་དུ་གསུངས་པའི་བསྒོམ་པ་ལ་ཇི་སྲིད་རབ་ཀྱི་མཐར་ཐུག་པར་མ་སོང་བ་དེ་སྲིད་གཞན་གྱི་སེམས་མི་བྱ་ཞེས་པའི་དོན་ཏོ།། འོན་ཀྱང་གང་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་འདི་ནི་དམ་བཅས་པའི་ཚིག་སྟེ། ་དེའི་ཕྱིར་དྲི་མ་མེད་པར་བྱུང་བའོ།། དེས་ན་དེ་ཉིད་བསྟན་པའི་ཕྱིར། འཕེལ་བ་དང་དབྲི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྲི་ཞེས་པ་ནི་ཆོས་རྣམས་ཀྱི་མེད་པའི་བློའོ།། འཕེལ་ཞེས་པ་ནི་དེ་རྣམས་ལ་ཀུན་ཏུ་འཛིན་པ་སྟེ་འདི ་ངག་སྤངས་པའི་བློ་ད་ལ་དེ་སྐད་ཅེས་བྱའོ།། བླ་མེད་ཅེས་བྱ་བ་ནི་ཐམས་ཅད་མཁྱེན་པས་ཀྱང་བསམ་དུ་མེད་པ་བརྗོད་དུ་མེད་པ་འམ་གདོན་དུ་མེད་པའི་ཚི་བ་སྤངས་པ་ཞེས་པ་སློབ་དཔོན་ཁ་ཅིག་གིའོ།། དེ་བཞིན་དུ་དབྲི་ཞེས་པ་ནི ་འདིར་སེམས་ཅན་ཐ~ཾད་ཀྱི་རང་བཞིནགྱིརང་བཞིན་བརྒྱད་ཅུ་རྣམས་ལ་མདོར་བསྡུས་ནི་སེམས་ནི་བརྟེན་པའོ།། དེས་ན་ཡང་རྩེ་རྣམས་ཀྱང་བརྟེན་པའོ།། དེའི་ཕྱིར་ཤིན་ཏུ་ཟབ་པ་དགོངས་པས་བཤད་པ་འདི་ཉིད་གསལ་བར་གསུང ་པ། དེ་ཡང་བསྡུས་ན་སེམས་ཀྱི་རང་བཞིན་གྱི་མཚན་ཉིད། དེ་རྣམས་ཀྱི་རང་བཞིན་སྤངས་པ་ནི་འབྲི་བུའོ།། ཡང་ན་དེ་རྣམས་འཕེལ་བའི་ཕྱིར་འཕེལ་བའོ།། འདི་དག་གིས་རང་བཞིན་སྤངས་ཤིང་རྣམ་པར་གྲོལ་བའི ་རྣལ་འབོར་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལྟར་བསྡུས་པ་ཉིད་ཕུང་པོ་ལྔ་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་ཁམས་དང་དབང་པོ་ལ་སོགས་པའི་ཆོས་རྣམས་ཏེ། དེ་ཐམས་ཅད་མི་དོར་བའོ།། དེས་ན་ཕྱིའོ།། ་བྱ་བ་ཡང་ཡོངསུ་མི་དོར་ཏེ་འཛིག་ཀྱི་ཚེ་ནང་གི་ཕྱིས་ཀྱིན་ཧྲཱིས་པོ་ཉིད་ཞིན་གཤེགས་པ་ཐམས་ཅད་ཀྱི་དཔེ་ལ་ཡིད་ཆེས་པས་ཆོས་སྟོན་ཏོ།། འོན་ཀྱང་དེ་ཐམས་ཅད་ནི་ཆུ་ཤིང་ལྟ་བུ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། ཇི་ལྟར ་ཆུ་ཤིང་རྣམས་ཀྱི་སྙིང་པོ་ནི་སྟོང་པ་སྟེ། བརྟགས་ན་མི་དམིགསོ།། དེ་བཞིན་དུ་ཆོས་རྣམས་ཀྱི་ཆོས་ཉིད་ནི་ཆོས་ཀྱི་དབྱིངས་ལས་བྱུང་བའི་ཕྱིར་ཆོ་གྱི་ཀྱི་ན་ཉིད་དོ།། ན་མཁོའི་ངོས་སུ་ན་མཁའ་འབྱུང་བ་བཞིན་ནོ།། དེ་དང ་མཚུངས་པས་མཉམ་དང་མི་མཉམ་ཞེས་པ་ན་མཁའ་ཡང་གདོད་ནས་མ་སྐྱེས་པ་མི་བདེན་པ་སྣང་བའི་མཚན་ཉིད་དེ་ཆོས་ཀྱི་དབྱིངས་བརྗོད་དུ་མེད་པ་ཞེས་དགོད་སོ།། དེ་བཞིན་དུ་དང་པོ་ཉིད་དུ་ལ་ལ་ནཱ་དཔར་ས་ནཱ་དང་ཨ་བ་དྷཱུ་ཏཱིའི ་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་རྣམས་ཀྱི་རང་བཞིན་བརྗོད་དེ། འདོར་ལ་ལ་ནི་ལུས་ཀྱི་རང་གི་ངོ་བོ་སྟེ། དེས་ན་སྟོང་པ་ཉིད་དུ་མི་བསྒོམ་ཞེས་པ་ནི་ནག་པོའི་ཕྱོགས་ལ་ཉི་མའི་ཆ་འཕེལ་བའི་དབྱེ་བས་ཟླ་བའི་ཆ ་བཅོ་ལྔ་ཟད་དོ།། དེ་ཡང་རང་གི་བདག་ཉིད་ཀྱི་བྱང་ཆུབ་སེམས་ཏེ་ཆ་བཅོ་ལྔའི་བདག་ཉིད་ཀྱི་ཟླ་བའོ།། དེས་ན་ལུས་ཀྱི་དངོས་པོ་སྟེ། དེ་སྤངས་ན་རང་གི་དོན་དང་གཞན་གྱི་དོན་རྣམས་ལ་འཇུག་པར་མི་འགྱུརརོ།། དེའི་ཕྱིར ་དེ་བསྒོམ་པར་མི་བྱ་སྟེ། རང་བཞིན་གྱིས་གྲུབ་པའི་ཕྱིརརོ་ཞེས་པ་སྟེ་ངེས་པའོ།། མི་སྟེང་པར་ཡང་ཞེས་པས་ནི་དེ་བཞིན་དུ་དཀར་པོའི་ཕྱོགས་ལ་ཟླ་བའི་ལོངས་སྤྱོད་འཕེལ་བའི་ཉི་མའི་ཆ་ཕྲི་ཞིང་ནང་དུ་ནི་རཱ་ས་ནཱ་འབྲིའོ།། དཀར ་ཆོས་གཅིག་ལ་སོགས་པ་ཆ་བཅོ་ལྔ་འཕེལ་བའི་དབྱེ་བས་སོ།། དེ་ལྟར་མི་སྟོང་ཞེས་བྱ་བ་ནི་མི་སྟོང་པ་ཡང་བསྒོམ་པ་མིན་ཞེས་དགོང་སོ།། དེ་བསྒོས་པས་ནི་ངག་གི་དངོས་པོ་ཟད་པར་འགྱུར་རོ།། དེས་ནི་ངའི་ཚིག་གསུངས་ཏེ། ་སྟོང་ཉིད་དོར་མི་བྱ་ཞེས་པ་ནི་འདིར་ཨ་བ་དྷཱུ་ཏཱིའི་ཆ་བཅུ་དྲུག་པ་ཆ་གཅིག་ནི་སེམས་ཀྱི་དངོས་པོའི་མཚན་ཉིད་ཀྱི་ཕྱིར་རོ།། དེ་ལྟར་སྟེང་པ་དང་མི་སྟོང་པའི་ཕྱོགས་གཉི་ག་ཡང་མི་དོར་ཞེས་པའི་དོན་ཏོ།། ཅིའི་ཕྱིར་ཞེ་ན་གསུངས ་པ། མི་སྟོང་ཞེས་བྱ་བ་ལ་སོགས་པ་ནི་འདེར་སྟོང་པ་འམ་མི་སྟོང་པའི་དངོས་པོ་གཅིག་ལ་སེམས་ཞན་པོའི་ཕྱིར་ཉེས་པ་ཡོད་།། དེ་ཅི་ཞེ་ན། ཐ་མལ་བའི་རྣམ་རྟོག་སྐྱེ་ཞེས་གསུངསོ།། ཐ་མལ་པ་ཞེས་པ་ནི་དངོས་སོ ་གཉིས་ལ་འཛིན་པོ་སོ་སོ་ལ་ཞེན་ཏོ།། དེས་ན་གཉིས་མེད་པའི་བློ་མི་སྐྱེའོ།། དེ་ལྟར་བསྒོམས་པ་དམན་པར་འགྱུར་རོ།། ཡོངས་གཏོང་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ཏུ་རྟོག་པ་འདི་དག་ལ་གང་བརྟེན་པའི་བློ་དྲི་ནི་ཡོངས་སུ ་དོར་བའོ།། གཉི་གར་ཞེས་བྱ་བ་ལ་སོགས་པ་ལ། རྣམ་དག་ཅེས་པ་ནི་རྣལ་འབྱོར་པའི་སེམསོ།། དེས་ན་རྣམ་པར་གྲོལ་བར་འགྱུར་ཞེས་པ་ནི་མི་དམིགས་པ་དང་བཅས་པའི་ཡེ་ཤེས་སྤངས་པའོ།། དེའི་ཕྱིར་བདག ་ཅེས་པ་ལ་སོགས་པ་ནི་གོ་སླའོ།། དེ་བཞིན་དུ་ལུས་དང་ངག་དང་སེམས་རྣམས་ཀྱི་ཆོས་ཀྱི་རང་བཞིན་བརྗོད་དེ། དེ་ཡང་རང་བཞིན་གྱི་དབྱེ་བས་རང་གི་ངོ་བོའི་རང་བཞིན་དུ་འགྱུར་ཏེ། འགྱུར་བ ་མྱེད་ཅེས་པ་ལ་སོགས་པ་ག་ཆགས་བྲལ་གྱི་རང་བཞིན་ནི་ལ་ལ་ནཱ་སྟེ། དེ་ནི་འགྱུར་བ་མེད་པའི་བསྒོམ་པའི་དབང་གིསོ།། དེ་ལྟར་ཐམས་ཅད་ལ་ཡང་ཁོང་དུ་ཆུད་པར་བྱའོ།། ར་ས་ནཱ་ནི་ཆགས་བྲལ་བར་མ་སྟེ། དེ་ཡང ་སོམ་ཉི་མེད་པའོ།། ཨ་པཱ་དྷཱུ་ཏིའི་ནི་ཆགས་བྲལ་ཆེན་པོ་སྟེ། དེ་ཡང་འདོད་པ་མེད་ཅིང་དྲི་མ་དང་བྲལ་ཞེས་པའི་དོན་ཏོ།། དེ་ལྟར་སེམས་རྣམ་པ་གསུམ་དང་བྲལ་ཞིང་དྲི་མ་གསུམ་གྱི་རང་བཞིན་སྤངས་ཞེས་པའི་དོན་ཏེ། དེ ་བཞིན་དུ་སེམས་འདིའི་སྲོ་ག་རྒྱུ་བ་རྣམ་པ་གཉིས་ཏེ། དང་པོ་ནི་སྟེང་དུ་འགྲོ་བའོ།། གཉིས་པ་ནི་འོག་ཏུ་འགྲོ་བའོ།། དེ་ཡང་སྐྱེ་བ་དང་འཆི་བར་དགོངསོ།། དེ་དག་ལུས་ངེས་པར་གྲོལ་བ་དབུས་སུ་ན་མཁའ་བཞིན་དུ་བློ་དང ་ལྡན་པས་བསྒོམ་པར་བྱའོ་ཞེས་པ་ནི་ངེས་པའོ།། དེ་བཞིན་དུ་སེམས་ཅནྡ་རྒྱབ་ཀྱིས་ཕྱོགས་པའི་ནི་མྱ་ངན་ནོ།། སེམས་ཅན་ཡོད་པར་འཛིན་པ་ནི་མྱ་ངན་པར་མའོ།། སེམས་ཅན་མེད་པར་འཛིན་པ་ནི་མྱ་ངན་ཆེན་པོའོ།། ། ་དེས་ན་ཀུན་ཏུ་རྟོག་པ་གསུམ་དུ་མི་བརྟག་གོ། དེའི་ཚེ་སྤྲོས་པ་ཉིད་ཞི་བའི་གཟུགས་ཏེ། དེའི་ཤེས་རབ་ཀྱི་རྟོག་པ་བརྗོད་དུ་མེད་པའོ།། སླར་ཡང་འཁོར་བ་ལས་འཇིགས་པ་དོར་བའི་ཕྱིར། ཡིད་བཞིན་ནེར་ལྟར་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དེ་སྐད་ཅེས་བྱའོ།། འོན་ཀྱང་འཇིགས་པ་པདམ་ནི་དེ་བཞིན་དུ་དམིགས་པ་མེང་པའི་རང་བཞིན་གྱི་བྱ་བཅོམ་པ་དང་བྲལ་བའོ།། ངས་ན་ཡང་ཤིན་ཏུ་འཇིགས་པ་ནི་དམིགས་པ་མེད ་བྷོབཽརྗེ་བ་སྙིང་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པའོ།། དེ་བཞིན་དུ་གཉི་ག་ནི་སྲིད་པ་སྟེ། གཅིག་ཉིད་ཤེས་རབ་དང་ལྷན་ཅིག་པ་དེ་ཉིད་སྲིད་པ་བར་མའོ།། ན་མཁའ་ལ་ན་མཁའ་བཞིན་དུ་སྲིད་པ་ཆེན་པོ་ཉིད་དུ་ཉེ་བར་སོང་བའོ།། ། ་དེའི་ཚེ་ཉེ་བར་ལེན་པོ་ནི་སྐྱེས་བུ་དག་ཤོག་གཱ་ན་སྭ་སྟེ་གང་དུ་ཡང་སྒོམ་པ་པོ་མེད་པའོ།། དེས་ན་གང་ན་ཡང་སྒོམ་པ་མེད་ཅེས་སོ།། དྲིས་ཀྱང་མི་དགེ་བ་ཉིད་དུ་འགྱུར་ཏེ་དགེ་པའི་རྣམ་པར་རྟོག་པ་དང་བྲལ་ཞེས་དགོངས་ཏེ། དེ ་བརྗོད་པ་བསྒོམ་པར་བྱ་བའི་དངོས་པོ་ཅུང་ཟད་ཀྱང་མང་དེ་རང་གི་སེམས་ཡོང་སུ་ཤེས་པའི་ཕྱིར་རོ།། གཞན་ཡང་རང་གི་སེམས་ཀྱི་རང་བཞིན་ལས་བྱུང་བའི་སྐྱེ་བོ་དེ་ཐམས་ཅད་འཁོར་བའི་དབུསུ་སྒོམ་གྱིས་གདུངས ་ཏེ། དེ་ཁོ་ན་ཉིད་ཀྱི་སྒྲོམ་པ་ལ་གདུང་བར་བྱེད་དོ།། དེ་དང་བྲལ་བའི་ཕྱིར་དེ་བཞིན་དུ་འདིར་ཚོ་རོ་བའི་བྱ་བ་ཅུང་ཟད་ཀྱང་མེད་དོ།། དེའི་ཚེ་སྤྱད་པར་བྱ་བ་ཡོད་པ་མ་ཡིན་ནོ།། ཚོར་བ་བར་མ་ནི་བྱེད་པ་པོ་ཉིད་དེ་ཤིན་ཏུ་ཆེ ་བ་ལས་རྣམ་པར་གྲོལ་བའི་ཕྱི་རོ།། དེའི་སྐད་ཅིག་མ་ལ་མཚོན་ཅིང་སྤྱོད་པའི་དོན་དམ་པའི་ཡེ་ཤེས་དེ་ལས་ཀྱང་རྣམ་པར་གྲོལ་ལོ།། དེས་ན་བསམ་གྱིས་མི་ཁྱབ་པར་འགྱུར་བའི་རྣམ་པར་བསྒོམ་པའི་གནས་ཐོབ་པའོ།། ་དེ་བཞིན་དུ་འདིར་སོ་སོར་རྟོག་པ་སྒྲུབ་པ་པོ་ཡང་མེད་དེ།། དེའི་ཕྱིར་བསྒྲུབ་པར་བྱ་བ་ཡང་མེད་ཅེས་བྱ་བ་ནི་དངོས་པོ་ཅུང་ཟད་མེད་པ་སྟེ། གང་གིས་ངོ་ཚ་བའི་དབང་གིས་བྱ་བ་ཉེ་བར་ང་བ་ཡང་མེད་པའོ། ་རྒྱུ་དེས་ན་དེ་ལྟར་ཡང་སྤང་བར་མི་འགྱུར་རོ།། སྐྱུར་ལ་ཡང་བརྩེ་བ་ཡང་ཡོད་དེ། དེས་ན་དངོས་པོ་ཅུང་ཟད་གཟུང་བར་བྱའོ།། དེ་ཡང་བརྩེ་བ་བར་བའི་ཕྱིར་དེ་མེད་དེ་འདིར་དེ་ཡང་བརྩེ་བ་ཆེན་པོའི་དབང་གིས་དྲི་ཟ་བ་ལ་སོགས ་པོའི་དཔེ་ལྔས་ཉེ་བར་འཇལ་བ་དེས་ན་ཉེ་བར་མཚོན་པར་བྱའོ།། དེ་ལྟར་དགོས་པས་དངོས་པོ་གང་དང་གང་མཐོང་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་བཞིན་དུ་ཐེ་ཚོམ་ཉིད་ཀྱིས་དཔེ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས ་པ་ནི། འདིར་ལྟར་ཁྱེའུ་དང་བུ་མོའི་བདག་ཉིད་དགའ་ཞིག་རྩེ་བའི་གནས་སྐབསུ་གཉིས་གའི་དབང་པོ་འདུས་པར་བྱེད་དེ། དེ་གཉིས་མ་བསླབས་པར་ཡང་དབེན་པར་དེ་དག་འདུས་ནས་བདེ་བའི་སེམས་ལསྐྱེད་པར་འགྱུར་རོ།། དེའི་ཕྱིར ་བྷ་གར་ལིང་ག་རབ་ཏུ་བཞག་མོད་དངོསུ་ཅུང་ཟད་ཀྱང་ཉམ་སུ་མྱོང་བར་མི་འགྱུར་ཏེ། མི་འཛག་པ་ཉིད་ཀྱི་ཕྱིར་ཞེས་དགོངསོ།། དེ་བཞིན་སངས་རྒྱས་རྗེ་སུ་དྲན་པ་བསྒོམ་པའི་རྣལ་འབྱོར་པ་རྣམས་སཽར་སྣའི་དབང་གིས་བསྐྲུན ་ཏེ། ཐོག་མ་མེད་པའི་བསྐལ་པ་གྲངས་མེད་པའི་བག་ཆགས་ཀྱི་སེར་སྣ་ལ་སོགས་པའི་ཉེ་བས་ཉེ་བར་བསྣུན་པའི་ཕྱིར་ཤེས་རབ་དང་ཐབས་ཉིད་ཀྱིས་བསྒོམ་པ་གདོད་ནས་མ་སྐྱེས་པ་བྱེད་དེ། བསྐྱེད་པ་ཞེས་བྱ་བ་ལ་སོགས་པ ་གོ་སླའོ།། ད་ལྟར་ལ་ལ་ནཱའི་རང་བཞིན་རྩ་སུམ་ཅུ་རྩ་གསུམ་གྱིས་བདག་ཉིད་ཀྱི་རང་གི་ངོ་བོ་གསུངསོ།། དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བྱང་ཆུབ་སེམས་པའི་ལ་ལ་ནཱའི་རྩ་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དུ་འདོད་པ་དེའི་ཕྱིར་རོ།། དེ ་བཞིན་དུ་སུམ་ཅུ་གསུམ་པ་ནི་ཐམས་ཅད་ཀྱི་གཅིག་པའི་རང་བཞིན་གྱི་རང་གི་ངོ་བོ་ཉེ་བར་མཚོན་པའོ།། སླར་ཡོང་ར་ས་ན་ཡིས་གསུངས་པ། བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ལ་ལ་ནཱའི་རྐྱེན་གྱིས་ར་སྭ་ནཱའི་བསྟན་ཏེ། ་དེ་ཉིད་ཀྱང་ཆགས་པ་ནི་དང་པོའོ།། དེའི་མཐའ་མ་ནི་ཁྲག་གོ།། བར་མ་ནི་གཉི་གའི་དྲི་མ་མེད་པའི་ཡེ་ཤེས་མགུ་བར་བྱེད་པ་བསྐྱེད་དེ་མགུ་བ་བར་མ་དེ་ཉིད་ཀྱིས་ནི་རང་རིག་པ་བསྐྱེད་དོ།། ཡེ་ཤེས་དེ་ཉིད་ནི་ཤིན་ཏུ་མགུ་བའི་ཕྱིར། ་ལུས་བོར་ནས་གཞན་བེམས་པོའི་དངོས་པོ་ལ་བརྗོད་པར་མི་ནུ་སོ།། དེ་བཞིན་དུ་གཟུགས་རྣམས་ཀུན་ལ་བལྟ་བ་ཞེས་པ་ནི་བེམས་པོའི་གཟུགས་ལ་ཤེས་རབ་ཁྱབ་པར་བྱེད་པའི་ཕྱིར། དེ་མཐོང་བས་བྱིན་གྱིས་བརླབས ་པ་དེ་ནི་དགའ་བའོ།། དེ་བཞིན་དུ་སྒྲའི་བདག་ཉིད་དངོས་པོ་རྣམས་ལ་རྟོག་པ་མིང་སྣ་ཚོགས་པ་དེ་རྣམས་ལ་བྱུང་བ་དེ་ནི་རབ་ཏུ་དགའ་བའོ།། དེ་བཞིན་དུ་རང་གིས་བརྟགས་པའི་ཕྱིར་ངོ་མཚར་བྱེད་པའི་ཚིག་བསམ་གྱིས་མི ་ཁྱབ་པ་དེ་བཞིན་དུ་དགའ་བ་ལྟ་བུའི་རྒོད་པའོ།། འམ་གྱི་སྒྲ་ནི་རྣམ་པར་རྟོག་པའོ།། གང་གི་ཕྱིར་དངོས་པོ་ཐམས་ཅད་ན་མཁའ་དང་མཉམ་པའི་རང་བཞིན་ཏེ། ཇི་ལྟར་རྒོད་པའི་སྐད་ཅིག་ལ་སྔོན་གྱི་དངོས་པོ་ཡོངསུ་བཏང ་ཞིང་མ་འོངས་པ་མ་ཐོབ་ཅིང་ད་ལྟའི་མི་གནས་པ་ནི་མྱོད་པའོ།། ད་ལྟར་ཧ་ཤྲཱི་ཏིའི་རྐྱེན་གྱིས་བསྒྱུང་བས་ཨཱར་འགྱུར་ཏེ། དེ་ཡང་ནམཁའོ།། ཁས་ཞེས་པ་ནི་ན་མཁའ་དང་མཉམ་པ་ཞེས་པའི་དོན་ཏོ།། དེ་བཞིན ་དུ་ཚིམ་པ་ཐོབ་པ་ནི་སྣ་ཚོགས་རོ་རྣམས་ཞེས་པ་ལ་ཇི་ལྟར་ཆགས་པ་ཆེན་པོའི་ཚུལ་གྱི་ཏིང་འཛིན་གྱི་ཕུང་པོ་ལྔ་རྣམས་ན་མཁའ་ཉིད་དུ་འགྱུར་ཏེ། དེ་རྣམས་རོ་གཅིག་པ་དྲུག་པ་ཡེ་ཤེས་ཀྱི་རོ་ཐམས་ཅད་ཀྱི་གཟུགས་སྣ་ཚོགས ་པའི་བདེ་བའི་རང་བཞིན་ཐོབ་པའོ།། དེས་འཁྱུད་པས་ལས་རྣམས་ཐམས་ཅད་བྱེད་པ་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་རྣམས་ཐམས་ཅད་བྱེད་པའོ།། དེ་ཉིད་འོ་བྱེད་པ་སྟེ། ཤིན་ཏུ་བརྩེ་བ་གཞན་དུ་སོང་བའི་སེམས་ཀྱིས་མིན་ཏེ། ་ཕྱིའི་དངོས་གྲུབ་རྣམ་སུ་ཐལ་བའི་བསམ་པས་མ་ཡིན་པའོ།། དེ་བཞིན་དུ་རྒྱུན་དུ་ཞེས་པ་ནི་མ་དུབ་པས་དུབ་པ་མི་འདོར་ཏོ།། རྣལ་འབྱོར་པས་རྒྱུན་མི་འཆད་པར་རྣལ་འབྱོར་ལ་གོམས་པར་བྱེད་དེ། ཇི་ལྟར་བྱིས་པས་མའི་ནུ ་རྒྱུན་མི་འཆད་པར་འཛིད་ཀྱང་མི་སྐྱོ་བ་དེ་བཞིན་དུ་ཡེ་ཤེས་ལ་གོམས་ཕྱིར་བྱེད་དེ་མགལ་མེའི་འཁོར་ལོ་བཞིན་དུ་ཡང་ངོ་།། དེ་བཞིན་དུ་བསྟན་པས་བླ་ན་མེད་པའི་སྦྱོར་བ་སྐྱེ་སྟེ། དེས་ན་དེ་ཁོ་ན་ཉིད་རིག་པའི་རྣལ་འབྱོར ་པས་མི་ཟད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ།། དེས་ན་གཉིས་པ་འདིས་བརྩོན་འགྲུས་འགྲུབ་པར་འགྱུར་ཞེས་གསུངས་ཏེ། དེས་ཀྱང་འདིར་ང་རྒྱལ་གྱིས་དོན་དམ་པའི་བྱང་ཆུབ་སེམས་དམ་པ་ཕུལ་དུ་བྱུང་བ་ཐོབ་པོ།། དེ་ཡང ་ལས་ཀྱི་རྣམ་པར་སྨིན་པའི་ཕྱིར་རྡོ་རྗེ་སྟེ་མི་ཕྱེད་པའོ།། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཀྱིས་ཡང་དག་པར་ཐོབ་པའོ།། དེའི་སྟོབས་ཀྱིས་གསལ་བར་སངས་རྒྱས་བྱས་པའོ།། དེའི་བྱང་ཆུབ་ཉིད་ནི་སྤྲོ ་བའོ།། དེ་བཞིན་ཉིད་ལྷན་ཅིག་སྐྱེས་པའི་རྒྱུས་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཀྱི་སྐུའི་རང་བཞིན་ནོ།། སླར་ཡང་ཕ་རོལ་ཏུ་ཕྱིན་པ་ཀུན་དངོས་ཞལ་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའི་ས་རྣམ་སོ།། དེ་བཞིན་དུ་སྣང་བ་མེད ་པའི་ཕྱིར་ཀུན་ཏུ་འོད་དེ་བཞིན་གཤེགས་པ་ས་བཅུ་གཅིག་པའོ།། དེ་ལ་གནས་པའི་ཕྱིར་ལྷན་ཅིག་སྐྱེས་པ་ཆེན་པོར་འགྱུར་ཏེ། རང་གི་དོན་དུའོ།། དེ་བཞིན་དུ་ལྷན་ཅིག་སྐྱེས་པ་བར་མའི་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་དང་ཀུན་ཏུ་འོང ་ངག་གཉིས་མེད་བྱའོ།། དེ་ཡང་དྲུག་པོ་ཀུན་ཟླབ་བཞིན་འོད་གསལ་བ་རྣམ་པར་རྟོག་པ་ཐམས་ཅད་ཟ་བའོ།། དེས་ན་སངས་རྒྱས་ཐམས་ཅད་ཀྱི་སྒོམ་པའི་མཆོག་དེ་ཉིད་ལས་རྣམ་པར་སྒེག་པའི་འདི་བྱུང་བ་ན་འགྲོ་བ་དེ་ལ་དེ་སྐད ་ཅེས་བྱའོ།། གཡོ་བ་ཞེས་པ་ནི་ཞི་འགྲས་པའི་བདག་ཉིད་དོ།། དེ་བཞིན་དུ་དགེ་བའི་བསམ་པས་བྱང་ཆུབ་སེམས་དཔའ་མཐའ་ཡས་པ་དང་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུང་གསལ་པོས་ཉན་ཐོས་ལ་སོགས་པ ་རྣམས་ལ་ཆོས་བསྟན་ཏོ།། སོགས་པའི་སྒྲས་ནི་རང་སངས་རྒྱས་རྣམས་བསྡུའོ།། དེ་ཉིད་རྣལ་འབྱོར་པས་བསྒོམ་བྱ་ཞེས་པ་ནི་བདེན་པའི་དངོས་པོ་དང་། དེ་བཞིན་དུ་མི་བདེན་པའི་དངོས་པོ་དེ་དག་བྲལ་བར་ངེས་པའོ།། དེ་རྗེ ་ལྟར་ངེས་ཤེ་ན། དངོས་པོ་ཞེས་པ་ནི་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པའོ།། དངོས་པོ་མེད་པ་ཞེས་པ་ནི་འཇིག་རྟེན་ལས་འདས་པའི་བདེན་པའོ།། དེ་ཡང་ཉེ་བར་ལེན་པའི་མཚན་ཉིད་དོ།། དེ་ལྟར་འཇིག ་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་ལས་གྲོལ་བ་སྟེར་བའོ།། དེས་ནི་དོན་དམ་པའི་ཡེ་ཤེས་བསྒོམ་པར་བྱའོ།། མྱུར་དུ་འགྲུབ་འགྱུར་ཏེ་ཞེས་པ་ནི་ཇི་ལྟར་འགྲུབ་ཅེ་ན། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་དག་ལ ་བསྐུལ་བ་དེ་ལ་དེ་སྐད་ཅེས་བྱའོ།། རྣལ་འབྱོར་པ་དེ་ཉིད་དེ་ཐབས་མྱུར་བས་འགྲུབ་པའི་དོན་ཏོ།། འོན་ཀྱང་ཀུན་ཉོན་མོངས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཉིད་ཅེས་པ་ནི་ངེས་པར་གཟུང་བའོ།། ཀུན་ནས་ཉོན་མོངས་པའི་ཉེས་པ ་འདི་རྣམ་ལ་འཇིག་རྟེན་པའི་བྱ་བ་ལ་གནས་པས་ངོ་ཚ་བ་མི་བྱ་སྟེ་བྱས་པ་བཞིན་དུ་ནཾ་པཱ་དཔྱད་ཅེས་དགོད་སོ།། དེས་ན་དེ་ལ་མཐོའ་ཡས་ཞེས་བྱ་བ་ལ་སོགས་པ་ལ། མཐའ་ཡས་ཞེས་པ་ནི་རྣལ་འབྱོར་པ་དེ་ལ་གྲངས་མེད་པའི ་ཡོན་ཏན་རྡོ་རྗེ་འཆང་བཞིན་ནོ།། སྐྱེ་བར་འགྱུར་ཞེས་པ་ནི་འདོད་པ་སྦྱངས་བཞིན་ནོ།། སྐྱེ་བར་འགྱུར་ཞེས་པ་ནི་འདོད་པ་སྤངས་བཞིན་དུའོ།། ཇི་ལྟར་འོ་མ་ལས་མར་བཞིན་དུ་བེམས་པོ་ལས་བེམས་པོ་འབྱུང་ངོ་།། དེ་ཉིད་ཀྱིས ་སྒྲུབ་པ་པོ་དེའི་གསུངས་པ། དཔལ་ཞེས་པ་ནི་གཉིས་མེད་པ་སྟོན་ཏོ།། དེས་ན་སྲིན་པོ་ཞེས་པ་སྟེ་ཇི་ལྟ་བའི་མཚན་ཉིད་མ་གསུངས་ཀྱང་ཐམས་ཅད་བསྒྲུབ་པའོ།། དེ་ལྟར་ཐམས་ཅད་དུ་སོང་བའི་ཡོན་ཏན་གཉིས་མེད་པ་ལས ་བྱུང་བ་ཐམས་ཅད་དོ།། དེའི་འདོད་པ་ནི་བདེ་བར་གཤེགས་པའི་བཞེད་པའོ།། དེ་ལྟར་གནས་ཐོབ་པའི་རྣལ་འབྱོར་པ་དེ་ཉིད་ནི་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པའི་མཚན་ཉིད་དུ་འགྱུར་རོ།། གཞན་ཡང་བྱིས་པ་སྐྱེ་བོ་རྣམས་གདུགས ་པ་དང་གཡོ་དང་སྒྲ་ལ་ཆགས་པ་དེ་རྣམས་རིམ་པ་བཞིན། རྣམ་རྟོག་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཇི་སྲིད་དུ་རབ་ཀྱི་མཐར་མ་སོང་བའི་དེ་སྲིད་དུ་སྔོན་གྱི་བག་ཆགས་ཀྱི་དབང་གིས་སོ།། ཆེན་པོ་ཞེས་པ་ནི ་མཐའ་མེད་པའི་སྐལ་པས་རྒན་པ་ནི་འོད་གསལ་བའོ།། ཇི་ལྟར་ལང་ཚེ་གཞོན་ནུ་མཁས་པ་ཡེ་ཤེས་ཅན་ཡོན་ཏན་གྱིས་རྒན་པ་ནི་རྒན་པའོ།། གཞན་ཡོན་ཏན་མེད་པ་རྨོངས་པ་མི་ཤེས་པ་ཅན་རྒན་པ་མ་ཡིན་པ་ཡོན་ཏན་ཆུང ་དུ་དེ་གངྒཱ་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཡང་འཁོར་བའི་རྣམ་པར་རྟོག་པའོ།། དེས་ན་མུན་པ་ཟིལ་གྱིས་མནྡན་པ་ཞེས་པ་ནི་ཇི་ལྟར་དམུས་ལོང་དེའི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་བརྒྱད ་ལོང་པ་ནི་མ་ཡིན་ཏེ། སྔོན་ནུས་ལྷའི་མིག་ཡིན་པའི་ཕྱིར་རོ།། དེ་བཞིན་དུ་བྱིས་པ་རྣམ་པར་རྟོག་པའི་མུན་པས་ཟིལ་གྱིས་མུནན་ཅིང་བློ་བུར་བའི་དྲི་མ་སྟེ། གཡོ་དང་གདུག་པ་དང་སྒྱུ་དང་གྱ་གྱུའི་ལས་དང་། དེ་བཞིན་དུ ་ཆགས་སོགས་ཤེས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ཕྲག་དོག་དང་སེར་སྣ་ལ་སོགས་པ་གཡོ་སྒྱུའི་དབང་གིས་འདོར་བར་མི་ནུས་ཏེ། དེ་ནས་རང་བཞིན་དྲི་མ་མེད་པའི་སེམས་དྲི་མས་སྔགས་ཏེ་གཡོ་སྒྱུ་ཅན ་དེ་རྣམས་གདོན་པའི་ཕྱིར་འཁོར་བར་བདུད་རྩིའི་རང་བཞིན་གྱི་ཐབས་གསུང་པོ།། རྡོ་རྗེ་ཅན་ཞེས་པ་ནི་རྡོ་རྗེ་སེམས་དཔའོ།། དེ་ཡང་འོད་གསལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ལྟར་ཐབས་ཀྱི་ར ་བཞིན་བཞི་བཅུར་ར་ས་ནཱའི་རང་བཞིན་གྱི་རང་གི་ཇོ་བོ་གསུངས་པ་ནི་རྡུལ་གྱི་ཁམས་ཏེ། འདོད་ཆགས་ཀྱི་བག་ཆགས་རྣམས་ཡོངསུ་ཟད་པའི་རྒྱུར་གསུང་སོ།། ད་ནི་ཨ་པ་དྷཱུ་ཏིའི་རང་གི་ངོ་བོ་བསྟན་པའི་ཕྱིར། དེས་ན་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། འདིར་ཆགས་པ་བར་མ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་སྐད་ཅིག་སྟེ། དེ་ཉིད་འོད་གསལ་བའོ།། དེས་ན་འདི་ལས་གཞན་པའི་དམ་པའི་དངོས་པོ་ཅི་ཡང་ཡོད་པ་མ་ཡིན་ནོ།། སྡུག་བསྔལ་ཞེས ་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ཉིད་ནི་བརྗེད་ངས་པ་བྱེད་པ་དེ་ལས་གཞན་ཅི་ཡང་མེད་ཅེས་བྱ་བ་ལ་སོགས་པ་བྱེད་པའོ།། རྒྱུ་ནི་ཞེས་པ་ནི་རྒྱུ་གཙོ་བོ་མ་ཡིན་པ་གཞན་དེ་ནི་མེད་དེ། འཁྲུལ་པས་འཁོར་བའི་བདེ་བ་སྣ ་ཚོགས་པ། རྗེསུ་འཚོལ་བ་དེ་མ་ལུས་པ་ཟད་པ་ཞེས་པ་རྣམ་པར་རྟོག་པའི་བདེ་བ་ཟད་པའོ།། དེ་ཉིད་ཀྱིས་ན་འཆིང་བ་ཟད་པར་འདོད་པའོ།། དེས་ན་མི་སྨྲ་བར་འགྱུར་རོ།། རྫོགས་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ ་བ་བཞིན་ནོ།། དེའི་ཕྱིར་སེམས་ཞེས་པ་ནི་བརྒྱ་ལམ་ན་བསྒོམ་པ་སྐྱོ་ན་དེས་ཤིན་ཏུ་བརྟགས་ནས་འབད་པས་བརྟན་པར་བྱའོ།། མིན་ལ་ལེ་ལོར་འགྱུར་ཏེ། དེའི་ཚེ་སེམས་རང་བཞིན་གྱིས་སྣ་ཚོགས་པའི་རྣམ་པ་དེས་ནི་གཉིས ་གཉིསུ་འགྱུར་ཏེ། དེའི་རང་བཞིན་རང་བཞིན་མེད་པའོ།། དེས་ན་འཁོར་བའི་སྡུག་བསྔལ་དེ་ཉིད་ཀྱི་རང་བཞིན་འགོག་ཅིང་སྔོན་དུ་གསུང་པའི་རང་བཞིན་གྱི་བྱ་བ་ཉེ་བར་འགྲོ་བ་སྟེ། བེམས་པོའི་ཁམས་བཞིན་ནོ།། དེ་ལྟར་ཨ་བ་དྷ ་ཏཱིའི་རང་བཞིན་གྱི་ངོ་བོ་གསུངསོ།། དེས་ན་གཉིས་མེད་པར་འགྲོ་ཞེས་པའི་ཚུལ་གྱིསོ།། རྣམ་པ་བདུན་གྱི་བདེ་བས་དེ་ལྟར་མདོར་བསྡུས་ན་རྣམ་པ་གསུམ་ལ་བརྒྱད་ཅུའོ།། རྒྱས་པར་ནི་བྱེ་བ་ཁྲག་བརྒྱད་ཅུའི་ཚད་དུ་གྲངས་མེད ་པ་སྐད་ཅིག་དང་ཐང་ཅིག་དང་ལ་སྲོག་གི་རང་བཞིན་གྱིས་འབྱུངངོ་།། དེ་བཞིན་དུ་ཇི་སྲིད་རྟོགས་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་བཞིན་དུ་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་ནི། འདིར་ཇི་སྐད་དུ་རྣལ་འབྱོར་པ་འཁོར ་བུ་ལ་གནས་པ་དེ་སྲིད་དུ་རྣམ་པ་དང་བཅས་པའི་བསྒོམ་པ་ལ་དམིགས་པར་འགྱུར་ཏེ། གཞན་དུ་ན་ཐུན་མོང་གི་དངོས་གྲུབ་རྣམས་མི་བསྒྲུབ་པར་འགྱུར་རོ།། དེས་ན་སེམས་ཅན་རྣམས་ཡིད་ཆོས་པོར་མི་འགྱུར་རོ།། ། ་འོན་ཀྱང་རྣལ་འབྱོར་པ་སངས་རྒྱས་ཉིད་ཅེས་པ་ནི་དང་པོ་ཉིད་ལས་སེམས་མཐར་ཐུག་པའོ།། དེས་ན་འགྱུར་ཞེས་པ་ནི་དོན་དམ་པའི་སྒྲུབ་ཐབས་ལ་ནན་ཏན་བྱེད་པར་འགྱུར་བའོ།། དེ་ཡང་མཚོན་བྱ་ཞེས་བྱ་བ་ལ་སོགས ་པས་གསུངས་ཏེ། འདིར་མཚོན་བྱ་རྣལ་འབྱོར་གོམས་པ་ཡང་གང་གིས་མཚོན་པ་མཚོན་པ་མེད་པར་བྱ་སྟེ། སྔོན་དུ་གསུངས་པོའི་རང་བཞིན་གསུམ་གྱི་རང་གི་ངོ་བོ་གསུམ་བསྒོམ་པའོ།། དེ་ལ་མོས་པས་གནས ་པའི་རྣལ་འབྱོར་པས་དེ་ཡང་སྐྱོག་དང་རྩོལ་བའི་རིམ་གྱིས་ཉེ་བར་མཚོན་པར་བྱའོ།། དེ་བཞིན་དུ་སྲོག་དང་རྩོལ་བའི་རྣམ་པ་དྲུག་ཅུ་རྩ་བཞིའོ།། ཚིག་གི་དབྱེ་བས་དྲུག་ཅུ་རྩ་བཞིའི་རྣམ་པའི་བསམ་གཏན ་རྣམསུ་འགྱུརརོ།། དེ་རྣམས་ཀྱང་གནད་ཀྱི་སྒོ་རྣམསུ་མཚོན་པར་བྱའོ།། དེ་ལ་གནད་ཀྱི་སྒོ་གསུངས་པ། འདིར་ལུས་ལ་གནོད་ཕྱེ་བའི་སྒོ་གཅིག་ཀྱང་དྲུག་ཅུ་རྩ་བཞིའི་རྣམ་པའོ།། ལྟེ་བ་གཉིས་གཉིས་དྲུག་ཅུ་རྩ་བཞི་དབྱེ་བས ་མདུད་པ་དྲུག་ཅུ་རྩ་བཞི་རྣམསུ་གཉི་ག་ལས་རྒྱུ་བ་འདི་ཉིད་ཀྱིས་འདོད་པའི་གནས་སྐབས་དྲུག་ཅུ་རྩ་བཞིའི་རྣམསོ།། དེ་རྣམས་ཀྱི་གནས་རྣམས་རིམ་པ་བཞིན་བརྗོད་པ། འདི་ལྟ་སྟེ་དཀར་པོའི་ཕྱོགས་ཀྱི་དཀར་པོའི་ཚེས་གཅིག ་ལ་སོགས་པ་ལ་མཐེ་བོ་ནས་བརྩམས་ཏེ། མཐེ་ཆུང་གི་མཐར་ཐུག་པར་སྟེང་དུ་བུ་བཞིའོ།། དེ་བཞིན་དུ་ལྗོངས་བུའི་གན་སུ་བཞི་ནི་མདུན་དང་རྒྱབ་དང་ལོགས་གཉིས་སུའོ།། དེ་བཞིན་དུ་པུས་མོ་ལྀ་མདུད་པ་བཞིའོ།། དེ་བཞིན ་དུ་རྐེད་པ་དང་བརླའི་མཚམ་སུ་ཡང་སྔ་མ་བཞིན་ནོ།། སྒོ་ང་ལ་ཡང་དེ་བཞིན་ནོ།། གསང་བ་དང་ལྟེ་བ་དང་སྙིང་ག་དང་མགྲིན་པའི་གཡོན་ལོགས་རྣམསུ་ཡང་བུ་ག་བཞིར་འགྱུརརོ།། དེ་བཞིན་དུ་ལག་པ་གཡོན་པའི་སོར་མོའི་རྩ ་བ་རྣམསུ་ནི་རྐང་པ་གཡོན་པའི་སོར་མོ་བཞིན་ནོ།། ལག་པའི་མཁྲིག་མ་རྣམསུ་ནི་ལོང་བུའི་གནས་བཞིན་ནོ།། གྲུ་མོའི་གན་སུ་ནི་པུས་མོ་བཞིན་ནོ།། དེ་བཞིན་དུ་དཔུང་པར་ནི་རྐེད་པ་བཞིན་ནོ།། དེ་བཞིན་དུ་ཟ་ཡུ་བ་དང་མཁུར ་ཆོས་དང་རྣ་བའི་རྩ་བ་དང་མིག་གཡོན་པའི་ཟུར་དག་ཏུ་གན་དཱ་གཉིསུ་འགྱུར་རོ།། དེ་བཞིན་དུ་སྦྱིན་མའི་བུ་ག་དང་། དེ་བཞིན་དུ་མཚོགས་མ་དུ་དཔྲལ་མཚམས་དང་། དེའི་གཡོན་ཟུར་གྱི་གནས་བཞི་རུ་གནད་ཀྱི་སྒོ་གཉིས་གཉིས་སོ།། ་དེ་བཞིན་དུ་སྤྱི་བོར་དང་གཙུག་ཏོར་དང་རྒྱབ་ཀྱི་ཆར་གནད་ཀྱི་སྒོ་ཕྲ་མོ་གཉིས་གཉིས་དྲུག་གོ། དེ་ལྟར་རྣམ་པ་དྲུག་ཅུ་རྩ་བཞིར་རྟོགས་པར་བྱའོ།། དེ་བཞིན་དུ་ནག་པོའི་ཕྱོགས་ཀྱི་སྒེག་པོའི་ཚེས་གཅིག་ལྔ་སོགས་པ་ལ་གཡས་རྣམས ་ཀྱི་གནད་ཀྱི་སྒོའི་རྣམ་པ་དྲུག་ཅུ་རྩ་བཞིའོ།། དེ་དག་ལ་དབྱུག་པ་སོ་སོར་རེ་རེའི་དུས་ཀྱི་དབང་གིས་ཉ་དང་གནམ་སྟོང་གཉིས་པར་འདུས་པར་བྱའོ།། དེས་ན་ཨ་པ་དྷཱུ་ཏཱིའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་སྐད་ཅིག་ལས་ཏེ། དེའི་ཕྱིར ་མཚོན་བྱ་མཚོན་པར་བྱའོ།། རྡོ་རྗེ་རླུང་གིས་གནད་ཀྱི་སྒོ་དབྱེ་བར་བྱ་སྟེ། སྲོག་གི་རྒྱུ་བས་སོ།། དེ་ཡང་རང་འདོད་ལྷ་ཡི་སྦྱོར་བ་ཡིས་ཞེས་པ་ནི་རང་བཞིན་གྱིས་དག་པ་ཐི་ག་མ་མེད་པ་ནས་ཆོས་ཀྱི་སྐུའི་མཚན་ཉིད་ཡང་དག་པ་བདག ་མེད་པ་ལ་མོས་པས་ཐིག་ལེ་སྟོང་པ་མཚོན་པར་བྱའོ།། མཚོན་བྱ་དེ་ཡང་མཚོན་པ་མེད་པར་བྱའོ།། དེ་ཉིད་ཀྱིས་ན་རྫོགས་པའི་མཚན་བྱ་ཞེས་གསུང་སོ།། གསུམ་པ་ཞེས་པ་ནི་ལུས་དང་ངག་དང་སེམ་སོ།། གནས་ཞེས་པ་ནི་བདེ ་རྣམས་ཀྱི་གཞིའོ།། འདི་རྣམས་ན་མཁའ་ལྟ་བུ་ཞེས་པ་ནི་ཆོས་ཀྱི་དབྱིངས་དང་མཚུངས་པར་འགྱུར་བའོ།། དེ་ལྟར་འདོད་པ་ཐམས་ཅད་རབ་དོར་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འདི་ཉིད་ཀྱི་བསམ་གཏན་གྱི་སྦྱོར་བའི་གནས ་གསུངས་པ། རིའི་རྩེ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ལས་དང་པོ་པ་རྣམས་ཀྱི་ནི་སྒྲ་ཇི་བཞིན་ནོ།། རྫོགས་པའི་རྣལ་འབྱོར་པ་རྣམས་ཀྱི་འདོད་པས་མཚན་མའི་རྒྱུའི་གནས་རྣམས་ལ་དེའི་ཚེ་རིའི་རྩེ་མོ་ཞེས་པ ་རི་བྲག་གི་སྟེང་དུ་སྤྲིན་མེད་པའི་ནམ་མཁའ་ལ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་བརྟན་པར་འགྱུརོ།། དེ་རྣམས་ཀྱང་སྲོག་བཅུ་དང་དེ་བཞིན་དུ་དཀྱིལ་འཁོར་བཅུ་དང་། མཚན་མ་བཅུ་དང་། གནས་སྐབས་བཅུ་དང་། ཡེ་ཤེས་བཅུ་དང་། ་རང་བཞིན་བཅུའོ།། དེ་བཞིན་དུ་བསམ་གཏན་བཞི་སྟེ། དྲུག་ཅུ་རྩ་བཞི་པོ་དེ་དག་ཐམས་ཅད་ནམཁའི་མཚན་མར་ཤེས་པར་བྱའོ།། དེ་བཞིན་དུ་ཞི་བྱེད་གནས་ཞེས་པ་མཚན་ཉིད་གཅིག་པའི་གནས་རྣལ་འབྱོར་མ་རྣམས་ཀྱི་བརྔས ་འདུལ་བར་འགྱུར་ཏེ། དེ་རྣམས་ཀྱིས་སྒྲུབ་པ་པོ་ལ་བཀའ་སྩལ་བ་འགྲུབ་པོ།། ཡང་ན་པདྨའི་ཚལ་ཞེས་པ་ནི་མཚོའི་ནང་དུ་མཚན་མོ་དུས་སུ་པདྨོའི་རང་བཞིན་དུ་ཡོངསུ་བརྟག་པ་སྟེ། ནང་གི་རྩ་རྣམ་པདྨར་སྣང་བའི་ཕྱིར་རོ།། དེས ་རང་ཉིད་པདྨའི་ཚལ་བཞིན་དུ་སོ་སོར་སྣང་ངོ་།། དེའི་ཚེ་ཀུན་ཏུ་སྐྲག་པར་མི་འགྱུར་ཏེ། སྔོན་དུ་ཕྱིའི་སྐྱེད་མོས་ཚལ་ཁྱད་པར་ཅན་ཏེ། གང་དུ་མེ་ཏོག་དང་འབྲས་བུ་རྣམ་པ་སྣ་ཚོགས་པའི་དངོས་པོ་རྣམས་ཀྱིས་བརྒྱན་པར ་འགྱུར་བའོ།། དེས་ན་སེམས་དེའི་བདག་ཉིད་ཅན་དུ་འགྱུརརོ།། དེའི་ཚེ་རང་བཞིན་དང་བྲལ་བར་འགྱུར་རོ།། ཡང་ན་འདི་ལྟ་བུའི་གནས་སུའོ།། ཐམས་ཅད་ཅེས་པ་ནི་སྐེ་བོ་དང་བྲལ་ཞིང་འབྲས་བུ་ལ་སོགས་པ་ཐམས་ཅད་ཀྱིས ་བརྒྱན་པ་དེ་ལ་དེ་སྐད་ཅེས་བྱའོ།། རྒས་པའི་དབང་གིས་ནུས་པ་མེད་པས་ཀྱང་རེས་འགའ་རང་གི་ཁྱིམ་དུ་དངོས་པོ་ཐམས་ཅད་སྤངས་ཏེ་བསྒོམ་མོ།། ཡང་ན་སེམས་ཀྱི་མོས་པས་གང་དུ་སེམས་མངོན་པར་དགའ་བ་དངོས་པོའི་ཁྱད ་པར་གྱི་རང་བཞིན་ཡོད་དུ་འོང་བར་རོ།། འདི་དག་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། གནས་ནི་གང་ཞེས་པ་ནི་སེམས་ཅན་གང་དང་གང་མེས་པའི་བདལ་ཉིད་དང་ངེས་པ་ནས་བྱའོ།། གཞན་ནི་གོ་སླའོ།། ཕྱག་རྒྱ ་བཞི་ཞེས་བྱ་བ་ལ་སོགས་པ་ནི་གཏི་མུག་གི་གཉེན་པོ་ནི་དམ་ཚིག་ཕྱག་རྒྱའོ།། ཞེ་སྡང་གི་གཉེན་པོ་ནི་ཕྱག་རྒྱ་ཆེན་པོའོ།། ཕྲག་དོག་གི་གཉེན་པོ་ནི་ལས་ཀྱི་ཕྱག་རྒྱའོ།། འདོད་ཆགས་ཀྱི་གཉེན་པ་ནི་ཆོས་ཀྱི་ཕྱག་རྒྱའོ།། ཕྱག་རྒྱ་དེ་དག ་ཅེས་པ་ནི་གཏི་མུག་ལ་སོགས་པའི་རིགྲ་མ་རྣམས་སྤྱན་མ་ལ་སོགས་པའི་ལྷ་མོའི་གཟུགསུ་བསྐྱེད་དེ་ཐ་མལ་པའི་དཔ་གིསོ།། རདྭ་ཤིན་གྱིས་བརླབས་པའི་བདག་ཉིད་རྣལ་འབྱོར་མ་སྣ་ཚོགས་པ་སྒྱུ་མ་ལྟ་བུར་རོ།། དེ་ལྟར་རྣལ ་འབྱོར་པས་བསྟེན་པ་ནི་རྣ་ཆོད་པ་སྟེ། རིག་མ་ལྟར་བསམ་ནཱ་སོ།། མངོན་སུམ་དུ་ཞེས་པ་ནི་རྣལ་འབྱོར་པ་རང་ཉིད་ཀྱང་ལྔའི་བདག་ཉིད་དུ་འགྱུར་རོ།། དེ་ལྟར་གཉིས་ཀ་ཡང་ལྕེའི་གཟུགསུ་སོ་སོར་སྣརིང་ངོ་།། དེས་ན་རྨོངས་པས ་ཤེས་པ་ནི་དཀར་པོས་ཞི་བའི་ལས་སོ།། ཁྲོ་བོས་ཤེས་པ་ནི་ནག་པོས་དྲག་པོའི་ལ་སོ།། དེ་བཞིན་དུ་ཆགས་པས་ཞེས་པ་ནི་དམར་པོས་ཆགས་པའི་ཁས་བྱེ་དོ།། དེ་ལྟར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་ལས་ཀྱིས ་དེ་རྣམས་ཀྱི་གཉེན་པོའོ།། དེ་དོན་དུ་ཞེས་པ་ནི་དེའི་དོན་དུའོ།། རབ་ཏུ་བྱེད་པ་ལྔ་པོ་ཞེས་པ་ནི་རྟོག་པ་དང་པོའི་རབ་ཏུ་བྱུད་པ་དང་པོ་ནི་བརྗོད་པ་དང་རྗོད་བྱེད་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི ་བསྒོམ་པའི་དེ་ཁོ་ན་ཉིད་ཀྱི་བར་དུ་བྱེད་པའོ།། གཉིས་པ་ནི་བྱང་ཆུབ་སེམས་ལ་འཇུག་པ་ཞེས་པའོ།། གསུམ་པ་ནི་དེ་ཁོ་ན་ཉིད་བསྟན་པའོ།། བཞི་པ་ནི་རྟོག་པ་གཉིས་པའི་རབ་ཏུ་བྱེད་པ་དང་བློ་བྱང་ཆུབ་སེམས་ཀྱིས་དབང་བསྐུར ་བའོ།། ལྔ་པ་འདི་ནི་ཤེས་རབ་དང་ཐོབས་ཀྱི་བདག་ཉིད་ཀྱི་བསྒོམ་པ་སྟོན་པའོ།། དེའི་ཕྱིར་རྣམས་ཀྱིས་རྒྱལ་བ་ཡང་དག་པར་བསྐྱེད་པའོ།། དེ་བཞིན་དུ་རེས་འགའ་རྣལ་འབྱོར་པ་སེམས་ཅན་གྱི་དོན་གྱི་དབང་གིས་བསྒོམ་པ་ལས ་ལངས་ཤིང་རྣལ་འབྱོར་ལ་མི་དམིགས་པ་དེའི་ཚེ་ཐུན་ཚད་བསྟན་པའི་ཕྱིར་ཐོ་རངསོ་ཞེས་བྱ་བ་ལ་སོགས་པ་གསུངསོ།། ཕྱག་རྒྱུའི་སྦྱོར་བ་ཞེས་པ་ནི་སྔོན་དུ་གསུངས་པའི་ཚུལ་གྱིས་ཨ་བ་དྷཱུ་ཏཱིར་བཞུགས་པ་སྟེ། གཟུང་བའི ་རིམ་པས་སྲོག་བཞག་པར་བྱའོ།། གཞན་དུ་རྣལ་འབྱོར་ཉམ་སོ།། དེས་ན་དངོས་གྲུབ་མི་འགྱུར་ཞེས་པ་ནི་གཞན་དུ་མ་ཡིན་པར་ངེས་ཞེས་པའི་དོན་ཏོ།། དེ་བཞིན་དུ་བསྟན་པ་སྨོད་ཅེས་བྱ་བ་ལ་སོགས་པ་ནི་བསྟན་དང་དུས ་ཐམས་ཅད་དུ་ལྷན་ཅིག་པོའི་རྣལ་འབྱོར་པ་ཕྱག་རྒྱ་སྤངས་པའོ།། སློད་སྲེ་རྒོར་བུ་ཁ་ན་མེ་ཐོ་བ་བྱེད་པ་སྤང་བའོ།། དི་མ་གྲེ་བ་ནི་འཛིཊ་པ་དང་ཏྲ་པ་སྟེ་འཁོར་བར་སྨོད་པའི་སྐྱེ་བོ་མི་སྲུན་ཞེས་པ་ལ་སོགས་པའོ།། འོན་ཀྱང་མངོན་སུམ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། རྣལ་འབྱོར་པ་དམ་བཅས་པ་བརྟན་པོར་རྟག་ཏུ་འབྲད་པ་འདི་བསྒྲུབ་པོ།། དེ་ཡང་མངོན་སུམ་ཤེས་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་དངོ་ཀྱི་ཙཱ་ཀྱི་ཤེ་རང་བ་མ་རྙེད་། དེ་ཕྱིར་རྒྱ་སྔོ་ལ་ཡཱ་དྷེ་གོས་བྱ་ལླེ་པ་ནི་བྷ་བཞིན་དུ་རྒྱུན་དུ་བྱའོ།། དེ་ལྔ་བརྗོད་པ་ནི་ཉིད་ཏེ་ནི་འདི་ཀྱི ་དག་པའི་སྦྱོར་བ་དམ་ཚིག་དང་ལྷན་ཅིག་པ་གལ་ཏེ་རྣལ་འབྱོར་པ་མི་བྱེད་ན་དེའི་ཚེ་དམ་ཚིག་ཉམས་པར་འགྱུརརོ།། དེ་ལྟར་ལས་ཀྱི་ཕྱག་རྒྱ་དང་ལྷན་ཅིག་སྦྱོར་བ་རྟག་ཏུ་བྱའོ།། དམ་ཚིག་བསྐྱང་བའི་དོན་དུ་མ་གསུངས་ཀྱང ་བདུད་རྩི་ལྔ་ལ་སོགས་པ་ཆུང་དང་ཤྲ་ཌྷཾ་བ་དྷཱ་ཎོ། དང་ལྡན་བཱི་སྣ་མོ། དམ་ཚིག་རྣམས་བྱ་ཞེས་པ་སྟེ་ངེས་པའོ།། གལ་ཏི་མི་བྱེད་ན་དེའི་ཚེ་ངེས་པར་འགྱུར་རོ།། དཾ་ཅི་ཞེས་ཉིན་རོ་ལ་སོགས་པར་རྣལ་འབྱོར་པ་མི་ཕྱེད་པ་ནི་བཅོམ་ལྡན་འདས ་ཀྱིས་ངེས་པའོ།། དེའི་ཕྱིར་དེའི་བྱ་བའི་དོན་ཏོ།། དེ་ལྟར་འདིར་བརྗོད་དེ། གང་དག་ཆང་ནི་མི་འཐུང་དང་།། ཡུལ་གྱི་བདུད་རྩི་མི་བསྟེན་ཅིང་།། རྒྱུན་དུ་བྱང་ཆུབ་སེམས་མི་བསྟེན།། སྐྱེས་བུ་དེ་འདིར་གླང་དྲང་མཚུངས།། སློབ་དཔོན ་གུས་ཤིང་དམ་ཚིག་གིས་ནི་ཚོམ།། སྡུག་དང་མངོན་འདུས་དམ་ཚིག་ཟས་རྟག་ཟ།། སེམས་ཅན་སྡིག་པ་འདི་རྣམས་དེས་བསྟན་པའི།། དུས་ཀུན་བཏུང་བ་ཆང་གི་གཏུང་འདི་བྱ།། རྡོ་རྗེ་མཁའ་གྲོ་གཅིག་གི་སྐུལ།། བདེ་བར ་གཤེགས་པའི་སྤྱོད་པ་བྱ།། རྣམ་པར་མི་རྟོག་བདག་དངོས་ཀྱིས།། ཡུལ་ནི་བསྟེན་ཅིང་སྤྱད་པར་བྱ།། ཐམས་ཅད་དུ་ནི་ཆང་སྙིང་པོ།། སེམས་ཅན་སེམས་བཟང་པོ་ཡིས་བཏུང་།། གལ་ཏེ་ཡང་ནི་འདིར་བྱང་ཆུབ།། རབ་ཏུ ་ཐོབ་པའི་རྒྱུ་མེད་ན།། སྒྱུ་མའི་རང་བཞིན་འདི་ལ་ལྷ།། ཤ་ཡི་མཆོག་ནི་བཟའ་བར་བྱ།། རྣལ་འབྱོར་མ་ཡི་འཁོར་དབུས་གནས།། དེ་རུ་རེ་ནི་མང་པོ་ལ།། ལུས་ཅན་ལ་ནི་དམར་པོར་འཁྱུད།། ཅང་ཏེའུ་ལག་ཐོགས ་སླར་གར་བྱ།། སྣོད་མིན་ལ་ནི་མངོན་འདོད་ཆང་།། སྦྱིན་པ་དང་ནི་བཏུང་མི་བྱ།། དེ་ལྟར་དམ་ཚིག་བསྟན་ཅིང་བསྒྲུབས་ནི་དངོས་གྲུབ་ཏུ་འགྱུར་རོ།། གཞན་དུ་བག་མེད་པ་ལ་སོགས་པས་དམ་ཚིག་ཉམས་པར་འགྱུར་རོ།། དེས་ན་དངོས ་གྲུབ་ཐོབ་པོར་མི་འགྱུར་རོ།། དེས་ན་ཉིན་ར་འམ་ཟླ་རོའམ་ལོ་རུ་འམ་རྟག་ཏུ་གལ་དེ་རྣལ་འབྱོར་མ་མཆོག་གི་པདྨ་ལ་རེག་པར་མི་བྱེད་ན་དེའི་ཚེ་སླར་ཡང་དམ་ཚིག་དང་སྡོམ་པ་ལ་སོགས་པ་གཟུང་བར་བྱའོ།། དེའི་ཕྱིར་ཞེས་བྱ་བ ་ལ་སོགས་པ་ནི་གོ་སླའོ།། དེ་ལྟར་སངས་རྒྱས་ཡང་དག་པའི།། ཁ་སྦྱོར་བ་ཡི་སྦྱོར་བཝི་ཞི་པ་ནི་ཤེས་རབ་དང་ཐབས་ཀྱི་སྦྱོར་བས་སོ།། བུ་བྱང་བ་དང་བྱ་བ་མིན་པར་ཟོས།། དྷ་མཆོག་ཏུ་མི་འགྱུར་བ་ནི་གཟུང་།། སཾ་ཡང་དགོ་སྦྱིན་པཱིའོ་སྦྱོར ་བ་ཡིས།། མྱ་དམ་ཚིག་གཉིས་ནི་གཅིག་ཏུ་བྱ།། སཾ་ཡིད་ཀྱི་དབང་པོ་ཡང་དག་མནན།། པུ་སྐྱེས་བུ་ཉིད་དུ་ཉེ་བར་འགྲོ། ཏ་ཊེ་ཞེས་པ་ནཽ་གཉིས་དབུས་སུ།། ཡོ་སྐྱེ་གནས་བུ་གར་ཨ་ནི་སྦྱར།། གེ་ཁྱིམ་གྱི་སྙིང་པོར་སོང་ནས་ཐིམ།། ་ན་ཡིད་ཀྱི་དངོས་པོ་འདིར་མི་སྣང་།། དེ་ལྟར་བསྒོམ་པའི་རྣལ་འབྱོར་པ།། འཁོར་པ་ལས་བརྒལ་ཕ་རོལ་འགྲོ། ལྷག་མ་ནི་གོ་སླའོ།། དེ་ལྟར་ཤེས་རིང་དང་ཐོབས་ཀྱི་དོན་བསྒོམ་པ་ཞེས་པ་ནི་བསམ་དུ་མེད་པ་གཉིས་མེད་པའོ།། ། ་དེའི་དོན་ནི་ཉེ་བར་བརྟག་པའི་ཚིག་གླང་གི་རྙོག་པར་འགྱུར་བ་སྟེ། དེས་ན་བསྒོམ་པ་ལ་འཇུག་པའོ།། དེ་རྟོག་པ་གཉིས་པའི་རབ་ཏུ་བྱེད་པ་གཉིས་པ་དེའི་འོ།། ཁ་སྐྱེར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་བརྟག་པ་གཉིས་པའི་རབ་ཏུ་བྱེད་པ་གཉིས་པའི་རྒྱ ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བའི་གཞུང་བསྟན་པ་སྟེ་གཉིས་པའོ།། །། ད་ནི་བསམ་དུ་མེད་པའི་ལྷའི་རྣམ་པ་བསྒོམ་པོ་བརྗོད་པའི་ཕྱིར།། དེ་ནས་ཞེས་པ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་བྱེད་པ ་ལྔའི་རྗེས་ཐོག་སུ་རྒྱལ་བ་འབྱུང་བའི་རྒྱུའི་ཕྱིར་དེ་ཉིད་ཀྱི་ལྕེའི་བདག་ཉིད་ཀྱི་བསྒོམ་པ་དང་། དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་གྱིསོ།། དེ་ཡང་ཡང་དག་བཤད་པར་བྱ་ཞེས་པ་ནི་ཕྱི་དང་ནང་གི་བདག་ཉིད།། འཁོར་ལོ་ཀུན་གྱི་རྣམ་འཕྲུལ་ཉིད་ཅེས་པ་ནི ་རྒྱུ་ཐམས་ཅད་ཀྱི་གོང་དཀྱིལ་འཁོར་གྱི་འཁོར་ལོ་མ་ལུས་པ་དེ་རྣམས་ལ་ཁྱབ་པར་བྱེད་པའོ།། དེ་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི་ཞེས་པ་ལ་སོགས་པའི་སྒྲ་ནི་དཔལ་འདུས་པ་ལ་སོགས་པ་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུ་མཐའ་དག ་པ་དེ་རྣམས་ཀྱི་དཀྱིལ་འཁྱེར་བ་དང་གཙོ་བོ་རྣམས་ཀྱིའོ།། ཐམས་ཅད་དུ་ནི་སྣ་ཚོགས་མཆོག་ཅེས་པ་ནི་དེ་ལྟ་བུའི་བརྟན་པ་དང་གཡོ་བའི་དངོས་པོ་སྣ་ཚོགས་པ་རྣམས་འོད་གསལ་བ་སྟེ། གང་གི་ཕྱིར་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཆོས་ཀྱི ་སྐུའི་རྣལ་མའི་རང་བཞིན་ནི་གཉིས་མེད་པའི་ཡང་གཉིས་མེད་པའོ།། དེའི་ལོངས་སྤྱོད་རྫོགས་པ་ཉིད་ཀྱིས་ནི་མཆོག་གི། དེ་ཉིད་ནི་གསལ་པོར་དཀྱིལ་འཁོར་གྱི་འཁོར་ལོའི་གཟུགས།། དེ་ལྟར་གང་དུ་བསྒྲུབ་ཅེ་ན་གསུངས་པ། གསང་བ་ཞེས་བྱ་བ ་ལ་སོགས་པ་ནི་འདིར་ཡི་གེ་བཅུ་དྲུག་ནི་དེ་ཁོ་ན་ཉིད་བཅུ་དྲུག་སྟེ། བཅོམ་ལྡན་འདས་ཀྱིས་རྡོ་རྗེས་གསང་བ་བླ་མ་ཞེས་པ་ལས་གསུངས་པ། འདི་ལྟ་སྟེ། ར་ཁྲག་གི་ཁམས་ནི་བྱས་པའི་བདག། རུས ་བུའི་དྲ་བ་བཞུ་བར་བྱ།། ཞག་རྣམས་འགུལ་ཞིང་འགུལ་པོར་འགྱུར།། ལུས་ཀྱི་དྲ་བ་གསད་པར་བྱ།། ཧ་ཁུ་བ་དབུས་སུ་བསྣུན་པ་ནི།། བདེ་བ་རྣམ་ཤེས་མཚན་ཉིད་དོ།། ཐིམ་པཾ་སྟར་ནི་ཐིམ་བྱ་སྟེ།། ཕུང་པོ་ལྔ་ནི་བསད་པར་བྱ། ་སྐྱེ་མཆོག་གི་བྱང་ཆུབ་སེམས་ནི་བསྟེན།། ཐིག་ལེའི་གཟུགས་ནི་མི་ཤིགས་པ།། བློ་ལྡན་བསམ་གཏན་ཙམ་གྱིས་ནི།། འགྲོ་དང་འོང་བ་འགོག་པར་བྱེད།། པཱ་པདྨའི་འདབ་མའི་རྣམ་འདྲ་བ།། པགས་པ་སྟོང་པའི་གནས་ཀྱི ་མཆོག། རླུང་གི་གཟུགསུ་འོངས་ནས་ནི།། ཐིག་ལེ་མི་འཛག་པ་ལ་རེག། ར་རོ་དང་དྲི་ནི་ཉེ་བར་འགྲོ། ལྷའི་དབང་པོ་ཡིས་ནི་ཕྱེ།། བསྣམས་ཀྱང་དེར་ནི་ཡོང་མིན་པ།། ཡེ་ཤེས་དྲི་ནི་བླ་ན་མེད།། མེ་མེ་ཏོག་ཉིད་ཀྱི་ན་མཁའ་ནི།། ་སྙིང་གི་དབུས་སུ་ཁ་ནརྀ་ཕྱི།། དེ་ལས་ལྷན་ཅིག་སྐྱེས་པ་སྟེ།། ཚིག་གི་ལམ་ལས་འདས་སྤྱོད་ཡུལ།། ར་ར་ས་ནཱ་ཡི་མཁའ་དབུསུ།། ཆགས་པ་ཀུན་ཏུ་ཐིམ་པ་དར།། སྙིང་རྗེ་ཡི་ནི་རོ་སྐྱེས་ཏེ།། དེས་ན་བཱས་མ་གྱིས་མི་ཁྱབ ་གསུངས།། མེ་ཤ་འདི་རྟག་ཏུ་ཟོས་པ་ནི།། འབོར་བ་བཞིན་དུ་དོན་དམ་པ།། འདྲངས་པ་ཉིད་ནི་འདིར་མི་བྱེད།། སེང་གེ་བཞིན་དུ་ཡོངསུ་ཟོས།། ས་ཀུན་ནས་ནོར་བུ་གཙུག་ཏོར་གྱིས།། མཚམས་གཉིས་ལ་ནི་ཉེ་བརྟེན་ན། ་སྲོག་ནི་མི་གཡོ་བར་བྱས་པས།། སྟོང་དང་མི་སྟོང་པ་ནི་འགྲོ། རྦ་གཡོ་བའི་རྩ་ནས་བཀུག་ནས་ནི།། དེ་ནི་མགོ་ནས་རྐང་མཐེ་བོར།། སྲོག་གི་ཐིག་ལེ་དྲུག་གི་ཕྱེད།། གནས་ལ་བརྟེན་ཏེ་དགང་བ་ཉིད།། རྨ་བག་ཆགས་གནས་ནི ་ཀུན་ཟོས་པས།། སྣང་བ་གསུམ་ནི་འབྱུང་བའི་ཕྱིར།། དབང་པོ་རྣམས་དང་བྲལ་བ་ཡིས།། སྡོང་བུ་ལས་སྐྱེས་པདྨ་གཉིས།། ནྱ་སྨིན་མར་སོང་བའི་རྣལ་མ་དགོད།། ཆོ་ག་འདོད་པ་རྣམས་ཀྱིས་གཟུང་།། མཱར་ཁུའི་དྲི་ནི་དྲི་ཞིམ ་པ།། གཙོ་ནི་སྒྲུབ་པའི་ཐབས་ཀྱིས་བསྒྲུབ།། བུཾ་མཐོ་མིན་གན་སུ་ཐིག་ལེ་ནི།། བགྲོད་མེད་གཏིང་དུ་གཟུང་བ་ནི།། ཞི་བྱེད་མཆོག་ཏུ་བརྟག་པ་སྟེ།། ཡིད་ལྟ་བུ་ཡིས་མཆོག་ནི་མནན།། སཱ་མཆོག་གི་སྦྱོར་བསྒྲུབ་པར་བྱ།། ་ཀུན་རྫོབ་བདེན་པར་ལྟ་བ་ཡིས།། ཤེས་པ་ཡང་ནི་དེ་ལ་མེད།། ཡེ་ཤེས་སྙིང་པོ་བཏུས་པའོ།། དྷ་ཆོས་དང་ཆོས་མིན་རྣམ་དཔྱད་པ།། མཁས་པ་རྣམས་ཀྱིས་མི་བྱའོ།། གང་གི་རྣམ་པ་ཀུན་གྱིས་ནི།། ཚིག་འདི་ཡིས་ནི ་དངོས་པོ་མེད།། ཡེ་གང་དང་གང་གི་རྣམ་པ་ཡིས།། འཆི་བ་སྔོན་དུ་འགྲོ་བ་དོར།། དེ་དང་དེ་ནི་ཐམས་ཅད་བྱ།། ལཱ་ལ་ར་ལ་ལཾ་ཡི་ཅི་ཡང་མེད།། དེ་ལྟར་གནས་རྣམསུ་སྣ་ཚོགས་ཀྱི་མཆོག་བསྒྲུབ་པར་བྱའོ།། དེ་བཞིན ་དུ་རྒྱུའི་གནས་དང་འབྲས་བུ་སྒྲུབ་པའི་ཡང་གནས་གསུངས་པ། རྣམ་པར་དབེན་པ་ཞེས་བྱ་བ་ལ་སོགས་པ་འདིར་རྣམ་པར་དབེན་པ་ཞེས་པ་ནི་བདག་གི་ངར་འཛིན་པ་སྤངས་པ་སྟེ། སྔོན་གྱི་ཚུལ་གྱིསོ།། གནས ་ཞེས་པ་ནི་གཅིག་གི་རྣམ་པའི་སེམས་ཀྱི་གནས་དེ་ལ་དེ་སྐད་ཅེས་བྱའོ།། འམ་ཞེས་པ་ནི་རང་གི་ལག་པ་གཉིས་བཟློག་པ་རྒྱབ་ཏུ་ཐལ་མོ་སྦྱར་བ་བཅིངས་པའི་སྦྱོར་བས་མགོ་གཟུང་ཞིང་ལྕེ་རིམ་ལས ་བཟློག་པར་བྱ་སྟེ། དེ་བཞིན་དུ་སྟེང་གི་རྐན་གྱི་མདུད་པ་ལ་རེག་པར་བྱའོ།། བྱེད་པ་དེས་སྲོག་གི་རླུང་དབྱུང་བ་དགུག་པའི་རྣམ་པར་གནས་ཏེ། སྣའི་དབུགས་དབྱུང་བ་དང་འཇུག་པ་མི་འགྲོ་སྟེ། གནས་དེ་རུ་རང་གི་སེམས ་ཉེ་བར་མཚོན་པར་བྱས་པ་དེ་ནི་བསྒོམ་པ་དེ་བཞིན་དུ་འགྱུར་རོ།། རང་གི་སྐྱེད་མོས་ཚུལ་ཞེས་པ་ལ་སོགས་པ་ནི་སླར་ལ་ཡང་དཀྱིལ་འཁོར་བཅུ་པོ་རྣམས་རང་རང་གི་དུས་ཚོད་ལ་གང་དུ་སྐྱེས་པ་དེ་རྣམས་ལ་དེར་ལག ་པས་མནན་པའོ།། འདིར་གསུངས་པ། གཙུག་པོར་དང་ནི་སྤྱི་བོར་གསུངས།། སྨིན་མའི་དབུས་དང་མགྲིན་པའི་མཚམས།། སྙིང་ག་དང་ནི་ལྟེ་བའི་གནས།། རྒྱུ་ཞབས་ཉིད་དང་གསང་བའི་རྩརོ།། ནོར་བུའི་བུ་གཱ་དེ་བཞིན་ཏེ།། ་ལྕེའུ་ཆུང་བ་ཡི་མདུད་པའི་རྩཝ་ར།། གནས་འདི་རྣམསུ་སྲོག་ནི་གང་།། སྐྱེས་པ་ད་ནི་དགག་པར་བྱ།། ལག་པ་གཉིས་ནི་རྣམས་གཟུང་བས།། གནད་ཀྱི་མཚམས་ནི་བཙིར་བར་བྱ།། དཀྱིལ་འཁོར་རེ་རེ་རྒྱུ་བ་ཡིས།། འགྲོ་དང ་འོང་བ་འགོག་པ་ཉིད།། དེས་ནི་དགག་པ་དག་ནི་བྱ།། སྒོམ་པ་རྟོགས་པའི་སེམས་ཀྱིས་ནི།། སངས་རྒྱས་སྐུ་ལ་སོགས་པ་བསྒོམ།། དེས་ན་རྡོ་རྗེ་འཆང་ས་ཐོབ།། དེ་ལྟར་ས་ལ་རབ་བརྟེན་ཏེ།། ལོངས་སྤྱོད་རྫོགས་པའི་རྣམ ་པར་བྱ།། བསུམ་དུ་མེད་བསྒོམ་བསམ་པའི་ཕྱིར།། རང་བཞིན་ལས་བྱུང་ངོ་བོ་ཉིད།། སོགས་པའི་སྒྲས་ནི་ཕྱི་རི་སྐྱེད་མོས་ཚལ་ལ་སོ་བཱི་དང་པོའི་གནསུ་བྱའོ།། དེ་ལྟར་རང་བཞིན་གྱིས་དྲི་མ་མེད་པའི་ཡེ་ཤེས་ཉིད།། ཀུན་ཏུ ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ། སྣ་ཚོགས་ཕྱག་རྒྱ་ཞེས་པ་ནི་རང་བཞིན་གྱི་སྐུ་གང་གིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྣ་ཚོགས་པ་རྒྱས་བཏབ་ཅིང་དེ་ལ་བརྟེན་པ་ཡང་འདིས་རྒྱས་བཏབ་སྟེ། ད་ལྟར་ཕན་ཚུན ་རྒྱས་པར་ཡིད་ཆེས་པར་བྱའོ།། དེས་ན་སྣ་ཚོགས་ཀྱི་ཕྱག་རྒྱ་སྟོང་པ་ཉིད་ཀྱི་སྐུས་སྡོམ་པའོ།། ཀུན་ཏུ་སྣ་ཚོགས་སྡོམ་པ་ཞེས་པ་ནི་དེ་ཡང་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པ་ཀུན་གྱི་རང་བཞིན་གང་བརྟན་པ་དང་གཡོ་བ་ལ་སོགས ་པ་སྣ་ཚོགས་པ་རྣམས་ཀྱི་ནང་དུ་འདུས་པས་ཀྱང་དངོས་པོ་ཐམས་ཅད་ཀྱང་སྡོམ་པའོ།། དེ་ཉིད་ཀྱི་རང་བཞིན་ཉིད་ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ཏུའི་སྒྲས་ནི་ཞི་བ་ལ་སོགས་པའི་ལས་ཚོགས་རྣམས་གཟུང་།། དེ་རྣམས ་ཀྱི་སྣ་ཚོགས་ནི་སེམས་ཅན་སྣ་ཚོགས་པའི་དོན་བྱེད་པའོ།། དེ་བཞིན་དུ་རང་གི་ངོ་བོ་ཉིད་དུ་བྱ་བ་ནི་འབྲས་བུའི་གཟུགས་དེ་ཉིད་འབྲས་བུའི་གོ་འཕང་ཐོབ་པའི་རྒྱུ་སྣ་ཚོགས་དྲི་མ་མེད་པའི་ཆོས་ཀྱི་རང་བཞིན་དུ་འགྱུརརོ།། ་བསྒྲུབ་པར་བྱ་ཞེས་པ་ནི་རྗེསུ་འཇུག་པའོ།། ཇི་ལྟར་བདེ་བར་ཞེས་པ་ནི་རང་རིག་པས་ཟབ་མོའི་ལོངས་སྤྱོད་རྫོགས་པའི་སྐུ་བསྒྲུབ་པར་བྱ་ཞེས་པའི་དོན་ཏོ།། དེ་བཞིན་དུ་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ ་འཁོར་ནི་དངོས་པོ་ཐམས་ཅད་གཅིག་པའི་དངོས་པོའོ།། དངོས་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལྔས་བྱུང་བ་རྣམ་སོ།། དེ་རྣམས་ཀྱིས་ལུས་དང་ངག་དང་སེམས ་བསྡུས་པའི་གཟུགས་ནི་རྡོ་རྗེ་འཛིན་ཆེན་པོ་ཆོས་ཀྱི་སྐུའི་མཚན་ཉིད་ཧེ་རུ་ཀཱ་ལ་སོགས་པའི་གཟུགས་ཏེ། དེ་ཡང་རང་བཞིན་གྱི་སྐུ་ལས་བྱུང་བའོ།། སྟོང་པ་ཉིད་ཡེ་ཤེས་ཞེས་པ་ནི་སྣ་ཚོགས་མཐོང་བ་སངས་རྒྱས་ཀྱི་སྐུའོ།། ་དེ་བཞིན་དུ་ཡང་ཁྲོ་བོ་རྣམས་ཀྱིས་ཤེས་པ་ནི་རང་བཞིན་གྱི་དབང་གིས་ཉི་མ་སྐྱེས་པ་རྣམས་ཏེ། འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་ཆུང་རྣམས་ཀྱི་ཚུལ་གྱིསོ།། ཁྲོ་བོ་གཤིན་རྗེ་གཤེད་ལ་སོགས་པ་བཅུ་པོ་རྣམས ་རིམ་པ་བཞིན་དུ་བརྗོད་དེ། གྲཤྲཱིན་རྗེ་གཤེདྲ་ནི་གསང་བའི་རྩ་རཱ།། བུ་ག་གླ་ཅིག་ན་འབབ་ནང་དུ།། ས་ཡི་དཀྱིལ་འཁོར་མིང་ཅན་ལ།། སྣ་ཚོགས་བྱ་བ་རྣམས་ནི་བྱེད།། ཤེས་རབ་མཐར་བྱེད་ཁྲོ་ཆེན་པོ།། ཆུ་སོའི་བུ ་ག་གཤཱང་ལམ་ནང་།། ཆུ་ཡི་དཀྱིལ་འཁོར་མིང་ཅན་ལ།། དེར་ནི་རྒྱས་པའི་ལས་བྱེད་དོ།། པདྨ་མཐར་བྱེད་ལྟེ་རྩ་བར།། ཨ་ནི་འབྱུང་བའི་བུ་ག་རུ།། སེམས་ཅན་ཐམས་ཅད་བསད་པ་ནཱི།། མེ་ཡི་དཀྱིལ་འཁོར་ལ་ནི ་བྱ།། སྙིང་གར་ཁྲོ་བོ་བགེགས་མཐར་བྱེད།། བུ་ག་ཐིག་ལེ་འབབ་ནང་དུ།། རླུང་གི་དཀྱིལ་འཁོར་རྒྱུ་བ~ཾ་ལ།། བསྐྲད་པའི་ལས་ནི་སྣ་ཚོགས་བྱང་།། མགྲིན་པར་ཁྲོ་མི་གཡོ་བས།། ཡིད་བཟངས་བུ་གའི་ནང་དུ་ནི།། ་དཀྱིལ་འཁོར་ན་མཁའི་མིང་ཅན་ལ།། དབང་གི་ལས་རྣམས་བྱེད་པ་ཡིན།། སྨིན་མའི་དབུས་དབྱུག་སྔོན་ཅན།། མཛོད་སྤུའི་བུ་གའི་ནང་ནའོ།། གཡོན་པའི་ན་མཁའི་དཀྱིལ་འཁོར་ལ།། དགུག་པའི་ལས་ནི་སྣ་ཚོགས་བྱེད།། སྤྱི་བོར ་འདོད་པའི་རྒྱལ་པོ་ནི།། བུ་ག་ཨ་བཱ་དྷཱ་ཏཱི་འབབ།། རླུང་ཞེས་བྱི་བའི་དཀྱིལ་འཁོར་ལ།། རེངས་པའི་ལས་ནི་ཐམས་ཅད་བྱེད།། གཙུག་ཏོར་དུ་ནི་སྟོབས་པོ་ཆེ།། བུ་ག་ན་མཁའ་འབྱུང་བ་རུ།། མེ་ཡི་དཀྱིལ་འཁོར་རྒྱུ་བ་ལཱ། དགེ་པ ་ཡི་ནི་ལས་རྣམས་བྱེད།། གསང་བའི་ལྟེ་བར་གནོད་མཛེས་ནཱི།། ཁུ་བ་འབྱུང་བའི་བུ་ག་རུ།། ཆུའི་དཀྱིལ་འཁོར་རྒྱུ་བ་ལ།། ལྐུགས་པ་ཡཽ་ན~ཾ་ལས་རྣམས་བྱེད།། ལྕེའུ་ཆུང་མདུད་པར་གཙུག་ཏོར་ནི།། བུ་ག་བདུད་རྩི་ཐིག་ལ ་འབབ།། ས་ཞེས་བྱ་བའི་དཀྱིལ་འཁོར་ལ།། རྨོངས་པའི་ལས་ནི་ཐམས་ཅད་བྱེད།། དེ་ལྟར་ཁྲོ་བོ་མཆོག་ཐམས་ཅད།། སྒྱུ་མྲའི་རྣམ་པ་ལྟ་བུ་ཉིད།། འབད་པོ་ཡིས་ནི་བསམ་བྱས་ནས།། དེ་ཉིད་རྣལ་འབྱོར་པ་རུ་འགྲུབ།། དཌྜྷྱ ་དབང་པོའི་གཞུ་ལྟ་བུར།། རྣལ་འབྱོར་འཛིན་པས་བལྟ་བར་བྱ།། ས་བཅུ་ཡི་ནི་ནད་རྣམས་ལ།། གནས་ཀྱང་དེར་ནི་མི་མཐོང་ངོ་།། ཚོགས་ཀྱི་གྲངས་ནི་ཐོབ་པ་ཉིད།། གཞན་དུ་ཡིད་ནི་གཡོ་བ་མིན།། དེ་ལྟར་རང་བཞིན ་ཐམས་ཅད་ནི།། མཐོང་བ་ཡིད་ཀྱི་མཚན་ཉིད་དོ།། དེ་ནི་རྣམ་པར་བཅོམ་པའི་ཕྱིར།། སངས་རྒྱས་ས་ནི་དྲི་མེད་འོ།། དེ་བཞིན་དུ་ཞི་བ་ཞེས་བྱ་བ་ལ་སོགས་པ་ནི་མཚན་མོའི་ནི་ཞི་བའི་ལྷ་རྣམ་པར་སྣང་མཛད་ལ་སོགས ་པའི་དེ་བཞིན་གཤེགས་པ་བཞི་དང་། དེ་བཞིན་དུ་སའི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་དྲུག་སྐྱེའོ།། དེ་ལྟར་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་བཅུ་པོ་རྣམས་སྔོན་དུ ་གསུངས་པའི་གནས་རྣམསུ་སྲོག་རྒྱུ་བའི་དུས་ཀྱི་ཁྱད་པར་ལ་སྐྱེ་བར་འགྱུར་རོ།། དེ་རྣམས་ཀྱི་ལས་ནི་སྔོན་བཞིན་དུ་བྱའོ།། དང་གྲིས་ནརྀ་སླར་ཡང་ཁྲོ་བོ་རྣམས་འབྱུང་བའི་དུས་སུ་སྤྱན་མ་ལ་སོགས་པའི་ལྷ་མ ་བཞི་དཀྱིལ་འཁོར་སོ་སོ་ལ་སྭ་དང་ཆུ་དང་མེ་དང་རླུང་གི་དཀྱིལ་འཁོར་གྱི་རང་བཞིན་གྱིས།། དེ་བཞིན་དུ་ཆོས་ཀྱི་དབྱིངས་རྡོ་རྗེ་མ་ན་མཁའི་དཀྱིལ་འཁོར་ལའོ།། དེ་རྣམས་སྐྱེ་བའི་གནས་ནི་སྔོན་དུ་གསུངསོ།། འོན་ཀྱང་གན ་རེ་རེ་ལ་ཡང་སྤུའི་ཚད་ཙམ་གྱི་རྩ་ལྔ་ལྔར་འགྱུར་རོ།། དེ་བཞིན་དུ་མཚན་མོ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣོལ་འབྱོར་མ་ལྔ་དཀྱིལ་འཁོར་ལྔ་རྒྱའོ།། དེ་བཞིན་གཤེགས་པ་དང་རྣལ་འབྱོར་མི་བཅུ་པོ་འདི་རྣམས ་ཀྱི་རྒྱུ་དང་འབྲས་བུ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་དང་འབྲེལ་པ་གསུངས་པ།། རྣམ་སྣང་མཛད་དང་རིན་ཚོན་གཙོ།། འོད་དཔག་མེད་དང་དོན་ཡོད་གྲུབ།། ས་སྙིང་ཕྱག་ན་རྡོ་རྗེ་དང་།། མཁའ་སྙིང་འཛག ་རྟེན་དབང་ཕྱུག་དང་།། སྒྲིབ་པ་ཐམས་ཅད་རྣམ་སེལ་དང་།། དེ་བཞིན་ཀུན་ཏུ་བཟང་པོའོ།། འདི་ཉིད་གཅིག་མ་ཚང་བའི་ཡིག། ལྔ་བཅུ་ཐམས་པ་བདག་གིས་བཤད།། དེ་རྣམས་ཀྱི་ནི་གཏན་དབབ་བརྗོད།། རྒྱུ་ཡི ་ཕྱིར་ནི་གནས་ལ་སྤྱོད།། གཅིག་མ་ཚང་བའི་ལྔ་བཅུ་ཡི།། རེ་མིག་རྣམས་ལ་རིམ་པ་བཞིན།། ཡི་གེ་རེ་རེའི་རང་བཞིན་ཡང་།། རྩ་ཡི་དེ་ཁོ་ནས་ཕྱེ་ཉིད།། དང་པོ་བདུན་གྲངས་དེ་བཞིན་བདུན།། བདུན་ལྔ་ཡི་ནི་རེའུ་མིག་ལ།། ་བཽ་ཏྲི་མ་མེད་པའི་སྤྱི་བོར་གསུངས།། རོ་གི་ཝང་འཆང་བ་རུ་ནི་འདོད།། ཙ་རྐང་པའི་འོག་ཉིད་དུ་ནི་གཙོ།། ནམ་ཆུ་བ་རྣམས་ནི་ཡང་དག་གཡོ།། ཙ་ཐུགས་ཀྱི་འཁོར་ལོར་གང་ཕྲ་མོ།། ར་རོ་ཡི་ཁམས་དང་ཡང་དག་ལྡན།། ་ཏེ་དེ་རྣམས་ཉེ་བར་བྱར་བྱེད་པ།། ན་སྐཱ་ཙམ་ལ་ནི་ཉེས་ཐིམ་ཕྱིར།། ཥ་ཕུང་པོ་དྲུག་ལཱ་གང?་ཕྲ་མོ།། མྲ་བདུད་རྩི་འབབ་པ་ཡིས་ནི་རྩ།། མྲི་དབང་པོ་ཌྷནྟ་ས་ལ་གང་པ་མོ།། ཏཱ་སྦྱར་མཱ་ལྟ་བུཪྵ་དྲི་མ་མེད?།། བྷ་ལྟེ་བའི་རྩ ་རྣམ་སུ་ནི་འབར།། མོ་ཁམས་རྣམསཱ་བསྐྱེད་པར་འགྱུར་བ་ཡོན?།། གྷ་དྲིལ་བུའི་སྒྲ་ནི་རྩ་ནི་གང་།། སི་རང་འབྱུང་ག་བུར་འབབ་བྱེད་པ།། དྷི་ཉིས་བརྩེག་སྙིང་དང་ལྟེ་དབུ་སུ།། ཀྵཾ་འོ་མྲའི་རྒྱུན་ནི་འབབ་བྱེད་པ།། ཏེ་སུམ ་ཁྲིལ་གྱི་ནི་དབུས་ཀྱི་རྩེ།། ག་འགྲོ་བ་ཡིས་ནཽ་ཡིད་ནི་འཛིན།། ཎཱ་སྨིན་མའི་དབུསུ་འབེབ་པ་གང་།། བ་ན་བ་ང་ཀ་གི་རྩ་བར་འབབ།། ཛྭ་སུམ་སྒྲིལ་གྱི་ནི་དབུས་སུ་རོལ།། པཱཾ་སྟོང་བུ་ཡི་ནི་རྩ་བ་ར་མ།། ཎི་མཆུ་དང་ཀོ་སྐོ་དག ་ཏུ་འབྱར།། ཁ་བྱ་བཞིན་དུ་ནི་པུས་མོ་གཉིས།། ག་འགྲོ་བ་ཡི་ནཽ་བླ་ལམ་དུ།། བྷ་བྷ་གའི་དབུས་ཀྱི་རྩ་ནི་གང་།། ལོ་བ་སྤུ་མཚམས་རྣམས་ནི་གཡོ།། ཀཾ་སྐྲ་ཞེས་པ་ནི་གཙུག་ཏེར་དུ། ཤྭ་དབུགས་ནི་ཐམས་ཅད་དུ ་འགྲོ་བ།། ར་རྡུལ་འངབ་པཱ་ཡ~ཾ་རྞ་ནི་གང་།། ཤྩ་སྟན་ལས་དང་པོ་ལངས་པ་ཉིད།། ས་ཚོགས་ཀུན་དུ་ནི་རང་འབབ་པ།། ཟབ་ཤིང་གཅི་འབབ་པར་བྱེད་པའོ།། ཎི་བར་གྱི་དབུསུ་སྤྲུལ་བྱའོ།། བགླང་དུ ་ཚིག་ནི་འབྱུང་བ་ཉིད།། རང་དགའུ་ལ་སོགས་པ་ཡི་ནི་རྩ།། ན་ཆུ་ཡི་མཚམསུ་སོང་བར་ངེས།། བཾ་སྣ་ཚོགས་མདུད་པ་རབ་འབྱུང་བ།། སྐུ་ཕྲག་པ་ལ་སོགས་རུང་བའི་ཕྲེང་།། དྷི་སེམས་ཀྱིས་དོན་ཡིད་ནི་འཕྲོག། ད་དེ་ཡི་ཡང ་ནི་གཞན་ནོ་གང་།། ཐཱ་ནུ་མ་ཡི་ནི་རྡོག་མར་བཞག། ས་མཚམས་ནི་སྔོན་འགྲོ་ཀེང་རུས་ཏེ།། མ་དེ་ཡི་དབུས་སུ་གཞན་མཚམས་ཉིད།། ཏ་སྣལ་མའི་གྲངས་མེད་ཕྲ་བ་ཉིད།། བྷ་ཚངས་པའི་གན་སུ་དེ་ལས་གཞན།། ཏྲ་དབུ་མ་ལས ་ནི་ཐམས་ཅད་འབབ།། ཀ་ཙི་དང་ཅི་འབབ་རྩ་ནི་གང་།། དེ་ལ་བདེ་བ་བརྟེན་པའོ།། དེ་ལྟར་རཱི་མིག་མཆོག་ནི་གསུངས།། བདུན་ཕྲག་བདུན་ཞེས་བྱ་བ་ཡི།། ལུས་ལས་རྟག་ཏུ་རྣམ་ཤེས་རྒྱུ།། རེ་མིག་བཞི་བཅུ་རྩ་དགུ་ལ།། ཡི་གེ་རེ་རེའི ་དབུསུ་བསྒོམ།། ལྷ་མོ་བཟང་མོའི་གཟུགས་ཅན་ལ།། སྤྱན་མའི་བཀོད་པ་མཐའ་དག་ནི།། ན་མཁའ་གང་བས་ཞི་བ་ཡིས།། ལས་ནི་དྲི་མོ་མེད་པ་བྱ།། དེ་བཞིན་མ་མ་ཀཱི་སྔོགས་དང་།། དེ་བཞིན་གཟུགས་ཀྱི་རྡོ་རྗེ་སོགས།། དེ་བཞིན ་གཟུགས་ཀྱི་རྡོ་རྗེ་སོགས།། དེ་བཞིན་སངས་རྒྱས་གར་མཁན་ནི།། མ་ལུས་བསམ་མི་ཁྱབ་པ་བསམ།། སེམས་ཅན་གྲངས་ནི་བསམ་མེད་ཕྱིར།། དེ་བཞིན་དུ་ཡང་ལ་བའི་བྱ།། དེས་ན་དེར་ནི་ཐིམ་པར་འགྱུར།། རང་གི་རེ་མིག ་འབྱུང་གཉིས་མེད།། སྤྱན་མ་ཝཱ་ཡ~ཾ་མིག་ཏུ་འགྱུར།། མཱ་མ་ཀཱི་ན་ཤེས་རབ་མིག། གློས་དཀར་ཡེ་ཤེས་མིག་ཏུ་གསུངས།། སྒྲོལ་མ་སངས་རྒྱས་སྤྱན་དེ་བཞིན།། ཤ་ཡི་མིག་ཏུ་བྱམ་པའི་བདག། གཟུགས་ཀྱི་རྡོ་རྗེ་ལྷ་མོའོ།། ལྷའི་སྒྲ་ལོག ་དེ་བཞིན་གཞན།། སྒྲ་སོགས་པ་ཡི་ལྷ་མོར་འདོད།། དེ་ལྟར་ཡོན་ཏན་ཁྱད་པར་གྱིས།། རྣལ་འབྱོར་པ་ཡི་སེམས་གཉིས་མེད།། རེ་མིག་རྣམས་ལ་གཞན།། ལྷ་མོའི་རིགས་ནི་གྲངས་མེད་པའོ།། སྒྱུ་མའི་དེ་ཉིད་འདིར་གསལ་བར།། ་མདོར་བསྡུས་ན་ནི་བསྟན་པ་ཡིན།། སློབ་དཔོན་ལ་ནི་བསྙེན་བཀུར་བས།། རྒྱས་པ་དེ་ནི་ཤེས་པར་བྱ།། རེ་མིག་མཐར་ནི་བྱུང་བ་གང་།། ཡི་གེ་རྣམ་པར་རྟོག་བསྒོམ་པ།། དེ་ནི་མེད་ཅིང་འདི་ནི་མེད།། རྐྱེན་གྱི་དོན་ནི་འབའ་ཞིག་གོ།། ་འོན་ཀྱང་ཐམས་ཅད་མཁྱེན་བགྲོད་པ།། མེད་པར་དེ་ནི་དམིགས་མི་འགྱུར།། དེ་ལྟར་ཡང་གསུངས་པ་བདག་གི་ཅི་ཞེས་བྱ་བ་ལ་སོགས་པ་གོ་སླའོ།། བཅོམ་ལྡན་འདས་ཀྱིས་རྒྱུད་ཐམས་ཅད་དུ་དཀྱིལ་འཁོར་གྱི་འཁོར་ལོའི ་བསྒོམ་པ་ལ་སོགས་སྔོན་དུ་འགྲོ་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པ་མ་ཡིན་ནམ?། དེ་འདིར་ཇི་ལྟར་སངས་རྒྱས་གར་མཁན་གྱི་བསམ་གྱིས་མི་ཁྱབ་པ་ཡིན་དེ་ཉིད་བསྟན་པའི་ཕྱིར། ལྷའི་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། འདིར་ཐམས་ཅད་སེམས་ཀྱི་རྣམ་པར་འཕྲུལོ་ཞེས་པ་ནི་བསྒོམ་པ་ལ་སོགས་འདི་དག་ཐམས་ཅད་ཉིད་སེམས་ཀྱི་རྣམ་པར་རྟོག་པ་ཙམ་དུ་རབ་ཏུ་འགྲུབ་པོ།། སེམས་གཅིག་པུ་ཉིད་སྣ་ཚོགས་པའི་རྣམ་པའི་བསྒོམ ་བ་ལ་དམིག་སྠཱ་ལྷའི་གཟུགས་སྣང་ཙམ་མོ།། དེས་ནི་བྱ་བའི་རྒྱུད་ལ་སོགས་པ་རྣམསུ་གསུངས་པ་དེ་དག་ནི་སེམས་ཀྱི་རྣམ་འཕྲུལ་རྣམསོ།། དེ་ཡང་གསུངས་པ།། སྒོམ་པ་སེམས་དང་སེམས་འབྱུང་བ། ་འཁྲུལ་པས་སྒྲུབ་པ་པོ་ནི་རྨོངས།། སྒོམ་པ་ཉིད་ཀྱིས་རྟག་ཏུ་གྲོལ།། གང་ཕྱིར་རྟོག་པ་རྣམས་འཆིང་བྱེད།། རྟོག་པ་བདེན་པར་འགྱུར་མ་ཡིན།། སེམས་དང་སེམས་ལས་བྱུང་ལས་གཞན།། སེམས་ཀྱང་དེར་ནི་ཡོད་མི་དེ་མིན་ན།། ་སེམས་ལས་བྱུང་བ་སྨོས་ཅི་དགོས།། སེམས་ཀྱི་ཐོག་མང་བག་ཆགས་ཀྱི།། རྟོག་པ་ལས་ནི་ལུས་བྱུང་སྟེ།། ལུས་ལ་སེམས་ནི་གནས་པ་ཡིན།། འདི་དག་སྒྱུ་མ་རུ་ནི་གསུངས།། དེ་བཞིན་བསྒོམ་པ་ལ་སོགས་ནི།། དེ་ལྟ་བུར་ནི་ཡོངས ་སུ་བརྟག། སངས་རྒྱས་སྐུ་རུ་སྐྱེ་བར་འགྱུར།། དེ་ཕྱིར་སངས་རྒྱས་འདི་སྒྱུ་མ།། སྔོན་གྱི་བག་ཆགས་ལས་ཉིད་ཀྱིས།། སེམས་ཅན་རྣམས་ནི་དེ་དེ་བཞིན།། གཞན་ལས་སངས་རྒྱས་འབྱུང་བ་མིན།། སེམས་ཅན་ཉིད་ཀྱང་སེམས ་ནྡན་མིན།། རྣམ་པར་རྟོག་ལས་རྣམ་རྟོག་འབྱུང་།། དེ་བཞིན་སངས་རྒྱས་ཉིད་ཤེས་བྱ།། སངས་རྒྱས་མི་བདྲེན་པ་རུ་འདོད།། འོན་ཀྱང་སེམས་ཅན་དེ་སྒྱུ་མ།། ཇི་སྲིད་ཁམས་གསུམ་གནས་ཀྱི་བར།། དེ་སྐྱིད་ཁམས་གསུམ་གནས ་ཀྱི་བར།། ང་སྲིད་སངས་རྒྱས་སྒྱུ་མ་ཡང་།། སྙིང་རྗེའི་རྐྱེན་གྱིས་བཞུགས་པ་ཡིན།། དེ་ཀུན་དེ་ནི་ཉམས་དགའི་གནས།། བཅུ་དྲུག་པ་ཡི་ཆར་མི་ཕོད་།། སེམས་དང་སེམས་བྱུང་སངས་རྒྱས་ཀྱིས།། དངོས་པོ་རུ་ནི་གདོད་ནས་བསྟན།། ་དེ་ལྟར་གཉི་ག་མི་བདེན་པར།། དེ་ཕྱིར་བསམ་མི་ཁྱབ་སངས་རྒྱས།། གར་མཁན་གྱི་ནི་སྒྱུ་མ་ཉིད།། ཅེས་པ་ནི་སེམས་བསྒོམ་པ་ལ་སོགས་པའི་ངེས་པའོ།། དེ་བཞིན་དུ་སེམས་ཅན་རྣམས་གཞུག་པའི་དོན་དུའོ།། སེམས་ཅན་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། བདག་གིས་ཞེས་པ་ནི་ཤཱུཀྱ་ཐུབ་པ་བདག་གི་སོ།། རྒྱུད་དུ་ནོ་ས་པ་ནི་ཁ་སྦྱོར་འདྲི་ལ་སོགས་པ་རྣམསོ།། སེམས་ཅན་ཞེས་པ་ནི་དེ་རྣམས་ལ་ཕན་གདགས་པའི་དོན་དུའོ།། གྲང་གི་ཕྱིར་སྔོན་ནས་རིགས ་གཅིག་པའི་དངོས་པོ་འོད་གསལ་བའི་ཡེ་ཤེས་ནི་རྡོ་རྗེ་སེམས་དཔའ་ཞེས་པ་དེ་ཉིད་རྟོག་པའི་དབང་གིས་རིག་མཐའ་ཡས་ཏེ། སེམས་ཅན་གྲངས་མེད་པའི་ཕྱིརརོ།། དེས་ན་མདོར་བསྡུས་ན། རིགས་ནི་རྣམ་པོ་ལྔ་ཞེས་པ་ནི་རྣམ་པར ་སྣང་མཛད་ལ་སོགས་པའོ།། བཤད་ཅེས་པ་ནི་སྔོན་དུ་གསུངས་པའི་རིགས་པས་རིགས་གཅིག་གོ།། སྟོང་པའི་རྡོ་རྗེ་ཅན་ཞེས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་བསམ་དུ་མེད་གཉིས་མྱེད་པའི་རླུང་གི་ངོ་བོ་ཡོངསུ་ཤེས་པའི་ཕྱིར ་ཞེས་དགོངསོ།། ད་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ལ་སོགས་པའི་སྒོམ་པ་བསྐྱེད་པ་དང་རྫོགས་པའི་རིམ་པ་སྒྲུབ་ཐབས་སྣ་ཚོགས་པའི་མན་ངག་བསྟན་པའི་ཕྱིར།། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། གསོལ་བ་ཞེས་པ་ནི་ཅི་གསོལ་ཞེ་ན། འདི་ཞུས་པའོ།། བཤད་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ལ་ཞུས་པའོ།། དགྱེས་པ་ཆེན་པོ་ཞེས་པ་ནི་ཟབ་མོ་ལོངས་སྤྱོད་རྫོགས་པའི་སྐུའོ།། དེ་ཡང་ཇི་ལྟར ་ལོངས་སྤྱོད་རྫོགས་པ་དང་། ལྷན་ཅིག་སྐྱེས་པའི་སྐུ་དག་རོ་གཅིག་པར་གྱུར་པས་ཆོས་དང་ལོངས་སྤྱོད་རྫོགས་པའི་སྐུ་འབྲས་བུའི་རང་བཞིན་ནོ།། དེས་ན་ཟབ་མོར་གསུངསོ།། དེ་ལྟར་འཇིག་རྟེན་ལས་འདས ་པའི་ཀུན་རྫོབ་ཀྱི་ཕྱོགས་ལ་རྒྱུ་དང་འབྲས་བུའི་བདག་ཉིད་ཀྱི་ཆོས་སུ་འགྲུབ་བོ།། དོན་དམ་པར་ནི་རྒྱུ་དང་འབྲས་བུ་དག་འགོག་པ་ཡོད་དེ་མི་བདེན་པའི་ཕྱིརརོ།། དེ་བཞིན་དུ་གཙོ་བོ་ཞེས་པ་ནི་ཡེ་ཤེས་ཀྱི་བདག་ཉིད་དོ།། དེ་ལྟར་གཙོ་བོ ་སྤྲུལ་པའི་སྐུ་བཅོམ་ལྡན་འདས་ལ་འདི་ཞུས་པ་སྟེ། གང་གིས་ཞེས་པ་ནས་ཆོ་ག་ཞེས་པའི་མཐར་ཐུག་པའོ།། འདིས་ནི་དེ་ལྟ་བུའི་སྒྲུབ་པ་པོའི་སེམས་ཅན་འགྲུབ་པའོ།། གང་གིས་ཞེས་པ་ནི་དངོས་པོའི་རྣམས་པས་སོ།། དེ་བཤད་དུ ་གསོལ་ཞེས་པ་དེའི་ཚེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་ལམ་གྱི་ཚིག་གོ།། དེ་བཞིན་དུ་དང་པོ་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་མཐུན་པའི་ཆོས་ཀྱི་རྗེས་སུ ་འབྲངས་པ་རྣམས་ཀྱིས་བསྒོམ་པ་འདི་བྱའོ།། གང་གི་ཕྱིར་ཐོག་མ་མེད་པ་ནས་འཇིག་རྟེན་གྱི་ཆོས་བུམ་པ་དང་རས་དང་ཤིང་རྟ་སོགས་པ་རྣམས་ལ་སེམས་འཇུག། དེས་ན་དེ་དག་ཐོག་མ་མེད་པའི་བག་ཆགས་ཀྱི་རྒྱུན་གྱིས་འཇུག ་པ་འདིའི་ཚེ་བསྐལ་པ་བཟང་པོ་འདི་ལ་རྣམ་པར་གཟིགས་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པ་མཛད་ཅིང་ཤཱཀྱ་ཐུབ་པས་ཀྱང་ཟབ་མོའི་ཆོས་བསྟན་ཏོ།། དེའི་ཕྱིར་ཡང་ཟབ་མོའི་ཆོས་བསྟན་ཏོ།། ་དེ་བཞིན་དུ་དང་པོ་ཞེས་པ་ནི་རྫོགས་ལྡན་གྱི་དུས་སུའོ།། བྱམས་པ་བསྒོམ་པར་བྱ་ཞེས་པ་ནི་དེ་ལ་འཇུག་པ་དེར་གཉིས་པར་ཞེས་པ་ནི་གསུམ་ལྡན་ལ་སྙིང་རྗེའོ།། གསུམ་པར་ཞེས་པ་ནི་གཉིས་ལྡན་ལ་དགའ་བའོ།། ཀུན་དྷི ་མཔ་ནི་ཞེས་པ་ནི་དུས་གསུམ་གྱི་མཐར་ཟོ་པའི་དུས་སུ་བཏང་སྙོམས་བསྒོམ་བཱནྟི་དེ་ལ་འཇུག་པའོ།། དེ་བཞིན་དུ་རྣལ་འབྱོར་བ་རྣམས་ཀྱིས་ཀྱང་བསྒོམ་པའི་དུས་སུ་བྱཱ་ཞེས་པ་ནི་ངེས་པའོ།། དེ་བཞིན་དུ་དྲང་པོ་བསྠཱ་མ~ཾ་བྷཱུ ་དུས་སུ་སེམས་ཀྱི་མཐའ་དག་རྫོགས་པར་བྱས་ཏེ་ལངས་པའི་གནས་སྐབསུ་རང་གི་དོན་དང་གཞན་གྱི་དོན་ལ་བརྩོན་པ་དེས་ནི་འབྲས་བུ་ཡང་དག་པར་རྫོགས་པ་ཐོ་བ་སྟེ། སེམས་དང་སེམས་ལས་བྱུང་བའི་དངོས་པོའི་ཕྱི་།། ་དེ་ཡ་བྱམས་པ་ནི་ཤིན་ཏུ་བརྩེ་བའི་བདོག་ཉིད་དེ།། དེའི་ཚེ་དང་བའི་སངས་རྒྱས་བྱམས་པའི་བདག་ཉིད་ཀྱི་རང་བཞིན་སྐྱེའོ།། དེས་ནི་རྫོགས་ལྡན་གྱི་དུས་ཀྱི་སེམས་ཅན་རྣམས་ཕྱིན་ཚུན་བྱམས་པོའི་རང་བ་བྱིན་དུ་འགྱུརརོ།། ་ས་ནི་འབྲས་ཀྱི་འཕྲུལ་སོགས་པ་ཡང་ད་པ་རྫོགསྭཱ་བྷཱར་འགྱུརོ།། དོ་ཧཱུ~ཾ་རང་བཞིན་གྱིས་བྱམས་པ་དཔེར་ནཱ་སྐྱེ་དུ་ལདྷཱ་འཾ་ནི་སྟེ་དྲུག་པ་དང་བྲིསྡེ་པ་རྨོངས་ཏི་ཡོན་ཏན་མེད་ཀྱང་རྡོམ་མ ་ཅན་རྣམས་ལ་ཕན་པ་བྱེད་དེ་རང་བཞིན་གྱིས་བརྩི་བའི་ཕྱིརོ།། དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསམ་གྱིས་མི་ཁྱོ་པོའི་བྱམས་པའི་རང་བཞིན་གྱིས་གྲུབ་པ་ངེས་ན་དང་པོར་བྱས། ་པ་བསྟན་ཏེ། རྩོད་པའི་དུས་སུ་ཡང་སྒྲ་ཙམ་གྱིས་མངོན་དུ་བྱེད་དེ་རྫོགས་ལྡན་གྱི་དུས་སུ་ནི་སྒྲ་ཙམ་མ་ཡིན་ནོ།། དེ་བཞིན་དུ་གསུམ་ལྡན་གྱི་དུས་སུ་ཆོས་ཀྱི་ཆ་གཅིག་དང་བྲལ་ཏེ། སེམས་ཅན་རྣམ ་དྲག་པོའི་བློ་དང་ལྡན་པས་དེའི་ཚེ་རང་བཞིན་གྱིས་སྙིང་རྗེའི་རང་བཞིན་གྲུབ་སྟེ་སྔོན་ལོ་བལྟོས་པས་སངས་རྒྱས་རྣམས་བསྒོམ་པའི་དུསུ་ཡང་བགེགས་བསྐྲད་པའི་ཕྱིར་ཁྲོ་བོའི་ཏིང་འཛིན་ལ་དམིགས་པ་ནི་རྨི་ལམ་གྱི་གནས ་སྐབས་ཉིད་དུ་འགྱུར་རོ།། དེའི་ཚེ་སྙིང་རྗེའི་རང་བཞིན་དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྩོད་པའི་དུས་སུ་གསུང་གི་ཡི་ག་བསྟན་པས་སེམས་ཅན་རྣམས་སྙིང་རྗེ་ལ་དམིགསོ་ཞེས་པ་ནི་ངེས་པའོ།། དེ ་བཞིན་དུ་གཉིས་ལྡན་གྱི་དུས་སུ་ཆོ་སྤྱི་ཆ་གཉིས་མེད་དེ། དེ་བཞིན་དུ་སངས་རྒྱས་རྣམས་ཀྱིས་སྔོན་དུ་བསྒོམ་པའི་དུས་སུ་བདག་དང་གཞན་གྱི་གནསུ་བསྲུང་བའི་འཁོར་ལོ་སོགས་པ་བསམས་པས་ཅུང་ཟད་སེམས་རྩེ་གཅིག ་པས་སྔོན་གྱི་དངོས་པོ་དང་བྲལ་ཏེ། དེས་ན་རབ་ཏུ་དགའ་བའི་ཡིད་ཀྱིས་ཤིན་ཏུ་ཉལ་བའི་གནས་སྐབསུ་འགྱུར་རོ།། དེས་ན་གཉིས་ལྡན་གྱི་དུས་སུ་སེམས་ཅན་རྣམས་དགའ་བའི་ཡིད་ཀྱིས་རང་བཞིན་གྱིས་རབ་ཏུ་དགའ་བ ་གྲུབ་བོ།། དེ་བཞིན་དུ་རྩོད་པའི་དུས་སུ་བསྒོམ་པའི་དུས་སུ་ཡང་བཅོམ་ལྡན་འདས་ཀྱི་གསུང་ཙམ་གྱིས་བསྟན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་རྩོད་པའི་དུས་སུ་ཆོས་ཀྱི་ཆ་གསུམ་མེད་དེ། སྔོན་དུ་སངས་རྒྱས་རྣམས ་ཀྱི་བསྒོམ་པའི་དུས་སུ་རང་བཞིན་གྱིས་དག་པའི་ཕྱིར་ཨོཾ་སྭ་བྷཱ་བ་ཤུདྡྷ་ཞེས་པའི་ཚིག་བརྗོད་པས་སེམས་དངོས་པོ་དང་དངོས་པོ་མེད་པ་དང་བྲལ་ལོ།། དེས་ན་རྩོད་པའི་དུས་ཀྱི་སེམས་ཅན་རྣམས་བྲེ་ཆུང་པ་འཁོར་བ་དང་མྱ་ངན་ལས ་འདས་པའི་བློ་དང་བྲལ་བ་སྟེ། ཇི་ལྟར་བསྒོམ་པའི་དུས་སུ་ཡིད་བརྟེན་པའི་དངོས་པོ་རྣམས་ཉུང་ཞིང་འབྲས་ཀྱི་འབྲུ་ལ་སོགས་པ་ཉུང་བའོ།། དེས་ན་བཏང་སྙོམས་ཀྱི་རང་བཞིན་ནོ།། དེ་ཡང་སེམས་ཅན་རྣམས་ཕན་ཚུན་རྒྱུ་དང ་འབྲས་བུ་རྣམས་ལ་བཏང་སྙོམསུ་མི་བྱེད་དེ། དེའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཇིག་རྟེན་གྱི་ཆོས་བརྒྱད་རྣམས་ལ་མི་འཇུག་པར་བྱ་བའི་ཕྱིར་བཏང་སྙོམས་བསྟན་ཏོ།། དེ་བཞིན་དུ་རྫོགས་ལྡན་ལ་སོགས་པ་རྣམས ་ཀྱི་ཚེ་རྣམས་ཀྱི་ཚེ་རྣམས་ཀྱང་འཕེལ་བ་དང་འབྲི་བའོ།། དེ་ལྟར་ཚངས་པའི་གནས་རྣམས་བསྒོམ་པའི་ཕྱིརོ།། དུས་འདྲིར་གསལ་བ་ཉིད་དུ་བྱའོ།། སླར་ཡང་དེ་ལྟར་དུས་པ་ས་རེ་རེ་ལ་རྣམ་པར་བཞག་པ་དེ་བཞིན་དུ་བསྒོམ ་པའི་དུས་སུ་ཡང་རྟག་ཏུ་ཉི་མ་རེ་རེ་བྱའོ།། དེ་ལྟར་ཡང་གསུངས་པ་སྔོན་དུ་སངས་རྒྱས་ལ་བསྐྲུན་པས།། སམས་ནི་ཉན་ཐོས་རྣམ་པའོ།། རྫོགས་ལྡན་བྱམས་པའི་རང་བཞིན་ཏེ།། ཕན་ཚུན་སེམས་ཅན་རྣམས་ནི་འཇུག། ་གསུམ་ལྡན་སྙིང་རྗེའི་རང་བཞིན་གྱིས།། ཁྲོ་ལ་བརྟེན་པའི་ཆ་ནི་བྲི།། སེམས་ཅན་བགེགས་ལྀ་གསོད་པར་བྱེད།། དེས་ན་རང་སངས་རྒྱསུ་འགྱུར།། གཉིས་ལྡན་གནས་སོགས་བསྲུང་བ་སྟེ།། སེམས་ཅ་ནི་རྩེ་གཅིག་བསྒོམ་པ ་ཡིས།། སེམས་ཅན་དེ་རྣམས་ཆ་ནི་བྲི།། རབ་ཏུ་དགའ་བ་བསྒོམས་པས་ནི།། ཐེག་པ་ཆེན་པོ་དེ་སངས་རྒྱས།། བཏང་སྙོམས་ཀུན་གྱི་མཐའ་མར་ཡང་།། ཆ་གསུམ་བྲི་བ་དེ་སངས་རྒྱས།། དག་པ ་ཆོས་ཀྱི་བསྒོམ་པ་ནི།། སྔགས་ཀྱི་ཐག་ཆེན་དེ་བསྒྲུབ་ཅིང་།། རྫོགས་ལྡན་གསུམ་ལྡན་གཉིས་ལྡན་ལ།། དེ་ལྟར་ཐམས་ཅད་བྱ་བ་ཉིད།། རྩོད་དུས་ལྷ་ཡི་སྒྲུབ་ཐབ་སོ།། མ་ཡིས་ཐམས་ཅད་འཇོམས་པ་སྟེ།། གཏི་མུག་ལ ་སོགས་སྡིག་འབྱུང་བ།། སེམས་ཅན་ཐམས་ཅད་དབང་བྱས་ཏེ།། འཚེ་བའི་ཚེ་ནི་བྲི་བར་བྱ།། ཨེ་ནཾ་དབང་པོ་ཐམས་ཅད་དེ།། ཤིན་ཏུ་རྣམ་པ་ཡི་སྡེ་ནི་གཞོམ།། ཉན་ཐོས་སྤྱོད་པ་བསྐྱང་བའི་ཕྱིར།། དབང་ཕྱུག་ཉིད་ནི་རྟག ་ཏུ་འབྱུང་།། ཐམས་ཅད་སྐྲག་པར་མི་བྱེད་དེ།། སྲོག་ཆགས་རྣམས་ཀྱི་དངོས་པོ་རྣམས།། བསྐྱུང་བ་དང་ནི་ཐར་པར་འགྱུར།། ད་ལྟར་དྲི་བའི་མཚན་ཉིད་དོ།། ཨཱི་འདི་ལྟ་བུར་ནི་རྟག་ཏུ་བྱ།། སངསོ་རྒྱུས་འདི་འདྲ་རྒྱུ་ནི་ཉིད།། སྡུག ་བསྔལ་ལ་སོགས་དེ་བཞིན་དུ།། བདྲེན་པ་བཞི་ཡི་མཚན་ཉིད་རྣམས།། ཀ་ནི་ལས་རྣམས་བྱེང་པ་ཉིད།། གོང་བུ་འཛིན་པ་སྐྱེ་བ་ཡིས།། རྒྱུ་དང་འབྲས་བུ་ཞེན་པའི་ཕྱིར།། གྲངས་ལས་འདས་པ་སེམས་ནི་ཉིད།། རུ་དར་ནི་གཉི ་ག་ཡོད་མིན་ཏེ།། རྣལ་འབྱོར་ཞི་བའི་དོན་འབའ་ཞིག། སེམས་དང་བྲལ་ཡང་རུང་བྱེད་དོ།། འདོད་ཆགས་འབའ་ཞིག་གིས་ནི་བཅོས།། ཎཱ་བྱ་བ་རྣམ་པ་གཉིས་ནི་འཇོམས།། ཉན་ཐོས་རང་སངས་རྒྱས་དེ་བཞིན།། སེམས ་ཅན་རྣམས་ལ་ཕན་བྱེད་པ།། ཐེག་པ་ཆེན་པོ་འཇོམས་པར་བྱེད།། མུ་ནི་སྡུད་པ་ཉིད་ཡིན་ཏེ།། དགའ་བའི་བདེ་བ་ཡི་ནི་རྒྱུད།། དེ་ཉིད་དུ་ནི་གྲོལ་བྱེད།། རྣམ་པར་འདྲེས་རྟོགས་ཕ་རོལ་འགྲོ། དེ་ཉིད་ཕྱེད་ཆ་ཡིས་སྣང་བྱས་པས།། ཡེ་ཤྭ ་བདུད་རྩི་འདུས་པའི་ཕྱིར།། སེམས་དང་སེམས་ལས་བྱུང་བ་སྤངས།། འདི་ཡི་ཤིང་རྟ་ལ་ནི་ཞེན།། ཏཱ་ཇི་སྲིད་མཁའ་ལ་མཐའ་ཀླས་པ།། དེ་སྲིད་སངས་རྒྱས་ཉིད་བྱེད་པའོ།། གཞན་གྱི་བྱ་བ་རྣམས་བྱེད་པ།། སྲིང་པོའི་རྒྱ་མཚོ་ལས ་ནི་གྲོ་ལཱ།། ཨུཾ་བློ་བུར་བ་ནི་འབྱུང་བྱ་ཀུན།། ལུས་ཀྱི་རྒྱུ་བ་སྤངས་པ་ནི།། དེས་ནི་དེ་ཡི་རང་བཞིན་གྲོལ།། རྣལ་འབྱོར་པ་ནི་སངས་རྒྱས་རྩེ།། པ་དེ་ཉིད་བདུད་རྩི་ལྟོ་བུ་ཉིད།། བདུད་ནི་མྱ་ངན་འདས་པ་ཉིད།། བླ་མཱའི་བཀའ་ཡང ་བདུད་ནྟི་སྟེ།། ཚེ་ཟད་པ་ཡང་འཚོ་བའོ།། ཀྵོ་ནི་དངོས་པོ་ཟད་པ་སྟེ།། སེམས་ཀྱི་རྣམ་རྨོངས་ཐམས་ཅད་ནི།། སེམས་ཅན་ནི་ཟད་པའི་རྒྱུ་ཡིས་ནི།། དེ་ཉིད་རྣམ་པར་རྟོག་པའང་ཟད།། ད་ནི་དྲ་བའི་ཆོས་ཉིད་ཀྱི་ཕྱིར།། སྒོམ་པ ་པོའི་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་མཚན་ཉིད་བརྗོད་དེ།། སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། སླར་ཡང་ཞེས་པ་ནི་འདིར་སྤངས་རྒྱུས་རྣམས་བསྒོམ་པའི་དུསྱ་ཨཱ~ཾ་སུ་བི་ཤུདྡྷ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅད་ཀྱི ་རྗེས་ཐོག་སུ། ཨོཾ་ཤཱུ་ནྱ་ཏཱ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་དེ། འདིར་ཁམས་གསུམ་པ་མཐའ་དག་སྟོང་པར་དམིག་སོ།། དེས་ན་བྱང་ཆུབ་ནི་ཆོས་ཀྱི་སྐུའི་མཚན་ཉིད་དེ། དེ་དེ་བཞིན་དུ་རྩོད་པའི་དུས་ཀྱི་མཐར ་ཐམས་ཅད་སྟོང་པར་འགྱུར་ཏེ། འཇིག་རྟེན་གྱི་ཐ་སྙད་ཀྱི་དངོས་པོ་ཉིད་དེ།། དེའི་ཕྱིར་དེས་རང་བཞིན་སྟོང་པ་ཉིད་དུ་འགྲུབ་པོ།། དུས་དེར་སེམས་ཅན་དབྱིབས་ཆུང་ངུའི་བདག་ཉིད་ཅན་རྣམས་ཕན་ཚུན་སྟོང ་སེམ་སུ་འགྱུར་ཏེ། སྔོན་གྱི་བག་ཆགས་ཀྱི་དབང་གིས་སོ།། དེ་བཞིན་དུ་གཉིས་པ་ལ་ནི་སྟོང་པ་ཉིད་ཀྱི་བསྒོམ་པ་ལསོ།། ས་བོན་བསྡུ་ཞེས་པ་ནི་བྱང་ཆུབ་ཀྱི་ཚོགས་ཀྱི་རྒྱུས་སེམས་ཙམ་ལ་ལྷག་པར་གནས་པའོ།། སེམས་ཅན ་རྣམས་ལ་ཡང་རང་བཞིན་གྱི་སེམས་ལ་སོ་སོར་རྟོག་པར་འགྱུར་ཏེ། དང་པོའི་ཏིང་འཛིན་ལ་དམིགས་པའི་ཕྱིརརོ།། དེ་བཞིན་དུ་གསུམ་པ་ལ་ནི་ཞེས་པ་ནི་བསྒོམ་པའི་སེམས་ཙམ་ལས་སོ།། གཟུགས་སོགས་ཞེས་པ་ནི ་གཞལ་ཡས་ཁང་ལ་གཟུགས་ལ་སོགས་པ་མཐའ་དག་སེམས་ཀྱིས་མངོན་དུ་བྱེད་ཅིང་རྫོགས་པའི་རྒྱུར་ཞེས་པ་སྟེ་ངེས་པའོ།། སེམས་ཅན་རྣམས་ལ་ཡང་རྨི་ལམ་བཞིན་རྒྱུ་དང་འབྲས་བུ་རྣམས་ལ་སེམས་བསྐྱེད་པར ་འགྱུར་བ་དེ་ལ་སྐད་ཅེས་བྱའོ།། དེ་བཞིན་དུ་ཡང་། བཞི་པ་ལ་ནི་ཞེས་པ་ནི་དེ་ལྟར་སེམས་བསྐྱེད་ཅིང་བསྒོམས་པའི་རྣལ་འབྱོར་པ་རྣམས་ཀྱི་རང་ལ་ཡིད་ཆེས་པས་རང་གི་ལུས་ཀྱི་དབྱིབས་ན་མཁའ་བཞིན་དུ་བལྟ་སྟེ་ཡི་གེ ་དགོད་པའི་གཟུགས་དམིགས་པས། གསལ་བར་འགྱུར་ཏེ། འདི་ནི་ངག་གི་མིང་ཞེས་དགོ་ངས་སོ།། སེམས་ཅན་རྣམས་ལོ་ཡང་ལུས་ཀྱི་དངོས་པོ་ལས་ངག་གསལ་བ་ཉིད་དུ་འགྱུར་ཏེ། སྔོན་ལ་བལྟོས་པའི་རང་གི་འདུ ་ཤེས་ཀྱིས་འཛིན་པའི་ཕྱིར་རོ།། དེའི་ཕྱིར་མདུན་དུ་ར་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། དེ་ལྟར་དེའི་དུས་རྣལ་འབྱོར་པ་དེ་རྣམས་ཀྱི་སེམས་ཉིད་རྗེ་སུ་ཆགས་པས་རའི་རྐྱེན་དུ་འགྱུར་རོ།། དེས་ན་རྭ་ལས་ཉི་མ་ཡེ་ཤེས་འོང ་གསལ་བའི་གཟུགས་བརྙན་སེམས་ཉིད་ཉི་མའི་རྣམ་པར་སྣང་ངོ་།། མདུན་དུ་ཞེས་པ་ནི་རང་གི་ལུས་ལ་བལྟོས་པའི་མདུན་དུ་སྣང་བའོ།། བསྒོམ་ཞེས་པ་ནི་རྗེ་སུ་འཇུག་པའོ།། དེ་ལྟར་ཡང་འདིར་ཉི་མ་དེར་ཞེས་པ་ནི་སྒྱུ་མའི ་རྣམ་པའི་ཉི་མའོ།། ཧཱུཾ་བྷུང་ཞེས་པ་ནི་སེམས་ཀྱང་འདོད་ཆགས་ཀྱིས་དཀྲིས་པ་དེ་ཉིད་གཅིག་གི་རྣམ་པའོ།། དེས་ན་ཧཱུཾ་གཱི་རྐྱེན་གི་བདག་ཉིད་ཞུ་ཞིང་དཱར་ཐིམ་པ་ཉིད་ཀྱིས་འབྲས་བུའི་དབང་གིས་རྒྱུ་ཉམས་ཏེ་ས་བོན་ད་ང་མྱུ ་གུ་བཞིན་ནོ།། དེས་ནི་དེའི་བདག་ཉིད་སྣ་ཚོགས་རྡོ་རྗེ་ཞེས་པ་ནི་དེ་བཞིན་དུ་སེམས་གཅིག་ཉིད་ཡེ་ཤེས་ལྔའི་བདག་ཉིད་དོ།། རྡོ་རྗེ་ཡང་སྙིང་པོའི་གཟུགས་ཏེ་ཁྱད་པར་ཅན་གྱི་ཤེས་རབ་ཀྱི་མཚན་ཉིད་ཆོས་ཀྱི་འབྱུང ་གནས་རྟེན་བཞིན་ནོ།། དེའི་ཕྱིར་དེ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣ་ཚོགས་རྡོ་རྗེ་ལས་འོད་ཟེར་རྣམས་སྤྲོས་པའོ།། སེམས་ཀྱང་སྣ་ཚོགས་པའི་རྣམ་པར་སྣང་སྟེ། སྨིག་རྒྱུའི་དྲ་བ་བཞིན་མཐོང་བས ་ཡིད་ཆེས་པ་བརྫུན་པ་བསྒོམ་པ་ལ་ཞེན་པའི་ཕྱིརརོ།། དེ་ལྟར་དེ་རྣམས་རྡོ་རྗེ་སྟེ་རྒྱུ་དང་རྐྱེན་མང་པོའི་དོན་གྱི་རྡོ་རྗེའོ།། དེ་ཡིས་བསྒོམ་པར་བྱ་བ་ནི་འཇུག་པར་བྱའོ།། ར་བ་དང་ནི་དྲི་བ་ཞེས་པ་ནི་སྔོན་དུ་བྱ་བ་སྟེ།། ཇི་ལྟར ་ཆོས་རྣམས་ཐམས་ཅད་ཀྱི་སྔོན་དུ་སྔ་ནས་ཆོས་ཀྱི་དབྱིངས་ཀྱི་རྣམ་པ་དེ་བཞིན་དུ་བྱ་བ་ཞེས་པ་ནི་ར་བའོ།། དེ་བཞིན་དུ་དྲ་བ་ནི་ཀུན་ནས་སྔོན་དུ་སྤྲུལ་པའི་སྐུས་སེམས་ཅན་སྣ་ཚོགས་པ་རྣམས་སངས ་རྒྱས་ཀྱི་ཕུན་སུམ་ཚོགས་པའི་ཕྱིར་བྱང་ཆུབ་བསྐྱེད་པའོ།། རིགས་སྣ་ཚོགས་ཀྱི་དབང་གིས་ཆོས་ཀྱི་སྐུ་ལ་སོགས་པ་དེ་རྣམས་ཀྱང་གྲངས་མེད་པའོ།། དེས་ན་རྡོ་རྗེའི་གུར་ཉེ་བར་གནས་པར་འགྱུར་ཞེས་དགོངསོ།། ཆོ་ག་བཞིན ་ཞེས་པ་ནི་ཆོ་ག་འདྲིས་སེམས་ཅན་རྣམས་ཀྱི་རྒྱུ་དང་འབྲས་བུ་གསུངས་པ། འདིར་ཡང་སླར་ལ་རྫོགས་ལྡན་གྱི་དུས་འབྱུང་བར་འགྱུར་ཏེ། དེའི་དུས་སུ་བྱམས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། སྔོན་བྱམས་པའི་གནྡ ་བསྒོམས་པའི་ཕྱིར་རོ།། དེ་ཡང་འདོད་ཆགས་ཀྱི་རྐྱེན་གྱིས་དེ་བཞིན་དུ་འདིར་དུས་དེར་བསོད་ནམས་ཀྱི་དབང་གིས་སེམས་ཅན་རྣམས་ལ་སངས་རྒྱས་རྣམས་སྣང་བའི་ཕྱིར་མཐོང་ངོ་།། དེ་ལ་བསྙེན་བཀུར་བྱས་པའི་ཕྱིར་ཉི་མ ་དྲང་ཧཱུཾ་ལས་སྐུ་བཞིན་དུའོ།། དེ་ལྟར་སྣ་ཚོགས་རྡོ་རྗེ་ལས་འོད་ཟེར་འཕྲོ་བ་དེ་བཞིན་དུ་སེམས་ཅན་སྣ་ཚོགས་པ་དྲི་མ་མེད་པ་ཉིད་ཀྱིས། གཅིག་ལ་གཅིག་བརྩེ་བ་དང་བཅས་པས་སྤྱོད་པའི་ངང་ཚུལ་ཅན་ནོ།། དེས་ན་རྡོ་རྗེ་བཞིན ་མི་ཕྱེད་པའི་མཚན་ཉིད་ཀྱི་ཕྱིར་ཞེས་པ་ནི་དྲ་བ་ལ་སོགས་པར་བལྟའོ།། དེ་ལྟར་རྩིག་པ་རྟེན་ཏེ་རང་ཉིད་དང་གཞན་བླ་མ་དང་བྲལ་བ་ཡེ་ཤེས་སྣང་བར་འགྱུར་ཞིང་བྱང་ཆུབ་ཀྱི་ལམ་དུ་ཉེ་བར་འགྲོའོ།། དེས་ན་གུར་བཅིངས་ཞེས ་བ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། དེ་བཞིན་དུ་དང་པོར་རོ།། ཞེས་བྱ་བ་ལ་སོགས་པ་ནི་འདྲིར་དང་པོར་ཞེས་པ་ཉེ་བར་བཏགས་པ་ཙམ་མོ།། འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱི་འཁྲུལ་པ་སྤངས་པ་བསྒོམ་པ་ཉིད་ཀྱི་ཡེ་ཤེས།། ་རོ་ནི་བསྒོམ་པར་བྱ་ཞེས་པ་ནི་སེམས་བརྟན་པའི་དངོས་པོའོ།། མར་ལས་མར་བཞིན་རྐྱེན་གྱི་སྣ་ཚོགས་རྡོ་རྗེ་དྲང་གུར་ར་བ་དང་སངས་རྒྱས་ཀྱི་རང་བཞིན་རྣམས་ཀྱི་དབུསུ་ཨེའི་རྣམ་པའི་ཆོས་ཀྱི་འབྱུང་གནས་ཀྱི་གཟུགས ་བསམ་པའོ།། དེ་ཉིད་ཀྱིས་ན་སངས་རྒྱས་དག་པའི་ཡོན་ཏན་གྱིས་བདག་ཉིད་དེ་རྣམས་རང་བཞིན་གྱི་སྐུ་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་མཁས་ཞེས་པའི་རྐྱེན་ནོ།། དེའི་ཕྱིར་རོ་ནི་དག་པའི་སེམས་ཆོས་ཀྱི་སྐུའི་རང་བཞིན་ཉིད ་འཕྲོ་བ་དང་དེ་དག་རོ་གཅིག་པའི་གཟུགས་ནི་རོའོ།། ཇི་ལྟར་ལུས་དང་སེམས་དག་འཆི་བའི་གནས་ཀྱི་དུས་སུ་སེམས་ཅན་རྣམས་ཀྱི་རིལ་པོ་གཅིག་ཏུ་འགྱུར་ཏེ། སྣ་ཚོགོས་དང་བྲལ་བའོ།། དེ་བཞིན་དུ་འདིར་ཡང་དེ་ལ་དེ ་སྐད་ཅེས་བྱའོ།། དེའི་སྟེང་རྣལ་འབྱོར་པ་འདུག་སྟེ་ཞེས་པ་ནི་འདིར་སོ་སོའི་སྐྱེ་བའི་གནས་སྐབསུ་རྣལ་འབྱོར་པ་ཞེས་པ་ནི་ལས་དང་པོ་པ་སྒོམ་པ་པོ་དབང་པོ་རྟུལ་པོ་གཉིས་མེད་པ་མངོན་སུམ་དུ་བྱེད་མི་ནུས་པ་སྟེ། ་ཕྱིའི་ཡུལོ་རྣམས་ལ་དབང་པོ་རྣམས་ལོངས་སྤྱོད་ཅིང་ཆགས་པའི་ཕྱིརརོ།། དེའི་ཕྱིར་ཀུན་རྫོབ་ཀྱི་ཕྱོགས་ལ་དེའི་སྟེང་དུ་ཞེས་པ་ཆོས་ཀྱི་འབྱུང་གནས་ལ་སོགས་པར་བཏགས་པའི་གཟུགས་ཅན་ལོ་གནས་ཀྱི་དོན་དམ ་པ་ལ་གནས་པ་ནི་མ་ཡིན་ནོ།། འོན་ཀྱང་དོན་དམ་པར་ཁམས་གསུམ་པ་རོའི་རྣམ་པར་མི་རྟོག་པ་དེའི་དངོས་པོ་ཡུང་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ།། ཆོས་ཀྱི་དབྱིངས་ཉིད་ནི་རྟག་པའི་རང ་བཞིན་ཏེ། དེས་ན་མི་གཡོ་བའི་ཏིང་འཛིན་གྱིས་དེའི་སྟེང་དུ་གནས་པ་ནི་རྣལ་འབྱོར་པའོ་ཞེས་སྦྱར་རོ།། དེ་ལྟར་དུས་རྣམས་ཀྱི་གོ་རིམས་བཞིན། ཧེ་རུ་ཀ་ཉིད་རྣམ་པར་བསྒོམ་ཞེས་པ་ནི་འདིར་རྫོགས་ལྡན་གྱི་དུས་སུ ་སེམས་ཅན་ཐམས་ཅད་སྐལ་པ་ཕུན་སུམ་ཚོགས་པ་ནི་སྔོན་བསྒོམ་པའི་དུས་སུཾ་བྷ་གཱ་མཐོང་བའི་ཕྱི་རོ།། དེ་བཞིན་དུ་ཡང་གྲུབ་པའི་རྣལ་འབྱོར་པའི་རང་བཞིན་གྱིས་དེའི་སྟེང་དུ་འདུག་སྟེ། ནང་དུ་ཏིང་ངེ་འཛིན་ལ་སྙམ ་པར་འཇུག་པའི་ཕྱིརརོ།། དེ་ཡང་རྣལ་འབྱོར་ལྡན་པ་སྐྱེ་བར་འགྱུར་ཞེས་གསུངས་པའི་ཕྱིར་རོ་ཞེས་པ་སྟེ་ངེས་པའོ།། དེ་ལྟར་མདོར་བསྡུས་ཏེ་གསུངས་པ་དུས་དང་དུས་ལ་ཡང་དང་ཡང་རྟོགས་པར་བྱའོ།། དེ་བཞིན་དུ་རག ་ཏུ་སྦྱོར་བ་ཡང་ཤེས་རབ་དང་ལྡན་པ་རྣམས་ཀྱིས་རྟོགས་པར་བྱའོ།། དེའི་ཕྱིར་ཧེ་རུ་ཀའི་ཡེ་ཤེས་ཀྱི་ཕྱིར་ཡང་ཧེ་རུ་ཀཱ་ལྔ་སོགས་པའི་བསྒོམ་པཾ་ལ་སོགས་པར་དམ་བཅུའོ།། དེ་ལྟར་ཤེས་རབ་ཀྱི་དངོས་པོ་བསྒོམ་པར ་བསྟོན་ནས་དེ་བཞིན་དུ་ཐབས་ཀྱི་དངོས་པོ་བསྟན་པའི་ཕྱིར། རང་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རང་གི་སྙིང་གར་ཞེས་པ་ནི་རང་གི་སེམས་ཆོས་ཀྱི་རང་བཞིན་ནོ།། དེའི་སྒོམ་པར་བྱ་བ་ནི་སྙིང་རྗེའི་རྐྱེན ་གྱིས་རྗེ་སུ་འཇུག་པའོ།། དེ་ཡང་ར་པ་ཞེས་པའི་མིང་གིས་ཀུན་གཞི་རྣམ་པར་ཤེས་པ་དངོས་པོ་རྣམས་ཀྱི་རྒྱུ་མི་བྱེད་པའོ།། དེ་ཡང་བརྟག་བཞིན་པ་ཞུ་བ་ལས་ཏེ། དེ་བྱུང་ཉི་མ་ཞེས་པ་ནི་གཟུགས་སྣང་བ་ཙམ་སེམས་ཉིད་དེའི་རྣམ ་པ་ཉིད་ཀྱི་ཕྱིར་ཉི་མའི་དཀྱིལ་འཁོར་སྔོན་བཞི་ནོ།། དེ་སྟེང་ཞེས་པ་ནི་དེ་བཞིན་དུ་ཆགས་པའི་ཡེ་ཤེས་ལས་ཆགས་པ་དང་བྲལ་བའི་ཡེ་ཤེས་འབྱུང་ངོ་།། དེ་ཡང་ཧཱུ~ཾ་ཞེས་བྱ་བ་ནི་ཞེས་པ་ལ་ཧཱུཾ་གི་ཆ་བྱུང་ནི་མིང་ཙམ་མོ།། དེ ་ལྟར་ཡང་འདོད་ཆགས་དང་བྲལ་བ་དག་འདྲེས་པར་གྱུར་པའོ།། དེ་ནས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅེས་པ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའོ།། དེ་ལ་ཡིད་ཆེས་ཁ་དོག་ནག་པོ་ཞེས་བྱ་བ་ལ་སོགས་པ་ནི་ཁྲོ་བོ་རྡོ་རྗེ་ཞེ ་སྡང་གི་ཏིངངེ་འཛིན་ཡ་ཤེས་ཀྱི་རང་བཞིན་བསྐྱེད་པ་དེའི་ཚེ། ཧཱུཾ་ལས་ཐ་མལ་པའི་ཞེ་སྡང་ཟད་པ་ཆགས་བྲལོ།། དེས་ན་ཡང་ཞེ་སྡང་ཆེན་པོའི་རང་བཞིན་གྱིས་རྡོ་རྗེའོ།། དེས་ན་ནག་པོའོ།། འཇིགས་ཆེན་པོ་ཞེས་པ་ནི་སྔོན ་གྱི་བག་ཆགས་སྡུད་པའི་གཟུགས་འབྲར་བའོ་རྡོ་རྗེ་རཱ་ལྔའི་བདག་ཉིད་ན་མཁའ་ལྔ་མཚིག་གི་གཟུགས་དེས་འགྲོ་བ་ལྔ་འགོག་པ་སྟེ་དེ་ལ་དེ་སྐད་ཅེས་བྱའོ།། སླར་ཡང་རྡོ་རྗེ་ལྟེ་བའི་དབུས་གནས་པ་ཞེས་པ་ནི་མིའི་མིང ་དབུས་ཀྱི་རྭའོ།། ཧཱུཾ་དེ་ཉིད་ཅེས་པ་ནི་རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་རང་གི་རང་བཞིན་དུ་བསྒོམ་པར་བྱ་ཞེས་པ་ནི་ཉེ་བར་མཚོན་པར་བྱ་ཞེས་པའི་དོན་ཏོ།། དེ་ལྟར་དེ་ནི་ཡོངས་ཞེས་པ་ནི་རྡོ་རྗེ་དང་ཧཱུཾ་སེམས་དཔའ ་དང་རྡོ་རྗེ་འམ་རྡོ་རྗེ་སེམས་དཔར་གྱུར་ཞེས་པ་ནི་འགྲོ་བ་ལྔ་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་གཅིག་ཏུ་བྱས་པར་བལྟའོ།། ཞེ་སྡང་བདག་ཉིད་ཅེས་པ་ནི་རྒྱུ་དང་འབྲས་བུ་ལྷན་ཅིག་པ་གཅིག་གི་དངོས ་པོ་མི་བསྐྱོད་པའི་མིང་ཅན་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྐུ་སེམས་ཅན་ཐམས་ཅད་དང་ལྷན་ཅིག་པ་བསྡུས་པའི་གཟུགསོ།། བསྒོམ་པར་བྱ་ཞེས་པ་ནི་ལུས་ལྷར་བྱ་ཞེས་པའི་དོན་ཏེ།། ང་ཡང་རྡོ་རྗེ་ལུས་ཏེ་དཔའ་པོ་ཆེ ་ཞེས་པ་ནི་འགྲོ་བ་ལྔ་ཡང་རྡོ་རྗེ་ལ་གནས་པའི་ཕྱིར་ཏེ། གང་གི་ཕྱིར་ཆོས་རྣམ་ཐཾད་ཀྱི་རང་བཞིན་རྗེ་ཀྱི་སྐུའོ།། དེ་ཡང་མི་ཕྱེད་པས་རྡོ་རྗེ་སེམས་དཔའ་ཉིད་དེ།། དེ་ལས་བླ་མར་གྱུར་པ་འབྱུང་བ་ཆེན་པོའི་བདག་ཉིད་ཀྱིས་སོ།། དེས་ན ་རྩེ་ལྔ་དང་བཅས་པ་རྭ་ལྷའི་བདག་ཉིད་རྡོ་རྗེ་དེ་ཉིད་འགྲོ་བ་ལྔ་ཞེས་པའི་དོན་ཏོ།། ཚུལ་འདིས་རྡོ་རྗེ་ལས་སྐྱེས་པའི་ཧཱུ~ཾ་སེམས་དཔའི་གཟུགས་མི་ཕྱེད་པ་ནི་རྡོ་རྗེའོ།། རྟག་པའི་རང་བཞིན་ཉིད་ཀྱི་མི་བཟད་པའི་ཕྱིར་དཔའ་བོའོ།། ། ་སླར་ཡང་འདམ་སྐྱེས་སྔོན་པོ་ཞེས་པ་ནི་ཁུ་བྱུག་སྒྲའོ།། ལྟ་བུ་ཞེས་པ་ནི་ཁ་དོག་དེ་དང་འདྲ་བ་སྟེ་ན་མཁའི་མཚན་ཉིད་ཀྱི་ཕྱི་རོ།། ཁཾ་ནི་ཁ་ཡི་རྐྱེན་ནོ།། དེ་ཡང་བདག་དང་བདག་གི་ངང་བྲལ་བ་མ་འཁྲུལ་པ་ཉམ་སུ་མྱོང་བ་ཉིད ་དོ།། ཡང་ན་དོན་ཡང་རྟོགས་པའོ།། དེས་ན་ཅུང་ཟད་དམར་སྣང་བ་ཞེས་པ་ནི་ཇི་སྲིད་ན་མཁའི་མཐར་ཐུག་པར་འགྲོ་བའི་དོན་བྱེད་པའི་ཕྱིར་སྔོན་པོའི་རང་བཞིན་ཅུང་ཟད་དམར་བར་འདོད་པ་གང་ཡིན་པའོ།། སྔོན་པོ་ཅུང་ཟད ་དམར་བར་སྣང་བ་འདི་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་ཞེས་པའི་དོན་ཏོ།། དད་པས་ངེས་པར་བསྒོམ་པར་བྱ་ཞེས་པ་ནི་འདིར་དུས་ཀྱི་གོ་རིམས་བཞིན་རང་ཉིད་འགྲུབ་སྟེ། རང་གི་ངོ་བོ་ལ་ཡོངསུ་རྟོགས་པསོ།། འོན་ཀྱང་དང ་པས་བེམས་པོ་ཉིད་ཀྱི་དེ་རྣམས་ལྟ་བ་གཞན་རྣམས་ལ་འཇུགོ།། དེ་བཞིན་དུ་སྔོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒོམ་པ་ལྔ་ཆགས་པའི་བདག་ཉིད་དེས་ན་དེ་བཞིན་གཤེགས་པ་དད་པ་སྟོན་དུ་འགྲོ ་བས་ཆོས་སྟོན་ཏོ།། ངེས་པར་ཞེས་པ་ནི་གདོན་མི་ཟ་བར་ཞེས་པའི་དོན་ཏོ།། ད་ནི་རྩོང་པའི་དུས་འབའོ་ཞིག་གིས་རྣམ་པར་བཞག་པུ་དེར་མཆོད་པའི་རིམ་གྲོ་བསྟན་པའི་ཕྱིར། ནུ་མཁར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ནམཁར་ཞེས་པ་ནི་རྩོད་པའི་དུས་ནི་ན་མཁའི་རང་བཞིན་ནོ།། ཚེ་དང་ན་མཁའི་རང་བཞི་ནོ།། སེམས་ཅན་ཡང་དེའི་རང་བཞིན་དེ་དེའི་ཚེ་བདག་ཉིད་ཀྱིས་ན་མཁར་བཙུན་ཞེས་པ་ནི་བདག་ཉིད་སྒྲུབ་པའི་དུས་སུ་རྫོགས་ལྡན་གྱི ་དུས་སའི་ཁམས་ཀྱི་རང་བཞིན་ཏེ། རང་གི་ལུས་ལ་ས་ཉིད་ཉམས་པར་འགྱུར་རོ།། དེ་བཞིན་དུ་གསུམ་ལྡན་དང་གཉིས་ལྡན་ནི་ཆུ་དང་མེའི་རང་བཞིན་ཏེ། རང་གི་ལུས་ལ་བསྒོམ་པའི་དུས་སུ་ཆུ་དང་མེ་ཉམས་པར་འགྱུ་རོ།། ་དེས་ན་རྩོད་པའི་དུས་ནི་རླུང་དང་རྣམ་པར་ཤེས་པའི་རང་བཞིན་ནོ།། དེས་ན་ན་མཁའི་མིང་དུ་འགྱུར་ཏེ། རང་གི་ལུས་གྱི་ཁམས་རྣམས་གསལ་བ་ཉིད་དུ་འགྱུར་རོ།། དེས་ན་བཅོམ་པའི་རང་བཞིན་ཉིད་ཀྱི་ཕྱིར་རྗེ་བཙུན ་སེམས་ཀྱི་དངོས་པོ་གསལ་བའི་གཟུགས་དམིགས་པ་ནི་ལྟ་བ་སྟེ། བསྒོམ་པར་བྱ་བ་དང་སྒོམ་པ་པོ་དག་ཆུའི་ཟླ་བ་བཞིན་སྣང་བའོ།། ཅིའི་ཕྱིར་ཞེ་ན། རྡོ་རྗེ་ལས་སྨྲས་ཞེས་གསུངས་ཏེ། དེས་ན ་སྔོན་ཉིད་དུ་བཤད་ཟིན་ཏོ།། བརྩེ་ཆེན་པོ་ཞེས་པ་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་ཀྱི་སེམས་ཀྱི་སྤྲུལ་པའི་སྐུ་འཛིན་པ་དུས་ཕྱིས་བསྟན་པའི་ཕྱིར། འདིས་མཆོད་པར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདྲིར་མཆོད་པའི ་ཚིག་ནི་བླ་ན་མེད་པའི་ཡེ་ཤེས་བདག་གིར་བྱེད་པའི་ཕན་ཚུན་ལུས་ཀྱི་དངོས་པོ་སྟེ། འོག་རིམ་ལ་སོགས་པའི་ལྷ་མོ་བརྒྱད་ཀྱིསོ།། དེ་ཡང་རྣམ་པར་ཤེས་པ་རྣམ་པོ་བརྒྱད་ཀྱི་དངོས་པོ་དང་ཆོས་མཐུན་པའི་ཕྱིར་ཞེས ་དགོངས་སོ།། རྒྱན་ཐམས་ཅད་འཛིན་པའི་ལྷོ་མོ་ཞེས་པ་ནི་རྣལ་འབྱོར་མ་རང་རང་རྣམས་ཀྱི་རང་བཞིན་ཁམས་ཀྱི་ཁྱད་པར་གྱིས་བརྒྱན་པ་སྟེ། ཁམས་རེ་རེ་ལ་ཁམས་ཐམས་ཅད་ཀྱིས་ཁྱབ་པ་ཉིད་ཀྱིས་ནི་དངོས་པོའི་རྒྱུན ་ཏེ། གཞན་ཡང་རྒྱན་ཉིད་ནི་རང་གི་བདེ་བ་འཛིན་པའི་ཕྱིར་ཞེསོ།། དེ་ཡང་གཽ་རཱི་ཞེས་བྱ་བ་ལ་སོགས་པ་རྣམས་ཏེ། དེས་ན་གཽ་ནཱི་ཞེས་བྱ་བ་ནི་འགྲོ་བའི་ངང་ཚུལ་ཅན་གྱི་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལྔ་བརྟེན་པའི་བད ་བའོ།། རི་དགས་ཀྱིས་མཚན་ཞེས་པ་ནི་ཇི་ལྟར་རི་བོང་གིས་རྒྱས་བཏབ་པའི་ཟླ་བ་དེ་བཞིན་དུ་བདེ་བས་རྒྱས་བཏབ་པ་ཁུ་བ་དེ་ཉིད་འཛིན་པའོ།། གང་གིས་རྣམ་པརོ་ཤེས་པས་དེ་འགྲོ་བ་ལ་བརྩོན་པའི་ཕྱིར་གཽ་རཱི་ཞེས་སྦྱས ་དེ་ཅི་ལྟར་མོ་རྟགས་ཡིན་ཞེ་ན། རང་བཞིན་གྱི་དབང་གིས་ཏེ་སེམས་ཉིད་ཀྱི་བདེན་པ་སྒྱུ་མའི་རྣམ་པ་དེས་ན་གཽ་རཱིའོ།། དེ་ལྟར་སྒྲ་ཉེ་བར་འགྲོ་བ་ཞེསོ།། དེ་བཞིན་དུ་ཙཽ་རཱི་ཞེས་པ་ནི་གཡོ་བའི་ཡིད་ཀྱིས་ཁྲག་གི་ཁམས་ཀྱི་རང་བཞིན ་ཆགས་པ་ཆེན་པོ་དེས་ན་དེ་ཉིད་འགོག་པའི་མཚན་ཉིད་དོ།། ཉི་མའི་སྣོད་ཅེས་པ་ནི་ཉི་མའི་འོད་ཟེར་རྣམས་ཏེ་བདེ་བ་རྟོགས་པའི་ཕྱིརརོ།། ཇི་ལྟར་ཉི་མ་འཆར་བའི་དུས་སུ་ཡང་པདྨ་ཁ་ཟུམ་པ་བྱེ་བ་དེ་བཞིན་དུ་ཆགས་པ་ཆེན་པོ ་མ་སད་པའི་རང་བཞིན་གྱི་ཡེ་ཤེས་ཀྱི་འོད་ཟེར་བག་ཆགས་ཀྱིས་སང་པར་བྱེད་པོ་དེ་ཉིད་ཀྱི་རང་གི་ཡན་ལག་ཅན་ཞེས་པའི་དོན་ཏོ།། དེ་བཞིན་དུ་བཏྟཱ་གཱི་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་རྒྱུནི་ཐག་པ་བརྟན་པའི་མིང་སེམས ་ལས་བྱུང་བའི་དངོས་པོ་རང་བཞིན་གྱི་ངོ་བོའོ།། ཆུ་ཞེས་པ་ནི་འཇུག་པའི་དངོས་པོ་སྟེ་དྲིའི་རང་བཞིན་འོག་དང་སྟེང་དུ་འགྲོ་བ་དེས་འཛིན་པ་དག་གཞན་མ་ཡིན་པ་མི་བསྐྱོད་པའི་བདེ་བ་མི་གཡོ་བ་ཞེས་པའི་དོན་ཏོ།། འོན་ཀྱ ་སེམས་ཉིད་བརྒྱལ་བའི་གནས་སྐབས་སྐྱེས་པ་དེ་མངོན་དུ་བྱུང་པར་ཐལ་བ་མིན་པ་ནི་རོ་ལངས་མོའོ།། དེ་བཞིན་དུ་གཱསྟཱ་རཱི་ཞེས་པ་ནི་སྟན་འཛིན་པ་ལྟར་རྣམ་པཱར་སྣང་མཛད་ཀྱི་ཁམས་འཛིན་པ་དེའི་ཐ་མལ་པའི་དྲི་འགོག ་པས་ཟོས་པའི་ཕྱིར་ལྷའི་དྲི་འཛིན་ཏོ།། དེ་བཞིན་དུ་དྲི་ཆུ་ལ་ཡང་ངོ་།། གྷསྨ་རཱི་ཞེས་པ་ནི་འདུ་བྱེད་ཀྱི་ཡེ་ཤེས་ལ་འགྲོ་བ་མི་དྲན་པའི་ལྷའི་ཡེ་ཤེས་ཀྱི་དྲི་འཛིན་པའི་ཕྱིར་ཞེས་དགོངསོ།། དེ་བཞིན་དུ་པུཀྐ་སཱི་ནི་དྲིའི ་ཕྱུག་ཅེས་པ་ནི་འདིར་ཁུ་བ་དང་ཁྲག་དང་དྲི་ཆེན་གྱི་ཁམས་རྣམས་ཟད་པའི་ཕྱིར་ཤའི་ཁམསུ་མི་འགྱུར་ཏེ་རོ་གཅིག་པའི་ཕྱིར་རོ།། དྲི་ཞེས་པ་ནི་བླ་ན་མེད་པའི་དྲི་འཛིན་པའོ།། དེ་ཡང་ཁམས་ཐམས ་ཅད་ཟད་བྱེད་དེ། སྣ་ཚོགས་གཞན་ཡང་ན་མཁར་སོང་།། མཁའ་ལ་ཀ་ཤའི་མེ་ཏོག་བཞིན།། རྟག་ཏུ་འཁོར་བར་གནས་པའི་ཕྱིར།། དེ་ཉིད་ཀྱིས་ན་དྲི་ན་མཁའ་ཁྱབ་པར་བྱེད་དེ། གནས་པ་མེད་པ་ཡང་དེ་ལྟ་བུར་ཤེས་པར་བྱའོ།། ། ་དེའི་ཕྱི་རོ་རེ་འཛིན་ཤ་བ་རཱི་ཞེས་པ་ནི་རོ་ཡང་ན་མཁའི་ཁམས་ཀྱི་མཚན་ཉིད་དོ།། དེས་ན་དེའི་བདག་ཉིད་ཀྱི་རོའི་དངོས་པོ་སེམས་ཀྱི་རྣམ་པ་རོ་བཞིན་དུ་ཤེས་པར་བྱའོ།། ཤ་བ་རཱི་ཞེས་པ་ནི་དབུགས་ཀྱང་རོའི་རང་བཞིན་ལྟར་རྒྱུ་བས ་ཁམས་སྣ་ཚོགས་རྒྱུ་བས་འགོག་པ་དེ་ཐམས་ཅད་ཀྱང་ན་མཁའི་མཚན་ཉིད་དུ་དེ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་ཙཎྜ་ལཱི་ནི་ཅང་ཏེའུ་བརྡུང་ཞེས་པ་ནི་འདིར་རྣམ་པ་དྲུག་ཏུ་ཟླུམ་པར་བཞག་པ་གསུངས་ཏེ། དེ་རྣམས་མེའི་ཁམས ་ཀྱིས་བསྐལ་པ་ཉེ་བར་མཚོན་པས་ཡའི་ཡི་གྲེ་ཕྱེ་བ་ཉིད་ཀྱིས་རླུང་དང་རྣམ་པར་ཤེས་པ་ཐ་དད་པོའི་གཟུགསུ་འགྱུར་ཏེ། དེས་ན་རབ་ཏུ་འབར་ཏེ་གཏུམ་མོའི་གཟུགས་ཀྱི་ཕྱིར་རོ།། དེ་ཅི་ཞེ་ན། ཨཱ་ལྀ་ཞེས་པར་ཤེས་བྱའོ།། དེའི་ཚེ ་མི་ཤིགས་པའི་སྒྲ་སྐྱེས་པའོ།། དེས་ན་རྒྱུན་མི་འཆད་པར་བརྡུང་བའོ།། ཅང་ཏེའུ་ཞེས་པ་ལ། ཌཱ་ནེ་ན་མཁར་འགྲོ་བར་བྱེད་པའོ།། ན་མཁའ་ཡང་དེ་བཞིན་དུ་མི་འཚོ་བའི་ཕྱིར་རོ།། མཁའགྲོ་མ་ཐམས་ཅད་དེ་ལ་བརྟེན་པ ་ཉིད་ཀྱིས་ནི་ལྷའི་སྒྲ་བྱེད་དེ། ཀྲྀ་ཀཱི་རྐྱེན་གྱི་དོན་བསྟན་པའི་ཕྱིར་རོ།། དེ་ཉིད་ཀྱིས་ན་གཡུང་མོས་རང་གི་ལུས་ལ་འཁྱུད་པར་གསུང་སོ།། དེ་ཡང་སྲོག་གི་རླུང་རྡོ་རྗེ་ལྟ་བུ་སྟེ། ཁམས་རྣམ་པ་བདུན་གྱི་ནང་དུ་འདུས་ཏེ། ཆོས་རྣམས ་ལ་གོམས་པ་ཉིད་ཀྱིས་ན་དཱའི་གོ་འཕྱང་ཐོབ་པའོ།། འཁྱུད་པ་ཉིད་ནི་མེད་དེ་གཞན་དུ་འཁྱུད་པས་བསྟན་པ་ནི་བསྟེན་པ་ཙམ་དུ་བྱུང་བ་དེ་ལ་དེ་སྐད་ཅེས་བྱའོ།། མཆོད་པའི་ཆོ་ག་ཞེས་བྱ་བ་སོགས་པ་ནི་དེ་ལྟར་ཡང་སྔོན་དུ ་པ་སྟེ། མཆོད་པ་ཞེས་པ་ནི་རང་ལ་ཡིད་ཆེས་པ་རྟོགས་པར་བྱའོ།། ཆོ་ག་ཞེས་པ་ནི་གསུངས་པ་གང་ངོ་།། རྒྱས་པ་ཞེས་པ་ནི་འདིར་མདོར་བསྡུས་པའི་ཁམས་བདུན་གྱིསོ།། རྒྱུས་བྱར་ནི་ཁྱམས་སྣ་ཚོགས་པར་ཡོངས ་ཤེས་པའི་ཕྱིར་གཞན་དུ་རླུད་སླུ་བས་དེས་ན་འདིར་མ་གསུངས་ཏེ། དེ་རྣམས་ཀྱིས་མཆོད་དེ། དེ་ཡང་ཡང་དག་པར་ཉམ་སུ་མྱོང་བའི་མཚན་ཉིད་ཀྱིསོ།། གཙོ་བོ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་དངོསུ་རང་གི ་ལུས་ལ་ཡོད་ཆེས་པསྣ་ཇི་སྙེད་ལྕིད་ཆེས་པ་མེད་པ་བྱེད་ཀྱི་བར་དུ་བླ་ན་མེད་པའི་མཆོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་ཚིག་ཅེས་པ་ནི་མཆོད་པའི་ཚིག་གོ།། རྣམྱི་གྲོལ་ཞེས་བྱ ་ནི་ལུས་གཉིས་མེད་པའི་དངོས་པོ་གཉིས་དང་བྲལ་པོའི་ལྟ་བ་སྟེ་སྔོན་བཞིན་དུ་རིགས་པ་ལས་སོ།། དེའི་ཕྱིར་ཆོས་ཀུན་བདག་ཉིད་བསྒོམ་པར་བྱ་ཞེས་པ་ནི་ཆོས་ནི་ཆོས་ཀྱི་སྐུའི་མཚན་ཉིད་དུ་འགྱུརརོ།། དེ་ལྟར་རྩོད ་པའི་དུས་ནི་ཆོས་ཀྱི་སྐུར་རྣམ་པར་གཞག་གོ།། རྫོགས་ལྷུན་གྱི་དུས་སུ་ནི་སྤྲུལ་པའི་སྐུའོ།། དེ་བཞིན་དུ་གསུམ་ལྡན་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། གཉིས་ལྡན་ནི་ལྷན་ཅིག་སྐྱེས་པའི་སྐུའོ།། དེ་ལྟར ་རྩོད་པའི་དུས་ལ་གནས་པའི་རྣལ་འབྱོར་པ་རྣམས་ནི་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་བཞིན་དུ་སླར་ཡང་སྤྲུལ་པའི་སྐུ་གཟུང་བའི་ཕྱིར་བསྐྱེད་པའི་རིམ་པ་གསུངས་པ། ཨཱ་ལིས་ཟླ་བ་ཞེས་པ་ལ་སོགས་པ་ནི་འདིར ་སྔོན་དུ་བྱམས་པ་ལ་སོགས་པའི་ཏིངངེ་འཛིན་ལ་གནས་པ་ཉིད་ཀྱིས་དང་པོའི་སྨོན་ལམ་རྫོགས་པར་བྱ་བའི་ཕྱིར་རང་གི་སེམས་ཉིད་ལས་དངོས་པོ་རྣམས་འབྱུང་བར་འགྱུར་ཏེ། དེ་ཡང་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་ཞེས ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ།། དེ་ལྟར་ཡང་འདིའི་ཡི་གེའི་དོན་བརྗོད་དེ། ཨཱ་ལིས་ཟླ་བ་ཞེས་པ་ནི་ཨ་ལ་སོགས་པའི་ཡི་གེ་བཅུ་དྲུག་ཡོངསུ་གྱུར་པ་ནི་ཟླ་བའོ།། དེ་བཞིན་དུ། ཀཱ་ལིས་ཉི་ཞེས་པ་ནི་ཀཻ་ལ ་སོགས་པ་ཧའི་མཐར་ཐུག་པའི་ཡི་གེ་ཡོངསུ་གྱུར་པ་ནི་ཉི་མོའོ།། དེ་ལྟར་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དག་གམ་མཚན་དང་དཔེ་བྱད་ཀྱི་རང་བཞིན་དེ་དག་གི་དབུས་སུའོ།། ས་བོན་ཞེས་པ་ནི་ཧཱུཾ ་ཞེས་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ།། དེ་ལྟར་བསམ་པར་བྱ་ཞེས་པ་ནི་སྔོན་གྱི་རྣམ་པར་རྟོག་པའང་ཤེས་པར་བྱའོ།། ཡང་ངེས་པའི་དོན་ནི་ཨཱ་ལི་འཇུག་པའི་རང་བཞིན་ཏེ་འོང་བའི་མཚན་ཉིད་ཀྱི་ཕྱིར ་ཟླ་བའོ།། དེ་བཞིན་དུ་ཀཱ་ལི་འགྲོ་བའི་རང་བཞིན་ཏེ་འགྲོ་བའི་མཚན་ཉིད་ཀྱི་ཕྱིར་ཉི་མའོ།། དེ་དག་སྔོན་དུ་འགོག་པས་སེམས་ལ་བརྟེན་པའི་ཧཱུཾ་གི་ས་བོན་ནོ།། དེ་ཡང་རང་གི་རང་བཞིན་རྨི་ལམ་བཞིན་དུ་བལྟའོ།། དེ་ཉིད་ཀྱིས་ན ་དེ་ཉིད་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་པ་ནི་ཧཱུཾ་སེམས་ཀྱི་ས་བོན་ནོ།། སེམས་པ་ཞེས་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་དེ་སེམས་ཅན་ཐམས་ཅད་ཀྱི་བརྟན་པ་དང་གཡོ་བ་རྣམས་ལ་ཁྱབ ་པར་བྱེད་པ་ཉིད་ཀྱིས་ན་སྙོམས་པའོ།། བརྗོད་ཅེས་པ་ནི་ཡེ་ཤེས་དང་ཤེས་བྱ་དག་དབྱེར་མེད་པའི་མཚན་ཉིད་ཀྱི་ཕྱིར་རོ།། ཡང་ན་བརྗོད་ཅེས་པ་ནི་ཡིད་ཚིམ་པར་བྱེད་པའི་ཕྱིར་རོ།། དེ་ཉིད་ཀྱིས་ན་དེ་ཉིད་མཆོག་ཏུ་དགོའ ་བཱའི་རང་བཞིན་ཞེས་པ་ནི་སད་པའི་གནས་སྐྱབས་ལས་རྨི་ལམ་གྱི་གནས་སྒོབས་ཤེས་པར་བྱེད་དོ།། བཞི་པའི་གནས་སྐབས་གཟུང་བས་བཀུག་པའི་ཆོས་ཀྱི་སྐུ་ཉིད་ཉལ་པོའི་གནས་སྐབས་སྒྲུབ་པར་བྱེད་པའོ།། དེ་ལྟ ་ལམ་གྱི་གནས་སྐབས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུའི་མཚན་ཉིད་དུ་རིག་པར་བྱ་དེའི་ཕྱིར་ཡང་སྤྲུལ་པའི་སྐུ་བཞི་པ་ལས་འདས་པར་བསྒྲུབ་པར་བྱ་ཞེས་དགོངསོ།། དེས་ན་རང་བུས་ཞེས་བྱ་བ་ལ་སོགས་པ་ནི་མི ་འདོར་བཞིན་དུ་ཡང་རྣམ་པར་ཤེས་པའི་འོད་ཟེར་རྣམས་འགྲོ་བའོ།། རང་ལུས་ལས་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེའི་ལུས་ལ་སོ་མི་དམིགས་པའི་ཕྱིར་ན་མཁའ་ལས་གློག་འབྱུང་བ་དེ་བཞིན་འོད་ཟེར ་རྣམས་སྤྲོ་བའོ།། སླར་ཡང་སྙིང་ཁར་བསྡུས་བཀུག་ནས་ཞེས་པ་ནི་འོད་ཟེར་དེ་རྣམས་ནི་མར་མེའི་རྩེ་མོ་བཞིན་ནང་དུ་ཐིམ་པར་གྱུར་པ་གསལ་སྣང་བཞིན་མཐོང་བ་མེད་པའི་མཚན་ཉིད་ཀྱི་ཕྱིར་ཡོད་པའོ།། ་དེས་ན་རྣལ་འབྱོར་ཞེས་པ་ནི་དམིགས་པ་མེད་པའི་སེམ་སོ།། ཞེ་སྡང་བདག་ཉིད་འགྱུར་ཞེས་པ་ནི་དངོས་པོ་དང་དངོས་པོ་མེད་པའི་དངོས་པོ་མི་བསྐྱོད་པའི་ཁམས་ཀྱི་རང་བཞི་ནོ།། འགྱུར་ཞེས་པ་ནི་དེ་ལྟར་ཞེས་པའི་དོན་ཏོ།། དེས་ན་སྙིང ་གུར་ཞེས་པ་ནི་གཉིས་མེད་པའི་ཡེ་ཤེས་ཉིད་ཀྱིས་གཅིག་ཏུ་བྱས་པའི་ཕྱིར། དེ་ལྟར་ན་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ལ་རྩོད་པའི་དུས་ཀྱི་རྐྱེན་གྱིས་འབྱུང་བ་ནི་རྫོགས་ལྡན་ནོ།། ཅིའི་ཕྱིར་ཞེ་ན། བསམ་གྱིས་མི་ཁྱབ་པའི ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དག་ལས་བཞི་པ་ལས་འདས་པའི་ཁྱད་པར་གྱི་ཡེ་ཤེས་ཀྱི་སྐུ་བསྐྱེད་པར་བྱེད་པསོ།། ནམ་མཁའི་དབྱིངས་ཞེས་པ་ནི་མི་བསྐྱོད་པ་ཕྲ་མོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཕྱག་རྒྱ་ཆེན་པོ་ཉིད་ཀྱི་ཆོས་ཀྱི ་འབྱུང་གནས་ཀྱི་གཟུགས་དམིགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གོང་ན་མེད་པ་ཐོག་མ་དང་དབུས་དང་མཐའ་མར་གནས་པ་རྟག་པོ་ཞེས་པའི་དོན་ཏོ།། དེ་ཡིས་ཡིད་ཆེས་པའི་བདག་ཉིད་ཕྱིའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་གཟུགསོ ་དེ་ཉིད་ཀྱིས་ན་ལས་ཀྱི་ཕྱག་རྒྱ་དང་འདུས་པས་ཕྱག་རྒྱ་ཆེན་པོ་མཐོང་ངོ་ཞེས་སོ།། དེས་ན་ཕུལ་དུ་བྱུང་བའི་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཡིས་ཐོབ་ཀྱི།། ཉན་ཐོས་ལ་སོགས་པས་ཡོངསུ་བཏགས་པའི་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ནི་མ་ཡིན་སྙམ་དུ་དགོངསོ།། དེས་ན་དབུས་གནས་པར་ཉི་མའི་དཀྱིལ་འཁོར་བསམ་པར་བྱ་ཞེས་པ་ནི་འདོད་ཆགས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གསལ་བའི་དངོས་པོར་འགྱུར་ཏེ། གང་གིས་སེམས་ཅན་ཐཾད ་ཀྱི་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཐོབ་པར་འགྱུར་བའོ།། དེས་ན་དེར་ཞེས་པ་ནི་རྒྱུ་དེས་ན་རྣལ་འབྱོར་པ་སྒོམ་པ་བྱེད་པ་སྟེ། ལྷན་ཅིག་སྐྱེས་པའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ཞེས་དགོངས།། དེ་ཉིད་གསུངས་པ། དེར་ནི་ཧཱུཾ ་ཞེས་བྱ་བ་ལ་སོགས་པ་ན། ནཱ་ནི་སྔོན་དུ་རྡོ་རྗེ་ལྟེ་བའི་དབུས་སུ་བསྟན་པ་སྟེ། དངོས་པོ་དེ་ལས་ཀྱང་སེམས་གསལ་བ་ཉིད་དུ་འགྱུརརོ།། དེའི་ཕྱིར་དེ་ལས་ཀྱང་སྐྱེས་པ་སྔོན་པོ་ཅུང་ཟད་དམར་འདྲ་བ་ཞེས་པ་ཉིད་དུ་བསྟན་ཟིན་ཏོ།། རྒྱུན ་ཐམས་ཅད་ཀྱིས་ཀླུབས་པ་ཞེས་པ་ནི་རདྭ་ཉིད་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་བརྒྱན་ཅིང་བྱ་བ་རྣམས་ཀྱིས་བརྒྱན་ཏེ། རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་རང་གི་བག་ཆགས་རྣམས་ཀྱིས་རྫོགས་ལྡན་གྱི ་དུས་དུ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་བརྒྱན་པའི་སེམས་ཅན་རྣམས་འབྱུང་སྟེ། སྔོན་གྱི་བསྒོམ་པའི་རྐྱེན་གྱིས་སོ།། དེ་བཞིན་དུ་ཕྱག་གཉིས་ཞེས་པ་ནི་དེའི་དུ་སུ་གཉིས་ཀྱི་དངོས་པོ་མེད་དེ་དེས་ན་དེ་འཛིན་པ་དེ་ལ ་དེ་སྐད་ཅེས་བྱའོ།། ཞལ་གཅིག་ཅེས་པ་ནི་མྱ་ངན་ལས་འདས་པ་འབའ་ཞིག་ལ་མངོན་པར་ཕྱོགས་པའོ།། དེ་བཞིན་དུ་སྤྱན་གསུམ་ཞེས་པོ་ནི་ཐེག་པ་གསུམ་ལ་མངོན་པར་ཕྱོགས་པར་འགྱུར་བའོ།། དེ་བཞིན་དུ་སྒྲ་ནི་སེར་པོ ་གྱེན་བརྗེས་དང་ཞེས་པ་ནི་ལྡེམ་པོ་སྣ་ཚོགས་པ་ཉིད་ཀྱིས་སྔགས་ཀྱི་ཐེག་པ་ཆེན་པོ་གཅིག་ཏུ་མཐར་ཕྱིན་པའོ།། དེས་ན་དང་ནི་ངེས་པར་གཟུང་བའོ།། དེ་བཞིན་དུ་གདུག་ལྟ་ཞེས་པ་ནི་སྲིད་པ་གསུམ་སྡུད་ཅིང ་ཟ་བ་ལ་སོགས་པའི་ལྟ་བའོ།། བརྒྱད་གཉིས་ལོའི་ཚད་ཅེས་པ་ནི་ལོ་བཅུ་དྲུག་སྟེ། གཟུགས་ཁམས་བཅུ་དྲུག་གི་ལྷའི་གནས་རྣམས་ཀྱི་ཚེ་རུ་ཡོངསུ་བརྟག་པའོ།། རྫོགས་ལྡན་གྱི་དུས་དེར་མངོན་ཤེས་དང་ལྡན་པ་ལྷུན་གྱིས ་གྲུབ་པ་འབྱུང་བའི་སེམས་ཅན་རྣམས་གཅིག་ལ་གཅིག་མཐོང་བའི་སྟོབས་ཀྱིས་ནུས་པ་སྐྱེས་ཏེ། གང་གི་ཕྱིར་ཐམས་ཅད་ཉིད་ཡོངསུ་དག་པའི་རང་བཞིན་གྱི་ཕྱིར་ཞེས་པ་སྟེ་ངེས་པའོ།། དེ་བཞིན་དུ་ཡང་འཇིག་རྟེན་ཞབས་ཀྱིས ་མནན་ཞེས་པ་ནི་མྱ་ངན་ལས་འདས་པ་དམ་པ་གཅིག་གི་མཚན་ཉིད་མནན་ཏེ། དེའི་རང་བཞིན་གྱིས་ན་འབྲས་བུའི་དབང་གིས་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ།། དེས་ཕྱག་གཡོན་པ་ནི་ཁ་ཊྭཱཾ་ག་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་རྣམ ་ཀུན་གྱི་མཆོག་དང་ལྡན་པ་སྟོང་པ་ཉིད་དང་མཚན་མ་མེད་པ་སྟོན་པར་བྱེད་པར་དགོངསོ།། ཐོད་པ་ཡང་ནི་བསྣམས་པ་སྟེ་ཞེས་པ་ནི་སངས་རྒྱས་ཀྱང་ཐོད་པའི་མིང་ཅན་ཏེ། རང་རིག་པའི་རིག་སོ།། དེ་ཡང་བརྫུན་པ་དང་བདག་དུ ་འཛིན་པ་སྤངས་པའོ།། གཡོན་ན་ཞེས་པ་ནི་སོང་བའི་དོན་སྟོན་པའོ།། དེ་བཞིན་དུ་གཡོན་རྡོ་རྗེ་ནག་པོ་བསྣམས་ཞེས་པ་ནི་དེའི་དུས་སུ་བྱུང་བའི་སེམས་ཅན་ཐམས་ཅད་ཀྱི་རང་གི་རང་བཞིན་མཐོང་བས་ཏེ། རྡོ་རྗེ་ཞེས་པ་ནི ་སྒོམ་པ་ལ་གནས་པ་ཉིད་ཀྱི་སེམསོ་ནག་པོ་ཞེས་པ་ནི་སྙིང་རྗེའོ།། དེ་ལྟར་མཐོང་བས་སད་པ་དེའི་སྐད་ཅིག་ཉིད་ལ་མྱ་ངན་ལས་འདས་པ་ཉེ་བར་འགྲོ་སྟེ། གཞན་དུ་ནི་མ་ཡིན་ནོ།། དེ་བཞིན་དུ་ཡང་ཧཱུ~ཾ་ཞེས་པ་ལ་སོགས་པ་ལ་འདོན་པའི ་བདག་ཅེས་པ་ནི་དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་བསྒོམ་པ་དང་བྲལ་བའི་དུས་སུ་རང་བཞིན་སྣ་ཚོགས་པ་སྤངས་པའི་ཕྱིར་ཧཱུཾ་ཞེས་པ་འདོན་པ་ནི་དངོས་པོ་ཐམས་ཅད་སྤངས་པ་འབའ་ཞིག་གི་སེམས་ཙམ་དེ་ལ་དེ་སྐད་ཅེས་བྱའོ།། ། ་གཙོ་བོ་དུར་ཁྲོད་དུ་ནི་རོལ་ཞེས་པ་ནི་དབུགས་གནས་པས་ན་དུར་ཁྲོད་དུ་ཡང་ཧཱུ~ཾ་ཞེས་པ་ལ་སོགས་པ་ལ་འདོན་པའི་བདག་ཅེས་པ་ནི་དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་བསྒོམ་པ་དང་བྲལ་བའི་དུས་སུ་རང་བཞིན་སྣ་ཚོགས་པ ་སྤངས་པའི་ཕྱིར་ཧཱུ~ཾ་ཞེས་པ་འདོན་པ་ནི་དངོས་པོ་ཐམས་ཅད་སྤངས་པ་འབའ་ཞིག་གི་སེམས་ཙམ་དེ་ལ་དེ་སྐད་ཅེས་བྱའོ།། གཙོ་བློ་དུར་ཁྲོད་དུ་ནི་རོལྀ་ཞེས་པ་ནི་དབུགས་གནས་པས། ན་དུར་ཁྲོད་དོ།། འདིར་ཡང་ཤ་རོ་ཡི ་ཡོན་ཏན་དབུགས་དེ་རྣམས།། མ་ཡིད་ཀྱིས་འཁྲུལ་པ་རྒྱས་པ་ཉིད།། ཤ་བགས་ཀྱིས་དེས་རྣམས་རྫོགས་ལྡན་གྱི།། ནཱ་དུསུ་མི་ཡཾ་མཆོག་ནི་འགྲོ། དེའི་ཕྱིར་ནི་རོལ་པ་ཐབས།། དུས་འདི་རུ་ནི་སེམས་ཀྱིས་སྤྲུལ།། དེ་ཉིད། ་རོལ་མོ་དེར་མགོན་པོ།། སེམས་ཅན་རྣམས་ཀྱི་སེམས་ཞུགས་པའོ།། ཡང་ན་དབུགས་དབྱུང་ཞེས་པའི་རིགས་འདི་ཡིས།། དུར་ཁྲོད་ཅེསུ་བརྗོད་པ་ཡིན།། འདི་ཡི་དོན་བརྗོད་དེ།། ཤྭ་རང་གི་པདྨའི་སྣོད་ལ་སྟེ།། སྙིང ་གར་གསང་བ་ལྷ་ལ་ནི།། སྦྱོར་བ་ཡི་ནི་གནས་སྐབས་ལྔ།། ཟད་པའི་མཚམ་སུ་རིམ་གྱིས་འབྱུང་།། ས་རོ་ལངས་རྣམས་ནི་རྒྱུ་བ་སྟེ།། འོག་ཏུ་དུམ་ལ་སོགས་ཤི་བ་བརྒྱད།། དེ་བཞིན་ལྕེ་བརྒྱུད་ཤེས་པར ་བྱ།། རྩ་བརྒྱད་ཉིད་ནི་འབར་བྱེད་པའོ།། ཏཱ་མེ་རྣོན་པོ་ཡིས་ར་བ་གདུངས་པས།། གནང་མཚམསུ་ནི་དེས་ན་དཔའ།། གཱང་གིས་ཀེང་རུས་ཡང་འདིས་འབྱུང་།། མི་རྟོག་དགའ་བ་ངོ་མཚར་བྱའོ།། ཏྱ་ནི་གར་བྱེད་དཔའ་བོ་སྟེ།། མིག ་ལོ་སོགས་པའི་དབང་པོ་རྣམས།། བསྲེགས་ལ་སོགས་པའི་གནས་རྟེན་ཏེ།། རང་ལུས་རེག་པའི་བདེ་བའི་བདག། རྒྱ་ནི་རྗེ་སུ་གཟུང་བའི་དོན།། མཉེས་པ་ཡང་ནི་ཤེས་རབ་ཕྱིར།། འདིར་ནི་རྣམ་ཤེས་བརྒྱད་པོ་ཉིད།། སྐྲག་བྱས ་བདག་གི་རྟག་ཏུ་བསད།། ཡ་དེར་ནི་གེང་སུ་རུང་མཁ་འགྲོ། སྣ་ཚོགས་རྩར་ནི་ཡོངས་བརྟགས་ཕྱིར།། འཇིགས་པའི་སྒྲ་ན་སྒྲོགས་པས་ཟ།། ཡིད་ཅན་རྣམས་ཀྱི་རང་འདོད་པའོ།། ཡུལ་རྣལ་འབྱོར་པ་ནི་ལང་ཚོའི་མཚོགས ་དེ་ཡིས་དབུསུ་འོངས་ནས་ནི།། གཞན་གྱི་ལུས་ལ་རོལ་པར་བྱེད།། ནུས་པ་ཡི་ནི་རང་བཞིན་མོཆོག། ཀཱ་ནི་རྣམ་གསུམ་ཤེས་བྱ་སྟེ།། བྱ་རོག་བྱ་བཞིན་འུག་པ་རྣམས།། གང་ཅི་ཡང་རུང་བའི་སེམས་སྤངས་པའི།། ཤ་ནི ་དེ་རྣམས་ཐམས་ཅད་ཟ།། ཤ་སྟན་ལ་འགྱེལ་བའི་རོ་རྣམས་ནི།། ཁུ་བ་བཏུང་པས་བརྒྱལ་བའོ།། མི་ཆོག་ཚེག་ཙོས་འབར་དབུས་ནོ།། ཐོད་པ་ཅན་ནི་ངེས་པར་གཟུང་།། ཤ་ཕྱོགས་ཀྱི་གོས་ཅན་རྣལ་འབྱོར་མ།། རོ་ཡི ་རྣམ་པས་གར་བྱེད་དོ།། བློ་ལྡན་གཟུང་དང་འཛིན་པ་ཡི།། ཆང་ནི་ཕན་ཚུན་འཐུང་བར་བྱེད།། ན་ཤི་བ་ཁྱེར་བཞིན་པ་ཡི་ནི།། སེམས་ནི་རྣལ་འབྱོར་མ་སྡུག་པའོ།། ཟད་བྱེད་ཀྱིས་ནི་སེམས་བསྲེགས་ནས། མཁའ་སྤྱོད་ཉིད ་དུ་ངེས་པར་འགྲོ། ཏྱ་ལྷ་རྔ་ལ་སོགས་རོལ་མོ་རྣམས།། མི་ཤིགས་རྣལ་འབྱོར་བརྒྱུད་པའོ།། སྡུད་པའི་རྣལ་འབྱོར་སྔོན་འགྲོ་བས།། ཕུང་པོའི་བུད་ཤིང་ཙམ་ཡང་ངོ་།། བྷི་ཞིག་པའི་ལུས་ལས་སྐྱེས་པ་ཡི།། རྣམ་ཤེས ་ལུས་ནི་ཐམས་ཅད་འགྲོ། ལན་བདུན་འཁོར་བའི་ཁམས་རྣམས་ཀྱི།། དེ་སྔོ་ནི་ཉི་མོ་བདུན་པར་བརྟགས།། དྷི་ལྷ་ཡི་མངོན་ཤེས་སྔོན་འགྲོ་བས།། བརྟན་པ་ཉིད་ནི་ཡང་དག་འཐོབ།། བྱང་ཆུབ་བརྒྱུད་པས་བག་ཆགས་ནི།། ་འདིར་ནི་སླར་ཡང་སྡུད་པར་བྱེད།། ཡ་སེམས་ཀྱི་བག་ཆགས་བཟང་པོ་ཡིས།། འདིར་ནི་གྲཝ་ཤིན་རྗེ་སྐྱོང་བར་བྱེད།། ཟབ་མོའི་ཆོས་ནི་བསྟེན་ཐོས་པས།། ཆུ་བོ་ཆེན་པོའི་ཕ་རོལ་འགྲོ། ཏེ་དེ་རྣམཱ་སཱཾ་ཡཱང་ནི་སྐྱེས་ནྱཱས་སུ།། ་སྲིད་པའི་རྒྱ་མཚོ་རྩེ་བཞིན་པོས།། སེམས་ཅན་རྣམས་ཀྱི་ལུས་བརྟེན་ཏེ།། ཐམས་ཅད་དུ་ནི་སྐྱོབ་པར་བྱེད།། དེ་བཞིན་དུ་ལྷ་མོ་བརྒྱད་ཅེས་པ་ནི།། གཽ་རཱི་ལ་སོགས་པས་བསྐོར་ཏེ་རོལ་པའོ།། ཅིའི་ཕྱིར་ཞེ་ནོ། གཽ་རཱི་གཟུགས ་ཀྱི་ཕུང་པོར་འགྱུར།། ཆོས་རྐུན་མ་ནི་ཚོར་བར་བརྗོད།། རོ་ལངས་མ་ནི་འདུ་ཤེས་ཉིད།། དེ་བཞིན་ཟ་ཕོང་མ་འདུ་བྱེད།། རྣམ་ཤེས་ཕུང་པོའི་རང་བཞིན་ནི།། བཅོམ་ལྡན་འདསུ་ཡོངསུ་བརྟགསོ།། པུཀྐ་སཱི་ནི་ས་ཉིད་དེ། ་རི་ཁྲོད་ཆུ་ཡི་ཁམ་སུ་བརྟགས།། གཏུམ་མོ་མེ་རུ་ཤེས་པ་བྱ།། གྲ་ཡུང་མོ་རླུང་དུ་རབ་ཏུ་བརྟགས།། བདག་མེད་ན་མཁའ་ཁམས་སུའོ།། དེ་ལྟར་ཁམས་རྣམས་དང་མཉམ་པས།། སངས་རྒྱས་འབྱུང ་བ་བརྗོད་མི་ལང་།། འགྲོ་བའི་གཉེན་གྱི་རིང་བཞིན་གྱིས།། འགྲོ་བའི་གཙོ་བོ་རོལ་པར་འགྱུར།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་མཚན་ཉིད་དོ།། བསྒོམ་པར་བྱ་ཞེས་པ་ནི་དབང་པོ་རྟུལ་པོའི་རྣལ་འབྱོར ་ཀུན་གྱི་བདུད་རྩི་མཆོག་ཅེས་པ་ནི། འབྲིང་དང་ཆེན་པོ་ལྔ་སོགས་པ་རྣལ་འབྱོར་ཐམས་ཅད་ཀྱི་ནང་ནས་ལས་དང་པོ་པ་དྲང་པོ་སློབ་མ་རྣམས་ཀྱི་རྣལ་འབྱོར་མཆོག་བདུད་རྩི་དང་འདྲ་བ་བདུད་རྩི་བཞིན་ཐམས་ཅད་ལོ་ཁྱད ་པར་བྱེད་པ་པོ་མི་ཟད་པར་བྱེད་པའི་ཕྱིར་བདུད་རྩི་ལྟ་བུ་མི་འཇིགས་པ་སངས་རྒྱས་ཀྱི་མཛད་པ་ཞེས་པའི་དོན་ཏོ།། དེས་ནི་མཆོག་ནི་གཉིས་མེད་པའི་དངོས་པོར་མི་འདོད་པའོ།། དེ་ལྟར་རྩོད་པ་དང་རྫོགས་ལྡན་གྱི་ངེས ་པའོ།། འོན་ཀྱང་རྩོད་པའི་དུས་སུ་ཡོད་གལ་ཏེ་དབང་པོ་འབྲིང་དང་ཆེན་པོའི་རྣལ་འབྱོར་པར་འགྱུར་བ་དེའི་ཚེ་ཚ་འདི་ཉིད་ལ་རང་ཉིད་ཀྱི་དངོས་གྲུབ་མངོན་དུ་བྱེད་པའོ།། དེ་ལྟ་མོད་ཀྱི་རྣམ་པ་དང་བཅས་པའི་སྒོམ་པ་ལྷག ་པར་མོས་པས་སོ་ཞེས་པ་ནི་ངེས་པའོ།། ད་ནི་གསུམ་ལྡན་གྱི་ངེས་པར་བརྗོད་པ་བསྟན་པའི་ཕྱིར། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཅེས་པ་ནི་སྔོན་དུ་གསུངས་པའི་ཕྱག་རྒྱ་གཉིས་པའི་ཧེ་རུ་ཀ་རྣལ ་འབྱོར་པ་དེ་ཉིད་བཅོམ་ལྡན་འདས་ཏེ་བསྒོམ་པ་གསལ་བས་བཅོམ་ལྡན་འདས་ཀྱི་སྐུར་གྲུབ་པའོ།། དེས་ན་རྣལ་འབྱོར་པ་ཞེས་པ་ནི་སྒྱུ་མའི་རྣམ་པ་གཉིས་ཀྱིས་སྣ་ཚོགས་ཀྱི་དོན་བྱེད་པའི་ཕྱིར་སེམས་ཅན་གྲངས་མེད་པ་རྣམས ་སྙིང་རྗེའི་སྒོ་ནུས་ལུས་གསུམ་ལྡན་ལ་འབྱུང་བར་འགྱུར་ཏེ། དེ་རྣམས་ཀྱིས་སངས་རྒྱས་རྙེད་པའི་ཕྱིར། རྡོ་རྗེ་སེམས་དཔའ་དེ་བཞི་ན་གཤེགས་ཞེས་གསུངས་ཏེ། ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་ཧེ་རུ་ཀའི་གཟུགས ་སྔོན་ནས་དམིགས་པར་ངེས་པའོ།། དེས་ནི་རྡོ་རྗེ་ནི་དབྱེར་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་པ་ཟད་པར་མ་གྱུར་པའོ།། སེམས་དཔའ་ནི་རིགས་ཏེ་དེ་རྣམས་ལ་རིགས་གཅིག་གིས་ཁྱབ་པར་བྱེད་པ་ཉིད་ཀྱིས་ནི ་གཅིག་ཏུ་འགྱུརརོ།། ཡང་སེམས་དཔའ་ཞེས་པ་དུས་བཞིའི་ནང་དུ་ཐིམ་པ་རྟག་པའི་གཟུགས་དེས་གྲུབ་པའི་སྣ་ཚོགས་ལ་ཁྱབ་པར་བྱེད་པ་ཆོས་ཀྱི་སྐུ་དབྱེར་མེད་པའི་རྡོ་རྗེ་སྟེ། དེ་ཉིད་རྟག་པའི་གཟུགས་ཆོས་ཐམས་ཅད ་རྣམས་ཀྱི་གཞིར་གྱུར་པས་སེམས་དཔའོ།། ཡང་ན་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་རྣལ་འབྱོར་པ་ལས་གཞན་དངོས་པོ་མོད་ཅེས་པའི་དོན་ཏོ།། དེས་ན་ཁྲོ་བོ་ཞེས་བྱ་བ་ལྔ་སོགས་པ་གསུངས་ཏེ། འདིར་བསྒོམ ་པའི་དུས་སུ་ཡང་རང་བཞིན་གྱིས་སྙིང་རྗེ་བ་དེས་ན་གསུམ་ལྡན་གྱི་སེམས་ཅན་ཡང་ཅུང་ཟད་ཁྲོ་བོའི་གཟུགས་ཅན་ཡིན་པ་དེས་ན་དེ་རྣམས་གདུལ་བའི་དོན་དུའོ།། ཁྲོ་བོའི་གཟུགས་ནི་འཛིན་པའི་མཆོག་ཅེས་པ་ནི་སྙིང་རྗེ ་ཆེན་པོ་ལས་ཁྲོ་བོ་ཆེན་པོའི་དངོས་པོ་མངོན་དུ་གནས་ཞེས་པ་ནི་ཁྱད་པར་རོ།། དེ་བཞིན་དུ་ཕྱག་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། གཡོན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཐོད་པ་ནི་སེམས་ཅན ་ཐམས་ཅད་ཀྱི་སེམས་ཏེ། དེ་ཡང་སངས་རྒྱསོ།། འོན་ཀྱང་ཆོས་རྣམས་ཐམས་ཅད་གསོག་གོ།། སྔོན་དུ་ཡང་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱི་དུས་སུ་དགེ་བ་འམ་མི་དགེ་བ་གོང་ཡང་བྱས་པ་དེ་སྤངས་པའོ།། དེས་ན་ཐོད ་པའི་མཚན་མ་སེམས་ཅན་རྣམས་སད་པར་བྱེད་པའོ།། ལྷ་དང་ལྷ་མིན་གྱི་ཁྲག་གིས་གང་བའི་ཐོད་པ་ཞེས་པ་ནི་གསུམ་ལྡན་གྱི་དུས་དེར་ལྷ་དང་ལྷ་མ་ཡིན་ཅོད་པར་འགྱུར་ཏེ། ཆགས་པའི་ཉེས་པས་སོ།། དེ་རྣམས་ཀྱི་ཐོད ་པ་མཐོང་བའི་ཕྱིར་རླུང་གིས་སེམས་དྲན་པར་འགྱུར་རོ།། དེ་ལས་བྱུང་བའི་སེམས་དེ་ཉིད་དང་བྲལ་ཏེ། དེ་ལྟར་མ་རུངས་པའི་སེམས་དང་ཆགས་པ་དག་རྣམ་པར་བཅོམ་པའི་ཕྱིར་ཁྱད་པར་ཅན་དུ་འགྱུརརོ་ཞེས་དགོངསོ།། དེ་བཞིན ་དུ་གཡས་སུ་ཞེས་པ་ནི་ཞེ་སྡང་འཇིགས་པར་བྱེད་པའི་རྡོ་རྗེའོ།། དེ་ཡང་འབར་བ་བཞིན་ཏེ་འབར་བའི་གཟུགསོ།། གང་གི་ཕྱིར་ཞེ་སྡང་གི་མེ་ཡེ་ཤེས་ཀྱི་མེས་འཇོམས་པ་དེ་ལོ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་གཞན་ཞེས་བྱ་བ་ལ ་སོགས་པ་ལ་ཕག་མོ་བཅོམ་ལྡན་གཟུགས་ཅན་ཞེས་པ་ནི་འདིར་ཤེས་རབ་ནི་ཤེས་བྱའི་རྣམ་པའོ།། དེས་ན་སེམས་ཅན་རྣམས་ལ་ཡང་དག་པའི་ཤེས་བྱའི་བློ་ཉེ་བར་འགྲོ་བ་སྟེ། ཇི་ལྟར་བདག་དེ་ལྟར་སེམས་ཅན་ཞེས་པའོ།། ། ་དེས་ན་བཅོམ་ལྡན་འདས་ཀྱི་གཟུགས་ཅན་ཏེ། སེམས་ཅན་ཐམས་ཅད་དེའི་བདག་ཉིད་དུ་བྱ་ཞེས་པའོ།། བསྒོམ་པར་ཞེས་པ་ནི་རྗེ་སུ་འཇུག་པར་བྱའོ།། བྱ་ཞེས་པ་ནི་དེ་ལྟར་གསུངས་ཞེས་པའི་དོན་ཏོ།། ད་ནི་གཉིས་ལྡན་གྱི་ཉེ ་བར་སྤྱོད་པ་བསྟན་པའི་ཕྱིར་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་ཉིད་ཅེས་པ་ནི་ཆོས་ཀྱི་སྐུའི་རང་བཞིན་ལྷན་ཅིག་སྐྱེས་པ་དང་ལོངས་སྤྱོད་རྫོགས་པ་ཉིད་ལས་བྱུང་འདྲེས་པའི་ཆོས་གཉིས་ལྡན་གྱི་དུས་སུ་སྟོང་པ ་ཆོས་ཀྱི་སྐུའི་མིང་ཅན་དུ་སྔོན་དུ་གསུངས་ཏེ། དེས་ན་ངམ་ཚིག་སེམས་དཔའ་བསྒོམས་པས་དངོས་གྲུབ་ཏུ་འགྱུར་བ་འམ། སྟོང་པ་ཉིད་ཙམ་བསྒོམས་པས་སོ།། དེ་ཉིད་ཀྱི་ལྟེ་བའི་ཆ་མེད་པ་ལ་ཞེ་དམ་ཚིག་སེམས ་དཔའ་དེའི་སྙིང་གི་འདབ་མ་བརྒྱད་ཀྱི་ལྟེ་བའི་དབུས་སུ་ཡེ་ཤེས་ཀྱི་རང་བཞིན་གྱི་ཡི་གེ་ཨ་སྟེ། དེ་ཡོངསུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ།། རྩ་གཡོན་པའི་སྲོག་རྒྱུ་དུས་སུ་ཨ་བ་དྷཱ་ཏཱི་ལ་དམིགས་པས་སྒྲོག་ཐང ་འགག་པར་འགྱུར་ཏེ་རྩ་ཐམས་ཅད་ཀྱི་གཅིག་པ་ཉིད་ཀྱིས་སྲོག་དང་ལྷན་ཅིག་རི་བོང་ཅན་འོངས་ནས་ཨ་བཱ་དྷཱུ་ཏཱིའི་དབུས་སུ་གནས་པ་དེའི་ཚེ་དཀྱིལ་འཁོར་གྱི་མིང་དུ་བརྗོད་དེ། བུ་སུ་གནས་པའི་ཧཱུཾ་ཡེ་ཤེས་ཀྱི་མིང་ཅན ་རང་རིག་པའི་ཡེ་ཤེས་པའི་དོན་ཏོ།། དེ་ལ་ཡང་སྔོན་དུ་གསུངས་པའི་དམ་ཚིག་སེམས་དཔའ་ཕྱག་བཞི་པེའོ།། སྙིང་གེར་ཡེ་ཤེས་སེམས་དཔའ་དེ་དང་འདྲ་བ་ཞལ་གསུམ་ཕྱག་དྲུག་པ་སྙན་གསུམ་པ་ཞལ་གཡོན་དམར ་པོ་གཡས་དཀར་པོ་ཅུང་ཟད་དམར་བར་སྣང་བ་ཞལ་དབུས་མ་སྔོན་དུ་གསུངས་པའི་ཁམས་གསུམ་པའི་བདག་ཉིད་ཀྱི་རོ་མནན་པ་ཕྱག་རྣམས་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ།། ཕྱག་གཡོན་པའི་ངང ་པོ་ལ་རྩ་གསུམ། གཉིས་པ་ནི་དྲིལ་བུ། དེ་བཞིན་དུ་ཕྱག་གཡས་ཀྱི་དང་པོ་ན་རྡོ་རྗེ། གཉིས་པ་ནི་གྲི་གུག་གོ། ལྷག་མ་ཕྱག་གཉིས་ཀྱིས་ཤེས་རབ་མ་རྡོ་རྗེ་ལུ་གུ་རྒྱུད་མ་བཅོམ་ལྡན་འདས་ཀྱི་གཟུགས་ཅན་མ་ལོ་འཁྱུད་པ་སྟེ། དེའི ་གཡས་དང་གཡོན་ནཱ་གྲི་གུག་དང་ཐོད་པའོ།། ཞལ་གསུམ་ཡང་ཆགས་པ་ཆེན་པོ་དང་ཞེ་སྡང་ཆེན་པོ་དང་གཏི་མུག་ཚོན་པོའོ།། དེ་ཡང་གཉིས་ལྡན་གྱི་དུས་ཀྱི་གཽ་ཏི་མུག་ཆེན་པོ་ལས་ལྷན་ཅིག་སྐྱེས་པ་དང་ལྗོངས་སྤྱོད་རྫོགས་པ་དང ་ཆོས་ཀྱི་སྐུའི་མཚན་ཉིད་སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ཏེ། དེ་ཡང་གཙོ་བོ་ཞལ་གསུམ་ཕྱག་དྲུག་པའི་དོན་བསྟན་པའོ།། ད་ནི་སླར་ཡང་རྣལ་འབྱོར་མའི་རྒྱུད་ཀྱི་མིང་ཅན་ཟབ་ཅིང་རྒྱ་ཆེ་བ་མཆོག་གི་རྡོ་རྗེ་སེམས་དཔའི ་སྒོམ་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་འཁོར་ལོ་བརྗོད་དེ། དྭེ་རུ་ཞེས་བྱ་བ་ལྔ་སོགས་པ་ལ། དེར་ཞེས་པ་ནི་པདྨའི་ལྟེ་བའི་དབུས་སུ་ཧཱུཾ་བསྒོམས་ཞེས་པའི་དོན་ཏོ།། དེ་ལྟར་སེམས་ཀྱི་ས་བོན་ཡེ་ཤེས་ཀྱི་རྣམ་པ་ནི་མེ་ལོང་གི ་གཟུགས་བརྙན་བཞིན་རང་བཞིན་གྱིས་དྲི་མ་མེད་པར་སྣང་སྟེ། ཇི་ལྟར་ཆུ་དོང་བའི་ནང་དུ་ཉ་སྐྱེ་བ་དེ་བཞིན་དུ་སེམས་གསལ་བ་ལས་སེམས་ལས་བྱུང་བ་ཧཱུཾ་གི་རྣམ་པ་གསལ་བ་རྒྱུན་གྱིས་བདག་ཉིད་རྒྱུ་དང་འབྲས་བུའི་ཕྱིར་རོ།། ། ་དེ་བཞིན་དུ་བསྒོམ་པར་བྱ་ཞེས་པ་ནི་པདྨའི་ལྟེ་བར་ཨཱ་ལི་ཀཱ་ལི་ཁ་སྦྱོར་གྱི་དབུས་སུ་ཧཱུཾ་ལས་རྡོ་རྗེ་དེའི་ལྟེ་བར་ཧཱུཾ་གི་འོད་རྗེ་རྣམ་པ་ན་མཁའི་ངོས་སུ་འཕྲོས་ཏེ། འོད་ཟེར་དེ་རྣམས་ཀྱིས་ལྷའི་ཚོགས་བཀུག་ལ་ས་བོན་དེ་ཉིད་དུ ་བསྡུ་བར་བྱའོ།། དེ་ལྟར་མཐའ་དག་ཡོངསུ་གྱུར་པ་ལྔས་བདག་ཉིད་ལྷའི་གཟུགས་སུ་བལྟ་སྟེ། ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འདི་ནི་དྲང་བའི་དོན་ཏོ།། སླར་ཡང་ངེས་པའི་དོན་གསུངས་པ་འདིར་གཉིས ་ལྡན་ལས་རྩོད་དུས་སྤྲུལ་པའི་སྐུ་བསྟན་པའི་ཕྱིར་དེ་ཉིད་དུས་དུས་སུ་འབྱུང་བར་འགྱུརརོ།། དེ་ཡང་སྔོན་སྒོམ་པ་གོམས་པ་དང་སྔོན་དུ་གསུངས་པའི་ཚུལ་གྱིས་ཏེ། དེས་ན་སངས་རྒྱས་རྣམས་མངལ་དུ་རིམ་གྱིས་འཇུག ་པུར་བརྗོད་དོ།། འདིས་ནི་པདྨ་འདེབ་མ་བརྒྱད་པོར་ཞེས་མའི་སྐྱེས་གནས་སུའོ།། དེའི་རང་བཞིན་གྱི་ཁ་དོག་ནི་རང་བཞིན་གྱི་ཕྱག་རྒྱ་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་དཀར་མོའི་བསམ་གཏན་ལ་རྟག་ཏུ་ཚུགས་པའོ།། ་དེ་ཡང་རྣམ་པ་བརྒྱད་དེ། འདི་ལྟ་སྟེ། ཞིང་བརྒྱད་དུ་ནི་རྩ་ནི་བརྒྱད།། རྩ་བརྒྱད་ཀྱི་ནི་སྣ་ནི་གནས་དེ་ཉིད་རི་བོང་ཅན་རབ་རྫོགས།། རྟག་ཏུ་མི་འཛག་པར་ནི་གནས།། གསང་བའི་སྙོམས་པར་འཇུག་པ་འདིས།། དཀར་པོའི ་བསམ་གཏན་ཡང་དག་སྦྱོང་།། རྩ་ནི་རེ་རེ་ཡི་ནི་གྲངས།། རྣལ་འབྱོར་དུས་སུ་བརྗོད་པ་ཡིན།། དེས་ན་རྣམ་པ་བརྒྱད་ཡིན་ཏེ།། སྐད་ཅིག་ཀྱང་ནི་རྣམ་པ་བརྒྱད།། དེ་ནི་ཐུན་ནི་བརྒྱད་པོ་ཉིད།། དུས་བསྡུ་བ་ནི་སྔོན་འགྲོ ་པའོ།། དུས་རྣམས་ཀྱང་ནི་གཟའ་བརྒྱད་དེ།། དེ་རྣམས་བསྡུས་པ་ནག་པོ་ཉིད།། དེ་ལྟར་བསམ་གཏན་ཆགས་དེ་ཡང་།། ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ཉིད།། དེས་ན་སྤྲུལ་པའི་དངོས་པོར་འགྱུར།། སངས ་རྒྱས་རྣམས་ཀྱི་ཡུམ་སྒྱུ་མ། བདེན་པ་མ་ཡིན་བརྫུན་མ་ཡིན།། རྣལ་འབྱོར་མ་ནི་མཆོག་རྨད་འབྱུང་།། དེའི་ཟླ་བ་ཞེས་པ་ནི་པདྨའི་རིགས་ཅན་གྱི་བྷ་ག་བཟང་མོར་དགོངསོ།། དེ་བཞིན་དུ་དེར་ནི་ཞེས་བྱ་བ་ལ་སོགས་པ་ལ། དེར་ཞེས ་པ་ནི་སྔོན་དུ་བསྟན་པ་ཏེ། དེ་བཞིན་དུ་སྔོན་གྱི་མཚན་ཉིད་ཀྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ནི་བསམ་གཏན་དུ་འདུས་པའི་ཕྱིར། སྒྱུ་མ་ཉིད་སྐྱེ་མ་ཆེན་པོ་སྔོན་དུ་གསུངས་པས་སེམས ་ཅན་རྣམས་ལ་སྙིང་རྗེའི་དབང་གྲིས་མི་འདོད་བཞིན་དུ་འདོད་པ་རྣམས་འབྱུང་བའོ།། དེའི་ཕྱིར་བསམ་གཏན་གྱི་སྟོབས་ཀྱིས། བསྒྲུབས་པའི་རྣལ་འབྱོར་གྱི་སེམས་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལྟར་བསྒོམ་པར་བྱ་ཞེས་པ་ནི་རྗེ་སུ ་འཇུག་པའོ།། རྗེ་སུ་འཇུག་པ་དེ་ཅི་ཞེ་ན། གསུངས་པ། སེམས་དང་སེམས་ལས་བྱུང་བ་འདི་ཡིར་འགྱུར་ཏེ། དེར་པཱ་དང་མཱ་ཡཾད་དག་པར་སྦྱོར་བའི་ཕྱིར་ཧཱུཾ་ཞེས་པ་ནི་དྲི་ཟ་ཉེ་བར་འཁོར་གྱི་སེམས་ཅན་གྱི་མིངེ་ཅན་ནོ།། ་མ་པར་བྱ་ཞེས་པ་ནི་དར་གནས་པའོ།། དེ་ཡང་ལྷའི་གཟུགས་ཞེས་པ་ནི་པ་དང་མ་ཡང་དག་པར་སྐྱེར་བས་རང་རིག་པའི་ཡེ་ཤེས་ཏེ། བསྲུབ་པ་དང་བསྲུབས་པ་ལས་ཀུན་གཞི་རྣམ་པར་ཤེས་པ་འཇུག་པ་དེ་དང ་ལྷན་ཅིག་རོ་མཉམ་པར་གྱུར་པའོ།། དེ་ལ་ཡང་ཞལ་གསུམ་པ་ཞེས་པ་ནི་ཁྲག་དང་ཁུ་བ་དག་གིས་དབུས་སུ་དང་པོ་ནག་པོ་ཞེས་པ་རླུང་དང་རྣམ་པར་ཤེས་པའི་རང་བཞིན་ཀུན་གཞི་རྣམ་པར་ཤེས་པའོ།། དེ་བཞིན་དུ་གཡ ་དཀར་པོ་ནི་ཁུ་བའོ།། ཞི་བ་ཞེས་པ་ནི་རང་རིག་པའི་བདག་ཉིད་དོ།། གཡོན་དམར་བ་ལྟ་བུ་ཞེས་པ་ནི་ཁྲག་གི་ཁམསོ།། དེ་བཞིན་དུ་སྤྱན་གསུམ་ཞེས་པ་ནི་ཞལ་གསུམ་ལ་སྤྱན་དགུའོ།། དེ་ཡང་རྩཝ་དགུ་སྐྱེས་པའི་དུས་སུ་ས ་དགུ་སྐྱེས་པའི་མངོན་དུ་བྱེད་པའི་ཕྱིར་རོ།། མཛེས་པའི་གཟུགས་ཞེས་པ་ནི་ས་བཅུ་པ་ཆོས་ཀྱི་སྤྱན་ནོ།། དེ་ལྟར་ཡང་དེ་རྣམས་ལོ་སྲོག་ལོ་སོགས་པའི་རླུང་འབྱུང་བ་དྲི་ལ་དེ་སྐད་ཅེས་བྱའོ།། དེའི་ཕྱིར་ཕྱག་དྲུག་ཅེས ་པ་ནི་ལུས་ལ་ཁམས་དྲུག་རྫོགས་པའོ།། དེ་ལྟར་ཡང་གསུངས་པ་མ་ལས་གྱུར་པ་རྣམ་པ་གསུམ།། དེ་བཞིན་པ་ལས་གྱུར་པ་གསུམ།། སྦུབས་དྲུག་གི་ནི་གོང་བུ་འདི།། ལུས་ཀྱི་ཁམ་སུ་བཏགས་པ་ཡིན།། དེ་ཉིད ་བསྟན་པ། པགས་པ་ཤ་དང་དེ་བཞིན་ཁྲག། མ་ཡི་གཡོན་གྱི་ཕྱག་ནི་གསུམ།། དེ་བཞིན་རུས་པ་ཚིལ་རྒྱུས་པ།། པ་ཡི་གཡས་ཀྱི་ཕྱག་ནི་གསུམ།། རྒྱན་རྣམས་ཀུན་ནི་རབ་ཏུ་རྫོགས་ཞེས་པ་ནི་སངས་རྒྱས་ཀྱི་ཡོན ་ཏ་ནི་རྣམས་ཀྱིས་བརྒྱན་པའོ།། འོན་ཀྱང་ས་བཅུ་གཅིག་པ་ཀུན་ཏུ་འོང་སངས་རྒྱས་ཀྱིས་སྟེ་ངེས་བརྒྱན་པའོ།། དེས་ཡང་སྔོན་དུ་གསུངས་པའི་མཉམ་ཉིད་གཟུགས་ཞེས་བྱ་བ་ལ་སོགས་པ་ལས་རྟོགས་པར་བྱའོ།། ། ་ཐོད་པའི་གདན་ཞེས་པ་ནི་ཆོས་རྣམས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཡང་དག་པའི་མཐའ་གཉིས་མེད་པའི་རྣམ་པའོ།། དེས་ན་ཐོད་པའི་གདན་ནོ།། དེ་ལྟར་ཡང་གསུངས་པ། ཀ་ནི་གུང་ན་ཡང་ཆོས ་མེད་ངོ་།། པཱ་ན་ཡེ་ཤེས་མེ་ཡིས་རྟག་ཏུ་བསྲེགས།། ལཱ་རྙེད་དང་མ་རྙེད་རྣམ་པར་སྤངས།། ས་ལྷན་ཅིག་སྐྱེས་རྣམས་ངོ་བོ་ཡིས།། ན་མི་ནི་སྤྲུལ་པའི་གཟུགས་ཅན་ཏེ།། སུཾ་དེར་ནི་རྫོགས་སངས་རྒྱས་བཞུགསོ།། སྟི་མངོན ་པར་བྱང་ཆུབ་མཚན་ཉིད་བཞུགས།། ཏཾ་དྭེ་རུ་ཆོས་ནི་རྟག་ཏུ་རིག། དེ་མངོན་ཚིག་ཉིད་མཚོན་པར་བྱ།། ས་དངོས་པོ་ཐམས་ཅད་བརྟགས་ནསྭ་ནི།། རྩཝ་བག་ཆགས་བཟང་པོ་སྔོན་འགྲོ་བ།། ལཾ་སྣང་བ་ཙེ་ལ་དམིགས་པ་ནི།། ཀ ་བྱང་ཆུབ་སྟོན་འགྲོའི་རྒྱུ་ཕྱིར་རོ།། ར་རོ་བཞིན་ཆོས་རྣམས་ཐམས་ཅད་ལ།། སཾ་ཡང་དག་ཡེ་ཤེས་རྟོག་བྱེད་པའོ།། པུ་རྫོགས་པའི་ཟླ་བ་བཞིན་དུ་བལྟ།། རྩཝ་གཞན་ལས་མཱ་ཡིན་འོད་གསལ་འབྱུང་།། དེ་ལྟར་མངལ་ན་བརྟེན ་པོ་ཡི།། རོལ་མོ་བད་གི་གི་དོན་སྤངས་ཉིད།། བཱདེ་གཤེགས་རྣམས་ཀྱི་བྱང་ཆུབ་རིམ།། བག་ཆགས་དེ་ཉིད་བྱིས་རྣམས་ལ།། འཁོར་བར་སྡུག་བསྔལ་ལྟར་བྱེད་པའོ།། དེ་བཞིན་བྱང་ཆུབ་སེམས་དཔའ་རྣམས།། མི་འདོད་སེམས ་ཅན་བྱ་བ་རྣམས།། མཁའ་དང་མཉམ་པ་ཉིད་ནི་འབྱུང་།། སངས་རྒྱས་ངོ་རྣམས་རྟག་ཏུ་བཞུགས།། མི་སྨི་དབང་པོ་རྣམས་ནི་ཐུལ།། དེ་བཞིན་བེ་ཤང་དང་ཞེས་བྱ་བ་ལ་སོགསོ་བོའི་སངས་རྒྱས་སྒྱུ་མའི་སྐྱེས་བུ་ལྟ་བུ་དེ ་རྣམས་ལ་བཤང་དང་གཅི་བ་དང་། ཁུ་བ་དང་ཁྲག་འབབ་པར་མི་འགྱུར་རོ།། དེས་ནི་གང་བའི་ཐོད་པ་ཕྱག་ན་བསྣམས་ཞེས་པ་ནི་ཁམས་བཞི་པོ་ཨ་བ་དྷཱུ་ཏཱིའི་ནང་དུ་འབབ་སྟེ། སྔོན་གོམས་པའི་ཕྱིར་རོ།། དེ་ཉིད་ཀྱིས་ན་མདའ ་གཞུ་ཞེས་བྱ་བཱ་ལཱ་སོགས་པ་གསུངས་ཏེ། གཞུ་ཞེས་པ་ནི་སྲོག་གི་རྩེ་ར་ས་ནཱའོ།། དེའི་རྒྱད་ནི་ཐུར་སེལ་གྱི་རྩི་ལ་ལ་ནཱའོ།། དེ་དག་རྣམ་པར་འཛིན་པ་འཕྱིར་ཨ་པྲ་དྷཱ་ཏཱིའི་འདས་ཐིག་ལྡེ་འབེ་ན་ལ་བསྣུན་ནོ།། དེའི་ཚེ་རྡོ་རྗེ་དྲི ་བུ་ཞེས་པ་ནི་མི་ཤིགས་པའི་སྒྲ་ཙམ་རང་རིག་པ་དབྱར་མེད་པའི་ཡེ་ཤེས་ཐོབ་པས་དུས་ཐམས་ཅད་འཛིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལྟར་ཡང་། དྲོང་པོ་རྡོ་རྗེ་དེ་འབར་བཱ་ཞེས་པ་ནི་དྲང་དོན་དུ་ཕྱིག་གཡས་ན་རྡོ་རྗེ ་བསྣམས་པའོ།། ངེས་པའི་དོན་དུ་དང་པོ་གོམས་པོའི་དུས་སུ་གཏུམ་མེའི་རྣལ་འབྱོར་པའི་ཕྱིར་ཞེས་དགོངསོ།། འདིར་གསུངས་པ། གཞུ་ནི་གཡས་ཀྱི་སྲོག་ཡིན་ཏཱཾ། དེ་བཞི་ར་ས་ནཱ་ཡི་རྒྱུད།། ཐུར་སེལ་ལ་ལ་ནཱ་འགོག ་ཉིད།། དེ་དག་གཉིས་ནི་འཛིན་པ་འབེན།། ཨ་བ་དྷཱ་ཏཱིའི་མདའ་ཉིད་དོ།། ཐིག་ལེ་རྫོགས་པ་རྣོ་ལྟག་མཐའ།། འབེན་དང་འབེན་ནི་མེད་པར་གཞག་གི། དྲིལ་བུའི་སྒྲ་ནི་ངས་བཤད་དེ།། རྒྱུད་བཏང་བ་ནརྀ་སྒྲ་ཙམ་འདི།། དེས་ན ་མི་ཤིགས་སུས་ནི་འདི།། སངས་རྒྱས་མཆོག་ཏུ་མི་འགྱུར་བའོ།། གོམས་པའི་སྦྱོར་བ་ཞེས་པས་ནི།། དེ་ནས་ཁམས་ནི་བཞི་རྒྱུའོ།། དེ་བཞིན་རྣལ་འབྱོར་འདི་ཡང་བསྟན།། ལྟེ་བའི་དབུས་ཀྱི་མེ་ཐོབ་ཏུ།། རྡོ་རྗེ་མ་ནི ་མངོན་ལྡང་སྟེ།། རྐན་གྱི་བུ་ག་རུ་ནི་འགྲོ། དེ་རུ་ཁམས་རྣམས་བསྲེགས་ནས་ནི།། གཞན་ཡང་ཐལ་བ་ལྟ་བུར་གནས།། དེ་རྣམས་འཚོ་བར་འབྱུང་བ་ནི།། རོ་ནི་ན་མཁའི་མིང་ཅན་ཏེ།། དེ་ཡང ་ཡེ་ཤེས་བདུད་རྩིར་བརྗོད།། བྱང་ཆུབ་སེམས་ནི་བདེ་ཆེན་པོ།། ལྟེ་བའི་རྩ་བ་རུ་ནི་ལྟུང་།། ཕྱག་རྒྱ་བཟང་མོའི་ཕྱིར་རྒྱལ་ཉིད།། ཆུ་ཤིང་སྙིང་པོ་ཞེས་བྱ་བ།། ཕྱག་རྒྱ་མེད་ཅིང་ཁམས་ཀྱང་མེད།། སེམས་ཀྱི་འབྱོར་པ་འདི་དག ་ནི། མིག་འཕྲུལ་ལྟ་བུའི་བྱ་བའོ།། དེ་བཞིན་ག། གས་སངས་རྒྱས་དཔའ་བོས།། བྱང་ཆུབ་སེམས་ནི་ས་བོན་བསྒྲུབས།། དེ་བཞིན་དུ་མདུང་རྩེ་གསུམོ་ཞེས་པོ་ནི་མི་ཤེས་པ་གསུམ་ཟད་པའི་ཕྱིརརོ།། དེ་བཞིན་དུ་ཤེས་རབ ་འཁྱུད་ཅེས་པ་ནི་ཁྲག་དང་ཁྲོ་བའི་རང་བཞིན་ཕྱག་གཉིས་པོ་དེ་ལ་བརྟེན་པ་དེ་ཡང་ཁྲིག་གི་སྙིང་རྗེ་ཆེན་པོའོ།། དེ་བཞིན་དུ་ཁུ་བ་ནི་ཆགས་པ་ཆེན་པོའོ།། རང་བཞིན་གཉིས་མེད་ཅིང་གཉིས་མེད་པའི་དངོས་པོ་འཛིན་པའི་ཕྱིརོ།། ། ་དེ་ཉིད་ཀྱིས་ན་དཔལ་ལྡན་ཞེས་པ་ནི་དཔལ་གྱི་སྒྲ་ནི་མི་བཟད་པའི་དངོས་པོ་སྟེ། ནམ་ཡང་འཇིག་པར་མི་འགྱུར་བའོ།། ལྡན་ཞེས་པ་ནི་དེ་ལྟ་བུ་དང་ལྡན་ཞེས་པའི་དོན་ཏོ།། རལ་པ་ཞེས་པ་ལ་སོགས་པ་ནི་བེམས་པོའི་འཇིག ་རྟེན་འཁོར་ལོ་ཅན་དུ་བྱ་བ་དང་། སེམས་ཅན་གྱི་གྱུ་ཅན་བཅིངས་པའི་ཕྱིར་རལ་པའི་ཐོར་ཚུགས་ཅན་ཏེ། གང་གི་ཕྱིར་དང་པོའི་སེམས་ཅན་སངས་རྒྱས་པར་བྱ་བའི་ཕྱིར་ཅོད་པན་གྱིས་བརྒྱན་པའོ།། དེའི་ཕྱིར་སངས་རྒྱས ་ཞེས་བྱ་བ་ལ་སོགས་པ་ནི་སེམས་ཀྱི་འོད་ཟེར་སེམས་ཅན་གྱི་དོན་བྱ་བའི་མངལ་དུ་གནས་ནས་ཀྱང་སྔོན་གྱི་བག་ཆགས་ཀྱི་དབང་གིས་བེམས་པོ་མ་ཡིན་པའི་ཁམས་འདི་གསལ་བར་སྤྲོ་བའོ།། ཅིའི་ཕྱིར་ཞེ་ན། གང་བྱང་ཆུབ ་སེམས་དཔའ་རྣམས་འོད་གསལ་བའི་ཏིངེ་འཛིན་ལ་ཉལ་བ་བཞིན་གནས་མོད།། འོན་ཀྱང་རྨི་ལམ་བཞིན་སད་པའི་གནས་སྐབས་མི་འདོར་རོ།། དེ་ལྟར་གསུངས་པ་འོད་གསལ་ལ་གནས་སངས་རྒྱས་རྣམས།། ཤིན་ཏུ་གཽ་ཉིད ་ལོག་ཏིང་འཛིན་གྱིས།། འོན་ཀྱང་སད་པོའི་གནས་སྐབས་ནི།། འདིར་ནི་རྨི་ལམ་བཞིན་མི་འདོར།། ཇི་ལྟར་སེམས་དང་སེམས་བྱུང་རྣམས།། རྣམ་པར་བརྟགས་ནི་མི་དམིགས་ཏེ།། དེ་ལྟར་དེར་ནི་ཡོད་ཆེས་ཏེ།། མུན་པ་ལ་ནི་མར ་མེ་བཞིན།། དེ་ལ་སོགས་པ་མཐའ་ཡས་ཉིད།། སངས་རྒྱས་རྣམས་ཀྱི་རྒྱུ་རུ་ནི།། རྒྱུ་དང་འདས་བུ་ཕྱིར་མི་གྲོལ།། ཐམས་ཅད་རྒྱུད་ཉིད་གཞན་དུ་མིན།། དེ་ཉིད་ཀྱིས་ན་བྷ་ག་ཡི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་ནི ་བདག་ཉིད་བསྒོམ་པར་བྱ་ཞེས་པ་ནི་གནས་དེར་མགོ་དང་ལྡག་པ་དང་རྐང་དྲང་སོར་མོ་ལ་སོགས་པ་རྣམས་གསལ་བར་སྐྱེའོ།། དེའི་ཕྱིར་བྷ་གུའི་དྲབུ་སུ་སྒྲུབ་པ་པོ་ཞེས་པ་ནི། འདིར་སྒྲུབ་པ་པོ་རང་གི་སེམས་ཞེས་བྱ་ལ ་སོགས་པའི་སྒྲིབ་པ་ལས་གྲོལ་བའོ།། དེ་ཡང་མངལ་དུ་སེམས་བསྐྱེད་པའི་དུས་སུ་ཨ་བ་དྷཱུ་ཏཱིའི་དུས་སུ་བློ་ཆུང་པ་ནི་བྷ་གོའི་དབུསུ་འགྱུ་རོ།། ཅིའི་ཕྱིར་བྷ་གོ་ཞེ་ན། གྲུ་གསུམ་ཉིད་ཀྱི་ཏེ། གང་གི་ཕྱིར་ལུས་དང་ངག་དང་སེམས ་ནང་དུ་འདུས་པ་དེའི་ཕྱིར་བྷ་ག་ཞེས་བྱའོ།། དེའི་དབུས་སུ་ཞེས་པ་ནི། རང་རིག་པའི་བདེ་བ་ཉིད་ཀྱིས་སྒྲུབ་པ་པོ་ཞེས་པ་དང་འབྲེལ་ཏོ།། གང་གི་ཕྱིར་བསྒྲུབ་དུ་སྒྲུབ་པ་པོས་སྒྲུབ་ཐབས་རྣམས་བསྒྲུབ་བྱའི་རིགས་གཅིག་ཏུ ་ཐལ་བར་ཡིད་ཆེས་པ་དེ་ལ་དེ་སྐད་ཅེས་བྱའོ།། ད་ནི་དྲང་བའི་དོན་གྱི་ཕྱིར་དཀྱིལ་འཁོར་བ་རྣམས་ཀྱི་ཆོ་ག་གསུངས་ཏེ། བྷ་ག་ཞེས་བྱ་བ་ལ་སོགས་པ་ལ། བྷ་གའི་དབུས་སུ་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་ཁང་བརྩེགས་མའི ་དབུསུ་ལྷའི་གཟུགས་བསྒོམ་པར་བྱ་བའི་དོན་ཏོ།། སྒྲུབ་པ་པོ་ཞེས་པོ་ནི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྙིང་པོ་ལ་བོས་པ་སྟེ། གང་གི་ཕྱིར་རྡོ་རྗེ་སྙིང་པོ་ནི་རྣམ་པར་ཤེས་པའི་མཚན་ཉིད་དེ་རང་གི་སེམས་ཉིད་སྒྲུབ་པ་པོ་ཞེས ་དགོངས་སོ།། ལྷ་དང་ཞེས་བྱ་བ་ལ་སོགས་པ་ནི་དེའི་ཕྱིར་གནས་འདིར་ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ལྷ་མོའི་འཁོར་ལོའོ།། བསྒོམ་པར་བྱ་ཞེས་པ་ནི་གསལ་བ་ཉིད་རང་བྱིན་གྱིས་བརླབས་པ་ལས་ཉེ་བར་མཚོན ་པར་བྱའོ།། ལྷ་དང་ལྷ་ནི་ཙོག་མཚུངས་པ་ཞེས་པ་ནི་རྣལ་འབྱོར་མ་དང་རང་སྣང་གི་ཐབས་དེ་རྣམས་དང་ལྷན་ཅིག་གནས་པའི་ངང་ཚུལ་དེའོ།། དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཡང་རང་སྣང་བའི་ཤེས་རབ་དང ་ལྡན་པ་དེའི་གཟུགས་ཀྱི་རང་བཞིན་ཞེས་དགོངསོ།། དེ་བཞིན་དུ་འདབ་མ་ཞེས་བྱ་བ་ལ་སོགས་པ་ལ། འདབ་མ་བརྒྱད་ལ་རྣལ་འབྱོར་མ་བརྒྱད་བྲི་ཞེས་པ་ནི་དམིགས་པར་བྱའོ།། དེ་བཞིན་དུ་དབྱུག་ཏོ་ཞེས་པ་ནི་རྩེ་མོ་ན་ཐོ་བའི ་རྣམ་པའི་རྡོ་རྗེ་ཅུང་ཟད་འོག་ཕྱོགས་དབྱུག་པའི་རྣམ་པ་ཆང་ཟུངས་དང་ལྡན་པའོ།། དེ་བཞིན་དུ་བ་ངན་གསུམ་ཞེས་པ་ནི་མཐེ་བོས་མཐེའུ་ཆུང་མནན་ཏེ་སོར་མོ་ལྷག་མ་རྣམས་མདུང་གི་རྣམ་པ་ལྟ་བུ་ཉིད་དོ།། གཞན་ཐམས་ཅད ་ནི་གེ་སླའོ།། འོན་ཀྱང་རྣལ་འབྱོར་མ་བརྒྱད་པོ་འདི་རྣམས་ཀྱི་མིང་རྣམས་ཇི་ལྟར་རབ་ཏུ་བྱེད་པ་གསུམ་པོའི་མཐར་འཁྲུགསུ་གསུངས་པོ། འདིར་ཡང་རྡོ་རྗེ་དྲག་མོ་ལ་སོགས་པ་བརྒྱད་བརྗོད་དེ།། དེ་ལ་ཤར་གྱི་འདབ་མར་རྡོ་རྗེ ་དྲག་མོའོ།། ལྷོ་རྡོ་རྗེ་ལུས་སོ།། ནུབ་དུ་རྡོ་རྗེ་ཆགས་མའོ།། བྱུང་དུ་རྡོ་རྗེ་ཞི་བ་མོའོ།། དེ་བཞིན་དུ་མེའི་མཚམ་སུ་རྡོ་རྗེ་གནོད་སྦྱིན་མའོ།། བདེན་བྲལ་དུ་རྡོ་རྗེ་མཁ་འགྲོ་མའོ།། རླུང་དུ་སྒྲ་རྡོ་རྗེ་མའོ།། དབང་ལྡན་དུ་ས་རྡོ་རྗེ་མའོ།། དེ་ལྟར་ལྷ ་མོ་རྣམས་ཀྱི་ཐོད་པ་ཞེས་བྱ་བ་ལ་སོགས་པ་གདྲན་དང་ཁ་དོག་དང་ཞལ་དང་ཕྱག་དང་མཚན་མ་རྣམས་ནི་གོ་སླའོ།། དེ་བཞིན་དུ་རོལ་མོ་སྣ་ཚོགས་ཞེས་པ་ནི་བྱེད་པ་སུམ་ཅུ་རྩ་དྲུག་ཏུ་བརྗོད་པ་གླུ་དཀྲུགས་སྣ་ཚོགས་པས་མཛེས ་པའི་རོལ་མོའོ།། དེ་ཡང་སྒྲིབས་དང་རྒྱུད་དང་སིལ་སྙན་དང་རྔ་སྒྲུབསོ།། དེ་བཞིན་དུ་གསང་བའི་དཀྱིལ་འཁོར་དུ་ཞེས་པ་ནི་སྙིང་གི་དཀྱིལ་འཁོར་དུ་མི་ཤིགས་པ་ཞེས་པ་དུས་ཀྱི་ཕོ་ཉ་སུམ་ཅུ་རྩ་དྲུག་པདྨའི་སཱལ་མ་ལྟ་བུའི་རྩའི ་སྒྲའི་དབང་གིས་གྲོང་ལ་སོགས་པའི་གླ་དཀྱུགསོ།། དེ་ཡང་རོལ་མོ་དེ་རྣམས་ཀྱང་འཆང་བཞིན་པའི་ཐུན་མཚམས་བཞིའི་རྩ་ཐམས་ཅད་ཀྱི་རྗེསུ་འགྲོ་བ་དེ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་སྒོ་སྐྱོང་ལྷ་མོ་ཞེས་བྱ་བ་ལ་སོགས ་བ་ནི་སྒོ་བཞི་རྣམསུ་རེ་རེ་ཡང་དག་པར་བྲི་ཞེས་པ་ནི་བསམ་པར་བྱའོ།། དེ་ལྟར་རྡོ་རྗེ་ལྕགས་ཀྵ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ད་ནི་དཀྱིལ་འཁོར་འདི་རྣམས་ཀྱི་རིམ་བཞིན་ངེས་པའི་དོན་གསུང ་ཏེ། དེར་ནི་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་ཞེས་པ་ནི་རྣལ་འབྱོར་གྱི་ཕྱག་རྒྱའོ།། དེ་གང་ཞེ་ན་འདིར་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རྒྱུས་བཏབ་པས་ན་ཕྱག་རྒྱའོ།། དེ་ཡང་གཟུགས་ཀྱི་ཕུང་པོ་ནི་རྡོ་རྗེ་དྲག་མོའོ།། ཚེར ་དཱིའི་ཕུང་པོ་ནི་རྡོ་རྗེ་ལུས་མཱའོ།། དེ་བཞིན་དུ་འདུ་ཤེས་ཀྱི་ཕུང་པོ་ནི་རྡོ་རྗེ་ཆགས་མའོ།། འདུ་བྱེད་ཀྱི་ཕུང་པོ་ནརྀ་རྡོ་རྗེ་ཞི་བ་མའོ།། རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའོ།། དེ་བཞིན་དུ་སཱིའི་ཁམས་ནི་རྡོ་རྗེ་གནོད ་སྦྱིན་མེའོ།། ཆུའི་ཁམས་ནི་རྡོ་རྗེ་མཁའགྲོ་མའོ།། དེ་བཞིན་དུ་མེའི་ཁམས་ནི་སྒྲ་རྡོ་རྗེ་མའོ།། རླུང་གི་ཁམས་ནི་ས་རྡོ་རྗེ་མའོ།། དེ་བཞིན་དུ་ནམ་མཁའི་ཁམས་ནི་རང་འོད་ཀྱི་ཤེསཱ་རབཱ་མའོ།། དེ་བཞིན་དུ་སྒྲོ་སྲུངས་བཞི་ནི་ལས ་ཀྱི་དབང་པོ་ལྔ་བསྐྱེད་པའོ།། དེ་ལྟར་བཅོམ་ལྡན་འདས་ས་བཅུ་གཉིས་ཀྱི་བདག་ཉིད།། སྙིང་པོ་རེ་བཱཅོམ་ལྡན་འདས་རང་ཉིད་རྡོ་རྗེ་འཛིན་ཆེན་པོའི་ས་སྟེ། སྟོན་དུ་གསུངས་པའི་རྩའི་རང་བཞིན་གྱི་འཁོར་ལོར་བཤད་པའི ་རྩ་བཅུ་གཉིས་ཀྱི་ནང་དུ་འདུས་པའི་རྡོ་རྗེ་ལྟ་བུའི་སྲོག་གིས་ཏིང་འཛིན་ལ་སྙོམས་པར་ཞུགས་པའི་ཕྱིརརོ།། དེས་ན་སྔོན་གྱིས་འདིར་ཡང་མངལ་དུ་དེའི་རང་བཞིན་དུ་འགྱུར་རོ།། དེ་བཞིན་དུ་བསྒོམ་པར་བྱ་ཞེས་པ་ནི་རྗེ་སུ་འཇུག ་པའོ།། ལྷ་དང་ལྷན་ཅིག་མཚུངས་པ་ནི་ཞེས་པ་ནི་སེམས་ཀྱང་རྣམ་པ་བརྒྱད་དེ། དེ་ཡང་རྩ་བརྒྱུད་རྣམས་ལས་ཁམས་ཀྱི་དབྱེ་བས་འབྱུང་བའོ།། དྲིས་ན་མཚུངས་པར་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ།། འདབ་ལ་ཞེས་བྱ་བ ་ལ་སོགས་པ་ནི་འདིར་སྙིང་གི་འཁོར་ལོའི་རྩ་བརྒྱད་ནི་འདབ་མ་བརྒྱད་དོ།། དེ་རྣམས་ཀྱི་དབུསུ་ཐོད་པའི་གདན་ཞེས་པ་ནི་ཁོང་སྟོང་ཉིད་ཀྱིས་ནི་ཆོས་ཀྱི་དབྱིངས་ཀྱི་ཐོད་པའོ།། དེའི་དབུས་སུ་གནས་པ་ནི་ཐོད་པ་བརྒྱད་ལོས ་རྣལ་འབྱོར་མའི་རྣལ་འབྱོར་འབྱུང་བའོ།། དེ་ཡང་སྣ་ཚོགས་གཟུགས་ཅན་ཞེས་པ་ནི་ཞག་གཅིག་ཉིད་ཀྱི་དུས་སྣ་ཚོགས་ལ་གྲངས་མེད་པའི་ཁ་དོག་དཀར་པོ་དང་སེར་པོ་ལ་སོགས་པའོ།། དེས་ནི་སྣ་ཚོགས་པའོ།། དེ་ཉིད་ཀྱིས་ན ་ཡིད་དགའ་མ་ཞེས་པ་ནི་གང་དང་གང་དུ་རྩ་རྣམས་ལ་རླུང་རྒྱུ་བར་འགྱུར་པ་དེ་དང་དེ་རུ་ཡིད་འགྲོ་ཞེས་པའོ།། དེའི་ཕྱིར་དེའི་གཟུགས་འཛིན་པའོ།། དེ་ལྟར་བརྒྱད་བརྒྱད་ལ་སོགས་པ་གྲངས་མེད་པར་འགྱུར་རོ།། དེ་ལྟར ་ཡང་གསུངས་པ། སེམས་འདི་སྣ་ཚོགས་གཟུགས་ཅན་ཏེ།། གཟུགས་ནི་དུ་མས་མཆེན་པ་ཉིད།། དུ་མ་འདུས་པར་འགྱུར་པ་ནི།། རྩ་ནི་བརྒྱད་པ་མཆོག་སྟེར་བའོ།། དེ་ཡང་ཞེ་སྡང་སེམས་སོགས་རྣམས།། སངས ་རྒྱས་རྣམས་ནི་རྟག་བཞེད་པ།། ཞི་སྡང་ལ་སོགས་དངོས་པོ་ཡིས།། འདོད་པ་ཡང་ནི་ཆེན་པོར་བརྗོད།། དེ་ལས་ཡིད་ནི་ཁྱབ་ཅན་འབྱུང་།། རྡོ་རྗེ་དྲག་མོ་སོགས་ལྷ་མོ།། མངལ་བརྗོད་བྱིས་པ་སྔོན་འགྲོ་ན།། རྩ་བརྒྱད ་ལ་ནི་བརྒྱད་རྣམས་སོ།། ས་རྣམས་ཀྱི་ནི་འབྲས་བུ་འབྱུང་།། དེ་ཆེ་ཕ་རོལ་ཕྱིན་པ་ཤེས།། དགོངས་པའི་སྐད་ཀྱིས་གསུངས་པ་ཡིན།། ལྷག་མ་རྣམས་ནི་གང་བསྐྱེད་པ།། དེ་བཞིནཱ་ས་ནཱི་རྣམ་པ་བཞི།། ་སྒོ་སྲུངས་རྣམས་བཞི་པོ་ནི།། དྲན་པོ་ཉེ་བར་བཞག་བཞི་འགྲོ། བཅོམ་ལྡན་བྲྀ་བཻ་ཆེན་པོ་ཉིད།། རྡོ་རྗེ་འཛིན་གྱི་ས་ཡི་མཱིང་།། རང་གི་ལུས་ལ་རྗོད་འཕྲོ་བ།། དུས་ཀྱི་ཁ་དོག་ཀུན་ཏུ་བསྒྲུབས།། ཐོད་པ་ཡི་ནི་མིང་གི་ཙྪ།། ན་མཁའི ་ཁམས་ཀྱི་མཚན་ཉིད་ཕྱིར།། འདབ་མྱ་རྣམས་ནི་གུང་སྐྱེས་པ། སྲོག་ལེ་སོགས་པའི་རླུང་གིས་ཏཱི། རྩ་རྣམས་ལྷ་མོའི་མིང་དུ་ནི།། སེམས་ཀྱི་རྒྱུད་དེ་དེ་བདག་ཉིད།། རྟག་ཏུ་འདིར་ནི་ངེས་པར་ཡང་།། རྣལ་འབྱོར་མ་ནི་མཆོག ་དེ་ཉིད།། རང་བཞིན་མེད་པའི་དངོས་པོ་ཡིས།། འདིར་ནི་དུས་སུ་བསྟེན་པ་མེད།། ཚེ་འགགས་འཛག་རྟེན་འབྱུང་བའི་ཕྱིར།། འདིར་ནི་འཇིག་རྟེན་ཡང་དུས་སོ།། དེ་ཕྱིར་འདིས་རྟག་དུས་ནི་མེད།། སངས་རྒྱས་མི་རྟག་ཆོས ་ཉིད་དོ།། དེ་རྣམས་ཀྱི་ནི་རྟོག་པ་ཡོད།། སྟོང་པ་དེ་ཡི་མི་ཅན་ཕྱིར་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། དེ་བཞིན་དུ་རེ་རེ་ཡཱི་ཞལ་གཅིག་ཅེས་པ་ནི་རྣལ་འབྱོར་མ་ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་དང་མྱ ་ངན་ལས་པ་མངོན་པར་ཕྱོགས་པའི་ཕྱིར་རོ།། བཅོམ་ལྡན་འདས་ནི་སྲིད་པ་དང་མྱ་ངན་ལས་འདས་པའི་བདག་ཉིད་དོ།། དེའི་ཕྱིར་ཕྱག་བཞི་ཞེས་པ་ནི་བརྒྱད་པོ་དེ་རྣམས་ཀྱི་ནང་དུ་རེ་རེ་ལ་ཡོད་བཞི་བཞི་ནང་དུ་འདུས་པ ་འཁོར་ལོ་བཞི་པོ་གནས་པའོ།། དེའི་ཕྱིར་དེ་རྣམས་ཐམས་ཅད་ཕྱག་བཞི་པའོ།། དེས་ནས་རྣལ་འབྱོར་མ་རེ་རེས་ཀྱང་ལས་བཞི་བཞི་བྱེད་དོ།། མདའ་དང་གཞུ་ཞེས་བྱ་བ་ལ་སོགས་པ་ལ།། དང་པོ་ཞེས་པ་ནི་དང་པོ་གོམས ་པའི་དུས་སུ་འོག་དང་སྟེང་གི་སྲོག་གི་རྩཝ་སྔོན་དུ་གསུངས་པ་འགོག་པའི་ཕྱིར་གཞུ་དང་རྒྱུད་དག་གོ། དེ་དག་གི་མདྲའ་ནི་མཚོན་པའོ།། དེས་ན་མཛེས་པ་ནི་དབང་པོ་ཐམས་ཅད་རྣམས་ཀྱི་གདུག་པ་རྣམས་སྐྲག་པར ་འགྱུརརོ།། དེས་ན་ཞེ་སྡང་ཆེན་པོ་ལཱ་སོགས་པ་རྣམས་སྐྱེའོ།། དེའི་ཕྱིར་མཛེས་པའོ།། དེ་བཞིན་དུ་ཐོད་པ་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྩ་ལ་ཁུ་བས་རབ་ཏུ་གང་བ་རྒྱུ་བའི་དོན་ཏོ།། དེ་གཉིས་ཀྱིས་ན་ལྕགས་ཀྱུ་ཕྱག་ན ་བསྣམས་པ་ཞེས་པ་ནི་ཐུར་སེལ་གྱི་བྱང་ཆུབ་ཀྱི་སེམས་ལྕགས་ཀྱི་བཞིན་འགུགས་པ་སྟེ། མི་འཛག་པའི་ཕྱི་རོ།། དེ་ལྟར་རྩ་སུམ་ཅུ་རྩ་གཉིས་པོ་ཐམས་ཅད་ཆེས་ཕྲ་བ་དེ་རྣམས་ཀྱི་ནང་ན་སྲ་རྩ་བཞིའོ།། དེས་ན ་མི་ཕྱེད་མུ་ལ་སོགས་པ་བཞི་པོ་དེ་རྣམས་ཀྱི་ལུས་གསུངསོ།། དེ་བཞིན་དུ་རིམ་པ་བཞིན་བཞི་བཞི་བརྒྱད་ཀྱི་བར་སུམ་ཅུ་རྩཝ་གཉིས་འགྱུར་ཞེས་སྦྱརོ།། རྩ་སུམ་ཅུ་རྩ་གཉིས་པོ་དྲ་རྣམས་ཀྱི་ངེས་པའི་ཚིག་རྟོག ་པ་དང་པོར་གསུངས་པ་ནི་འདིར་ལས་བྱ་བའི་ཕྱིརོ།། དེ་བཞིན་དུ་གཉིས་པའི་ཕྱག་ན་མདུང་ཞེས་པ་ནི་འདིར་གསང་བའི་གན་སུ་ཨ་བ་དྷཱུ་ཏཱིའི་ལམ་གསུམ་དུ་འགྲོ་བའོ།། དེའི་འགོག་པའི་ཕྱིར་ཁྲག་གིས་གང ་བའི་ཐོད་པ་ཞེས་པ་ལ་ཁྲག་ནི་རྡུལ་གྱི་ཁམས་ཏེ་དེ་ཡང་སྟེང་དུ་རྒྱུ་བའི་ཕྱིར་ཟླ་བ་དང་ཉི་མ་དག་འདྲེས་པར་འགྱུར་བ་ཉ་དང་གནམ་སྟོང་དག་གོ།། རྡོ་རྗེ་ཞེས་པ་ནི་དེ་དག་ལ་སྒྲ་གཅན་གྱིས་ཟོས ་པའོ།། དེ་བཞིན་དུ་ཞུགས་པ་ཞེས་པ་ནི་འཇུག་མ་ཕྲ་བཱ་སྟེ། བཅུ་དྲུག་པའི་ཆ་བཟང་པ་འདིའོ།། དེ་ཡོང་བདག་གིས་ཟོས་པར་གྱུར་པ་སྟེ། ཁམས་དྲུག་ཟ་བ་ཉིད་དོ།། དེས་ཀྱང་ལོངས་སྤྱོད་འབྱུང་བ་སྟེ་མཚན་མོ་བྱེད་པའི ་ཆས་ཉིན་མོ་བྱེད་པའོ།། དེ་ཡང་དེར་ཐིམ་མོ་དུས་འདི་ནི་གསང་བའི་མཆོག་གོ།། དེ་བཞིན་དུ་གསུམ་པའི་ཕྱག་ན་རལ་གྲི་ཞེས་པ་ནི་སྙིང་ག་ནས་རལ་གྲི་ལྟ་བུའི་རྩ་དུས་མེའི་རང་བཞིན་ནོ།། དེ་ཡང་དེ་བཞིན་དུ་སྲིད ་པ་གསུམ་ནི་འབར་བྱེད་པ། ལས་ཀྱི་ཚོགས་རྣམས་ཟ་བྱེད་པའོ་ཞེས་པ་ནི་ལས་ཀྱི་རལ་གྲིའི་ངེས་པའོ།། ཆུ་ཡིས་གང་བའི་ཐོད་པ་ཞེས་པ་ནི་དེ་བཞིན་དུ་ཡང་ཆོས་ཀྱི་དབྱིངས་ཀྱི་རྩ་ལས་ཆུ་འབབ་པའི་ཕྱིར་རོ།། ཆུ་ཡང ་རྣམ་པ་གཉིས་ཏེ་དྲི་ཆུའི་ཆུར་བཏགས་པའོ།། དེ་བཞིན་དུ་གཉིས་པ་ནི་ཁམས་ཐམས་ཅད་ཞུ་བའི་རང་བཞིན་གྱི་ཆུའོ།། རྨྱ་བ་དེ་ཉིད་འཛིན་པའི་ཐོད་པ་དེ་ལ་དེ་སྐད་ཅེསཽ་བྱའོ།། དེ་བཞིན་དུ་རྡོ་རྗེ་ཞེས་པོ་ནི་མེས་དེ་ཐམས ་ཅད་ཟ་བའོ།། དེ་བཞིན་དུ་དྲིལ་བུ་ཞེས་པ་ནི་ལྟེ་བའི་དབུས་ནས་དེ་ཉིད་ཅན་རྡོ་རྗེ་ཀ་བ་བཞིན་ནོ།། དེ་ཉིད་ཀྱིས་ན་སངས་རྒྱས་རྣམས་ཀྱི་རྡོ་རྗེའི་སྐུའོ།། གང་གི་ཕྱིར་སྤྲུལ་པོའི་འཁོར་ལོ་སྐུའི་རང་བཞིན་དེ་ལ་དེ་སྐད་ཅེས་བྱའོ།། ་དེ་བཞིན་དུ་ཕྱག་ན་ཁ་ཊྭཱཾ་ག་ཞེས་པ་ནི་སྨིན་མའི་དབུས་ནས་བྱུང་བའི་རྩ་བའི་སྦྲུལ་མ་དེ་སངས་རྒྱས་རྣམས་ཀྱི་སྙིང་པོར་གནས་ཀྱང་དེ་ལུས་ཀྱི་དངོས་པོ་མི་ལེན་ཏེ་ཚོར་བ་དང་བྲལ་བའི་ཕྱིར་རོ།། དེ་ཡང་སྟོང་པ་ལ་ཁ་ཊྭཱཾ ་བའི་མིང་དུ་དགོངསོ།། དེ་བཞིན་དུ་ཐོད་པ་ཞེས་པ་ནི་འགྲོ་བཱ་དང་འོང་བ་ལ་འགོགས་པའོ།། དེ་ཉིད་ཀྱིས་ན་དབྱུག་ཏོ་ཞེས་པ་ནི་འོག་ཏུ་གཏུན་གདུངས་ཀྱི་རྣམ་པ་ལུས་ཐམས་ཅད་ཀྱི་རླུང་རྣམས་འོག་ཏུ་མི་འགྲོ་བ་སྟེ་དེས་ན ་ཕྲ་བའོ།། དེས་ན་སྟེང་ཐོ་བའི་རྣམ་པ་རྣམ་པར་འཛིན་པ་དེ་ནི་དབྱུག་ཏོའི་མཚན་མའོ།། དེ་བཞིན་དུ་བ་དན་གསུམ་ཞེས་པ་ནི་ལུས་དང་ངག་དང་སེམས་ཀྱི་སྤྱོད་པ་དང་བྲལ་བ་མགྲིན་པའི་རྩ་ཞེས་སྦྱར་རོ།། དེ་བཞིན་དུ་ཕྱག་ན ་དབྱུག་པ་ཞེས་པ་ལ། དབྱུག་པ་ནི་མཚམས་ཀྱི་སྣལ་མ་རོ་གཅིག་པའི་དངོས་པོའོ།། དེ་བཞིན་དུ་ཐོད་པ་ཞེས་པ་ནི་དབང་པོ་རྣམས་ཀྱི་འགོག་པའི་ཕྱིར་རྣམ་པར་ཤེས་པ་རྣམས་འགོག་པར་འགྱུ་རོ།། དེ་བཞིན་དུ་ཨུཏྤ་ལ ་ཞེས་པ་ནི་འདབ་མ་བརྒྱད་ཀྱི་མིང་གིས་རྣམ་པར་ཤེས་པ་བརྒྱད་སྟོན་པ་སྙིང་གི་རྩ་གྲུབ་མ་ལ་སོགས་པ་བརྒྱད་དེ། དེ་ཡང་འགྲུབ་མ་དང་། སྨིན་བྱེད་མ་དང་། ཡིད་བཟངས་མ་དང་། སུམ་འཁྲོལ་མ་དང་། འདོད་ཅན ་མ་དང་། ཁྱིམ་མ་དང་། གཏུམ་བྱེད་མེ་དང་། བདུད་དྲལ་མའོ།། རྩ་བརྒྱད་པོ་དེ་རྣམས་ནི་རྣམ་པར་ཤེས་པ་རྒྱུ་བ་ཅན་ཏེ། ཨུཏྤ་ལ་ཞེས་དགོངས་སོ།། དེ་བཞིན་དུ་ཅང་ཏེའུ་འོ་ཞེས་པ་ནི་ཁའི་རྩེ་སྟེ། གང་གི་ཕྱིར་སྨྲ་བ ་དང་། ལེན་པ་འགོག་པའི་ཕྱིར་རང་ཉིད་སྨྲ་བ་པོ་རང་འབྱུང་བ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་དུ་པདྨ་ཞེས་པ་དབང་པོ་བརྒྱད་དེ། དེ་ཡང་མིག་དང་། རྣ་བ་དང་། སྣ་དང་། ལྷ་དང་། ལུས་དང་། ཡིད་དང་། ་ཤེས་རབ་དང་། བློའོ།། ཡང་ན་གཟུགས་དང་། སྒྲ་དང་། རི་དང་རོ་དང་། རེག་བྱ་དང་། ཡིད་དང་། བློ་དང་། ང་རྒྱལ་ལོ།། དེ་ཡང་དེ་རྣམས་ཀྱི་ཡུལ་གྱི་དངོས་པོ་རྒྱུ་དང་འབྲས་བུ་ཉིད་ཀྱི་དེ་དག་འགོག་པའོ།། དེ་བཞིན་དུ་ཞག ་གྲིས་གང་བའི་ཐོད་པ་ཞེས་པ་ལ་ཞག་ནི་སྟོབས་ཏེ་དགོངས་བཤད་ཀྱིས་བསྟན་པའི་དངོན་ཤེས་དྲུག་གི་མཚན་ཉིད་ནུས་པའོ།། དེའི་ཕྱིར་དེས་གང་བ་ནི་ཨ་བ་དྷཱུ་ཏཱིའི།། དེ་བཞིན་དུ་མ་ལུང་ཞེས་པ་ནི་མངོན་ཤེས་ཏེ། དེ་རྣམས ་ཀྱིས་ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་མེ་ལོང་བཞིན་ཉེ་བར་མཚོན་པའི་ཕྱིར་རོ།། དེ་བཞིན་དུ་དགྲ་སྟ་ཞེས་པ་ནི་ཁམས་གསུམ་པའི་མ་རིག་པའི་བག་ཚིགས་གཅོད་པའི་ཕྱིརརོ།། ཁམས་གསུམ་པ་ཡང་ལུས་དང ་ངག་དང་སེམས་ཏེ། དེ་ཡང་ཨ་བུ་དྷཱུ་ཏཱིའི་མིང་ཙཱན་ཐཱ་མལ་པའི་རྩཝའོ།། དེའི་རྒྱུ་བ་ནི་མ་རིག་པ་སྟེ་དེ་གཅོད་པར་བྱེད་པའི་དགྲ་སྟ་དྲྀ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་བདུད་ཞེས་པ་ནི་དབྱུག་པ་ལ་རྡོ་རྗེའི་ཕོ་ལུམ་དང་ལྡན ་པའོ།། དེ་ཡང་མི་ཤེས་པའི་རི་བོ་གཅོད་པའི་ཕྱིར་རོ།། དེ་ནི་ལྟོ་བ་འབབ་པའི་རྩ་གང་གིས་ས་ལ་གཉིས་མེད་པ་དེས་ནི་མི་ཤེས་པ་སྐྱེ་ཞིང་ཞེ་སྡང་ལ་སོགས་པ་ཡང་སྐྱེ་སྟེ། དེ་རྣམ་པར་བཅོམ་པས་དེའི་ཕྱིར ་སྐྱེས་པར་མི་འགྱུརརོ།། དེ་བཞིན་དུ་དུང་ཞེས་པ་ནི་དབུས་མའི་རྩ་བ་ནང་དུ་ལུས་ཐམས་ཅད་ཀྱི་སྲོག་གང་གནས་པ་དེ་ཡང་རང་བཞིན་མེད་པ་ཉིད་ལྟས་རདྲ་ལ་དབང་ཐོདབ་པ་དེ་ལ་དམིགས་པའི་ཕྱིར་ཤིན་ཏུ་ཆགས་པའི་སྒྲ ་འབྱུང་བ་ནི་ཁྱད་པར་རོ།། དེ་ཉིད་ཀྱིས་ནི་ཤང་ཀ་རིམ་ལས་ཟློག་པ་སྟེ། ཁ་ཞེས་པ་ནི་བྱ་གདོང་དེ་ལ་བརྟེན་པའོ།། ཤམ་ཞེས་པ་ནི་རང་རིག་པའི་ཡེ་ཤེས་ཤེས་པའི་དོན་ཏོ།། དེ་ལྟར་ཡང་གསུངས་པ། ཁ་ནི་རྐན ་ལ་བཞར་བའི་ལྕེ།། བསྐྱོད་པ་བདུད་རྩི་འབྱུང་བའོ།། ཤཾ་ནི་འདི་རུ་གཟགས་པ་ཡང་།། སྣ་ལས་འཇུག་ཕྱིར་མི་འཇིག་པའོ།། དེ་བཞིན་དུ་འཁོར་ལོ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་གསུངས་པའི་མཚན ་ཉིད་དེར་གནས་པ་དེས་ཐམས་ཅད་མཁྱེན་པ་དང་རྣམ་པར་ཀུན་མཁྱེན་པའི་ཕྱིར་ཞེས་པའོ།། དེ་ཉིད་ཀྱིས་ནི་མཆོག་ཆ་ཞེས་པ་ནི་འདིར་མཚོན་ཆའི་སྒྲ་ནི་གང་དང་གང་གི་བསམ་པ་དང་ལྡན་པ་དེ་དང་དེ་ལ་དེ་ཉིད་བསྟན་ཞེས ་དགོདསོ།། དེ་བཞིན་དུ་རོ་ཡིས་གང་པོའོ་ཐོད་པ་ཞེས་པ་ནི་འདི་ཉིད་ཀྱི་ཡི་གེའི་དོན་གསུངས་པ། ཀ་སྡོང་བུའི་རྩ་བར་གང་སྐྱེས་པ།། པཱ་སྨིན་བྱེད་རྣམ་པ་རྨད་དུ་འབྱུང་།། ལ་འོག་ཏུ་བལྟས་པའི་རྩ་ནི་དམིགས།། ར་རོ་བཞིན ་དུ་ན་ཡོངསུ་ཐིམ།། སཾ་དེ་ཡང་པདྨ་སར་པའི་རྩ་བཞིན།། སཾ་མཚམས་ཀྱི་དུས་སུ་ཁ་དོག་ཅན།། པྲཱ་སྲིད་པ་གསུམ་ནི་ཐོམས་ཅད་བཀང་།། རྟ་སྒྲ་གཅན་ཉིད་ལ་ཐིམ་པ་ཅན།། དེ་བཞིན་དུ་རྒོད་ཅེས་བྱ་བ་ལ་སོགྲུ་པ་ནི།། ་ཧ་དང་བ་ན་མཁའ་འགྲོ་བར་མཇེད།། ས་རོ་མཉམ་པ་ཡི་ཚུལ་ནི་ཟ།། མ་ལམ་རྣམས་ལ་ནི་བགྲོད་པའི་བྱ།། ནཱ་སྣ་ཚོགས་ངང་པ་ཡིད་རྒྱུའི་ཕྱིར།། ས་རྒྱ་མཚོའི་འགྲམ་ནི་ཉམས་དགའ་བར།། མཱ ་བུཾ་པ་ཅན་ནི་དགང་ཡང་ན།། ལི་ཨཱ་ལི་ཀཱ་ལི་གཉིས་ནི་བཟའ།། ཁེ་དེས་ན་སྔོན་པོ་ནི་མཁར་འགྲོ། དེ་བཞིན་དུ་ཕྱག་ན་བུམ་པ་ཞེས་པ་ནི་ཇི་ལྟར་བུམ་པ་བཟང་པོ་རིན་པོ་ཆེ་ཐམས་ཅད་ཀྱིས་རབ་ཏུ་གང་བ་དེ་བཞིན་དུ་དེ་ལྟར་ཨ ་བ་དྷཱུ་ཏཱིའི་ཆོས་ཉིད་གྲངས་མེད་པའི་ཡོན་ཏན་གྱི་བརྒྱན་པ་དེས་ན་ཀུན་རྫོབ་ཀྱི་ཕྱོགས་ལ་དེ་ཆོས་ཀྱི་དབྱིངསོ་ཞེས་པའི་དོན་ཏོ།། དེ་ཉིད་ཀྱིས་ན་རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་ཕྱིར་ཐབས་སྣ་ཚོགས་བྱེད་པའོ།། དེ་ཉིད་ཐབས ་ཀྱི་རྡོ་རྗེའོ།། དེའི་ཤེས་རབ་དྲིལ་བུ་ཞེས་པ་ནི་དངོས་པོ་ཐམས་ཅད་རྟོགས་པར་བྱེད་པའོ།། དེས་ནུ་ཕ་རོལ་ཏུ་ཕྱིན་པའི་ཚུལོ།། དེ་གཉི་ག་ནི་སྟོང་པ་ཉིད་རྡོ་རྗེར་བརྗོད་དོ།། ཐོད་པ་ཞེས་བྱ་བ་ལ་སོགས་པ་ལྔ། མིའི་ལྕུག ་པས་གཡོགས་ཤིང་ཞེས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཐོད་པ་དང་དངོས་པོ་ཐམས་ཅད་ཀྱིས་སྟོང་པ་ཁོང་སྟོང་མངལ་ནས་སྐྱེས་པའི་སེམས་ཅན་རྣམས་ལ་དེ་བསྟན་པས་ཤ་དང་པགས་པའི་མིག་གིས་མཐོང་།། ་དེས་ན་མིའི་ལྤགས་པས་གཡོགས་པ་བཅོམ་ལྡན་འདས་གཟུགས་ཀྱི་སྐུའོ།། དེའི་ཕྱིར་བདེན་པ་མ་ཡིན་བརྫུན་པ་མིན།། དེ་བཞིན་མ་སྐྱེས་མི་འགོགས་པ།། སྣང་བ་ཙམ་གྱི་མཚན་ཉིད་དེ།། དེ་ཡང་སྒྱུ་མ་གཞན་དུ ་མིན།། དེ་བཞིན་དུ་རྫས་ཀྱིས་བཀང་བ་ཞེས་པ་ནི་ཁྲག་དང་ཁུ་བ་དང་བཤང་བ་དང་གཅི་བ་རྣམས་ཀྱིས་བཀང་བའོ།། དེས་ན་རང་བཞིན་ཡོངསུ་ཤེས་པའོ།། དེ་ཡང་སྔོན་ནས་རྣམ་པར་གཟུང་བ་དེས་ན་སངས་རྒྱས་རྣམས ་ཀྱི་སྐུའི་གནས་སྐབས་ཀྱི་ཟབ་མོའི་ཆོས་ཀྱང་སྟོན་ཏོ།། དེ་བཞིན་དུ་འདབ་མ་ཞེས་པ་ནི་དེ་རྣམས་ལའོ།། ལྷ་མོ་བྲི་ཞེས་པ་ནི་རང་སྣང་བའི་མཚན་ཉིད་དམིགས་པའི་ཕྱིར་རོ།། དེ་བཞིན་དུ་ལྟེ་བར་ཞེས་པ་ནི་ཨོཾ་བ་དྷཱུ་ཏཱི་ལའོ།། ་བདེ་བ་ཆེན་པོ་ནི་རང་རིག་པའི་ཡེ་ཤེས་ཏེ། དེ་དང་ལྡན་པའི་སྤྲུལ་པའི་སྐུའོ།། རོལ་མོ་ཞེས་པ་ནི་སངས་རྒྱས་གཅིག་ཉིད་ཀྱི་ཐུགས་ཀྱི་དངོས་པོ་ལས་འབྱུང་པོ་སྣ་ཚོགས་པ་གྲངས་མེད་པ་དང་སངས་རྒྱས་དང་། བྱེང ་ཆུབ་སེམས་དཔའ་རྣམས་སྤྲོས་པའོ།། དེ་ཇི་ལྟར་རོལ་མོ་ཡིན་ཞེ་ན། མི་ཤིགས་པའི་བདག་ཉིད་ཀྱི་སངས་རྒྱས་དེ་རྣམས་ཀྱང་ཤེས་རབ་ཀྱི་སྒྲ་ཡིས་སད་པར་བྱས་པའོ།། དེས་ན་རོལ་མོ་ནི་ཉེ་བར་བཏགས་པོར ་འགྱུ་རོ།། དེ་ལྟར་ཡང་གསུངས་པ། སྭཱ་ཡི་དབུས་ལས་ཡང་དག་འབྱུང་།། སངས་རྒྱས་ཐམས་ཅད་གཤེགས་པ།། ཤེས་རབ་ཀྱིས་ནི་འདི་བསྐུལ་ཏེ།། ཤིན་ཏུ་ཆགས་པའི་སྒྲ་ཡིས་སང་།། དེ་ཉིད་ཀྱིས་ན་གསང ་འི་དཀྱིལ་འཁོར་དུ་ཞེས་དགོངས།། དེ་བཞིན་དུ་སྒོ་སྐྱོང་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ལྗགས་ཀྱུ་མ་ལ་སོགས་པའི་རྣལ་འབྱོར་མ་བཞི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་ཏེ། དེ ་བཞིན་གཤེགས་པ་རྣམས་རྩོད་པའི་དུས་ལ་སོགས་པ་རྣམསུ་འཁྲུངས་པར་འགྱུར་བའོ།། དེ་བཞིན་དུ། བྷ་གའི་དབུས་སུ་བསྒོམས་ནས་སུ་ཞེས་པ་ནི་སྔོན་དུ་གསུངས་པ་སྡུད་པའི་ཕྱིར་བྷ་ག ་ཞེས་པ་ནི་མའི་སྐྱེ་གནས་ཞེས་པའི་དོན་ཏོ།། དེས་ན་སྔགས་ཀྱི་བཟླས་པ་ཞེས་པ་ནི་བརྗོད་པའོ།། དེ་ཡང་ཧཱུཾ་ནི་ལ་སོགས་པའོ།། ངེས་དོན་དུ་ཧཱུཾ་ནི་རྡོ་རྗེ་སེམས་དཔའ་སྟེ་ཞེས་པ་ནི་སེམས་རང་རེག་པའི་སྲོག་གི་ཧཱུཾ་གཽ་མིང་ཅན ་ནོ།། དེ་ཡང་ཨཽ་ཞེས་བྱ་བའི་དབྱངས་ཀྱིས་ཕྱེ་ཞེས་པ་ནི་ལུས་དང་སེམས་འདྲེས་པར་འགྱུར་བའོ།། ཨཱཿཞེས་བྱ་བའི་ངག་དང་ལྡན་ཞེས་པ་ནི་དེས་ན་ལུས་དང་ངག་དང་སེམས་ཀྱི་ཆོས་རྣམས་བསྡུས་པའོ།། དེ་ཉིད་ཀྱིས ་ན་དག་པའི་ཤེལ་དང་མཚུངས་ཞེས་པ་ནི་ཞི་བ་ལ་སོགས་པའི་མདོག་གོ།། དེ་བཞིན་དུ་ཧཱིཿནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་བཞིན་དུ་བསམ་གཏན་ཞེས་བྱ་བ་ལ་སོགས་པ་ལ།། ཡི་གེ་གཅིག་ཅེས་པ་ནི་རྡོ་རྗེ་བཟླས ་པའི་བསམ་གཏན་གྱིས་འཇུག་པ་ལ་སོགས་པའི་རླུང་གསུམ་གཅིག་ཉིད་དུ་འགྱུར་བའོ།། དེའི་ཚེ་མི་འཛག་པས་ནཱི་ཡི་གེ་གཅིག་གོ།། འགྱུར་ཞེས་པ་ནཱི་རྗེ་སུ་འཇུག་པོའོ།། དེ་ལྟར་བསྡུས་ནས་ཨོཾ་ཧཱུཾ་ཨཱཿདྷཱི་སྭཱ་ཧཱ་ཞེས་པའོ།། ་སླར་ཡང་འདབ་མ་ཞེས་བྱ་བ་ལ་སོགས་པ་ལ། ལྷ་མོ་རྣམས་ཞེས་བྱ་བ་ནི་རྡོ་རྗེ་དྲག་མོ་ལ་སོགས་པ་རྣམས་ཀྱིས་སྔགས་འདབ་མ་རྣམས་ལ་དགོད་པའོ།། བསྡུས་ན་ཨོཾ་ཧཱུཾ་ཨཱཿབཛྲ་བུདྡྷིཿསྭཱ་ཧཱ།། དེ་བཞིན་དུ་ཐམས ་ཅད་ཀྱི་མིང་བར་དུ་སྤེལ་བ་སྔགས་དང་པོ་དང་མཐའ་མར་སྦྱརོ།། དེ་ནས་ས་བོན་བཞི་ཞེས་པ་ནི་ཧ་དང་ཨཻ་དང་ར་དང་ཚིག་དྲག་གོ། བསྡུས་ན་དྷཾ་ཞེསོ།། མཆོད་པ་བཞི་ཞེས་པ་ནི་ཕྱི་དང་ནང་གསང་བ་དང་བླ་ན་མེད་པའོ།། དེ་ཡང ་རང་བཞིན་ཉིད་ཅེས་པ་ནི་དགའ་བ་ལ་སོགས་པ་བཞི་བྱེད་པའོ།། དེས་ནང་དང་པོའི་དབྱངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་དེ་དང་པོར་ལྡན་ཞེས་པ་ནི། ཤེས་རབ་མ་དང་གི་པདྨ་སྟེ། ཧཱིཿཡོངསུ་གྱུར་པ་དེའི ་ལྟེ་བར་ཨ་ལས་ཆོས་ཀྱི་འབྱུང་གནས་ཀྱི་རྣམ་པའོ།། དེ་ཡང་དབུ་སུ་ཧྲཱིཿདང་ལྡན་པའོ།། དེ་བཞིན་དུ་སྒོ་སྐྱོང་ཞེས་བྱ་བ་ནི་མཆོད་པའི་སྔག་སོ།། བསྡུས་ནས་ས་བོན་བཞི་ཞེས་པ་ནི་ཧཱུཾ་དང་ཨཱཿའོ།། སོགས་པའི་སྒྲ་ནི ་ཕྱག་འཚལ་བའོ།། དེ་བཞིན་དུ་དྷཱིའོ།། དེ་ལྟར་ཨོཾ་ཧཱུཾ་ཡ་བཛྲ་ཡཾ་ཀུ་ཤྲྀ་དྷཱི་སྭཱ་ཧཱའོ།། ཐམས་ཅད་དུ་ཞེས་པ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་སྔགས་རང་གཱི་མིང་བརྗོད་པའོ།། ཡང་ན་ས་བོན་བཞི་ཞེས་པ་ནི་སྤྱི་བོར་ཨོཾ་མ ་དེ་བཞིན་དུ་ཁུར་ཨཱཿའོ།། སྙིང་གེ་ར་ཧཱུཾ་ངོ་།། པུས་མོ་དང་རྐང་པ་ལ་སྭཱ་ཧཱའོ།། དེ་ལྟར་ཐམས་ཅད་དུ་ཞེས་པ་ནི་རྣལ་འབྱོར་མ་ཐམས་ཅད་རིགས་ལྔའི་རིགས་ཅན་དུ་བྱས་པའོ།། གང་ཡང་དཀྱིལ་འཁོར་པ་དེ་རྣམ ་ཀྱང་མ་ལ་སོགས་པ་རྟོགས་པ་དང་པོའི་རབ་ཏུ་བྱེད་པ་དང་པོར་གསུངས་པ། འདི་ལྟ་སྟེ། མ་དང་སྲིང་མོ་ཉིད་དང་ནི།། དེ་བཞིན་བུ་མོ་གཉེན་མོ་དང་།། བྲམ་ཟེ་མོ་དང་རྒྱལ་རིགས་མའོ།། རྗེའུ་མོ་དམངས་མོ་གར་མཁན ་མ།། ཁྲུས་མཁན་མ་དང་གཡུང་མོ་ཉིད།། གཏུམ་མོ་བཅུ་གཉིས་ཤེས་པར་བྱ།། དེ་རྣམས་ཀྱི་ཆོ་ག་ནི་ཇི་ལྟརརུ་གསུངས་པ་བཞིན་དུ་བྱའོ།། དེས་ན་སྒྲུབ་པས་ས་ཞེས་བྱ་བ་ལ་སོགས་པ་ནི་བྷ་གར ་མཚན་མ་གཞུག་པའོ།། དེ་ཡང་བྷ་ག་དང་མཚན་མ་དེ་དག་ཀྱང་རོ་གཅིག་པ་ཉིད་དོ།། འོན་ཀྱང་རྡོ་རྗེ་ཧཱི་ཡོངསུ་གྱུར་པས་བྱ་སྟེ། དེའི་ལྟེ་བ་ཨོ་དཀར་པོ་བྱང་ཆུབ་སེམས་ཀྱི་བུ་གར་རོ།། དེ་བཞིན་དུ་ཨཱཿའོ།། དེའི ་དབུས་སུ་ཆགས་པ་ཆེན་པོའི་རང་བཞིན་དྷི་ཞེས་པ་ནི་སྟེང་དུ་ཁ་ཕྱོགས་པའོ།། དེ་ལྟར་ཨོཾ་དང་ཧྲཱིཿངག་གིས་དབུས་ཨཱཿཁ་དོག་དམར་པོའོ།། ཨོཾ་ནི་ཁ་འོག་ཏུ་བལྟས་པའོ།། ཚེག་དྲག་གི་མཐར་སྭཱ་ཧཱ་སྦྱར་རོ།། འདིས་ནི་རྣལ་འབྱོར་མ ་རྣམས་མི་འཛག་པ་ཉིད་དུ་འགྱུར་རོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིརརོ།། བཟླས་པའི་སྔགསུ་རབ་བསྟན་པའི།། བསམ་གཏན་གྱིས་ནི་ཡིག་གཅིག་འགྱུར་ཞེས་པཅོམ་ལྡན་འདས་ཀྱིས་གསུངས་པས་ངེས་པའོ།། དེ་བཞིན་སྒྲུབ་པ་པོསོ་ཞེས་བྱ ་བ་ལ་ཁ་ནས་ཧཱུཾ་དང་ཧྲཱིཿདག་གདོན་པར་བྱའོ།། མན་ངག་ལོས་ཡི་གེ་ཕྱེ་དང་གཉིས་གཉིས་ཧི་ཀ་དང་ཨ་ཧི་ཀ་བཞིན་སྟེང་དུ་ཧཱུཾ་ངོ་།། འོག་ཏུ་ཧྲཱིཿཞེས་པ་གཉིས་ཀ་དགེ་མགྲིན་ནང་དུ་བརྗོད་པའི་ཕྱིར་སྲོག་དང་ཐུར་སེལ་དག་འགོག་པར ་འགྱུར་རོ།། ཁ་ཡིས་ཞེས་པ་ནི་ཨ་བ་དྷཱུ་ཏཱིའི་ལམ་ནས་བཟའ་བར་བྱའོ།། དེ་ཡང་དེ་ལས་བླང་བ་སྟེ། ཁུ་བ་ཞེས་པ་ནི་གཅིག་ནི་རེའི་རང་བཞི་ནོ།། གཉིས་པ་ནི་ཡི་གེའི་དོན་ངེས་པར་གསུང་པོའོ་ཚིག་གིས་འདིར་ཤུ་ཞེས་པ་ནི་ཨ་བ་དྷ ་ཏཱའི་ནང་དུའོ།། ཀྲྀ་ཞེས་པ་ནི་སྔོན་དུ་གསུངས་པའི་རོའི་མིང་ཅན་འཕོ་བས་ཐམས་ཅད་ཨ་བ་དྷཱུ་ཏཱིའི་བཞིན་དུ་འགྱུར་ཏེ། དེར་ཐིམ་པའི་ཕྱིར་རོ།། ཁྲག་གི་དུས་སུ་ཞེས་པ་ནི་ཆགས་པའི་དུས་སུ་སྟོན་དུ་གསུངས་པའི་ཚུལ་གྱིས ་ལས་ཀྱིས་ཕྱག་རྒྱ་དང་རབ་ཏུ་སྦྱིན་པའི་ཕྱིར་དེ་བྱ་ཞེས་དགོངས་སོ།། ཡང་ན་དབང་པོ་གཉིས་ཡང་དག་པར་སྦྱོར་བ་ལས་སྐྱེས་པ་རང་གི་ཁའི་ལྷོས་བཟའ་བར་བྱ་ཞེས་པའོ།། རྒྱ་ལ་ཤེས་རབ་མ་རང་འབྱུང་གི་མེ་ཏོག་དང་ལྡན་པའི་དེའི་ཚེ ་ཡང་དུས་དེར་བྱང་ཆུབ་སེམས་དང་ལྷན་ཅིག་འདྲེས་པར་འགྱུར་བ་བཟའ་བར་བྱ་ཞེས་པ་ནི་ཁྲག་གི་དུ་སུ་ཞེས་བྱ་བ་ལ་སོགས་པ་དང་སྐ་རོ།། དེས་ན་རྣལ་འབྱོར་མའི་མཆོག་མཉེས་པར་འགྱུར་ཏེ། དེའི་ཚེ་སྒྲུབ་པ་པོ་རྣམས་ཀྱི་འདོད་པའི ་འབྲས་བུ་འགྱུར་རོ།། སླར་ལ་ཡང་ཧཱུཾ་ཞེས་བྱ་བ་ལ་སོགས་པའི་ངེས་པའི་དོན་གསུངས་ཏེ། ཧཱུཾ་ཞེས་པ་ནི་མི་བསྐྱོད་པའོ།། ཨོཾ་ནི་རྣམ་པར་སྣང་མཛད་དོ།། ཨཱཿནི་རིན་ཆེན་འབྱུང་ལྡན་ནོ།། དྷཱི་ནི་འོད་དཔག་མེད་དོ།། སྠ་ནི་དོན་ཡོད ་གྲུབ་པའོ།། ཧཱ་ནི་རྡོ་རྗེ་སེམས་དཔའོ།། དེ་བཞིན་གཤེགས་པ་དེ་རྣམས་སྐྱེས་ཙམ་ཉིད་ན་མངོན་པར་ཤེས་པོ་ཐོབ་པར་འགྱུརརོ།། དེས་ན་ཧྲཱིཿཞེས་པ་ནི་ལྷ་མོ་བཅུ་གཉིས་བཅུ་གཉིས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་མ་རྣམས་ཀྱི་སྔས ་རྣམས་ཏེ། རང་གི་མིང་དང་མཐུན་པའི་ལས་བྱ་བའོ།། དེས་ན་ས་བོན་བཞི་ཞེས་པ་ནི་སྤྲུལ་པ་དང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་བདེ་བ་ཆེན་པོའི་ས་བོན་ནོ།། ཡང་དག་ལྡན་ཞེས་པ་ནི་ས་བཅུ་གཉིས་ཀྱི་རྣལ་འབྱོར་མའོ།། དེས ་ན་མཆོད་པ་བཞི་ཞེས་པ་ནི་དུས་བཞི་ཞེས་པ་ནི་དུས་བཞི་གང་གི་མཆོད་པ་ནི་རྫོགས་ལྡན་ལ་སོགས་དུས་བཞི་གང་གིས་ཤེས་དགོངས་སོ།། དེ་ཡང་ཆོས་ཀྱིས་འཇུག་པའི་ཚུལ་གྱིས།། ཡང་ན་ས་བོན་བཞི་ཞེས ་པ་ནི། ཨོཾ་ཨཱཿསྭཱ་ཧཱའོ།། དེ་བཞིན་དུ་དང་པོའི་དབྱངས་ཡིག་ལ་སོགས་ལྡན་ཞེས་པ་ནི་དབྱངས་ཡིག་བཅུ་གཉིས་ཏེ་རྣལ་འབྱོར་མ་བཅུ་གཉིས་པོ་ར་རེའི་ཡི་གེ་ས་བོན་བཞིའི་དབུསུ་ངེས་པར་སྦྱར་བའོ།། བསྡུས་ན་ཨོཾ་ཨཱ་ཨཱཾ་ཧྲཱིཿསྭཱ་ཧཱ། ་ཞེས་པ་རྡོ་རྗེ་དྲག་མོ་ལ་སོགས་པའོ།། ཡང་ན་དེའི་ཕྱིར་དང་པོའི་དབྱངས་ལ་སོགས་པ་ཞེས་པ་ནི་དབྱངས་ཡིག་བཅུ་གཉིས་པོ་རྣམས་ཀྱི་དབུ་སུ་ཨ་ལ་སོགས་པ་དབྱངས་བཞི་རྫོགས་ལྡན་གྱི་སྟེ། ཨཱ་ཨཱ་ཨོཾ་ཨཱི། དེ་བཞིན་དུ་གསུམ ་ལྡན་ལ་ཨུ་ཨཱུ་ཨེའོ།། གཉིས་ལྡན་ལ་ཨཻ་ཨོའོ།། རྩོད་ལྡན་དུས་ལ་ཨོའོ།། རྫོགས་ལྡན་དང་རྩོད་ལྡན་གྱི་དུས་ཀྱི་དབུས་ཐོག་མ་དང་ཐ་མར་ཨཾ་ཨཱཿསྤྲོ་བ་དང་སྡོད་པར་བྱེད་པའོ།། དེ་བཞིན་དུ་རྀ་རཱྀ་ལྀ་ལཱྀ་སྟེ་དེ་ལྟར་རང་ཉིད་ཀྱི་དུས ་རྣམསོ།། དེ་བཞིན་དུ་ཏིངེ་འཛིན་ལ་འཇུག་པའི་དུས་སུ་རྫོགས་ལྡན་ནོ།། དེ་བཞིན་དུ་དང་དུ་ལེན་པའི་དུསུ་ནི་གསུམ་ལྡན་ནོ།། ཉམ་སུ་མྱོང་བའི་དུས་ནི་གཉིས་ལྡན་ནོ།། རང་བཞིན་མེད་པའི་དུས་སུ་རྩོད་དུས་སོ།། ཞེས་དགོངས་སོ།། ་དེས་ན་ཞེས་བྱ་བ་ལ་སོགས་པ་ལ།། རྡོ་རྗེ་དང་བྷ་ག་དག་ཅེས་པ་ནི་སྣ་ཚོགས་པའི་ཆོས་ནི་ཆོས་ཉིད་དུ་ཉེ་བར་སྦྱང་བར་བྱས་ནས་གང་དུ་སྐྱེས་པ་དེས་ཐིམ་པར་འགྱུར་ཏེ། བཅོམ་ལྡན་འདས་ཞེས་པ་འོད་གསལ་བའི་མཐར་ས ་དང་ཡང་ལྡང་བར་བྱའོ།། དེས་ན་དེར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་དང་སྙིང་རྗེའི་ས་བོན་གཉིས་པོ་འདིས་ཏེ། ཁ་ཞེས་པ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་སེམས་ཏེ། དེས་ན་བཟའ་ཞེས་པ་ནི་ཉེ་བར་བསྡུ་བའོ།། ་བུ་བ་ཞེས་པ་ནི་འོད་གསལ་བའི་འབྲས་བུ་བཟང་པོའི་རྒྱུ་ཞེས་པའོ།། དེ་ཡང་ཁྲག་གི་དུས་སུ་ཞེས་པ་ནི་སྙིང་རྗེའི་དུས་སུ་བསམ་གྱིས་མི་ཁྱབ་པ་གཉིས་མེད་པའི་ཏིངངེ་འཛིན་གྱི་ཚུལ་གྱིས་བཟའ་བར་བྱ་བའོ།། འདི་ནི་མདོར་བསྡུས་ཏེ ་གསུངསོ།། རྒྱས་པར་ཡང་རྒྱུད་སྣ་ཚོགས་པའི་དགོངས་པས་རྟོགས་པར་བྱའོ།། དེ་བཞིན་དུ་སེམས་ཅན་རྣམས་ཀྱི་བསམ་པ་སྣ་ཚོགས་པས་དེ་རྣམས་ཀྱི་བསམ་པ་རྣམས་གཅིག་ཏུ་བྱ་བའི་ཕྱིར་ཐབས་རྣམས་བསྟན་པ ་གསུངས་ཏེ། སྟོང་པ་དང་སྙིང་རྗེའི་ས་བོན་གཉིས་པོ་འདིས་ཏེ། ཁཾ་ཞེས།། དཽརྱ་ནི་སྔགས་ཀྱི་བཟླས་པ་བྱ་ཞེས་པ་ནི་རྟོག་པ་ཐམས་ཅད་ཉམ་སུ་མྱོང་བའི་དུས་ངག་གི་སྒོ་ནས་བརྗོད་པའི་ཡི་གེ་ནི་སྔག་སོ།། དེ་རྣམས་ཀྱི་རང་རིག་པ ་བསམ་དུ་མེད་པ་ཉིད་ནི་བཟླས་པའོ།། དེར་ནི་ཞེས་པ་ནི་མི་འཛག་པའི་གན་སུ་རྡོ་རྗེ་བཟླས་པ་བྱ་སྟེ། རླུང་བཅུ་རྣམས་ངེས་པར་གཟུང་བའི་ཐབས་ཏེ་ཧཱུཾ་གི་མཽང་ཅན་གྱིསོ།། ཡེ་ཤེས་སེམས་དཔའ་དེ་ཉིད་ཀྱི་སྙིང་གར་ཏིང་འཛིན ་སེམས་དཔའ་སྟེ། འདབ་མ་བརྒྱད་ལ་ལྷ་མོ་རྣམས་ཉེ་བར་དགོད་པའི་ཕྱིར་རོ།། དེའི་ཚེ་རིམ་པ་བཞིནི་ཤར་གྱི་འདབ་མ་ལ་སོགས་པར་གཡས་བསྐོར་གྱིས་རྡོ་རྗེ་ཕག་མོ་ལ་སོགས་པར་དགོད་པའོ།། དྲག་མོ་ཞེས་པ་ནི་ཞེས ་སྲུང་བསྐྱེད་པའི་རྩ་བའོ།། དེ་བཞིན་དུ་ལུས་ནི་གཏི་མུག་བསྐྱེད་པའོ།། ཆགས་མ་ཞེས་པ་ནི་འདོད་ཆགས་བསྐྱེད་པའོ།། ཞི་བ་ཞེས་པ་ནི་ཞི་བ་བསྐྱེད་པའོ།། གནོད་སྦྱིན་ཞེས་པ་ནི་ཕྲག་དོག་གོ།། མཁའ་གྲོ་མ་ཞེས ་པ་ནི་ངར་འཛིན་པའོ།། སྒྲ་ཞེས་པོ་ནི་སེར་སྣའོ།། ས་ཞེས་པ་ནི་ང་རྒྱལ་རྒྱུ་བ་ཅན་ཞེས་པའོ།། དེ་ལྟར་ཡང་དམ་ཚིག་སེམས་དཔའ་བཞིན་དགྱེས་པའི་རྡོ་རྗེའི་འབྱོར་མ་ཕྱོག་བཞི་པ་བསྒོམོས་པས་དེ་རྣམས་ཀྱི་ཉེས་པ་དང་བྲལ་ལོ།། ་སྨྲསླར་ཡང་རྩ་བརྒྱད་པོ་དེ་རྣམས་ཀྱིས་ཞེ་སྡང་ཆེན་པོ་ལ་སོགས་པ་བསྐྱེད་པའི་ཕྱིར་རྫོགས་པ་ཡང་སྟེ་ཐམས་ཅད་ལ་རྡོ་རྗེའི་སྒྲས་བརྗོད་དོ།། དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོར་ཕྱག་བཞི་པ་འམ་ཕྱག་དྲུག་པ་ལྷ་མོ་བརྒྱད་ཀྱིས་བསྐོར ་རོ།། དེ་ཉིད་ཀྱིས་གཉིས་ལྡན་གྱི་དུས་སྦྱིན་པ་ལ་སོགས་པུ་ལ་འཇུག་པས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་མཐོང་བར་འགྱུར་ཞེས་སྒྱུ་རོ།། ད་ལྟར་གྱིས་དུས་ཡང་དབང་པོ་རྣོན་པོ་རྣམས་ལ་གསལ་བར་འགྱུར་ཏེ། གཞན ་དུམཱ་ཡིན་ཞེས་དགོང་སོ།། དེ་ལྟར་དེ་སོགས་པ་བསྟན་པ་དེའི་ཚེ།། སྒོམ་པ་པོ་རྣམས་ཀྱི་སྒྲུབ་ཐབས་ཀྱིས་དོན་ཏུ་ཏོང་འཛིན་གསལ་བར་བྱས་པ་ནི་འདིར་རྙིང་ཟླ་བའི་ཕྱིར་རོ།། བདག་གིས་ནི་དགོས་པ་ཙམ་ཞིག་བསྟན་ཏོ།། དེ་ཡང ་དག་གི་བླ་མའི་བཀ་སོ།། རང་གི་རང་བཟོས་ནི་མ་ཡིན་ཏེ་བྱིས་པ་རྣམས་ཀྱིས་སུན་འབྱིན་ཅིང་མཐོ་འཚམ་པས་འཇིགས་པའི་ཕྱིརརོ་ཞེས་པ་ནི་ངེས་པའོ།། གང་ཕྱིར་བྱིས་པ་སྐྱེ་བོས་ཡོན་ཏན་ཅན་མི་བཟོད་ཅིང་ཉེས་པས་ནས་པར ་འགྱུར།། སྲིད་པ་གསུམ་དུ་མི་བདེན་དངོས་པོ་མི་རྟག་པ་ཉིད་འདིར་ནི་འདིར་མི་རིག། དེའི་ཕྱིར་སྡུག་བསྔལ་ལས་ཀྱིས་བྱིས་པ་རྣམས།། ཤི་ནས་ངུ་འབོད་ལ་སོགས་དམྱལ་བར་འགྲོ། བློ་ལྡན་རྣམས་ལ་གདུག་པ་གྲངས ་མེད་འཚེ་བ་ཀྱི་ཧུང་སྙིང་རེ་ཎཱ། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་གཉིས་པོའི་རབ་ཏུ་བྱེད་པ་གསུམ་པའི་རྒྱ་ཆེར་འགྲེལ་ཡང་དག་པོའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ།། གསུམ་པའོ།། ། ་ད་ནི་རྩོད་པའི་དུས་ཀྱི་སེམས་ཅན་མངོན་སྤྱོད་ཀྱི་ལས་ལ་སོགས་པ་ལ་དགའ་བ་རྣམས་ཀྱི་ཞི་བོ་ལ་སོགས་པའི་ལས་བྱ་བའི་ཕྱིར་དང་ཐབས་དང་བཅས་པས་སེམས་ཅན་གྱི་དོན་དུ་སྒྲུབ་ཐབས་སྣ་ཚོགས་པའི་ཕྱིར ་མདོར་བསྟན་པའི་རབ་ཏུ་བྱེད་པ་གསུམ་གྱི་མཐར་སླར་བཤད་པ་བརྗོད་དོ།། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་བོས་ཏེ་ཉོན་ཅིག་ཅེས་པའོ།། དེ་ལྟར་ཚུལ་བཞིན་ནས་པ་ནི་ག ་རིམས་བཞིན་ཏེ། སྔོན་དུ་གསུངས་པའི་དུས་རྣམས་ཀྱི་མཐར་ཆད་པའི་དུས་གསུམ་ཡང་ཡོངསུ་ཤེས་པར་འགྱུརརོ།། དེས་ཀྱང་བསྐལ་པ་བཟང་པོའི་ནང་དུ་སེམས་ཅན་རྣམས་ཀྱི་བློ་བུར་བའི་དྲི་མ་རྗེ་སུ་བསྡུས་པ ་གང་ཡིན་པ་དེ་ཐམས་ཅད་ཡོངསུ་ཟད་པར་འགྱུར་བའོ།། དེས་ན་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོ་ཡང་འཆང་བཞིན་པ་དེསོ།། བསྒྲུབ་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ།། ཁྱད་པར་ཉིད་ཅེས་བྱ་བ ་ནི་མན་ངག་ཇི་ལྟ་བ་ལས་རྣལ་འབྱོར་གྱིས་ནུས་པས་ཞེས་པ་སྟེ་ངེས་པའོ།། དེས་ཀྱང་ཅི་ཞིག་བྱེད་ཅེ་ན་གསུངས་པ། ཞི་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་གཅིག་གིས་ཀྱང་བསྒྲུབ་བྱའི་ཁྱད་པར་སྣ ་ཚོགས་པ་བྱེད་དེ་ཞི་བ་དང་རྒྱས་པ་ལ་སོགས་པའོ།། དེ་ཡོང་རེ་མིག་ཅེས་བྱ་བ་ལ་སོགས་སྟེ། རེ་མིག་དགུའི་འཁོར་ལོ་འདབ་མ་བརྒྱད་པ་བཞིན་འགྲོ་བའི་འདབ་མ་ལ་སོགས་པ་རྣམས་གུར་ཀུམ་དང་པོ་ལ་གི་གི་ཝང་ལ ་སོགས་པསྨཻ་བྲི་བར་བྱའོ།། སོགས་པའི་སྒྲས་ནི་རེ་མིག་སྟོང་གྲི་མཐར་ཐུག་པར་བྲི་བུར་བྱ་ཞེས་པའོ།། ཕྱི་རོལ་མུ་ཁྱུད་ཅེས་པ་ནི་སེམས་ཅན་ཐམས་ཅད་རྣམས་ཀྱི་ངེས་པས་བྱ་ཞེས་སྦྱ་རོ།། དེ་བཞིན་དུ་ལས་ཀྱི་ཁ་དོག་སོགས ་ཞེས་པ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་ཁྱད་པར་གྱིས་ཡི་གེ་རྣམས་དཀར་པོ་ལ་སོགས་པའི་མདོག་ཏུ་བསྒོམ་པར་བྱའོ།། འཁོར་ལོ་ཞེས་པ་ནི་བསྒོམ་པར་བྱ་བ་འམ་དངོས་སུ་བྱ་ཞེས་དགོངསོ།། ཨོཾ་ཞེས་བྱ་བ་ལ་སོགས ་པ་ནཱི་འཕགས་མ་སྒྲོལ་མའི་ཡི་གེ་བཅུའི་སྔགས་ཀྱི་བསྲུང་བའི་འཁོར་ལོའོ།། འདིའི་ཞེས་པ་ནི་སྔགས་འདིའི་དབུས་ཀྱི་རི་མིག་ཏུ་ཨོཾ་དཾ་བ་དཏྟ་སྱ་ཤཱནྟི་ཞེས་བྱ་བ་ལ་སྩོགས་པ་ཀུ་རུ་ཧོ་ཞེས་པའོ།། དེ་བཞིན་དུ་ཤར་ལ་སོགས ་པའི་འདབ་མ་བརྒྱད་ལ་གཡས་བསྐོར་དུ་རིམ་པ་བཞིན་ཨོཾ་དེ་བ་དཏྟ། དེ་བཞིན་དུ་ཨོཾ་ཆེ་གེ་མོ་རེ། ཨོཾ་ཆེ་མོ་ཏུང་། ཨོཾ་ཆེ་གེ་མོ་ཏྲཾ། ཨོཾ་ཆེ་གེ་མོ་རཾ། ཨོཾ་ཆེ་མོ་ཅན་ཡ་ཨཾ་ཆེ་གེ་མོ་སྠཱ་ཞེས་བྲིའོ།། དེ་ལྟར་ཕྱི་རུ་རེཀྵ་བསྲུངས ་དྲིའི་ཚེ་སྒྲུབ་པ་པོའི་གནས་ལ་སོགས་པ་སྟོང་པ་ཉིད་ཀྱིས་བསྲུང་བ་གསུངས་ཏེ། མཉམ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་བཞིན་དུ་སེམས་ཅན་ཞེས་བྱ་བ་ལ་སོགས་པ་ནི་མཆོད་པའི་རྣམ་པ་དང་ཡོན་དང་མེ་ཏོག་ལ ་སོགས་པའི་དངོས་པོ་རྣམས་གནས་ངན་པ་དང་དུས་ཀྱི་ཁྱད་པར་གྱི་མེ་ཐོབ་པ་དེའི་ཚེ་སེམས་ཅན་ནང་པ་རྣམས་ཀྱི་ཕྱིར་རྣལ་འབྱོར་བསྒོམས་པས་ཞེས་པ་ནི་ཅུང་ཟད་རྣལ་འབྱོར་ལ་གོམས་པའི་དབང་གིས་ནུས་པའི་དངོསྡེ་པོས ་བྱང་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་སྦྱོར་བ་བསྟན་པའི་ཕྱིར།། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིར་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་དཔལ་སྒྱུ་འཕྲུལ་དྲ་བ་ལས་འབྱུང་བ་བརྗོད་དོ།། རྒྱུད་འདི་ནི ་མདོར་བསྡུས་པ་ཉིད་གསུངས་ཏེ། དེས་ན་ཟླ་བའི་དཀྱིལ་འཁོ་ར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་རྣམསུ་ནི་རྒྱས་པར་གསུང་སོ་ཞེས་དགོངསོ།། དེ་གསུངསཔ་ཐོ་རངས་གདོང་དག་པ་ལ་སོགས་པ་བྱས་ཏེ་བསམ ་གཏན་གྱི་གནས་སུ་ཞུགས་ནསྭཱ་བདེ་པའི་སྟན་ལ་འདུག་སྟེ། བཅོམ་ལྡན་འདས་སྒྲོལ་མཱའི་བྲིས་སྐུ་ལ་སོགས་པར་ཆུད་པར་དམིགས་ལ་མཎྜལ་བྱས་ཏེ། མེ་ཏོག་ལ་སོགས་པ་ཉེ་བར་སྤྱོད་པ་ལྔའི་མཆོད་པ་རྣམས་དབུའོ།། ་མ་འབྱོར་ན་ཐམས་ཅད་ཡིད་ཀྱིས་བྱའོ།། དེ་ནས་གཏོར་མ་ཡང་སྦྱིན་པར་བྱའོ།། རང་གི་སྟོང་གོའི་ཟླ་བར་ཡི་གེ་ཏཱཾ་ལས་འོད་ཟེར་རྣམ་པ་ལྔ་འཕྲོས་ཏེ་རང་གི་བདག་ཉིད་སྦྱངས་ཏེ་སླར་འོངས་ནས་ཨོཾ་བཛྲ་ཨ་མྲྀ་ཏི་ཧཱུཾ་ཕཊ་ཅེས ་པའི་སྔགས་འདོན་ཅིང་སེ་གོལ་བྱརྔུབས་པས་བགེགས་རྣམས་བསྐྲད་པར་བྱའོ།། སླར་ཡང་སྤྱན་གྱིས་བོན་ལས་འོད་ཟེར་རྣམས་འཕྱོས་བྱས་བཀླག་ནས་ནཱ་མཁར་བཞུགས་པའི་ལྷ་མོ་དེ་ལ་ཡིད་ལ ་འདོད་པའི་མཆོད་པ་བྱས་ཏེ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་ཉེ་བར་བསྡུ་བར་སྨཻའོ།། དོ་ནས་ཨོཾ་སྭ་བྷཱ་བཱ་ཤྲཱིདྡྷ་སརྦ་དྷརྨཱ་སྭ་བྷཱ་བྱཱ་ཤུདྡྷོཿཧྲཱི་ཞེས་བརྗོད་དོ།། དེ་བཞིན་དུ་ཨོཾ་ཤཱུ་ནྱ་དྷཱ་ཛྙཱ་ནཾ་བཛྲ་སྭ་བྷཱ་བཾ་ཨཱཏྨ་ཀོ་ཙ་ཞེས ་བྱའི་སྔགས་འདི་ས་རང་དང་གཞན་ཁམས་གསུམ་པ་སྟོང་པར་བསམ་པར་བྱ་སྟེ། བྱང་ཆུབ་ཀྱི་ཚོགས་ཀྱི་སྒོམ་པའི་ཕྱིར་སེམས་ཅན་དུ་གནསོ།། དེར་ནི་པཾ་སྐྱེས་པདྨ་ཨཱཾ་སྐྱེས་ཟླ། བྷྲཱུཾ་ཞེས་པ་ནི་སྟེང་དུ་དགོད་དེ་འགྱུར་འཁོར ་ཁོར་བཅས་པ་ཡི།། གཞལ་ཡས་ཁང་པ་རྣམ་པར་བསྒོམ།། གྲུ་བཞི་ལོ་སོགསོ་པས་བརྒྱན་པ།། རྡོ་ཡབ་ལ་སོགས་སྣ་ཚོགས་བརྒྱན།། དེ་ཡི་དབུས་པདདྨ་ཆེན་པོ།། སྣ་ཚིགས་འདབ་མས་ཤིན་ཏུ་མཛེས།། རཱི་དགས་ཀྱིས ་མཚན་སྟེང་དུ་ནི།། ཟླ་བར་བཾ་ལྗང་རྣམ་པར་བསྒོམ།། འོད་ཟེར་ཕྲེང་བའི་ལྕགས་ཀྱུ་ཡིས།། སངས་རྒྱས་ཐམས་ཅད་བཀུག་ནས་ནི།། དྲི་གྱུར་པ་ལས་བདག་ཉིད་ནི།། ལྷ་མོ་སྒྲོལ་མར་རྣམ་བསྒོམ་བྱ།། དེས་ན་པདྨའི་གདན་ཞེས ་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེའི་ཡན་ལག་དྲུག་པའི་ཡི་གེ་དགོད་པའི་ཕྱིར་བསྒོམ་པར་བྱ་ཞེས་གསུངས་ཏེ། ཨོཾ་ཏཱ་རེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སླར་ལ་ཡང་སྔོན་དུ་གསུངས་པའི་འཁོར་ལོ་གུར་གུམ་འམ་བ ་ལང་གཱི་གི་ཝང་ལ་སོགས་པས་བྲིས་ཏེ་ལྷ་མོའི་སྙིང་ཁར་བསྒོམ་པར་བྱའོ།། གཞན་ཡང་དབང་བསྐུར་བ་དང་མཆོད་པ་ལ་སོགས་པ་ཐམས་ཅད་བྱའོ།། དེ་བཞིན་དུ་ལྷ་མོ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་པ་སྟེ། དེ་ལྟར ་ཤར་གྱི་འདབ་མ་ལཱ་རྡོ་རྗེ་སྒྲོག་མའོ།། ལྷོ་རུ་རིན་ཆེན་སྒྲོལ་མའོ།། ནུབ་ཏུ་པདྨའི་སྒྲོལ་མའོ།། བྱང་དུ་སངས་རྒྱས་སྒྲོལ་མ་སྟེ། ཤར་ལ་སོགས་པཱ་ར་རི་མོ་པ་བཞིན་ནག་པ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའོ།། དེ་བཞིན་དུ ་ཤར་ལ་སོགས་པའི་མཚམ་སུ་མེ་ཏོག་གི་སྒྲོལ་མ་དང་། སྤོས་ཀྱི་སྒྲོལ་མྲ་དང་མར་མེའི་སྒྲོལ་མ་དང་། དྲིའི་སྒྲོལ་མའོ།། དེ་རྣམས་ཀྱི་མདོག་ནི་དཀར་པོ་དང་། ནག་པོ་དང་། སེར་པོ་དང་། དམར་པོ་དང་། དེ་ཡང་ཞལ་གཅིག་ཕྱག ་གཉིས་པ་ཐམས་ཅད་ཀྱི་གཡོན་པ་ན་ཨུཏྤལ་འཛིན་པའོ།། ཐམས་ཅད་ཀྱི་གཡས་ཀྱི་མཆོད་སྦྱིན་གྱི་ཕྱག་ལ་རང་གི་མཚན་མས་མཚན་པ་སྟེ། དེ་ཡང་ཕྱོགས་ཀྱི་ལྷ་མོ་བཞིའི་ཤར་ལ་སོགས་པའི་ཕྱག་གཡས་པ་རྡོ་རྗེ་དང ་རིན་པོ་ཆ་དང་། པདྨ་དང་། འཁོར་ལོ་འཛིན་པའོ།། དེ་བཞིན་དུ་མཚམ་རྣམས་ཀྱི་གཡས་ལ་ཕྲེང་བཱ་དང་། སྤོས་ཁང་དང་། མནྟ་མེའི་མཆོད་སྡོང་དང་དྲིའི་དུང་ཕྲོརུ་རོ།། དེ་བཞིན་དུ་སྒོ་བཞི་རུ་སྒོ་སྐྱོང་རྣམས་ནི་དྲག་མོའོ།། ་ནང་གི་རྣལ་འབྱོར་མི་བརྒྱད་ནི་བཅོམ་ལྡན་འདས་བཞིན་ཞི་བའོ།། དེ་བཞིན་དུ་བཅོམ་ལྡན་འདས་ནི་མཆོད་སྦྱིན་དང་ཨུཏྤ་ལ་འཛིན་པའོ།། དེ་བཞིན་དུ་ཤ་རི་གྱི་སྒོ་ལ་སོགས་པ་རྣམས་སྟི་སྦྱོང་རྣམས་ཏེ། རྡོ་རྗེ་ལྔ ་ཀྱུ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། རྡོ་རྗེ་དྲིལ་བུ་མ་ཉིད་མའི་དཀྱིལ་འཁོར་གྱི་སྟེང་དུ་ཞལ་གཅིག་ཕྱག་གཉིས་མ་དྲག་མོ་ཆེན་མོ།། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞུགས ་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས་པ་བསམ་པར་བྱའོ།། དེ་བཞིན་དུ་རྣལ་འབྱོར་མ་བརྒྱད་ཟླ་བའི་སྟེང་དུ་བསྒོམ་པར་བྱའོ།། དེ་བཞིན་དུ་བཅོམ་ལྡན་འདས་མའི་སྔགས་ཡི་གེ་བཅུ་བཟླས་པ་བྱའོ།། ་ཡང་ན་ལས་ཐམས་ཅད་པ་ཨོཾ་ཀུ་རུ་ཀུལླེ་ཧཱུ~ཾཿསྭཱ་ཧཱ་ཞེས་བྱའོ།། རྣལ་འབྱོར་མ་བརྒྱད་ཀྱི་སྔགས་ཀྱི་དང་པོར་ཕྱག་འཚལ་བའོ།། དབུསུ་མིང་ངོ་།། མཐའ་མ་རརཾ་སྭཱ་ཧཱའོ།། དེ་བཞིན་དུ་སྒོ་སྐྱོང་རྣམས་ཀྱི་སྔགས་ཀྱི་དང་པོར ་ཕྱག་འཚལ་བའོ།། མཱིང་དབུས་སུའོ།། ཧཱུཾ་ཕཊ་མཐའ་མོར་རོ།། གཞན་ལས་ཐམས་ཅད་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཡང་ན་འཆད་བཞིན་པའི་སྒྲོལ་མའི་གཟུགས་བསྒོམ་པར་བྱའོ།། དེ་ལྟར་རྣལ་འབྱོར་དེ ་ཉིད་བླ་ན་མེད་ཅེས་པ་ནི་སྟོན་དུ་གསུངས་པོའི་ནང་གི་ཚུལ་གྱིས་དུས་དང་འཕོ་བ་འབྱུང་བའོ།། དེསོ་ན་དུས་ཀྱི་རྩ་རྣམས་རྒྱུ་བ་རྟོགས་པར་བྱའོ།། ང་ནི་རིགས་བྱེད་མའི་སྒྲུབ་ཐབས་བསྟན་པའི་ཕྱིར་ཉི་མའོ་ཞེས་བྱ་བ་ལོ་སོམ ་པོ་གསུངས་ཏེ། སྔོན་དུ་གསུངས་པའི་གདོང་དག་པ་ལཾ་སོགས་པ་བྱས་ནས་དེ་དང་འདྲ་བར་ཐམས་ཅད་བྱའོ།། འོན་ཀྱང་དུར་ཁྲོད་བརྒྱད་ཀྱི་དབུསུ་བདུད་རྩི་ལྔ་ལ་སོགས་པའི་གཏེར་མ་དོང་། མཆོད་པ་ལོ་སོགས ་བའོ།། དེའི་སྔགས་ནི་ཨོཾ་ཀུ་རུ་ཀུལླེ་དྷཱི་དེ་པ་དཏྟ་བ་ཤ་མ་ནཱ་ཡེ་སྭཱ་ཧཱ་ལྷག་མཱ་ནི་གོ་སླའོ།། དྲ་ནི་རྩོད་པའི་དུས་སུ་ཤེས་རབ་ཆུང་ངུ་དང་ལྡན་པ་རྣམས་ཀྱིས་ཤེས་རབ་འཕེལ་བར་བྱ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་མ་ཉིད་ཀྱི་སྒོམ་པ་བརྗོད་དེ། འདབ་མེ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་དང་པོ་རེ་ཞིག་བསྒོམ་པའི་དུསུ་ཤིན་ཏུ་རྣམ་པར་དག་པ་ཉམས་དགའ་བའི་གན་སུ་སྟེ། མཆོད་པ་སྣ་ཚོགས་པ་དང་། དུར་དང་རྒྱན ་ལ་སོགས་པས་བརྒྱན་པ་སྤྲོས་ཀྱིས་བདུག་པ་རུ་བདེ་བའི་སྟན་གྱི་སྟེང་དུ་འདུག་སྟེ། རང་གི་བདག་ཉིད་ཀྱིས་ཇི་ལྟར་གསུངས་པ་བྱའོ།། འདིར་སྔོན་དུ་གསུངས་པའི་དབང་བསྐུར་བའི་དཀྱིལ་འཁོར་གྱི་ཆོ་ག་བཞིན ་འདིར་ཡང་དེ་ལྟར་བྱའོ།། དེའི་དབུསུ་འདབ་མ་བརྒྱད་པའི་འཁོར་ལོ་འདི་ཞེས་པ་ལ་འཁོར་ལོའི་སྒྲ་ནི་པདྨའོ།། དེ་ཡང་ཁ་དོག་དཀོར་པོ་ཤིན་ཏུ་མཛེས་ཞེས་པ་ནི་ལྟེ་བ་དང་ཟེ་འབྲས་བརྒྱན་པ་སྟོང་བུ་ཁ་བྱེ་བའོ།། ་མཉམ་པ་ཉིད་ཀྱི་གཟུགས་བསམཱ་ཞེས་པ་ནི་འདོར་མཉམ་ཉིད་ནི་དངོས་པོ་ཐམས་ཅད་གཅིག་གི་རང་བཞིན་དུ་བསམ་པ་སྟེ། བརྟན་པ་དང་གཡོ་བའི་དངོས་པོ་རྣམས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང ་པ་ཉིད་དུ་ཡང་དག་པར་བསམ་པའོ།། དེ་བཞིན་དུ་ཁམས་གསུམ་གྱི་ནི་རང་བཞིན་ཉིད་ཅེས་པ་ནི་གང་གི་ཕྱིར་འདིར་ལུས་དང་ངག་དང་སེམས་ལས་བྱུང་བའི་ཁམས་གསུམ་གྱི་མིང་ཅན་དངོས་པོ་ཐམས་ཅད་དེ། ་དེ་རྣམས་ཀྱི་རང་བཞིན་ཡོངསུ་ཤེས་པའི་ཆོས་ཀྱི་སྐུ་ཞེས་པའི་དོན་ཏོ།། དེ་ཡང་སྔོན་གྱི་ཞེས་བྱ་བ་ལ་སོགས་པ་ལ་སྔོན་གྱི་མཚན་ཉིད་ཅེས་པ་ནི་ཆོས་ཀྱི་དབྱིངས་དེ་དང་ལྡན་པ་སྟེ། ཡེ་ཤེ ་དང་ཤེས་བྱ་དག་དབྱེར་མེད་པའི་དངོས་པོའོ།། དེ་ཡང་སྔོན་དུ་གསུངས་པ་ཞེས་པ་ནི་ཡེ་ཤེས་དང་ཤེས་བྱ་གཅིག་པ་ཉིད་ལས་གང་སྐྱེས་པའི་དངོས་པོ་བསམ་གྱིས་མི་ཁྱབ་པ་གཉིས་མེད་པ་དེ་ཉིད་བསྒྲུབ་པར་བྱ ་ཞེས་དགོངས་སོ།། དེའི་ཉེ་བར་སྤྱོད་པ་གསུངས་ཏེ། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྡོ་རྗེ་སེམས་དཔོའི་བསྒོམ་པ་བསྟན་པའི་ཕྱིརོ།། ཤེས་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་རབ་ཉེར་འབར ་ཞེས་བྱ་བ་ནི། དེའི་གསལ་བ་ཉིད་དུ་འགྱུར་པའོ།། དེས་ན་ལུས་འདི་བྱའོ།། ཡང་ཨོཾ་ལ་སོགས་པའི་ཡི་གེ་བཅུའི་སྔགས་རིམས་ལས་བཟློག་སྟེ་རྣམ་པར་རྨོངས་པར་བྱ་བའི་ཕྱིར་གསུངས་པ་ནི་ཁ་ཅིག་གི་ཚིག་གོ།། ་ཡང་ན་བཟླས་པའི་སྔགས་ལ་མཆོད་པ་ལ་སོགས་པའི་ལས་ཐམས་ཅད་བྱའོ།། དེ་བཞིན་དུ་བསྒོམ་པོའི་ཞེས་བྱ་བ་ལ་སོགས་པ་ལ།། དངོས་པོ་ཞེས་པ་ནི་ས་བོན་དང་མཚན་མ་ལ་སོགས་པའི་དྲངོས་པོའོ།། ། ་དངོས་པོ་དེས་བསྒོམ་པར་བྱའོ།། དེར་ཅི་བསྒོམ་ཞེ་ན། འོད་ཟེར་ཞེས་བྱ་བོ་ལ་སོགས་པ་གསུངས་ཏེ། རང་གཽ་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་དབུསུ་གནས་པའོ།། ཤེས་རབ་བདག་ཉིད་ཅེས་པ་ནི་དྷི་འོད་ཟེར ་སྣ་ཚོགས་པའི་རང་བཞིན་ཏེ། དེས་རང་གི་བདག་ཉིད་དང་ཁམས་གསུམ་པ་ཤིན་ཏུ་རྣམ་པར་དག་པར་བྱས་པའོ།། ཡང་ན་ཤེས་རབ་བདག་ཉིད་ཅེས་པ་ནི་ཨོཾ་པྲཛྙཱ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བཅུའི་སྔགས ་དེས་བྱ་བའོ།། དྲི་མེད་པ་ཞེས་བྱ་བྱ་ནི་རྣམ་པར་དག་པའི་ཤེལ་ལྷུར་སྣང་བའོ།། དེ་ལྟར་བཅོམ་ལྡན་འདས་མ་སྤྱན་དྲངས་ཏེ།། མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་རྣམས་བྱའོ།། སླར་ཡང་ཟླ་བ་དང་ས ་ས་བོན་གྱི་ཚུལ་གྱིས་འདི་དག་ཡོངསུ་གྱུར་པ་ལས་བསྐྱེད་པའི་ཕྱག་གཉིས་ཞེས་པ་ལ་སོགས་པ་ནི་གོ་སླའོ།། ཤེས་རབ་བདག་ཉིད་ཅེས་པ་ནི་ཡི་གེ་བཅུའི་སྔགས་ཏེ། དེ་བཟླས་པས་དེའི་ཤེས་རབ་མངོན་སུམ ་དུ་འཕེལ་བའི་དོན་ཏེ་ལྷག་མ་ནི་གོ་སླའོ།། ད་ནི་རྣམ་པར་སྣང་མཛད་ཀྱི་སྒྲུབ་ཐབས་བསྟན་པའི་སྤྱིར། ཟླ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཞི་བའི་ལས་ནི་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན ་གྱིས་བྱའོ།། ས་བོན་ཡི་གེ་ཞེས་པ་ནི་ཨོཾ་མོ།། ལྷག་མ་དཀྱིལ་འཁོར་དང་གཞལ་ཡས་ཁང་ལ་སོགས་པ་ནི་སྔོན་བཞིན་དུ་བྱའོ།། ངེས་པའི་དོན་དུ་ནི་རྣལ་འབྱོར་མའི་རིགས་སྣ་ཚོགས་པ་ཐམས་ཅད་ཀྱང་རིགས ་གཅིག་ཏུ་འགྱུར་རོ།། གཞན་ནི་གོ་སླའོ།། སྦྱོར་བའི་རིམ་པ་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་རིམོ་པས་རྣམ་པར་སྣང་མཛད་ཀྱི་རང་བཞིན་དང་། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་གྱི ་དང་། འོད་དཔག་མེད་ཀྱི་དང་། དོན་ཡོད་གྲུབ་པའི་བསྒོམ་པའི་དཀྱིལ་འཁོར་གྱི་འཁོར་ལོ་དང་ལྷན་ཅིག་ཇི་ལྟར་གསུངས་པའི་ཚུལ་གྱིས་བྱའོ།། དེ་ལྟར་གློ་སླ་བ་ཉིད་ཀྱིས་ན་བདག་གིས ་རྣམ་པར་མ་ཕྱེའོ།། ད་ནི་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་སྒྲུབ་ཐབས་བསྟན་པའི་ཕྱིར། ན་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སྔོན་དུ་གསུངས་པའི་ཁང་པ་བརྩེགས་མའི་དཀྱིལ ་འཁོར་གྱི་དབུས་སུ་སྤྱན་མོ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་ཡང་བསྒོམ་པར་བྱའོ།། དེ་བཞིན་དུ་སཱ་ལ་སོགས་པའི་དཀྱིལ་རྒྱུ་བའི་དབུསུ་ཇི་སྐད་གསུངས་པའི་ལྷ་མོའི་གསུངས་དམིགས་པར ་བྱ། དེའི་ཕྱིར་ཇི་ལྟར་འཐད་པའི་ལས་རྣམ་བྱ་སྟེ། ཞི་བ་ལ་སོགས་པ་འཁྲུལ་འཁོར་རྣམས་ཀྱང་བྱའོ།། ལས་ཀྱི་ཚོགས་དེ་རྣམས་ཀྱང་འོ་ག་ནས་བཤད་པར་བྱའོ།། ལྷག་མ་ནཱི་གོ་སླའོ།། འོན་ཀྱང་དེ་རྣམ ་ཀྱི་དཀྱིལ་འཁོར་དང་ལྷ་ནི་དཔལ་འདུས་པ་བཞིན་དེའི་དབུས་སུ་བྱ་ཞེས་པ་ནི་མན་ངག་གོ། རྒྱུད་ཐམས་ཅད་ཅེས་པ་ནི་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་རྣམསོ།། དེའི་གླེང་གཞི་ཞེས་བྱ་བ་ལ་སོགས་པ ་ནི་འདིའི་དོན་ཡང་རྟོག་པ་དང་པོར་གསུངས་པས་རྟོགས་པར་བྱའོ།། དཔལ་ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོགས་པ་གཉིས་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི ་གཞུང་མདོར་བསྟན་པ་གསུམ་གྱི་མཐར་སླར་བཤད་པ་སྟེ་བཞི་པའོ།། །། ད་ནི་ཧེ་རུ་ཀ་བསྐྱེད་པའི་སྒྲུབ་ཐབས་བསྟན་པའི་ཕྱིར།། བདག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དེ་ཉིད་ཅེས་པ་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་ཉིད་དོ།། བདག་མེད་མ་ཞེས་པ་ནི་ཤེས་རབ་ཀྱི་རྒྱུད་ཡིན་པའི་ཕྱིར་རོ།། རྣལ་འབྱོར་མ་ལ་བོས་པའི་དོན་ཏོ།། གང་གི་ཕྱིར་ཤེས་རབ་དང་ཐབས་ཀྱི་དོན་གྱི་ཚིག ་གནས་པ་ནི་ཐབས་ཀྱི་རྒྱུད་ཐུན་མོང་བ་ཉིད་དེ་ཤེས་རབ་ཉིད་གཙོ་བོར་གྱུར་པ་ཉིད་ཀྱིས་ཏེ། དེས་ན་དཔལ་ཧེ་རུ་ཀོའི་མདུན་དུ་བདག་མེད་མ་གཙོ་མོ་ཆེན་མོ་བོས་སོ།། དེ་ཁོ་ན་ཉིད་ལ་འཇུག་པའི་ཐབས་ཧེ་རུ་ཀའོ།། ་དེའི་ཕྱིར་བདག་མེད་མའི་ཆོས་ཀྱི་དེ་ཁོ་ན་ཉིད་ནི་ཐབས་ཁྱད་པར་ཅན་གྱི་མཚན་ཉིད་དོ།། དེ་ཡང་ཧེ་རུ་ཀ་སྐུ་བཞི་ལས་བླ་མའོ།། དེ་ཇི་ལྟར་ཞེ་ན། གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ ་དང་རྣལ་འབྱོར་གྱི་རྒྱུད་རྣམས་ལ་སྐུ་བཞི་ཐུན་མོང་གི་མཚན་ཉིད་དོ།། ཤེས་རབ་ཀྱི་རྒྱུད་རྣམས་ལ་ཁྱད་པར་ཡོད་དེ། དེ་ཡང་བཞི་པ་སྤངས་པའོ་དེ་ཉིད་ཀྱིས་ན་མཆོག་ཏུ་དྲག་ཅིང་བརྩོན་པའི་ཆགས་པའོ།། ་དྲག་པོ་རྣམས་འཇིགས་པར་བྱེད་པས་ཀྱང་འཇིགས་པར་བྱེད་པ་གསང་བ་དང་ཁྱད་པར་དུ་གསང་བ་ཆེན་པོ་དང་ཤིན་ཏུ་གསང་བ་རྣམས་ལས་གསང་བ། བྱ་བ་དང་སྤྱོད་པ་དང་། རྣལ་འབྱོར་དང་རྣལ་འབྱོར ་བླ་མ་རྣམས་ལས་གོང་དུ་འགྱུར་བའི་ཕྱིར། ཆགས་པ་ཆེན་པོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་སྙིང་རྗེ་ཆེན་པོ་ཞེས་པ་ནི་ཁྱད་པར་རོ།། འདིར་གསུངས་པ། ཨེ་ཡི་ཆ་བྱང་གཟུགས་ནི་གུང་།། ་གདན་ལྔ་ཉིད་དུ་གནས་པ་ཡཱིན།། དེ་དབུས་ཧ་ནཱི་བདག་གི་གདོན།། གཡོན་དུ་ཨུ་རྒྱུན་ཨུ་རུ་གསུངས།། ག་ཡ་སུ་ཛཱ་ལོནྡྷ་ར་ར་རཱ།། མདུན་དུ་ཀྲཱ་མ་རུ་པརླ་ཀཽ། དབུས་ནི་པུལླཱི་ལཱ་ག་ན་སུ།། བསྟན་པ་པོ་དག་གི་མིང་ཅན་ནོ།། ་གཡོན་ནི་སྦྱོར་བའི་གདན་ཡིན་ཏེ།། གཡས་ནི་དེ་ཁོ་ན་ཡི་གདན།། མདུན་དུ་གསང་བའི་གདན་ཉིད་དོ།། དབུས་ན་གེ་སང་བའི་བར་དུ་ཤྲཱི།། གཞན་གྱི་གདན་ནི་མཚན་ཉིད་དོ།། ཡེ་ཤེས་ཅན་གྱི་དེ་ཉིད་བརྗོད།། ཆོས་དང་ལོངས ་སྤྱོད་རྫོགས་སྤྲུལ་པ། དེ་བཞིན་བཞི་པ་གོང་མ་ཉིད།། འབྲས་བུ་རྒྱུ་ཡི་དངོས་པོ་ནི།། ཧེ་རུ་ཀ་ཡི་མཆོག་རྨད་འབྱུང་།། འཇིག་རྟེན་རྣམས་ནི་རང་གཟུགས་ཉིད།། དེ་བཞིན་བདག་ཉིད་གདུལ་བྱའོ།། བསམ་གྱིས་མི་ཁྱབ་སྙིང་རྗེར ་བརྗོད།། རྣལའི་བྱོར་འདི་ནི་དེ་ཉིད་མཆོག། དེ་ལྟར་ཐབས་ཀྱིས་དེ་ཉིད་ནི།། ཤེས་རབ་རྒྱུད་ལས་ཡང་དག་འབྱུང་།། དེ་བཞིན་དུ་ཧེ་རུ་ཀའི་བསྐྱེད་པའི་སྒྲུབ་ཐབས་ཞེས་པ་ནི་འདིར་ཀུན་རྫོབ་ཀྱི་ཆ་ཤས་དབྱིབས་ཀྱི་བདག་ཉིད་ལ ་བདག་ཡིད་ཆེས་པ་ཡང་མེ་ཏོག་ལས་དྲི་བཞིན་དུའོ།། དེའི་ཕྱིར་དྲག་པོ་ལས་དྲག་པོ་ཉིད་དེ་དེ་ཉིད་སྒྲུབ་ཐབས་སོ།། དེས་ན་ཧེ་རུ་ཀའི་བསྐྱེད་པའོ།། གང་གིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། མཁའགྲོ་ཞེས་བྱ་བ་ལ ་སོགས་པ་ནི་མཁའ་གྲོའི་གཟུགས་དང་མཁའ་གྲོ་མའི་གཟུགས་ཏེ་ཐམས་ཅད་ནི་གདུག་ཅིང་མ་རུངས་པ་རྣམས་གདུལ་བྱའི་དོན་དུ་དེ་རྣམས་ཀྱི་རང་བཞིན་ཤེས་པར་བྱའོ།། དེ་དག་ཐམས་ཅད་བཤད་པར་བྱ་ཞེས་པ་ནི་ཉོན་ཞེས ་སྦྱར་རོ།། འདིར་རྡོ་རྗེ་སྙིང་པོའི་རང་བཞིན་རང་གི་ངོ་བོ་ཉིད་ཀྱིས་བདག་མེ་བ་སྟེ་སསྡེ་པའི་ཆོས་འཛིན་པའི་ཕྱིའོ།། ཡང་རྡོ་རྗེ་སྙིང་པོ་མི་སྨྲ་བར་གྱུར་ནས་བདག་མེད་འདྲི་བ་ནི་མ་ཡིན་ནོ།། དེའི་ཕྱིར་རྡོ་རྗེ་སྙིང་པོ་ཉིད་བདག་མེད་མའོ།། ཅིའི་ཕྱིར། ་ཞེ་ན། འདིར་སྤོང་པའི་དུས་སུ་སྟོང་པ་ཉིད་གཙོ་བོ་ཉིད་ཀྱིས་ནི་ཆོས་རྣམས་ལ་བརྟགས་པའི་ཕྱིར་བློ་ཆུང་ངུ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་སྟོང་པ་ཉིད་དུ་བརྟགས་པ་ཉིད་ཀྱིས་མྱུར་བར་འགྲོ་བར་འགྱུར་ཏེ། དེའི་ཚེ་རྡོ་རྗེ་སྟོང་། ་པོ་ཉིད་རྣམ་པར་ཤེས་པའི་གཟུགསོ།། རྣམ་པར་ཤེས་པ་ཡང་དངོས་པོའི་གཟུགསོ།། དངོས་པོ་ཡིད་སྔོན་པོ་ལ་སོགས་པར་སྣང་བའི་གཟུགས་ཏེ། དེ་རྣམས་ཀྱི་རང་བཞིན་གྱི་མཚན་ཉིད་ནི་ཆོས་ཀྱི་དབྱིངས་བདག་མེད་པའི ་རང་བཞིན་ནོ།། དེ་ཇི་ལྟར་ཀུན་རློབ་ཏུ་རྣལ་འབྱོར་མ་བདག་མེད་མའི་གཟུགསུ་འགྱུར་གང་གི་ཕྱིར་ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་དང་ཆོས་མཐུན་པ་སྟེ། དེ་ཡང་རྣམ་པ་དང་དབྱིབས་དང་ཁ་དོག་དང་ཆ་ཤས ་མེད་པའོ།། དེས་ན་ཞུ་བ་པོ་དེ་ཉིད་ལ་སྟོང་གྲོང་མེད་ན་མཚམས་ག་ལ་ཡོད།། རྡོ་རྗེ་སྙིང་པོའི་གཟུགས་ཀྱི་ཁྱད་པར་ཕུལ་དུ་ཕྱུང་བ་ག་ལ་ཡོད།། ད་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་མཚན་ཉིད་རང་སྟོན་པར་འགྱུར།། ་འདི་ནི་སུ་ཞིག་གིས་བྱས་པའོ།། ཞེས་འགའ་ཞིག་གི་ངོགས་ན་དེའི་ཕྱིར་གསུངས་པ་དེ་ནི་མ་ཡིནོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་ཆོས་ཐམས་ཅད་མི་རྟག་པའི་མཚན་ཉིད་ཀྱི་ཕྱིར་དངོས་པོའི་གཟུགས་ཀྱི ་ཆོས་དེ་རྣམས་ཀྱི་རང་བཞིན་གྱི་ཆོས་ཉིད་ཡོངསུ་བརྟགས་པས་སེམས་ཅན་རྣམས་ཀྱང་ཆོས་དམ་པ་ལ་བརྟེན་པས་བྱང་ཆུབ་སེམས་དཔའི་ལུས་སེམ་ས་བཅུའི་དབང་ཕྱུག་རྣམས་ཀྱི་སངས་རྒྱས་ཉིད་ཀྱི་སྐུ་གྲུབ་པའོ།། ཆོས་ཉིད ་ཀྱང་བདག་མེད་པའི་རང་བཞིན་རང་གི་མཚན་ཉིད་དང་བྲལ་བ་ཡང་དག་པའི་མཐའ་དེ་བཞིན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦས་པ་ཉིད་ཀྱིས་ན་འོད་གསལ་བར་བརྗོད་དེ། དེ་ཉིད་སངས་རྒྱས་རྣམས་ཀྱི་སྐུ་མི་ཟད་པ་རྟག ་པའི་གཟུགས་ཏེ། ལྷ་རྣམས་ཀྱི་གཟུགས་ཀྱང་དེ་བཞིན་ནོ།། དེ་བཞིན་དུ་འདིར་ཡང་སྔགས་ཀྱི་ཐེག་པ་ལ་ཁྱད་པར་ཡོད་དོ།། དེ་ཇི་ལྟར་ཞེ་ན། འདིར་ལས་དང་པོ་པ་རྣལ་འབྱོར་ལ་གོམས་པ་ཐོག་མ་མེད་པའི་རྐྱེན་ཅན་དུས་སྩ ་ཚོགས་པ་དུས་གསུམ་དུ་འབྱུང་བའི་སེམས་ཅན་རྣམ་རྩོད་པའི་དུསུ་སྟོང་པ་ཉིད་བསྒོམ་པས་དེ་རྣམས་གྲོལ་བར་དེ་བཞིན་གཤེགས་པ་རྣམས་ཀྱིས་རྒྱལ་བ་བསྐྱེད་མ་ལ་སོགས་པ་རྣམས་གསུང་སོ།། དེའི་ཕྱིར་སྟོང་པ་ཉིད ་དུ་ཡོངསུ་བརྟགས་པ་ཙམ་ཉིད་རྡོ་རྗེ་སྙིང་པོའི་རང་བཞིན་གྱིས་བདག་མེད་པའི་གཟུགས་གྲུབ་པ་རྣམ་པར་ཤེས་པ་ཉིད་བདག་བདག་གི་བྱེད་པའི་ཕྱིར་བདག་ཉིད་ནི་ཉི་ཚེ་བའི་སྟོང་པ་ཉིད་དོ།། དེས་ན་གྲོལ་བར་མི་འགྱུར་ཏེ། ་ཉོན་མོངས་པའི་ཕྱིར་རོ།། དེས་ན་ཀུན་རྫོབ་ཀྱི་ཚུལ་གྱིས་ཡང་དང་ཡང་དུ་ཧེ་རུ་ཀ་དང་བདག་མེད་མ་བསྐྱེད་དེ། རང་བཞིན་གྱིས་སྣང་བ་ཉིད་ཀྱི་རྒྱ་ཆེན་པོ་ལ་སེམས་ཅན་རྣམས་གཞུགས་པའི་ཕྱིར་གང་གི་ཚེ་ལས་དང་པོ་པས ་མངོན་དུ་བྱེད་པོ་དེའི་ཚེ་ཡང་ཀུན་རྫོབ་ཏུ་རྡོ་རྗེ་སྙིང་པོ་ཉིད་བདག་མེད་མའི་གཟུགསུ་འགྱུརརོ།། གང་གི་ཕྱིར་ཅིག་ཆར་ནི་མངོན་དུ་བྱེད་པར་མི་ནུས་ཏེ། རིམ་གྱིས་གོམས་པའི་ཕྱིར་རོ།། དེའི་ཕྱིར་ནང་དུ་རྡོ་རྗེ་སྙིང་པོ་རྣམ ་པར་ཤེས་པའི་རང་བཞིན་གྱི་ཕྱིར་རོ།། དེས་ན་དེ་ཉིད་གསོལ་བ་ཉིད་དུ་འགྱུར་ཏེ། སྟོང་པ་ཉིད་བདག་གིར་བྱེད་པའི་ཕྱིར་མ་རིག་པར་ཟད་པའི་བྱང་ཆུབ་དེ་བཞིན་གཤེགས་པས་བསྟོན་ཏེ། མ་རིག་པུ་ཡང་རིག་པ་བཟང་པོ ་ལ་ཡིད་ཆེས་པས་བདག་མེད་མའི་གཟུགས་སྒྱུ་མའི་རང་བཞིན་བཞི་ཚྭ་མཆོག་ཏུ་འབྱུང་བའི་ཕྱིར་བུད་མེད་དང་སྐྱེས་པ་དང་མ་ནིང་དང་བྲལ་བ་ཞེས་པའི་དོན་ཏོ།། ཡེ་ཤེས་ཀྱི་རྣམ་པའི་ཕྱིར་ཞེས་པ་ནི་ངེས་པའོ།། དེའི་དོན་དུ ་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སེམས་དཔའཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་དབུས་ཀྱི་ཞལ་གསུམ་ཕྱག་དྲུག་པ་དེ་བཞིན་དུ་དེ་ལ་སོགས་པ་རྟོག་པ་གཉིས ་པར་ཡང་ཇི་ལྟར་གསུངས་པ་རྟོགས་པར་བྱའོ།། སླར་ཡང་རྡོ་རྗེ་འཛིན་ཞེས་པ་ནི་རྡོ་རྗེ་སེམས་དཔའ་རྒྱུད་རྡོ་རྗེ་འཆང་དེ་ཡང་འབྱུང་བར་འགྱུརརོ།། རྡོ་རྗེ་སེམས་དཔའི་རྡོ་རྗེ་ཉིད་ཞེས་པ་ནི་རྩེ་ལྔ་པ་ཐབས་ཀྱི་རྡོ་རྗེ་འཛིན་པ་སྟེ། ་དེའི་སྐྱེ་བཱར་ཨཱ་ལི་ཀཱ་ལི་ཁ་སྦྱར་དེའི་དབུས་སུ་ཧཱུཾ་དང་ཨཾ་གཱི་ས་བོན་གཉིས་ཏེ་དེ་ལས་རྡོ་རྗེ་དང་གྲཱི་གུགྶ་དང་། དེའི་སྟེང་དུ་ཡང་ས་བོན་དེ་ཉིད་དོ།། དེ་ཉིད་འབར་བ་ཞེས་པ་ལ་སོགས་པ་ལ་ནི་རྡོ་རྗེའི་ལྟེ་བའི ་ཧཱུཾ་དང་གྲི་གུག་གི་ཨཾ་གི་ས་བོན་དེ་དག་ལས་ལྷ་སྣ་ཚོ་ཁྱུམ་བྷྱོ་དྷམཁའ་གྲོ་མ་དང་ཁྲོ་བོའི་ཚོགས་དང་དེའི་རིགས་འབར་བའི་ཕྲེང་བ་རྣམ་པར་སྨཻ་པའི།། ཀུན་ཏུ་ཞེས་ནི་ཕྱོགས་བཅུར་རྡོ་རྗེ་ཁྲོ་བོ་རྣམས་སྤྲོས་ཏེ། སེམས་ཅན ་རྣམས་བཏུལ་བག་བྱས་ནས་སླར་འོངས་ཏེ་དེ་ཉིད་དུ་གཞུགོ།། དེ་ཡང་དེ་དག་ཐམས་ཅད་ཡོངསུ་གྱུར་པ་ལས་སྐད་ཅིག་གིས་དགྱེས་པའི་རྡོ་རྗེའི་སྐུ་ཕྱག་དང་མཚོན་ཆར་ལྡན་པ་འཆད་བཞིན་དུ་བསྒོམ་པར་བྱའོ།། དེ་ནས ་བདག་མེད་མ་དང་འཁྱུད་ཅིང་བསྒྲུབ་པ་དང་བསྲུབ་པའི་སྦྱོར་བས་ལྷ་མོའི་འཁོར་ལོ་དབྱུང་བར་བྱའོ།། དེ་ཡང་འཆད་བཞིན་པའི་རིམ་པས་སོ།། དེ་རྣམས་ཀྱི་དབུས་ཆགས་པ་ཆེན་པོའི་ཏིང་འཛིན་གྱིས་བདོག་མེད་མ་དང ་ལྷན་ཅིག་པའི་བདག་པོའི་ཟླ་བའི་དཀྱིལ་འཁོར་གྱི་དབུ་སུཾའོ།། ས་བོན་ཕྲེང་བ་དེ་ནས་དགོད་ཅེས་པ་ནི་གཙོ་བོ་དང་ལྷ་མོའི་སྙིང་གི་ཟླ་བ་ལས་སྤྲོས་པའི་འོད་ཟེར་གྱི་རྩེ་མོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་དང ་མཁའགྲོ་དང་མཁའོ་མ་རྣམས་སྤྲོས་ཏེ། དེ་ཉིད་དྲི་ཟའི་སེམས་ཅན་གྱི་གཟུགས་ཏེ་ཡི་གེ་གསུམ་ཧོ་གཉིས་ཀྱི་དབུས་སུ་སྤེལ་བ་རང་གི་ཁར་ཞུགས་ཤིང་རྡོ་རྗེའི་ལམ་ནས་ཞུ་བར་གྱུར་པ་དེ་དང་ལྷན་ཅིག་བདག་རང ་དེ་བཞིན་དུ་ཞུ་བར་གྱུར་པའོ།། དེའི་ཕྱིར་བསྐུལ་ཞེས་བྱ་བ་ལ་སོགས་པ་གསུངསཱ་ཏེ། སྤོས་མོ་ལ་སོགས་པའི་རྣལ་འབྱོར་མ་བཞི་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་རང་བཞིན་གྱི་གླུས་བསྐུལ་བར་བྱེད ་པའོ།། དེར་གསུངས་པ། རྡོ་རྗེའི་ཞེས་པ་པ་ལཾ་སོགས་པ་ལ། གཞེངས་ཤིག་པ་ནི་བཞེངས་ཤིག་པའོ།། རྗེ་བཙུན་ཞེས་པ་ནི་སྙིང་རྗེ་ལྷན་ཅིག་ཅེས་པའོ།། སྙིང་རྗེ་ཡིད་ཀྱིས་ཞེས་པ་ནི་སྙིང་རྗེའི་ཐུགས་ཀྱིས་ཞེས་པའི་དོན་ཏོ།། ་པུཀྐ་སཱི་ནི་བདག་ལ་སྐྱོད་ཞེས་པནི་བདག་པུཀྐ་སཱི་ལ་ལགོན་པོ་བདག་ལ་སྐྱབས་ཤིག་པའོ།། ཅི་ཞེ་ན། བདེན་ཞེས་གསུངས་ཏེ། བདེ་བ་ཆེན་པོ་ལ་བདག་སྦྱོར་བས་པ་དགུ་འདོད་ཅེས་པ་ནི་བྱམས་པའི་རང་བཞིན་གྱིསོ།། སྟོང ་པའོ་ནི་རང་བཞིན་གྲོཛྫ་ཞེས་པ་ནི་སྟེང་པའི་རིང་བཞིན་གྱི་ཏིང་ངེ་འཛིན་ཐོང་ཞིག་པའོ།། དེ་ནས་རི་ཁྲོད་མའི་སྐུ་གསུངས་པ། བཏང་ནས་ཞེས་པ་ནི་ཁྱོད་བདྲི་བ་དང་བྲལ་བ་དེའི་ཕྱིར་སྟོང་པའི་ཏིང་འཛིན་ལ་ཞུགས་པའོ།། བདག ་བདག་འགུམ་ཞེས་པ་ནི་བདག་རི་ཁྲོད་མའི་སྙིང་རྗེའི་རང་བཞིན་ཀྱེ་གཙོ་བོ་ཁྱོད་མཐོང་བ་མེད་པས་བདག་འཆི་ཞེས་པའོ།། དེའི་ཕྱིར་དགྱེས་པའི་རྡོ་རྗེ་ཁྱོད་བཞེངས་ཤིག་ཅེས་པོ་ནི་ཀྱེ་མགོན་པོ་བཞེངས་པ་སྟེ། སྟོང་པ་ཉིད་ཀྱི ་ཏིངེ་འཛིན་ཞུ་བའི་རང་བཞིན་ལས་བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེ་ཁྱོད་བཞེངས་ཤིག་པའོ།། སྟོང་པའི་རང་བཞིན་བཏིང་ནས་ནི་ཞེས་པ་ནི་སྟོང་པའི་རང་བཞིན་ཐོང་མཛོད་ལ་བདག་རི་ཁྲོད་མའི་དགོངས་པ་བསྒྲུབ ་ཤིག་བདེ་དུ་ཆེན་པོ་ལ་སྦྱོར་བར་འདོད་པས་སོ་ཞེས་པའི་དོན་ཏོ།། ཡང་གཏུམ་མེའི་གླུ་གསུངས་པ། འཇིག་རྟེན་མཉམ་མནན་ཞེས་པ་ནི་ཁམས་གསུམ་པའི་འཇིག་རྟེན་ལ་སྙིང་རྗེའི་རོས ་པོས་སོ།། བདེ་བའི་གཙོ་བོ་ཞེས་པ་ནི་ཀྱཻ་ཤིན་ཏུ་དགའ་བའི་གཙོ་བོ་འཇིག་རྟེན་རྣམས་ཀྱི་བྱ་བ་བརྗོད་ཅིག་པའོ།། ཅིའི་ཕྱིར་སྟོང་ཉིད་བཞུགས་ཞེས་པ་ནི་ཅིའི་ཕྱིར་སྟོང་ཉིད་ཞུ་བརླ་རང་བཞིན་མེད་པ་བཞུག་པའི་དོན་ཏོ།། ། ་གཏུམ་དག་ནི་ཞེས་པ་ནི་བདག་གཏུམ་མོ་དགའ་བའི་རང་བཞིན་ཅནི་ཞེམ་པའོ།། གསོལ་བ་འདེབས་ཞེས་པ་ནི་ཞུ་བ་བགྱོད་ཅེས་པའོ།། དེ་ཅིའི་ཕྱིར་ཞེ་ན། གསུངས་པ། ཁྱོད་མི་བཞུགས་ན་བདག་མི་འཚལ་ཞེས་པ་ནི་ཁྱེད་མ་གཏོགས ་པཱ་ར་བདག་གིས་ཅུང་ཟད་ཀྱང་མ་མཐོང་སྟེ། མུན་པ་བཞིན་ནོ།། དྲི་བཞིན་དུ་གཡུང་མོའི་གླུ་གསུངས་པ། མིག་འཕྲུལ་ལྟ་བུར་ཁྱོད་བཞེངས་ཤཽ་གྲ་ཅེས་པ་ནི་ཀྱེ་མིག་འཕྲུལ་མཁན་ཁྱོད་དུ་འོངས་ཤིག་སྟེ། ་ཇི་ལྟར་མིག་འཕྲུལ་མཁན་མིག་འཕྲུལ་སྟོན་པར་བྱེད་པ་དེ་བཞིན་དུ་སྐྱེ་མའི་དངོས་པོ་སྣ་ཚོགས་པ་སྣང་བར་མཛོད་པའི་དོན་ཏོ།། བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱི་ས་ཞེས་པ་ནི་དངོས་པོ་སྣ་ཚོགས་ང ་ཐམས་ཅད་བརྫུན་པར་མཁྱེན་པའི་ཐུགས་བདག་གིས་ཤེས་པས་ནིབདག་བཏང་སྙོམས་ཀྱི་རང་བཞིན་གཡུང་མོའོ།། དེའི་ཕྱིར་གཡུང་མོ་བདག་ནི་ཡིད་རིག་མ་ཞེས་པ་ནི་བདག་པ་ཡང་མོ་གྲོང་ཁྱེར ་མཱ་ཡང་རིག་མ་སྐྱེ་བོང་ཁྱེར་པ་རྣམས་ཀྱི་ཡིད་ནས་ཤིང་རི་བྱའོ།། སཱི་ཛྙཱ་རྒྱུན་ཆུང་མ་མཛནུས་པ་ནི་བཅོམ་ལྡན་ལས་སྙིང་དྷེའི་རྒྱན་རྣམ་པར་ཆུད་པར་མ་མཛད་ཅིག་པའོ།། དེའི་བཱིར་ཟླ་བའི་ཏིང་ངེ་འཛིན ་ལས་བཞེངས་ཤིག་ཅེས་པའི་དོན་ཏོ།། དེ་ལྟར་གླུས་བསྐུལ་བ་རྨི་ལམ་བཞིན་གནས་ནས། ཧཱུཾ་དང་ཨཾ་ལས་བཞེངས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སླར་ལ་ཡང་གཾ་ཙཾ་ཞེས་བྱ་བ་ལ་སོགས་པ་ས་བོན་བརྒྱད་ལ ་སོགས་པའི་ལྷ་མོ་བརྒྱད་རྣམས་དབྱུང་བར་བྱའོ།། འདི་རྣམས་ལས་ཞེས་པ་ནི་འཆང་བཞིན་པོའི་གང་ན་ཐོད་པ་བརྒྱད་ཀྱི་དབུས་སུ་དགོད་པར་བྱའོ།། དེ་ཡང་མཚམས་པའི་རུའོ།། དེ་བཞིན་དུ་ཕྱོགས་ཀྱི་རྣལ་འབྱོར ་མ་བཞི་རོའི་གདན་རྣམས་ལའོ།། དེ་རྣམས་ཀྱི་སྟེང་དུ་གཾ་ཙཾ་བཾ་གྲཱྀ་པཾ་ཤཾ་ཙ་ཌཾ་ཞེས་པའི་ས་བོན་བརྒྱད་བལྟ་སྟེ། དེ་ཡོངསུ་གྱུར་པས་གཽ་རཱི་ལ་སོགས་པའི་མཚན་མ་རོ་ཧི་པ་དང་། ཕག་པ་དང་། རུ་སྦལ་དང་། སྦྲུལ་དང ་སེང་གེ་དང་། སྟག་དང་། ལྕེ་སྦྱང་དང་། དགེ་སློང་རྣམ་སོ།། དེ་བཞིན་དུ་ཕྱོགས་ཀྱི་རྣལ་འབྱོར་མ་རྣམས་ཀྱི་རྡོ་སྟེང་དུ་ཧཾ་སུཾ་ཐི་སྲྀ་ཞེས་པའི་ས་བོན་བཞི་ལུས་རྟའི་གདོང་པ་ལ་སོགས་པ་རྣམས་ཀྱི་མཚན་མ་ལྕགས་ཀྱུ ་དང་། ཞགས་པ་དང་། ཐོད་པ་དང་། རལ་གྲི་རྣམསོ།། དེ་བཞིན་དུ་བདག་པོ་ཞེས་བྱ་བ་ལ་སོགས་པ་ལ། བདག་པོ་དང་དགའ་མའི་བསྲུབ་པ་དང་བསྲུབ་པའི་སྦྱོར་བས་ཧཱཾ་ཨཾ་གིས་ས་བོན་ལས་དབྱུང་བར་བྱའོ།། དེ ་བཞིན་དུ་འཁོར་ལོ་ཆེན་པོའི་རྩིབས་རྣམས་པ་བཅུ་གཉིས་པའི་གཞུང་ལུགས་དུ་མ་ཉིད་ཀྱིས་ན་བླ་མའི་ཁ་ལས་ཤེས་པར་བྱའོ།། འདིར་གཞུང་དཀྲུགས་པ་ངོ་ཤེས་པའི་ཕྱིར་བྱ་བ་བྱ་ཞེས་པའི ་ངེས་པའོ།། འབར་བ་ཞེས་བྱ་བ་ལ་སོགས་པ་ནི་འོད་ཟེར་སྣ་ཚོགས་སྤྲོས་པ་དེ་ལྔས་ལྷ་མོ་ཁྲོ་མོའི་ཚོགས་སྤྲོས་པའོ།། དེ་བཞིན་དུ་མ་མོའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ལྟའི་ཞོས་བྱི་བ་ལྀ་སོགས་པ ་ལ། ཆོ་གིའི་བྱ་བ་ཞེས་པ་ནི་སྔོན་དུ་གསུངས་པའི་ཚུལ་གྱིས་གོ་རཱི་ལ་སོགས་པའི་རིམ་པ་བཞིན་མཚམས་བཞིར་ཐོད་པའི་གདན་རྣམས་ལ་བསམ་པར་བྱའོ།། དེ་ལྟར་ཤར་གྱི་མཚམས་གྱི་འདབ་མ་ལྀ་གོ་རཱིའོ།། དེ་བཞིན ་དུ་འདབ་མ་གཉིས་པ་ཙེ་རཱིའོ།། པྲཾ་མོ་ཧེ་ཞེས་པ་ནི་གཡུང་མོའི་མིང་གི་རྣམ་གྲངས་ཏེ། དེ་ནི་བདེན་བྱུལ་གྱི་འདབ་མ་ལ་བསྒོམ་པར་བྱའོ།། དེ་བཞིན་དུ་འདབ་མ་གཉིས་པ་ལ་རོ་ལངས་མའོ།། དེ་བཞིན་དུ་རླུང་གི་འདབ་མར ་སྤོས་མོའོ།། དེ་བཞིན་དུ་འདབ་མ་གཉིས་པར་གཏུམ་མོའོ།། དབང་ལྡན་གྱི་འདབ་མར་ཟ་ཕོད་མའོ།། དེ་བཞིན་དུ་དེའི་འདབ་མ་གཉིས་པར་ནི་རི་ཁྲོད་མའོ།། ལྷ་མོ་འདི་རྣམས་ཀྱི་མདོག་དང་ཕྱག་དང་མཚན་མ་ལ་སྔོགས ་པ་རྣམས་ནི་གོ་སླའོ།། དེ་བཞིན་དུ་ཤར་དང་། གྷོ་དང་། ནུབ་དང་། བྱང་གི་འདབ་མ་རྣམས་ལ་རིམ་པ་བཞིན་རྟ་གདོང་ཞེས་བྱ་བ་ལ་སོགས་པ་ནི་རྟའི་གདོང་དང་། ཕག་གི་གདོང་དང་། ཁྱི་ཡི་གདོང་དང་། སེང་གེའི ་གདོང་ཅན་ནོ།། དེ་ལྟར་རྣལ་འབྱོར་མ་བཞིའི་གཡོན་གྱི་ཕྱག་གཉིས་ལ་ཐོད་པ་དང་ཁ་ཊྭཱཾ་གའོ།། དེ་བཞིན་དུ་གཡས་ན་གྲི་གུག་གོ།། དེ་བཞིན་དུ་རྟ་གདོང་ལ་སོགས་པའི་ཐམས་ཅད་ཀྱི་གཡས་ཀྱི་ཕྱག་དང་པོ་ལྔ་རིམ་པ ་བཞིན་ལྕགས་ཀྱུ་དང་། ཞགས་པ་དང་། ཐོ་བ་དང་། རལ་གྲི་བསྣམས་པའོ།། དེ་ལྟར་ཕྱག་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་བཞིན་དུ་གླིང་བུ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་མཚམས་བཞི་རུ་བསམ ་པར་བྱའོ།། འདི་རྣམས་ནི་རང་གྲི་མིང་དང་མཐུན་པའི་མཚན་མི་ཕྱག་ན་བསྣམས་པའོ།། གཞན་ནི་གོ་སླའོ།། འདི་ནི་སྒྲ་ཇི་བཞིན་མདོར་བསྡུས་པའོ།། ད་ནི་འདི་རྣམས་ཀྱི་རིམ་པོ་བཞིན་ཏཱི་ངེ་འཛིན་གསུམ་བསྒོམ་པ ་གསུངས་པ། འདིར་བསྒོམ་པའི་དབང་དུ་བྱས་པའི་སྔགས་པསཽ་ཐོ་རངས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལོ་དགྱེས་པའི་རྡོ་རྗེའི་ཡི་གེའི་ས་བོན་འོད་ཟེར་གྱི་ཕྲེང་བུ་ཅན་བལྟས་ཏེ། གདོང་དག་པ་ལ་སོགས་པ ་བྱས་ལ་བསམ་གཏན་གྱི་གན་སུ་ཞུགས་ནས་སྟན་བདེ་བ་ལ་འདུག་སྟེ། གནས་དང་བདག་ཉིད་དང་རྣལ་འབྱོར་བསྲུང་བ་བྱས་ནས། རང་གི་སྔགས་ཀྱིས་མཆོད་ཡོན་ལ་ཡོངསུ་བཟླས་ཏེ། དེ་བཞིན་གཤེགས་པ་ཐད ་བསྡུས་པ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་མདུན་གྱི་ན་མཁའི་ངོས་ཀྱི་ཕྱོགསུ་བལྟས་ཏེ། རང་གི་ས་བོན་ལས་བྱུང་པོའི་མཆོད་པའི་ལྷ་མོ་བརྒྱད་ཀྱིས་མཆོད་པར་བྱའོ།། གཽ་རཱི་རི་དགས་ཀྱི་མཚན་འཛིན་ཙོ་རཱིས་ཉི ་མའི་སྣོད་ནི་འཛིན།། བེདྷ་ལཱི་ཡི་ལག་ན་ཆུ།། གྷསྶ་རཱི་ནཱི་སྣུན་འཛིན་དེ།། པུཀྐ་སྭེ་ནི་སྟོངས་ཅན་བསྣམས།། དེ་བཞིན་རོ་འཛིན་ས་པ་རཱི།། ཙཎྜ་ལི་ནི་ཅང་ཏེའུ་བརྡུང་།། ཊེམྦི་ཕྲག་པ་ནས་ནི་འཁྱུང་།། དེ་ལྟ་བུར ་པའི་བཅོམ་ལྡན་འདས་སྤྲོ་པི་དང་སྡུད་པའི་སྐུ་ན་མཁར་བལྟས་ཏེ་རང་གི་སློང་གར་ཉི་མ་དང་ཟླ་བ་ལ་གནས་པའི་ཧཱུཾ་གི་ས་བོན་ལས་བྱུང་བའི་ཕྱིར་དང་། གསང་བའི་མཆོད་པ་རིག་མའི་ཁྱད་པར་རྣམས་ཀྱིས་ཡང་དག་པར ་མཆོད་པ། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། གང་འཁོར་བ་ཐོག་མ་མེད་པར་བསྐལ་པ་གྲངས་མེད་པར་འབྱུང་བའི་བདག་གིས་སྡིག་པའི་ལས་བགྱིས་པ་དེ་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར ་བཤགས་པའོ།། སླར་མི་བགྱིད་པར་ཁས་བླང་སོ།། གང་ཡང་སེམས་ཅན་ཐམས་ཅད་དང་འཕགས་པ་རྣམས་པར་སོ་སོའི་སྐྱེ་བོ་རྣམས་ཀྱི་དགེ་བ་དེ་མཐའ་དག་ལ་རྗེསུ་ཡི་རང་ངོ་།། གཞན་ཡང་བླ་ན་མེད་པ་ཡོང་དགེ ་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིའོ།། ཁམ་སྐུ་གསུམ་པའི་བདག་ཉིད་དེ་མཐའ་དང་། བདེ་བ་ཆེན་པོའི་རྣམ་པ་དགྱེས་པའི་རྡོ་རྗེ་སངས་རྒྱུ་སྣ་དང་། དེ་གསུངས་པའི་སྔགས་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའི་རང ་བཞིན་གྱི་ཆོས་དང་། དེར་རྣལ་འབྱོར་མའི་ཚོགས་དང་། ལྷ་མོའི་ཚོགས་འཁོར་ལོར་བཞུགས་པའི་དགེ་འདུན་བདག་ལ་སྐྱབསུ་མཆིའོ།། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ།། སེམས་ཅན་ཐཾད་ཀྱི ་དོན་བྱེད་པའི་རྒྱུར་གྱུར་པ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མཐོང་བའི་ཕྱིར་བྱང་ཆུབ་ཀྱི་སེམས་ལ་བརྟེན་པར་བགྱིའོ།། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་དང་། ཇི་ལྟར་སྐལ་པ་དང་ལྡན ་པ་དྨོ་རྣམས་ཀྱིས་བྱང་ཆུབ་རྣམ་པ་གསུམ་ཐོབ་པར་བྱ་བའི་ཕྱིར་དེའི་རྗེསུ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བྱམས་པའི་མཚན་ཉིད་བྱམས་པ་ཆེན་པོ་བསྒོམ་པར་བྱའོ།། དེ་བཞིན་དུ་རྣམ་པར་རྟོག་པའི་རྒྱ ་མཚོར་བྱིང་བའི་སེམས་ཅན་སྐྱབས་མེད་པ་རྣམས་མཐོང་ནས་དེ་རྣམས་འདོན་པའི་རང་བཞིན་གྱི་འདོད་པའི་སྙིང་རྗེ་ཆེན་པོ་མངོན་དུ་བྱའོ།། དེ་ལྟར་སེམས་ཅན་གྱི་དོན་དུ་དགའ་བོ་ཆེན་པོ་ཐོབ་པའོ།། དེའི་ཕྱིར་རྣམ་པར་རྟོག ་པ་མཐའ་དག་གི་ཡུལ་རྣམས་ལ་འཇིག་རྟེན་གྱི་ཆོས་བརྒྱད་ལ་སོགས་པ་སྔགས་པས་བཏང་སྙོམསུ་བྱའོ།། དེ་ནས་དངོས་པོ་མ་ལུས་པའི་ང་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པའི་སྔགས་བརྗོད་དོ།། ཨཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྨུ ་བྷཱ་བཱ་ཨཱཏྨ་ཀོ་ཧཾ། དེའི་རྗེ་སུ་སྔགས་ཀྱི་དོན་མངོན་སུམ་དུ་བྱས་ཏེ། བདག་ཁམས་གསུམ་པ་སྣང་བ་མེད་པར་བསྒོམ་པར་བྱའོ།། འདིར་གསུངས་པ། ཨེ་ནི་གཟུགས་རྣམས་གཟུང་བ་སྟེ། བྱེ་བྲག་སྨྲ་བའི་ལུག་ས་ཀྱིསོ།། ། ་ཚེ་ཡི་དབྱེ་བས་དོན་མེད་དོ།། རྡུལ་ཕྲན་སྟོང་པ་ཉིད་དུ་འགྱུར།། ཤཱུ་ཡིས་སེམས་ནི་སྦྱངས་པ་ཉིད།། མདུན་ན་གནས་པའི་འཁོར་ལོ་ཉིད།། བྱེ་བྲག་སྨྲ་བར་གནས་པ་ནི།། དེ་རྣམས་སངས་རྒྱས་འདོད་པ་མིན།། ནྱ་དེ་རྣམ ་ལ་ནི་དབུ་མ་དགོད།། ལུང་རྒྱས་ལས་ནི་ཡོད་མིན་པའོ།། འདིར་ནི་རྟག་པར་རྗེས་ཐོགས་བྱ།། རྡུལ་ཕྲན་རྣམས་ནི་ཆ་མེད་ཕྱིར།། ཏཱ་སེམས་ནི་ཉམས་པ་དེ་རྣམས་ལ།། འདིར་ནི་མདོ་སྡེ་ཉིད་ནི་བསྟན།། ཀུན ་རྫོག་ཏུ་ནི་གནས་པའོ།། དེ་རྣམས་མེད་མིན་དབུ་མའོ།། ཛྙཱ་འདིར་ནི་ཤེས་པ་ཙམ་གནས་ལ།། རྣལ་འབྱོར་སྤྱོད་པོ་རྣམས་ནི་བསྟན།། དེ་ཡང་མ་རི་གཽ་དེར་ཤེས་བྱ།། རྣལ་འབྱོར་སྤྱོད་པའི་དབུ་མའོ།། ནུ་ཡོད་མིན་མེད་མིན་འཁྲུལ་པ ་ཉིད།། དེས་ན་སྔོན་པ་ལ་སོགས་སྣང་།། དེ་རྣམས་དམིགས་པར་མི་འགྱུར་ཏེ།། བརྟགས་པའི་ཕྱིར་ན་འདིར་བསྟན་ཏོ།། བྲ་རྩའི་དབུ་མ་ཁྱད་པར་ཅན་ལ།། མིང་ཙམ་ཉིད་དུ་དེ་ཤེས་བྱ།། རྣམ་ཤེས་ཉིད་ནི་རིང་བའི་ཕྱིར།། སྒྱུ་མ ་བརྫུན་པ་ཉིད་དུ་བྱ།། ད་དམ་པའི་དོན་གྱིས་བསྒྱིངས་པའི་ཕྱིར།། དེ་ཡང་དེ་ཁོ་ན་ཉིད་བཤད།། རྡོ་རྗེ་ཆོས་རྣམས་ཀྱིས་བསྟན་པའོ།། རྡོ་རྗེ་བསམ་དུ་མེད་པའི་གཟུགས།། སྲ་དངོས་པོ་ངོ་བོ་ཙམ་ཉིད་ནི།། དབུ་མ ་ཆེན་པོ་པར་ཤེས་བྱ།། དེ་དག་ཐམས་ཅད་ཡོད་པ་མིན།། ཡོད་པ་མངོན་སུམ་མཐོང་བའི་ཕྱིར།། བྷཱ་ཆ་དང་ཆ་མིན་རྣམ་པར་དཔྱད།། སངས་རྒྱས་པོ་རྣམས་སེམས་མང་བས།། དེ་རྣམས་རྟོགས་པ་ཐོབ་པའི་ཕྱིར།། ། ་ལྟ་བ་རྣམས་ནི་འདི་ཡིས་བསྟན།། བ་སངས་རྒྱས་དེ་ཉིད་བསྒོམས་པ་ཡིས།། བག་ཆགས་རྣམས་ནི་ཟད་པ་ཉིད།། དེ་ལྟར་བྱས་དང་མ་བྱས་ཀུན།། ཇི་སྲིད་བདག་གི་རྣམ་པར་གནས།། རྨི་ཨ་བདག་ཉིད་ཀྱིས་ནི་གཟུང་བཏང ་སྟེདེ་བཞིན་བརྗོད་མེད་ཆོས་ཉིད་དོ།། བླ་མའི་བཀའ་ནི་ཡིད་ཆེས་པས།། འདི་ཡིས་སངས་རྒྱས་སངས་རྒྱས་མིན།། ཀོ་ཁྲོ་བ་ལ་སོགས་འཁོར་བ་ལས།། བློ་དང་ལྡན་པ་གྲོལ་བར་འགྱུར།། ཆོས་ཀྱི་དབྱིངས་ནི་ཉིད་ཐོབ་ཅིང་།། ་རྡོ་རྗེ་འཛིན་པའི་ས་དེ་བཞིན།། ཧཾ་ད་ལྟར་བྱུང་བའི་སེམས་ཅན་རྣམས།། བདག་ཉིད་ང་རྒྱལ་བྱེད་པ་ནི།། སྟེགས་ཀྱི་དག་པ་ཉིད་ནི་ཤེས།། སྒྲུབ་པ་པོ་ནི་འཁྲུལ་པ་སྤངས།། སྟོང་པ་ཉིད་ཀྱི་ཡེ་ཤེས་འདིས།། འགྲུབ་ཀྱི་གཞན ་དུ་ནི་མུ་ཡིན་ཏེ།། རང་གི་ལྟ་བོ་རྟོགས་པས་ཤེས་དགོངསོ།། དེས་ན་སྨོན་ལམ་རྗེ་སུ་དྲན་ཏོ།། ན་མཁྭ་འོད་བསྒོམ་པར་བྱའོ།། རཾ་ལས་ཉི་མ་མདུན་དུ་བསྒོམ་པར་བྱས་ཏེ། ཉི་དེར་སཾ་ཀྱི་སྣ་ཚོགས་རྡོ་རྗེ་སྟེ། རྡོ་རྗེ་དེ་ཉིད་ཀྱིས ་ནི་བསྒོམ་བྱ་བ།། ར་བ་དང་ནི་གུར་ནི་བཅིང་བར་བྱ།། དེ་ལྟར་རྡོ་རྗེ་ར་བ་དང་རྡོ་རྗེ་གུར་རྣམ་པར་བསྒོམ་པར་བྱའོ།། དེའི་ནང་དུ་རྡོ་བླ་རེ་ཡང་བསྒོམས་ཏེ་བགེགས་བསྐྲད་པར་བྱའོ།། ནང་དུ་ན་མ། ཁྱབ་པ་ཅན།། སྟོན་ཀ ་ཟླ་བ་ལྟར་དཀརཱ་བ་རྩེ་མོ་གསུམ་དུ་གནས་པ་ནང་ཁོང་སྟོང་ཆེན་མོ་ཆོས་ཀྱི་འབྱུང་གནས་བསྒོམ་པར་བྱའོ།། དེའི་ནང་དུ་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་ཁ་དོག་སེར་པོ།། དེའི་སྟེང་དུ་ཁྭའི་དཀྱིལ་འཁོར་ཟླུམ་པོ ་དཀར་པོའོ།། དེའི་སྟེང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོའོ།། དེའི་སྟེང་དུ་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་ལྟེ་བུ་ནག་པོའོ།། དེ་རྣམས་ཡོངསུ་གྱུར་པ་ལས་སྣ་ཚོགས་པདྨ་ཆེན་པའི་ལྟེ་བར་སྣ་ཚོགས་རྡོ་རྗེ ་ལ་གནས་པའི་གཞལ་ཡཱས་ཁང་རྣམ་པར་བསམ་པར་བྱའོ།། དེ་ཡང་མཆོག་ཏུ་འབར་བ་རིན་པོ་ཆེ་སྣ་ཚོགས་རང་བཞིན་གྲུ་བཱ་ནི་སྒོ་བཞི་རྟ་བབས་བཞིས་བརྒྱནཱ་པ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛ ་པུ་ཁ་ཁྱེར་བཞིར་མཆོད་པའི་ལྷ་མོ་བརྒྱད་གཉིས་ཀྱིས་མཆོད་པ་བྱེད་པ། དྲ་བ་དང་དྲ་བ་ཕྱེད་པས་སྤྲས་པ།། རྡོ་རྗེའི་ཐིག་གིས་བརྒྱན་པ།། རླུང་གིས་བསྐྱོད་པའི་བདན་སྣ་ཚོགས་པའི་མཆོག་དྲལ་བུའི་སྒྲ་སྒྲོགས་པའོ།། ་དེའི་དབུསུ་པདྨ་འདབ་མ་བཅུ་གཉིས་པ་ལྟེ་བ་དང་གོ་སྔར་དང་ལྡན་པ་ཀུན་ཏུ་དཀར་པོ་དང་ཟློ་བ་ལྟར་སྣང་བ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཆུད་ཅིང་ཀུན་ནས་ཡོངསུ་བསྐོར་བའོ།། དེའི་དབུསུ་ཟླ་བའི་དཀྱིལ་འཁོར ་དེའི་སྟེང་དུ་ཚངས་པའི་ཐོད་པའོ།། དེའི་དབུ་སུ་ཧཱུཾ་འོད་ཟེར་སྣ་ཚོགས་པ་འཕྲོ་བ་སྒོམ་པར་བྱའོ།། དེ་ཡོངསུ་གྱུར་པ་ལས་བདག་ཉིད་ལྷའི་གཟུགསུ་བསྒོམ་སྟེ། ཞལ་གསུམ་ཕྱག་དྲུག་པ་དེ་བཞིན་དུ་རྩ་བའི་ཞལ་ནག ་པོ་གཡས་པ་དང་གཡོན་པ་དཀུར་པོ་དང་དམར་པོའོ།། ཡང་ན་ལུས་ཐམས་ཅད་ནི་དཀར་པོའོ།། གཡོན་དང་གཡས་དམར་པོ་དང་ནག་པོ་ཇི་ལྟར་འདོད་པའོ།། དེ་བཞིན་དུ་སྤྱན་གསུམ་པ་ཕྱག་དྲུག་དང་ལྡན་པ་གཡ ་ཀྱི་ཕྱག་གསུམ་ལ་རིན་པ་བཞིན་རྡོ་རྗེ་དང་མདའ་དང་རྩ་གསུམ་མོ།། དེ་བཞིན་གཡོན་རྣམས་ལ་བདུད་རྩི་ལྔས་གང་བའི་ཐོད་པ་དང་གཞུ་དང་རྡོ་རྗེ་དྲིལ་བུའོ།། རལ་པའི་ཅོང་པན་གྱིས་བརྒྱན་པོའི་བཅོམ་ལྡན་འདས ་ཇི་ལཱུ་བུ་དེ་བཞིན་དུ་འཁྱུད་པའི་ཤེས་རབ་མའོ།། དེ་ལྟ་བུར་གྱུརཱུ་པ་དེའི་སྙིང་གར་ཟླ་བའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའོ།། དེའི་ལྟེ་བྱ་ལ་ཨཱ་ལི་ཀཱ་ལཱི་ཁ་སྟོར་གྱི་དབུས་སུ་ཧཱུཾ་དང་ཨཾ་ཡོངསུ་གྱུར་པ་ལས་རྡོ་རྗེ་དང་གྲི་གུག་གོ། དེའི་ལྟེང ་དུ་དེ་ཉིད་ཀྱི་ས་བོན་གཉིས་འོད་ཟེར་ལྷའི་རང་བཞིན་འབར་བའི་ཕྲེང་བ་ཀུན་ཏུ་ནས་འཕྲོ་བཾ་ལས་མཁའགྲོ་དང་མཁའ་གྲོ་མ་དྲུག་མོའི་རིགས་ཀྱི་ཚོགས་སྤྲོས་ཏེ་འགྲོ་བའི་དྲོན་བྱས་ནས་སླར་དེ་ཉིད་དུ་གཞུགོ། དེ་ཐམས་ཅད ་རིམ་པ་བཞིན་འགྱུར་བར་བལྟ་སྟེ། རྡོ་རྗེ་སེམས་དཔའ་དང་ཟླ་བ་དང་རྡོ་རྗེ་ཨཱ་ལི་དང་ཀཱ་ལི་དང་། མཚན་མེ་གཉིས་དང་། ས་བོན་གཉིས་གྱུར་པ་ལས་བདག་ཉིད་དཔལ་དགྱེས་མཛད་རྡོ་རྗེའི་སྐུའི་མདོག་ནག་པོ་ཞལ་བརྒྱད ་པ་ཞབས་བཞི་པ་ཕྱག་བཅུ་དྲུག་པ་བདུད་བཞི་མཉམ་པར་མནན་པ་བདག་མེད་མ་དང་ལྷན་ཅིག་དགྱེས་པར་མཛད་པ་མཆོག་ཏུ་དགའ་བ་བདེ་བ་ཆེན་པོའི་ཆགས་པ་ལ་གཉིས་གཉིས་སྙོམས་པར་འཇུག་པར་བལྟའོ།། ་དེ་ནཱས་ཨོཾ་པདྨ་སུ་ཁཱ་དྷཱ་རཱི་མ་ཧཱུ་རཱུ་ག་སུ་ཁཾ་ད་ད་ཙ་ཏུ་རཱ་ནནྟ་བྷཱ་གྲཱ་བི་ཤྭ་ཧཱུཾ་ཧཱུཾ་ཀྵཾརྱཱ་ཀུ་རུ་ཤྲཱ་མེ། ཨོཾ་བཛྲ་མ་ཧཱ་དྭེ་ཥ་ཙ་ཏུ་རཱ་ནནྡ་དཱ་ཡ་ཀྲ་ཁ་ག་མུ་ཁཻ་ཀ་རཱ་སོ་ནཱ་ཐཱ་ཧཱུཾ་ཧཱུཾ་ཀུརྱ་ཀུ་རུ་ཤྲ་མེ་ཕྱིའི་བྱ་བ་ལ་ཡང་ཤིན་ཏུ་ཆགས ་པའི་གོ་ཆ་ལ་འཛི་ལྟ་འི་བྱིན་རྒྱས་བརླབ་པར་བྱའོ།། དོན་པོ་སྙིང་གརེ་ཟླ་བོ་དང་རྡོ་རྗེའི་སྟེང་དུ་བྱུང་།། བདག་མེད་མོ་ལི་ཡང་ནུ་མའི་བར་དུ་ཟླ་བ་དང་གྲི་གུག་ས~ཾ་བི་ནི་འབོར་བས་མཛེས་པའོ།། འདི་ནི་སྦྱོར་བ་དང་ག ་པ་དང་། ཏིང་ངེ་འཛིན་ངོ་བོ་ཉིད་ཀྱི་སྐུའོ།། དེའི་རྗེ་སུ་སྙིང་གི་མཚན་མ་ལ་གནས་པའི་ས་བོན་དང་། བསྲུབ་པ་དང་བསྲུབ་པའི་སྦྱོར་བ་ལས་ལྷ་མོའི་འཁོར་ལོ་རྣམས་དབྱུང་བར་བྱའོ།། དེ་ནས ་ཤར་ལ་སོགས་པའི་འདབ་མར་རིམ་པ་བཞིན་ཚངས་པ་དང་། དབང་པོ་དང་། ཉི་དབང་དང་། དྲག་པོའོ།། དེ་བཞིན་དུ་མེ་ལ་སོགས་པའི་མཚམས་བཞིར་འདབ་མ་བརྒྱད་ལ་ཐོད་པ་གཉིས་གཉིས་བརྒྱད་དུ་འགྱུར་རོ།། ་དེ་ལྟར་འདྲ་བ་མ་བཅུ་གཉིས་པའི་འཁོར་ལོའོ།། རྒྱུ་ལ་སྒྲུབ་པ་པོའི་ཁྱད་པར་གྱིས་འདབ་མ་བརྒྱད་པ་བྱང་ནུ་དེ་རྣམས་ཀྱི་འདབ་མ་བརྒྱད་ལ་གཽ་རཱི་ལ་སོགས་པའི་གདན་ཐོད་པ་བརྒྱད་དོ།། དེ་བཞིན་དུ་ཤར་ལ ་སྲོགས་པའི་སྒོ་བཞི་རུ་ཚངས་པ་ལ་སོགས་པ་བཞིའི་སྟན་གྱི་སྟེང་དུ་རྟ་གདོང་མ་ལ་སོགས་པའི་རྣལ་འབྱོར་མོ་བཞིའི་རྣམས་ཀྱིའོ།། དེ་བཞིན་དུ་མཚམས་བཞིར་གླིང་བུ་མ་ལ་སོགས་པ་བཞི་རྣམས་ཀྱིའོ།། འདི་རྣམས་ཀྱི་གདན ་གྱི་སྟེང་དུ་རིམ་པ་བཞིན་ཟླ་བའི་གཟུགས་བཅུ་གཉིས་སོ།། དེ་བཞིན་དུ་དབང་ལྡན་ལ་སོགས་པའི་མཚམས་བཞིར་གླིང་བུ་མ་ལ་སོགས་པའི་བཞིའི་གདན་གཤིན་རྗེ་དང་ནེར་བདག་དང་བདེན་བྲལ་དང་ཐག་བཟངས་རས་ཏེ། དེ་རྣམས ་ཀྱི་སྟེང་དུ་ཟླ་བའི་གཟུགས་བཞིའོ།། དེ་ལྟར་བཅུ་དྲུག། དེ་བཞིན་དུ་ཟླ་བའི་གཟུགས་བཅུ་དྲུག་རྣམས་སྤྲོ་བར་བྱའོ།། དེའི་སྟེང་དུ་ཧཾ་སུཾ་ཤཱཾ་སི་དང་། དེ་བཞིན་དུ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ཙ་ཌཾ་ངོ་།། དེ་བཞིན་བཾ་བཱཾ་མུ་མཱཾ་ངོ་།། དེ་ལྟར་བརྒྱད་གཉིས་ཀྱི ་ས་བོན་ལྷའོ།། དེ་སོ་སོར་གྱུར་པ་ལས་རྟ་གདོང་མ་ལ་སོགས་པའི་དང་། དེ་བཞིན་དུ་གཽ་རཱི་ལ་སོགས་པ་རྣམས་ཀྱི་དང་།། གླིང་བུ་མ་ལ་སོགས་པའི་མཚན་མ་རྣམསོ།། དེ་ལས་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། རལ་གྲི ་རྣམས་བསུམ་མོ།། དེ་བཞིན་དུ་རོ་ཧི་ཏིའི་ཉ་དང་། ཕག་པ་དང་། རུལ་སྔལ་དང་། སྦྲུལ་དང་། སེངྒེ་དང་། སྟག་ལྕེ་སྤྱང་དང་། དགེ་སློང་རྣམས་ཀྱང་བསམ་མོ།། དེ་བཞིན་དུ་གླིང་བུ་དང་། པི་བང་དྲང་། རྔ་རིངས་དང་། རྫ་རྔ་རྣམས་བསྒོམ ་པར་བྱའོ།། དེའི་སྟེང་དུ་དེ་ཉིད་ཀྱི་ས་བོན་རྣམསོ།། དེ་ཐཾ་དག་གཅིག་ཏུ་གྱུར་པ་ལས་རྟ་གདང་མ་སོགས་པ་དང་། གཽ་རཱི་མ་ལོ་སོགས་པ་དང་། གླིང་བུ་མ་ལ་སོགས་པ་ཡང་བསྐྱེད་པར་བྱེད།། དེ་ལ་ཤར་གྱི་སྒོར་ཧཾ་ལས་བྱུང་བ་ཁ་དོག་ནག་པོ ་ཞལ་དང་པོ་ནག་པོའོ།། གཡས་དང་གཡོན་དཀར་པོ་དང་སེར་པོའོ།། སྟེང་དུ་རྟའི་གདོང་པ་ལྗང་ཁུའོ།། དེ་ལྟར་ཞལ་བཞི་དང་ཕྱག་བཞིའོ།། དེ་ལ་གཡས་ཀྱི་ཕྱག་དང་པོ་ལ་ལྕགས་ཀྱུའོ།། གཉིས་པ་ལ་གྲི་གུགོ། གཡོན་པ་དག་ལ་ཐོང ་བ་དང་ཁ་ཊྭཱཾ་ག་བསྣམས་པ་ཚངས་པ་མནན་པ་དགོད་པར་བྱའོ།། དེ་བཞིན་དུ་ལྷོའོ་སྒོར་འཕགས་པའི་གདོང་མ་སུམ་ལས་བྱུང་བ་ཁ་དོག་སེར་པོ་ཞལ་བཞི་པ་ཕྱག་བཞི་པའོ།། གཡས་དང་གཡོན་གྱི་ཞལ་དཀར་པོ་དང་ནག་པོའོ།། ་རྩ་བའི་ཞལ་སེར་པོའོ།། སྟེང་དུ་ཕག་གི་གདོང་དམར་པོའོ།། གཡས་ན་ཞགས་པའོ།། ལྷག་མ་རྣམས་ནི་རྟ་གདོང་མ་བཞིན་ཏེ། དབང་པོ་མནན་པའོ།། དེ་བཞིན་དུ་ནུབ་ཀྱི་སྒོར་ཤཱཾ་ལས་བྱུང་བ་ཁྱི་གདོང་མ་ཁ་དོག་དམར་པོ་ཞལ ་བཞི་པ་རིམ་པ་བཞིན་དུ་དབུས་དམྦཱར་བ་གཡས་དང་གཡོན་གྱི་ཞལ་ནག་པོ་དཀར་པོར་སྒྲུང་པའོ།། སྟེང་དུ་ཁྱི་གདོང་སེར་པོའོ།། ཕྱག་བཞི་ལྔ་གཡས་ཀྱི་ཕྱག་ན་ལྕགས་སྒྲོགོ། ལྷག་མ་རྣམས་ཕྲག་གདོང་མ ་བཞིན་ཉེ་དབང་མནན་པའོ།། དེ་བཞིན་དུ་བྱུང་གི་སྐོར་སི་ལས་བྱུང་བ་སེང་གདོང་མ་ཁ་དོག་ལྗང་གུ་ཞལ་བཞི་པ་ཞལ་དང་པོ་ལྟེང་ཁུའོ།། གཡས་དང་གཡོན་གྱི་ཞལ་ནག་པོ་དང་དམར་པོའོ།། སྟེང་གི་ཞལ་སེང་གེའི་གཟུགས་འབྲུ ་པའོ།། དེ་བཞིན་དུ་ཕྱག་བཞི་པ་གཡས་ན་རལ་གྲིའོ།། ལྷག་མ་རྣམས་ནི་ཁྱི་གདོང་མ་བཞིན་ཉི་དབང་མནན་པའོ།། དེ་བཞིན་དུ་དྲག་པོ་མནན་པ་དགོད་དོ།། འདི་རྣམས་ནི་ཕྱག་རྒྱ་ལྔ་འཛིན་པ་ཕྱོགས་ཀྱི་གོས་ཅན་རྒྱན་ཐད་ཀྱིས་རྒྱན ་པ་བསམ་པར་བྱའོ།། དེ་བཞིན་དུ་མེའི་མཚམ་སུ་གཾ་ལས་བྱུང་བ་ཁ་དོག་དཀར་པོ་ཞལ་ཅིག་ཕྱག་བཞི་པ། ཕྱག་གཡས་གཉིས་མདའ་དང་རྡོ་རྗེ་གྲི་གུག། དེ་བཞིན་དུ་གཡོན་དག་ནི་གཞུ་དང་ཁྲག་གིས་གང་བའི་ཐོད་པ་བསྣམས ་པ་ཐོད་པའི་གདོན་གྱི་དབུས་སུ་བསམ་པར་བྱའོ།། དེ་བཞིན་དུ་འདི་ཉིད་ཀྱི་འདབ་མ་གཉིས་པ་ལ་ཙཽ་རཱི་ཙེ་ལྔས་བྱུང་བ་ཁ་དོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་ཕྱག་གཡས་གཉིས་ནི་འཁོར་ལོ་དྲང་ཅང་ཏིའུའོ།། དེ་བཞིན་དུ ་གཡོན་གཉིས་ན་ཐོད་པ་དང་ལྗགས་ཀྱུ་འཛིན་པ་གཟུགས་མཛེས་མ་དགོད་དོ།། དེ་བཞིན་དུ་འདེན་བྲལ་གྱི་འདབ་མར་པྲ་མོ་ཧ་ཌཾ་ལས་བྱུང་བའི་པཾ་ལོས་བྱུང་བ་ཁ་དོག་ནག་པོ་ཞལ་གཅིག་ཕྱག་བཞི་པ་གཡས་ཀྱི་ཕྱག་གཉིས ་ལ་ཐོད་པ་དང་རྩེ་གསུམ་འཕྱར་པའོ།། དེ་བཞིན་དུ་གཡོན་གྱི་ཕྱག་དག་ལ་ཐོད་པ་དང་ཐོད་པ་ལྕང་ལོ་ཅན་མགོ་བོའི་མིང་ཅན་གཉིས་པའོ།། འདི་ཉིད་ཀྱི་འདབ་མ་གཉིས་པ་ལ་བཾ་ལས་བྱུང་བའི་བེཏྟ་ལི་དཀར་སེར་དུ་སྣང་བ་ཞལ་གཅིག ་ཕྱག་བཞི་པ་གཡས་ཀྱི་ཕྱག་གཉིས་ན་རྡོ་རྩཝ་དང་ཆུ་དང་ཐོད་པའོ།། གཉིས་པ་ན་བཤད་པས་གང་བའི་ཐོད་པའོ།། གཡོན་དག་ན་ཆང་གིས་གང་བའི་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པ་མཛེས་པའི་གཟུགས་ཅན་མ་བསྒོམ་པར་བྱའོ།། དེ་བཞིན ་དུ་རླུང་གི་མཚམ་སུ་པཾ་ལས་བྱུང་བའི་པུཀྐ་སཱི་ཁ་དོག་སེར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་ཕྱག་གཉིས་ལ་དཔག་བསམ་གྱི་ཞིང་དང་། དེ་བཞིན་དུ་རིན་པོ་ཆེ་དང་ལྷན་ཅིག་པའི་མཆོད་སྦྱིན་གྱི་ཕྱག་གོ། དེ་བཞིན་དུ་གཡོན་དག ་ལོ་ལྕིག་མ་དང་ཤས་གང་བའི་ཐོད་པའོ།། དེ་བཞིན་དུ་འདི་ཉིད་ཀྱི་འདབ་མ་གཉིས་པ་ལ་ཙཾ་ལས་བྱུང་བའི་ཙཎྜ་ལི་ཁ་དོག་སྔོན་པོ་ཞལ་གཅིག་ཕྱག་བཞི་པ། གཡས་ཀྱི་ཕྱག་གཉིས་ལ་རླུང་རས་དོང་། ཁུ་བས་གླང་པོའི་ཐོད་པའོ།། ་གཡོ་ན་ངག་ལ་རང་བྱུང་གི་མེ་ཏོག་གིས་གང་བའི་ཐོད་པ་དང་དེ་བཞིན་དུ་པདྨ་དཀུར་པོའོ།། དབང་ལྡན་དུ་གྷཾ་ལས་བྱུང་བའི་གྷེསྨ་རཱི་ལྗང་ཁུ་དང་སཽར་པོར་སྣང་བ་ཞལ་གཱཙོག་ཕྱག་བཞི་པ་ཕྱག་གཡས་ཀྱི་དང་པོར་མི་འཇིགས་པ་སྦྱིན ་པའོ།། ཕྱག་གཉིས་ལ་རྡོ་རྗེ་མེའི་ཐབ་ཁུང་བསྣམས་པའོ།། གཡོན་ལ་ངག་སྟའོ།། གཉིས་པ་ལ་ཞག་གིས་གང་བའི་ཐོད་པ་བསྣམས་པའོ།། གཡོན་ལ་དགྲ་སྟའོ།། གཉིས་པོ་ལ་ཞག་གིས། འདི་ཉིད་ཀྱི་འདབ་མ་གཉིས་པ་ལ་ཤཾ་ལོས ་བྱུང་བའི་ཤ་བ་རཱི་ཁ་དོག་དཀར་པོ་ཞལ་གཅིག་ཕྱུག་བཞི་པ་གཡས་ཀྱི་དང་པོ་ལ་ཐོད་པ་རོས་གང་བའོ།། གཉིས་པ་ལ་རྡོ་རྗེའོ།། དེ་བཞིན་དུ་གཡོན་པ་ལ་ཁ་ཊྭཱཾ་ག་དང་ཞགས་པའོ།། དེ་ལྟར་ཐཾད་རང་སྣང་གི་ཐབས ་དང་ལྡན་པ་སྤྱན་གསུམ་པ་མཆེ་བ་གཙིགས་པའི་ཞལ་ཅན་སྐྲ་སེར་པོ་གྱེན་དུ་ལྡངས་པ་གཅེར་བུའི་ཕྱག་རྒྱ་ལྔ་དང་ལྡན་པ་ཞབས་གཡོན་བརྐྱང་པའོ།། སྒེག་པ་དཔའ་བྲོ་མི་སྡུག་པ།། དྲག་པོ་བཞད་པ་འཇིགས་བྱེད་དང་།། སྙིང་རྗེ་རྗེ ་དང་ཞི་བ་རྣམོས།། གར་དགུའི་ཉམས་རྣམས་དང་ནི་ལྡན་ཞེས་སོ།། དེ་བཞིན་དུ་གླིང་བུ་མ་ལ་སོགས་པ་འབྱུང་བ་ཡང་ཤེས་པར་བྱའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་སྤྲོས་པ་ལས་བྱུང་བ་བསྒོམ་པར་བྱའོ།། དེའི་རྗེ་སུ་བསྙེན་པ་དང་།། ་ཉེ་བའི་བསྙེན་པ་དང་། སྒྲུབ་པ་བརྗོད་པར་བྱ་སྟེ། གང་དུ་རྡོ་རྗེ་འཆང་ལས་ཐབས་ཀྱི་རྡོ་རྗེ་འཛིན་པ་རྡོ་རྗེ་ལས་བྱུང་བའི།། བཅོམ་ལྡན་འདས་ཀྱི་དབྱིབས་ལ་སོགས་པའི་མཐོར་ཐུག་པའི་ནི་བསྙེན་པའོ།། དཀྱིལ་འཁོར་འབྱུང་བ་ནི་ཉེ་བའི ་བསྙེན་པའོ།། དེའི་རྗེ་སུ་ཧོ་གཉིས་ཀྱི་དབུསུ་སྦྲེལ་བྱའི་ཡི་གེ་གསུམ་ནང་དུ་ཞུགས་པས་ཤིན་ཏུ་རྒྱུན་མི་འཆང་པའི་མཆོག་ཏུ་བདེ་བ་ཆེན་པོ་རོ་གཅིག་པས་རང་གི་རིག་མ་དང་ལྷན་ཅིག་ཊུ་བཱིར་གྱུར་པ་ས་བོན་གྱི་གཟུགསུ་ཀུན་ཏུ་གན ་པར་གྱུར་ཏོ།། དེ་ནས་པུཀྐ་སཱི་ལ་སོགས་པའི་ལྷ་མོ་བཞི་བདག་ཅིག་མགོན་མེད་པར་ཤེས་ནས་ཐམས་ཅད་ཡིད་མི་བདེ་བ་ཐོབ་པས་ཤིན་ཏུ་གདུང་བ་དྲག་པོས་ཐུགས་སད་པར་བྱེད་པའི་རྡོ་རྗེའི་གླུས་བཅོམ་ལྡན་འདས་ཀྱི་ཐུགས ་སློང་བར་བྱེད་དེ། རྗེ་བཙུན་བཞེངས་ཞེས་བྱ་བ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་གླུས་རྨི་ལམ་བཞིན་བཅོམ་ལྡན་འདས་ཀྱི་ཐུགས་སད་དེ། བདུད་རྩི་གཟུགས་ལས་ཟླ་བའི་གཟུགསོ།། དེའི་སྟེང་དུ་ཧཱུཾ་དེ་ལས་རྡོ་རྗེའོ།། དེའི་སྟེང་དུ་ལྟེ་བར་ཨཱ ་ལི་ཀཱ་ལི་ཁ་སྦྱོར་གཉིས་ཀྱི་སྟེང་དུ་ས་བོན་གཉིས།། དེ་ལས་མཚན་མ་གཉིས་ཏེ་དེའི་སྟེང་དུ་ཧཱུཾ་དང་ཨཾ་གཉིས་ཏེ། དེ་ཐམས་ཅད་གཅིག་ཏུ་གྱུར་པ་ལས་དཀྱིལ་འཁོར་གྱི་དབུསུ་ཐོད་པའི་ཟླ་བ་བདུད་བཞིའི་སྟེང་དུ་ཧཱུཾ་ལསྭ་བྱུང་བའི་བཅྡོཾས ་དང་ཨཾ་ལས་བྱུང་བའི་བདག་མེད་མ་སྙོམས་པར་ཞུགས་པའི་ཁུ་བ་ལས་བཞེངས་ཏེ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀར་བདག་ཉིད་སྤྲུལ་པར་བྱའོ།། ཞབས་རྣམས་ས་ལ་བརྡབས་པ་ཡིས།། ལྕེ་དང་ལྷ་མིན་རྣམཱཾ་ས་ནི་བསྡིགས།། ་མོའི་འཁོར་ལོ་ཉམས་དགའ་བར།། འདི་ལྟ་བུ་ཡི་གཙོ་བོར་བསྒོམ།། ཞལ་བརྒྱད་ཞབས་ནི་བཞི་དང་ལྡན།། བཅུ་དྲུག་ཕྱག་རྣམས་ཀྱི་ས་ནི་བརྒྱན།། བདུད་བཞི་མཉམ་པར་མནན་པ་ནི།། འཇིགས་པ་ཡང་ནི་འཇིགས་པར་བྱེད།། སླེག ་པ་ལ་སོགས་ཉམས་དང་ལྡན།། མགོ་ཡི་ཕྲེང་བ་རྣམས་ཀྱིས་བརྒྱན།། རྐང་པ་དག་ལ་གཡེར་ཀའི་སྒྲ།། ཉི་མ་ལ་གནས་གཽར་དྲང་ལྡན།། སྤྱི་བོར་སྣ་ཚོགས་རྡོ་རྗེ་མཚན།། ཁ་དོག་ནག་པོ་འཛི། མཛད་གཉིད་ཀྱི་ཞལ་ནས་ཧཱུཾ་སྤྲོ་བ།། སྐུ་ལ་ཐལ ་བའི་རྡུལ་གྱིས་བྱུགས།། བདག་མེད་མ་དང་ཁ་སྦྱོར་བས།། གཉིས་གཉིས་ངག་ལ་སྙོམས་ཞུགས་པ།། དུར་ཁྲོད་བརྒྱད་ཀྱི་དབུསུ་ནི།། དཔའ་རླབས་མེད་པའི་རང་བཞིན་ཅན།། རྩ་ཞལ་ནག་པོ་བཞད་པ་སྟེ།། གཡས་ནི་ཀུན་ད་ལྟ། ་དུ་སྟེ།། གཡོན་ནི་དམར་མོ་འཇིགས་ཆེན་པོ།། སྟེང་གི་ཞལ་ནི་རྣམ་པར་གཙིགས།། ལྷག་མའི་ཞལ་ནི་བུང་བ་མཚུངས།། ཉི་ཤུ་རྩ་བཞི་སྤྱན་གྱིས་ཕྱུག། དེ་བཞིན་གཡས་ཀྱི་ཕྱག་རྣམས་ལ།། རྡོ་རྗེ་རལ ་གྲི་འཛིན་པ་ཉིད།། དེ་བཞིན་མངའ་དང་འཁོར་ལོ་དང་།། ལྕང་ལོའི་ཐོད་པ་དབྱུག་པ་དང་།། རྩེ་གསུམ་དང་ནི་དབྱུག་པ་ཉིད།། དེ་བཞིན་གཡོན་གྱི་ཕྱག་རྣམས་ལ།། དྲིལ་བུཾ་དང་ནི་པདྨར་བཅས།། གཞུ་དང་ཁ་ཊྭཱ~ཾ་ག་ཕྱར་དང་།། ཐོད་པ་དང་ནི ་རིན་ཆེན་ཉིད།། སྡིགས་མཛུབ་དང་ནི་ཞགས་པ་ཉིད།། ཀུན་ནས་འོད་ཟེར་སྣ་ཚོགས་ལས།། སངས་རྒྱས་སྤྱན་དང་མཚུངས་པ་སྤྲོ།། འདི་ནི་སྒྲུབ་པའོ།། དེ་ནས་སྒྲུབ་པ་ཆེན་པོ་བརྗོད་པ་བྱ་སྟེ།། བདག་པོ་དང་དཀྱིལ་འཁོར་པ་ཐམས་ཅད ་ཀྱི་རླུང་རང་གི་ཟླ་བཱ་ལ་གནས་པའི་རང་རང་གི་མཚན་མཱའི་དབུས་ན་གནས་པའི་ས་བོན་དེ་དང་དེ་གྱུར་པ་ལས་སྐད་ཅིག་གིས་དམ་ཚིག་སེམས་དཔའ་བཞིན་བདག་ཉིད་ཡེ་ཤོས་སེམས་དཔའི་གཟུགསུ་བལྟའོ།། དེའི་སྙིང ་གོའི་མཚན་མ་དེ་ཉིད་ཀྱི་ས་བོན་ཏིང་འཛིན་སེམས་དཔའི་གཟུགས་བསམ་པར་བྱའོ།། བཅོམ་ལྡན་འདས་ཀྱི་ཡང་སྙིང་གར་ཡང་དམ་ཚིག་གི་དཀྱིལ་འཁོར་བཞིན་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་བསྒོམ་པར་བྱའོ།། ་དེ་བཞིན་དུ་བདག་མེད་མ་ཞལ་གཅིག་ཕྱག་བཞི་པ་ཁ་དོག་སྣ་ཚོགས་པ་དྲག་མོ་ཆེན་མོ་གསེར་བུ་ཕྱག་རྒྱ་ལྔས་རྣམ་པར་འཁྲུང་བ་གཡོར་བརྐྱང་བས་མཆོག་ཏུ་དངོ་པ་ཆེན་པོ་ལ་ཆགས་པའོ།། དེ་ལྟར་ངོ་ཅོམ་ལྡན ་བརྒྱན་པ་སྤྱན་གསུམ་པ་སྐུ་སར་སྐྲ་གྱེན་དུ་བརྫེས་པ་མགྲོའི་ཕྲེང་བས་དབུ་ལ་བརྒྱན་པ་མི་མགོ་སྐམ་པོའི་ཕྲེང་བས་སྐུ་བརྒྱན་པའོ།། ཕྱག་གཡོན་གྱི་དང་པོ་ན་རྣལ་འབྱོར་པའི་སྣོད་དོ།། གཉིས་པ་ལ་ཁྱཱ་ཊྭཱཾ་གའོ།། གཡས་ཀྱི་དང ་པོ་ལ་རྡོ་རྗེ་སྔོན་མོའོ།། གཉིས་པ་ལ་གྲི་གུགོ། གྲི་གུག་གི་ཕྱག་དང་། ཐོད་པ་ཐོགས་པྲས་འཁྱུད་པ་གཡོན་བརྐྱང་བེ་སེ་མཆོག་ཏུ་བདེ་བ་ཆེན་པོ་ལ་ཆགས་པའོ།། དེ་ལྷོར་བཅོམ་ལྡན་འདས་མ་དང་བཅྡོཾས་གཡས་བརྐྱང་བ་དེ་དང ་སྙོམས་པར་ཞུགས་པར་རྣམ་པར་བསྒོམ་པར་བྱའོ།། དེས་ཡེ་ཤེས་སེམས་དཔའི་སྙིང་གའི་ས་བོན་གྱི་སྔགས་ཀྱི་འོད་ཟེར་རྣམས་ཀྱིས་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེ་རྣམས་དགུག་པར་བྱའོ།། དེ་བཞིན་དུ་སྤྱི་བོ་དང་། ་མགྲིན་པ་དང་། སྙིང་གར་ཟླ་བ་དང་། ཉི་མ་མེ་གསུམ་གྱི་སྟེང་དུ་ཨོཾ་ཨཱཿཧཱུཾ་རྣམ་པར་བསམས་ཏེ། དེའི་འོད་ཟེར་གྱིས་ཀྱང་སྐུ་རྡོ་རྗེ་ལ་སོགས་པ་དེར་གཞུག་པར་བྱའོ།། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་ནས་སྔགས ་བརྗོད་པར་བྱའོ།། ཨོཾ་ཀཱ་ཡ་བཛྲ་སྥ་བྷ་བ་ཨཱཏྨ་ཀོ་ཧི། དེ་བཞིན་དུ་ཀཱའི་གན་སུ་ངག་དང་སྡེམས་སྦྱར་བར་བྱའོ།། དེ་ནས་རང་གི་སྙིང་གྲའི་འོད་ཟེརུ་རྣམས་ཀྱིས་ན་མཁའི་ཁམས་གསུམ་པའི་རང་བཞིན་ཡིས་ཀྱི་དཀྱིལ་འཁོར་བཀུག ་སྟེ། ན་མཁའི་ངོསུ་བཞག་ནས་ཧཱུཾ་གིས་བགེགས་རྣམས་བསྐྲད་པར་བྱའོ།། དེར་སྔོན་དུ་ཡོངསུ་བཟླས་པའི་མཆོད་ཡོན་དང་ཞལ་བསིལ་རང་གི་སྔགས་ཀྱིས་དབུལ་བར་བྱའོ།། དེ་ནས་ཛཿཧཱུཾ་བཾ་ཧོ།། ཞེས་པས་དམ་ཚིག་གི་དཀྱིལ ་འཁོར་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་དགུགས་པ་དང་གཞུག་པ་དང་བཅིང་པ་དང་། དབང་དུ་བྱས་ནས་འོ་མ་དང་ཆུ་བཞིན་རོ་གཅིག་པར་གྱུར་བྱའོ།། དེ་བཞིན་དུ་བདག་གི་གཟུགས་ཀྱི་ཕུང་པོ་ལ་དེའི་བདག་ཉིད་ཀྱིས་གཽ་རཱི ་ཚོར་བའི་ཕུང་པོ་ལ་ཙོ་རཱིའོ།། འདུ་ཤེས་ཀྱི་ཕུང་པོ་ལ་བེཏྟཱ་ཁཱིའོ།། འདུ་བྱེད་ཀྱི་ཕུང་པོ་ལ་གྷསྨ་རཱིའོ།། རྣམ་པར་ཤེས་པའི་ཕུང་པོ་ལཱ་བཅོམ་ལྡན་འདས་ཧེ་རུ་ཀའོ།། སྭའི་ཁམས་ནི་པུཀྐ་སཱིའོ།། ཆུའི་ཁམས་ནི་ཤ་བ་རཱིའོ།། མོའི་ཁམས་ནི ་ཙཎྜ་ལིའོ།། རླུང་གི་ཁམས་ནི་ཌོམྦི་ནཱཾའོ།། ན་མཁའི་ཁམ་ས་ནི་བདག་མེད་མའོ།། གཟུགས་ཀྱི་སྐྱེ་མཆེད་ནི་རྟ་གདོང་མའོ།། སྒྲའི་སྐྱེ་མཆེད་ནཱི་ཕག་གདོང་མའོ།། དྲིའི་སྐྱེ་མཆེད་ནི་ཁྱཽ་གདོང་མའོ།། རོའི་སྐྱེ་མཆེད་ནི་སེང་གདོང་མའོ།། དེ ་བཞིན་དུ་སྒྲའི་སྐྱེ་མཆེད་ནི་རྣམ་པ་བཞི་སྟེ། འདི་ལྟ་སྟེ་སྦུབས་དང་རྒྱུ་དང་སྒྲ་ཆེན་པོ་དང་། སྒྲོག་པ་ནི་གླིང་བུ་མ་ལ་སོགས་པའི་འོ།། དེ་ལ་སོགས་པ་གཞན་རྣམས་ཀྱི་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཉོན་མོངས་པ ་དང་ཉེ་བའི་ཉོན་མོངས་པ་རྣམ་པར་དག་པར་མོས་པར་བྱའོ།། དེ་ན་ས་ལྷའི་ང་རྒྱལ་གཟུང་སྟེ། རང་གི་ལུས་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབོ་སེམས་དཔའ་དང་རིག་མ་དང ་ལྷ་མོ་དང་། ཁྲོ་མོ་ལ་སོགས་པ་རྣམས་བཀུག་ནས་ནི་མཁའི་དཀྱིལ་དུ་གཞག་སྟེ། རང་གི་སྙིང་གི་ས་བོན་ལས་སྤྲོས་པའི་ལྷ་མོ་བརྒྱད་རྣམས་ཀྱིས་ཡང་དག་པར་མཆོད་ནས་དབང་བསྐུར་གསོལ་བ་གདབ་པར་བྱའོ།། ་དེ་ནས་དེ་རྣམས་ཀྱིས་བདུད་རྩི་ལྔས་གང་བའི་བུམ་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་བདག་པོ་དང་དཀྱིལ་འཁོར་རྣམས་ལ་ཡང་དག་པར་དབང་བསྐུར་བར་བྱའོ།། དེ་བཞིན་དུ་དབང་བསྐུར་བཞིན་པ་ན། རྣམ་པ་སྣ་ཚོགས་པའི་མཆོད་པའི ་ཁྱབ་པར་རྣམས་ཀྱིས་ཡང་དག་པར་བདག་མཆོད་བཞིན་པར་བདག་གི་དངོས་པོ་བསྒོམ་པར་བྱ་སྟེ། དེ་ལྟར་རིམ་བཞིན་རྣམ་པ་སྣ་ཚོགས་དང་རྣམ་པར་སྨིན་པ་དང་རྣམ་པར་ཉེད་པ་དྲང་མཚན་ཉིད་དང་བྲལ་བའི་སྐད་ཅིག་བཞི་ཐོབ ་པས་དགའ་བ་དང་དམ་པར་དགའ་བ་དང་། མཆོག་ཏུ་དགའ་བ་དང་ལྷན་ཅིག་སྐྱེས་པའི་དགའི་བ་བཞི་མངོན་པར་མཚོན་ཏོ།། ནད་པ་དང་། བལྟ་བ་དང་ལག་པ་བཅངས་པ་དང་། གཉིས་གཉིས་འཁྱུད་པ་བཞི་རྣམ་པར་དག་པར་སློབ ་དཔོན་དང་གསང་བ་དང་། ཤེས་རབ་དང་། ཡེ་ཤེས་དང་། མཆོག་ཏུ་བདེ་བ་ཆེན་པོའི་མཐར་ཐུག་པའི་དབང་བསྐུར་བ་བཞིན་བླང་བར་བྱའོ།། དེ་ལྟར་དབང་བསྐུར་ནས་རང་གི་རིགས་གཙོས་མཚན་ཏོ།། དེ་ལ་སེམས་དང་རྟག་པ་རིན ་ཆེན་དབང་།། འཇིག་རྟེན་དབང་དང་དོན་ཡོད་གྲུབ་ཅེས་སོ།། དེ་ལྟར་སེམས་ཀྱི་ནི་བཅོམ་ལྡན་འདས་ལ་རྒྱས་གདབ་པོ།། ལྷག་མ་རྟག་པོ་ལ་སོགས་པས་གཽ་རཱི་ལྀ་སོགས་པ་རྒྱས་གདབ་པར་བྱའོ།། དེ་བཞིན་དུ་སེམས་དང་རྟག་པ་དང ་རིན་ཆེན་དབང་དང་འཇིག་རྟེན་དབང་གིས་མཚམས་ན་གནས་པ་རྣམས་ལའོ།། དེ་བཞིན་དུ་རྟ་གདོང་ལ་སོགས་སྒོ་སྐྱོང་རྣམས་ལ་རྟག་པ་དང་། རིན་ཆེན་དབང་དང་འཇིག་རྟེན་དབང་དང་དོན་ཡོད་གྲུབ་པ་རྣམས་ཀྱིས་རྒྱས ་གདབ་པོ།། དེ་བཞིན་དུ་གླིང་བུ་མ་ལ་སོགས་པ་ཐུགས་ཀྱིས་རྒྱུས་གདབ་པ་འམ། རང་རང་གི་ཕྱོགས་ཀྱི་གཙོ་བོས་སོ།། དེ་བཞིན་དུ་རང་གི་སྙིང་གི་ས་བོན་ལས་སྤྲོས་པའི་རྣལ་འབྱོར་མའི་ཚོགས་ཀྱིས་བདུད་རྩི་ལྔ་པོ་དེ ་རྣམས་ཀྱི་བདག་ཉིད་ཡང་དག་པར་མཆོད་པར་བྱའོ།། དེ་བཞིན་དུ་ཡན་ལག་དྲུག་རྦྷེ་སུ་དྲན་པར་བྱ་སྟེ། བཅོམ་ལྡན་འདས་གཅིག་པུའི་སྐུ་ནག་པོ་དང་། དཀར་པོ་དང་། སྒྱེར་པོ་དང་། ལྷུང་ཀུ་དང་། སྔོན་པོ་དང་། དཀར་པོའི་རཱིམྦ་པ ་སོ།། འདི་ནི་སྒྲུབ་པ་ཆེན་པོའི་ཡན་ལག་གོ།། དེ་བཞིན་དུ་མཆོད་པའི་རུསུ་བདགེ་བ་དང་དཀྱིལ་འོ་ཁར་པ་རྣམས་ཀྱི་སྔགས་བརྗོད་དེ། ཨོཾ་ཧྲིཿསྭཱ་ཧཱ། ཧེ་རུ་ཀ་ཡིའོ།། ཨོཾ་བཛྲ་གུ་དྱཾ་སིདྡྷིཾ་པཱུ་རཱ་མ་ཡོ་གི་ཤྩ་རི་ཀ་པཱ་ལ་མཱ་ལཱ་དྷཱ་རི་ཎི་རུ ་དྷཱིདྷི་ར་པྲྀ་ཡཽ་ཤྲཱི་ཤྭཱ་ན་བྷཱ་སི་ནི་ཧཱུཾ་ཕཊ། སྱཱ་ཧཱ། གཱི་རཱི་ཡིའི།། ཨོཾ་བཛྲ་ཙདྡྷི་ཤྭ་རི་ཁ་ཊཱངྒི་མཱ་ཧཱ་བིཛྲི་ཎཱི་ཀ་པཱ་ལ་མཱ་ལཱ་མུ་ཀུ་ཏེ་ཨཱ་ཀཱནྦྷ་སརྦྦ་དུཥྚཱ་ནེ་ཧྲྀད་ཡ་མཱ་ཀནྡྷ་རུ་ལཱུ་རུ་ལུ་བྷྱོ་ཧཱུཾ་ཕཊ། ཙཽ་རཱི་ཡིའོ།། ཨོཾ་བཛྲ་པ་རཱ་ཛི་ཏི་བཱ་ར་མཾ་གུ ་ཀཾ་བྷཱ་ལུ་མཱུ་ལི་བཱི་བྷཱུ་ཥི་ཏེ་སརྦཾ་དུཥྚཾ་མི་ཧེ་ནི་པྲི་ཡཾ་ཨེ་ཧྱེ་ཧི་བྷ་ག་བ་ཏཱཾ་བཛྙཱ་གུབྷྱཱཾ་ཤཱི་རི་བི་ཧུ་བི་བི་དྷཱ་བྲཱ་ཥ་དྷ་རི་ཎི་སརྦཾ་དུཥྚི་ནཱི་ཎི་བ་རི་ཎཾ་ཧཱུཾ་ཕཊ། པྲམ?་ཧྱ་ལྀ་ཊི།། ཨོཾ་བཛྲཱི་བེདྡྷ་ལཱི་ཁཱ་ཁ་ཁཱ་ཧི་ཁཱ་ཧི་སརྦ་དུཥྚཱ་ནཱ་བི་ཀྲྀ་ཏཱ་བྡེ ་དྷ་རྀ་ཎི་བི་ཀྲོ་ཏ་ལ~ཾ་ཙིཀཱ་ར་བྷ་ཥི་ཏཽ་ཧ་ན་ཧ་ན་ད་ཧ་ད་ཧ་པེ་ཙ་པི་ཙམཱ་བི་ལི་བཾ་ས་མ་ཡ་ཊ་སྨ་ར་པ་བི་ཤ་ཡཾ་མཎྜ་ལ་མོཾ་དྷྱེ་ཨུདྦྷ་པ་ཡ་སིརྦ་ཧཱུཾ་ཧཱུཾ་ཕཊ། བོདྡྷ་ལཱི་ཡཾའོ།། མེ་ཡཻ་ཧྱཾ་ཧི་བྷ་ག་བ་ཏི་བཛྲ་གུཙྪ་ཧཱུ~ཾ་རི་བ་ཧཱུཾ་བཾ་བི་དྷ ་ཤ་དྷཱ་རི་ཎི་སརྦ་ཏ་ཐཱ་ག་ཏ་དུཥྚེ་ས་མ་ཡ་མ་ནུ་སྨ་ར་ཧ་ན་ཧཱ་ན་རཾ་ག་རཾ་ག་རཾ་ཀཱ་པ་ཡ་ག་པ་པཱུ་ར་ཡ་པཱུ་ར་ཡ་ཨ་བི་ཥཱ་ཨཱ་བཱཾ་བི་ཥ་སརྦ་བྷཱུ་ཏཱནྣརྞྞ་ནརྟ་པ་ཡ་ནརྟ་པ་ཡ་ཧཿཧ་ཧ་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། པུཀྐ་སཱི་ཡཱིའོ།། ཨོཾ་བཛྲཱ་ཤུ་ལཱ་གྲྀ་བྷིནྡ་བྷིནྡ་སརྦ་དུཥྚཱཾ་ཧྲཱི ་ཀཪྵ་ཡཱ་ཀཪྵ་ཡ་ཧ་ན་ཧི་ན་ནིརྨ་ཐ་ནིརྨ་ཐོ་ས་ལ་མཱི་པཱ་ལཾ་བྱ་ས་མ་ཡ་མ་ནུ་སྨཱ་རེ་ཧཱུཾ་ཧཱུཾ་ཕཊ། ཙཱརྞྞ་ལཱི་ཡཱིའོ།། ཨོཾ་བཛྲ་མ་ཧེ་ཤཱི་རཱི་ཧཽ་ཧོ་ཧཾ་ཧཱུཾ་ཧ། རུ་ལུ་རུ་ལུ་བྷྱོ་ཧཱུཾ་ཕཊ་བྷྲྀཀྵ་ཡ་སརྦ་དུཥྚཱནྟི་མ་ཐ་ནིརྨཱ་ཧྲི་དྲཱ་ཡ~ཾ་ཧཱུཾ་ཕཊ་སྭཱ་ཧཱུཾ། གྷསྨཻ ་ཡིའོ།། ཨོཾ་སུཾ་བྷ་ནི་དཱིཔྟ་ས་མ་ཡ་བཛྲ་ཧཱུཾ་ཕཊ་ཧེ་རུ་ཀཱ་སྭནྣི་དྷ་ཨོཾ་བཛྲ་བཾ་ཤེ་ཧཱུཾ་སྭཱ་ཧཱ། གླིང་བུ་མ་ཡཱིའོ།། ཨོཾ་བཛྲ་བཱི་ཎེ་ཧཱུཾ་སྭཱ་ཧཱ། པི་བད་མ་ཡིའོ།། ཨོཾ་བཛྲ་མྲྀ་ཀུནྡྲ་ཧཱུཾ་ཕཊ་སྭཱ་ཧཱ། ཛ་ར་སྟྭ~ཾ་མ་ཡིའོ།། ཨོཾ་བཛྲ་མྲྀ་དཾ་གྲྀ་ཧཱུ~ཾ་སྭཱ་ཧཱ། ་ཡི། ཨོཾ་ཧྲཱི་སྱ་ཤྩརྨྨ་ཉྩཱ་མ~ཾ་ཧཱུ~ཾ་སའོ།། 9་ཧཱུ~ཾ་3ཧཱུཾ་ཧྲཱི་དྷཱུཿཧཱ། ག་དུ་མ་མི། ཧྲཱི་ཧཱུ~ཾ་ཧཱུ~ཾསིནཱི་ས་ཧཱནྣདྷཱ ་སྙིང་གདོང་མ་ཡིའོ།། ཨོཾ་བཛྲ་དྷཱ་ཏུ་སཾ་ཛཱི་བ་ནི་མ་ཧཱ་ཡཀྵི་ཎི་ཤྭཱ་ན་རཱྀ་རི་ཎོ་མ་ཧཱ་པྲ་ལ་ཡ་ནིརྞྞ་དེ་ཀཱ་མ་རཱུ་པེ་ཏཱཾ་ཏྲ་ཊ་ཏྲ་ཊ་ཧོཿཤ་ནཱི་སྱ་སྭཱ་ཧཱ། འདི་ནི་ཧེ་རུ་ཀ་འཁོར་དང་བེཅས་པ་ཐད་ཀྱི་སྔགསོ།། དེ་ལྟར་རྣལ་འབྱོར་པས་གཽ་རཱི་ལ ་སོགས་པ་རྣལ་འབྱོར་མ་བཅུ་གཉིས་རྒྱུ་བར་བྱའོ།། རྣལ་འབྱོར་མ་བཅུ་རཾ་ཡང་བདག་མེད་མའི་ནང་དུ་འདུས་ཏེ། འཕྲོ་བ་བཅུ་གཉིས་ཀྱི་དབྱེ་བས་སོ།། གླིང་བུ་མ་ལ་སོགས་པ་ཐུན་མཚམསུ་མཆོད་དེ་དུས་ཀྱི་སྦྱོར་བ་ལ་སོ།། བདག ་ཉིད་ནི་ལྷན་ཅིག་སྐྱེས་པའི་དགའ་བ་གཅིག་གཟུགས་ཅནོ།། འདི་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་པའི་ཏི་ངེ་འཛིན་ཏེ་གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུའོ།། དེའི་རྗེསུ་བདག་པོ་དང་དཀྱིལ་འཁོར་བ་སྙིང ་གི་ས་བོན་ལས་འོད་ཟེར་སྤྲོས་ཏེ། དེ་ལས་སྐུའི་སྤྲིན་སྤྲོས་པ་འགྲོ་བའི་དོན་བྱས་ནས་སླར་རྩ་བའི་ལུས་ཉིད་ལ་བསྡུ་བར་བྱའོ།། དེའི་ཚེ་གཽ་རཱི་ལ་སོགས་པ་བརྒྱད་ཞལ་བརྒྱད་དུ་གཞུགོ།། སྒྲ་སྲུངས་གདན་བཞི་ལས་སྐྱེས་པ་ནི་རིམ་པ་བཞིན ་སྦྱོར་བ་དང་། གཞན་དང་དེ་ཁོ་ན་ཉིད་དང་། གསུང་བའི་གདན་རྣམསུ་གཞུག། དེ་བཞིན་དུ་གླིང་བུ་མ་ལ་སོགས་པ་ནི་བདག་གི་གངན་ལས་སྐྱེས་པའི་དེ་ཉིད་དུ་གཞུའོ།། དེ་ལ་སྒོ་སྲུངས་བཞིས་ནི་མེ་ལོང་ལྟ་བུ་ལ་སོགས་པའོ།། དེ་བཞིན་དུ ་དྲོདྲོད་པ་དང་བརྩོན་འགྲུས་དང་དྲན་པ་དང་། ཏིངངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་ལ་སེམས་ཅན་རྣམ་པར་འཇོག་པར་བྱེད་པ་ནི་ཏ་གདོང་མའོ།། དེ་བཞིན་དུ་ཕག་གདོང་མཱས་ནི་དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ་ཏིང་འཛིན་དང་། ཤེས་རབ་ཀྱི་སྟོབས་རྣམས་ལ་འཇོགོ།། དེ་བཞིན་དུ་ཁྱི་གདོང་མས་ནི་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་ལ་འཛེགོ།། དེ་བཞིན་དུ་སིང་གདོང་མས་ནི་འོད་འཕྲོ་བ་དང་། སྦྲང་དཀའ་བ་དང་། མངོན་དུ་བྱེད ་པ་རྣམས་ལ་འཇོག། དེ་བཞིན་དུ་གཽ་རཱིས་ནི་རིང་དུ་སོང་བ་ལའོ།། ཙཽ་རཱི་ནི་མི་གཡོ་བ་ལའོ།། བཻཏྟཱ་ལཱིས་ནི་ལེགས་པའི་བློ་གྲོས་ལའོ་གྷསྨ་རིས་ནི་ཆོས་ཀྱི་སྤྲིན་ལའོ།། ལྷག་མ་པུཀྐ་སཱི་ལ་སོགས་པ་བཞིས་ནི་སངས་རྒྱས་ཀྱི་ས་ཀུན་ཏུ ་འོད་ལའོ།། དེ་བཞིན་དུ་གླིང་བུ་མཱ་ལཱ་སོགས་པ་བཞིས་ནི་ས་དང་པོ་སྟེ། དེ་ཡང་བཅུ་གཉིས་པ་མོས་པས་སྤྱོད་པའི་སའོ།། བདག་མེད་མས་ནི་རྡོ་རྗེ་འཆང་གི་ས་བཅུ་གསུམ་པའོ།། དེ་ལྟར་ཁམས་གསུམ་པོ་མཐའ་དགྲ་ཤེས ་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་མོས་པར་བྱའོ།། སྔར་གྱི་བཅོམ་ལྡན་འདས་འཁོར་ལོ་དང་བཅས་པ་འདི་ནི་ཡེ་ཤེས་ལྔའི་བདག་ཉིད་དོ།། དེ་ལ་ཨཱ་ལི་ཡོངསུ་གྱུར་པའི་ཟླ་བ་ནི ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིནོ།། ཀཱ་ལི་ཡོངསུ་གྱུར་པ་ཉི་མ་ནི་མཉམ་པ་ཉིད་ཡེ་ཤེས་ཀྱི་རང་བཞིན།། དེ་དག་གི་དབུསུ་སོན་པའི་མཚན་མ་དྲང་ས་བོན་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ།། དེ་དག་གཅིག་ཏུ་གྱུར་པ ་ནི་བྱ་བ་གྲུབ་པའི་ཨཻསོ།། སྐུ་རྫོགས་པའི་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེསུ་ཤེས་པར་བྱའོ།། འདི་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་པའི་ཏིང་འཛིན་ཏེ། གསུམ་པ་སྤྲུལ་བའི་སྐུའོ།། དེ་ནས་ཐིག་ལའི་རྣལ་འབྱོར་གྱི ་དབང་དུ་བྱས་ཏེ་གསུངས་པ། སྭཱ་ཡི་རྩེ་མོར་ཡུངས་ཀར་བསྒོམ།། རྒྱུ་དང་མི་རྨྱ་ཡུངས་ཀར་ལ།། སྭཱ་ཡི་ཆེ་མོར་ནན་ཏཱན་གྱིས།། རྣལ་འབྱོར་རིགས་པས་རྟག་ཏུ་བསྒོམ།། སྣ་ཡི་རྩེ་མོ་ཕྱང་བ་རུ།། སྔོན་དུ་གཏུ་མོ་སྦྱར ་བས་བྱ།། རྒོད་མའི་མི་ནི་འབར་བའི་ཕྱིར།། སྒྲ་ལ་སོགས་པ་བརྒྱན་ནི་བསྲེགས།། ཨོཾ་ལས་ལངས་པའི་དེ་ཉིད་ནི།། ད་ཧུ་བྱེད་པ་པོ་ཡིས་གཏོང་།། ལས་ཀྱི་རླུང་དང་ཡང་དག་ལྡནི།། དབྱིབས་ལ་ཐིམ་པ་ཙམ་གྱིས་ནི།། ཐད་དུ་ནི ་གདུང་བྱེད།། ཕུང་པོ་ལྔ་ནི་འཇུ་བར་འགྱུར།། ཞུ་བས་འདིར་ནི་བཅུ་དྲུག་པའི།། ཆ་ཡེ་བག་ཆགས་ཀྱང་ནི་བསྲེགས།། ལྷ་མཚོན་པས་ནི་མི་འཛགས་པས།། རྣལ་འབྱོར་པ་ནི་བསམ་གཏན་བྱེད།། ཁྲི་ཕྲག་བྱེ་བའི ་གྲངས་ཀྱིས་ནི།། ཡི་གེ་བསམ་གཏན་ཞེ་སུ་བརྗོད།། མ་ཡི་ཡང་ནི་ལྷོ་ནི་བདུན།། གྲངས་དེ་གང་ཡིན་སྣ་རྩེ་བདུད།། སྙིང་མགྲིན་ལྟེ་བའི་འོག་ནི་འདྲིར།། མཚམས་གསུམ་དུ་ནི་སྣ་གཉིས་གཉིས།། བདུན་པའི་སྣ་ནི་གཅིག་པུ་ཉིད།། ཐིག་ལེའི ་གན་སུ་འོག་ཏུ་བལྟས།། འདིར་ནི་བསྲེག་བྱ་བཟའ་བ་ནི།། པགས་པ་ལ་སོགས་ཁམས་ནི་བདུན།། དེ་ཉིད་དུ་ནི་ཐིག་ལེ་བདུན།། གྲངས་དེ་གང་ཡིན་སྣ་རྩེ་དང་།། མེ་ཡི་དབུས་ནི་ཉིད་དུ་གནས།། ཡི་གེ་རྣམས་ནི་བདུན་པོ་ཉིད།། ཀ་སྡེ་ལ་སོཌ ་འམཐར་ཐུག། བརྒྱད་པའི་སྡེ་ཚན་རབ་རྫོགས་པ།། བློ་ལྡན་མི་ཤིགསྭ་པ་རུ་བརྗོད།། ཡི་གེ་ཐམས་ཅད་ལ་ཁྱབ་བྱེད།། ཡི་གེ་ལས་ནི་མི་འཛག་འབྱུང་།། དེ་བཞིན་དུ་ནི་རླུང་བརྒྱད་རྣམས།། མཉམ་པ་ལ་སོགས་པར་ནི་གྲངས།། དེ་རྣམ ་སྟེང་འོག་གཉིས་བསྟན་པ།། ཧ་རུ་བྱེད་པའི་ལས་ཅན་ཉིད།། དེས་ན་ཐིག་ལེ་རྟག་ཏུ་གནས།། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད།། སྲོག་ལ་སོགས་པ་ལྔ་པོ་ཉིད།། རྣལ་འབྱོར་མའོ་དེ་ཉིད་གཟུགས།། ཐིག་ལེ་བདུན་གྱི་རྣལ་འབྱོར་ཉིད།། ་སངས་རྒྱས་བདུན་གྱི་མཚན་ཅན་འདི།། དེ་ལྟར་གཟུགས་ནི་ལྔ་ཡིན་ཏེ།། དྲུག་པ་རྡོ་རྗེ་འཛིན་དེ་བཞིན།། བདུན་པ་འདིར་ནི་དགྱེས་རྡོ་རྗེ།། དཔྲལ་བ་ཉིད་དུ་ཧཾ་ཞེས་པ།། གང་གི་བརྗོད་དུ་མེད་གྲགས་པ།། དགྱེས་པོའི་རྡོ་རྗེ་ཞེས་སུ ་བརྗོད།། རྣལ་འབྱོར་འདི་ཡང་རྟག་ཏུ་འདིར།། འདིར་དགའ་བཅུ་དྲུག་ཙམ་ཉིད་དེ།། རྣལ་འབྱོར་རྒྱུད་ཀྱི་རྒྱུ་ནི་ཉིད།། མ་མོ་བཅུ་དྲུག་ཤེས་པར་བྱ།། དེ་རྣམས་ཀྱི་ནང་དུ་སྟོན།། རྣལ་འབྱོར་མ་ཡིག་སུམ་ཅུའོ།། དཀྱིལ་འཁོར་ལྔ་རྣམས་ཐིམ ་པས་ནཱ།། འཁོར་ལོའི་ནང་ནི་ཉིད་དུ་གནས།། དེ་ལྟར་རྣལ་འབྱོར་རྣལ་འབྱོར་མའི།། ཁོ་སྦྱོར་སངས་རྒྱས་མཚན་ཉིད།། དེ་ཡི་དབུས་རྡོ་རྗེའི་རླུང་།། ཀྵ་ནཱི་བསམ་གྱིས་མི་ཁྱབ་གཟུགས།། དེ་ཡིས་ཡང་ནི་དགང་བླུགས་སྦྱིན།། སྦྱིན་སྲེག ་ལས་ནི་ཐད་པ།། ཐབ་ཁུང་དབུས་གནས་བདག་ཉིད་ནི།། ཡེ་ཤེས་དཀྱིལ་འཁོར་མིང་ཙན་ནོ།། འཁོར་ལོ་དྲུག་ཏུ་ལྷ་རྣམས་ལ།། སྔགས་རིགས་པ་ཡིས་མཆོད་པར་བྱ།། གཉིས་མེད་གཉིས་ནི་མེད་པའི་དངོས།། ཆ་མེད་པ་ཡི་བདེ་བ ་སྤྱད།། དེ་ལྟར་ཡང་གཞུང་ལུགས་བརྗོད་པ།། ན་མཁའ་དྲི་མ་མེད་པར་གཟུང་།། ཡིད་དང་རླུང་ནི་གཉི་ག་དགག། འདི་ལྟའི་རང་བཞིན་རྗེ་བཙུན་མཐོང་།། སྐུ་ལ་སྲུ་ཐིམྦི་མཆོག་ཏུ་དགའ།། དེ་བཞིན་དུ་ཀྲོ་ལིའི་རེ་ཐེ། ཞེས་བྱ་བ་ལ་སྨོ། ་བཱིའི་དོན་ཡང་འདི་ཉིད་རྟོགས་པར་བྱའོ།། འདི་ནི་ཐིག་ལེའི་རྣལ་འབྱོའོ།། དེ་བཞིན་དུ་འདི་ཉིད་དུ་ཕྲ་མོའི་རྣལ་འབྱོར་བརྗོད།། འཁོར་ལོ་བཞི་ཡི་མཚོ་སྐྱེསོ།། ཕྲ་མོ་སྲོག་ནི་རྣམ་པར་གཞོམ།། རྡོ་རྗེ་ཡིས་ནི་དགག་པ་ཉིད།། རྭ་ཡི་བུ་ག་ཉིད ་ནི་བཅིངས།། རཱ་དང་རཱ་ལ་བརྟན་པ་ནི།། དབུ་མ་རུ་ནི་གཉིས་པ་འདུས།། ཁ་ནས་ཁ་རུ་མཐོང་འགྱུར་ཏེ།། གཉིས་ཀའི་རྭ་ཡི་བར་ལ་གནས།། ཡིད་ཅན་གྱི་ནི་གཡོས་པ་དང་།། གཡོན་པའི་རྭ་དང་དབུ་མ་གསུམ།། འོག་གི་རཱ་ནི་གཉི་ག་ཡང་།། ལུས ་ལས་དབྱེར་མེད་པ་ནི་གནས།། དཔལ་གྱི་ཞལ་ནས་ཟླ་བ་འབབ།། སྟེང་གི་སྒོ་ནི་མཆོག་ཏུ་འགྲོ།། འབར་ཞེས་ཐིག་ལེའི་སྔོན་འགྲོ་བ།། ས་བོན་བཟང་པོ་ལས་ནི་འཛག། དེ་ནས་ཕུང་པོའི་ཟླ་ཅན་འགྱུར།། སྲིད་པ་གསུམ་ནི་རང ་བཞིན་མེད།། ཉི་མའི་འོད་ཟེར་ཕྲེང་བ་བཞིན།། ཡང་ནི་ཐམས་ཅད་འབར་བ་ཉིད།། མཚོ་སྐྱེས་དེ་རྣམས་ནི་སྔོན་འགྲོ། ཁོང་སྟོང་ཉིད་དེ་ཊཱི་མཐའ་ཅན།། དེ་ཀུན་གྲངས་ནི་མེད་པ་ཉིད།། བློ་ལྡན་ཐིམ་པ་རུ་ནི་འགྱུར།། དེ་རྣམས་ཀྱི་ནི་འོད་ཟེར་ཕྲེང་།། ་མི་ཤིགས་པས་བསྣུན་དྲལ་བ་ལས།། དེ་ནི་སླར་ལ་ལངས་ནས་ཡང་།། དཔེ་མེད་ཀླུ་ནི་དྲན་པར་བྱ།། ཐོག་མི་ཐ་མ་དབུས་མེད་ཅིང་།། ཞེས་པ་ལ་སོགས་པའོ།། འདི་ནི་རྣལ་འབྱོར་རོ།། དྲི་ལྟར་ཐུན་ཚོད་བཞིའི་རིམ་གྱིས་བསྟོད་པ་དང་། ་མཆོད་པ་དང་གཏོར་མའི་ཆོ་ག་སྔོན་དུ་འགྲོ་བར་བྱའོ།། སྔགས་ཀྱི་བཟླས་པ་ཡང་བྱའོ།། རིམ་པ་འདིས་བཟླས་ཏེ།། དེ་ལ་རཱིམ་པ་ནི་འདི་ཡིནོ།། ཨོཾ་ནཱི་སྤྱི་བོར་བསམ་བྱ་ཞེས།། ཨཱཿནཱི་ཁ་རུ་ཆུད་པར་དགོད།། ཧཱུཾ་ནི་སྙིང་གཱ་ཉིད་དུ་དགོད།། ་ཧྲཱི་ནི་ལྟེ་བའི་རྩ་བ.རོ།། སྠ་ཞེས་པ་ནི་གསང་བ་རུ།། ཧཱ་ནི་རྐང་པ་དག་ཏུ་དགོད།། དེ་ལྟར་ཡན་ལག་དྲུག་བཀོད་དོ།། ཡི་གེ་བཞི་ཡི་རྒྱ་ཡིས་གདབ།། ཨོཾ་ཞེས་པ་ནི་འཇུག་པ་ཉིད།། དྷཱི་ནི་དེ་བཞིན་འབྱུང་བའོ།། སྟྭཾ་ཞེས་པ་ནི་ལྟེ་བར་གནས།། ་ཧཱུཾ་ཞེས་པ་ནི་སྒྲ་ཙམ་ཉིད།། གཞན་ཡང་རྣམ་པར་དག་པ་ནི།། མཆོག་ཏུ་རྨད་དུ་འབྱུང་བར་བྱ།། སྙིང་རྗེའི་སྤྱན་ནི་དམར་པོ་སྟེ།། ཡན་ལག་ནག་པོ་བྱམས་སོགས་ཉིད།། བསྡུ་བའི་དངོས་པོ་བཞི་པོ་ནི།། ཞབས་ནི་བཞི་པོ་དྲན་པ ་བྱ།། ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད།། ཕྱག་རྣམས་སྟོང་པ་བཅུ་དྲུག་གོ།། མཚོན་ཆ་རྣམས་ནི་རྣམ་དག་པ།། སྙིང་རྗེ་བཅུ་དྲུག་ཉིད་དུ་འདོད།། ཕྱག་རྒྱ་ལྔ་ནི་སངས་རྒྱས་ལྔ།། ཁྲོ་བོ་གདུག་པ་འདུལ་བ་ཉིད།། ཤ་ནི་པུཀྐ་སཱི་རུ་བཤང།། ་ཁྲགུ་ནི་ཤྲ་བ་རཱི་རུ་བརྟ་གྲ། ཁུ་བའི་གཟུགས་ནི་ཙཎྜ་ལི།། ཚིལ་དང་རྐང་དག་ཌོམྦི་ནཱི།། པགས་པ་བྱང་ཆུབ་ཡན་ལག་བདུན།། རུས་པ་བདེན་པོ་རྣམ་པ་བཞི།། དེ་ལྟར་ལྷག་པར་མོས་ནས་སྔགས་པསྣ་ལྷའི་རྣལ་འབྱོར་གྱིས་གནས་པར ་བྱའོ།། སྨོན་ལམ་ཡང་གདབ་སྟེ། རིགས་སྐྱེས་ཞེས་བྱ་བ་ལ་སོགས་པསོ།། འདི་ནི་བཅོམ་ལྡན་འདས་ཀྱིས་ངེས་པའོ།། དེ་ལྟར་མདོར་བསྡུས་ཏེ། སྤྲོས་པ་ནི་དཔལ་བླ་མའི་ངེས་པས་དཔལ་ཧེ་རུ་ཀའི་ཏི་ངེ་འཛིན་གསུམ་གྱི་སྒོམ་པ ་རྒྱ་ཆེར་འགྲེལ་ལས་གསུངས་པ་ནི་ལས་དང་པོའི་རྣལ་འབྱོར་པས་མོས་པ་ཙམ་གྱིས་དམིགས་པར་བྱའོ།། འོན་ཀྱང་བསླབས་པ་རྣམས་ཀྱིས་ཁམས་གསུམ་པ་ཉིད་ཏིང་འཛིན་གསུམ་གྱིས་མཚན་ཉིད་དཀྱིལ་འཁོར་གྱི་འཁོར ་ལོར་འགྲུབ་མོང་།། དེས་ཀྱང་སྒྲུབ་ཐབས་ལ་དམིགས་ཏེ། སེམས་ཅན་སྣ་ཚོགས་པའི་རྒྱུ་རུའོ།། ད་ནི་བདག་པོ་དང་དཀྱིལ་འཁོར་པ་འདི་རྣམས་ཀྱི་ངེས་པའི་དོན་བསྟན་པའི་ཕྱིར།། བདག་མེད་མར་ཞེས་བྱ་པ་ལ་སོགས་པ་གསུངས ་ཏེ། འདིར་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེ་སེམས་དཔའི་སྦྱོར་བ་སྔོན་དུ་གསུངས་པ་སྟེ། སྐྱེ་བ་རྒྱུད་པར་མངོན་དུ་བྱས་པ་དེའི་ཕྱིར་དགྱེས་པའི་རྡོ་རྗེ་མཆོག་གཟུགས་དེ་ཁོ་ན་ཉིད།། དེ་ཉིད་ཀྱི་སྐུ་བདག་མེང་མ་ཞེས་པ་ནི་གང་ཟག ་བདག་མེད་པ་ཞེས་པའི་དོན་ཏོ།། དེས་ན་ཉོན་ཞེས་པ་ནི་ངེས་པར་གཟུང་བ་ཉིད།། དེ་ཅི་ཞེ་ན། གསུངས་པ་ཧེ་རུ་ཀ་ཞེས་པ་ནི་སྙིང་གི་ཆགས་པ་ཆེན་པོ་ལ་ཧེ་རུ་ཀ་དེའི་སྐྱེད་པའི་རྒྱུའོ།། སྒྲུབ་ཐབས་ཞེས་པ་ནི་ཁམས ་སུམ་ཅུ་རྩ་དྲུག་རྣམས་ཀྱིས་རྐྱེན་གྱི་རང་བཞིན་ཐབས་ཏེ། དེས་ན་དུས་ཀྱི་ཕོ་ཉ་རྣམས་འདུས་པས་བརྗེད།། གང་གིས་ཞེས་བྱ་བ་ལ་སོགས་པ་ནི་འདིར་གང་གིས་བཅོམ་ལྡན་འདས་ཀྱི་སྐུ་སྡུད་པའོ།། དེ་དག་ཐཾདཾ་ཅེས་པ་ནི་ཁམས་གསུམ ་པའི་ལུས་དང་ངག་དང་སེམས་ལས་ཀྱང་བྱུང་བའོ།། གདུག་པ་ལ་སོགས་པ་ནི་བདེ་བ་འདོད་པའི་དབང་པོ་ལ་སོགས་པའོ།། དེ་རྣམས་འདུལ་བ་ཞེས་པ་ནི་རང་བཞིན་མེད་པར་བྱེད་པའོ།། མཁ་འགྲོ་ཞེས་པ་ནི་ནམ། འབ་མཉམ་པར་སོ ་པ་སྟེ། ཌེ་ནི་ན་མཁར་འགྲོ་བའི་ཕྱིར་ན་མཁར་ཁྱབ་པ་ཅན་ནོ།། དེ་ཉིད་ཀྱིས་ན་མཁ་འགྲོ་མ་ཞེས་པ་ནི་གང་ལ་དེ་དང་འགྲོ་བའི་ངང་ཚུལ་ལས་བརྩོན་པའི་ཡིད་ཡོད་པ་དེ་ནི་མཁ་འགྲོ་མའི་རྣམ་འཕྲུལ་ཞེས་བྱའོ།། དེ་ལྟར་དེ་དག་ཐཾད ་ཅེས་པ་ནི་མཚན་ཉིད་གང་གིས་རྣལ་འབྱོར་པ་སངས་རྒྱས་ཉིད་དེ་མྱ་ངན་ལས་འདས་པར་འགྲོ་བ་དེ་ཐམས་ཅད་བསྟན་པར་བྱ་ཞེས་སྦྱའོ།། རྡོ་རྗེ་སེམས་དཔའ་ཞེས་པ་ནི་འདིར་རྡོ་རྗེ་སེམས་དཔ་སྒྲ་ནི་རྣམ་པ་གཉིས་ཏེ། རྡོ་རྗེ ་དང་སེམས་དཔའ་ཞེས་པའི་བསྡུ་བས་རྡོ་རྗེ་སེམས་དཔའ་རྣམ་པ་གཉིས།། དེ་ལ་རྡོ་རྗེའི་སྒྲས་ནི་ཆོས་དབྱེར་མེད་པའི་མཚན་ཉིད་རྟག་པའི་གཟུགས་གཟུང་།། དེ་བཞིན་དུ་སེམས་དཔའ་ཞེས་པ་ནི་ཆོས་ཅན་སྐྱེ་བ་དང་འཇིག་པའོ།། ། ་དེས་ན་སྲིད་པ་གསུམ་གཅིག་པ་ཉིད་མཉམ་པའི་ཚུལ་དུ་སྐྱེས་བུ་འཇུག་པ་མི་རྟག་པའི་གཟུགསོ།། དེ་བཞིན་དུ་གཉིས་ལས་གཉིས་མེད་པར་བྱེད་པའོ།། སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཞེས་པ་ནི་ཡང་འགྱུར་བའོ།། དེ་ཅི ་ཞེ་ན། གསུངས་པ། རྡོ་རྗེ་འཛིན་ཞེས་པ་ནི་རྡོ་རྗེ་སེམས་དཔའོ།། དེ་ཡང་རྡོ་རྗེ་ཉིད་འཛིན་ཅེས་པ་ནི་གཉིས་པར་འགྱུར་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡོངསུ་མྱ་ངན་ལས་འདས་པར་བྱ་ཞེས་དགོངས་ཏེ། དེའི་ཚེ་གཞན ་གྱི་གཟུགས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་བྱས་པའོ།། དེས་ན་འབར་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འོན་ཀྱང་གཏུམ་མོར་བསྟེན་ཏེ། སྔོན་གོམས་པའི་ཕྱིར་འབར་བ་ཞེས་པ་དང་སྦྱ་རོ།། དེ་ལྟར་སྔོན་དུ་བསྟན་པ་དེས ་ན་ཅུང་ཟད་ས་བོན་ཙམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡོད་དོ།། དེ་ཡང་འདུད་ཤེས་ཀྱི་ཤེས་པས་ས་བོན་ཙམ་པ་ཐིམ་པར་འགྱུར་རོ།། འདིར་གསུངས་པ། ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཟླ་བའི་དཀྱིལ ་འཁོར་ཞེས་པ་ནི་སྦྱངས་པའི་ཨུ་བཱ་དྷཱུ་ཏཱཾའོ།། དེའི་དབུསུ་ས་བོན་ཕྲེང་བ་ཞེས་པ་ནི་དུས་ཀྱི་ཕོ་ཉ་མོ་སུམ་ཅུ་རྩ་དྲུག་གི་རང་བཞིན་གྱི་དཀྱིལ་འཁོར་གཡོན་དང་གཡས་ཀྱི་དབྱེ་བསོ།། འདིར་ཡང་དུས་ནི་གཡས་ཀྱི་རྩཝའི་རང་བཞིན་རྣལ ་འབྱོར་གྱི་རྒྱུ་དོ།། ཕོ་ཉ་མོ་ནི་གཡོན་གྱིས་རྩའི་རང་བཞིན་རྣལ་འབྱོར་མའི་རྒྱུ་དོ།། དེ་ལྟར་གཉིས་ཀའོ་ཡེ་ཤེས་ཀྱི་དཀྱིལ་འཁོར་རྣམས་ཕྲེང་བ་བཞིན་དགོད་ཅེས་པ་ནི་དེར་ཐིམ་པར་བྱའོ།། དེ་ནས་ཞེས་པ་ནི་དེའི་ཕྱིར་ཞེས་པའོ།། ། ་རྡོ་རྗེ་ཅན་ཞེས་པ་ནི་རང་རིག་པ་ཙམ་མོ།། དེ་ཡང་ཆགས་པ་ཆེན་པོས་ཞེས་པ་ནི་རང་རིག་པ་མི་འགྱུར་བའི་ཕྱིར། ལྷག་མ་རྣམས་ཤེས་པ་ཙ་མོ།། ཞུ་ཞེས་པ་ནི་ནུབ་པར་གྱུར་པའོ།། དེ་ཡང་རིག་མར་བཅས་པ ་ཞེས་པ་ནི་སྙིང་རྗེ་དང་ལྷན་ཅིགོ།། དེའི་ཚེ་སྐུལ་བར་བྱེད་ཅེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐིམ་པས་ཡང་དཀྱིལ་འཁོར་བཞིའི་རྣལ་འབྱོར་མས་སད་པའི་ངོ་མཚར་གྱིས་ལངས་པའོ།། གླུ་བླངས་པས་ཞེས་པ་ནི་རང་བྱུང་གི་སྒྲས ་སོ།། དེ་ཡང་རིག་མ་སྣ་ཚོགས་ཞེས་པ་ནི་གཙུག་ཏོར་ལ་སོགས་པའི་འཁོར་ལོ་དྲུག་ལ་གནས་པའི་རྣལ་འབྱོར་མ་རྣམས་ཀྱི་ནང་རྣམསུ་སྒྲའི་དབྱངས་རང་བྱུང་ཉིད་ལངས་པའོ།། དེ་བཞིན་དུ་སྙིང་རྗེ་ཞེས་བྱ་བ་ལ་སོགས་པ་ནི་འཁོར ་ལོ་དྲུག་རྣམས་ཡི་གེ་བརྒྱ་བཞི་བཅུ་རྩ་བདུན་དུ་འགྱུར་ཏེ།། དེ་ལ་གཙུག་ཏོར་དུ་ལྟའོ།། དཔྲལ་བར་བཅུ་བཞིའོ།། དེ་བཞིན་དུ་མགྲིན་པར་སུམ་ཅུའོ།། སྙིང་གར་བརྒྱ་དོ།། དེ་བཞིན་དུ་ལྟེ་བར་དྲུག་ཅུའོ།། གསོང་བར་སུམ་ཅུའོ།། དེ་བཞིན ་དུ་འདིར་གསུངས་པ། ཨུ་ཐ་བྷ་རཱ་དྷོ་ཞེས་པ་ལ་ཨུ་ནི་སྤྱི་བོའི་སྣལ་མ་སྟེ། ཐ་ནི་དབུས་ཀྱི་ཤར་ཉིད་དུ།། བྷ་ནི་དབུས་ཀྱི་ལྷོ་རུའོ།། དེ་བཞིན་བྱང་དུ་རཱ་ཉིད་དོ།། ནུབ་ཏུ་དྷོ་ཞེས་བྱ་བའོ།། འདིར་ན་རྟག་ཏུ་ན་མཁའ་ལྔ།། སྒྲ་ལྔ་ཡི་གེ་ལྷ ་རྣམས་ཉིད།། རིགས་ནི་ལྔ་རུ་གསུངས་པ་ཡིན།། དེ་ལྟར་རྩ་ནི་ལྔ་རྣམས་ལ།། འཁོར་ལོ་རྣམ་པ་ལྔ་ནི་གནས།། རྩ་ཡི་དངོས་པོའི་རང་བཞིན་ཉིད།། ཡི་གེ་ཡི་ནི་ནང་དུ་འདུས།། རྦ་ནི་ལྔ་པོ་རེ་རེ་ལ།། འཁོར་ལོ་ལྔ་ནི་རིམ་པ་བཞིན།། འཁོར ་ལྔ་རྣམས་གནས་པ་ན།། ཡེ་ཤེས་ལྔ་ཡི་རྣམ་དག་ཉིད།། དེ་ཝཱར་ད་ཟླ་མེད་ཕྱུང་པོ།། འཁོར་ལོ་རྣམ་པ་ཉིད་གནས།། འདར་ནི་པྲ་མོ་རི་རྣལ་འབྱོར་བརྗོད།། བཅོམ་ལྡན་འདས་ནཱི་ཡཱཾ་ག་བཞུགས།། ཀཱ་རུ་ཎཱ་མ་ཎྜ་བུཿ། སྠཱ་མཱ་དྷཱུ་བ་རི་ཏྭཱ་ཏཱི་མ ་ཞེས་པ་ལ། ཀ་ཐོད་པའི་དབུསུ་རྩ་ནི་གང་།། རུ་འདོད་པའི་རྣལ་འབྱོར་ལ་ནི་གཞོལ།། ཎ་གུས་པ་དང་ནི་འདུལ་བའི་གཟུགས།། མེ་བྱང་ཆུབ་ཀྱི་ནི་བདེ་བས་བརྒྱན།། ཎེ་སྟོན་པའི་ཚིགས་ནི་རྦྷེ་སུ་འགྲོ། བུ་སྔོན་གྱི་ཆོས་ནི་བསྟན་པའི་ཕྱིར།། ་ཀྐ་ལས་ཉིད་བག་ཆགས་སྔོན་འགྲོ་བ།། སླེ་རྩ་ནི་བཅུ་བཞི་རྣམས་ནི་འགྲུབ།། མ་དབུ་མ་ཡང་ནི་གཙུག་ཏོར་དུ།། ཧུ་ནི་ན་མཁའི་མཽང་ཅན་ཏེ།། པ་ལྷག་མ་ཡང་ནི་རྣམ་པ་བཞི།། རི་ནི་མགྲིན་པའི་འཁོར་ལོ་སྟེ།། ཏཱ་དཾ་རུ་རྩ་ནི་བཅུ་ཕྲག ་གསུམ།། ཧི་ཤར་དུ་གསེར་གྱི་གཟུགསུ་སོང་།། མ་ནི་སེམས་ནི་འདི་ལྟ་བུ།། དེ་ལྟར་ཡི་གེ་སུམ་ཅུའོ།། མུ་ཧཱ་སུ་ཧ་ཛོ་ཨེ་ཀ་མ་མ་ཧུཙྪ་ཊཱ་ཧི་སུ་ཎ་ས་ཧཱ་བ་ཨཱི། ཏུ་ཛྙཱ་བི་ཧུ་ཎེ་ཨ་མ་ར་ཨི་ཧ་ཨུ་ཞེས་བ་ནཱི།། མ་དཀྱིལ་འཁོར་བཅུ་ནརྀ་ཕྲག ་གསུམ་ཉིད།། ཧཱ་ནི་མི་ཤིགས་པ་ཡང་དེ།། སུ་བདེ་བ་ཡི་ནི་གཟུགསུ་གནས།། ཧ་ནི་སྒྲ་ཡི་ས་བོན་ཅན།། ཛོ་རྟག་ཏུ་འོད་ཀྱི་གཟུགས་ནི་ཉིད།། ཨེ་རྣལ་འབྱོར་པ་ཡིས་དེ་ལྟར་བལྟ།། ཀ་འདིར་ནི་སུཾ་ཡི་མིང་ནཱི་གནས།། མ་ཡིད་ཀྱི་མིང ་ཡང་ཅུང་ཟད་མེད།། མ་ཡིད་ཀྱིས་སངས་རྒྱས་རྟག་ཏུ་བཞུགས།། ཧུ་ནི་བདག་ཀྱང་ཅུང་ཟད་མེད།། ཚེ་གདུག་སུ་གྱུར་པ་སྙིང་མཁའ།། ཌཱ་ནི་མཁའགྲོ་མ་ཡི་ཚོགས།། ཧི་ནི་དེ་ཉིད་ཇི་ལྟ་བ།། སུ་ཤིན་ཏུ་སད་པའི་མི་ཤིགས་པ།། ཎ་དེ་ཉིད ་ཀུན་དང་བྲལ་བ་མིན།། ས་འདི་ལའང་ཐམས་ཅད་གནས་པ་མེད།། ཧཱ་ནི་རང་བཞིན་མེད་པ་ཉིད།། བ་ནི་རྡོ་རྗེ་འཛིན་པ་དེ།། ཨཱི་དེ་ལྟར་གྱུར་པ་འབྱུང་ཆེན་པོ།། ཏུ་ནི་བློ་ལྡན་འདི་ཉིད།། རྫུ་ཐིག་ལེ་ཕྲ་མོ་ཆེན་མོ ་འཛག། པི་སྣ་ཚོགས་རྣམ་པ་རྟག་ཏུ་གནས།། ཧུ་ནི་དབུགས་དང་བྲལ་པ་ཡིས།། ཎེ་བག་ཆགས་མེད་པ་མཁའ་མཚན་ཉིད།། ཨ་ཡིས་ཐཾད་ལ་ཁྱབ་བྱེད།། མ་ཨ་པྲ་དྷཱུ་ཏཱི་དབུས་ཀྱི་མཁའ།། ར་སེམས་ནི་ཉི་མའི་གཟུགསུ་སོང་།། ཨི ་ཡིད་ལ་སོགས་པ་ཟླ་བའི་གཟུགས།། ཧ་ནི་རྡོ་རྗེ་སེམས་དཔའ་བརྗོད།། ཨུ་སངས་རྒྱས་ཀར་མཁན་བཞེངས་པ་ཡིན།། དེ་བཞིན་པདྨ་གཞོན་ནུ་ལྟ་རོ།། སྙིང་དུ་རྩ་ནི་བརྒྱད་རྣམསོ།། གཙུག་ཏོར་གྱི་ནི་ལྔ་པོ་རྣམས།། དེ་ལས་ཀྱང་ནི ་ལྷོ་ཡིས་འདིར།། ཨུ་ནཱ་སཱ་ཛ་ལ་ཐུག་པར་ནི།། ཨུ་ལ་སོགས་པའི་ཡི་གེ་བརྒྱད།། དུར་ཁྲོད་བརྒྱད་དུ་ལྷ་མོ་རྣམས།། ཨོཾ་རྒྱན་ལ་སོགས་པ་ཡི་གནས།། ན་མཁའི་བུ་ག་རྟག་ཏུ་བརྒྱན།། ཨེ་ཞེས་པ་ནི་ཆ་ལྔ་པ།། ཕ་ཞེས་པ་ནི་མཚམ་སུ ་སྦྱིན།། ཧི་གསང་ཅན་གྱི་ནི་མདུན་ནས་འབབ།། ཏུ་བ་མོ་ཡི་ནི་ལུས།། ཧུ་ཡི་ཡི་གེའི་རྒྱ་ལ་སོ།། ཧེ་ནི་སྟོང་པའི་སྙིང་པོ་རུ།། བ་ཆོས་ཀྱི་ཁམས་རྣམས་གནས་པ་ཡིན།། ཛ་ནི་རྟག་ཏུ་བེམས་པོ་ཡིན།། དེ་ལྟར་ཡང་ནི་གནས་པ་ནི།། འདིར ་ནོ་ཤིང་གི་གཟུགས་མཛེས་པས།། འདིར་ནི་རྟག་ཏུ་བཞེངས་པ་ནི།། དབང་པོའི་སྒོ་དགུ་ལས་འདས།། དེ་ཡང་སྦ་ནི་བཅུ་དྲུག་རྣམས།། ཡི་གེ་དྲུག་བཅུར་བརྗོད་པའི་ཕྱིར།། ཚ་ཊ་ལ་སོགས་ཨུ་ཐིའ་བར།། འབྲས་བུ་དང་ནི་རྒྱུ་ཕྱིར ་གསུངས།། ཚ་ནི་གྲིབ་མའི་རྣམ་པ་སྟེ།། ཌ་སྤྲོས་པ་ཡི་ནི་བློ་དྲང་བྲལ།། ཧི་འཆེ་བ་དང་ནི་བྲལ་བའི་གཟུགས།། སུ་ཡིད་ཀྱི་ངོ་བོ་ཡིད་ནི་མེད།། ཎ་ལུས་ཀྱི་ངོ་བོ་འདི་ནི་མེད།། ས་ཐམས་ཅད་མཁྱེན་པའི་སྐུ་མི་ཟད།། ཧ་ནི་ཧེ་རུ་ཀ་ཉིད།། ཌ་ནི་སེམས ་དང་སེམས་ལས་བྱུང་།། ས་འདི་དག་ཐམས་ཅད་སྟོང་ཅི་བཞིན།། བ་སྤྲོས་པ་ཉིད་ནི་སྤངས་པའོ།། རི་ཡིང་དགའ་བར་ནི་གང་ཚེ་གྱུར།། ཧ་ནི་བུདེ་བ་ལྟ་བུའོ།། སཱི་འདིར་ནི་ཕྱག་རྒྱ་ཆེན་པོ་འགྲུབ།། ཛ་བེམས་པོའི་གནས་སྐབས་ཀྱང་ནི་རི།། ། ་ཨ་ནི་བདེ་བའི་རྣམ་པ་ཉིད།། ཨུ་སེམས་ཀྱི་རྒོལ་བ་བསལ་ལ་སོགས།། ཀ་སེམས་ཅན་གྱི་ནི་རྒྱུ་རུ་བྱ།། རྫུ་ཞེས་པ་ནི་ཆགས་པའི་ཆ།། ལོ་བ་སྤུའི་ཁུང་བུའི་འོད་ཟེར་གྱིས།། ཨ་ན་མཁའ་རུ་ནི་སེམས་མིང་ཉིད།། ཎོ་དེ་ཉིད་དུ་ནི་སྤྲུལ་པའི ་གཟུགས།། མ་བསོད་ནམས་ཆུང་བའི་སེམས་ཅན་རྣམས།། དྲི་སྐྱབས་གསུམ་ལ་ནི་འཇུག་པའི་ཕྱིར།། སུ་བཅོམ་ལྡན་འདས་ནི་བདེ་བ་དྲན།། ར་རྣལ་འབྱོར་ཕ་རོལ་ཕྱིན་པས་རོལ།། ཨ་ནི་རྣལ་འབྱོར་རྣམས་ལ་ཁྱབ།། པཾ་གཞན ་རྣམས་འདུལ་བར་བྱེད་པའོ།། ཧཱུཾ་ཞེས་པ་ནི་རབ་སྦྱོར་བས།། སུ་གོཙོ་བོ་བདག་ལ་བདེ་བ་གནས།། ཎཱཾ་འདི་དེ་སྟོང་པའི་གཟུགས་ནི་མིན།། ཨ་གཙོ་བོ་བདག་ནི་སྡིག་ཚེར་བཙོད།། ཚ་ནི་སངས་རྒྱས་ཡོན་ཏན་རྣམས།། སཽ་དངོས་གྲུབ་སེ། ་རྣམ་སྟེར་བྱེད།། ཀཱི་འདིར་ནི་མང་པོ་སྨོས་ཅི་དགོསོ།། སེམས་ཀྱི་སྒྱུ་མའི་གཟུགསུ་བལྟ།། ཧ་ཞེས་པ་ནི་རྒྱུ་མེད་པ།། ཨུ་སྟོང་པའི་མཚན་ཉིད་ལས་ནི་བཞེངས།། ཙེཎྜ་ལཱི་ཡི་ཡིག་གསུམ་གྱིས།། བིན་གཟུགས་རྣམས་ན་མཁའི་རང ་བཞི་ནོ།། ན་སྣ་ཡི་བུ་གར་སོང་ནས་ཉལ།། བ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས།། མ་བདྲེ་བ་ཆེན་པོ་ཁྱོད་བརྟེན་ནས།། ཨཱི་དབང་པོ་རྣམས་ཀྱི་བྱང་ཆུབ་མཆོག། ཏེ་ཞེས་པ་ཡིས་བདེ་བ་ཉིད།། ཨི་འདྲི་ནི་སེམས ་ཅན་གྱི་རྟོགས་པ།། ཅི་བདེ་བའི་རང་བཞིན་ལ་ནི་གནས།། ཏྱོ་ཡིས་སེམས་ནི་གཉིསུ་མེད།། ཨུ་རང་བཞིན་བདག་ཉིད་འདོན་པ་ཉེ།། ཧ་ནཾ་གཉི་སུ་མེད་པའི་མཆོག། མི་ཞེས་པ་ནི་བདག་དང་བསྲེ།། ན་སྟོང་དང་སྟོང་མིན་མིང་ནི་མེད།། ་དེ་ཉིན་དང་མཚན་མོ་དེ་བཞིན་མཚམས།། ས་བདེ་བ་བཏང་ནས་མ་ཞུགས་ཤིག། ཨོཾ་འདི་ནི་སྙིང་རྗེས་དཀྲིས་པར་འགྱུར།། དི་ནི་མགོན་མེད་སེམས་ཅན་ལ།། ཨ་བྱང་ཆུབ་ཕྱིར་ནི་འབོད་པར་བྱེད།། ལི་ཐིམ་པའི་གཟུགས་ནི་རྟག ་ཏུ་འདོར།། ཨུ་དྲག་པོའི་གཟུགས་ཀྱིས་མཛེས་པའི་ཕྱིར།། ཐ་ཞེས་གནས་ནི་དྲུག་ཅུ་བཞི།། དེ་ཡི་རྣལ་འབྱོར་མ་ནི་བསྐུལ།། ཀླུ་ཡི་ཡི་གེ་དྲུག་ཅུའོ།། རེ་རེ་ཡང་ནི་ལྔ་ལྷོ་རོ་བྱས།། དེ་ལྟར་ལྕི་བའི་འཁོར་ལོ་ཉིད།། སྤྲུལ་པ ་རྣལ་འབྱོར་མཱ་ཡཱི་ལུགས།། འདིར་ནི་བཅོམ་ལྡན་འདས་བསྟེན་ཏེ།། དེ་ཡང་ཐིམ་ནས་ལངས་པའོ།། རྣལ་འབྱོར་རྣལ་འབྱོར་མཾ་ཡི་གཟུགས།། དེ་ནི་སྤྲོས་དང་སྡུད་པའི་གཟུགས།། དེ་བཞིན་ཡི་གེ་སུམ་ཅུ་ཡང་།། ཏུ་ཧུ ་ལ་སོགས་ཙིཏྟའི་བར།། ཡེ་ཤེས་དཀྱིལ་འཁོར་ཕོ་ཉ་མོ།། ཡི་གེ་རེ་རེ་ཡིས་ནི་བསྐུལ།། ཏུ་ཞེས་པ་ནི་བདོག་གི་གཟུགས།། ཧུ་ནི་ཁྱོད་དང་གཅིག་པ་ཉིད།། ས་གཟུགས་ཐམས་ཅད་ཀྱི་རང་བཞིན་གྱིས།། ཨ་སེམས་ཀྱི ་མཚན་ཉིད་མི་གཡོ་བ།། ལ་མཚོན་ཆའི་མཚན་ཉིད་མཚོན་པ་ཉིད།། བ་དེས་ན་གཙོ་བོ་སྣ་ཚོགས་གཟུགས།། རུ་དེ་ལྟར་གཟུགས་ནི་རྟག་ཏུ་བྱ།། ཨ་བསམ་གྱིས་མི་ཁྱབ་མཚན་ཉིད་བསམ།། ལཾ་བཙུན་མོ་བདག་ཉིད་འཁྱུད ་པར་བྱེད།། ཅི་ནི་རྟག་ཏུ་སེམས་ཀྱི་གཟུགས།། ཏ་དེ་ནས་གཞན་གྱི་དོན་ཤེས་བྱ། ཨ་ཡན་ལག་གཟུགས་ཀྱི་མིང་ནི་བྱེད།། ཧཾ་ཧེ་རུ་ཀ་དང་དེ་ཐབས་གཅིག། མེ་རེ་རེ་དང་ནི་གནས་ཀྱང་རུང་།། ཌོམྦི་སྤྲོས་པ་ལས་རང་བའོ།། མི་ན་དྲེགས་པ ་ལས་བརྩོན་པའོ།། ནི་རྟག་ཏུ་བདག་ནི་རྟག་པའི་གཟུགས།། ཚེ་ནི་ཆད་པའི་ཆོས་ཉིད་དོ།། ཨ་ནི་མགོན་པོ་བདག་སྤྱོད་དང་།། མ་ཕྱག་རྒྱ་ཆེན་པོའང་དོན་མེད་པའོ།། ནུ་ཞེས་པ་ཡིས་སྟོང་པར་འདོད།། མ་ནི་སྒྱུ་མ་རྟག་ཏུ་རིག། ཀ་མགོན ་པོ་ཁྱོད་ནི་བྱ་བ་ཡིན།། ར་ན་མཁའ་ཡི་ནི་དབུ་སུ་རོལ།། ཀ་ཐོད་པའི་དབུསུ་གང་ཚེ་འབྱུང་།། ར་འོན་ཀྱང་འདོད་ཆགས་ཀྱིས་ནི་གཙོས།། ན་ཁྱོད་མ་གཏོགས་པར་ཙྭི་ཡང་མེང་།། བི་བྱང་ཆུབ་མཚན་ཉིད་ཁྱད་པར་ཅན།། ཅི་ཞེས་པ་ནི་གང ་བསམ་པ།། ཏཱ་དེ་ནི་བདེ་བ་ཀུན་གྱི་གནས།། དེ་ལྟར་རྣལ་འབྱོར་མ་རྟག་པར།། གནས་ཀྱི་ས་རྣམས་ལ་སྒྱུ་མས།། དེ་ལྟར་གནས་ནས་འབོད་པར་བྱེད།། རང་གི་སེམས་ཀྱི་སྣང་བར་བསམ།། ཧཱུཾ་ཨཾ་ཡེ་ཤེས་རྣམ་པར་ཤེས།། ་སེམས་དང་སེམས་ལས་བྱུང་བར་བསྟན།། གཉིས་ལས་བཞེངས་པའི་རྡོ་རྗེ་ཅན།། ཐད་དུ་ནི་རང་བཞི་ན་སྐུ།། ལྷག་མ་རྣམས་ནི་འཆང་བཞིན་པའི།། རྣམ་པར་དག་པ་བཤད་པ་ལས།། དེའོ་ངེས་པའི་དོན་བཤད་པར་བྱའོ།། ་དེ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་གསུམ་པའི་ཧེ་རུ་ཀ་བསྐྱེད་པའི་རབ་ཏུ་བྱང་བའི་རྒྱ་ཆེར་འགྲེལ་ཡང་དག་པ་ལྟ་བའི་དྲན་པའི་སྣང་བ་ལས་ཏིང་འཛིན་གསུམ་གྱི ་དྲང་བ་དང་ངེས་པའི་དོན་བསྟན་པའི་རབ་ཏུ་བྱེད་པ་སྟེ་དང་པོའོ།། །། ད་ནི་ཡེ་ཤེས་མཁའ་གྲོ་མ་འཁོར་དང་བཅས་པའི་སྒྲུབ་ཐབས་བརྗོད་པའི་ཕྱིར།། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དགྱེས་པའི་རྡོ་རྗེ ་ཕྱག་བཅུ་དྲུག་པའི་སྒྲུབ་ཐབས་བསྟན་པའི་རྗེས་ཐོགསུ་དེ་ཉིད་བསྟན་པའི་ཕྱིར་ཇི་ལྟར་འཇིགས་སྡེ་ལ་འཇིགས་པ་ཟེར་བཞིན་དུ་འོན་ཀྱང་གདན་བཞིའི་དོན་ཡེ་ཤེས་མཁའ་གྲོ་མོ་ལ་སོགས་པ་དགྱེས་པའི་རྡོ་རྗེ་ཉིད་ཁོང་དུ་ཆུད་པར ་བྱའོ།། འདོར་རྡོ་རྗེ་གཙོ་བོ་རྒྱལ་པོ་ཞེས་པ་ནི།། འདིར་སྔོན་དུ་རྡོ་རྗེ་སེམས་དཔའ་ཞུ་བ་ལས་དགྱེས་པའི་རྡོ་རྗེ་རྡོ་རྗེ་ཅན་དུ་གྱུར་པ་དེའི་བསྡུས་པ་ནི་རྡོ་རྗེའི་སྒྲའོ།། དེ་ཡང་གཙོ་བོ་ཞེས་པ་ནི་བདག་མེད་མའི་ལྟ་བ་གསལ་བའི་འདི་དེ་དང ་ལྡན་པས་ན་རྡོ་རྗེའོ།། དེ་ཡང་རྣལ་འབྱོར་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཕྱིར་རྒྱལ་པོ་སྟེ། གདན་བཞིའི་བདག་པོ་དེའི་ཤེས་རབ་ཡང་དག་པའི་ཡེ་ཤེསོ།། དེ་ཡང་ཡེ་ཤེས་མཁའ་འགྲོ་མ་ཞེས་པ་ནི་དེའི་གཟུགས་ཀྱི་སྒྲུབ་ཐབས ་རྣམ་པ་དུ་མའོ།། དེས་ན་ཡེ་ཤེས་ཀྱི་དོན་ནི་སྣ་ཚོགས་པ་གཅིག་པོ་ཉིད་དེའི་མཁ་འགྲོ་མ་ནི་མེང་པོའི་དོན་ཏེ། སྔོན་དུ་གསུངས་པའི་རྒྱུའི་ཕྱི་རོ།། དེ་བཞིན་དུ་གཉིས་ཀྱི་དངོས་པོ་ཞེས་བྱ་བ་ལ་སོགས་པ་ལ།། གཉིས་ཀྱི་དངོས་པོ་ཞེས ་པ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དང་ཤེས་བྱའོ།། དེའི་གཉིས་སྤངས་པས་ན།། དེའི་ཕྱིར་གཉིས་མེད་ཆོས་ཞེས་པ་ནི་གཉིས་ཀྱི་དངོས་པོ་མེད་པའི་ཕྱིར་སྔོན་དུ་ཞུ་བའི་གཟུགས་སྟོང་པ་ཉིད་ལ་རྣལ་འབྱོར་མས་བསྐུལ་བའི ་ཕྱིར་བསླང་བ་མཁ་འགྲོ་མའི་གཟུགས་ཀྱི་དབུསུ་རང་བཞིན་མེད་པའི་རྣལ་འབྱོར་དེ་ནི་གཉིས་མེད་པར་བརྗོད་དོ།། དེའི་དབུསུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམས་ཀྱིས་སམ་རྣལ་འབྱོར་པ་རྣམས་ཀྱིས་རང་གི་སེམས ་ཀྱི་ངོ་བོ་ལས་སེམས་ལ་ཕྱུང་བ་སྤྲོས་པའི་ཕྱིར། དེས་ན་སེམས་ཅན་གཉིས་མེད་པའི་ཆོས་ཀྱི་ཡེ་ཤེས་ཅན་ནོ།། དེ་རྣམས་ཀྱི་དག་པོ་རྣམ་པ་གསུམ་ཞེས་པ་ནི་ཡེ་ཤེས་དང་ཤེས་བྱ་དང་། སྦྱོར་བ་དག་པའོ།། དེ་ཡང་ལྡན་གསུ ་དུ་བརྗོད་པར་བྱ།། སེ་ནཾ་གྱི་ལུས་ལ་དབང་པོ་རྣོན་པོ་རྣམས་ཀྱིས་བརྗོད་པ་ཙམ་གྱིས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་གཉིས་མེད་པ་སྐྱེ་བར་འགྱུར་རོ།། དེས་ན་རྣལ་འབྱོར་ཀུན་གྱི་དང་པོར་ཞེས་པ་ནི་རྣལ་འབྱོར་ཐཾད་ཀྱི་བསྡུས ་པུ་ནི་གཉིས་མེད་པའི་ཡེ་ཤེསོ།། དེའི་རྣལ་འབྱོར་ནི་བསམ་གྱིས་མི་ཁྱབ་པ་གཉིས་མེད་པའོ།། དང་པོ་ནི་ཡུལ་རབ་ཏུ་གྱུར་པའི་ཕྱིར།། དེ་ནས་སྭཱ་བྷཱ་བ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཏེ། རང་བཞིན་གྱི་ཡིས་ཀྱི་སྡུག་ས ་སོ།། དེ་བཞིན་དུ་བཛྲ་ཤུདྡྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་སྣ་ཚོགསུ་སྤྲུལ་པའི་ཕྱིརོ།། དེ་བཞིན་དུ་འདི་དག་གཉིས་མེད་པའི་དེའི་མཆོག་ནི་ཡི་གེ་ཞེས་བྱ་བ་ལ་སོགས་པའི་སྔགས་ཏེ། གཉིས་མེད་པའི་ཡང་གཉིས་མེད ་བ་ཞེས་པ་དབང་པོ་རྣོན་པོ་རྣམས་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་བཟླས་པ་ཙམ་དུ་ངེས་པའོ།། དེ་བཞིན་དུ་འདི་ཉིད་དུ་ད་ལྟར་གྱིས་སེམས་ཅན་རྣམས་ཀྱི་བསྒོམ་པར ་བསྟན་པའི་ཕྱིར།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བརྗོད་ནས་ཞེས་པ་ནི་བསམ་གྱིས་མི་ཁྱབ་པ་གཉིས་མེད་པ་བསྟན་པའི་ཕྱིར།། སྭ་བྷ་བ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པའོ།། དེ་བྱས ་པའི་རྣལ་འབྱོར་པས་བསྒོམ་པོར་བྱ་ཞེས་པ་ནི་དང་པོ་ཉིད་དུ་གཉིས་མེད་པ་ལ་བསམ་པར་བྱའོ།། དེ་ཡང་ལས་དང་པོ་པའི་རྣལ་འབྱོར་པས་དེའི་དྲང་པོ་ཡང་ད་སྐྱེད་པའི་རིམ་པར་བསྒོམ་པར་བྱའོ།། དེ་ཡང་ཡིད ་དུ་འོང་བའི་སཽ་ཕྱོག་ས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོ་གདོང་དག་ལ་སོགས་པ་བྱས་ཏེ།། བསྡམ་གཏན་གྱི་གནསུ་ཞུགས་ནས་བདེ་བའི་སྟན་གྱི་སྟེང་དུ་འདུག་སྟེ། ཡེ་ཤེས་མཁའགྲོ་མའི་སྐུ་རས་རིས ་ལོ་སོགས་པར་ཆུད་པར་དམི་གོས་པར་བྱའོ།། ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི་མཆོད་པ་ཕུལ་ཏེ། བདུད་རྩི་ཟོས་ལ་གཏོ་མ་བྱིན་ནས། བཟོད་པ་གསོལ་ཏེ། བསམ་གཏན་བརྩམ་པར་བྱའོ།། སྐད་ཅིག་ཙམ་གྱི ་ཞེས་བྱ་བ་ལ་སོགས་པ་ནི་འཆད་བཞིན་པའི་ཡེ་ཤེས་མཁའགྲོ་མའི་གཟུགས་དམིགས་པར་བྱའོ།། དེས་ནི་རང་གི་སྙིང་གར་ཡིས་མཁའ་གྲོ་མའི་ས་བོན་ཉི་མ་ལ་གནས་པའི་འོད་ཟེར་གྱི་ཚོགས་ལས་དེ་བྱ་བའི་ཆོ་ག ་དེ་ཉིད་ཀྱིས་བསྒོམ་པའོ།། ཡེ་ཤེས་རྒྱ་མཚོ་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་སྨན་དྲངས་ཏེ་ཆོ་གའི་བྱ་བས་མཆོད་པ་དབུལ་ཞིང་། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར་བྱའོ།། ལྷུན ་པོའི་ཞེས་བྱ་བ་ལ་སོགས་པ་ནི་ན་མཁའི་དབུསུ་རླུང་ལ་སོགས་པའི་དཀྱིལ་འཁོར་བཞིའི་དབུསུ་ལྷུན་པོའི་སྟེང་དུ་དཀྱིལ་འཁོར་གྱི་ཁང་པ་རིན་པོ་ཆེ་བཞིའི་རང་བཞིནོ།། སོགས་པའི་སྒྲས་མཚམ་སུ་ཡང་གསེར་ལ་སྔོགས ་བ་སྨྲས་པའོ།། ཁང་བཟངས་དེའི་ནང་དུ་རྒྱུན་རྣམས་བསམ་མོ།། དེ་ལ་དབུསུ་སངྒེའི་གདན་ལ་ཡེ་ཤེས་མཁ་འགྲོ་མའི་ས་བོན་ཐིག་ལེ་ཙམོ།། དེས་ན་བདག་གི་དབུགས་ལས་འབྱུང་བའི་ཞེས་པ་ནི་འདིར་ཡིས་ཀྱི་དཀྱིལ ་འཁོར་ས་བོན་ཙམོ།། དེས་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་སྣ་ཚོགས་པས་བརྒྱན་པ་རིན་པོ་ཆ་སྣ་ཚོགས་པས་བརྒྱན་པ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གཞལ་ཡས་ཁང་བསྒོམ་པར་བྱའོ།། ལྷག་མ་ནི་གོ་སླའོ།། ་དེའི་དབུསུ་སེང་གེའི་གདན་ཞེས་བྱ་བ་ལ་སོགས་པ་ནཱི་དབུས་དང་ཤར་དང་བྱང་དང་ནུབ་དང་ལྷོ་སྐྱེ་གནས་ལྔ་རུའོ།། དེ་རྣམས་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་རེ་རེ་ཡེ་ཤེས་མཁ་འགྲོ་མའི་དཀྱིལ་འཁོར་རེ་རེར་འགྱུར་རོ།། ་དེས་ན་སྒྲུབ་ཐབས་ཐད་ཀྱིཀྱི་སྟོང་པ་ཉིད་ཀྱི་སྒྲ་ནི་ཡིས་ཀྱི་དཀྱིལ་འཁོར་ཙམ་མོ།། དེ་ཡང་ཁམས་སྣ་ཚོགས་པའི་རང་བཞིནོ།། དེས་ན་མཁའ་འགྲོ་མའི་རང་གི་དུས་རང་རང་གི་ཁམས་ལས་བྱུང་བ་བདག་གི་དབུ་སུ་ལས་བྱུང ་བའི་དུས་དེར་ཡེ་ཤེས་མཁའགྲོ་མ་ལ་སོགས་པ་བསྒོམ་པ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་ཧའོ།། དེ་ལྟར་སྟོན་གོས་དཀར་མོའི་རྣམ་པར་སྤྲོས་པ་རྒྱུའི་མཁའ་གྲོ་མའི་རྗེ་སུ་ཁ་དོག་སྔོན་པོ་བསྒོམ་པ་ནི་འོ་མ་དང་ཆུ ་བཞི་ནོ།། ལྷག་མ་ནི་གོ་སླའོ།། དེ་བཞིན་དུ་ཡེ་ཤེས་མཁ་འགྲོ་མའི་ཤར་དང་བྱང་དང་ནུབ་དང་ལྷོར་རིམ་པ་བཞིན་རྡོ་རྗེ་མཁ་འགྲོ་མ་དང་འཇིགས་པའི་མཁའ་གྲོ་མ་དང་རོ་ལངས་མཁའགྲོ་མ་དང་།། གཏུམ་མོ་མཁ་འགྲོ་མ་རྣམསོ།། དེ ་བཞིན་དུ་དབང་ལྡན་ལ་སོགས་པའི་མཚམས་བཞི་རུ་རིམ་པ་བཞིན་བསམོ་པར་བྱ་སྟེ།། སེང་གེ་མོ་དང་སྟག་མོ་དང་ལྕེ་སྤྱང་མོ་དང་། འུག་པ་མོ་རྣམས་བསམ་པར་བྱའོ།། དེ་བཞིན་དུ་ཤར་ལ་སོགས་པར་གཡོན་བསྐོར་གྱིས ་མཁའ་འགྲོ་མ་ལ་སོགས་པའི་སྒོ་བཞི་རྣམསུ་རིམ་པ་བཞིན་དུ་མཁའགྲོ་མ་དང་། མོར་མེ་མ་དང་། འཇིག་བྱེད་མ་དང་། གཡོ་ལྡན་མའི་རྣལ་འབྱོར་མ་རྣམས་བསམ་པར་བྱའོ།། དེ་ལྟར་ཡེ་ཤེས་ཀྱི་དབང་ཕྱུག་མ་བཅུ་གསུམ་ཡིས ་ཀྱི་དཀྱིལ་འཁོར་ལས་བྱུང་བར་བསྒོམ་པར་བྱའོ།། དེས་ན་ཡེ་ཤེས་ཀྱང་དེ་བཞིན་དུ་གཟུགས་ཙམ་གྱིས་མཁ་འགྲོ་མ་སྟེ། དེའི་ཚེ་ཕྲ་མོ་གཉིས་མེད་པའོ།། དེ་ལྟར་གཉིས་མེད་པའི་གཉིས་མེད་པར་འགྱུར་རོ།། རིག་མ་དང་པོ་ཞེས ་བྱ་བ་ལ་སོགས་པ་ལ།། དང་པོའི་སྒྲ་ནི་གཉིས་མེད་པའི་གཉིས་མེད་པའོ།། དེ་ཉིད་ཀྱི་དམ་ཚིག་རླུང་དང་ཞེས་བྱ་བ་ལ་སོགས་པ་ནི་བདུན་དུ་བརྩེགས་པའི་ས་བོན་ཏེ་འོག་ཏུ་ཡ་ལ་སོགས་པའོ།། དེ་ཡང་རྡོ་རྗེའི་ས་བོན་གྱིས་ཞེས ་པ་ནི་ཧ་ཞེས་པ་ནི་སྟེང་དུ་སྦྱིན་པའོ།། དེ་ལྟར་བསྡུས་ན་བྷྱོཿདེ་ལྟར་བརྒྱད་ཀྱི་བདག་ཉིད་ལུས་ཀྱི་མིང་ཅན་རྣམ་པ་རཱ་བསམ་མོ།། དེ་བཞིན་དུ་ཐིག་ལེ་སྒྲ་དང་ཚེག་དྲག་དང་ལྷན་ཅིག་བསྡུས་པའི་ཡི་གེ་བཅུ་གསུམ་ནི་མཁའ་གྲོ་མ ་བཅུ་གསུམ་རྣམས་བསྡུས་པའི་ཕྱིར་ཏེ། ཨ་བཱི་དྷཱ་སྐྲྀ་ཏཱིར་མཁ་འགྲོ་མ་བཅུ་གསུམ་གྱི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ནང་དུ་འདུས་པར་འགྱུར་ཏེ། ཕྲ་མོའི་རྣམ་པ་ལ་འཇུག་པ་གླང་གིས་བསྡམ་གྱིས་མི་ཁྱབ་པ ་གཉིས་མེད་པ་ཉིད་དུ་འགྱུ་རོ།། གཙུག་ཏོར་ནུས་ནིདྷྲྀ་རྐང་མཐེབ་པར།། ཡི་གེ་རྣམས་བཀོད་བསྒོམ་པར་བྱ།། མཁ་འགྲོ་མ་རྣམས་བསྐྱེད་པ་གྲང་།། རྐང་གཉིས་པ་ཡིས་རིལ་ཞེས་བྱ།། ཡི་གེ་སུམ་ཅུ་མིང་ནི་ཉིད།། པ་ཉིད་ཀྱང ་ནི་བཅུ་གསུམ་ཉིད་།། སངས་རྒྱུས་མཁའ་འགྲོ་མ་རྣམས་བསྒོམ།། བཟའ་བའི་རང་བཞིན་མཛེས་པའི་ཕྱིར།། དེ་བཞིན་དུ་ཚོར་པའི་རྒྱུན་ཞོས་པ་ནི་ཧཱུཾ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་མི་འཆང་པར་འབྱུང་བ་སྟེ། ཡེ་ཤེས་ཀྱི་དཀྱིལ ་འཁོར་གྱི་སྦྱོར་བས་ཞེས་དགོངསོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་གསུམ་པའི་རབ་ཏུ་བྱེད་པ་གཉིས་པའི་རྒྱ་ཆེར་འིགྲེལ་ཡང་དག་པའི་ལྟ་བའི་དྲན་བཞི་སྣ་ང་བ་ཞེས་པའི་གཞུང་སྟེ་གཉིས་པ་བསྟན་པའོ།། ། ་ད་ནི་རྣལ་འབྱོར་པ་རྣམས་ཀྱི་ཤིན་ཏུ་ཕྲོ་བ་སྔོན་དུ་གསུངས་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་ལས་མཁ་འགྲོ་མ་བཅུ་གསུམ་བསྐྱེད་དེ།། དེའི་རེ་རེའི་དུས་ལས་བདག་མིང་མིའི་སྒྲུབ་ཐངས་ལྷ་མོ་བཅོ་ལྔའི་བདག་ཉིད་བརྗོད ་པའི་ཕྱིར།། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། ཡེ་ཤེས་མཁའགྲོ་མའི་སྒྲུབ་ཐབས་ཀྱི་རྗེས་ཐོགས་དེ་ནས་ཞེས་པ་ནི་རྣལ་འབྱོར་རང་བཞིན་མེད་པའི་མཚན་ཉིད་བཤད་པའོ།། བདག་མེད ་མ་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་བདག་མེད་པའི་གཟུགསོ།། དེའི་སྒྲུབ་ཐབས་ཞེས་པ་ནི་ཐབས་ཀྱི་མཚན་ཉིད་དེ། དེ་བཞིན་དུ་བཤད་རྗེས་པ་ནི་མདོར་བསྡུས་ཏེ་དཔྱིས་ཕྱིན་པར་གསུངས་པའོ།། ་དེ་ཉིད་གསུངས་པ་ན་མཁའི་དབྱིངས་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་ཡེ་ཤེས་མཁ་འགྲོ་མའི་དུས་ཀྱི་རྣལ་འབྱོར་ཡི་གེ་བཅུ་གསུམ་ཡི་གེ་གཅིག་གི་རླུང་བཞིན་ཆོས་ཐ~ཾད་འབྱུང་བ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ ་དེ་ཉིད་ན་མཁའི་དབྱིངས་ཀྱི་མིང་ཅན་མ་མོ་རྣམས་ཀྱི་སྐྱེ་གནས་བཞིན་ཆོས་རྣམས་ཐམས་ཅད་ཀྱི་སྐྱེ་གནསོ།། དྲོའི་དབུས་ཆུང་པོར་ཞེས་པ་ནི། ཉི་མོའི་དཀྱིལ་འཁོར་གྱིས་མིང་གིས་རྡུལ་ཆགས་ཆེན་བསམས་ཞེས་སྦྱ་རོ།། དྲི་ཅི་ཞེ་ན། ་འདིར་གསུངས་པ། འཁོར་ལོ་ཞེས་བྱ་བ་ལ་སོགས་པོ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐིམ་པའི་ཕྱིར་སླར་ཡང་དེ་ཉིད་དུ་ཨ་བི་དྷཱ་ཏཱིའི་ཆོས་ཀྱི་འབྱུང་གནས་ལས་ཡེ་ཤེས་ཀྱི་ཁམས་ལྔ་རྣམས་འབྱུང་བར་འགྱུར་རོ།། དེ་བཞིན་དུ ་འཁོར་ལོ་ཞེས་པ་ནི་ཡེ་ཤེས་ཀྱི་སཽའོ།། སྔོན་དུ་ཞེས་པ་ནི་ཡེ་ཤེས་ཀྱི་ཆུའོ།། ཚུལ་ཇི་བཞིན་ཞེས་པ་ནི་ཡེ་ཤེས་ཀྱི་མེའོ།། ལྷ་རྣ་མིས་ཞེས་པ་ནི་ཡེ་ཤེས་ཀྱི་རླུང་།། ཇི་ལྟར་འབྱུང་བཞིན་པ་ནི་ཡེ་ཤེས་ཀྱི་ན་མཁའོ།། དེ་ཉིད་ནི་རྣལ ་འབྱོར་པར་ཤེས་པར་བྱའོ།། དེ་བཞིན་དུ་དེ་ཉིད་དུ་ས་བོན་དང་མྱུ་གུ་བཞིན་ཐིག་ལེ་ལྔ་འབྱུང་བ་བྱང་ཆུབ་སེམས་ཀྱི་རང་གི་ངོ་བོ་དོན་དམ་པའོ།། དེ་ཡང་ཁམས་ལྔའི་རང་བཞིན་ནོ།། དེ་ཉིད་ཀྱིས་ན་འཁོར་ལོ་སྔོན་དུ་ས་ཞེས་བྱ་བ ་ལ་སོགས་པ་བསྒོམ་པར་བྱ་ཞེས་པའི་མཐར་ཐུག་པ་གསུངསོ།། དེ་ལྟར་ཡེ་ཤེས་དང་ཤེས་བྱའི་བདག་ཉིད་རྣམ་པ་ཅུ་ནང་གི་ཡང་ན་ངོ་།། ཆོས་འབྱུང་ལས་འབྱུང་ཞེས་པ་ནི་ཨུ་ཨཱུ་ཡ་ར་བ་ལཱ་མ་རུ་ཀ་ཧ་ཞེས་པའི་ཡཽ་གེ ་བཅུ་ལས་ས་བཅུ་དང་སངས་རྒྱས་ཀྱི་ས་འབྱུང་བའོ།། དེས་ན་འཁོར་ལོ་ཞེས་པ་ནི་སྒྲ་ཙ་མོ།། དེ་ཡང་ཉིས་བརྩེགས་ཞེས་པ་ནི་ཐིག་ལེ་དང་ཆེག་དྲག་དག་ཁྱབ་པར་བྱེད་པའི་ཕྱིརརོ།། དག་པའི་རང་བཞིན་མེད་པ་ཞེས་པ་ནི་སྟོང་པ ་དང་སྙིང་རྗེ་བསམ་གྱིས་མི་ཁྱབ་པ་མི་ཕྱེད་པའི་གཟུགས་མོས་པས་སྤྱོད་པའི་ས་དང་རྡོ་རྗེ་འཛིན་ཆེན་པོའི་ས་དག་ལ་ལྔའི་རྣམ་པ་རྣམས་ཞེས་པའི་དོན་ཏོ།། དེ་ལྟར་སེམས་ཅན་གྱི་རིས་རྣམསུ་སངས་རྒྱས་རྣམས་སྤྲོ་ཞིང ་རང་བཞིན་མེད་པ་དེ་ལ་རྣམ་པར་སྤྱོད་པོའོ།། དེ་བཞིན་དུ་གཅིག་ནི་ཟེ་འབྲུ་ཅན་དུ་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་བསྐྱེད་པ་དང་། རྫོགས་པ་ཐ་མལ་པ་དང་འདུས་བྱས་པའི་དབྱེ་བས་རྟོགས་པར་བྱ་སྟེ།། སྐུ་གསུམ་ལ ་བརྟེན་པའི་ཕྱིརརོ།། ལྷག་མ་ནི་གོ་སླའོ།། འོན་ཀྱང་ལས་དང་པོ་པས་ཏིང་འཛིན་གསུམ་གྱིས་བསྒོམ་པར་བྱ་ཞེས་དགོངསོ།། དེ་བཞིན་དུ་དེ་ཉིད་གསུམ་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ནང་དུ་འདུས་པའི་བདག་མེད་མའི ་དེ་ན་ཉིད་དོ།། གཉིས་པ་ནི་དེ་ཉིད་དུ་དཀྱིལ་འཁོར་གྱི་རང་བཞི་ནོ།། དེ་བཞིན་དུ་གསུམ་པ་ནི་གཉིས་མེད་པའི་རླུང་ཡང་གཉིས་མེད་པ་དེའི་བདག་ཉིད་ཀྱིས་གནས་པའི་ཕྱིར་ཞེས་བུ་སྟེ་ངེས་པའོ།། དེའི་ཕྱིར་གསུང ་པ། ཨུ་ནི་རྐང་པའི་མཐིལ་ནས་བརྗོད།། འདིར་ནི་པུས་མོ་གུཉི་ག་ཡི།། སྤྲུལ་མ་ཕྲ་མོར་སྡུད་པར་འགྱུར།། ཨུ་ཞེས་པ་ནི་ཨུ་གཉིསོ།། ཡ་ཞེས་པ་ནཱི་བརླ་གཉིསུ།། བརྗོད་པས་ཐུར་སེལ་འགོག་པར་འདོད།། རཱ་ཞེས་པ་ནི་མེ་ཡི་ཁམས།། ་གསང་བའི་ཉིད་དུ་བརྗོད་པའི་ཕྱིར།། ཝ་ཞེས་པ་ནི་ལྟོ་བའི་སྦྱར།། ལ་ཞེས་པ་ནི་བྲང་དུ་བརྗོད།། མ་ཞེས་པ་ན་འདི་ཉིད་དུ།། བརྗོད་པས་ཡིད་ནི་ཐིམ་པར་འགྱུར།། ར་ནི་མགྲིན་པའི་གནས་སུའོ།། ཀ་ནཱི་ལྕེ་ཡི་རྩ་བ་རུ།། ཀྵ་ནི་བརྗོད ་པྲ་ཙམ་གྱིས་ནི།། དབང་པོ་རྣམས་ནི་སྡུད་པར་འགྱུར།། ཧ་ནི་མདུད་པ་ཅན་ཞེས་བྱ།། དམྱལ་བར་ཟླ་བ་ཕྱེད་པའོ།། གཙུག་ཏོར་གན་སུ་ཐིག་ལེ་ནི།། བརྗོད་པས་དེར་ནི་ཐིམ་པར་འགྱུར།། འདིར་ནི་ཚེག་དྲག་འགྲོ་འགྱུར་ཏེ།། བཱསཾ ་མེད་གཉིསུ་མེད་མཚན་ཉིད།། དེ་ལྟར་སྲིད་དང་མྱ་ངན་འདས།། རང་གི་ངོ་བོ་འདིར་མཚོན་པ།། མཁའོ་སྤྱོད་ས་སྤྱོད་ལྷ་མོ་གཉིས།། འདི་རྣམས་ཐོག་མ་ཐས་རྒྱས་གདབ་པའི།། རྒྱུ་ནི་བདེ་བ་ཉིད་ཀྱི་ཕྱིར་ཞེས་པ་ནི་བཅྡོཾས་ཀྱི ་ངེས་པའོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་གསུམ་པའི་རབ་ཏུ་བྱེད་པ་གསུམ་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ་གསུམ་པ་བསྟན་པའོ།། །། ད་ནི་སློབ་མ་རྣམ ་ས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བྱ་པ་དང་ཆོས་ཀྱི་དབྱངས་ཀྱི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའ་རྣས་པ་བྲིས་པ་དེ་བསྟན་པའ་ཕྱིར་དང་། སྔོན་དུ་གསུངས་པའིའ་རྡོ་རྗེ་སེམས་དཔའ་བསྒོམ་པའི་ཕྱིར།། དགྱེས་པའི་རྡོ་རྗེ་ལ་སོགས ་པ་མདོར་བསྟན་པ་འདིའི་སླར་བཤད་པ་བསྟན་པའི་ཕྱིར།། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་རབ་ཏུ་བྱེང་པོ་གསུམ་པ་བསྟན་པའི་མཐར་སླར་བཤད་པ་ལ་འཇུག་པའོ།། ཕྱིས་སྔོན་དུ་བསྟན་པའི་རྗེས ་ཐོག་སུ་འབྱུང་བ་དེ་ལའང་དེ་སྐད་ཅེས་བྱའོ།། དེ་ཡང་ཡང་དག་བཤད་ཕྱེ་བ་ཞེས་པ་ནི་གང་གི་ཉན་པོའི་སྐྱེ་བོ་རྣམས་ཀྱིས་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟར་ཤིན་ཏུ་གསལ་བ་ཉིད་དུ་བཤད་པར་བྱའོ།། དེ་བཞིན་དུ་དཀྱིལ་འཁོར ་ཆེན་པོ་བླ་ན་མེད་ཅེས་པ་ནི་སྔ་མ་ལ་པཱ་ལྟོས་པའི་ཕྱིར་རབ་ཏུ་རྫོགས་པའོ།། ཡང་ན་བླ་མའི་ངེས་པའི་དཔུང་གྲིས་ནུས་པ་བསྟན་པ་ཙཽ་གྱིས་སེམས་ཅན་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་རྙིང་པར་འགྱུར་བའོ།། ཇི་ལྟར་བདག་ཅག་གི ་བརྒྱུད་པ་པདྨ་བཛྲའི་ཞལ་སྡེ་ནས། ཀྱིས་ཨོ་ཌྱན་པ་ལ་བསྟན་ཙང་དེས་ཀྱང་རྡོ་རྗེ་སློབ་དཔོན་ཨིནྡྲ་པོ་དྷི་པདག་ལ་བསྟན་པས་སྤྲོས་པ་དང་བཅས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་བ་དེ་ལྟར་རྡོ་རྗེ་དབྱིངས ་དང་འདྲ་བ་ནི་ཞེས་པ་ནི་ཇི་ལྟར་བཅྡོཾས་ཤཱཀྱ་ཐུབ་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བྲིས་ཏེ།། རྡོ་རྗེ་སྙིང་པོ་ལ་དབང་བྱིན་ཞིང་འདི་ཉིད་སེམས་ཅན་ཐད་ལུང་བསྟོན་པ་དེ་ལྟར་རྡོ་རྗེ་དབྱིངས་དང་མཚུངས་པ་ཟབ་མོ་ལས་ཀྱང་ཟབ ་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དེའི་རྣམ་པ་གསུམ་པའི་དོན་ལ་དང་པོ་རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་བྱ་ཞེས་དགོངསོ།། དེའི་ཕྱིར། རྡོ་རྗེ་དབྱིངས་ཞེས་བྱ་བར་བརྗོད་ཅེས་པ་ནི་ཅུང་ཟད་ནུས་པ་ཐོབ་པའི་སློབ ་དཔོན་གྱིས་བྱའོ།། དེ་ཉིད་སངས་རྒྱས་བཅོམ་ལྡན་འདསུ་འགྱུར་རོ།། ཡང་ན་ཐ་མལ་པའི་སློབ་དཔོན་ཡང་འདོད་ཆགས་ལ་སོགས་པའི་ཉེས་པ་དང་བྲལ་ཞིང་རྡོ་རྗེ་སེམས་དཔའི་ཡང་ང་རྒྱལ་དང་ལྡན་པ་སངས་རྒྱས་དང ་མཚུངས་པ་དེས་ཀྱང་དཀྱིལ་འཁོར་འདི་བྱས་ཤིང་སློབ་མས་ཀྱང་དད་པས་བླངས་ནས་ཐམས་ཅད་སངས་རྒྱས་ཐོབ་པ་འགྱུར་རོ།། གཞན་དུ་ནི་མ་ཡིན་པ་སྟེ་ངེས་པའོ།། དེ་བཞིན་དུ་དཀྱིལ་འཁོར་གནས་ཞེས་བྱ་བ་ལ་སོགས ་པ་ནི་ཕྱིའི་དཀྱིལ་འཁོར་བྱ་བའི་ཕྱིར་སོ་པག་ལ་སོགས་པ་བསལོ།། དེ་ཉིད་དུ་ཕྱག་རྒྱ་ཆེན་པོ་ཡོངསུ་གཟུང་ཞེས་པ་ནི་འཆ་བཞིན་པས་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱའོ།། སྔགས་པས་འདིས་ནི་ཞེས་པ་ལ་སྔགས་པ་ནི ་རྣམ་པ་གཉིས་ཏེ་གྲུབ་པ་དང་མ་གྲུབ་པའོ།། དེས་ན་ཐམས་ཅད་ཉིད་ལ་ཞེས་པ་ནཽ་སེམས་ཅན་ཐམས་ཅད་ཉིད་པ་བལྟས་ན་མི་ཤེས་པ་རྒྱང་རིང་བར་འགྱུར་བི་དེ་ལ་དེ་སྐད་ཅེས་བྱའོ།། འདིར་ཇི་ལྟར་ཨུརྱན་པའི་ཞལ་སླ ་ནས་ཀྱིས་རྡོ་རྗེ་བུ་མོ་བསྟན་པས་ཕྱག་རྒྱ་ཆེན་པོས་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་རོ།། དེ་ནས་འདིར་ཡང་དཀྱིལ་འཁོར་བྲི་བའི་ཕྱིར་ས་སྦྱངས་པའི་རྗེས་ཐོག་སུ་གསང་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཚོན་སྣ་ལྔ་ལས་བཙོས་པའི་སྲང་བུ་དཀྱིལ་འཁོར་གྱི་ཚད་ཀྱིསོ།། དེས་ན་ཅི་ལྔར་ནུས་པ་ཞེས་པ་ནི་ཁྲུ་གང་ནས་བརྩམས་ཏེ། ཇི་སྲིད་ཁྲུ་སྟོང་གི་བར་གྱི་དཀྱིལ་འཁོར་ཐིག་གདབ་ཅེས་པའི་དོན་ཏོ།། གྲུ་བཞི་ཞེས་བྱ་བ་ལ་སོགས ་པ་ནི་གོ་སླའོ།། རྡོ་རྗེ་སྲད་བུ་ཞེས་པ་ནི་ཟླུམ་པོར་བསྐོར་བའི་ཕྱིར་ཀ་པ་བརྒྱད་ཀྱི་ཕྱེ་རུ་རྡོ་རྗེ་ཕྲེང་བར་བྱ་བའོ།། དེ་བཞིན་དུ་རྡོ་རྗེ་ཀ་བའི་རྩེར་གནས་པ།། དཀྱིལ་འཁོར་ལྔ་དང་ལྡན་པར་བྱ་ཞེས་པ་ནི་སྒོའི་མཐར་ཐུག་པར་ལྔ་བརྩེག ་ཏུ་བྱས་ཏེ།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དེ་ཉིད་བསྡུས་པ་ལ་སོགས་པའི་རིམ་པས་ཤེས་པར་བྱའོ།། དེ་ནས་ཞེས་པ་ནི་དཀྱིལ་འཁོར་དེ་རྣམས་ཀྱི་དབུསུ་སངས་རྒྱས་ཀྱི་གཟུགས་བརྙན་ཞེས་པ་ནི་དཀྱིལ་འཁོར་པའི་ལྷ ་རྣམས་འཆང་བཞོན་པའི་རིམ་པས་དགོད་པར་བྱའོ།། དེའི་དོན་གྱི་དབང་དུ་བྱས་ཏེ་གསུངས་པ། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཇི་ལྟར་ཕྱིས་མདོར་བསྡུས་ཏེ་གསུངས་པ་འདི་ཉིད་སྔོན་དུ་ཆོ་ག་བཞིན་ཞེས་པ ་ནི་རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིསོ།། དེ་བཞིན་དུ་སྒྲུབ་ཐབས་ཁྱོད་ལ་བཤད་ཅེས་པ་ལ་ཀྱང་གི་སྒྲ་ནི་འདི་ཉིད་དུ་རྡོ་རྗེ་དབྱིངས་བཞིན་དུ་འདིར་ཡང་སྒྲུབ་ཐབས་ཀྱི་ཚུལ་ལས་མི་གསལ་བ་ག་ལ་བྱེད་པ་དེ་ལ་བཤད་པར་བྱ་ཞེས་སྦྱོརོ།། ་དེ་ལ་དང་པོ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལི་ཞེས་པ་ནཽ་དེའི་ཕྱི་རོ།། དང་པོ་ཞེས་པ་ནི་དང་པོ་ཉིད་དུའོ།། ལྷའི་ཁང་པོར་ཞེས་པ་ནི་བསྒོམ་པའི་གནས་སམ། དཀྱིལ་འཁོར་གྱི་ཁང་པར་བཞུགས་ཏེ་དེར་བསྒོམ་པར་བྱ་ཞེས་པའོ། ་དེར་བྲིས་པ་འམ་འབུར་དུ་བརྐོས་པ་འམ་བླུགས་པ་ལ་སོགས་པ་འདོད་པའི་ལྷའི་གཟུགས་དམིགས་ཏེ། རང་གི་སྙིང་གར་ཨ་ཞེས་བྱ་བཱ་ལ་སོགས་པ་ནི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བློན་ཡོངསུ ་བརྟགས་པའི་ཕྱིར་དེ་ནི་རྣམ་པ་གསུམ་དུ་འདོད་དེ།། གཅིག་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་རིམ་པས་ཨོཾ་མོ།། རྣལ་འབྱོར་མའི་རྒྱུད་ཀྱི་རིམ་པས་ཧཱུཾ་ངོ་།། ཡང་ན་ཟླ་བའི་དཀྱིལ་འཁོར་གྱི་འོད་ཟེར་ལས་ཇི་ལྟར་གསུངས་པའི་རྡོ་རྗེར་འགྱུར ་ཏེ་དེ་ལྟར་ཆོ་ག་བཞིན་ཞེས་སྦྱ་རོ།། དེ་བཞིན་དུ་རྡོ་རྗེའི་འོད་ཟེར་གྱི་རྡོ་རྣམས་ཀྱིས་ཐད་ཅེས་བྱ་བ་ལ་སོགས་པས་ན་མཁར་དགུག་པར་བྱའོ།། སོགས་པའི་སྒྲས་ནི་སྤྱན་མ་ལ་སོགས་པ་སྣ་ཚོགས་པ་དང་ཁྲོ་བོའི་ལྷ་རྣམས ་གཟུངས་ཏེ། དེ་རྣམས་ཀྱིས་ཇི་ལྟར་སྤྲུལ་པའི་མཆོད་པ་བྱའོ།། གཞན་ཡང་དེ་རྣམས་ཀྱི་མདུན་དུ་བདག་ལ་དགོངསུ་གསོལ་ཞེས་པ་ལ་སོགས་པ་ཐོད་བྱ་བ་ནི་གོ་སླའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅྡོཾས་ཞེས་བྱ ་ནི་སྔོན་ནས་བསྒོམ་པའི་སྐུ་སྒྲ་བརྙན་ལྟ་བུའོ།། དེ་ཡང་ངོ་ལས་བྱུང་བའི་སེམས་ཅན་དེ་རྣམས་ལ་ཆོས་སྟོན་པར་སྣང་བའི་ཕྱི་རོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་ཆོས་ཐ~ཾད་ཀྱི་རང་བཞིན་གྱི་ཡིད་དེ་ལས་བྱུང་བའི ་ཕྱིརོ།། ཡིད་ཀྱང་བརྟགས་ནས་བདག་མེད་པའོ།། དེ་བཞིན་དུ་ཐདཾ་བལྟའོ།། ཕྱི་ཞེས་པ་ལ་སོགས་པ་ལ་སྤྲུལ་པ་ཞེས་པ་ནི་སྤྲོས་པ་དང་བཅས་པས་སྤྲུལ་པའོ།། དེའི་ཕྱིར་སེམས་ཅི་མེད་པ་ཞེས་པ་ནི་ད་ལྟར་གྱི་སེནཾ་རྣམས་ཀྱི་དངོས ་པོས་ཡོངསུ་བརྟགས་པ་ཡོད།། དེས་ན་རྩོད་པའི་དུསུ་སེམས་དེ་ཉིད་ཀྱིས་ཡོངསུ་བརྟགས་པའི་ཕྱིར་དངོས་པོ་ཅེས་ཕུལ་དུ་ཕྱུང་བ་དེ་བཞིན་དུ་འབྱུང་བར་འགྱུ་རོ།། དེས་ན་ཆོས་ཐད་གདོང་ནས་མ་སྐྱེས་ཞེས་བྱ་བ་ལ་སོགས་པ་ཡིད་ཀྱིས་སྔགས ་བརྗོད་པར་བྱའོ།། དེ་ནས་རང་བཞིན་འགྲུབ་པ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་ཉི་དུ་བལྟ་བའི་དོན་ཏོ།། འོན་ཀྱང་བཟླས་པའི་ཁྱད་པར་གྱིས་རྣལ་འབྱོར་གྱི་ཁྱད་པརཱ་ཡོད།། གཏུ་མོ་སྦ་པ་ཐིག་ལེའི་ཟླ་བ་བྲལྟ་སྟེ།། དེ་ཡི་སྔགས་ནི ་ཨོཾ་ལ་སོགས་པའོ།། གྲུ་གསུམ་ཞེས་པ་ནི་ཨ་ལ་སོགས་པའི་དབྱངས་སུ་མ་བསྐོར་བཞི་བཅུ་རྩ་བརྒྱ་དུ་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ།། ཡངས་པའི་གཟུགས་ཅནོ།། སྙིང་རྗེའི་ཞེས་པ་ནི་གྲི་གུག་གམ་རཱལ་གྲིའོ།། ཁ་ཅིག་ནི་ཅང་ཏེའུ་རུ་འདོང་ངོ་།། ་དེ་ལྟར་བཅྡོཾས་ལྷ་བཞི་བཅུ་རྩ་གཉིས་ཀྱི་བདག་ཉིད་བྷ་གའི་དབུསུ་བསྒོམ་པར་བྱའོ།། དེ་ཉིད་ནི་རྣལ་འབྱོར་མའི་རྒྱུད་ཀྱི་རིམ་པས་དེ་ཁོ་ན་ཉིད་དུ་བསྡུས་པ་བརྗོད་།། དེ་བཞིན་དུ་མེ་ཏོག་ལ་སོགས་པའི་མཆོད་པའི་ལྷ་མོ་བཅུ་དྲུག་བརྗོད།། དེ ་ལ་མེ་ཏོག་མ་དང་། སྤོས་མ་དང་། དྲི་མ་དང་མར་མཾ་མ་དང་། ལྷ་བཤོས་མ་དང་། གླུ་མཁན་མ་དང་། ག་རྀ་མཁན་མྲྀ་དང་། སྒེག་མོ་དང་། མེ་ལོང་མ་དང་། པི་བང་མ་དང་། རོ་བསམས་མ་དང་། ཆོས་འབྱུང་མ་དང་། སིལ་སྙན་མ་དང་། གོས་ཐོགས ་མ་དང་། ཞབས་བསིལ་མ་དང་མཆོད་ཡོན་མ་རྣམ་སོ།། དེ་ལྟར་ལྷག་མ་ནི་གོ་སླ་བས་བདག་གིས་རྒྱས་པར་མ་བྲིས་ཏེ་གཞུང་རྒྱས་པས་འཇིགས་པའི་ཕྱིར་དང་། གཞན་དུ་རྙེད་སླ་བའི་ཕྱིརརོ།། དེ་བཞིན་དུ་ཕྱིའི་དཀྱིལ་འཁོར་ཞེས་བྱ་བ་ལ ་སོགས་པ་ནི་གསངདྲ་བའི་དཀྱིལ་འཁོར་ལས་ཕྱི་རུ་སྤྲོས་པའོ།། སྒྱུ་མ་དང་འདྲ་བ་དེའི་བྱེད་ཚད་ཙམ་ཞེས་པ་ནཱི་ནང་གི་རིམ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་ཕྱེད་ཙམ་ཕྱིའི་དཀྱིལ་འཁོར་ལྔའོ།། དེ་རེ་རེའི་ནང ་ནུས་སྙིང་པོའི་རིམ་པའི་ཕྱི་ཕྱོགས་བཞིར་རླུང་གི་དཀྱིལ་འཁོར་ཟློ་བ་ཕྱེད་པ་ལྟ་བུ་བྲིའོ།། དེ་བཞིན་དུ་མ་གསུངས་ཀྱང་རིམ་པ་བཞིན་དཀྱིལ་འཁོར་ལྷག་མ་སཽ་ས་གསུམ་ལ།། མེ་དང་ཆུ་དང་སོའི་དཀྱིལ་འཁོར་རྣམས་རེ་རེས་བྱའོ།། ་དེ་བཞི་དུ་རིམ་པ་བཞིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་བཞིན་དུ་འདིར་རྣལ་འབྱོར་མ་ཐམས་ཅད་ཤེས་རབ་དང་ཐབས་དང་ལྡན་པའོ།། དེ་བཞིན་དུ་ཡང་ལྷ་ཐམས་ཅད་ཀྱི་སྟེ། དཀྱིལ་འཁོར་པ་རྣམས་ཀྱིའོ།། རལ་གྲི་ཞེས་བྱ་བ་ལ ་སོགས་པ་ནི་དཀྱིལ་འཁོར་པད་ཀྱི་ཤར་དང་མེར་རྣམ་པར་སྣང་མཛད་ལ་སོགས་པའི་གཡས་ཀྱི་ཕྱག་དང་པོ་ལ་འཁོར་ལོའོ།། དེ་བཞིན་དུ་དབང་ལྡན་དང་བྱང་དུ་དོན་ཡོད་པར་གྲུབ་པ་ལ་སོགས་པའི་ནི་རལ་གྲིའོ།། དེ་བཞིན་དུ་རླུང་དང་ནུ ་དུ་འོད་དཔག་མེད་ལ་སོགས་པའི་ལྕགས་ཀྱུའོ།། དེ་བཞིན་དུ་བདེན་བྲལ་དང་ལྷོ་རུ་རིན་ཆེན་འབྱུང་ལྡན་ལྔ་སོགས་པའི་ཞགས་པའོ།། དེ་བཞིན་དུ་དཔའོ་དང་རྣལ་འབྱོར་མ་ཐད་ཀྱི་ཕྱག་ལྷག་མ་གཡོན་པ་དང་གཡས་པ་དག་གི་ཕྱག་ལྔ་ལྔ ་རྣམས་ཀྱིས་ནི་བཅོམ་ལྡན་འདས་བཞིན་ཤེས་པར་བྱའོ།། དེ་ལྟར་དཀྱིལ་འཁོར་ལོ་ཐཾད་ཀྱི་ཡི་གེའི་དོན་ནི་གོ་སླའོ།། འོན་ཀྱང་འདིར་དཀྱིལ་འཁོར་ནི་རྣམ་པ་གསུམ་སྟེ། སྤྲོས་པ་དང་བཅས་པ་དང་སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད ་པའོ།། དེ་ལ་གང་སྤྲོས་པ་དང་བཅས་པ་དེ་ནི་རྡུལ་ཚོན་ལ་སོགས་པས་བྲིས་པ་འམ་འབུར་དུ་བྱས་པ་ནི་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་བྱའོ།། དེ་བཞིན་དུ་སྤྲོས་པ་མེད་པ་ནི་རི་མ་གསུམ་ལ་སོགས་པའི་ཁང་ཟངསུ་དཔའ་བོ ་དང་དཔའ་མོའི་དབང་ཕྱུག་མ་རྣམས་འདུལ་པར་བྱའོ།། དེ་ཡང་རྡོ་རྗེ་དབྱིངས་བཞིན་དུ་ཁཱ་དོག་དང་མཚན་མར་ལྡན་པའི་རྣལ་འབྱོར་མ་དང་དཔའ་བོ་རྣམས་ཏེ། དེའི་དབུསུ་རྡོ་རྗེ་སློབ་དཔོན་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་བགྱིངས ་བར་བདག་ཉིད་བསྒོམ་བར་བྱའོ།། དེ་རྣམས་ཀྱི་མདུན་དུ་ཉེ་བར་སྤྱོང་པོ་ལྔ་ལ་སོགས་པའི་མཆོད་པའི་རྫས་དང་བཟའ་བ་དང་བཅའ་བ་ལ་སོགས་པ་དང་བཏུང་བ་ལ་སོགས་པ་རྣམས་འཆང་བཞིན་པ་ལས་བྱ་ཞེས་པ་ནི་ངེས་པའོ།། ། ་དེ་ལ་ཤིན་ཏུ་སྤྲོས་པ་མེད་པའི་དཀྱིལ་འཁོར་ལ་སྦྱང་བ་ནི་རང་གི་བདག་ཉིད་ཀྱིས་གསང་བའི་དཀྱིལ་འཁོར་བསྒོམས་པས་ནུས་པ་ཐོབ་ནས་མངོན་སུམ་དུ་དཀྱིལ་འཁོར་སྨོས་པ་དེ་མཐོང་བས་སློབ་མའི་ཚོགས་དཀྱིལ་འཁོར་བ ་དེ་རྣམས་དང་འདྲ་བའི་སེམསུ་འགྱུར་ཏེ། དེ་རྣམས་ཀྱང་སྙོམས་པར་ཞུགས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐབ་པར་བྱེད་ཅེས་དགོངསོ།། འོན་ཀྱང་ཐ་མལ་པའི་སློབ་དཔོན་གྱིས་ཀྱང་དེའི་བདག་ཉིད་མངོན་སུམ་དུ་བྱེད་དེ་འདོད ་པའི་ཡོན་ཏན་ལྔ་དང་ལྡན་ཞེས་པ་སྟེ་ངེས་པའོ།། དེ་ལྟར་གཞུང་ལུགས་ཅུང་ཟད་འཆང་བཞིན་པ་ལས་གསལ་བར་བྱོང་ངོ་།། དེས་ན་འདིར་མ་གསུངས་ཞེས་པའི་ཚུལོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པོ་གསུམ ་མདོར་བསྟན་པ་གསུམ་གྱི་མཐར་སླར་བཤང་བའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བའི་དྲན་པའི་སྣང་བ་ཞེས་བྱ་བའི་གཞུང་བསྣུན་པ་སྟེ་བཞི་པའོ།། །། ད་ནི་དེ་ལྟ་བུའི་དཀྱིལ་འཁོར ་ལ་གནས་པ་མཁའགྲོ་མ་ཐམས་ཅད་རྣམས་ཀྱི་ནང་གི་དམ་ཚིག་གི་ཕྱག་རྒྱ་བསྟན་པའི་ཕྱིར། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་པར་འཚལ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པས་བཅྡོཾས་རྡོ་རྗེ་སེམས་དཔའ་ལ་ཞུས་པའོ།། ་ཕྱག་རྒྱ་ཞེས་པ་ནི་ཕྱག་རྒྱ་ཆེན་པོའོ།། དེ་ཡང་ངག་གི་སྒོ་ནས་ཁོང་དུ་ཆུད་པ་སྟེ། ཐ་མ་ལྔ་པའི་གནས་སྐབས་ཀྱི་དུསུ་ཡང་སེམས་དང་སེམས་ལས་བྱུང་བའི་དངོས་པོ་རྟོགས་པའི་ཕྱིརརོ།། དེ་རྣམས་ཀྱི་མཚན་ཉིད་ཅེས་པ་ནི་མངོན་སུམ་དུ ་ཉིམ་སུ་མྱོང་བའོ།། དེ་ནས་གསང་བ་ཞེས་བྱ་བ་ལ་སོགས་པ་ལྔ། རྣལ་འབྱོར་ཞེས་པ་ནི་གསང་བའི་དཀྱིལ་འཁོར་རོ།། དེ་ཡང་རྣལ་འབྱོར་མའི་ཞེས་པ་ནི་ཨ་བ་དྷཱུ་ཏཱི་རྣམ་པ་དྲུག་དང་སྦྱོར་བའི་ཡན་ལག་དྲུག་སྟེ་འཁོར་ལོ་དྲུག་གི་རབ་ཏུ ་དབྱི་བས་སོ།། དེས་ན་མཁའགྲོ་མ་རྣམས་ཀྱི་དམ་ཚིག་གི་བརྡའི་སྐད་བྷཱི་སཽ་དེ་བསྟན་ཅེས་གསུངས་སྟེ། ཐུབ་པ་ཆེན་པོ་ཞེས་པའི་ནི་ཆོས་ཀྱི་སྐུ་བརྟག་པ་དེས་ཆོགས་རྒྱས་བཏབ་པ་པ་ནི་ཐུབ་པ་ནྡ་ནོ།། བརྗོད་དུ་མྱེད་པའི་མཚན་ཉིད་ནི་ཐུ ་པའོ།། ཡང་ན་འདི་ལྟར་རང་རིག་པས་ཉེ་བར་སྤྱོད་པ་ལ་འཇུག་པའི་མི་སྨྲ་བའི་སྦྱོར་བ་དེ་ནི་ཐུབ་པ་ཆེན་པོ་ཞེས་པའི་དོན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཞེས་པ་ནི་རང་རིག་པའི་སེམསོ།། དེ་ཉིད་མཁའ་གྲོ ་མ་ཞེས་པ་ནི་འཁོར་ལོ་དྲུག་ལ་བསྒྱུར་བའི་དུས་ཀྱི་ཕོ་ཉ་མོ་དྲུག་ལ་ནི་ཨ་བ་དྷཱུ་ཏཱིའོ།། དེ་ཡང་མིང་དྲུག་དང་ལྡན་པའོ།། དེས་ན་དུས་གྱི་ཕོ་ཉ་མོ་དྲུག་གི་ནང་དུ་འདུས་པ་ཉིད་ཀྱིས་སེམས་རྩེ་གཅིག་པ་ཉིད་མངོན་ཤེས་དྲུག་མཚན་ཉིད ་དུའོ།། དེ་བཞིན་དུ་རྣམ་པར་རྒྱལ་པོའི་སྟོབས་ཞེས་པ་ནི་ཕྱག་རྒྱ་ཆེན་པོར་རབ་ཏུ་སོང་བས་བདུད་ལས་རྣམ་པར་རྒྱལ་བ་སྟེ། སྙིང་རྗེའི་སྟོབས་ཀྱིའོ།། དེ་ལྟར་ཕྱག་རྒྱ་དང་སྙིང་རྗེ་ཆེན་པོ་གཉིས་མེད་པའི་དངོས་པོ་ཞེས་པ་གང་ཡིན ་པཱཾ་དྭེའོ།། དེ་བཞིན་ཏི་ངེ་འཛིན་ལ་སྙོམས་པར་ཞུགས་ཞེས་པ་ནི་ཡང་དག་པའི་རྗེ་སུ་དྲན་པ་དྲུག་ལ་འཇུག་པའོ།། ངས་ནཱ་ན་མཁ་འགྲོ་མ་ཞེས་པ་ནི་བསྡུས་པའི་དྲ་མ་ཚིག་ཞེས་པའི་ཚུལོ།། དེ་ལ་ཀོ་ལ་ཞེས་བྱ་བ་ལ་སོགས་པ་ནི ་ཡི་གེ་བརྒྱ་དྲུག་ཅུ་རྩ་གསུམ་གྱི་ནང་ནས་ཡི་གེ་དྲུག་དུས་ཀྱི་ཕོ་ཉ་མོ་དྲུག་གི་བརྡ་འདི་ལས་བྱུང་བ་བརྒྱ་ལྷ་བཅུ་རྩ་བདུན་གྱི་ཡི་གེ་མིང་རྣམས་ཀྱིས་རྣལ་འབྱོར་གྱི་གདན་རྣམས་བརྗོད་དེ།། དེ་ཡང་འཁོར་ལོ་དྲུག་གི་རྩ་རྣམས་ཏྭ། ་དྲུག་ཅུ་རྩ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སུམ་ཅུ་རྩ་གཉིས་ཉིས་འགྱུར་དང་། དེ་བཞིན་དུ་ལྔའོ།། དེ་ལྟར་དུས་ཀྱི་རྩ་དྲུག་རྣམས་ཀྱི་ནང་དུ་འདུས་པའི་ཕྱིར་ཞེས་པ་སྟེ། ངེས་པའོ།། དེ་ལ་འཁོར་ལོ་དྲུག་ནུ་ཁམས་དྲུག་གི ་རང་བཞིན་ཏེ། དུས་ཀྱི་རྩའོ།། དེ་རྣམས་ལ་ཐབས་ཀྱི་རང་བཞིན་གསུམོ།། དེ་བཞིན་དུ་ཤེས་རབ་ཀྱི་རང་བཞིན་གསུམོ།། དེ་ལ་གཙུག་ཏོར་དང་དཔྲལ་བ་དང་སྙིང་གའི་འཁོར་ལོ་གསུམ་ནི་ཐབས་ཀྱི་རང་བཞི་ནོ།། དེ་བཞིན་དུ ་མགྲིན་པ་དང་ལྟ་བ་དང་གསང་བ་ནི་ཤེས་རབ་ཀྱི་རང་བཞིན་ནོ།། དེ་བཞིན་དུ་ཨ་བ་དྷཱུ་ཏཱི་གཉིས་ཏེ་ལྟ་བའི་སྟེང་དུ་ལན་གསུམ་དུ་སོང་བའོ།། དེ་བཞིན་དུ་འོག་ཏུ་ལམ་གསུམ་དུ་སོང་བའོ།། དེ་དག་གི་རྣམ་པ་དྲུག ་ནི་དུས་ཀྱི་རྩའོ།། དེ་ལྟར་ལྟེ་བའི་དབུས་ཀྱི་འོག་དང་སྟེང་དུ་པོ་ལ་དྲང་ཀཀྐོ་ལར་བརྗོད་དོ།། དེ་ལ་ཡི་གེའི་དོན་བརྗོད་པ་ཀོ་གཞུ་ཡི་རྣམ་པ་ལྟ་བུའི་རླུང་། འོག་ཏུ་དུས་མེའི་རྩེ་རྣམས་ལ་ཐུར་ས་ལཱ་དང་ནི་ཁུ་བ་གནས།། དྲྀ་ནི་ཡེས ་ཁུ་བྷཱར་བརྗོད།། ཌ་དེ་ཉིད་སུམ་ཅུ་གཉིས་ཤྲེས།། མཁ་འགྲོ་མ་ནི་སྣལ་ཕྲ་མོ།། དེ་ཉིད་ཡེ་ཤེས་མཁ་འགྲོ་མ།། ལྤ་ཁུ་བ་ལ་སོགས་ལྷ་མོ་ཐིམ།། ཨི་དབང་པོ་དང་ནི་ལྷན་ཅིག་སྲོག། རཻ་ཁུ་བ་ཡི་ནི་ལྷ་རྣམས?་གང་།། ཐཱི་ཞེས ་བྷྱོ་ནི་བ་ཤང་བྲས་གང་།། ཨོཾ་ནང་དུ་འདི་ཡི་ལྷ་མོ་འམ།། བཽ་བྱང་ཆུབ་ཞེས་པ་ཉིད་ནི་བྱེད།། ལྒ་འོག་གི་རྩ་ནི་དྲི་ཆུ་འཛིན།། མུ་ནི་རྨོངས་པའི་ལྷ་མོའོ།། མུ་ལྟོ་འཕྱེ་ཞེ་སྡང་འབབ་པ་མཱ།། ཎཱི་རྒྱུད་མེད་པ་ཡི་རོ་ནི་མྱུང་།། ར་བྱིན་བྱེད ་བྱིས་པའི་རྩ་ནི་གླང་།། ཀ་དེ་བཀྲྀན་འདམ་སྐྱེས་གྲང་བྱེད་པ།། ཀོ་ཁུ་བྱུག་སྒྲ་ནི་སྟེང་དུ་འབར།། ལྦ་བདེ་བ་བདག་གི་སེམས་ནི་རྙེད།། གྷ་དྲིལ་བུའི་རྒྱུན་ལ་སེམས་བརྟེན་པས།། མ་ཡིད་ཀྱིས་བསམ་ཏེ་སྙནྡ་པཽརཱ་སྨྲ།། ཡུ་ག་ཤིན། ་རྗེའི་ཕོ་ཉ་འདིར་ནི་ཤེས།། ཀི་ཚིགས་རྒྱུན་དུ་ནི་ཅི་བགྱི་བའོ།། པི་སྣ་ཡི་རྩི་ལས་ཆང་འཐུང་བའོ།། ཊ་ཞེས་པ་ནི་ན་མཁའི་ལྷ།། ཧོ་ནི་ཚོགས་པ་ཅན་ལྷ་མོ།། བ་འདབ་ཅན་གསེང་བའི་ནང་དུའོ།། ཇི་སྐྲ་དཀར་བྱེད་པའི་ལྷ་མོ་ཡང་། ་ཨི་དབང་པོ་སྠཱ་ཡི་ནང་དུ་རྒྱུ།། ཀ་རལ་གྲི་ཞེས་བྱ་ལྐུགས་པར་བྱང་།། རུ་ཁྲག་གི་ཁ་ཡི་ལྷ་མོའོ།། ཎེ་ཆུ་ལུགས་དུ་མ་འཛིན་པའོ།། ཀི་གྲེ་སྱར་སྐྱེ་གནས་མིང་ཅན་ཏེ།། ཨ་ང་རུ་བྱེད་པ་འཛིན་པ་ཉིད།། ཨ་དབང་པོ་སྒྱུ་མ་དབྱངས་ཅན་མ། ་ན་མི་ཡི་གཟུགས་ནི་ལྷ་མ་རཱི་ཤེས།། རོ་བ་སྤུའི་བུ་གའི་རྩེ་མཚི་མ་སུ།། དེ་ལྟར་ཌྷ་ནཱི་སུམ་ཅུ་གཉིས།། ཡེ་ཤེས་འཁོར་ལོའི་མིང་ཉིད་དོ།། རྩེ་གཅིག་ནང་དུ་གནས་པ་ཉིད།། ཡེ་ཤེས་མཁའ་གྲོ་སུམ་ཅུ་གཉིས།། རྣལ་འབྱོར་མ་ནཱཾ ་དམ་ཚིག་འདི།། དུས་མེ་གཅིག་པུ་ལ་ནི་ཐི་མི།། ཡེ་ཤྲེསྫ་ཕུང་པོ་སྔོན་རྒྱུ་པ།། ཐང་དུ་ནི་རྒྱུ་བར་བྱེད།། དེ་ལས་ཡེ་ཤེས་ཁམས་ནི་སྐྱེས།། རྣམ་ཤེས་རྣམ་པའི་སེམས་བྱས་ཏེ།། དེ་བཞིན་དུ་གཙུག་ཏོར་གྱི་ནི་རྩ།། ལྟེ་དབུས་ཨོཾ་བ་དྷཱ ་ཏཱི་ནི།། སྟེང་དུ་སོང་བ་སྒྲ་གཅན་ཏེ།། ན་མཁའ་ཡི་ནི་རྩ་ནི་ལྷ།། ལ་མཛེས་མ་རྣམས་ཀྱི་ཟ་བའི་རྩ།། ཏ་པད་རྩ་འཇམ་པོའི་སྐུ་འདྲ་བ།། ཧི་འཚེ་བ་སྤངས་པའི་ལྷ་མོའོ།། བ་རྡོ་རྗེ་སྣ་ཡི་ནང་དུ་བདེ།། ལ་ལྔ་པཾ་ཡི་ནི་དབུས ་མཚོན།། ལྷ་མོ་ཡང་ནི་འབྱུང་ལྔ་རྣམས།། ན་མཁའི་མཁ་འགྲོ་མ་རུ་འདོད།། དཔྲ་ལ་བའི་རྩ་ནརྀ་མེད་ཕྱེ་དཱ་སོགས།། ཡེ་ཤེས་དབུ་སུཾ་ཡི་གེ་རྣམས།། ནཱང་དུ་བྱང་ཆུབ་སེམས་རྒྱུ་བ།། གླིངས་ནི་སུམེ་ཅུ་རྩ་གཉིས།། ཁཱ་སེམས་དང་། ་སེམས་བྱུང་མཁའ་མཉམ་པ།། ཇེ་མངལ་ནས་འབྱུང་བ་རྣམས་ལ་རྒྱུ།། ཨེ་དདེང་པོའི་སྒོ་ཡི་བདེ་བ་ཡིས།། གཱ་སཱ་ཡི་ནང་ནས་གཞན་དུ་འགྲོ། ཌེ་ནི་ཡེ་ཤེས་མི་ཁ་འགྲོ་ཡི།། མ་ནི་དེ་བཞིན་དམ་ཚིག་སྟེ།། ཨ་ནི་རྡོ་རྗེ་མཁའ ་འགྲོའོ།། ཎ་ནི་རྡོ་རྗེ་མཁའ་གྲོ་ཉིད།། པི་སེར་སྣའི་མཁའ་གྲོར་འདིར་བརྗོད་དོ།། ཛ་ནི་སངས་རྒྱས་མཁའ་གྲོའོ།། ཨ་ནི་མྱ་ངན་འདས་འདུན་པ།། ཧ་ཞེས་པ་ནི་སེམས་མིང་ལ།། ལྡེ་ན་མཁའ་ཡི་ནི་རླུང་ཐི་མོ།། ཀཱ ་བློ་དང་དབུགས་ནི་འགོག་བྱེད་པ།། ལན་འཁྱུད་པས་ཟླ་བ་སད་པ་ཉིད།། ཛ་རྡོ་རྗེར་འཇུག་པས་ཤིན་ཏུ་ཉལ།། ར་དེ་ནི་དངུལ་ཆུའི་རྒྱུན་དང་མཚུངས།། པལཱཾ་བ་ཡི་ནི་རྩ་བར་ལྟུང་།། ཎི་སྡོང་བུ་ཡ་ནི་རྩ་བར་སྤྲུལ།། ཨོཾ་མི་ཤིག་ཐད ་ཁྱབ་པའོ།། ཨི་འདི་ནི་དྲབང་པོར་གན་སྣ་པའི་རྒྱུས།། དུ་དེ་ཡང་གཟུང་བར་དགའ་བའི་གནས།། དུ་མཚན་ཡཱ་ངན་པ་རྟག་ཏུ་སྤངས།། རུ་འདོད་པའི་ལམ་ནི་འདི་རུ་ཆ།། སྲྀ།། དཱ་དེ་བའི་དབའ་རླབསྱ་ཞེས་བྱའི་ཕྱིར།། ཧཱི་རྣལ ་འབྱོར་འདི་ནི་བདུད་རྩི་འཛིན།། བ་དུས་ནི་རྣམ་པ་བཞི་རུ་འཛིན།། ཛྲྀ་འདིར་གནས་པ་ཡི་བློ་ནི་མང་།། ཨ་རྟེན་གྱི་དགའ་བ་ལས་ནི་གྲོལ།། ཨི་ནི་ཟླ་བ་དང་བྲལ་བའོ།། ཙ་ཟླ་བའི་ཡེ་ཤེས་དབང་ཕྱུག་གཙོ།། ཨུ་ཡི་དབྱིངས་ནི་ཐཾ་དཾ ་འགྲོ། དེ་ལྟར་རྩ་ནི་སུམ་ཅུ་གཉིས།། དགྱེས་པའི་རྡོ་རྗེ་ཀུན་ནས་གཙོ།། དེ་རྣམས་ལས་བྱུང་རྟོག་པ་ནི།། སུམ་ཅུ་རྩ་གཉིས་བདག་གིས་བརྗོད།། མི་ཕྱེད་མ་སོགས་དང་པོ་ནི།། རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ།། རྟོག་པའི་རྒྱལ ་པོ་རུ་ནི་བརྗོད།། གཉིས་པ་སྒྱུ་འཕྲུལ་རྟོག་པ་སྟེ།། གསུམ་པ་སངས་རྒྱས་གར་མཁནོ།། བཞི་པ་སྣ་ཚོགས་རྟོག་པ་སྟེ།། ལྔ་པ་རྡོ་རྗེའི་རྟོག་པའོ།། དྲུག་པ་སྟོབས་པོ་ཆེ་ཡི་སྟེ། མད་གཡོ་བི་རྟོག་པ།། བརྒྱད་པ་གཟུན ་ཀྱི་རྟོག་པའོ།། དགུ་པ་རིགས་ནི་བྱེང་མ་ཡི།། བཅུ་པ་མཁའ་གོ་མ་ཉིད་ཀྱིས།། བཅུ་གཅིག་པ་ནི་འབྱུང་འདུལ་བྱེད།། བཅུ་གཉིས་པ་ནི་རྣམ་སྣང་མཛད།། དངོས་གྲུབ་རྟོག་པ་སྒྲོལ་མ་ཡི།། རྟོག་པ་འདི་ནི་བཅུ་གསུམ་པ།། རྡོ་རྗེ་ཕྲག ་མོ་བཅུ་བཞི་པ།། བཅོ་ལྔ་པ་ནི་མེ་ལྷ་ཡི།། བདག་མེད་རྟོག་པ་བཅུ་དྲུག་པ།། བོཅུ་བདུན་པ་ནི་གཱ་ཤིན་རྗེ་དགྲ། བཅོ་བརྒྱད་པཱ་ནི་ཧཱུཾ་མཛད་ཀྱི།། བཅུ་དགུ་པ་ནི་ཕྱིར་བཟློག་པ།། སྦྱིན་སྲེག་རྟོག་པ་ཉི་ཤུ་པ།། ཉི་ཤུ་གཅིགྲ་ནི ་རྣམ་སྟེང་མཛད།། དངོས་གྲུབ་རྟོག། རབ་གནས་ཀྱིའོ།། དཀྱིལ་འཁོར་ཆེན་པོ་རྟོག་པ་ནི།། ཉི་ཤུ་གཉིས་པ་ཉིད་འདོད་།། ཉི་ཤུ་གསུམ་པ་གཏོར་མིའི་རྟོག། ཉི་ཤུ་བཞི་པ་ལྷོ་གནས་ཀྱི།། ཉི་ཤུ་ལྔ་པ་མངོན་རྟོགས་ཀྱི།། དེ ་བཞིན་རྒྱས་བཏབ་ཉི་ཤུདྲཱ་བཾ། ཉི་ཤུ་བདུན་པ་བྱེད་པ་ཡི།། ཉི་ཤུ་བརྒྱད་པ་ཀླུ་ཡིའོ།། དེ་བཞིན་ཉི་ཤུ་རྩ་དགུ་པ།། པདྨེ་གར་དབང་ཕྱུག་རྟོག་པ།། སུམ་ཅུ་པ་ནཱི་དབྱངས་རྟོག་པ།། རྣལ་འབྱོར་རྒྱུད་ཀྱི་རྟོག་པ་ཉིད།། སུམ་ཅུ་རྩ་གཙི། ་པ་རུ་འདོད།། སྲིད་མཐར་ཕྱིན་པ་རྣལ་འབྱོརཱི་མའི།། རྟོག་པ་སུམ་ཅུ་གཉིས་པོར་བརྗོད།། དེ་ལྟར་རྩ་རྣམས་ལས་བྱུང་བ།། དུས་ཀྱི་ལོངས་སྤྱོད་ལ་ནི་སྤྱོད།། ལྟ་བའི་སྟེང་གི་གཡོན་གྱི་རྩར།། བདེ་ཆེན་འཁོར་ལོ་ཞེས་པ་ཉིད།། དེ ་བཞིན་མགྲིན་པའི་འཁོར་ལོ་ནི།། ལྟ་བོའི་སྟེང་གི་གཡས་གནས་པ།། དེ་རྣམས་རྩེ་ནི་རབ་ཏུ་བཤད།། རྣམ་པ་བཅུ་དྲུག་དེ་ཁོ་ན།། ཡི་གེ་བཅུ་དྲུག་དབྱེ་བ་ཡིས།། དམ་ཚིག་མཁའ་གྲོའི་མཚན་ཉིད།། ས་ཀུན་ཏུ་བཟང་པོ་ཞེས ་པ་ཉིད།། མ་དབུ་མའི་དགའ་བ་ཙམ་ནི་ཉིད།། ཨོཾ་ཟླ་བའི་དགའ་བ་དེ་བཞིན་ཤེས།། ཀོ་ཀིང་རུས་ཀྱི་ནི་དགའ་བ་ཉིད།། ཐུ་ནི་མི་རྟོག་དགའ་བའོ།། རི་ཞེས་པ་ནི་དེ་བཞིན་མཆོག། ས་ནི་རེག་བྱའི་དགའ་བ་ཉིད།། ཧཱུཾ་ཡིད ་ཚིམ་པ་ཡིད་དགའ་བྱ་ཉིད།། དེ་ནི་ཡིད་ཅན་དགའ་བར་བྱེད།། ཧི་ནི་སྙིང་གི་དགའ་བའོ།། ཀ་ནི་ན་མཁའི་དགའ་བ་ཉིད།། པུ་ནི་འཇིགས་པའི་དགའ་བ་ཉིད།། རུ་ནི་དེ་བཞིན་དགའ་བྲལ་ཉིད།། ལྔ་ནི་ལྷན་ཅིག་སྐྱེ་དགའ་མཚོན།། ཨཱི་ནི་དེ ་བཞིན་སྣ་ཚོགས་པའོ།། ཨ་ཨ་བཱ་དྷཱུ་ཏཱིའི་བླ་མཱའོ།། དེ་ལྷོར་རྣལ་འབྱོར་མཆོག་གི་ཕུལ།། མཁ་འགྲོ་རྣམས་ཀྱི་དམ་ཚིག་གཞན།། རྣལ་འབྱོར་མཱ་རྣམས་ཀྱི་ནི་མིང་།། འཕྲོ་བ་བཅུ་དྲུག་ཏུ་ནི་འདོད།། དེ་ཡོང་ཁྱམས་ཀྱི་དབང་གིས་ཤཱཾ། ་དུས་ཀྱི་རྩི་ཡི་ངོ་བོ་ཉིད།། དེར་ནི་ཁྲིག་གི་ཐིག་ལེ་རྒྱུ།། གསང་བ་ལ་སོགས་ཡི་གེ་འདོད།། དེ་རྣམས་ཀྱི་ཡང་དྲོན་ནི་གང་།། འཆ་བཞིན་པ་ཡིས་བསྟན་པར་བྱ།། དེ་ཕྱིར་ལྟེ་བའི་འཁོར་ལོ་ནི།། རྣལ་འབྱོར་མ་འདབ་དྲུག་ཅུ་བཞི། ་ཡི་གེ་ཉིད་ཀྱང་དྲུག་ཅུ་བཞི།། ཨི་ནི་གནས་ཀྱི་རྣལ་འབྱོར་མ།། མཱ་ཕྲེང་མ་ཞེས་པའི་རྣལ་འབྱོར་མ།། ལ་ཞེས་པ་ནི་ཐོང་རྨོ་མ།། ཨི་དེ་བཞིན་དུ་ནི་ཤིང་འཚེང་མ།། ཨཱི་བུ་རོ་ཤྲིང་ཕྱེད་མར་དེ་བཞིན་ཤེས།། དྷོ་ནཱ་གཞུ་མཁྱེན་མ་དང ་གར་མཁན་མ།། ས་ཞེས་པ་ནི་སྨད་འཚོང་མའོ།། ལྀ་གཞོན་ནུ་མ་ཡི་འཁྱུད་པ་མ།། ཛ་སྒོ་ང་ལས་སྐེས་རྣམས་འཚོང་མ།། ཏ་སྣལ་མ་ཐག་པ་དེ་བཞིན་ཉིད།། ཧི་ནི་དེ་བཞིན་འཚོང་བ་མོ།། བྷ་བྲམ་ཟེ་མོ་ཡི་རྣལ་འབྱོར་མ།། རུ་དེ ་བཞིན་ཁྲོ་བོའི་རྣལ་འབྱོར་མ།། ཁྭ་བཟའ་དང་བཏུང་ལ་ཆགས་པ་གང་།། ཨི་ཨིནྡྲ་ནཱི་ལ་སྩོགས་འཚོང་མུ།། ཨ་འབྲུ་ལ་སོགས་པ་འཚོང་བ་ཉིད།། ཨི་དབང་པོ་དཀར་མོའི་རྣལ་འབྱོར་མ།། བེ་ནི་ཁྲོན་པ་བྱེད་པ་མོ།། ཁ་ཤུན། ་མ་ཞེས་པའི་རྣལ་འབྱོར་མཱ།། ཎ་སེ་ནུ་མོ་འདྲེག་པས་འདྲེག་མཁན་མ།། ཁེ་ན་མཁར་འགྲོ་མ་དེ་བཞིན་ཉིད།། ཊ་ཞེས་པ་ནི་སྦུབས་བྱེད་མཱ།། ཀ་དེ་བཞིན་ཟས་འཚོ་མར་མི་ཤེས།། རཱ་རཽ་འཛིན་པ་ཡི་བློ་གྲོས་ཙོན།། ཏེ་ཞེས་པ་ནི ་རྒྱུད་བྱེད་མ།། ཤུ་བཟང་མོའི་རྩ་ནི་སྦྱང་བྱེད་མཱ།། དྷ་ནས་འཁྲུད་པས་ན་འཁྲུད་མཁན་མ།། ཤུ་ཆང་འཚོང་མ་ནི་རྣལ་འབྱོར་མ།། ཎ་ཞོས་པ་ནི་ཉ་པ་མོ།། མ་ཞེས་པ་ནི་ལྷམ་བྱེད་མ།། ཎི་དེ་བཞིན་ཆོས་དཀོར་བདྲག་པོར་གནས།། ་ཨོཾ་འདིར་ནི་རུས་པ་བྱེད་པ་ཉིད།། ཨོཾ་ནི་སྤྱི་ཚིལ་བྱེད་པ་མོ།། ནི་ནི་དེ་བཞིན་རས་འཚོང་མ།། ར་ཞེས་པ་ནཱི་ཚོས་མཁན་མ།། སུ་གསེར་བྱེད་མ་ཡི་རྣལ་འབྱོར་མ།། ཨ་མཾ་འཚོང་བ་རྣམས་མཆོད་བྱེད་མ།། གཱི་དྲྀ་ཡི་རྫས་ལ་སྩོཊ ་འཚོང་མ།། ཙ་དེ་བཞིན་དུ་ནི་གཏུམ་མོ་ཉིད།། དཱ་ཞོས་པ་ནི་གཡུང་མོར་འདོད་།། པ་གཉུག་མར་མྱེད་པའི་རྣལ་འབྱོར་མ།། ཨ་ཀུན་དགོའ་ར་བསྲུང་བྱེད་མ།། ཏ་སོ་རྩི་གྲོ་ལ་འཚོང་བྱེད་མྱ།། ཧི་དྭེ་བཞིན་འཚོ་བར་འདོད་པ་མོའོ།། ་ཛ་ནི་བ་ལང་སྐྱོང་མར་ཤེས།། སཾ་འདི་ནི་རི་ཁྲོད་རྣལ་འབྱོར་མ།། ར་དེ་བཞིན་རྒྱལ་པོའི་བུ་མོ་ཉིད།། པ་ནི་ཕྱུག་ཟིན་འཚོང་མའོ།། བ་ཞེས་པ་ནི་ཤིང་མཁན་མ།། པ་ནི་གོ་བཟོ་བྱེད་མའོ།། ཎ་ནི་གཉུག་མའི་གར་བྱེད་མའོ།། ་ཨོཾ་ནི་མ་རཱ་ཁུ་མར་ཞེས་བྱ།། ཨ་ནརྀ་མཁར་བ་བྱེད་མའོ།། ཨི་ནི་འཆིང་བུ་མེད་མའོ།། མ་ནར་མོ་བྱུང་མའོ།། ལ་ནཱི་རྒྱུ་སྐྱེགས་བྱེད་མའོ།། ཨི་ནི་རྒྱལ་པོའི་ནང་འཁོར་མ།། ཛ་ནེ་དེ་ལ་རྗེའུ་རིགས་མོ།། ཀུ་བུམ་པ་བྱེད་མ ་རྣལ་འབྱོར་མཱ།། དུ་ནི་དམངས་རིགས་མོ་ཉིད།། རུ་ནུད་སེལ་བ་ཡི་སྨོན་པ་མོ།། ང་གདོང་འགེགས་ལྷ་མོ་ཁྱིམ་པ་མོ།། དེ་ལྟར་ལྟེ་བའི་གཡོན་ལོགས་ཀྱི།། འཁོར་ལོ་འདི་ནི་སྤྲུལ་པའོ།། རྣལ་འབྱོར་མའི་ཆ་ལུགས་མང་པོ་ནི།། ལུས་ཀྱི ་དངོས་པོ་ལ་སཱ་ནི་བྱུང་།། རྣལ་འབྱོར་མ་ཡི་རྒྱུད་འདི་ཉིད།། དུས་ཀྱི་རྩེ་ལས་ཡང་དག་བྱུང་།། འདི་ཉིད་ཀྱི་ནི་གཡས་ལོགས་ལ།། ཐུགས་ཀྱི་འཁོར་ལོའི་རྩ་བརྒྱད་གནས།། ཏ་ཞེས་པ་ནི་མ་ཉིད་དེ།། ཨི་ནི་དེ་བཞིན་བུ་མོའོ།། ན་ཞེས་པ་ནི་ཚ་མོའོ།། ་དེ་ནི་དེ་བཞིན་སྲིངད་མོའོ།། མ་ཞེས་པ་ནི་སྒྱུག་མོའོ།། པ་ནི་དེ་བཞིན་གཉེན་མོའོ།། ཛི་ནི་པ་ཡི་སྲིང་མོའོ།། ཨ་ཡི་ཁྱད་བྱེད་ཡི་གེ་གཉིས།། དེ་ལ་ཨ་ནཱི་ན་མཁར་འགྱུར།། ཨི་ཞེས་པ་ནི་རླུང་དང་ལྡན།། རྩ་བཅུ་པོ་ནི་རླུང་གི་གཟུགས།། ཨི་ཌཱ་ལ་སོགས ་ཏེ་ཡི་མིང་།། ཡི་གེ་རྣམས་ནི་རླུང་གི་མིང་།། ། དེ་ལྟར་རྩ་ནི་དྲུག་རྣམས་ཀྱི།། ཡི་གེའི་དོན་དང་རྗེ་སུ་མཐུན།། ཡི་གོས་རྣལ་འབྱོར་རྣམས་ནི་བརྗོད།། མིང་ནི་དམ་ཚིག་གི་ནི་སྐད།། དེ་བཞིན་ལྟ་བའི་འཁོར་ལྷོ་ཡི།། རྣལ་འབྱོར་མ་ཡི་གནས་ཀྱི་མ།། དྲུག་ཅུ ་རྩ་བཞི་ཡི་ནི་གྲངས།། མུ་གུ་ལ་སོགས་ཡི་གེ་རྣམས།། མུ་ཞེས་པ་ནི་ལ་ཡི་གནས།། གུ་ཞེས་པ་ནི་རྐན་གྱི་གནས།། གྷོ་སྣའི་བུ་ག་གཡོན་པ་ལ།། གྷུ་ནི་སྣ་ཁུང་གཡསུ་འདོད།། དེ་ལྟར་གུ་གུ་གཉིས་ནི་མིག། དེ་བཞིན་རྣ་གཉིས་ལ་མུ་གུ། གཅི་བའི་བུ ་དང་བཤང་སྒོ།། གཉིས་ལ་ལུག་གཉིས་ནི་བརྗོད།། དེ་བཞིན་འདིར་ནི་དྲ་ཞེས་པ།། ཁུ་བའི་བུ་གའི་ནང་དུའོ།། ལྟེ་བའི་བུ་གའི་གནས་རྟག་ཏུ།། ཥྚ་ཞེས་པ་ནི་གཅིག་པུར་བརྗོད།། དེ་ལྟར་དགོངས་བཤད་གཞན་མ་ཡིས།། ས་ནི་བཅུ་གཉིས་དག་ལ་གནས།། ་དེ་ཉིད་ཀྱི་ན་དེ་དག་ཅེས་བྱ་བ་ལ་རྣལ་འབྱོར་པས་མཐོང་བ་ཞེས་བྱ་བ་ནི་སྤྱོད་ཡུལོ།། ས་བཅུ་གཉིས་ཀྱི་ཚུལ་གྱིས་གྲུབ་པའི་ཚིག་གསུངས་པའི་ཕྱིརརོ།། འདི་རྣམས་ཀྱི་མཚན་མུ་ཞེས་བྱ་བ་ལ་སོགས་པ།། ནི་ཁམས་རྣམས་གནས་རྣམསུ་ནི་བརྗོད།། ་ཏ་ཞེས་པཱ་ནི་མཐིལ་ནི་ལཱུ།། ཏྱ་ནི་སོར་མོ་ཉི་ཤུའོ།། ར་ནི་མཚན་མ་ཞེསུ་གསུངས།། ཌ་དི་ཞེས་པ་སྒོ་ང་གཉིས་སུ་སུ་གཉིས་ནི་ཕྲག་རྒྱ་བོ།། རྐེང་པ་མ་ཡོ་ཡི་གེ་གཉིས།། བྷི་དྷི་སྤྱི་བོ་མགྲིན་པར་རོ།། ལུ་ཞེས་པ་ནི་སྙིང་གར་གནས།། སྠི་ཞེས་པ་ནི ་གནས་མིང་ཉིད།། ས་ནི་དེ་བཞིན་ལྟོ་བར་རོ།། པཾ་ཞེས་པ་ཡང་ཡེ་ཤེས་པ།། གང་ན་གཉིསུ་ནི་བརྟན་པར་བྱ།། བྷ་བྷི་ཞེས་པ་གཉིས་གར་ཡང་།། བློ་ཡི་གནས་དག་ཏུ་ནི་བསྟན་པུ་བྷུ་ཞེས་པ་གཉིས་ག་ཡང་།། འདི་གྲུ་མོ་གཉིས་ཀྱི་མིང་ཅན་ཏེ།། ། ་ཌི་གྷ་ཞེས་པ་འཕྲག་པར་རོ།། དྭི་ཀུ་ནུ་མ་གཉི་སུ་སྟེ།། ཧ་ནཱི་རྐང་པའི་གནསུའོ།། ཛ་ཞེས་པ་ནི་ལྕེ་ཉིད་དུ།། བྷ་ཞེས་པ་ནི་སོ་ཉིད་དོ།། སྲ་ཞེས་པ་ནི་ལུས་ཀུན་ལ།། པུ་ལ་སོགས་པ་ཉི་ཤུ་བཞི།། གནས་ཉིད་དུ་ནི་རབ་ཏུ་གྲགས།། དེ་ཡང་ཁམས་ཉི་ཤུ ་བཞི།། རྣལ་འབྱོར་མ་རྣམས་ཀྱི་ནི་གནས།། དེ་ལྟར་ནང་ནི་ཐད་ཉིད།། རྣལ་འབྱོར་མ་ཡི་གནས་དཀྱིལ་འཁོར།། གྲུབ་པའི་ཁ་སྦྱོར་རྣལ་འབྱོར་ནི།། རྣལ་འབྱོར་པ་ལ་བདེ་སྟེར་བྱེད།། འདི་ནི་དུས་ཀྱི་རྩ་རྣམས་ཀྱི་རྒྱུ་བའི་ཆོ་ག་སྟེ། བཅོམ་ལྡན ་འདས་ཀྱི་ངེས་པའོ།། ད་ནི་ཕྱིའི་རྣམ་པར་ཤེས་པ་རྣམ་པར་དག་པའི་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་ངག་གི་ཕྱག་རྒྱ་བསྟན་པའི་ཕྱིར།། དེ་དེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་ངག་གི་གནས ་ཀྱི་རྣལ་འབྱོར་མའི་དམ་ཚིག་བསྟན་པའི་རྗེས་ཐོགསུ་འབྱུང་བའི་ཡེ་ཤེས་ལས་དེ་བཞིན་དུ་འབྱུང་བ་ལས་གྱུར་པ་ཡེ་ཤེས་ཏེ། ཡང་དག་པར་བཤད་བྱ་བ་ཞེས་པ་ནི་བསྐྱེད་པ་དང་རྫོགས་པའི་རྣལ་འབྱོར་དང་།། སླར་ཡང་བསྐྱེད་པའི་སྒོ་ནས་རྣལ ་འབྱོར་དང་རྣལ་འབྱོར་མ་རྣམས་ཀྱི་འདུས་པའོ།། དེ་ཡང་བརྡའི་ཆོ་གའི་རིམ་ཞེས་པ་ནི་ཕྱག་རྒྱའི་བརྡའི་སྐད་དོ།། ཆོ་ག་རིམ་ཞེས་པ་ནི་ཇི་ལྟར་སྔོན་ཉིད་དུ་རྣལ་འབྱོར་མ་དྲུག་ཅུ་རྩ་བཞི་ལྟེ་བའི་འཁོར་ལྷོ་དེའི་ནང་ནས་རྣལ་འབྱོར་མོ་བཅུ་གཉིས་ཀྱི་རང ་རང་བཞི་ནོ།། ལྷག་མ་ལྔ་བཅུ་གཉིས་ལུས་ཀྱི་དངོས་པོ་རྣམས་ཕྱི་རུ་སྤྲོས་པས་ན་དམ་ཚིག་གི་བརྡའོ།། གང་གིས་ཞེས་པ་ནི་རྒྱུས་ཞེས་པའོ།། མིང་པོ་ཞེས་པ་ནི་རིགས་གཅིག་པོའི་དཔའ་བོ།། དེ་བཞིན་དུ་སྲིང་མོ་ཞེས་པ་ནི་རྣལ་འབྱོར་མའོ།། དེ་རྣམས་ཀྱིས ་འཇིག་རྟེན་པོའི་སྐད་ལས་གསང་སྟེ་སྤྱད་པའི་ཕྱིར།། པོ་ཏང་གི་ཞེས་པ་ནི་གསོང་པོར་སྨྲ་བའོ།། དེ་བཞིན་དུ་འཇིག་རྟེན་ལསྲྀ་འདས་པའི་ཡང་བརྡ་དང་བརྡའི་ལན་པོ་ཏང་གྲིའི་སྒྲས་སྔོན་དུ་ར་དྭ་རིག་པ་ཡེ་ཤེས་ལས་དེ་བསྒོམས་པས་རང་བཞིན ་གྱིས་དེ་ཨང་གི་ཞེས་པ་དེའི་རིགས་ཞེས་པ་དེའི་དོན་ཏོ།། དེ་བཞིན་དུ་ཌཱ་ཌི་ཞེས་བྱ་བ་ལ་སོགས་པས་ཡི་མཐོར་ཐུག་པའི་ཡི་གེ་ཉི་ཤུ་རྩ་ལྔ་དཔའ་བོ་ཉི་ཤུ་རྩ་ལྔའི་རང་བཞིན་མིང་པོའོ།། དེ་བཞིན་དུ་པུ་ཛ་ཞེས་བྱ་བ་ལ་སོགས་པ་མ་ཀུའི་མཐར ་ཟུག་པའི་ཡི་གེ་ཉི་ཤུ་རྩ་བཱ་ཞི།། རྣལ་འབྱོར་མ་ཉི་ཤུ་རྩཝ་བཞིའི་རང་བཞིན་རྣམས་ནི་སྲིང་མོའོ།། ལྷག་མ་ནི་གོ་སླའོ།། དེ་ལྟར་དུས་ཀྱི་རྩ་དྲུག་ལུས་ཀྱི་རང་བཞིན་ནོ།། དེ་རྣམས་ལས་བྱུང་བས་གསུངས་པའི་རྣལ་འབྱོར་མཱ་ནི་རང་བཞི་ནོ།། དེས་ན ་ངག་གི་བརྡ་ཡི་གེའི་རང་བཞིན་རྣམ་པ་སྣ་ཚོགས་པའི་ཕྱིར་ཞེས་པ་ནི་ངེས་པའོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཞི་པོའི་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་འགྲེལ་ཡང་དག་པའི་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ་དང་པོ་བསྟན།། ་པའོ།། །། ད་ནི་དུས་ཀྱི་ཕོ་ཉ་མོ་དྲུག་ལས་བྱུང་བའི་རྣལ་འབྱོར་མ་བདུན་པོ་རྣམས་ཀྱི་མཚན་མའི་ཕྱག་རྒྱའི་མཚན་ཉིད་བསྟན་པའི་ཕྱིར།། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་གཟུགས་ཅན་མ་ཞེས་པ་ནི ་ལྟེ་བའི་འོག་གི་གཡེན་ལོགསུ་སྐུའི་འཁོར་ལོ་འཛིན་པའི་རྩ་རྣམས་རིགས་མང་པོའི་ཁྱད་པ་ནི་གཟུགས་ཅན་མོའོ།། དེ་བཞིན་དུ་ལྟེ་བའི་དབུས་ལས་ཨ་བ་བྷཱུ་ཏཱིའི་སྟེང་གི་རྩེ་རྣམས་ནི་འོ་བྱེད་མའོ།། དེའི་དབུས་ལས་འོག་ཏུ་དུས་མེའི་རྩ་ནི ་མཛེས་མཱའོ།། དེ་བཞིན་དུ་ཐུགས་ཀྱི་འཁོར་ལོའི་རྩ་རྣམས་ནི་ཡོངས་གྱུར་མའོ།། དེ་བཞིན་དུ་ལྟེ་བའི་སྟེང་གི་གཡོན་གྱི་རྩ་བདེ་བ་ཆེན་པོའི་འཁོར་ལོ་རྒྱུ་བ་དེ་ནི་བྱིས་བཅས་མའོ།། སླར་ཡང་ལྟེ་བའི་གཡས་ཀྱི་རྩ་མགྲིན་པའི་འཁོར་ལོ ་རྒྱུ་བ་ནི་མི་ལྡོག་པའོ།། དེ་བཞིན་དུ་རྩ་དྲུག་པོ་རྣམས་ཀྱི་ཐམས་ཅད་ལ་ཁྱབ་པ་ཅན་བདུན་པ་ནི་འདོད་པ་མའོ།། དེ་ལྟར་མཁའ་གྲོ་མ་རྣམས་སྤྲུལ་པའི་སྐུའི་མཚན་ཉིད་ཀྱི་རང་གི་ངོ་བོའི་མཚན་མ་གསུངས་ཏེ། གང་གི་སྨིན་མ་ཞེས་བྱ་བ་ལ ་སོགས་པ་ནི་གོ་སླའོ།། འདི་རྣམས་ཀྱི་འདོད་པའི་ལྷའི་མཚན་མ་ཁྱིམ་དུ་བྲི་ང་བརྗོད་དེ།། ཐོད་པ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ཅན་མ་ལ་སོགས་པ་མཚན་མ་བདུན་འཛིན་པའོ།། དེ་ལ་ཐོད་པ་ལ་སོགས ་པའི་རིམ་པ་བཞིན་བྱང་ཆུབ་སེམས་དང་། རྡུལ་དང་། རུས་པ་དང་། ཤ་དང་། རྒྱུས་པ་དང་། པགས་པ་དང་། ལུས་ཀྱི་དབྱིབས་དང་བདུན་ཏེ། ཁམས་བདུན་རྣམ་པར་དག་པའི་མཚན་མ་བདུ་ནོ།། ཡང་ན་ཐོད་པ་ལ་སོགས་པ་ནི་ཀུན་གཞི་རྣམ ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པ་བདུན་དུ་དགོངསོ།། འདི་དག་ཅེས་བྱ་བ་ལ་སོགས་པ་ལ་ཁ་སྦྱོར་ཆོ་གཽ་ཞེས་པ་ནི་སྔོན་དུ་གསུངས་པའི་དུས་ཀྱི་རྩ་དེ་རྣམས་ལས་བྱུང་བའི་འཁོར་ལོ་དྲུག་ཁ་སྦྱོར་ཤེས་རབ་དང་ཐབས་ཀྱི ་བདག་ཉིད་གཉིས་མེད་པའོ།། དེས་ན་རྣལ་འབྱོར་རིག་པས་ཞེས་པ་ནི་རྣལ་འབྱོར་པ་སོ།། རྟག་མཚོན་བྱ་ཞེས་པ་ནི་རྣལ་འབྱོར་པ་སོ།། རྟག་མཚོན་བྱ་ཞེས་པ་ནི་རྣལ་འབྱོར་གྱི་སྤྱོད་པར་བྱ་བ་སྟེ་རང་གི་བདོག་ཉིད་རྒྱུ་བའི་ཕྱིར་ཞེས ་པ་སྟེ་ངེས་པའོ།། ལུས་སྲུལ་པོ་ཞེས་པ་ནི་དགོངས་པས་བཤད་པའི་ཚིག་སྟེ།། ཀ་ཏའི་སྒྲ་ནི་གཅོད་པའི་དོན་ཏེ་རང་རིག་པའི་ཡེ་ཤེས་ཀྱིས་འཁོར་བ་གཅོད་པའོ།། མཆོག་ཏུ་བདེ་པ་འབྱུང་བ་ཆེན་པོ་ཆགས་པ་ཆེན་པོའི་ཏིངངེ་འཛིན ་ལས་བྱུང་བ་ལྷག་མའི་མཚན་ཉིད་ནི་པུ་ཏིའི་དོན་ཏོ།། ལུས་སྲུལ་པོའི་མཚན་མ་དང་ཕྱག་རྒྱ་དེ་བཞིན་དུ་གསུངས་པ་ཉིད་ཅེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། དེ་ལྟར་ཡང་གསུངས་པ། ཀ་ཞེས་པ་ནི་གཅོད་པ་གསུངས།། ་ཊ་ནི་སྒྲ་ཡི་མཚན་ཉིད་དེ། བུ་ནི་སྔོན་གྱི་ལྷག་མའོ།། ཏི་ཞེས་པ་ནི་འབྱུང་བ་ཉིད།། ནཱི་ནི་རྣལ་འབྱོར་མ་ཤེས་བྱ།། ཙ་ན་སེམས་དང་སེམས་བྱུང་བ།། ཧ་ན་གཉིསུ་མང་བར་འགྲོ།། ཕྱག་རྒྱ་ཉིད་ནི་ཆེ་སྔོན་འགྲོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག ་པ་བཞི་པའི་རབ་ཏུ་བྱེད་པའི་རྒྱུར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་བྱ་བའི་གཞུང་སྟེ་གཉིས་པ་བསྟན་པའོ།། །། ད་ནི་ས་བཅུ་གསུམ་རྣམ་པར་དག་པའི་མཁའ་གྲོ་མ་བཅུ་གསུམ་གྱི་ཚུལ་གྱི་མཚན་མ་དང་། ་ཕྱག་རྒྱའི་མཚན་ཉིད་ལ་རྟག་པར་རྣམ་པར་སྤྱོད་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར།། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། པདྨ་ཞེས་བྱ་བ་ནི་ལག་པ་གཉིས་ཐལ་མོ་གཉིས་སྦྱར་བ་ཕྱེ་སྟེ་སོར་མོ་ཐམས་ཅད་པདྨའི་འདབ་མའི ་རྣམ་ལྟར་བྱས་པ་ནི་པདྨའི་ཕྱག་རྒྱའོ།། ཡང་ནཱ་རུ་སྦལ་གྱི་ཕྱག་རྒྱའོ།། རྡོ་རྗེ་ཡི་ཕྱག་རྒྱ་ནི་དབུས་མ་ཡི་སོར་མོའི་བར་དུ་གཞུག་པར་འགྱུརརོ།། མདུང་རྩེའི་ཕྱག་རྒྱ་ཞེས་པ་ནི་མཐེ་བོས་མཐེ་ཆུང་མནན་ཏེ། སོར་མོ་ལྷག་མའི་སྟེང་དུ་བརྐྱ ་བའི་རྣམ་པ་ནི་རྩེ་གསུམ་གྱི་ཕྱག་རྒྱའོ།། མདུང་གི་ཕྱག་རྒྱ་ཞེས་པ་ནི་མཛུབ་མོ་དབྱུག་པའི་རྣམ་པར་བྱས་ཏེ་བསྟན་པའོ།། དྲིལ་བུའི་ཕྱག་རྒྱ་ནི་ཁུ་ཚུང་གཡོན་པ་དྲིལ་བུ་འཛིན་པའི་ཚུལ་དུ་བསྟན་པའོ།། དེ་བཞིན་དུ་འཁོར་ལོའི ་ཕྱག་རྒྱ་ཞེས་པ་ཐལ་མོ་རྒྱབ་སྦྱོར་བ་བསྣོལ་ཏེ། འཁོར་ལོའི་རྣམ་པ་ལྟར་བྱས་པ་བསྟན་པའོ།། དེ་བཞིན་དུ་དུང་གི་ཕྱག་རྒྱ་ཞེས་པ་ནི་མཐེ་བོང་དང་མཛུབ་མོ་སྦྱར་ལ་རྩེ་མོ་ལྟར་བྱས་ཤིང་ལྷག་མ་གསུམ་ནང་དུ་བསྐུམ་པ་ནི་དུང་གི ་ཕྱག་རྒྱའོ།། ཀླུའི་ཕྱག་རྒྱ་ཞེས་པ་ནི་ལག་པ་གཉིས་སྦྲུལ་མགོ་གདངས་པ་ལྟར་བསྟན་པ་ནི་ཀླུའི་ཕྱག་རྒྱའོ།། ལྷག་མ་ཐམས་ཅད་ནི་གོ་སླའོ།། དེ་ལྟར་དམ་ཚིག་ཅན་གྱི་མིས་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གཉིས་ཀྱི་དབྱེ་བར ་བྱའོ།། འདི་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་རིགས་ལས་བྱུང་བའོ།། ཡང་ན་མཁ་འགྲོ་མ་ལྀ་སོགས་པ་གསུམ་ལས་འབྱུང་བའོ།། འདི་ནི་ངེས་པའོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཞི་པའི་རབ་ཏུ ་བྱེད་པ་གསུམ་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བུའི་སྣང་པ་ཞེས་བྱ་བའི་གཞུང་སྟེ་གསུམ་པ་བསྟན་པའོ།། ། ད་ནི་ཕྱིའི་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་པོ་འདི་རྣམས་ཀྱི་ལུས་ཀྱི་ཆ་བསྟན་པ། དེས་ན་ཕན ་ཚུན་མིང་པོ་དང་སྲིང་མོ་རྣམས་ཀྱི་གནས་བསྟན་པ་བརྗོད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་བསྟན་པ་གསུམ་གྱི་རྗེ་སུ་མི་གསལ་བ་དེའི་ཕྱིར་ཕྱག་རྒྱ་དང་ཕྱག་རྒྱའི་ལན་ཅུང་ཟད་བརྗོད་དེ།། ཡང་དག ་བཤད་བྱ་བ་ཞེས་པ་ནི་དེ་ལ་སྤྱི་གཙུག་དང་། དཔྲལ་བ་དང་། སོ་དང་། མཆུ་དང་། མོ་གྲིན་པ་དང་། ལྟོ་བ་དང་། མཁུར་བ་དང་། གསང་བ་དང་། པུས་མོ་དང་། ལག་པ་དང་། རྐང་པ་དང་། སོར་མོ་དང་། ས་དང་། ན་མཁའ་དང་། ཆུ་བོ་དང་། ་སོར་མོ་གཉིས་དང་སྨིན་མ་གཡས་པ་བསྐུལ་བ་ཞེས་པའི་གནས་རྣམ་པ་བཅོ་བརྒྱད་ལ་གང་རེག་པའི་ལུས་ཀྱི་ཕྱག་རྒྱ་དེ་ཉིད་ཀྱི་མཚན་ཉིད་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཡོད་པར་མཚོན་ནོ།། དེ་ཡང་དམ ་ཚིག་ཅན་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་ཞེས་པའི་དོན་ཏོ།། རྣལ་འབྱོར་མ་དེ་ཉིད་ལ་རྣལ་འབྱོར་པའི་སྤྱི་བོ་ལ་སོགས་པའི་ཁམས་བཅོ་བརྒྱད་རྣམ་པར་དག་པའི་གནས་རྣམས་བསྟན་ཏེ། འཆད་བཞིན་པའི་རྩ ་རྣམས་ཀྱི་དགོད་པའི་རབ་ཏུ་བྱེད་པའི་རྒྱལ་དང་སྒྲོལ་མའི་རྒྱུ་བ་སྟོན་པའི་ཕྱིར་ཞེས་པ་ནི་ངེས་པའོ།། ལྷག་མ་ནི་གོ་སླའོ།། རྒྱུད་ཐམས་ཅད་ཀྱི་གླེང་བཞི་གསང་ཆེན་ཞེས་པ་ནི་ངག་གཉིས་ཀྱི་དང་པོ་གཉིས་མེད་པའོ།། དཔལ་ཁཱ་སྦྱོར་ཐིག ་ལའི་རྒྱུད་ཀྱི་རྒྱལ་པོ་ལས་བྱུང་བའི་རྟོག་པའི་རྒྱལ་པོ་རྡོ་རྗེ་མཁའ་གྲོ་རྣམས་ཀྱི་བརྡའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ་མདོར་བསྟན་པ་གསུམ་གྱིས་རྗེསུ་སླར་བཤད་པ་བཞི་པ ་བསྟན་པའོ།། །། ད་ནི་གནས་དང་ཉེ་བའི་གནས་ལ་སོགས་པ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་རྗེ་སུ་རྟོག་པའི་རྒྱལ་པོ་བཞི་པའི་རྗེསུ་དཔའ་བོ་དང ་དཔའ་མོ་དབང་ཕྱུག་འདུས་པ་འབྱུང་ངོ་།། དེ་ནས་ཡང་དག་བཤད་བྱ་བ་ཞེས་པ་ནི་ཡང་དག་པར་བཤད་པར་བྱ་ཞེས་པའོ།། དེ་ཅི་ཞེ་ན། གསུངས་པ། མཛའ་བ་དམ་པ་ཀུན་འདུས་པ་ཞེས་པ་ནི་ཡང་དག་པའི་སྐྱེ་བོ་དཔའ་བོ་དང་དཔའ ་མོའི་དབང་ཕྱུག་མི་རྒྱུད་གཅིག་ལས་སྤྲོས་པའི་ཕྱི་རོ།། དེ་ཡང་བརྡའའི་གནས་སུམ་ཅུ་རྩ་གཉིས་སུའོ།། སྣོད་གཉིས་ཞེས་བྱ་བ་ལ་སོགས་པ་ལ་བཟའ་བ་ཞེས་པ་ནི་ཀུན་རྫོབ་ཏུ་བཟའ་བ་ལྔ་རྣམས་བཟའོ།། འདིར་ཞེ་པ་འདུས་པའི ་གནས་སུའོ།། སྣོད་གཉིས་ལྷག་མ་ཞེས་པ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་ངག་ལྷན་ཅིག་ཏུ་ཟས་ལ་སྤྱོད་པ་སྟེ། གཅིག་ལ་གཅིག་སྣོད་དྲག་ལ་འདུས་པའོ།། ནན་ཏྲན་དུ་ཞེས་པ་ནི་ཁ་དང་ཁུ་རུ་རོལ ་བའི་ཕྱིར་ཟས་ཀྱི་ཁམ་སྟེར་བའོ།། དོན་དམ་པ་ནི་རྩ་སུམ་ཅུ་རྩ་གཉིས་ལ་ལོངས་སྤྱད་པ་དང་། ཐིམ་པ་དང་དབང་དུ་བྱེད་པས་རྒྱུ་བའི་ཕྱིརརོ།། དེས་ན་སྲོག་རྒྱུ་པ་དེས་རིང་རིག་པའི་རང་བཞིན་གྱིས་འོད་གིསལ་བའོ།། དེས་ནི་དྲི་མ་མེད ་ཡེ་ཤེས་གཉིས་མེད་པ་དེའི་ཟས་བཟའ་བར་བྱའོ།། ནི་ཞེས་པ་ནི་ངེས་པར་གཟུང་བའོ།། དེ་བཞིན་དུ་སྣོད་གཉིས་ལྷག་མུ་ཞེས་པ་ནི་བསམ་གྱིས་མི་ཁྱབ་པ་གཉིས་པའི་ལྷག་མ་མཆོག་གི་གཉིས་མེད་པ་དེ་ལ་དེ་སྐད་ཅེས ་བྱའོ།། དེ་བཞིན་དུ་ཀྱེ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སྙིང་པོས་ཞུས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྤེལ་པ་ཞེས་པ་ནི་ཅི་གསུངས་ཤྲེ་ན། རྡོ་རྗེ་སྙིང་པོའི་ལན་གསུངས་པའོ།། དེ་ལ་གནས་དང་ཞེས་བྱ་བ་ལ་སོགས་པ་ནི ་ཕྱི་རུ་ནཱི་དོན་ཇི་ལྟ་བ་བཞི་ནོ།། ནང་དུ་ནི་སྤྱི་གཙུག་ཏ་ཛཱ་ལཻནྟ་རཱའོ།། དྲི་བཞིན་དུ་རྣ་བ་གཡས་པར་ནི་ཨོ་ཌྱན་ནོ།། སྤྱི་བོར་ནི་པུ་ལཱི་རའོ།། རྒྱབ་ཀྱི་ཆར་ནཱི་དེ་བཞིན་དུ་ཨརྦུ་ཏའོ།། གནས་འདི་བཞི་ནི་ས་རབ་ཏུ་དགའ་བའོ།། དེ་བཞིན ་དུ་ཉེ་བའི་གནས་བཞི་ནི་རྣ་བ་གཡོས་པོར་གོ་དྲ་བ་རིའོ།། སྨིན་མའི་དབུ་སུ་ནི་དེ་བཞིན་དུ་རཱ་མཾ་ཤྭ་རའོ།། མིག་གཉི་སུ་ནི་ལྷ་མོའི་འཁོར་རོ།། ཕྲག་པ་གཉིསུ་ནི་མཱ་ལཱ་ཝའོ།། འདི་ནི་དྲི་མ་མེད་པའི་སའོ།། དེ་བཞིན་དུ་མཚན་ཁུང་གཉིས ་ནིཀཱ་མཱ་རུ་བའོ།། དེ་བཞིན་དུ་ནུ་མ་གཉིསུ་ནི་ཨོ་ཊའོ།། འདི་ནི་ཞིང་སྟེ་འོད་བྱེད་པའི་སའོ།། དེ་བཞིན་དུ་ལྟེ་བའི་རྩ་བར་ནི་ཏྲི་ཤ་ཀུ་ཞིའོ།། སྣའི་རྩེ་མོར་ནི་ཀོ་ས་ལའོ།། འདི་ནི་ཉེ་བའི་ཞིང་གཉིས་ཏེ། འོད། འཕྲོ་བའི་སའོ།། ཁར་ནི་ཀ་ལི་དཱའོ།། མགྲིན ་པར་ནི་ལཱམྦ་ཀའོ།། འདིར་འདུན་པ་སྟེ་མངོན་དུ་གྱུར་པའི་སའོ།། སྐྱོང་གཨཱརྱ་ནི་ཀཉྫིའོ།། རྒྱུ་ཞབ་སུཾ་ནོ་ཧཱི་མ་ལཱ་ཝའོ།། འདྲི་ནི་ཉེ་བའི་འདུན་པ་སྟེ། སྦྱང་དཀའ་ཡི་སའོ།། དེ་བཞིན་དུ་མཚན་མར་ནི་པྱེ་ཏ་དི་ཨཾ་སི་ནིའོ།། བཤང་ལམ་དུ་ནི་གྲྀ་ཧ་དེ་བ ་ཏཱའོ།། འདི་ནི་འདུས་པ་སྟེ་རིང་དུ་སོང་བའི་སའོ།། དྲི་བཞིན་དུ་བཱཪྻཱ་གཉིསུ་ནི་སཽཪྵ་ཥྚའོ།། རྗེ་ངར་གཉིསུ་ནི་བརྟྟ་དཱི་པའོ།། འདི་གཉིས་ནི་ཉེ་བའི་འདུས་པ་སྟེ།། མི་གཡོ་བའི་སའོ།། དེ་བཞིན་དུ་རྐང་པའི་སོར་མོ་རྣམས་ལ་ནི་ནཱ་ག་རའོ།། དེ་ལ་རྐང་པ་དག ་གྲི་བོལ་དུ་ནི་སིནྡྷུའོ།། འདི་ནི་དུར་ཁྲོད་གཉིས་ཏེ་ལེགས་པའི་བློ་གྲོས་ཀྱི་སྲའོ།། དེ་བཞིན་དུ་མཐེ་བོང་ནི་མ་རུའོ།། པུས་མོ་དག་ཏུ་ནི་ཀུ་ལུ་ངའོ།། འདི་ནི་ཉེ་བའི་དུར་ཁྲོད་དེ་ཆོས་ཀྱི་སྤྲིན་གྱི་སའོ།། དེ་བཞིན་དུ་སྙིང་གི་གནས་རྣམསུ་རྩ་བརྒྱད་རྣམས ་རིམས་པ་བཞིན་ཅི་ཀ་རུ་ཎཱ་ལ་སོགས་པ་བཞི་པ་བུའི་མཐར་ཐུག་པ་བཞི་ནི་གྲོང་མཐའ་དང་ཉེ་བའི་གྲོང་མཐའ་སྟེ། མོས་པས་སྤྱོད་པའི་སའོ།། དེ་བཞིན་དུ་ཡི་དགས་འདུས་པ་ཞེས་བྱ་བ་ལ་སོགས་པ་ནི། འགྲམ་ཞེས་པའི་མཐར་ཐུག ་པ་བཞི་ནི་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཏེ། འདི་ཉིད་ནི་ཀུན་ཏུ་འོད་ཀྱི་སར་ཤེས་པར་བྱའོ།། དེ་བཞིན་དུ་འདི་ཉིད་ནི་བཅུ་གསུམ་པ་རྡོ་རྗེ་འཛིན་གྱིས་ཁྱབ་པར་བྱེད་པ་ཉིད་རྣམ་པོ་བརྒྱད་དེ་རྩ་བརྒྱད་དང་ཞིང་བརྒྱད་ཀྱི་ནང་དུ་འདུས་པ ་སྦས་པའི་གནས་ཞེས་པ་སྟེ་ངེས་པའོ།། དེ་རྣམས་ཀྱང་དེ་ནས་ཞེས་བྱ་བ་ལ་སོགས་པ་ཞིང་བརྒྱད་རྣམས་ཀྱི་གནས་རྣམསོ།། དེ་བཞིན་དུ་ལྷག་པར་ཞེས་པ་ནི་རྒྱུ་དང་འབྲས་བུར་འབྲེལ་པའོ།། གནས་པའི་ཞེས་པ ་རྟེན་གྱི་གནསོ།། དེ་རྣམས་ཀྱི་ཆོ་ག་ཞེས་པ་ནི་རིམ་པ་བཞིན་ནོ།། བཤད་ཅེས་པ་ནི་སྒྲུབ་པའོ།། དེ་ལ་རྡུལ་བྲལ་ཞེས་པ་ནི་ཤར་གྱི་འདབ་མ་ལའོ།། དེའི་རྒྱ་མཚོའོ་མིང་ཅན་པུརྞ་གི་རི་རེ་ཙཱུ་ཏའི་ཤིང་ལ་གནས་པ་དཔལ་ཆེན་མོའོ།། དེ་བཞིན ་དུ་ལྷོའི་འདྲབ་མ་ལ་ཀོ་ཀོ་ནེ་ར་སོ་མ་ཁ་ལིངྒ་ཞེས་པ་ཨ་ཤཱཏྠའི་ཤིང་ལ་གནས་པེ་སྒྲ་མ་ཆེན་མོའོ།། དེ་བཞིན་དུ་ཡང་ནུབ་ཏུ་ཙ་རི་ཏཱི་དུ་ཀ་རཉྫའི་ཤིང་ལ་གནས་པ་ཞི་བྱེད་མའོ།། དེ་བཞིན་དུ་བྱང་དུ་ཨ་ཏཱ་ཧ་ར་ས་ཀ་དམ་པའི་ཤིང་ལ ་གནས་པ་ཞི་བ་དམིགས་པའོ།། དེ་བཞིན་དུ་དབང་ལྡན་དུ་དེ་བི་ཀོ་ཊ་ར་པ་ཊའི་ཤིང་ལ་གནས་བ་རྣ་བ་མུ་ཏིག་མའོ།། དེ་བཞིན་མ་ར་ཧ་རི་ཀེ་ལིར་ཤིང་ཧ་རི་འམ་པཪྴ་ཏི་ལ་གནས་པོ་རླུང་ཤུགས་མའོ།། བདེན་བྲལ་དུ་ཨོ་ཌྱན་དུ་ཨ་ཤྭ་ཀའི་ཤིང་ལ་བ ་པ་ལྷ་མོ་ནག་མོའོ།། རླུང་དུ་ཛཱ་ལནྡྷ་རར་གསེར་ཤིང་ལ་གནས་པ་འབར་མའི་གདོང་མའོ།། འདི་རྣམས་ཀྱི་རང་བཞིན་གསུངས་པ། ཁམས་བརྒྱད་དན་ཀྱི་དབུ་གྲི་བརྒྱད་རྣཾ་བྲེ་པའང་བརྒྱད་ཉིད། གནས་དང་ཤིང་ནི་བརྒྱད་དུ་བརྟག། རྣལ་འབྱོར་མ་བརྒྱད་འདིར ་འདུས་ཡང་།། ཁམས་ནི་འདུས་པར་བརྟག་པ་ཡིན།། དེ་རུ་རྩ་ནི་རྒྱུ་བ་རུ།། དུས་ནི་ཁྱད་པར་ལས་ནི་བ།། ཐིག་ལེ་བརྒྱད་སོང་བ་ཀུན།། རྩན་ཟླ་བའི་མིང་ཅ་ན།། དུས་དང་ཐིག་ལེ་དེ་བཞིན་བརྒྱད།། རྩ་ལས་ཉི་མའི་ཐིག་ལེ་སྤྲོ།། དེ་ཡང་སོག་གི་མིང་ནི ་བརྒྱད།། གྲོང་མཐའ་ལ་སོགས་རྣམ་པ་བརྒྱུད།། དེ་རྣམས་རེ་རེ་རྣམས་གསུམ་འགྱུར།། ཉི་ཤུ་རྩ་བཞིའི་རིམ་པ་ཡིས།། ཀུ་ལུ་ཏ་ལ་སོགས་པར་རྒྱུད།། སྲོག་ཅེས་བྱ་བ་འགྲོ་བར་འགྱུར།། སྐུ་ཡི་འཁོར་ལོར་རྩཝ་རྣམས་ལ།། ཐིམ་དང་ལོངས ་སྤྱོད་སོགས་རིམ་པས།། ས་རྣམས་ལ་ནི་ལོག་པ་རུ།། དེར་ནི་རྣལ་འབྱོར་མ་སྦྱོང་ངོ་།། གཡས་སྐོར་དང་ནི་གཡོན་སྐོར་གྱིས།། རིམ་པ་རྒྱས་པ་ལས་ཞེས་བྱ།། ནོག་པོ་ཞེས་པ་པུས་མོར་གནས།། སྒྱུ་མ་ཆེན་པོ་མཆོག་གི་མཆོག། གཙིགས ་མོ་མཐེ་བོའི་གནས་སུའོ།། དེ་བཞིན་ཅོད་པན་སོར་མོ་ལ།། མི་སྡུག་མཽ་ནི་རྐང་པོ་ལ་དུ།། འབར་མ་མེ་དང་འོད་མཉམ་མའོ།། རྗེ་ངར་དག་ལ་དགའ་ལསྭ་འདས།། མཚམས་ཀྱི་རྩ་ནི་སྟེང་རྒྱུ་བ།། བརླ་གཉིསུ་ནི་ལོག་འདྲེན་མ།། བཤད་པའི ་ལམ་དུ་རྒན་བྱང་མ།། གསང་བར་འཇིགས་པའི་གཟུགས་ཅན་མི།། དཀའ་ཟློག་ལྷ་མོ་ཆུ་སོ་རུ།། སྙིང་གར་དབྱངས་ཅན་མ་ཉིད།། རྒྱལ་མ་ཞེས་པ་མགྲིན་གནསུ།། ཁ་རུ་རྣམ་རྒྱལ་མ་ཆི་ཞེས་བྱ།། སྣ་རྩེར་མི་ཐུབ་མ་དེ་བཞིན།། ནུ་མ་གཉིས ་ལ་མཚོ་གཟུགས་ཙཱན་མ།། ལྷ་མོ་ཉིད་ནི་བདེ་གཟུགས་མ།། ཐམས་ཅད་དུ་ནི་བྱ་བ་བྱེད།། མཚན་མ་ཡང་ནི་རྡོ་རྗེ་འཛིན།། ལྟེ་བར་གཞན་གྱིས་མི་ཐུབ་གནས།། ནག་མོ་བཟང་མོ་མཱ་ཆན་ཁུང་ད།། པ་གཉིསུ་ནག་ཆེན་མོ།། མོ་ག་དང ་ནི་ནག་ཆེན་མ།། སྨིན་མའི་དབུསུ་དབང་མོའོ།། རྣ་བ་གཡོན་པར་གཏུམི་ཉིད།། འཇིགས་མ་ལྷག་པའི་རྒྱབ་ཏུའོ།། རྣ་བ་གཡས་ལ་མཐོ་འཚམ་པ།། སུམ་ཅུའི་དབང་ཕྱུག་སྤྱི་གཏུ་ཀེ་ཏུ། པོ་དེ་བཞིན་འདབ་ལས་སྐྱེས།། དེ ་རྩ་ཡི་རྒྱུ་བ་ནི།། རྣལ་འབྱོར་པ་ནི་མཁས་པས་བྱ།། དེ་ལྟར་ཡང་ནི་རེ་རེ་ཡང་།། རྣལ་འབྱོར་མ་ལྔ་དུས་ལས་སྐྱེས།། མར་མེ་མཱ་དང་འཇིབ་བྱེད་མཱ།། གྲོང་གནས་རྣལ་འབྱོར་མར་ཞེས་བྱའོ།། འཇིགས་པའི་གཟུགས ་དང་གཟུགས་ཆེན་མོ།། ལྔ་ཡི་སྦྱོར་བས་རྒྱུ་ནི་གདབ།། དཀྱིལ་འཁོར་ལྔ་ཡི་དབྱེ་པ་ཡིས།། སྦྲུལ་མ་ཕྲ་མོ་རྣམས་ལྔ་ཤེས།། དཀྱིལ་འཁོར་གྱི་ནི་ཆ་མིང་ཅན།། འདི་ཡི་དུས་ཀྱང་རབ་ཏུ་བཤྲད།། སྟོང་ཕྲོག་ཉི་ཤུ་རྩ་གཅིག་རྣམས།། ་བརྒྱ་ཕྲག་དྲུག་རྣམས་དང་ལྡན་པའི།། སྲོག་རྣམས་འགྲོ་དང་འོང་བ་ཉིད།། གཉི་ག་གཅིག་ཏུ་སྡོམ་མིང་ཅན།། སེམས་ཅན་རྣམས་ཀྱི་ཉིན་མཚན་ལ།། གསུངས་པའི་དུས་ནི་བརྗོད་པ་ཡིན།། དགུ་བརྒྱ་དགུ་བརྒྱའི་དབུགས་ལ་ནི།། ་འཕོ་བ་རེ་རེ་ཉིད་དུ་རྟག། དེ་ཚད་ཉི་ཤུ་རྩ་བཞི་ནི།། ཉིན་མཚན་དུ་ནི་བརྗོད་པ་ཡིན།། དགུ་བརྒྱད་པོ་ནི་འདི་དག་ལ།། བརྒྱ་དང་བརྒྱད་ཅུ་ཕྲག་ནི་ལྔ།། དབུགས་རྣམས་ཀྱི་ནི་དཀྱིལ་འཁོར་གསུངས།། མར་མི་མ་ལ་སོགས་པ་ལྔ།། དཀྱིལ་འ ་རེ་རེའི་མཐའ་རུ་ནི།། ཨ་བ་དྷཱུ་ཏཱིའི་དཀྱིལ་འཁོར་དེའི།། དབུགས་ནི་ཕྱེང་དང་དྲུག་རྣམས་དང་།། བཞི་ཆའི་ཆ་ལྔ་པ་དང་ལྡན།། དེ་ལྟར་དུས་ནི་ཤེས་པར་བྱ།། ཞེས་པ་སྟེ། ངེས་པའོ།། ད་ནི་འདུས་པའི་ཉི་མ་བསྟན་པའི་ཕྱིར།། རྣལ་འབྱོར་མ ་ཞེས་བྱ་བ་ལ་སོགས་པ་གསུ་ངས་ཏེ།། ཡི་དགས་ཕྱོགས་ཀྱི་ཞེས་པ་ནི་ནག་པོའི་ཕྱོགས་ཀྱིའོ།། དེའི་བཅུ་བཞི་ལ་བརྒྱད་པ་ཞེས་པ་ལ་ཕྱིའི་རྣལ་འབྱོར་མ་རྣམས་སྔོན་བཞིན་དུ་འདུས་པར་འགྱུརརོ།། དེ་བཞིན་དུ་ནང་དུ་ཐིག་ལེ་བཅུ་གཉིས ་འདུས་པ་སྟེ། ཁྭ་སྦྱོར་བས་སོ།། འཁོར་ལོ་དྲུག་ལ་བུ་ག་གཉིས་གཉིས་ཏེ། དེ་ཡང་ཐིག་ལེའི་མིང་དུ་བརྗོད་དོ།། འཁོར་ལོ་རེ་རེའི་འོག་དང་སྟེང་དུ་བུ་ག་གཉིས་གཉིསོ།། དེས་ན་གཟུགས་ཅན་མ་ལ་སོགས་པ་རྣལ་འབྱོར་མ་བཅུ ་གཉིས་དང་། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་སམ།། དེ་བཞིན་དུ་མཁ་འགྲོ་མ་ལཱ་སོགས་པ་ས་བཅུ་གཉིས་རྣམས་ཏེ།། དེ་རྣམས་འདུས་པའི་གནསུ་དུས་ཀྱི་དབང་གིས་སམ་འཕོ་བའི་དབང་གིས་འདུས་པ་དེ་ལ ་དེ་སྐད་ཅེས་བྱའོ།། སླར་ཡང་ཐམས་ཅད་ཀྱི་འདུས་པ་ཉིད་ནི་འདུད་པའི་རྩེ་མོར་དཔའ་བོའི་ལྕེ་དེའི་ཐིམ་པར་བྱེད་སྲོག་གི་རབ་ཏུ་སྦྱོར་བས་སོ།། དེ་ནི་ས་བཅུ་གསུམ་པའོ།། དེ་དག་གཉིས་མེད་པར་སོང་བ་དེ་ནི་བཅུ་བཞི་པ་སྟེ།། རྣལ ་འབྱོར་མ་རྣམས་འདུས་པའི་ཉི་མ་ཞེས་དགོངསོ།། དེ་བཞིན་དུ་བརྒྱད་པ་ལ་ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱི་འཁོར་ལོ་རྣམ་ལ་ཐིག་ལེ་དྲུག་འགོད་པའི་ཕྱིརརོ།། སྡོང་བུའི་བུ་གའི་སྟང་དུ་སེམས་ཐིམ་པས་ཐིག་ལ་བདུན ་པའི་མིང་དུ་འགྱུར་རོ།། བརྒྱད་པ་ནི་སྔོན་བཞིན་དུ་གཉིས་མེད་པར་ཤེས་པར་བྱ་ཞེས་པ་སྟེ་ངེས་པའོ།། དེ་བཞིན་དུ་འདི་ཉིད་དུ་ཤ་ཟ་བའི་ཕྱི་རོ།། རྣམས་གསུངས་ཏེ།། རྒྱལ་མཚན་དང་ནི་མཚོན་གྱིས་བསད་ཅེས་བྱ་བ་ལ ་སོགས་པ་ནི་འདིར་གཡུལ་དུ་རྣམ་པར་རྟོག་པ་མེད་པར་མཚོན་ཆ་འདེབས་པའི་དཔའ་བོ་མཚོན་གྱིས་བསྣུན་པ་དེ་ནི་རྒྱལ་མཚན་ཏེ།། སྐྱེས་བུ་མཆོག་བདུན་གྱི་རྒྱལ་མཚན་ལྟ་བུའོ།། གང་གི་ཕྱིར་སྐྱེ་བ་བདུན་པ་དེ་ནི ་ལན་དུ་མའི་ལུས་སུ་འོངས་པ་སྟེ།། སེམས་ཅན་རྣམས་ཀྱི་དངོས་གྲུབ་ཀྱི་དོན་དུའོ།། དེས་ན་རྒྱལ་པོ་ལ་སོགས་པས་ཆུར་བཅད་པ་འམ། དེ་ཡང་འགགས་པ་འམ་མདུང་གིས་ཕུག་པ་ལ་སོགས་པའོ།། ་དེའི་ཤ་ཟོས་པ་ཙམ་གྱིས་མཁའ་ལ་སྤྱོད་པར་འགྱུར་ཏེ། གཞན་དུ་མ་ཡིན་ཞེས་པ་ནི་ངེས་པའོ།། དྲིས་པའི་དོན་དུ་རྒྱལ་མཚན་ཞེས་པ་ནི་ཆོས་དབྱིངས་ཤེས་རབ་ཀྱི་མཚོན་ཆས་བསྣུན་པ་སྟེ་བཞིག་པའོ།། སྐྱེ་བ་བདུན་པའི ་ཁྱད་པར་ཉིད་ཅེས་པ་ནི་ཐིག་ལེའི་རྣལ་འབྱོར་ལས་འབྱུང་བའི་བྱང་ཆུབ་སེམསོ།། དེ་བཞིན་དུ་རང་རིག་པའི་དུསུ་འབད་དོ།། སྙིང་རྗེ་བསྐྱེད་ཅེས་པ་སྙིང་རྗེ་བསྐྱེད་པར་བྱའོ།། མཁས་པས་བསད་ཅེས་པ་ནི་བློ་དང་ལྡན་པས་ཨོཾ་བ་དྷཱུ་ཏཱིའི་ནང ་དུ་ཐིན་པར་བྱ་ཞེས་པའི་དོན་ཏོ།། དེ་བཞིན་དུ་སྙིང་རྗེ་དང་བྲལ་བསོ་རྣམ་པར་མི་རྟོག་པའི་ཡཾས་འགྲུབ་པར་མི་འགྱུར་རོ།། སེམས་ཅན་གྱི་དོན་བྱ་བའི་ཕྱིར།། ཇི་ལྟར་བདག་བཞིན་ཞེས་པ་ལ་སོགས་པ་གསུངས་པ་ནི་གོ་སླའོ།། དེ་ལྟར་ཡི་ང ་གསུངས་པོ་སྟེ་བ་གནས་དང་ཉེས་གནས་ཡིན།། ཞིང་དང་དེ་བཞིན་ཉེ་ཞིང་སྙིང་།། འདུས་པ་དང་ནི་ཉེ་འདུས་པ།། མགྲིན་པའི་འཁོར་ལོ་ཡང་དག་གསུངས།། འདུན་པ་དང་ནི་ཉེ་བདུན་པ།། དཔྲལ་བ་རུ་ནི་སོ་དེ་བཞིན།། དུར་ཁྲོད་དང་ནི་ཉེ་དུར ་ཁྲོད།། གཙུག་ཏོར་དུ་ནི་ཡང་དག་གནས།། དེ་བཞིན་ཡིས་འཁོར་ལོ་ལ།། གྲོང་མཐའ་ཉེ་བའི་གྲོང་མཐའ་ཉིད།། དེ་ལྟར་ས་ནི་བཅུ་གཉིས་གནས།། ཨ་བ་དྷཱུ་ཏཱིའོ་བཅུ་གསུམ་པ།། རྡོ་རྗེ་འཛིན་པའི་ས་ནི་འདིར།། རྣལ་འབྱོར་མ་རྣམས་ཀྱང ་འདུས་པའོ།། ཐ་མལ་པ་ཡི་བག་ཆགས་ཀུན།། བསྡུས་པ་གཉི་སུ་མེད་སོང་བ།། རྒྱལ་མཚན་ཞེས་པ་འདི་རུ་བརྗོད།། ཚོགས་ཀྱིས་བསྣུན་པ་རྣམ་དཔྱད་པའོ།། རྣམ་ཤེས་བདུན་ནི་ཐག་བསྲིང་བ།། སྐྱེ་བ་འདུན་པར་རབ་ཏུ་གྲགས།། སྙིང་རྗེ་ཀུན་གཞི་ནི ་ཤེས་ཏེ།། མ་རིག་པ་ཉིད་རྟག་ཏུ་བསང་།། སྙིང་རྗེ་དེ་ཡི་རིག་བཟང་པོ།། དེས་ན་དང་པོའི་བག་ཆགས་སྤངས།། གང་ཕྱིར་མ་རིག་ཟད་པོ་ཉིད།། དེ་ཕྱིར་སྙིང་རྗེའི་རྣམ་པ་དེ།། སྙིང་རྗེ་མེད་ན་མི་འགྲུབ་པས།། རྣལ་འབྱོར་པ་ཡིས་རྟག་བསྟེན་བྱ་བ ་པ་ནི་ངེས་པའོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་ལྔ་པའི་རབ་ཏུ་བྱེད་པ་དང་པོ་འདུས་པ་ལ་སོགས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ། དང་པོ་བསྟན་པའོ།། །། ད་ནི་ཨ ་བ་དྷཱུ་ཏཱིའི་ནང་གི་བེདོ་པྲ་ལ་བརྟེན་ནས་པདྨ་དེ་ཉིད་མིང་གིས་མཚན་ཉིད་བསྟན་པའི་ཕྱིར།། གསང་བའི་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བཅྡོཾས་ཀྱི་གཞུང་ལུགས་རྡོ་རྗེ་སྙིང་པོ་ཞེས་པ་ཉན་པར་འདོད་པའོ།། ཡིས་དབང་ཞེས་པ་ནི ་བཙོ་ཨེ་ལྡན་འདས་ཀྱི་ཁྱད་པརོ།། གསང་བའི་པདྨ་ཞེས་པ་ནི་ཨ་བ་དྷཱུ་ཏཱིའོ།། དེའི་མཚན་ཉིད་ཅེས་པ་ནི་རང་གི་ངོ་བོ་ལ་འཇུག་པའོ།། དེ་ཉིད་ཀྱི་སེམས་དང་ཡེ་ཤེས་བསྲེས་པའི་ཞེས་པ་ནི་རྡོ་རྗེ་འཛིན་པའི་རྣལ་འབྱོར་ཆེན་པོ་ཨ་བ་དྷཱ་ཏཱི་ཡྲྀ་དང་། ་རྣམ་པར་ཤེས་པ་གཉིས་མེད་པ་ཉིད་དུ་འདྲེས་པའི་ཕྱིརརོ།། དེའི་ཕྱིར་བཅོམ་ལྡན་འདས་བདག་ལ་ཐེ་ཚོམ་མཆིས་ཞེས་པའི་དོན་ཏོ།། མངོན་པར་བྱང་ཆུབ་པའི་རིམ་པ་ཅི་འདྲ་ཞེས་པ་ནི་གཉིས་མེད་པ་ལས་གཞན་ནས་གྲུབ་པའི་མཐའི་མེད ་དེས་ན་འདིར་གཉིས་མེད་པར་རྫོགས་པའི་བྱང་ཆུབ་ཀྱི་རིམ་པ་འམ། ཡང་ན་འདིར་བསྒྲུབ་པར་བྱ་བ་ཅི་གཞན་ཅུང་ཟད་ཅིག་ཡོད།། བདག་ལ་སོམ་ཉི་མཆིས་ཏེ། དེས་ན་བསྔོས་ལ་ཉན་པར་འཚལ་ཞེས་སྦྱ་རོ།། དེ་ཉིད་ཀྱིས་ཞུས་པ ་ལན་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ཞེས་བྱ་བ་ལ་སོགས་པའོ།། དེ་ཡང་གནས་བཞིའོ།། ཡིད་དུ་འོང་བའི་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅང་པ་བཞིས་མདོར་བསྟན་པ་སླཪྻ་བཤད་པའི་ཕྱིར།། གནས་བཞི་ལ་བརྟེན་པའི ་གཉིས་མེད་པའི་ཡིས་ནི་རྫོགས་པའི་བྱང་ཆུབ་ཀྱི་རིམ་པ་ཞེས་དགོང་སོ།། དེ་བཞིན་དུ་མཉམ་པ་ཉིད་ཅེས་པ་ནི་དངོས་པོ་ཐ~ཾད་རང་ཉིད་ལས་འབྱུང་བའང་ལུས་དང་ངག་དང་སེམས་ཀྱི་གཟུགས་ཉིད་དེ།། ཇི་ལྟར་བདག་བཞིན་ཞེས་པ། ལ་སོགས་པའི ་རིགས་པ་སོ།། དེའི་ཕྱིར་འདོད་ཆགས་ལ་སོགས་པའི་སེམས་རིང་དུ་བྱ་ཞེས་པའོ།། སོགས་པའི་སྒྲས་ནི་ཞེ་སྡང་དང་གཏི་མུག་ལ་སོགས་པ་ཡོངསུ་སྤངས་པར་བྱ་ཞེས་པའི་དོན་ཏོ།། དེ་བཞིན་དུ་བདེ་བའི་སྟན་ལ་ཞེས་པ་ནི་རང་རིག་པའི ་གཞིར་བྱས་པའོ།། ཡི་དུ་འོང་བ་ཞེས་བྱ་བ་ནི་སྔོན་དུ་གསུངས་པའི་གོནས་དང་ཉེ་བའི་གནས་ལ་སོགས་པའི་གནས་རྣམསུ་ནང་གི་སྲོག་རྒྱུ་བའི་ཕྱིར་བང་བ་ཉམ་སུ་མྱོང་བར་འགྱུར་བའོ།། དེ་བཞིན་དུ་བརྟན་པ་དང་གཡོ་ཞེས་བྱ་བ་ལ་སོགས་པ་ནི ་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་འཇིག་རྟེན་རྣམས་མ་རིགས་པས་སྤྲུལ་པའི་ཕྱིར་སྙིང་རྗེ་བར་དགོངསོ།། དེ་བཞིན་དུ་མགོ་མེད་ཅེས་པོ་ནི་འབྱུང་བའི་རྩེ་མོ་འོག་ཏུ་བལྟས་པ་མགོར་བྱས་ཏེ། དེ་ལ་བརྟེན་པའི་སྒྲ་ནི་བདེ་བ་ཆེན་པོའི་ཡཾ་གོ།། ་ཨ་བ་དྷཱུ་ཏཱིའི་པདྨ་ཞེས་པ་ནི་དེའི་ནང་དུ་གནས་པའི་རླུང་།། དེ་བཞིན་དུ་ཆ་དང་སྣ་ཚོགས་ཞེས་པ་ནི་ཨཱ་ལི་དང་ཀཱ་ལིའི་རང་བཞིན་གྱི་ཊ་སྟེ།། དེ་རྣམས་ཀྱི་རང་བཞིན་དང་མཚན་ཉིད་ནི་གཟུགས་བརྙན་གྱི་རང་བཞིན་ལྟ་བུའོ།། དེས་ན་སྐུ་གསུང་ཞེས་བྱ་བ ་ལ་སོགས་པ་གསུངས་པ་ནི་ཨོཾ་ཨཱཿཧཱུཾ་ལྡང་བ་ལ་སོགས་པ་གསུམ་སྟེ་དེ་རྣམས་ཀྱང་ཐེམ་པར་བྱའོ།། རིལ་པོའི་སྦྱོར་བ་ཡིས་ཤེས་པ་ནི་དབྱིབས་ཀྱི་རླུང་བསྡུས་པའི་ཕྱི་རོ།། དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ཞེས་པ་ནི།། རྡོ་རྗེའི་རླུ་།། རང་ཉིད་འགྱུར་ཞེ ་པ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཆོས་དབྱིངས་ཀྱི་རང་བཞིན་དུ་འགྱུར་བའོ།། དེས་ན་ཆུའི་ཁམས་ཞེས་པ་ནི་ཨོཾ་ལ་སོགས་པ་གསུམ་ལས་ཀྱི་རླུང་བྱང་ཆུའི་སེམས་ཀྱི་རང་བཞི་ནོ།། དེ་བཞིན་མོའི་ཁམས་ཞེས་པ་ནི་དབྱིབས་ཀྱི་རླུ་།། དེ་ག ་ག་དག་གཅིག་པ་ཉིད་སོངའ་ཐིམ་པ་གཉིས་མེད་པ་རོ་མཉམ་པ་དམིགས་པ་མེད་པའི་ཡིསོ།། དེ་ཡང་རྡོ་རྗེ་ལྟ་བུ་མཆོག་ཕུལ་དུ་བྱུང་བ་བསམ་གྱིས་མི་ཁྱབ་པ་གཉིས་མེད་པའི་གོ་འཕང་སྟེ། གནས་དང་རྟེན་ཏེ་རྣམ་པ་བཞི་ཞེས་པའི་དོན་ཏོ།། ། ་དེ་བཞིན་དུ་ཤེས་རབ་ཞེས་བྱ་བ་ལ་སོགས་པ་ལ།། དབང་པོ་དྲུག་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ལྷའི་དབང་པོ་རྣམས་ཏེ། སྐུ་མཐོང་བ་སོར་རྟོགས་པས་གནས་བཞི་ལ་སོགས་པའི་ནང་ན་གཙོ་བོའོ།། དེས་ན་སྦྱོར་བའི་ཡན་ལག་དྲུག ་བསྟན་ཏོ།། དེའི་ཕྱིར་སངས་རྒྱས་གཟུགས་ཞེས་པ་ནི་མཐོང་བའི་དུས་ཀྱི་མི་།། དེ་གཞོན་ཡང་མིག་ལེ་སོགས་པས་དམིགས་པ་དེ་ཐ~ཾད་ནི་སེམས་ལས་བྱུང་བའི་དངོས་པོ་སྟེ། དེ་བས་ལྷ་དང་མི་ལ་སོགས་པ་འབྱུང་བའི་དོན་ཏོ།། དེ་བཞིན་དུ་ཡང ་དག་ཞེས་བྱ་བ་ལ་སོགས་པ་ལ། བསྟུན་བཅོས་ཞེས་པ་ནི་ཡང་དག་པའི་སྔོན་དུ་གསུངས་པའི་ཚུལ་གྱིས་ཉམ་སུ་མྱོང་བ་སྟེ། ཡན་ལག་དྲུག་སྦྱོར་བས་སངས་རྒྱས་ཀྱི་སྐུ་མཐོང་བའོ།། དེས་ན་དེ་ཉིད་ཀྱི་ཞེས་པ་ནི་རྣལ་འབྱོར་མའི་རྒྱུད ་སྣ་ཚོགས་པའི་བསྟན་བཅོས་རྣམས་ཀྱིའོ།། དེས་ན་སློབ་དཔོན་ཞེས་པ་ནི་བླ་མ་དམ་པའི་ཁེ་ལས་ཤེས་པར་བྱའོ།། ལུང་གི་རྗེས་འགྲོ་བ་ཞེས་པ་ནི་སྔོན་དུ་གསུངས་པའི་བསྟན་ཆོས་རྣམས་རྗེ་སུ་རྟོགས་པའོ།། གསང་བའི་དེ་ཉིད་སྟོན་དངོས་ཡང་ཝི ་པ་ནི་དེའི་དོན་གྱི་དེ་ཁོ་ན་ཉིད་ཀྱི་དངོས་པོ་བླ་མའི་མན་དགོ། ཡང་གིས་ནི་སློབ་དཔོན་མང་པོ་གཅིག་ལ་གཙོག་བརྒྱུད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་སྟོང་པའི་ཞེས་བྱ་བ་ལ་སོགས་པ་ནི་གསུངས་པའི་སྟོང་པའི་མཚན་ཉིད་བསམ་གྱིས ་མི་ཁྱབ་པ་གཉིས་མེད་པའི་ཡཾ་སོ།། ཐ་ཞེས་པ་ནི་བརྟན་པ་དང་གཡོ་བའི་དངོས་པོ་རྣམས་སྟོང་པའོ།། སྟོང་པའི་ངོ་ཉིད་རྣམས་ཞེས་པ་ནི་གནོས་དང་ཉེ་བའི་གནས་ལ་སོགས་པ་རྒྱུ་བའི་དུསུ་ཨ་བ་དྷཱུ་ཏཱར་འཇུག་པའོ།། དེས་ན་སྟོང་པའི་དེ་ཉིད་རྣམ ་ཤོས་མང་པོའི་ཚིག་སྨྲ་སོ།། དེས་ན་མཚན་ཉིད་ཞེས་པ་ནི་དངོས་པོ་ཐཾད་སྟོང་པའི་མཚན་ཉིད་རྟོགས་པར་བྱའོ།། དེ་བཞིན་དུ་དྲི་མ་བཀྲུས་པ་ཞེས་བྱ་བ་ལ་སོགས་པ་ལ་དྲི་མ་ཞེས་པ་ནི་ལུས་འཇོདེ་ཆགས་ལ་སོགས་པས་སྦགས་པའོ།། དེའི ་ཕྱིར་དྲི་མ་བཀླུབས་གཉིས་མེད་པའི་ཡིས་ཐོབ་པའོ།། དེར་རྫོགས་པའི་བྱང་ཆུབ་རིམ་པས་གཙོ་ཞེས་པོའི་ཚུལ་འདིས་ནི་ཟླ་བ་ལ་སོགས་པ་གསུངས་ཏེ། ཟླ་བའི་དཀྱིལ་འཁོར་ཞེས་པ་ནི་ཨ་བ་དྷཱུ་ཏཱིའི་ནང་དུ་བྱང་ཆུབ་ཀྱི་སེམ་ཀྱི་དབུསུ་ཝཾ ་སེམས་དཔའ་ཞེས་པ་སྒྱུ་མུའི་རྣམ་པའི་ཡིས་ཀྱི་སྐུ་བསམ་པར་བྱའོ།། དེ་ལྟར་ཟླ་བའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཆུ་ཤིང་ཞེས་བྱ་བ་ལ་སོགས་པ་ཆུ་ཤིང་གི་མེ་ཏོག་ལྟ་བུ་འཕྱང་བཞིན་པ་ཁ་འོག་ཏུ་བལྟས་པ་ལ་སོགས་པར་གསུངས ་པའོ།། ལྟེ་བ་ནས་ཞེས་པོ་ནི་སྙིང་ག་ནས་ལྟེ་བའི་གན་སུ་མགོ་འཕྱང་བཞིན་པའི་ཕྱིར་ཞེས་དགོང་སོ།། དེ་ཡང་ཡིས་སོ་དེའི་སྙིང་གར་ཏིངེ་འཛིན་སེམས་དཔའི་མྱིང་ཅན་བསྒོམ་པར་བྱའོ།། སྔོན་བཞིན་ཞེས་པ་ནི་ཡིས་སོང་རྭ་བཞིན་དུ་ཆོས་ཀྱི་སྐུ་རྡོ་རྗེ ་སེདའི་བསྒོམ་པར་བྱའོ།། སྤྲོ་ཞེས་པ་ནི་ཡིས་སེམས་དཔའ་སྙིང་ག་ནས་ཆོ་ག་བཞིན་སྤྲོ་བའོ།། པདྨའི་སྔོན་དུ་ཤེས་པ་ནི། པདྨའི་མདུན་ཏེ་ལྟེ་བའི་གནསུ་བསྒོམ་པར་བྱའོ།། དེ་བཞིན་དུ་འདབ་མ་བརྒྱད་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ས ་བོནྡ་ཡཱི་ག~ཾ་དགོད་པར་བྱཱ།། ཞེས་པ་ནི་དབུས་ཧཱུཾ་ཞེས་པ་དགོད་པར་བྱའོ།། བརྡའི་སྐད་ཀྱིས་དོན་དམ་པར་ཡཾ་གྲེ་ཞེས་པ་ནི་མྲྀ་འཛག་པའི་ཡེ་ཤེས་ཀྱི་ཁུ་བའོ།། བྱང་ཆུབ་སེམས་འགུགས་པའི་དུསུ་ཡང་བཅྡོ~ཾས་ཨའི་རྣམ་པ་དམིགས་པར་བྱ། ་དེ་ཉིད་ཀྱིས་ན་དབུ་སུ་མོའི་གདན་ལ་ཞེས་པ་ནི་གཏུམ་མོ་བསྒོམ་པར་བརྗོད་པས་མེའི་གདན་དུ་འགྱུར་རོ།། དེའི་དུསུ་ཞེས་པ་ནི་གཏུམ་མོ་ལ་ཕྱག་གཉིས་ཞེས་བྱ་བཱ་ལེ་སོགས་བསྒོམ་སྟེ།། སླར་ཡང་དེའི་དབུསུ་བསྒོམ་ནས་ཕྱག་གཉིས་ལྟ ་བའི་གན་སུ་རྣམ་པར་ཤེས་པ་ཞེས་པ་རང་རིག་པའི་བདེ་བའི་རང་བཞིན་བདག་ཉིད་ཀྱི་རིག་པར་བྱའོ།། ཡཾས་ཞེས་པ་ནི་དངོས་པོ་ཐ~ཾང་དེའི་རང་བཞིན་རིག་པསོ་གཉིསུ་མེད་པ་སྤྲོས་པའོ།། དེ་བཞིན་དུ་འདབ་མི་བརྒྱད་ལ་ལྷོའྀ་ཡི་གེ་དགོ ་པའི་ཕྱིར།། སྔོན་དུ་བྱམས་པ་ཞེས་བྱ་པཱ་ལ་སོགས་པཱ་གཱ་སུངས་ཏེ། དབྱངས་ཡིག་ཐོག་མ་ལ་སོགས་ཞེས་བྱ་བཱ་རཱི་ཤར་གྱི་འདབ་མ་ལའོ།། དེ་བཞིན་དུ་ལྷོར་ཨཱའོ།། ནུབ་ཏུ་ཨཱཾ་ཤེས་པར་བྱའོ།། དེ་བཞིན་དུ་བྱང་དུ་ཨཿའོ།། ་བཞིན་དུ་མེ་ལ་སོགས་པའི་མཚམས་རྣམསུ་མ་ནི་བཞི་ཞེས་པོ་རྀ་རཱྀ་ལོ་ལཱྀའོ།། དེ་ལྟར་ཐམས་ཅད་ཁ་དོག་དཀར་པོ་ཟླ་བའི་འོད་ཟེར་དང་ལྡན་པའོ།། དེ་བཞིན་དུ་ཤྭར་དང་མེ་དག་ཏུ་མི་བསྐྱོད་པ་དང་བྱམས་པ་ཞེས་པའི་ལྷ་མོའོ།། དེ ་བཞིན་དུ་ལྷོ་དང་བདེན་བྲལ་དག་ཏུ་རིན་ཆེན་འབྱུང་ལྡན་དང་སྙིང་རྗེའོ།། ནུབ་དང་རླུང་དག་ཏུ་འོད་དཔག་མེད་དང་དགའ་བའོ།། དེ་བཞིན་དུ་བྱུང་དང་དབང་ལྡན་ངག་ཏུ་དོན་ཡོང་གྲུབ་པ་དང་བཏང་སྙོམ་སོ།། དེ་ལྟར་ཡི་གེ་བརྒྱད་ཡོངསུ་གྱུར་པ་ལས ་ལྷ་བརྒྱད་བསྒོམ་པར་བྱའོ།། རྣམ་པར་ཤེས་པ་བརྒྱད་རྣམས་ཀྱི་རྣམ་པ་བསྟན་པའི་ཕྱིར། ཤིན་ཏུ་ཕྲ་བའི་མཆོག་ཏུ་མི་འགྱུར་བའི་རྣལ་འབྱོར་ཞེས་པ་ནི་ངེས་པའོ།། དེ་བཞིན་དུ་དེའི་དབུ་སུ་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་པ་དེ ་རྣམས་ཀྱི་སྙིང་ཁར་གནས་པའོ།། སེམས་ཅན་རྣམས་ཀྱི་ཡི་གེ་ཞེས་པ་སྔོན་དུ་གསུངས་པའི་ཡི་གེ་བརྒྱད་ལྷ་རྣམས་ཀྱི་རང་རང་གི་ཡི་གེ་རྣམས་བསྒོམ་པར་བྱའོ།། དེ་ལྟར་དེ་བཞིན་གཱ་ཤྭེགས་པ་ཐ~ཾད་ཀྱི་ཡི་གེ་རྣམས་ཁ་དོག ་དཀར་པོ་འོད་ཟེར་དཀར་པོ་འགྱེད་པར་བསམ་སྟེ། གཉིསུ་མེད་པ་རྫོགས་པའི་བྱང་ཆུབ་ཀྱི་རིམ་པ་བསམ་པར་བྱ་སྟེ། ཞེས་པའི་དོན་ཏོ།། སེམས་ནི་ངོ་མཚར་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྡོ་སྙིང་པོ་ལ་སོགས་པས་སོམ་ཉི་སྐྱེ་སྟེ། དེའི ་ཕྱིར་བཅོམ་ལྡན་འདས་ལ་ཞུས་པའོ།། བཤད་དུ་གསོལ་ཞེས་པ་ནི་ཐེ་ཚོམ་བསལ་བའི་དོན་ཏེ།། དེ་ཅི་ཞེ་ན་སྟེང་པའི་མཚན་ཉིད་མེད་པ་ཞེས་གསུངས་ཏེ། བསམ་དུ་མེད་གཉིས་མེད་པའི་ཡིས་བསམ་གྱིས་མི་ཁྱབ་པའི་རྣལ་འབྱོར་ཐོག་མ་མེད ་པོ་ནས་དྷཱ་མི་རྟོག་པ་བག་ཆགས་མེད་པར་ཆོས་ཀྱི་སྐུ་སྤྱོད་པའི་རྣམ་གྲངས་འགྱུར་བ་མེང་པོ་གང་གི་ཕྱིར་རྙོག་པའི་དབང་གིས་འཁོར་བའི་ཆོས་འདོད་ཆགས་ལ་སོགས་པ་དེ་རྣམས་རང་བཞིན་མེད་པའི་ཕྱིར་རྣོར་མྱི་རྟོག་བྱའོ།། དེའི་ཕྱིར་གཉིས ་མེད་པ་ཚེ།། དེ་ཉིད་ཇི་ལྟར་སྦྱོར་སོགས་ཡི་གྲྀ་ཞེས་པ་བསྒྲིམ་པའི་ཕྱིར་ཧཱུ~ཾ། བའི་བྱང་ཆུབ་ཀྱི་རིམ་པར་གྱི།། དེ་ཉིད་བཅྡོཾས་ཀྱིས་གཱསུངྱས་པ། དེ་ཉིད་ཇི་བཞིན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནས་པ་ནི་རྡོ་རྗེ་སྟོང་པོ་ལ་བོད་པའོ།། རྗེ་བཞིན་ཞེས ་ཇི་ལྟ་བུའི་ཚུལ་གྱིས།། དེ་ཁོ་ན་ཞེས་པ་ནི་སྟོང་པ་ཉིད་དང་སྙིང་རྗེ་གཉོས་མེད་པ་བསམ་གྱིས་མི་ཁྱབ་པའི་མཚན་པ་ཉིད་དོ།། དེའི་མཚན་ཉིད་ནི་ཞེས་པ་ནི་མཱནཱ་གོ་དྷཱི་ལྟ་བ་བཞིན་བཤད་པར་བྱ་བའོ།། སྙིང་པོ་མེད་ཅེས་པ་ལ་སོཊ་བ་འདིར་ང ་བསྟན་ཏེ། ཇི་ལྟར་རྣམ་པར་རྟོག་པའི་སྒོམ་བུ་ལཱ། རྣམ་པར་ནི་རྟོག་པ་བསྒྲུབ་པར་བྱའོ།། ཡང་ནོ་དངུལ་ཆུ་བསྒྲུབ་པོ་ལ་རྫས་སྙིང་པོ་རྣམས་ཀྱི་ནང་ནས་སྙིང་པོ་མ་ཡིན་པའི་རྫས་རྣམས་གཟོག་པར་བྱའོ།། སྙིང་པོ་མ་ཡིན་པ་དེ་རྣམས་དང་པོ ་ཉིད་དུ་སྦྱར་བར་བྱའོ།། ཇི་ལྟར་བདུད་རྩི་རྩོམ་པའི་དུས་སུ་འགྲོ་བ་བཞིན་ཞེས་པ་ནི་གཟག་པར་བྱ་ནས་པའོ།། བཞིན་གྱི་སྒྲས་ནི་སླར་ཡང་དེ་ཉིད་ཀྱི་དཔེ་གསུངས་པ། འདིར་བུད་མེད་དང་སྐྱེས་པ་ཡང་དག་པར་སྦྱར་བ་ལས།། ་དྲང་པོ་ཉིད་དུ་འདོད་པའི་བསྟན་བཅོས་ཀྱི་ཚུལ་གྱིས་བྱེད་པ་ལ་སོགས་པ་བྱའོ།། དེ་ཉིད་ཀྱང་སྙིང་པོ་མ་ཡིན་པའི་བྱེད་པ་རྣམས་ཀྱིས་བདེ་བའི་རང་བཞིན་སྙིང་པོ་དེ་ཉིད་རྩོམ་ལ་ཇི་ལྟར་དག་ལ་སོགས་པའི་དཔེལ་སྙིང ་བོར་གྱུར་པ་ནི་ལྷན་ཅིག་སྐྱེས་པའི་དག་པའོ།། དེ་ཡང་ཁུ་བ་ལས་བརྟེན་པ་དེའི་གྲོལ་བཞིན་ཞེས་པ་ནི་འཛག་པའི་དུ་བདེ་བ་བསམ་གྱིས་མི་ཁྱབ་པའོ།། དབུས་སུ་ཞེས་པ་ནི་རྡོ་རྗེ་དང་པད་མའི་དབུས་སུ་མཚོན་པའོ།། དེ་ཡང་རྣམ་པར་ཤེས་པའི་མིང ་ཅན་ནོ།། དེ་ཡང་བསམ་དུ་མེད་པ་གཟུགས་མེད་པ་བསྟན་པའི་ཚིག་གི་སྦྱོར་བས་རྣམ་པར་ཤེས་པ་ཞི་བ་ཙམ་འདི་ཉིད་དུ་བཞག་པའི་ཕྱིར་ཤེས་པ་ཐམས་ཅད་ཀྱི་རང་བཞིན་གྱི་ཕྱིར་གཟུགས་ཉིད།། དེའི་ཕྱིར་དོན་དམ་པའི་ཕྱོགས་སུ་དེ་ཉིད་སྔོན ་དུ་གསུངས་པའི་བཅོམ་ལྡན་འདས་ཀྱི་སྐུ་དམིགས་པར་བྱའོ།། དེ་ཉིད་གསོལ་བར་བསྟན་པའི་ཕྱིར་མཚོན་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མཚན་ཉིད་རྩེ་པ་ནི་ཅེས་པ་ནི་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་མཚོན་པ་མེད་པའོ།། དེ་ནྟི ་ལྟར་ཞེ་ན། གསུངས་པ། རང་གི་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ།། དེ་ཉིད་དུ་གསུང་བ་ཡེ་ཤེས་སྐུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འོན་ཀྱང་བྱིས་པའི་རྣལ་འབྱོར་པ་རྣམས་གཞུགས་པའི་དོན་དུ། ལྷའི་གཟུགས་བསྒོམ་པར་བྱ་ཞེས་པ་ནི་ཚིག ་ཙམ་མོ།། དེས་ན་གཞན་ཡང་རྣལ་འབྱོར་པ་ཁྱད་པར་ཅན་རྣམས་ཀྱི་གཟུགས་ཞེས་བྱ་བ་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྟོང་པའི་དབུས་སུའོ།། གཟུང་ཞེས་པ་ནི་སྔོན་དུ་གསུངས་པའི་ཨ་བ་དྷཱུ་ཏིའི་དབུས་སུ་བསྒོམ་པ ་གཟུང་བར་བྱ་ཞེས་པའི་དོན་ཏོ།། རྣལ་འབྱོར་ཅན་གྱིས་དེ་ཉིད་ཞེས་པ་ནི་འདིར་གང་གི་ཕྱིར་སྔོན་གྱིས་བག་ཆགས་ཉིད་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་ལུས་གྲུབ་པོ་དེའི་ཕྱིར་རྣམ་པར་རྟོགས་པ་ལ་དངོས་གྲུབ་མེད་དེ་སེམས་མང་བ་ཉིད་ཀྱི་ཕྱིར ་སེམས་ཅནརྀ་རྣམས་ཀྱི་ཕུང་པོར་འགྱུར་བའོ།། དེས་ན་འདིར་ཡང་སྔོན་དུ་གསུངས་པའི་སྦྱོར་བའི་ཡན་ལག་དྲུག་གིས་དབང་པོ་དྲུག་ཁ་ནང་དུ་ཕྱོགས་པས་སངས་རྒྱས་ཀྱི་སྐུ་རྣམས་བསྒོམ་པར་བྱའོ།། དེ་ཡང་ལྡན་པའི་རྣལ་འབྱོར་པ་ནི། རྣལ ་འབྱོར་ཅན་གྱིས་དེ་ཉིད་ཞེས་པའི་ཚུལ་ལོ།། དེ་བཞིན་དུ་གང་གིས་ཞེས་བྱ་བ་ལ་སོགས་པོ་ལ། གང་ཞིག་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་རྣམས་ཀྱིའོ།། མཚན་ཉིད་ཞེས་པ་ནི་ཁ་དོག་དང་མཚན་མ་ལ་སོགས་པའོ།། ཤེས་བྱས་ནས་ཞེས་པ་ནི་རྟོགས ་པར་བྱས་ནས་སོ།། མཉམ་པ་ཉིད་ཀྱིས་སེམས་ཀྱི་ནི་ཞེས་པ་ནི་གང་སེམས་ཅན་ཐམས་ཅད་སེམས་ལས་བྱུང་བ་དེ་རྣམས་དེའི་རང་བཞིན་དུ་བྱེད་པ་ནི་མཉམ་པ་ཉིད་སྣ་ཚོགས་པ་སངས་རྒྱས་ཀྱི་གཟུགས་ཞེས་པའི་དོན་ཏོ།། དེ་ལྟར་དེའི་ཞེས ་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པ་དེའི་ཞེས་པ་དེ་ལ་དེ་སྐད་ཅེས་བྱའོ།། ། ད་ནི་བསྟན་བཅོས་དང་རྗེས་སུ་མཐུན་པའི་མན་ངག་བསྟན་པའི་ཕྱིར།། བླ་མའི་མན་ངག་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་ཞེས་པ་ནི་ཡང ་དོག་པར་རྫོགས་པའི་བྱང་ཆུབོ་ཀི་ལམ་མེ།། དེའི་ཡིས་རྣམ་ཞེས་པ་ནི་བསྟན་པ་དང་སྟོན་པའི་འབྲེལ་པའོ།། དེས་ནས་གཟུགས་ཉིད་དོ་ཞེས་པ་ནི་སྣང་བ་ཉིད་སྒྱུ་མ་ལྟ་བུའོ།། ཞེས་པ་སྟེ་ངེས་པའོ།། དེའི་ཕྱིར་བསྟན་བཅོས་ལས་ནི་མཚན་ཉིད་བསྟན་ཞེས ་པ་ནི་དེ་ཡང་དག་གི་སྒོ་ནས་ཤེས་པར་བྱའོ།། དེ་ཁོ་ན་ཉིད་ཞེས་པ་ནི་བླ་མ་སྣ་ཚོགས་པའི་མན་ངག་རྣམས་སོ།། དེ་ཡང་དཔའ་བོས་བཤད་ཅེས་པ་ནི་སྔོན་གྱི་ལུས་དང་འབྲེལ་པའི་ཕྱིར།། རང་གི་སེམས་ཉིད་བསྒོམས་པས ་རྣམ་པར་མི་རྟོག་དཔའ་བོ་བླ་མའོ།། ཡེ་ཤེས་སེམས་དཔའི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའ་དེའི་བཤད་པ་ནི་འོག་ནས་འཆད་པར་འགྱུར་རོ།། དེས་ན་བསྒོམ་པར་བྱའོ།། དེ་ཅི་ཞེ་ན་གསུངས་པ། འདིའི་ཞེས་བྱ་བ་ལ་སོགས་པ་ལ ་སྒྲོགས་པ་ལྔ་ཞེས་པ་ནི་མི་གསལ་བའི་མཚན་མའོ།། འོན་ཀྱང་མཆོད་རྟེན་གྱི་སྒྲས་སྙིང་ག་དང་མགྲིན་པ་དང་ལྟེ་བ་དང་གསང་བའི་གནས་རྣམས་སུ་འཆང་བཞིན་པའི་བུ་གཽ་ལྔའི་ནང་དུ་ཁུ་བའི་ཐིག་ལ་རྣམས་མཆོད་རྟེན་གྱི་རྣམ་པར ་བསྒོམ་པར་བྱའོ།། དེའི་དོན་བསྟན་པའི་ཕྱིར།། སྒྲོགས་པ་ལྔ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བརྒྱད་ཀྱི་ཚིགས་སུ་བཅད་པའི་སྡེབས་ཀྱིས་བཤད་པ་གསུངས་པ།། སྒྲོགས་པ་ལྔ་བཞིན་དུ་ནི་སྲོག། མཆོད་རྟེན་རྣམཱ་པ་རུ་ནི་བསྡུ།། གནས་ལྔ་རུ་ནི ་འཁོར་ལོ་འ་།། བུ་ག་ཞེས་པར་སྲོག་ནི་འགྲོ།། བདུད་རྩི་སོགས་ཞེས་ས་བོན་གྱིས།། གསང་བ་ཞེས་པའི་པང་ལས་འབྱུང་།། སྙིང་གའི་འཁོར་ལོ་རུ་ནི་བསམ།། སྲོག་དང་ཐུར་སེལ་གཉི་ག་གཞོམ།། ཁ་དོག་དཀར་པོའི་འཁོར་ལོ་ལས།། འོད་ཀྱི་ཟེར ་ཡང་ཡང་དག་འབྱུང་།། བཟང་པོ་མི་ཤིགས་རྣམས་པ་ཡི།། བདུད་རྩི་རྒྱུན་ཉིད་མཆོད་རྟེན་ནོ།། འདུད་པའི་རྩེ་མོ་ལས་ནི་འཛག། ཡེ་ཤེས་ས་བོན་མི་འཛག་པ།། སྙིང་གའི་ས་བོན་དུ་ངལ་བསོས།། ཐིག་ལེ་དང་ནི་ཐིག་ལེར་ཐིམ།། པདྨ་ཞེས ་པའི་རྩ་རྣམས་ཀྱི།། ཟླ་བ་ཡེ་ཤེས་ཀྱི་དབུས་སུ།། སྙིང་ག་ཡི་ནི་སྟེང་དུ་ནི།། མཐེ་བོང་ཙ་མ་ནི་ཟླུམ་པའོ།། དེས་ཞེས་པ་ནི་སྙིང་ག་ཉིད།། དབུས་ནི་མགྲིན་པའི་ལྟེ་བར་ཏེ།། འཁོར་ལོ་གཉིས་སུ་ཡང་དགུ་བཤད།། ས་བོན་ཞེས་པ་འོད་ཟེར་འབྱུང་།། སྒྲ ་ཀཱ་ལི་ཞེས་དབུགས་ཀྱི།། རྡུལ་ཕྲན་དུ་ནི་སོང་བའི་མཆོག། དཀར་པོ་ཞེས་པ་སྣང་བསྐྱེད་པ།། ཁ་དོག་སྒྱུ་མ་ལྟ་བུ་བཞིན། ཟླ་བ་ཞེས་པ་སེམས་ཟླ་ག་འོད་ཟེར་རྣམ་པར་ཡང་དག་སྤྲོ།། དེ་ཉིད་ཀྱི་ནི་འོད་ཟེར་ཚོགས། དབུས་ནི་གནས་ཀྱི་རྒྱུ་རུའོ།། སྒོ་ནི ་བུ་གར་རྣམ་པཱ་རཱ་བཤད་།། དེས་ན་གཞན་ཡང་གདན་དུ་བརྗོད།། ཁོང་སྟོང་རྣམ་པ་བུ་གའོ།། ཐིག་ལེ་ཞེས་པ་སྟོང་པརཱ་བརྟག། དེ་ཡང་འོད་ཟེར་ཚོགས་ཀྱི་ནི།། ནང་དུ་སེམས་ནི་འདི་ལྟ་བུ།། སྐུ་རྩེ་ལ་སོགས་གོ་སླའོ།། མཚོན་པ་མཚོན་མེད་ཡེ་ཤེས་ཏེ།། ་མཚན་ཉིད་འདི་ནི་བརྗོད་པ་ཡིན།། ཡེ་ཤེས་ཅན་དེ་རྣལ་འབྱོར་པས།། རྣམ་པར་ཤེས་པ་ལྔས་དངོས་པོ་འབྱུང་།། དེ་ཡི་རང་བཞིན་སེམས་ཅན་རྣམས།། སངས་རྒྱས་འཇིག་རྟེན་རྣམ་གཉིས་དབྱེ། ལྟ་བ་སྔོན་གྱི་ཕུག་རུ།། སེམས་ཀྱི་འོད་ཟེར་ཡང་དག ་འབྱུང་།། དེ་ལྟར་ཐིག་ལེའི་གོ་འཕངས་གནས།། རང་བཞིན་མེད་པ་རུ་ནཱི་བསམ།། ངེས་ན་སེམས་ནི་མཆོད་རྟེན་ཏེ།། གནས་ལྔ་རྣམས་སུ་བརྗོད་པ་ཡིན།། མཆོད་རྟེན་རྣམ་པར་སོང་བའི་སེམས།། མི་ཤེས་པ་ལ་སྦྱོར་འདི་གསུངས། མཚན་ཉིད་དངོས་པོའི་གཟུགས ་ཀྱིས་ཏེ།། སྙིང་ལ་སོགས་པ་བརྗོད་པར་བྱ།། འདི་ནི་རབ་ཏུ་བརྟགས་པའི་གཟུགས།། བསྒོམ་པས་གོང་དུ་འཕོ་བསམ་གཏན།། ཚངས་པའི་སྒོ་རུ་ཕྲ་མེ་ནི།། ལུས་ཅན་རྣམས་ཀྱི་དཔྲལ་བ་རུ།། དེ་དབུས་སྙིང་གར་ཞེས་བྱ་ནི།། ཐིག་ལེ་ཞེས་པ་དག་བྱེད་པ།། སྒོ་ཞེས ་པའི་རྟེན་ཉིད་དེ།། ལན་ནི་ཡང་དག་རྫོགས་བྱང་ཆུབ།། དེས་ན་ལན་ནི་གཟུང་ཞེས་པ།། རྣམ་ཤེས་སྔོན་གྱི་མཚན་ཉིད་དོ།། ཡེ་ཤྲེ་ཤྭེ་བའི་དངོས་པོའོ།། བླ་མའི་མན་ངག་བསྟན་པར་བྱ།། བསྡུས་པའི་ཕྱིར་ནི་གྲོང་དུ་འཕོ།། མཆོད་རྟེན་ཞེས་པ ་རླུང་ལྔ་རྣམས།། ཡེ་ཤེས་སེམས་དཔའ་དངོས་པོ་ཡང་།། ཨ་བ་དྷཱུ་ཏཱི་ཉིད་དབུས་སུ།། ཡེ་ཤེས་སེམས་དཔའི་སྙིང་པ་རུ།། ཏིང་འཛིན་སེམས་དཔའ་འོག་བལྟས་པའོ།། དེའི་སྙིང་པོར་རབ་བཤད་པོ།། སྲོག་སོགས་ཐིག་ལེའི་མཆོད་རྟེན་ཏེ།། དེ་ལྟར་ན་མཁའ ་ལྔ་དེ་ཉིད།། སྒྲོ་ཡི་བུ་ལཱ་དེ་བཞིན་ཉིད།། གནས་ལྔ་རྣམས་སུ་བསྒོམ་པར་བྱ།། སྲོག་ལྔའི་དུས་ནི་གཅིག་པ་ཉིད།། སྙིང་གི་ཐིག་ལེ་རུ་ནི་གཞུག། ཚངས་པ་ཡི་ནི་སྒོ་རུ་འགྲོ།། དོན་དམ་པ་ཡི་སེམས་ནི་འཛག། དེ་ནི་སྙིང་ཟླའི་དབུས་སུ་འོང་།། ཚེཊ་རྣམས་ཀུན་ཏུ་རྣ་ཐིམ ་ཡང་ན་མཐེ་བོང་ཙམ་ནི་ཚད།། ཀུན་ནས་ཟླུམ་པོ་རུ་ནི་འགྱུར།། ཡེ་ཤེས་ཐིག་ལེ་ཁུ་བ་བཟང་།། དེ་དབུས་ཇི་ལྟར་བདག་ཉིད་ནི།། ཨཱ་ལི་ཀཱ་ལི་ས་བོན་ཕྲེང་།། འབད་པ་ཡིས་ནི་བསམ་པར་བྱ།། དེ་རུ་གཏུམ་མེ་འབར་འགྱུར་ཏེ།། དེ་ཕྱིར་དེས་ན་འགོག་པ་འབྱུང་།། ་མདོག་དཀར་འོད་ཟེར་རྣམ་པ་ནི།། དེ་ཡི་སྒོ་ནི་ཤིན་ཏུ་ཕྲ།། དེ་ནི་མིང་ཙམ་ཉིད་ཡིན་ཏེ།། ཐིག་ལེའི་མིང་ཏུ་རབ་ཏུ་གྲགས།། ཚངས་པཱི་སྒྲོནས་བྱུང་ནས་ཡིད་ནི་ཡིད་ཀྱིས་མཚོན་པར་བྱ།། ཨ་བ་དྷཱུ་ཏཱིའི་ཐིག་ལེའི་སྒོ།། ལམ་ནས་འཚོ་བ་ཅན་ནི་འགྲོ། རྩ་མང་པོ་ཡི་ནམ ་མཁའ་རུ།། རྣམ་པར་ཤེས་པའི་དངོས་པོ་གཟུང་།། བླ་མའི་ལམ་ལ་ཆགས་པ་མཆོག། ཡེ་ཤེས་འདི་ནི་མངོན་ཤེས་ཉིད།། དེ་ལྟར་ལམ་གྱི་མཆོག་ཉིད་ནི།། བླ་མས་བསྟན་པ་ཡི་ནི་མཆོག། མན་ངག་མཆོག་གི་ཡེ་ཤེས་ནི།། བསྟན་པ་མཉམ་དང་མི་མཉམ་པ།། ། ་དེ་ཡང་ལམ་ལས་ཕྱི་མིན་སོགས།། མན་ངག་ལས་ནི་ཕྱི་རོལ་མིན།། བསྟན་བཅོས་མ་གཏོགས་མན་ངག་མེད།། བསྟན་བཅོས་ཉེ་བར་སྤྱོད་ལས་རྙེད།། རྙེད་བླ་ལ་སོགས་པ་ཡི་ཚིག། ཕྱི་ཡི་བསྟན་བཅོས་སྣ་ཚོགས་པའོ།། སྦྱོར་ལ་སོགས་པ་ཇི་སྐད་གསུངས།། བསྟན ་བཅོས་ཐམས་ཅད་ལས་ནད་དཀའ།། ཐབས་ཤེས་པ་ནི་སངས་རྒྱས་ཀྱི།། བསྒོམ་པ་སེམས་ཀྱིས་བྱས་པའོ།། བསྟན་བཅོས་རྣམས་ནི་བསྟན་པ་ཙམ།། མཁས་པ་རྣམས་ཀྱིས་མི་རྟོགས་པ།། མ་ཐོས་པར་ནི་འཇུག་བྱེད་ཅིང་།། སློབ་མ་རྣམས་ལ་སྟོན་པར་བྱེད།། དེ་རྣམས ་དམྱལ་བ་རུ་ནི་འགྲོ། རྩོད་དུས་མི་བདྲེན་པ་སྨྲས་པ།། དེ་ཉིད་ཀྱིས་ན་ཐབས་ཤེས་པའོ།། བླ་མ་ཡོན་ཏན་ཀུན་གྱི་གནས།། རྣལ་འབྱོར་པ་ཡི་བསྙེན་བཀུར་བྱ།། དེ་བཞིན་མི་ཤེས་པ་ནི་སྤངས།། དེ་བཞིན་གཤེགས་པའི་རྒྱུད་ཀྱི་ཆོས།། བླ་མའི་ཁ་ལས་རྙེད་པར་འགྱུར།། ་གཅིག་ནས་གཅིག་བརྒྱད་རིམ་པ་ཉིད།། ལམ་ནི་དེ་བཞིན་བསྟན་པ་ཡིན།། མཁས་པ་རྣམས་ཀྱི་རྗེས་འབྲང་བྱ།། བླ་མ་དེ་ནི་སངས་རྒྱས་མཉམ།། བརྒྱ་ལ་བསྟན་བཅོས་དམན་ན་ཡང་།། མཁས་པས་སྨད་པར་མི་བྱའོ།། དེ་ཡི་མགྲིན་པར་ལམ་ནི་གནས།། སྒྲ་ལས ་བྱང་ཆུབ་ཉིད་མི་འོང་།། སྒྲ་ཙམ་ལ་ནི་ཞེན་པ་དག། བྱང་ཆུབ་ལམ་ལས་ཕྱི་རོལ་འགྱུར།། མཉམ་བཞག་ལ་སྡིགས་ཚིག་གིས་ནི།། བློ་ལྡན་བསམ་གཏན་སྦྱོར་བ་ཡིས།། དེ་ཡི་བསྒོམ་པའི་དངོས་པོ་ནི།། རྟག་ཏུ་སངས་རྒྱས་སྒྱུ་མ་ཉིད།། མི་གཡོ་སྒྱུ་མའི་སྦྱོར་བ་ཡིས།། ་དབང་པོ་རྣམས་ནི་འཚེ་བ་ལྡོག། དེ་བཞིན་དེ་དང་བྲལ་བ་ནི།། ཡིད་ཅེས་བྱ་བ་ལ་སོགས་རིམ་ཇི་བཞིན།། འདིར་སྙིང་པོར་གོང་དུ་འཕོ་བ་དེ་ཡང་ཡིད་ཀྱིས་བསྒོམས་པ་ཙམ་གྱིས་ནི།། དེས་ན་སྔོན་འགྲོ་བ་ཞེས་པ་ནི་སྔོན་དུ་གསུངས་པའི་སྒོམ་པ་རྣམས ་ཡིད་ལས་བྱུང་ངོ་།། ཆོས་ཞེས་པ་ནི་ཡིད་ལས་འབྱུང་བ་མེད་པའོ།། དེ་ཡང་ཡིད་ཀྱིས་དག་ཅེས་པ་ནི་བསྒོམ་པ་བཟང་བས་དག་པའོ།། ཡིད་ལས་བྱུང་ཞེས་པ་ནི་ཆོས་ཐམས་ཅད་ཡིད་ལས་འབྱུང་བའོ།། དེའི་ཕྱིར་ཡིད་ཀྱི་རྒྱལ་པོ་ཞེས་བྱ ་བ་ལ་སོགས་པ་ལ་ཡིད་ཀྱིས་སྤྲོས་ཤིང་གསལ་བས་ན་ཡིད་ཀྱི་རྒྱལ་པོའོ།། བཀའ་དྲིན་གྱིས་ཞེས་པ་ནི་ཡིད་ཀྱིས་ནུས་པ་གསལ་བར་བྱེད་པའོ།། ཇི་ལྟར་ལུས་ཀྱི་དཀའ་དྲིན་ནི་ལོངས་སྤྱོད་རྒྱས་པས་ལུས་རྒྱས་པར་འགྱུར་རོ།། དེ་བཞིན་དུ་ཡིད་ལ ་ཁམས་གསུམ་པ་ཐམས་ཅད་འབྱུང་བའོ།། དེས་ན་ཆོས་དང་ཆོས་ཅན་དུ་བརྟགས་པའི་ཕྱིར་ངག་གི་སྒོ་ནས་བརྗོད་དོ།། ཡང་ན་བྱེད་ཅེས་པོ་ནི་ཁམས་གསུམ་པ་སྤྲུལ་པའོ།། དེ་ལྟར་སངས་རྒྱས་ཀྱི་འཇིག་རྟེན་ནོ།། དེ་བཞིན་དུ་ཐ་མལ་པའི་འཇིག་རྟེན་བརྗོད ་དེ། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་གྱི་སེམས་ཅན་རྣམས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོ་སྤྲོ་བར་བྱའོ།། འདིར་སྔོན་ནས་ཐོག་མ་མེད་པའི་རྒྱུད་ཀྱི་ཕྱིར་མི་རིག་པའི་ཆོས་ཉིད་ཀྱིས་སེམས་ཅན་རྣམས་ཐམས་ཅད་ཡིད་ཀྱི་རང་བཞིན་ནོ།། དེས་ན ་སེམས་ཅན་ཡིད་ལོས་བྱུང་ཞེས་པ་ནི་ཡིད་ཀྱི་རྣམ་པར་རྟོག་པ་ལས་གོང་བྱུང་བའི་མ་རིག་པའོ།། དེ་ཡང་བློ་ལྡན་ཞེས་པ་མཁས་པས་ཡོངས་སུ་སྤང་བར་བྱའོ།། དེ་ཇི་ལྟར་ཞེ་ན་གསུངས་པ།། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་མ་རིག ་པ་ཡོངས་སུ་སྦྱང་བར་འདོད་ན་དེའི་ཚེ་བཟླས་ཞེས་པ་ནི། སྔོན་དུ་གསུངས་པའི་མཚན་ཉིད་ཀྱི་ཕྱིར་ཨ་བ་དྷཱུ་ཏཱིལི་ནང་དུ་ཡེ་ཤེས་སེམས་དཔའི་སྙིང་གའི་ཏིང་ངེ་འཛིན་སེམས་དཔའི་སྙིང་གའི་མཆོད་རྟེན་ལྔ་མཚོན་པར་བྱ་སྟེ།། ཡེ་ཤེས་ཀྱི་བཟླས ་པ་བྱ་བའོ།། རྣལ་འབྱོར་པ་ཞེས་པ་ནི་སེམས་ཅན་གྱིས་སོ།། སྙིང་དུ་ཞེས་པ་ནི་སེམས་ཙམ་གྱིས་སོ།། བསམ་དུ་མེད་པའི་དངོས་པོའོ།། དེས་ན་བསྒོམ་པར་བྱ་བའོ།། རགས་པའི་ཕུང་པོ་ལ་སོགས་པ་དང་སྐྱེ་མཆེད་རྣམས་ཐིག་ལེ་བཞིའི་ནང་དུ་ཐིམ་པའོ།། ། ་དེར་ཕུང་པོ་ཕྲ་མོ་ཐིག་ལེ་བཞི་ཡང་ན་མཁའི་ནང་དུ་ཐིམ་པའོ།། དེ་ལྟར་ཕུང་པོ་ལྔ་ཕྲ་མོ་ལ་ཡང་གཟུགས་ཀྱི་ཕུང་པོ་ནི་པདྨའི་རྩ་བའི་སྣལ་མ་ལྟོ་བུའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ།། དེ་ལཾ་ཨ་བ་དྷཱུ་ཏཱིའི་ནི་རྣམ་པར་ཤེས་པའི་ཕུང་པོའོ།། ། ་དེདེའི་ནང་གི་ཡེ་ཤེས་སེམས་དཔའ་ནི་ཚོར་བའི་ཕུང་པའོ།། དེར་ཏིང་ངེ་འཛིན་སེམས་དཔའ་ནི་འདུ་ཤེས་ཀྱི་ཕུང་པོའོ།། འདི་ཉིད་དུ་གོང་དུ་འཕོ་བའི་སྒོམ་པ་རེ་ནི་འདུ་བྱེད་ཀྱི་ཕུང་པོའོ།། དེ་ལྟར་བརྡས་མཆོད་རྟེན་ལྔ་རགས་པའི་རྣམ་པ ་ཉིད་དུ་དགོངས་སོ།། དེ་བཉྩི་དུ་རྒྱུ་ཞེས་བྱ་བ་ལ་སོགས་པ་ལ། རྒྱུ་ཞེས་པ་ནི་དེར་ཐིམ་པར་བྱེད་པའི་ཕྱིར་རོ།། གྱུར་ཅེས་པ་ནི་གཟུགས་ལ་སོགས་པའོ།། དེའི་ས་བོན་ཞེས་པ་ནི་ཡིད་ཙམ་པ་ཁམས་ལྔའི་བདག་ཉིད་དམ། ཡེ་ཤེས་ལྔའི་བདག་ཉིད ་དོ།། དེས་ན་ཡང་དེ་ཁོ་ནའི་གཟུགས་མིན་ཞེས་པ་ནི། ཡི་གེའི་གཟུགས་སམ་ཐིག་ལེའི་གཟུགས་ནི་དོན་དམ་པར་མི་འབྱུང་ངོ་།། འོན་ཀྱང་དེ་དག་ཡིད་ཙམ་བརྟག་པའི་གཟུགས་ཀྱི་བདག་ཉིད་དོ།། ཅིའི་ཕྱིར་ཞེ་ན་གསུངས་པ། རྒྱུ་དང་ཞེས་བྱ་བ་ལ ་སོགས་པ་ལ། འབྲས་བུ་ཞེས་པ་ནི་རང་རིག་པས་རྫོགས་པའི་བྱང་ཆུབ་ཀྱི་རིམ་པ་མཐོང་བའོ།། དེའི་རྒྱུ་ཞེས་པ་ནི་ཕུང་པོའི་རང་བཞིན་ཙམ་མོ་དེས་ན་ས་བོན་ཞེས་པ་ནི་མ་རིག་པ་སྤང་བའི་སེམས་ཅན་ལས་རིག་པ་བཟང་པོ་འབྱུང་ལ། དེ་ལས་ཀྱང་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འབྱུང་ངོ་།། དེའི་ཕྱིར་དེ་ཡང་དེ་ཁོ་ན་ཉིད་མཐོང་བ་མིན་ཞེས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དེ་ཁོ་ན་ཉིད་ཀྱི་གཟུགས་ཏེ་དེ་ཁོ་ན་ཉིད་ཀྱི་ཡིད་ལས ་བྱུང་བའི་ཕྱིར་རོ།། དེ་ཡང་ལུང་ལས་དེ་རྣམས་ཀྱང་མི་རྟག་པ་སྟེ། གང་གི་ཕྱིར་སེམས་ཅན་གྱི་རིས་དང་། སྲོག་གི་རིས་མི་རྟག་པའི་ཕྱིར་ཏེ། སྲོག་ཀྱང་འཁྲུལ་པའི་གཟུགས་མི་བདེན་མི་རྟག་པའི་མཚན་ཉིད་དོ།། ཞེས་པའི་ཚུལ་གྱིས་སོ།། དེས ་ན་དེ་རྣམས་ཀྱིས་མཐོང་བ་མིན་ཏེ། མཐོང་བ་ནི་ཟད་པའི་དངོས་པོ་ཡིན་པའི་ཕྱིར་རོ།། ཞེས་པ་སྟེ་ངེས་པའོ།། འདིར་སངས་རྒྱས་ལ་སོགས་པའི་དངོས་པོ་ཐམས་ཅད་མི་རྟག་པའི་གཟུགས་ཅན་ནོ་ཞེས་པ་དེ་ནི་འགྲལ་ཏེ། འདིར་ཐག་པ་གསུམ་ལ ་སོགས་པ་ཐེག་པ་མཆོག་གི་ཆོས་རྣམས་ཐམས་ཅད་ཀྱི་ནང་དུ་བཅོམ་ལྡན་འོངས་ཀྱིས་གསུངས་ཏེ། འདི་ལྟར་ས་བོན་དང་མཚན་མ་ལ་སོགས་པའི་ཚུལ་གྱིས་གཟུགས་ལ་སོགས་པའི་རྣམ་པའི་དངོས་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐྱེད ་པའི་རིམ་པས་གྲུབ་པ་མ་ཡིན་ནམ། དེས་ན་འདི་ཇི་ལྟར་རྫོགས་པའི་རིམ་པ་འབའ་ཞིག་གི་བྱང་ཆུབ་བསྒྲུབ་པར་བྱ།། གང་ཡང་སྔགས་བཟླས་པས་དེ་ཡང་འཇུག་པ་དང་གནས་པ་དང་ལྡང་བའི་ཡི་གེ་གསུམ་གྱི་བརྡས་སྟོན་པའི་ལུང་ལས་གསུངས་ན ་དེ་ཇི་ལྟར་ཡིད་ཙམ་གྱིས་ཡིད་ལ་ཡི་གེ་ལྔ་བཟླས་པ་ཡིན་ཞེས་འགའ་ཞིག་དོགས་པར་འགྱུར་ན། ང་ལ་བརྗོད་པ་འདིར་ང་ཐམས་ཅད་ནི་བདན་ཏེ། འོན་ཀྱང་དེར་བཅོམ་ལྡན་འདས་ཀྱིས་བཀའ་བརྗོད་པ།། གཟུགས་སོགས་ཞེས་བྱ་བ་ལ་སོགས་པ་ལ ་འདིར་གཟུགས་ལ་སོགས་པ་ཞེས་པ་ན་གང་གི་ཡི་གེའི་དོན་གྱི་ཡི་གེ་རྣམས་ཨོཾ་ལ་སོགས་པའི་ཡི་གེ་ལྔའོ།། སྲིད་པའི་ལོངས་སྤྱོད་ཞེས་པ་ནི།། འདོད་པའི་ཡོན་ཏན་ལྔའི་ཉེ་བའི་ལོངས་སྤྱོད་རྣམས་སོ།། དེར་གསུངས་པ། ཨོཾ་ཞེས་པ་ནི་གང་བརྗོད ་ལྷའི་གཟུགས་ནི་ཡང་དག་འབྱུང་།། སེམས་ཀྱིས་ཀུན་ཏུ་དམིགས་པ་ནི།། སེམས་ཅན་འདོད་པའི་ཡིད་ནི་ཉིད།། ཨ་ཞེས་པ་ཡི་སྒོ་ཡི་གཟུགས།། དེ་དམིགས་པ་ལ་ལྷ་ཡི་སྒྲ།། དེ་ཡང་ཡིད་ལས་བྱུང་བར་འགྱུར།། རྒྱུ་དང་འབྲས་པའི་གཟུགས་ཅན་ནོ།། ། ་ཧྲཱིཿཞེས་ཡང་དག་བཤད་པ་ནི།། བདུད་རྩིའི་གཟུགས་ཏེ་དེ་ནི་སེམས།། རོ་བཞིན་དུ་ནི་ཆོས་རྣམས་བྱེད།། ཐམས་ཅད་བཅུད་ཀྱིས་ལེན་བཞིན་ནོ།། ཁང་ཞེས་པ་ནི་སྣས་བསྣམས་པ།། ཡི་གེའི་བདག་ཉིད་ཆེན་པོ་ཉིད།། དེ་ནི་དམིགས་པར་བྱེད་པ་ནི།། ་ལྷ་ཡི་དྲི་ནི་འབྱུང་བར་འགྱུར།། ཧཱུ~ཾ་ཞེས་པ་ནི་བདག་བྱས་ཏེ། སྒོམ་པ་བསམ་མང་མཚན་ཉིད་ལ།། སེམས་ནི་དགའ་ཕྱིར་བ་སྤུ་ལངས།། རེག་པའི་བདེ་བ་ཡང་དག་འབྱུང་།། དེ་བཞིན་དུ་མ་རིག་པ་ཞེས་བྱ་བ་ལ་སོགས་པ་ལ་མ་རིག་པ་ནི ་ཆགས་ཐམས་ཅད་འཛིན་པར་བྱེད་ངོ་།། ཀུན་ཏུ་གྱི་སྤྱི་བོར་ཡང་དག་གནས་ཞེས་པ་ན་ཀུན་ཏུ་རྟོག་པ་ཐམས་ཅད་ཀྱི་སྤྱི་བའོ།། ཞེས་པ་གཙོ་བོའི་མ་རིག་པའི་དབང་གིས་འཁོར་བ་ཉིད་དོ།། རྟག་ཏུ་ཞེས་པ་ནི་ཇི་ལྟར་ས་བོན་ཐམས་ཅད་ཀྱི ་རྩ་བ་རྣམས་ནི་གཙོ་བོར་བཅུད་འབབ་པ་ཅན་ནོ།། དེ་བཞིན་དུ་ཡེ་ཤེས་ཞེས་པ་ནི།། གང་ཅུང་ཟད་མཐོང་བའི་དངོས་པོའི་མཚན་ཉིད་གནས་སྐབས་འདིར་ཡི་གེ་ལྔ་ཡེ་ཤེས་ཉིད་རྣམ་པར་ཤེས་པའི་ས་བོན་ཏེ་འདོད་པའི་ཡོན་ཏན་ལྔ་རྣམས ་ལ་ཡིད་གཙེར་འཇུག་པར་འགྱུར་རོ།། དེ་ལྟར་ཡིད་དེ་ཉིད་ཡེ་ཤེས་མཚོན་པ་ཙམ་མོ།། དེ་ཡང་ཐིག་ལེའི་སྒྲ་དང་ཡང་དག་ལྡན་ཞེས་པ་ནི་འདིར་ཀུན་རྫོབ་དུ་ས་བོན་ལྔ་ཞེས་པ་བསྡུས་ན་སྔོན་དུ་གསུངས་པའི ་དོན་གསལ་བའོ།། དེ་ཡང་རྩ་བ་ནི་ཨུའོ།། ཡེ་ཤེས་ནཱི་ཧའོ།། རྣམ་པར་ཤེས་པ་ནི་སྤྱི་བོའོ།། དེ་ཉིད་ཀྱིས་ན་ཀུན་གྱི་ཀུན་འཛིན་ཅེས་པ་ནི་ཨ་ཞེས་པ་ཐམས་ཅད་ལྔ་ཡང་དག་པར་གནས་པར་བརྗོད་པའི་བདག་ཉིད་དོ།། དེ་ཉིད་སྒྲ་དང ་ཐིག་ལེས་བརྒྱན་པའོ།། དེ་ལྟར་བསྡུས་པ་ཡི་གེ་ལྔ་ནི་ཧཱུཾ་ཞེས་པའོ།། དེ་བཞིན་དུ་གཟུགས་ལ་སོགས་པའི་ཉེ་བའི་ལོངས་སྤྱོད་ལྔ་ཡིད་ཀྱི་རྣམ་པར་ཤེས་པ་འཁོར་བའི་ལོངས་སྤྱོད་ཀྱི་རྒྱུར་སྤྱོད་པས་སྐྱེ་བ་ལེན་པའི་ཕྱིར་རོ།། དེའི་ཕྱིར་སྔོན་གྱི ་ཚུལ་ལ་སོགས་པས་ཡི་གེ་གསུམ་ཡིད་ཀྱིས་བཟླས་པ་དེ་ལ་དེ་སྐད་ཅེས་བྱའོ།། རྟག་པ་ཞེས་བྱ་བ་ལ་སོགས་པ་ལ་ཉིད་ཅེས་ནི་ངེས་པར་གཟུང་བའོ།། རྟག་པ་ཞེས་བྱ་བ་ལ་སོགས་པ་ནི་བཟློས་པའི་ཁྱད་པའོ།། དེ་བཞིན་དུ་ཡེ་ཤེས་ལ་ནི་རྣམ ་ཤེས་ཐིམ་ཞེས་པ་ནི་ཡིད་ཀྱི་སྒོམ་པས་ཡིད་ཀྱི་རྣམ་པར་ཤེས་པའི་མིང་ཅན་ཡེ་ཤེས་ཏེ། དེ་ལྷོར་དེ་ཐིམ་པའི་ཕྱིར་མཚོན་པའི་མཚན་ཉིད་དུ་བྱས་པའི་འབྲས་བུ་མཚོན་པ་མེད་པར་འགྱུར་རོ།། དེས་ནཱ་ཡེ་ཤེས་ཀྱི་དངོས་པོ་ཞེས་པ་ནི ་འཇིག་རྟེན་པས་རྣམ་པར་ཤེས་པ་མི་མཐོང་བའོ།། འཇིག་རྟེན་ལས་འདས་པ་ཡང་རྣམ་པར་ཤེས་པ་བརྟག་པའི་ཕྱིར་སྒྱུ་མ་ལྟ་བུའི་རྫོགས་པའི་བྱང་ཆུབ་ཀྱི་རིམ་པ་མཐོང་བའོ།། རྣམ་པར་ཤེས་པ་བརྒྱད་ཀྱི་འཇིག་རྟེན་ལས་འདས་པའི་ནང ་གི་ལྟ་བས་གོང་དུ་འཕོ་བའི་མཚན་ཉིད་ཀྱི་སྦྱོར་བ་གོམས་པས་དེའི་ཚེ་སངས་རྒྱས་ཀྱི་སྤྱན་ལ་སོགས་པ་བརྒྱད་སངས་རྒྱས་ཀྱི་ཡེ་ཤེས་རྣམས་བསྟན་པའི་ཕྱིར། དེའི་མཚན་ཉིད་བསྟན་པ་གསུངས་ཏེ་མར་མེ་ལྟ་བུ་ཞེས་བྱ་བ་ལ ་སོགས་པ་ལ། ཐམས་ཅད་ཞེས་པ་ནི་དམྱལ་བའི་ནང་དུ་གནས་པའི་དངོས་པོ་ཐམས་ཅད་དེའི་མིག་གི་རྣམ་པར་ཤེས་པས་མར་མེའི་རྣམ་པ་ལྟ་བུར་མཐོང་བའོ།། དེ་ཡང་དམྱལ་བ་རྣམས་ཐར་པའི་རྒྱུར་སྙིང་རྗེ་གཙོར་མཛད་དོ།། ་དེ་བཞིན་དུ་མཁའ་སྣང་བ་ཞེས་པ་ནི་བྱོལ་སོང་གི་འགྲོ་བ་ལ་ཁྱབ་པའི་རྣམ་པར་ཤེས་པས་རྣམ་པར་བཅོམ་ནས་མཐོང་བའོ།། རྡུལ་ཞེས་པ་ནི་འོད་ཟེར་རྣམས་སོ།། དེ་བཞིན་དུ་རྡུལ་ཀཽར་ཞེས་བྱ་བ་ལ་སོགས་པ་ནི་ཙཱ་ན་ཀའི་རཱི་ལུ་ལྟ ་བུར་འོད་ཟེར་རྣམས་སྣའི་རྣམ་པར་ཤེས་པ་ལས་བྱུང་ནས་ཡི་དགས་ཀྱི་འགྲོ་བ་རྣམ་པར་འཇོམས་པའོ།། དེ་ཉིད་ཉོན་མོངས་འཇོམས་ཞེས་པ་ནི་སྔོན་གྱི་བག་ཆགས་ཀྱི་མིང་རྣམས་ཀྱང་རྣལ་འབྱོར་པ་རྣམས་ཀྱི་ཞེས་པ་མིའི་ལུས ་ལས་བྱུང་བའོ།། དེས་ན་ཡང་མི་རྣམས་ཀྱི་ལུས་ཀྱི་གཟུགས་སྣ་ཚོགས་པ་བདག་ཉིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ཀྱིས་མཐོང་བར་འགྲོ་བ་དེ་རྣམས་བཅོམ་པས་དེ་ཐམས་ཅད་སྟོང་པའི་སྐུར་མཐོང་བའོ།། དེ་བཞིན་དུ་འདོད་པ་ཞེས ་བྱ་བ་ལ་སོགས་པ་ནི། འདོད་པ་ཀུན་ཏུ་སྤྱད་པོའི་གནས་བཅུ་གཅིག་པོ་ལུས་ཀྱི་རྣམ་པར་ཤེས་པས་མཐོང་བས་འགྲོ་བ་འགོག་པའི་ཕྱིར་དེའི་རང་བཞིན་གྱི་ཕྱིར་ལོངས་སྤྱོད་ཅེས་པ་ནི་རང་ཉིད་སྤྲུལ་པའི་སྐུའི་ཕྱིར་རོ།། དེ་བཞིན་དུ་གཟུགས ་ཞེས་པ་ནི་གཟུགས་ཀྱི་ཁམས་ཀྱི་བདག་ཉིད་ཀྱི་ལྷ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་བདག་ཉིད་དེ་དེ་རྣམས་ཀྱང་སྒྱུ་མའི་གཟུགས་ཅན་མཐོ་རིས་ལ་ལོངས་སྤྱོད་པར་མཐོང་ངོ་།། དེ་ལྟར་སེམས་ཀྱིས་མཐངའ་ཞེས་པའི ་ཚུལ་གྱིས་གནས་བཅུ་དྲུག་གི་ལྷ་རྣམས་གཟུང་ངོ་།། དེ་ལྟར་མ་གཟུངས་ཀྱང་སྔོན་དུ་གསུངས་པའི་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣ་མས་རྟོགས་པར་བྱའོ།། དེ་ལྟར་ཡང་དྲུག་པོ་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་མེད་པའི་ཁམས་ཀྱི ་ལྷ་རྣམས་བཞི་པོ་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའི་དངོ་པོ་མཐོང་ངོ་།། གང་གི་ཕྱིར་ཚོར་བ་སྟོང་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་བདུན་པ་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཀྱི་དབྱིངས་ཉིད་ཅེས་པའི་ཀུན་གཞི་རྣམ་པར་ཤེས ་པའི་རང་བཞིན་དམིགས་པ་མེད་པའི་ཕྱིར། ཆོས་ཀྱི་དབྱིངས་ཏེ་དེ་ལ་ཆོས་རྣམས་ཐམས་ཅད་འབྱུང་བ་དེ་རྣམས་འགོག་པའི་ཕྱིར་རོ།། བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་དུ་གསུངས་བཞིན་དུ་འགྱུར་ཏེ་གཞན་དུ་མ་ཡིན་ཞེས་པ་སྟེ་ངེས ་པའོ།། དེ་བཞིན་དུ་གོང་དུ་འཕོ་བའི་མཚོན་ཉིད་ཀྱིས་རྣལ་འབྱོར་པ་རྣམ་ཀྱི་སངས་ཉིད་ཀྱི་བྲས་སུ་འགྱུར་ཏེ། རང་གི་རང་བཞིན་ཡོངས་སུ་ཤེས་པའི་ཕྱིར་རོ།། དེ་ལྟར་རྣམ་པ་དང་བཅས་པའི་སྒོམ་པ་ལྔས་ཤིན་ཏུ་ཟབ་པའི་མཐར་སྣང་བ་མེད་པའི་ཡེ ་ཤེས་ཆོས་ཀྱི་དབྱིངས་སུ་བརྗོད་པ་བསྟན་ཏོ།། འདིར་ནི་བཅོམ་ལྡན་འདས་ཀྱིས་མདོར་བསྟན་པའི་ཕྱིར་སྔོན་དུ་ཞུས་པ་གསལ་བའི་དོན་ཏོ།། དེ་ནི་སྔོན་དུ་གསུངས་པའི་སྟོང་པ་ཉིད་རང་ཉིད་ཀྱིས་ཉམས་སུ་མྱོང་བའི་དངོས་པོའི་ང་རྒྱལ་ཙམ ་གྱིས་སེམས་དྲི་མ་མེད་པའི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྣམ་པར་དག་པ་བརྗོད་དེ། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའོ།། བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་སྙིང་པོ་སྐྱེ་དེ ་ཉིད་ཀྱིས་ན་བརྩེ་བ་ཆེན་པོ་ཞེས་པ་ནི་སྙིང་རྗེའི་སྒོ་ནས་བོད་པའོ།། དེ་ཡང་སྙིང་རྗེ་ནི་ཐོས་པ་ལ་སྦྱོར་བའོ།། དེ་ཅི་ཞེ་ན་དངོས་པོ་ཞེས་བྱ་བ་ལ་སོགས་པ་ནི་ཀུན་གཞི་རྣམ་པོར་ཤེས་པའི་ནང་དུ་གནས་པ་ཆོས་ཀྱི་དབྱིངས་ཀྱི་ཀུན་གཞི་རྣམ་པར་ཤེས ་པ་ལས་དངོས་པོ་ཐམས་ཅད་འབྱུང་བའི་ཕྱིར་དེ་རྣམས་ཀྱི་རྣམ་པར་དག་པ་སྔོན་དུ་མཚན་མའོ་མཚན་ཉིད་ཀྱིས་མཚོན་པར་ཆོས་ཀྱི་དབྱིངས་ཏེ། དེ་ཡང་དེ་བཞིན་ཉིད་ཡང་དག་པའི་མཐའོ།། ཕྱི་ནས་རེ་རེའི་ཞེས་པ་ནི་ལུས་ཀྱི་དངོས་པོའི་ཕྱིར ་ཁམས་བཞི་ལ་སོགས་པའི་རང་བཞིན་གྱི་ཕྱིར་སོ་སོར་ཡོངས་སུ་བརྟག་པ་རབ་ཏུ་བརྗོད་པའོ།། ནི་ནི་ངེས་པར་གཟུང་བའོ།། ལྷ་རྣམས་ཀྱི་ཞེས་པ་ནི་རགས་པའི་རྣམ་པ་ཉིད་རྣམ་པར་ཤེས་པ་བརྒྱད་དང་སྔོན་དུ་གསུངས་པའི་ཕྲ་མོ་འདིར་རྩ ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལྷ་རྣམས་ཏེ་དེ་རྣམས་ལས་བྱུང་བ་སྒྱུ་མའི་རྣམ་པའི་རང་བཞིན་ནོ།། དེ་ཡང་སྣང་བ་ཙམ་དེ་བཞིན་ཉིད་ཀྱི་རང་བཞིན་ནོ།། དེའི་ཕྱིར་རྩ་རྣམས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཕུང ་པོ་དང་ཁམས་དང་སྐྱེ་མཚང་ལ་སོགས་པ་འམ། སེམས་ཅན་རྣམས་ཀྱི་རང་བཞིན་ཞེས་གས་ན་སྟོང་པ་སྟེ་གོང་བུ་རྡུལ་ཕྲ་རབ་བཞིན་དུ་བལྟ་བའོ།། རྣམ་པར་དག་པ་ཞེས་པ་ནི་རྣལ་འབྱོར་པའི་འཇིག་རྟེན་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དོ།། ་དེ་བཞིན་དུ་བྱིས་པ་རྣམས་ཀྱི་མི་ཤེས་ཞེས་པ་ལ་སོགས་པ་ནི་ཉོན་མོངས་པ་ཅན་མ་ཡིན་པ་མི་ཤེས་པ་ཤེས་པའི་སྒྲིབ་པའོ།། ཉོན་མོངས་པ་ཞེས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་སྒྲིབ་པའོ།། དེ་དག་གིས ་བསྒྲིབས་ཤིང་དྲི་མ་ཅན་དུ་བྱས་པ་རྣམ་པར་སྦྱང་བའོ།། དེ་རྣམས་ཀྱི་བློ་བུར་བའི་དྲི་མ་བསལ་བའི་དོན་དུ་སྐྱེ་སྟེ། མི་ཤྲེ་པ་དེ་རྣམས་ཀྱི་དྲྀ་མ་བསལ་བའི་ཕྱིར། ཐབས་གང་གིས་སྦྱང་བ་འདིར་གསུངས་པ། རང་རིག་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔོན ་དུ་བཤད་པའི་རང་རིག་པ་དེའི་རང་བཞིན་དེས་རྣམ་པར་དག་ཅེས་པའི་དོན་ཏོ།། དེ་ཅི་ཞེ་ན་གསུངས་པ། གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་རླུང་རིག་པ་ལས་གཞན་པའི་རྣམ་པར་དག་པའི་ཁྱད་པར་དུ་དག་པར་མི་བརྗོད་དོ།། བགྲ་ཆགས་དང ་བཅས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པས་ན་རྣམ་པར་དག་པ་ཞེས་པའི་དོན་ཏོ།། འོ་ན་དེ་རྣམ་པར་དག་པའི་འབྲས་བུར་གྱུར་པ་དེ་ནི་ཡུན་རིང་པོའི་དུས་སུ་བསྒོམས་ཤིང་ལམ་འདི་ལ་དམིགས་པ་ཡིན་ན་སྔོན་དུ་ཇི་ལྟར་རང་བཞིན་གྱིས་ཐམས ་ཅད་དག་པར་འགྱུར། དེས་ན་གསུངས་པ། ཡུལ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི། ཡུལ་དང་པ་དབང་པོ་ལ་སོགས་པ་རང་རིག་གི་ཤེས་པ་དམིགས་པའི་ཕྱིར། དེ་རྣམས་ཀྱི་རང་རིག་པའི་བདེ་བའི་མཆོག་དོན་དམ་པ་ཞེས་པའི་དོན་ཏོ།། དེ་ཅི་ཞེ་ན་གསུངས ་པ།། དངོས་དག་ཕྱིར་ཞེས་པ་ནི་དག་པ་དེ་རྣམས་ཀྱང་གཉིས་མེདང་པོ་སྟོང་པའི་རང་གི་ངོ་བོ་རིག་པ་བྱེད་པ་ཉིད་ཀྱིས་ན་སྟོང་པ་ཉིད་ཉམ་སུ་མྱོང་བའི་རང་བཞིན་གྱི་ཕྱིར་རོ།། དངོས་པོ་ཡང་སེམས་བསྐྱེད་པའི་ངོ་བོའི་ཕྱིར་དངོས་པོ་དག་པ་སྟེ་དེ་མེད་པ་ནི་དེ་ཁོ་ན་ཉིད ་དེའི་ཕྱིར་སྟོང་པ་ཉིད་ཉམས་སུ་མྱོང་བ་ཐུན་མོང་གི་འབྲས་བུར་གྱུར་པ་རང་རིག་པའི་བདེ་བ་ནི་ཤེས་བྱ་ཐམས་ཅད་དང་དབྱེར་མེད་པའི་ཕྱིར་ཞེས་དགོངས་སོ།། དེ་ཉིད་ཀྱིས་ན་སྟོང་པ་ཉིད་ཀྱི་ཆ་དེ་བཞིན་ཉིད་ཁོ་ན་ཉིད་དོ།། དངོ་བོ་རྣམས་ཀྱི་སྟོད་པ་དངོས ་པའི་མརྣལ་འབྱོར་མའི་འཁོར་ལོ་ལ་དམིགས་པའི་དབྱི་བས་ཉམས་སུ་མྱོང་བའི་དབྱེ་བའོ།། རྣལ་འབྱོར་མའི་དབྱེ་བས་སོ་སོར་དམིགས་པ་རྣམས་ཀྱི་དེ་ཁོ་ན་ཉིད་དོ།། ཡང་ན་དེ་བཞིན་གཤེགས་པའི་དམིགས་པའི་དབྱེ་བས་ཉམས་སུ་མྱོང་བའི་དབྱེ ་བ་ནི་དེ་བཞིན་གཤེགས་པའི་དབྱེ་བ་སྟེ་སོ་སོར་དམྱིགས་པ་ཞེས་པ་དེ་ལ་དེ་སྐད་ཅེས་བྱའོ།། འོ་ན་གང་དག་སྔོན་པོ་དང་སེར་པོ་ལ་སོགས་པའི་དབྱེ་བའི་རྣམ་པས་རྣལ་འབྱོར་པ་རྣམས་ལ་དངོས་པོ་སྣང་བ་དེ་ཇི་ལྟར་རྣམ་པར་དག་ཅེ་ན། དེས་ན་གསུང ་པ་གཟུགས་ཅེས་བྱ་བ་ལ་སོགས་པ་ལ་གཟུགས་སོགས་ཡུལ་ཞེས་པ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ།། གཞན་ཞེས་པ་ནི་དེ་བཞིན་ཉིད་དེ་དག་ཡང་དག་པར་རིག་པའི་མཚན་ཉིད་དང་བྲལ་ཞེས་པའི་དོན་ཏོ།། རྣམ་པར་དག་པའི་དངོས་པོ་ཞེས ་པ་ནི་རྣམ་པར་དག་པའི་རླུང་བཞིན་ནོ།། དེ་ཅི་ཞེ་ན་གང་གི་ཕྱིར་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བའི་རིམ་པ་བཞིན་གཟུགས་ཐམས་ཅད་དང་སྒྲ ་ཐམས་ཅད་དང་སེམས་ཀྱི་གཡོ་བ་ཐམས་ཅད་དང་། ཆོས་ཀྱི་དབྱངས་སོང་བས་ན་སེམས་ཅན་གྱི་ཁམས་ཀྱང་དེ་བཞིན་གཤེགས་པའོ།། འདིར་གལ་ཏེ་སེམས་ཅན་གྱི་ཚོགས་དེ་རྣམས་ཀྱང་དེ་བཞིན་གཤེགས་པའི་གསང་བའི་རྗེས་སུ་མང ་དེ་ཁོ་ན་ཉིད་ཀྱིས་རྣམ་པར་སྦྱངས་པས་མ་དག་པ་ཅུང་ཟད་མེད་ཅེས་པས་བགྲོས་ནས་ཞུས་པ། ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཅིའི་སླད་དུ་ཞེས་པ་ནི་རྒྱུ་གང་གིས་ཞེས་པའི་དོན་ཏོ།། གཟུད་པ་ཞེས་བྱ་བ་ལ ་སོགས་པ་ནི་འདིར་གང་དག་འཇིག་རྟེན་པའི་མིག་ལ་སོགས་པས་ཡུལ་རྣམས་ལ་དམིགས་ཤིང་བདག་ཏུ་འཛིན་པ་ནི་དམྱལ་བ་ལ་སོགས་པའི་རྒྱུ་སྟེ། དེ་ཐམས་ཅད་ལྷའི་གཟུགས་ཉིད་ཀྱིས་སྦྱང་བའི་དོན་ཏོ།། དེ་ཉིད་གསུངས་པ་སྟན་བྱ་བ་ལ་སེགས ་པ་ནི། གང་དག་མ་དག་པ་དེ་དག་ཐམས་ཅད་དུས་ཐམས་ཅད་དུ་སྦྱང་བར་བྱའོ།། འདི་དག་ཅེས་པའི་ཚིག་ནི་གཟུགས་ཞེས་བྱ་བ་ལ་སོགས་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ ་གཟུགས་བཀོད་ཅིང་ཡོངསུ་བརྟགས་ནས་རང་དགར་རྣམ་པར་སྤྱོད་པའོ།། ཡང་ན་དེ་ལྟར་མི་བྱེད་ན་དེའི་ཚེ་བདེ་བ་ཞེས་བྱ་བ་ལ་སོགས་པ་ནི་ཐ་མལ་པའི་སེམས་ཅན་རྣམས་ཀྱི་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་དབང་གིས་མཐོ་རིས་ཀྱི་འདོད ་པའི་འབྲས་བུ་ལཱ་ཉ་བཱར་ལོངས་སྤྱད་པ་ཐོབ་ཅིང་བདྲ་བ་ལ་ལོངས་སྤྱོད་དོ།། སྡུག་བསྔལ་ཞེས་པ་ནི་སེམས་ཅན་ལ་གནོད་པ་བྱས་པས་དམྱལ་བ་ལ་སོགས་པའི་འབྲས་བུ་སྡུག་བསྔལ་ལ་ལོངས་སྤྱོད་དོ།། དེ་བཞིན་དུ་ཡང་ཞེས་པ་ནི་མངར་ན་སེམས ་ཅན་རྣམས་ཀྱི་རྟེན་ཅིང་འབྲེལ་པོར་འབྱུང་བའི་ཕྱིར་ལས་དང་ཉོན་མོངས་པ་ལ་སོགས་པའི་དགྲས་སྡུག་བསྔལ་ཀྱིས་འཁོ་བར་འཁོར་ཏེ་དེ་ལྟར་སྐྱེ་བ་ལ་ལེགས་པའོ།། འཇིག་པ་ཞེས་པ་ནི་འཆི་བ་སྟེ། དགེ་པའི་གྲོགས་མཆོག་དང་བྲལ ་བས་སོ།། དེ་བཞིན་དུ་སྲིད་པ་ཞེས་པ་ནི་དགེ་བའི་གྲོགས་མཆོག་བརྙེས་པ་རྣམས་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་རང་བྱིན་གྱིས་བརླབ་པ་མངོན་སུམ་དུ་བྱེད་པའོ།། མྱ་ངན་ལས་འདས་པ་ཞེས་པ་ནི་དོན་དམ་པའི་འོད་གསྔལ་བའི་ཡེ་ཤེས ་ལྔ་མོས་པས་མངོན་དུ་བྱེད་པའོ།། དེ་ལྟར་བདེན་པ་གཉིས་ཀྱིས་གྲོལ་བར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཞེས་པ་ནི་ངེས་པའོ།། དེ་ལྟར་ཡང་གསུངས་པ། སྒྱུ་མ་ལྟ་བུའི་ཏིང་འཛིན་ཡང་།། བདེན་པ་ལ་བརྟེན་བྱང་ཆུབ་ཉིད།། འོད་གསལ་ལ ་ནི་མོས་པ་ཡིས།། རྣལ་འབྱོར་པ་སྲིད་ཟད་པར་བྱ།། རང་བྱིན་བརླབ་པའི་རིམ་ཉིད་དྲང་།། ཟུང་དུ་འཇུག་པའི་ཏིང་འཛིན་གྱིས།། མ་ལུས་སངས་རྒྱས་གཟུགས་སུ་ཡང་།། ཕུང་པོ་ལ་སོགས་དག་པས་བལྟ།། རྣལ་འབྱོར་པ་ནི་སངས་རྒྱས ་ཉིད། དེ་ཉིད་ལ་སོགས་བསྒོམས་པས་མཐོང་།། སེམས་ཅན་རྣམས་ནི་དེ་དག་ཕྱིར།། སྲིང་ལྔ་ཞེན་པ་མེད་པར་བྱ།། །། ཁ་སྦྱོར་ཐིག་ལའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་ལྔ་པའི་རབ་ཏུ་བྱུད་པོ་གཉིས་པ་ཕུང ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་དག་པའི་རྒྱ་ཆེར་འགྲེལ་པ་ཡོང་དག་པའི་ལྟ་བ་དྲན་པའི་སྣང་བ་ཞེས་བྱ་བའི་གཞུང་བསྟན་པོ་སྟེ་གཉིས་པའོ།། །། ད་ནི་སྤྱོད་པས་འཁྱུད་པའི་བླ་ན་མེད་པའི་རབ་ཏུ ་བྱེད་པ་བསྟན་པའི་ཕྱིར། བྱང་ཆུབ་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་གང་གི་ཚེ་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་པ་དང་བྱོལ་བའི་ཕྱིར། ཕྱི་དང་ནང་གི་དངོས་གྲུབ་མེད་དོ།། དེས་ན་རབ་བཤོད་དེ་ཞེས་པ་ནི་ཡང་དག་པའི་ཡོངསུ་ཤེས་པར ་བྱ་བའི་ཕྱིར་རོ།། སྤྱོད་པ་ནི་སྤྱོད་པའི་ཚུལ་གྱིས་དེའི་རང་བཞིན་དུ་འགྱུར་བའོ།། དེའི་ཕྱིར་རྟོག་པའི་དགྲ་རྣམས་འཇོམས་པའི་ཞེས་པ་ནི་ཀུན་ཏུ་རྟོག་པའི་རྣམ་པར་རྟོགས་པ་སྣ་ཚོགས་པའི་དགྲ་དེ་རྣམས་འཇོམས་ཤིང ་སྤྱོད་པའི་ཏིང་ངེ་འཛིན་གྱིས་བསློབ་ཅེས་པའི་དོན་ཏོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་སྤྱོད་པའི་རྣལ་འབྱོར་པས་སྤྱོད་པའི་ཕྱིར་སེམས་ལས་ཆོས་བཟང་པོ་ཡང་དག་པར་འབྱུང་བའོ།། དེ་ཉིད་ཅེས་པ་ནི་རྣམ་པར་མི་རྟོག་པས་གཟུང་བ ་འོཆད་བཞིན་པའོ།། དེའི་ཕྱིར་སྤྱོད་པ་བླ་ན་མེད་པ་ཞེས་པ་ནི་གཞན་དེ་བོ་དང་བྲལ་བ་ཡང་དག་པོའི་བྱང་ཆུབ་ཀྱི་ལམ་གྱི་རྗེས་སུ་འབྲང་བ་དེ་ལ་སྐད་ཅེས་བྱའོ།། དེ་ཉིད་ཀྱིས་ན་ཕན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སངས་རྒྱས་ཀྱི་སྲས་ད་ལྟར ་བྱུང་བའི་ལས་དང་པོ་པ་རྣམས་དང་རྫོགས་པའི་བྱང་ཆུབ་ལ་གནས་པ་གཉི་ག་ལ་ཕན་པར་བྱེད་པའི་སྤྱོད་པའོ།། དེ་ཡང་དེ་ཁོ་ན་ཉིད་ཅེས་པ་ནི་རང་རིག་པའི་ཡེ་ཤེས་སོ།། ཅིའི་ཕྱིར་ཞེ་ན། གསུངས་པ། ལུས་མེད་རྡོ་རྗེ་ཞེས་པ་ནི་འདོད་ཆགས་ཆེན་པོའི ་དེ་བ་ཆེན་པོའི་ཡེ་ཤེས་བཞི་པ་ལས་འདས་པའི་རྟོག་པའི་བདེན་པ་སྤངས་པའོ།། དེ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པ་ནི་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱད་པའི་རང་བཞིན་མཆོག་ཅེས་བརྗོད་པའི་ཕྱིར་རོ།། དེ་ཇི་ལྟར་བུར་གྱུར་པ ་ཡིན་ཞེ་ན། དེ་ཉིད་གསུངས་པ། སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེ་བ་བརྒྱུད་པའི་སྡུག་བསྔལ་ཆེན་པོའི་རྒྱ་མཚོའོ།། འཇིགས་པོ་ཞེས་པ་ནི་ལས་ཀྱི་ཆུ་སྲིན་ལ་སོགས་པས་དཀྲིས་པའོ།། དགའ་བ་ཞེས་བྱ་བ་ལ་སོགས་པ་ནི་ཉོན་མོངས་པའོ།། དེ་བཞིན་དུ ་སྒྲོལ་བྱེད་པ་ཞེས་པ་ནི་སྤྱོད་པ་དེས་སོ།། གྲུ་བཞིན་དུ་ཞེས་པ་ནི་གྲུ་བཞིན་དུ་སེམས་ཅན་ཐམས་ཅད་བདེ་བར་སྒྲོལ་བས་ཤེས་པ་དེ་ལ་དྲི་སྐད་ཅེས་བྱའོ།། དེ་བཞིན་དུ་སྦྱར་དུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་བཞིན་དུ་དེ་བཞིན་ག་ཤེ་པནྡྷེ་གྱི་ཕན ་ཡོན་གྱི་སྒོ་ནས་སྤྱོད་པ་བསྟན་པའི་ཕྱིར་ལྷ་མིན་དགྲ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་དེ་བཞིན་གཤེགས་པས་སྤྱད་པའི་སྤྱོད་པས་སོ།། དེ་བཞིན་དུ་ལྷ་མིན་དགྲའི་འཁོར་ལོ་ཞེས་པ་ནི་ཁྱབ་འཇུག་གོ།། གྲོང་ཁྱེར་གསུམ་དགྲ་ཞེས་པ་ནི ་ཞི་བྱེད་དོ།། དེ་བཞིན་དུ་ཚངས་པ་དང་སོགས་པའི་སྒྲས་ལྷ་དང་མི་ལ་སོགས་པ་དེ་རྣམས་ཀྱིས་མཆོད་པའི་འགྲོ་བའི་སྟོན་པའོ།། སྡིག་འཇོམས་ཞེས་པ་ནི་སྡིག་པ་རྣམས་པར་འཇོམས་པའོ།། ཨ་བ་དྷཱུ་ཏཱིའི་སྤྱོད་པ་ཞེས་པ་ནི་ཨ་བ་དྷཱུ་ཏཱིའི་རྗེ་སུ་སྦྱོང ་པའི་ཕྱིར་རོ།། ལྷག་མ་ནི་གོ་སླའོ།། བསམ་གྱིས་མི་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་ལ་བཟང་པོ་ཞེས་པ་ནི་བཞི་པ་ལས་འདས་པའོ།། བསམ་གྱིས་མི་ཁྱབ་ཅེས་པ་ནི་གཉིས་མེད་པའི་གཉིས་མེད་པའོ།། གནས་པ་ཞེས་པ་ནི་རང་རིག་པའོ།། རབ་གས ་བསྒོམ་ཞེས་པ་ནི་སྲོག་བླ་ན་མེད་པར་ཐིམ་པ་སྔོན་དུ་རྒྱས་པར་གསུངས་པའི་ཕྱིར་རོ།། སྒོམ་ཞེས་པ་ནི་བྱ་བའོ།། རྣལ་འབྱོར་པ་ཞེས་པ་ནི་སྲོག་ལ་བརྟེན་པའི་ཡེ་ཤེས་སོ།། ཡང་དག་སྤྱད་ཅེས་བྱ་བ་ནི་དབང་པོའི་སྒོ་ནས་སྔོན་བཞིན་མཚན་མ་བརྒྱད ་མཐོང་བའི་ཚུལ་གྱིས་ཡང་དག་པར་སྤྱད་པས་རྣམ་པར་དག་པ་ཞེས་ཏེ་ངེས་པོའོ།། དེས་ན་བྱ་ཞེས་པ་ནི་དོར་ཅི་ཞིག་བྱ་ཞེ་ནོ།། གསུངས་པ། རྟོག་པ་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་ཙམ་གྱི་རྟོག་པོ་དེ་ཡང་སྤང་བར་བྱ་ཞེས་སྦྱར་རོ།། ད་ནི་ཨ་བ་དྷཱུ་ཏཱི་པ་རྣམ ་ཀྱི་རྣལ་འབྱོར་རྣམ་པར་བཞག་པ་བསྟན་པའི་ཕྱིར། དྲང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མྱོས་པའི་དུས་སུ་ཇི་སྲིད་མངོན་སུམ་དུ་བསམ་ག་ཏན་གསལ་བར་མི་འགྱུར་བ་དེ་སྙིད་དུ་མན་ངག་བསྒོམ་པ་ཡང་དང ་པོ་རྩོམ་པས་རྒྱུ་མཐུན་པའི་འབྲས་བུའི་ཚུལ་ཉིད་སྐྱེ་བའི་རྣལ་འབྱོར་པ་རྣམས་ཀྱིས་ཞེས་པའི་དོན་ཏོ།། དེ་ནས་ཞེས་པ་ནི་དེའི་ཕྱིར་སྒོམ་པ་རྣམ་པར་ཐིམ་ནས་རྣམ་པར་སྨིན་པའི་འབྲས་བུར་འགྱུར་བྱའོ།། དེ་བཞིན་དུ་ཉེར་བསྡུས་ཞེས་བྱ་བ་ལ་སོ ་པཔཱ་རང་ཉིད་འགྱུར་ཞེས་པའི་མཐར་ཐུགས་པའི་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ། བྱིས་པ་གཞོན་ནུའི་གཟུགས་ཉིད་ཀྱི་ཕྱིར་རོ།། དེ་བཞིན་དུ་དངོས་གྲུབ་ཅེས་པ་ནི་རབ་ཀྱི་མཐར་ཐུག་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དྲི་མ་མེད་པར་སོན་པོའོ།། དེའི ་ཕྱིར་རབ་ཏུ་གྲུབ་པའོ།། མ་ལུས་ཞེས་པ་ནི་ལུས་པ་མེད་པའོ།། སྣ་ཚོགས་པ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྤྱོད་པ་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་ལས་སྐྱེས་པའོ།། བླ་མོད་ཅེས་པ་ནི་ཆོས་ཀྱི་དབྱིངས་མཉམ་པ་དེ་ལ་དེ་སྐད་ཅེས་པའོ།། ་ཀུན་ཏུ་བཟང་པོ་བདེ་བ་ཆེན་པོའི་སྐུས་གཞལ་དུ་མེད་པའི་དངོས་གྲུབ་སྐྱེད་པར་བྱེད་པ་འོད་གསལ་བ་ཞེས་པའི་སྤྱོད་པས་སོ།། འགྲུབ་ཅེས་པ་ནི་གང་རྣལ་འབྱོར་སྒོམ་པ་པོ་དེ་ཉིད་དུ་མི་འགྱུར་ཏེ། རྡོ་རྗེ་ཅན་ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ ་ཞེས་པ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་དང་ལྡན་པས་བྷ་གོའི་སྦྱོར་བ་དང་ལྡན་པར་ངེས་པའོ།། དེའི་ཕྱིར་འགྲོ་བ་ཞི་བ་ནི་དང་པོའི་སངས་རྒྱས་རྒྱུ་མེད་པ་འགྲོ་བ་ལས་དང་པོར་བྱུང་བ་སྔོན་དུ་གསུངས་པའི་རྡོ་རྗེའི་ཆང་དེ་ཉིད་གང་གི་ཕྱིར ་སློབ་དཔོན་ཏེ། ཁམས་གསུམ་པོ་སྤྲུལ་པ་བསྟན་པ་དང་སྟོན་པ་པོ་ཉིད་ཀྱི་ཕྱིར་ཤིན་ཏུ་ཡང་མཚན་པ་ཉིད་ཀྱི་ནའོ།། ཕྱག་བྱས་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། གསང་བའི་ཞེས་བྱ་བ་ལ་སོགས་པ་ནི་དྲ་ལྟའི་སློབ་དཔོན་གྱིས་དེ་དེ་བཞིན་དུ ་བྱ་བའོ།། དེ་བཞིན་དེ་ནས་ཞེས་བྱ་བ་ལ་སོགས་པ་དེའི་ཕྱིར་སྤྲུལ་པའི་སྐུ་དང་འདོད་པ་ཞེས་པ་བདག་ལ་རང་དབང་ཐོབ་པར་འགྱུར་བའོ།། ལྷག་མ་དགོས་པ་ཞེས་བྱ་བ་ལ་སོགས་པ་གོ་སླའོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་ལྔ་བའི་རབ ་ཏུ་བྱེད་པ་གསུམ་པ་སྤྱོད་པས་འཁྱུད་པ་སེམས་ཙ་མོ་ཉིད་དུ་གསུངས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་གསུམ་པའོ།། ། ད་ནི་སྤྱོད་པས་འཁྱུད་པ་མདོར་བསྟན་ནས་དེ་སླར་བཤད། ་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་བཤད་བྱ་བ་ཞེས་པ་ནི་སྤྱོད་པ་སླར་བཤད་པའི་མཚན་ཉིད་གང་དང་གང་སེམས་ཅན་གྱི་དེན་མཚུངས་པ་མེད་པར་འགྱུར་པའོ།། ཕ་རོལ་སོན་ཞེས་པ་ནི་བསམ ་གཏན་གྱི་སྦྱོར་བས་སོ།། དེའི་ཚེ་གང་གིས་ཞེས་བྱ་བ་ལ་སོགས་པ་ལ། གྲང་གིས་མཆོག་ཏུ་དགའ་བ་ཞེས་པ་ནི་རྣལ་འབྱོར་མ་དང་འདུས་པའི་ཕྱིར་ཁ་སྦྱོར་གྱི་སྦྱོར་བས་ཏེ། རྡོ་རྗེ་རྣལ་འབྱོར་བཱ་ཞེས་པ་ནི་མཆོག་ཏུ་མི་འགྱུར་བའི་རྣལ་འབྱོར་པའོ།། ་སོམ་ཉི་མེདོ་པ་ཞེས་པ་ནི་མི་ཟད་པའི་བདེ་བ་ཐོབ་ཅེས་པའི་དོན་ཏོ།། དེ་ཉིད་ཀྱིས་ན་མཁའ་འགྲོ་མ་སོགས་ཞེས་གསུངས་ཏེ། མཁའ་འགྲོ་མ་འདུས་པའི་གནས་སུའོ།། གཏོར་མ་ཞེས་པ་ནི་ཟས་ཀྱི་མཆོད་པའི་དུས་སུའོ།། སོགས་པའི་སྒྲས་ནི་ཐ་མལ ་པའི་གནས་སུ་ནུབ་མོ་འདུས་པ་ཉིད་ཀྱི་ཕྱིར་རོ།། ཅི་རྙེད་པ་ཞེས་པ་ནི་ནམ་དང་པོ་ལ་སོགས་པའི་ཤ་དང་བཏུང་བ་དེ་ཐམས་ཅད་རྣམ་པར་མི་རྟོག་པས་བཟའ་བར་བྱའོ།། དེ་བཞིན་དུ་རོའི་གོས་ཞེས་པ་ནི་མིའི ་ལྤགས་པ་བགྲོ་བའོ།། ཡང་ན་འདི་ཉིད་ཀྱི་སྒྲ་ལས་བྱས་པའི་གོསོ་སམ། དེའི་རས་བགོ་བའོ།། ཁམ་ཕོར་ཆག་པོ་ཞེས་པ་ནི་ཁམ་ཕོར་དུམ་བུར་སོང་བའོ།། དེ་ཡང་འཆང་བཞིན་པའི་སྒྲ་དང་ལྗོན་པ་གཡུལ་གྱི་ས་ནས་བླངས་པའོ།། དེ་བཞིན ་དུ་བསྒོམ་པའི་གནས་གསུངས་པ།། རི་བོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཁ་དོག་ཅན་ཞེས་པ་ནི་འོད་ཟེར་རྣམས་སོ།། བསྒོ་ཞེས་པ་ནི་སྤྲོ་བའོ།། འོད་ཟེར་དེས་ཀྱང་དཀྱིལ་འཁོར་པའི་ལྷར་བརྟག་པར་བྱའོ།། ངེས་པའི་དོན་དུ་བཞི ་མདོ་ཞེས་པ་ནི་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་བཞིའི་རྗེ་སུ་ཨ་པཱ་དྷཱུ་ཏཱིའི་དཀྱིལ་འཁོར་རྒྱུ་བ་ལ་རང་གི་བདག་ཉིད་ཀྱིས་བསྒོམ་པའོ།། དེ་བཞིན་དུ་རི་བོ་ཞེས་པ་ནི་སྤྱི་བོའི་མིང་ཅནྡ་ན་མཁའི་དཀྱིལ་འཁོར་ལའོ།། དེ་ལྟར་དཀྱིལ ་འཁོར་མཐའ་དག་ཨ་བ་དྷཱུ་ཏཱིར་རྒྱུ་བའོ།། དེ་བཞིན་དུ་ཤིང་གཅིག་དྲུང་ཞེས་པ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྒྱུ་བའི་དུས་སུ་མཚོན་པར་བྱ་བའོ།། དེ་ནི་སྣ་ཁུང་གཡོན་པའི་རླུང་ངོ་།། དེ་བཞིན་དུ་སྒྲའི་བུ་གུ་གཡས་པའི་ཡང་དུར་ཁྲོད་ཅེས་པ་ནི་སྡུད ་པའི་གནས་སུའོ།། གང་གི་ཕྱིར་གཡོན་པ་སྤྲོས་པའི་གནས་ཡིན་པའི་ཕྱིར་རོ།། འང་ཞེས་པ་ནི་བརྟག་པའོ།། དེ་ལྟར་དབང་ཞེས་པ་ལ་སོ་པ་ནི་ལ་སོ་ལཱྀ་དཀྱིལ་འཁོར་བཞིའི་རྗེས་སུའོ།། མ་མོའི་ཁྱིམ་ཞེས་པ་ན་མཁའ་ལའོ།། དབེན་པ་ཞེས་པ ་ཤེས་ཀྱི་དཀྱིལ་འཁོར་བསྒོམ་ཞིང་སྲོག་གཞུག་ཅེས་པའི་དོན་ཏོ།། དེའི་ཕྱིར་པདྨའི་ཚུལ་ཞེས་པ་ནི་རྣལ་འབྱོར་མ་རྣམས་ཀྱི་སྐྱེ་གནས་ཀྱི་རྩ་ཕྲ་མོ་སྟེ། དེའི་གནས་སུ་རྒྱུ་བའི་དུས་སུ་རྩ་ལ་པདྨ་ཞེས་བརྗོད་དོ།། དེ་བཞིན་དུ་ཆུ་བོ་འདུས་པ་ཞེས ་པ་ནི་སྟེང་འོག་གི་སྦྱོར་བ་རླུང་གཉིས་ལྟེ་བར་འདུས་པའི་གནས་སུའོ།། དེར་ཞེས་པ་ནི་ཕྱི་དང་ནང་གི་གནས་དག་ཏུའོ།། དེ་བཞིན་དུ་རི་རྩེར་ཞེས་པ་ནི་མཆོག་ཏུ་མི་འཛག་པའི་སྦྱོར་བས་སྟེང་དུ་འགྲོ་བའོ།། ཚང་ཚིང་ཞེས་པ་ནི་གསང་བའི ་གནས་སུ་མི་འཛག་པའི་བདེ་བ་འཛིན་པ་ཞེས་པ་སྟེ་ངེས་པའོ།། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་རྩའི་སྦྱོར་བས་དུས་རྣམས་ཟོས་པའོ།། དེ་ཉིད་ཀྱིས་ན་གཏོར་མ་སྦྱིན་ཞེས་པ་ནི་སྲོག་གསང་བའོ།། ད་ནི་སེམས་ཅན་གྱི་དོན་དུ་ཨ་བ་དྷཱ་དཱི་པའི ་ལ་འབྱོར་པའི་ཆ་ལུགས་སྣ་ཚོགས་པ་འཛིན་པ་མངོན་དུ་བསྟན་པའི་ཕྱི་རོ། འོལ་མ་ས་སོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོལ་མ་སེ་ལ་སོགས་པའོ་དོ་ཤལ་གྱི་རྒྱན་དུ་བྱ་ཞེས་པའི་དོན་ཏོ།། དེ་བཞིན་དུ་སྲོག་ཆགས་ཡན ་ལག་ཅེས་བྱ་བ་ལ་སོགས་པ་ནི་སྟག་ལ་སོགས་པ་ནི་སྟག་ལ་སོགས་པའི་པགས་པ་གོས་སུ་བགོ་བའོ།། དདེ་དོན་དུ་ཞེས་པ་ནི་རྣལ་འབྱོར་མ་སྙོམས་པར་འཇུག་པར་འདོད་ན་སྦྱིན་ཞེས་པ་ནི་བྱ་བའོ།། ལ་ལར་ཞེས་པ་ནི་རྣལ་འབྱོར་པས ་ད་པ་བཞིན་རྟག་ཏུ་ཐམས་ཅད་ཅེས་བྱ་བའི་དོན་ཏོ།། གཞན་གྱི་ཡུལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་ཕྱིའི་གནས་རྣམས་སུ་གནས་པའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལཾ་ཕྱོགས་ལས་རྣམ་པར་རྒྱལ་བ་ཞེས་པ་ནི་སྤྱོད་པའོ།། ཕྱོགས ་ལས་རྣམ་པར་རྒྱལ་བ་ཞེས་པ་ནི་རྣལ་འབྱོར་པའི་རང་བཞིན་ཇི་སྐད་དུ་གསུངས་པའོ།། དེ་ལྟར་རེ་ཞིག་བརྟན་བྱས་ཏེ་ཞེས་པ་ནི་སྤྱོད་པ་བསྒོམ་པས་བརྟན་པར་བྱས་པའོ།། དེ་ཡང་མཆོག་ཏུ་མི་འགྱུར ་བའི་ཕྱིར་རོ།། དེ་ཉིད་ཀྱིས་ན་རྣལ་འབྱོར་ཞེས་པ་ནི་དེ་དང་ལྡན་པ་སྟེ། མི་ཤིག་པ་ཞེས་པ་ནི་མི་འགྱུར་བའི་བདེ་བ་ཐོབ་པའོ།། དེས་ན་རིག་མ་ཞེས་བྱ་བ་ལ་སོགས་པ་ལ།། རིག་མ་ཞེས་པ་ནི་རྣལ་འབྱོར་མའོ།། ལྷ་མོ་ཞེས་པ་ནི་འདོད་པ་ཅོན་གྱི ་དུད་མཽད་རྣམསོ།། གཟུང་བར་བྱ་ཞེས་པ་ནི་རྣལ་འབྱོར་མའི་གཟུགས་སུ་བྱ་བ་སྟེ་ངེས་པའོ།། དེ་ཡང་འདོད་པ་ཅན་ཞེས་པ་དེ་ཅིའི་ཞེ་ན། གསུངས་པོ། ལྷ་མོ་ཞེས་བྱ་བ་ལ་སོགས་པ་ལ། ལྷ་མོ་ཞེས་པོ་ནི་ཐིག་ལེ་མཆོག་མ་ལ་སོགས་པའོ།། ་དགའ་མ་ཞེས་པ་ནི་བདྲེ་བ་ཆེན་པོའི་རང་བཞིན་མའོ།། རོལ་མ་ཞེས་པ་ནི་ཡོད་དེ་བཞིན་དུ་བལྟའོ།། དགའ་མ་ཞེས་པ་ནི་དགའ་བར་བྱ་བ་མའོ།། དེ་བཞིན་དུ་རིག་པ་འཛིན་པ་ཞེས་པ་ནི་གཙོ་མོ་ཆེན་མོའོ།། གནོད་སྦྱིན་མོ་ཞེས་པ་ན་གནོད་སྦྱིན་གྱི་བུད་མེད་དོ།། ་ཀླུ་མོ་ཞེས་པ་ནི་ཀླུའི་རིགས་བརྒྱད་རྣམས་ཀྱི་ཀླུའི་བུ་མོའོ།། དེ་བཞིན་དུས་འོག་གི་ལྷ་མ་ཡིན་གྱི་བུ་མོའོ།། རྣལ་འབྱོར་བས་ཞེས་པ་ནི་དཱ་ལྟར་བུ་མོ་བརྒྱད་ཀྱི་ནང་ནས་ཇི་ལྟར་འདོད་པ་དེ་ལྟར་དགུག་པ་བྱ་པོ་དེ་བཞིན་དུ་ལྗགས་ཀྱུ་ཞགས་པ་ཞེས་བཱ་ནི་མནྟ ་དག་འདི་ཡིན་ཏེ། སྔོན་དུ་གསུངས་པའི་ཚུལ་གྱི་མི་དུར་ཁྲོད་བརྒྱད་ཀྱི་དབུས་སུ་བསྒོམ་པའི་རིམ་པ་བཞིན་བསམ་པར་བྱ་སྟེ་ཕྱག་བཞི་པའི་ལྷ་མོ་རིགས་བྱེད་མར་བདག་ཉིད་བྱ་བའོ།། དེའི་ཕྱིར་བུམ་པ་ཅན་གྱི་སྦྱོར་བ་བསྒོམ་པར་བྱའོ།། དེའི་རིམ་པནི ་འདི་ལྟ་སྟེ། སྔོན་དུ་བསྙེན་པའི་དུས་སུ་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ། དུས་གསུམ་དུ་བཅོམ་ལྡན་འདས་མའི་གཟུགས་སུ་དམིགས་ནས་ཉི་མ་རེ་རེ་བཞིན་ཁྲི་ཚེ་རེ་རེ་བཟླས་པར་བྱའོ།། དེ་ནས་ལུས་ལ་གོས་དམར་པོ་དགོས་ཏེ་དེའི་རྗེས ་སུ་རང་གི་སྙིང་གར་ཉི་མ་ལ་གནས་པ་ལ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ།། འདབ་མ་བརྒྱད་པ་སྐྱེ་གནས་ཀྱི་མཐར་ཐུག་པར་སྡོང་བུ་སོང་བར་རྣམ་པར་བསྒོམ་པར་བྱའོ།། འདབ་མ་དེ་བརྒྱད་ལ་དབྱངས་ཡིག་བརྒྱད་ཡོངསུ་གྱུར ་པ་ལས་ཤིན་ཏུ་གནག་པ་གདོད་པ་དམར་བ་རྒྱས་པ་མགུ་བ་མ་རུངས་པ་བརྗོད་པོའི་རིམ་པ་བཞིན་དུ་རླུང་གང་གིས་དེ་རྣམས་སར་བསྐྱོད་དེ་རང་གིས་སྣ་ནས་དབྱུང་བའོ།། དེ་ཡང་རང་གཽ་སྣ་ཁུང་གཡོན་པ་ནས་ཕྱུང་ནས་བསྒྲུབ་བྱའི་སྣ་ཁུང་གཡས ་པའི་བུ་གར་ཞུགས་ཏེ་སང་གེ་བཞིན་དུ་བཅོམ་པས་ཨ་ལ་སོགས་པའི་དབྱངས་རྣམས་ཆུང་ཟད་དམར་བ་འམ་འདབ་མ་དང་ལྡན་པ་རྣམ་པར་བཅོམ་པ་ར་རྣལ་འབྱོར་པས་བལྟ་བར་བྱའོ།། ཕྱི་ནས་རྣམ་པར་བཀང་བའི་ཨུཏྤ་ལ་དམར་པོ་གཞུ་དང་མང ་བསྔགས་པའི་ཁུ་ཚུར་ལྟ་བ་དང་ལྡན་པ་གཏད་ཏེ་བསྒྲུབ་བྱའི་པདྨའི་ལྟེ་བར་བསྣུན་པར་བྱའོ།། དེ་ནས་བུང་བ་དེ་རྣམས་དམ་ཚིག་གིས་བསྐུལ་ཏེ། དེའི་དབྱངས་ཡི་གཽ་རེ་རེ་བཞིན་བླངསོ་ནས་དེའི་སྣ་ཁུང་གཡོན་པའི་བུ་ག་ནས་ཕྱུང་སྟེ། རྣལ་འབྱོར་པའི ་སྣསྣ་ཁུང་གཡས་པའི་དུ་ག་ནས་སྙིང་དུ་ཞུགས་པས་རང་དང་གཞན་གྱི་ཤེས་པ་གཅིག་ཏུ་བྱའོ།། ཕྱི་ནས་ཨུཏྤ་ལའི་སྡོང་བུས་མགྲིན་པ་བཅིངས་ཤིང་ལྕགས་ཀྱུས་སྐྱེ་ནས་ཕུག་སྟེ་འོད་ཟེར་འབར་བས་གཟིར་བར་རྣམ་པར་བསམས་ན་དབང་དུ་འགྱུ་རོ།། ་གཞན་ཡང་མགལ་མེའི་འཁོར་ལོ་ལ་བརྟེན་པའི་སྔགས་ཡོངས་སུ་བཟླས་པའི་རྣལ་འབྱོར་པས་དེ་ལྟར་ཡོངས་སུ་བསྒོམས་ཏེ་སྔགས་བཟླས་པར་བྱའོ།། ཨོཾ་ཀུ་རུ་ཀུ་རུ་ལླེ་ཧྲཱིཿཆེ་གེ་མོ་མེ་བ་ཤ་མ་ནཱ་ཡ་སྭཱ་ཧཱ། དེ་ལྟར ་ཟླ་བ་ཉ་བའི་བར་གྱི་མཚན་པོ་མཐའ་དག་ལ་བཟླས་པ་བྱའོ།། དེ་ནས་ཐོ་རངས་འོངས་ཏེ་སྐྲ་གྲོལ་བ་གོས་མེད་པ་འདོད་ཅིང་ཆགས་པ་དེ་ཁུགས་ཏེ་སྔགས་ཀྱི་རྒྱལ་པོས་བསྐུལ་བས་རིག་མོ་རྣམས་ཀྱི་དངོས་གྲུབ་ཐོབ་བོ།། ཡོ་བྱད་ཅེས་བྱ་བ་ལ་སོགས་པ་ལ། ་ཡོ་དད་ཅེས་པ་ནི་འབྱུང་པོ་གདུལ་བྱེད་པ་གསུངས་པའི་སྣ་ཚོགས་པའི་མཆོད་རྫས་རྣམས་སོ།། དབུལ་ཞེས་པ་ནི་རྒྱས་པར་དབུལ་བའོ།། འདི་ལྟར་ལྷ་ཡིས་ལྷུན་གྲུབ་སྟེ་ར། ཞེས་བྱ་བ་ལ་སོགས་པ་ལ། ལྷ་ཞེས་པ་ནི་ལྷ་མོ་ལ་སོགས་པས་སོ།། ལྷན ་གྲུབ་སྟེར་ཞེས་པ་ནི་བཅུད་ཀྱིས་ལོན་དམ་པ་བདུད་རྩིའི་འབྲས་བུ་ལ་སོགས་པ་ཡང་དེས་སྐྱེར་རོ།། དེས་ན་སྒྲུབ་པ་པོ་རྣམས་ཀྱིས་ནད་ལ་སོགས་པ་རྣམས་འཇིག་པར་བྱེད་དོ།། དྲི་བཞིན་དུ་ལུས་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པས་རྣལ་འབྱོར་མ ་དྲག་མོ་བསྟེན་པས་རྒྱལ་བྱིས་པའི་དབང་གིས་སྐྲག་པས་འཆི་བ་ལ་ཐུག་པར་སོམ་ཉི་ཟ་བ་དེའི་ཕྱིར་དང་པོ་གོམས་པའི་དུས་སུ་ལུས་ཀྱི་སྦྱིན་པ་བརྟག་ཅིང་རྣམ་པར་རྟོག་པར་མི་བྱ་ཞེས་པ་སྟེ་ངེས་པའོ།། དེ་བཞིན་དུ་ཕྱི་ནས་ཞེས་བྱ་བ་ལ་སོགས་པ་ལ ་ཆ་དང་ཆ་མིན་ཞེས་པ་ནི་རྣལ་འབྱོར་མ་འདོད་པ་ཅན་རྣམས་ཀྱི་རིགས་ཀྱི་ཁྱད་པར་ལ་སྤྱོད་པའི་དུས་སུ་བརྟག་པར་མི་བྱའོ།། སྦྱིན་པ་ཞེས་པ་ནི་ལུས་ཀྱི་སྦྱིན་པ་ལས་གཞན་ཕྱིའི་འབྱོར་པའི་སྦྱིན་པ་ལྟ་ཅི་སྨོས། དེ་བཞིན་དུ་བཟའ་དང་ཞེས་བྱ་བ་ལ་སོགས ་པ་ནི་གོ་སླའོ།། ད་ནི་རྣལ་འབྱོར་པ་སྤྱོད་པ་འཛིན་པ་རྣམས་ཀྱི་བརྟུལ་ཞུགས་དང་རྒྱན་གྱི་ངེས་པར་བསྟན་པའི་ཕྱིར།། བརྟུལ་ཞུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་འཁྱུད་པར་ཤེས་པའོ།། གྲུབ་པའི་མཐར་འགྲོ་བ་ཞེས་པ་ནི་རྣལ ་བྱོར་པ་རྣམས་ཀྱི་རང་བཞིན་གྱི་དབང་གིས་སངས་རྒྱས་ཉིད་ཐོབ་པའོ།། གཞན་ཡང་སེམས་ཅན་ཞེས་བྱ་བ་ལ་སོགས་པ་ནི་བདག་གི་དོན་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུའོ།། བཟང་ཞེས་པ་ནི་སྒེག་པ་ལ་སོགས་པས་བསྒྲུབ་པའི་རོ་སྟེ། དེའི ་རུས་པའི་རང་བཞིན་ལས་བྱས་པའོ།། དེ་བཞིན་དུ་མི་འཆི་བཅུ་ཕྱེད་ཅེས་པ་ནི་བདུད་རྩི་ལྔའོ།། ཧེ་རུ་ཀ་ཞེས་པ་ནི་དཔལ་ཁྲགས་འཐུང་གི་སྦྱོར་བ་འཛིན་པའོ།། སྐྱེས་བུ་གནས་ཞེས་པ་ནི་དེའི་རང་བཞིན་གྱི་ཕྱིར་རོ།། བཞིན་མཛེས་ཞེས་བྱ་བ་ནི་རྣལ་འབྱོར ་པ་ལུང་ཐོབ་པས་རྡོ་རྗེ་བུ་མོ་འདི་བཟུང་ལ་ཞེས་པའི་ཚིག་གིས་དེ་གཟུང་སྟེ་ཆོས་མགྲིན་པར་ཆུད་པར་ཤེས་པར་བྱའོ།། དེ་ཡང་བཞིན་མཛེས་མག་གི་དཀྱུས་རིང་པོ་ཞེས་པ་ཁ་ནང་དུ་ཕྱོགས་པ་གང་གིས་ཕྱིར་རང་གི་དབང་བསྐུར་བ་བརྩེ་བ་དང་ལྡན་པ ་རྣལ་འབྱོར་པའི་མཐུ་འདི་དག་དང་ལྡན་པ་ཞེས་པའི་དོན་ཏོ།། དེ་བཞིན་དུ་སྦྱོར་ཞེས་པ་ནི་སྤྱོང་བ་དང་བརྟུལ་ཞུགས་ལ་འཛུད་པའོ།། རྡོ་རྗེ་ཞེས་པ་ནི་སྔོན་དུ་གསུངས་པའི་རིགས་ཅན་ནོ།། དེས་ནཱ་མེད་འགྱུར་ན་ཞེས་པ་ནི་དེའི་རིགས་མེད་པའི་ཕྱིར་རོ།། རང ་འདོད་ཅེས་པ་ནི་རང་གི་འདོད་པའི་ལྷ་འམ་རིགས་གཞན་ལས་འབྱུང་བ་སྟེ། རང་གི་འདོད་པའི་ལྷའི་རིགས་ལས་བྱུང་བ་འམ་ལྷ་གཞན་དག་གི་རིགས་གསུམ་ལས་འབྱུང་བའོ།། དེ་ཡང་འདུས་བྱས་ན་ནི་གཟུང་བར་བྱ་ཞེས་པ་ནི་ཡང་དག་པར་དབང་བསྐསྐུར་བའོ།། ་བྱང་ཆུབ་ས་བོན་ཞེས་པ་ནི་དགེ་བའི་རྩ་བ་བསྐྱེད་ནས་དེ་གཟུང་ལ་སྤྱོད་པ་བྱ་ཞེས་སྦྱར་རོ།། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ལྡན་པ་ཞེས་པ་ལ་རྡོ་རྗེ་དབྱེར་མེད་པའི་ཕྱིར་གཉིས་མེད་པ་ཡང་དག་པའི་བདེན་པ་གཉིས་དང ་ལྡན་པ་དེ་སྟོན་པ་རྡོ་རྗེའི་གླུ་ཞེས་པའི་དོན་ཏོ།། དེ་བཞིན་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དགོའ་བ་ཞེས་པ་ནི་མཆོག་ཏུ་མི་འཛག་པ་ཞེས་པའི་སྦྱོར་བ་ལས་སྐྱེས་པའི་དགའ་བའོ།། དེ་ཡང་དངོས་པོ་ཐམས་ཅད་རོ་གཅིག་པར་བྱ་བའི་ཕྱིར་སེམས་དང ་རླུང་འགོག་པའོ།། འདི་དག་རྒྱུ་བས་ན་གར་རོ།། དེ་ཉིད་ཀྱིས་ན་ཐར་པའི་རྒྱུ་རུའོ།། དེ་ཡང་རྡོ་རྗེ་རྐང་པས་གར་ཞེས་བྱ་བ་ནི་གཡས་བརྐྱང་བ་དང་གཡོན་བརྐྱང་བ་དང་ཟླུམ་པོ་དང་ཡངས་པ་དང་མཉམ་པའི་སྟོབས་སོ།། དེ་བཞིན་དུ་སྣ་ཁུང་དག་གི་རླུང ་ཡང་མཚོན་པར་བྱའོ།། ཡ་ན་དེ་བཞིན་དུ་རྣལ་འབྱོར་མ་རྣམས་ལ་རྣལ་འབྱོར་པའི་ལག་པ་དང་རྐང་པ་དང་ཁ་དང་ལྟ་བའི་གར་གྱིས་རྒྱས་འདེབས་པའོ།། མི་བསྐྱོད་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ནི་ཕྱག་རྒྱ་ལྔ་ལུས་ལ་གནས་པ་ཞེས་བྱ་བའི ་དོན་ཏོ།། སྨན་ཞེས་པ་ནི་དྲི་ཆེན་ནོ།། ཆུ་ཞེས་པ་ནི་མི་བསྐྱོད་པའོ།། བསྲུང་བར་འགྱུར་ཞེས་པ་ནི་དགོངས་པ་ཤད་གཞན་གྱིས་ཁུ་བ་སྟེང་དུ་རྒྱུ་བས་བཤད་པ་དང་གོ་ཅི་བ་སྟེང་དུ་ཎྱ་བ་རོ་འགྱུར་རོ།། གླང་གིས་ཞེ་ན། གསུངས་པ། ཐུར་སེལ་གྱི་རླུང ་སྟེང་དུ་རྒྱུ་བའི་ཕྱིར་ཐམས་ཅད་རོ་གཅིག་པར་འགྱུར་ཏེ། ངོས་ན་ཡང་ཨ་བ་དྷཱ་ཏཱི་ཁ་ནས་བཟའ་བར་བྱའོ།། དེའི་ཕྱིར་གྱུར་ཞེས་པ་ནི་འབྱུང་བ་ཆེན་པོའི་ཁམས་རྣམས་སོ།། དེ་རྣམས་ཀྱང་མི་བཟང་དེ་ཕྱིའི་ཟས་དང་སྐོམ་ལ་སོགས་པ་སྤངས་པ་རྡོས ་ན་ལུས་མི་གཡོ་ཞིང་བསྲུང་ཞེས་པའི་དོན་ཏོ།། རྐུན་མའི་སྒྲ་ཞེས་པ་ནི་རྒྱལ་པོའི་འཆད་པས་བསད་པའི་རྐུན་མའོ།། དེ་ཡང་མཚན་དང་ལྡན་ནམ་མི་ལྡན་པ་ཡོངས་སུ་བརྟག་པ་སྟེ། མཚན་བཟང་བ་དེའི་ཚེ་དཔའ་བོའི་རིམ་པས་ཇི་ལྟ་བའི་ཚུལ་དུ་དབབ་པ ་བྱས་ནས་དེ་ལ་ཐོད་པ་བསླང་བའི་ཕྱིར། གསོལ་བ་གདབ་སྟེ། དེའི་ཚེ་ངས་ཀྱང་སྒྲ་དང་ལྷན་ཅིག་ཐོབ་པ་སྟེར་དེ་དེ་ལྟར་བླངས་ནུས་འགྲུབ་པར་འགྱུར་རོ།། ཐོད་པ་དེ་ཅོང་པན་ལ་གནས་པ་གང་ལ་བསྟན་པ་དེས་ནི་གང་འདོད་པ་དེ་ཡང་དབང་དུ་འགྱུར་རོ།། ཧཱུཾ ་ལས་བྱུང་བ་ཞེས་པ་ནི་མི་བསྐྱོད་པོར་བྱས་པའི་ཅོད་པན་ནོ།། དེ་བཞིན་དུ་སོར་ལྔ་པ་ཞེས་པ་ནི་སངས་རྒྱས་ལྔའི་རང་བཞིན་གྱི་ཐོད་པ་ལྔ་ནི་སངས་རྒྱས་ཀྱི་ཐོད་པའོ།། སྐ་རགས་ཞེས་པ་ནི་སྐྲའི་སྲང་དུའོ།། ཐལ་བ་ཞེས་པ་ནི་ལུས་ལ་བྱུག་པའི་ཐལ་བའོ།། ་སྒྲའི་དག་བྱེད་ཅེས་པ་ནི་མཆོད་ཕྱིར་ཐོགས་པའོ།། ཅང་ཏེའུ་སྒྲ་ཞེས་པ་ནི་མི་ཤིགས་པ་ལ་དུས་ཐམས་ཅད་དུ་སེམས་པའི་བཟླས་པའོ།། བཟླས་པ་ཡང་ཐིམ་པའོ།། སེམས་ཅན་ཐམས་ཅད་མགྲོན་བུ་འབོད་ཅེས་པ་ནི་སྒྲའི་ཆ་ཚུལ་གྱིས་རྣམ་པར་ཤེས ་པ་ལ་དམིགས་པའི་ཕྱིར་རོ།། དེའི་གཟུགས་ཀྱང་སེམས་ཅན་དུ་འབྱུང་བའོ།། དེ་རྣམས་ཀྱང་སྒྲ་ཙམ་ལ་ཆགས་པའོ།། དེ་ཉིད་ཀྱིས་ན་བཟླས་པ་དང་བསྒོམ་པ་ཞེས་གསུངས་ཏེ། དེ་དག་གིས་ཞེས་པ་ནི་འདིས་རྡོ་རྗེ་ཐོད་པ་ཅན་དུ་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ།། ་འདོད་དང་ཞེས་བྱ་བ་ལ་སོགས་པ་ནི་འདོད་པ་དང་རྨོངས་པ་ལ་སོགས་པ་རྣལ་འབྱོར་གྱི་བགེགས་རྣམས་སྤང་བར་བྱའོ།། དེ་བཞིན་དུ་ངོ་ཚ་བ་ཡང་རྣལ་འབྱོར་ཆེན་པོའི་བགེགས་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ལ། ཧེ་རུ་ཀའི ་བདག་ཉིད་ཅེས་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་རྣམས་ལྷན་ཅིག་སྐྱེས་པ་གང་གི་བདག་ཉིད་ཡིན་པ་དེ་དེ་སྐད་ཅེས་བྱའོ།། རྣལ་འབྱོར་པའི་རྣལ་འབྱོར་གྱི་སེམས་མི་འགྱུར་བའི་ཏིང་ངེ་འཛིན ་གསུངས་པ། ཨ་བ་དྷཱུ་ཏཱིའི་རྣམས་རྟེན་ཏེ། ཏིང་ངེ་འཛིན་གྱི་སྦྱོར་བས་གཟིར། ཧཾ་ཞེས་པ་ནི་ཆོས་སྐུ་ཉིད།། རུ་ནི་ཉམས་མྱོང་ལོངས་སྤྱོད་རྫོགས།། ཀ་ནི་སྤྲུལ་པའི་སྐུ་ཉིད་དོ།། བདག་ཉིད་ལྷན་ཅིག་སྐྱེས་གཟུགས་ཉིད།། བྷ་འཁོར་བའི་རྒྱུན་འཇོམ ་བ།། བིད་ནི་རིག་བྱ་རིག་བྱེད་མཚན།། ཡོ་ནི་དངོས་པོ་གང་གྲང་ཞེས།། གི་ནི་གཉིས་མེད་བརྟགས་པ་བརྗོད།། བི་ནི་བདེ་ལ་གནས་པས་རིག། ཧ་ནི་རྡོ་རྗེ་སེམས་དཔའི་གཟུགས།། འབྱིན་དང་བུམ་ཅན་གང་བྱེད་པས།། ལྔ་ལ་སོགས་པ་བརྗོད་པར་བྱ།། ་རིགས་ནི་དུས་ཀྱི་གྲོངས་ཉིད་དེ།། དཀྱིལ་འཁོར་ལྔ་ཡི་རླུང་ཉིད་དོ།། སྤྱོད་པ་སྔོན་དུ་གང་གསུངས་པ།། རིགས་གཅིག་བསམ་གྱིས་མི་ཁྱབ་པའོ།། བརྟག་ཅེས་པ་ནི་བདེ་བ་ཙམ།། རང་རིག་པ་ཡི་སྔོན་དུ་འགྲོ། དུ་མ་ལ་སོགས་དེར་གསུངས་པ། ་ཀྱི་ནྟཀྵ་པ་། གས་སྨྲས་ནས་ས་གཅིགན་གས་ལྡན་།། ནམ་ཊཱིགྶ་གཎྜཱིགྶ་རྦྷ་ཤཱ་པྟ་མྦྷ་ན་བླ་རྣཾ། སྦྱི་སྱ་མྦྷརྒན་ཏེ།། བྷྲི་ས་ས་སྨི ་མི་དོན་མེད་པའོ།། ཉིད་ཞེས་པ་ནི་གཏི་མུག་ཉིད།། རྣམ་མི་བྱར་རིག་པས་རྟག་ཏུ་སྤོང་།། སྤྱོད་པ་རྣལ་འབྱོར་སྤྱང་པ་སྟེ།། བྱ་འ་བྱང་ཆུབ་ལས་འདྲ་པའོ།། དིར་ནི་ཐེ་ཚ་མོ་བྱ་བ་མིན།། རྣམ་པར་རྟོག་པ་བདུད་ཀྱི་ལས།། རྣམ་པ་མི་རྟོག་རྫོ ་བྱང་ཆུབ། སྔོན་གྱི་རྒྱལ་བས་ནན་ཏན་གསུངས།། ཞེས་པ་སྟེ་ངེས་པའོ།། ཁ་སྦྱོར་ལས་བྱུང་ཞེས་པ་ནི་སྔོན་བཞིན་དུ་རྟོགས་པར་བྱའོ།། ཁྭ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་ལྔ་པ་མདོར་བསྟན་པ་གསུམ་གྱི་མཐར་བཞི་པ་སླར ་བཤད་པའི་རྒྱ་ཆེར་འགྲོལ་པ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བ་ཞེས་བྱ་བ་གཞུང་སླར་བཤད་པ་སྟེ་བཞི་པའོ།། ། ད་ནི་དཔྱིད་ཀྱི་ཐིག་ལེ་མདོར་བསྡུས་པ་རྒྱུད་གཉིས་ཀའི་བཤད་པ་རབ་ཏུ་བྱེད་པ་གསུམ་བསྡུས་ཏེ་བསྟན ་པ་སླར་བཤད་པས་བཞི་པ་གཞུང་ལུགས་མང་པོ་ཉིད་སྟོན་པ་འདི་གསུངས་ཏེ། ལྷ་ལས་ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་པའི་རྟོག་པ་ལ་སོགས་པ་རྟོག་པ་ལྔའི་གཞུང་ལུགས་གཏན་ལ་འབེབས་པའོ།། གཟིགས་མོ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་བཀའ་རྡོ་རྗེ ་སྙིང་པོ་ལ་སོགས་པ་ཉན་པར་འཚལ་བའོ།། བདག་བྱིན་རླབས་ཞེས་པ་ནི་སྔོན་དུ་གསུངས་པ་གནས་སྐབས་ཁ་ཅིག་ཏུ་བདག་ཅག་ལྔ་བཤད་པ་འདིར་ཡང་ཅུང་ཟད་ལྷག་པ་དང་ཆད་པའི་དབང་གིསྣ་འདི་གསལ་བའི་དོན་དུ་བརྗོད་དེ། དེས་ན་ཇི་ལྟར་འགྱུར ་ཞེས་སྦྱར་རོ།། དེ་བཞིན་དུ་གསང་བ་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་བཅུ་དྲུག་རྣམས་སོ།། དེ་རྣམས་ཀྱི་དགོས་པ་ཅི་ཞེས་པ་ནི་རང་བཞིན་ཅི་ཞེས་པའོ།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་ལན་གྱིས་གསུང་། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ ་རྡོ་རྗེ་སེམས་དཔའ་ཞེས་པ་ནི་རྡོ་རྗེའི་ཏིང་ངེ་འཛིན་ལས་བྱུང་བའི་འཁོར་རྣམས་ནི་སེམས་དཔའོ།། དེས་ན་རྡོ་རྗེ་སེམས་དཔའ་ཞེས་པའི་སྒྲའི་དོན་ཏོ།། དེ་ཉིད་ཀྱིས་ན་བརྩེ་བ་ཆེན་པོ་ཞེས་པ་ནི་སྙིང་རྗེ་ཆེན་པོའི་རང་བཞིན་ཏེ་གང་ལོ་འདི་ལྟ་བུའི ་བསམ་པ་ཡོད་པ་དེ་ནི་དེ་བཞིན་དུ་གསུངས་པར་འགྱུར་རོ།། ཡང་ན་རྡོ་རྗེ་སེམས་དཔའ་ནི་མཆོག་ཏུ་ཟབ་པའི་དོན་གྱི་ཡུལ་ཉེ་བར་རྟོགས་པའོ།། མཆོག་གི་དོན་གྱི་ཡུལ་ཡང་རྡོ་རྗེ་ཡེ་ཤེས་ཏེ་དེ་ཡང་མཆོག་ཏུ་ཟབ་པའི་ཀུན་རྫོབ ་བོ།། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱི་ཕྱིར་རྡོ་རྗེ་སེམས་དཔའ་སྟེ། དེ་ཉོན་ཞེས་པའི་ཚུལ་ལོ།། མདོར་བསྡུས་ནས་ཞེས་པ་ནི་དེ་ཁོ་ན་ཉིད་མདོར་བསྡུས་ནས་སོ།། རྒྱུད་ཅེས་བྱ་བ་ལ་སོགས་པ་ལ། འདིར་ཀུན་གྱི་སྒྲ་ནི་ལུས་ཀྱི་རྩ་གནས་ཏེ་དེ་རྣམས་ཀྱི་རྒྱུད ་དྲུག་གི་རླུང་།། དེའི་ངེས་པ་ནི་ཡང་དག་པ་རྣམ་པ་། ཛྙཱནུ་ས་ནི་འདུན་དེ་ཞེ་། ས་གང་གསུངས་པ་གནས་དུ་ཀྱང་གསལ་བ། ག་ཏུ་ས་པོ ་ནི་འདིར་གནས་དང་གནས་པ་དག་གསལ་བར་བྱེད་པ་ལ་འགྲོ་བ་ཞེས་པ་ནི་ཕྱིར་འགྲོ་བའོ།། རྗེ་བོ་འོང་ཞེས་པ་ནི་ནང་དུ་འོང་བའོ།། དེ་དག་གི་སྲོག་དང་ཐུར་སྤེལ་དུ་རྣམ་པར་བཞག་པས་སྐྱེ་བ་དང་འཇིག་པའི་ཕྱིར་སྲིད་བར་མར་བརྗོད་དོ།། དེ་ཡང་ཁམས ་རྣམས་ཀྱི་ཞེས་པ་ནི་སྔོན་གྱི་བག་ཆགས་ཀྱི་ཁམས་རྣམས་ཀྱི་རང་གི་བདག་ཉིད་ཀྱི་ལུས་དེའི་གཟུགས་སུ་མཐོང་ངོ་།། སེམས་ཀྱི་རྟག་འགྲོ་བ་ཞེས་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སྡུ་གཅིག་ལ་གཅིག་གིས་སེམས་ལས་ཁམས་རྣམས་བལྟ་ཞིང་ཁམས ་རྣམས་ལས་སེམས་བལྟའོ།། དེ་བཞིན་དུ་རྡོ་རྗེ་སྙིང་པོས་ཞུས་པ་འདི་གསུངས་ཏེ། ཁམས་ཞེས་བྱ་བ་ལ་སོགས་པ་ལ། ཅི་ཞེས་པ་ནི་ཇི་ལྟ་བུར་འགྱུར་ཞེས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་ནོ།། དེ་ཅི་ཞེ་ན་གསུངས་པ། གསང ་བ་ཞེས་བྱ་ལ་སོགས་པ་ནི་ཁམས་ཀྱི་སྒྲ་འདིས་གསང་བ་ལ་སོགས་པའི་ཡི་གེ་བཅུ་དྲུག་གི་བརྡ་གསུངས་སོ།། འདི་དག་ཅེས་པ་ལ། ར་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཕྱི་དང་ནང་གཉི་གར་རྫོགས་པ་ལས། བསྐྱེད་པའི་རིམ་པ་ཟབ་མོ་སྟོན་པའི་ཕྱིར་དེའི་ཕྱིར ་རེའུ་མི་གཽ་བཅུ་དྲུག་གི་བདག་ཉིད་ཀྱི་འཁྲུལ་འཁོར་རོ།། དེ་ཡང་ལུས་ལ་རྩའི་འཁོར་ལོར་བརྗོད་དོ།། དེ་ཡི་རིམ་པ་ནི་འདི་ཡིན་ཏེ། ཁྲག་གི་ཁམས་འབབ་ར་ས་ནཱ། ར་དང་པོ་ཡི་ཡི་གེ་ཡིས།། ལྷ་ནི་ཆགས་པའི་བདག་ཉིད་ཅན།། མཁའ་འགྲོ་མ་ཡི་རིམ ་པས་འཕོ།། རེག་བྱའི་རྩ་ནི་མི་ཕྱེད་འགྱུར།། ཧ་ཞེས་པ་ནི་མགོ་ཕྱོགས་པ།། དེ་ནི་ལྷ་མོར་ཤེས་བྱ་སྟེ།། བདག་མེད་ཐིག་ལེ་མཚོན་པའོ།། བད་ཀན་རྩཝ་ནི་མགྲིན་པར་གནས།། སྱ་ཞེས་པ་ནི་མིང་དང་པོ།། འདི་ལ་རྣལ་འབྱོར་མ་ལཱ་མ།། འཕོ་བ་ཡང་ནི ་གསུམ་པའོ།། ཨོཾ་བཱ་དྷཱུ་ཏཱི་སེམས་ཀྱི་རྩེ།། པ་ཞེས་པ་ནི་རླུང་རྒྱུན་ཅན། ནུབ་ཏུ་དུམ་བསྐྱེད་མ་ཉིད་དེ།། ལྷ་མོ་རྒྱུ་བའི་ཕྱིར་ན་འཕོ།། ཆགས་པའི་རྩཝ་ནི་ཐམས་ཅད་དུ།། ར་ཞེས་པ་ནཱི་རོ་སྐྱེས་པ།། རྡོ་རྗེ་སེམས་དཔའི་རིགས་ཀྱི་རྒྱལ།། འཕོ་བ་ཐམས་ཅད ་ལ་ཁྱབ་བྱེད།། ཚིལ་གྱི་རྩ་ནི་བརླ་ཉིད་ན།། མེ་ནི་དང་པོའི་ཡི་གེ་བཞིར།། དེ་བཞིན་གཟུགས་ཅན་མ་ར་ཞེས་བྱ།། ཚོལ་གཟུགས་ཁ་ནི་མང་པོའི་ཕྱིར།། དུས་མེ་སྒྲ་གཅན་གྱི་ནི་རྩ།། ར་ཞེས་པ་ཡི་ཡིག་གཟུགས་ཀྱིས།། དྲི་ནི་གཏུམ་མོའི་ལྷ་མོ་སྟེ། ་འཕོ་བ་ཡང་ནི་དྲུག་པ་ཉིད།། རྒྱབ་ཀྱི་ཆ་རུ་ཤྲཱི་བའི་རྩ།། བ་སྤུའི་རྩེར་སོང་ས་ཀྵ་སཱི། མ་ཞེས་པ་ནི་རྔ་ཀ་དང་།། ཚིགས་རྣམས་ཐམས་ཅད་དུ་ནི་གཟི་རཾ།། བཤང་བའི་རྩེ་ནི་ཆུ་སོར་གནས།། ས་ཞེས་པ་ཡི་མིང་ཅན་གྱིས།། དེར་ནི་གཽ་རཱི་ཤེས་པར་བྱ།། འཕོ་བ ་ཡང་ནི་བརྒྱུད་པར་འདོད།། ཞག་གི་རྩ་ནི་རྒྱུ་བ་ཉིད།། དེ་ནི་རི་ཁྲོད་མ་རུ་གྲགས།། རྦ་ཞེས་པ་ཡི་ཡི་གེ་འདྲི།། འཕོ་བ་མཆོག་གི་གཟུགས་ཅན་ནོ།། པགས་པ་ཙེ་བོ་རཱི་ར་ཡང་དག་བརྗོད།། རྨ་དང་པོའི་ཡི་གེ་མིང་།། རྩ་དེ ་གཉིས་ཀན།། དེ་བཞིན་འ་ཅུ་པའོ།། རུས་པའི་རྩ་ནི་ཀེང་རུས་ལ།། ནྱ་ཞེས་པ་ཡི་ཡི་གེ་ཉིད།། རྣལ་འབྱོར་མ་ནི་རོ་ལངས་ཉིད།། རྩ་རྣམས་ཐམས་ཅད་འབབ་པ་ཅན།། ཟ་བོང་ཆུ་ཡི་བུ་ག་ལ།། ས་ཡི་གདན་ལ་ཡང་དག་གནས།། རྡོ་རྗེ་ལམ ་ནང་ན་ནི།། དེ་ཡང་འཕོ་བ་རྒྱུ་བའོ།། གླེ་བ་ལ་ནི་གཡུང་མོར་བརྗོད།། དཱ་ཞེས་པ་ལ་བརྟེན་པའི་སྲོག། འཕོ་བ་ཡང་ནི་བཅུ་གསུམ་ཉིད།། ཟླ་བ་ཉི་མ་འཆར་དང་ནུབ།། པདྨའི་རྩ་ནི་སྒོ་དགུ་རྣམས།། སྠི་ཞེས་པ་ལ་རྟག་ཏུ་གནས།། འདི་ནི་འཕོ་བའི་ཐིག ་རྣམས།། ཧེ་རུ་ཀ་ནི་ཚོགས་གཙོ་བོ།། ཁུ་བའི་རྣམ་པར་གྱུར་བཅོམ་ལྡན།། ཏ་ཞེས་པ་ནི་སྣལ་གཟུགས་ཅན།། ཁུ་བའི་བུ་གའི་གཙུག་ཏོར་ལ།། བཅུ་དྲུག་ཆེ་ལས་སྐྱེས་སངས་རྒྱས།། ལྷ་མོ་དེ་ལྟར་བསྟན་པ་ནི་ཞེས་པ་ནི་ལྷ་མོའི་འཁོར་ལོའོ།། ཡི ་གི་བཅོ་ལྔའི་བདག་ཉིད་དོ།། དེ་བཞིན་དུ་བཅུ་དྲུག་པ་ཏཱའི་བདག་ཉིད་ནི་སྣལ་མའི་གཟུགས་རྩ་དང་སྒྲའི་རང་བཞིན་ཉིད་ཀྱིས་ན་བཅོམ་ལྡན་འདས་ཀུན་རྫོབ་ཀྱིས་རང་བཞིན་གྱི་ཕྱིར་ཆ་གཅིག་བཅུ་དྲུག་པ་བྱང་ཆུབ་སེམས་དེ་ལ་དེ་སྐད་ཅེས་བྱའོ།། ་ད་ནི་ཁམས་བསྐྱེད་པ་བསྟན་པའི་ཕྱིར།། ར་ཞེས་བྱ་བས་སོགས་པ་གསུངས་ཏེ།། འདིར་ར་ཞེས་པའི་སྒྲ་ནི་ཆགས་པ་ཆེན་པོའི་ཉི་མ་སྤྲོ་བའི་ཕྱིར་མེ་སྟེ། དེ་ལས་ཡང་དག་པར་འབྱུང་བ་ན་ཁྲག་གོ།། ཁྲག་ལས་མཁྲིས་པ་ཞེས་པ་ནི་ཆགས་པ་དང ་ཚོར་བ་དག་གི་བདེ་བ་ལས་མཁྲིས་པ་འབྱུང་བའོ།། དེ་བཞིན་ཡི་གེ་བཅུ་དྲུག་གི་ནང་ནས་ར་གསུམ་གྱི་ངེས་པ་ཞེས་དགོངས་ཏེ། དེ་ཡང་ཁྲག་དང་རོ་པ་མེའི་ཁམས་ཏེ། ཁམས་གསུམ་ཞེས་གསུངས་པའི་ཕྱིར་ཞེས་པ་སྟེ་ངེས་པའོ།། དེ ་བཞིན་དུ་ས་མ་པ་ཞེས་པ་ལ་སྱེ་ཞེས་པ་གཅིག་དང་ས་ཞེས་པ་གཉིས་ཏེ་གསུམ་དང་སྠི་ཞེས་པ་དང་བཞིའོ།། འདིར་སྠི་ཞེས་པ་དང་། འབྲེལ་པའི་ཐ་དང་འབྲེལ་པའི་ས་ས་པར་བྱའོ།། དེ་ལྟ་རཱ་སི་དང་ལྷན་ཅིག་པའོ།། དེ་བཞིན་དུ་མ་ཞེས་པ ་གསུམ་ཡང་འདིར་མེ་ཞེས་པ་དང་རྨ་ཞེས་པའོ།། རྦ་ཞེས་པ་ནི་གཅིག་ཉིད་དོ།། དེ་ལསྡུས་ན་ཡི་གེ་བརྒྱད་ནི་རྩ་བརྒྱད་དོ།། འདི་ལྟ་སྟེ་བདགན་དང་བཤང་བ་དང་གཅི་བ་དང་། རྒྱུས་པ་རྣམས་སོ་ཞེས་པ་བཞིས་ཤེས་པར་བྱའོ།། དེ་བཞིན་དུ་མ་ཞེས་པ་གསུ ་གྱིས་ནི་ཚིལ་དང་ཤ་དང་པགས་པའོ།། ཏྲ་ཞེས་པ་ནི་ཞག་ཤེས་པར་བྱའོ།། འདོད་ཅེས་པ་ནི་བད་ཀན་ཏེ་དེ་ལས་བྱུང་བ་ནི་རྡུལ་དང་རྒྱས་པའོ།། དེ་བཞིན་དུ་ཡང་དེ་ནི་གཙོ་བོ་ཞེས་པ་ནི་བད་ཀན་ལ་སོགས་པའི་ཁམས་གསུམ་ལས་བྱུང་པ་ཏ་ཞེས་པས ་ནི་ཁུ་བའོ།། ན་ཞེས་པས་ནི་རུས་པའོ།། སྤྱི་དང་འབྲེལ་པའི་ཐ་ཡང་བརྗོད་དེ།། དེས་ན་པདྨ་ཞེས་པ་ནི་རང་འབྱུང་དང་ཁུ་བར་བརྗོད་པའོ།། དེ་ཡང་རྫས་དང་ལྡན་པས་མཛེས་པ་ཡིན་ཞེས་གསུངས་པའི་ཕྱིར་རོ།། དེ་ལྟར་ཁམས་གསུམ་ལས་རླུང་དུ་བརྗོད ་ཅེས་པ་མི་ཤིགས་པའི་རྡོ་རྗེ་ལྟ་བུའོ།། དེ་ཉིད་ཀྱིས་ན་ཧ་ནི་ཀུན་ཏུ་འགྲོ་བར་བརྗོད་ཅེས་པ་ནི་ངེས་པའོ།། དེ་བཞིན་དུ་རུས་པའི་ནི་མཚམས་རྣམས་སུ་ཞེས་པ་ནི་ཨ་བ་དྷཱུ་ཏཱི་མདུད་པའི་རང་བཞིན་གྱིས་ཚོགས་ཐམས་ཅད་དུ་ཁྱབ་པའོ།། ར་ས་མ་པཾ་ཞེས་པ ་ནི་ར་ལ་སོགས་པའི་ཡི་གེ་འདི་བཞིའི་སྔོན་དུ་གསུངས་པའི་ཡི་གེ་བཅུ་གཅིག་གིས་ཁམས་བཅུ་གཅིག་བསྟན་ཏོ།། དེ་བཞིན་དུ་འདིར་པཾ་ཞེས་པ་སེམས་སྟོང་པའི་དུས་སུ་ཚིགས་རྣམས་ལ་འཕོ་བ་མཁྲིས་པ་དང་བད་ཀན་དང ་རླུང་རྣམས་ཀྱི་དབུས་སུ་ཁྱབ་པ་ནི་སེམས་ཀྱི་ཁམས་སུ་བརྗོད་དེ། དེ་ལྟར་ས་བོན་ལྔ་ཞེས་པ་ནི་ར་ས་མ་པ་པཾ་ངོ་།། ཁམས་འདི་རྣམས་ལས་སེམས་ཅན་ཐམས་ཅད་སྐྱེས་པ་དང་བསྐྱེད་པར་བརྗོད་དོ།། དེ་རྣམས་ཀྱི་རྩེ་མོར་ར་ཞེས་པ་ནི་ས་བོན་ལྔའི་ནང ་གི་ར་ནི་ཆགས་པ་དང་མེ་དང་རོའི་རང་བཞིན་གཞན་ལས་གཙོ་བོར་གྱུར་པའི་ཕྱིར་རྩེ་མོ་སྟེ་ཞི་ཞེས་པའི་དོན་ཏོ།། དེའི་ཕྱིར་ས་བོན་བཞི་ཞེས་པའི་དོན་ཏོ།། དེའི་ཕྱིར་ས་བོན་བཞི་ཞེས་པ་ནི་ས་མ་བ་བའོ།། དེ་ཡང་ར་ལས་ཁམས་བཅུ་གཅིག་འབྱུང ་བའི་ཕྱིར་རོ།། དེ་ལྟར་ར་གསུམ་དང་དེ་བཞིན་དུ་ཏཾ་ནཱ་ཐ་གསུམ་ནི་ཁྲག་དང་ཁུ་བ་དང་ཚིལ་དང་ཡང་དག་པར་སྦྱོར་བའི་རྫས་གསུམ་སྟེ་ཁམས་དྲུག་ལས་ཁམས་བཅུ་གཅིག་འབྱུང་ངོ་།། སེམས་ནི་ཐམས་ཅད་ལ་ཁྱབ་པའོ།། དེ་བཞིན་དུ་ས་བོན་ལྔ ་ཞེས་པ་ལ་སོགས་པ་ལ་དེ་ནི་ས་ལ་སོགས་པའི་ས་བོན་བཞིའོ།། གང་དུ་སྦྱིན་ཞེ་ན་གསུངས་པ།། ད་ཞེས་པའི་ཡི་གེ་གློ་བ་ཞེས་པའི་མིང་ཅན་སྙིང་ངོ་།། དེ་ལས་བྱུང་བའི་ཁམས་བཅུ་གཅིག་དང་བཞི་སྟེ་གཉིས་སྡོམས་ན་ཁམས་བཅོ་ལྔའོ།། རེ་མིག་གནས་སུ ་ཞེས་པ་ནི་སྙིང་དུའོ།། ས་བོན་ལྔ་པོ་ཞེས་པ་ནི་དེ་ལས་སྐྱེས་ཞེས་པའོ།། ཡང་ན་སྔོན་དུ་གསུངས་པའི་ར་ལ་སོགས་པ་ལས་བྱུང་བའི་ཁྲག་ལ་སོགས་པ་ཁམས་བཅུ་དྲུག་གི་འཁྲུལ་འཁོར་ལ་རེ་མིག་བཅུ་དྲུག་ཅེས་བརྗོད་དོ།། དེ་རྣམས་ལ་ར་ནི་གསུམ་མོ།། ་དེ་བཞིན་དུས་ནི་བཞིའོ།། མ་ནི་གསུམ་མོ།། བ་ནི་གཅིག་ཁོ་ནའོ།། བ་ནི་ལྔ་པའོ།། དེ་ལྟར་ཏཾ་ནཱ་ཐ་དད་ཞེས་པ་བཞིའི་ནང་ནས་འབྱུང་བས་ན་སྔ་མའི་ཁམས་བཅུ་གཅིག་གོ།། འོན་ཀྱང་ར་གསུམ་ནི་གསུང་གི་རང་བཞི་ནོ།། ས་བཞི་ནི་སྐུའི་རང་བཞིན ་ནོ།། ས་གསུམ་ནི་རིན་ཆེན་གཙོ་བོའི་རང་བཞིན་ནོ།། བ་ནི་དོན་ཡོད་གྲུབ་པའི་རང་བཞིན་ནོ།། པ་ནི་མི་བསྐྱོད་པའི་རང་བཞིན་ནོ།། དེ་བཞིན་དུ་ཏཾ་ནཱ་ཐ་ད་ཞེས་པ་ཡི་ཤེས་ཏེ། རྡོ་རྗེ་སེམས་དཔའི་རང་བཞིན་ནོ།། དེ་ལྟར་ཡང་རིམ་པ་བཞིན་དུ་འདུ་ཤེས ་དང་གཟུགས་དང་ཚོར་བ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་ཡེ་ཤེས་ཀྱི་རང་བཞིན་ནོ།། དེ་བཞིན་དུ་ཧ་ཞེས་བྱ་བ་ལ་སོགས་པ་ལ། དབྱངས་ཡིག་དྲུག་པ་ཞེས་པ་ནི་ཨུའོ།། བསྡུས་ན་ཧཱུཾ་ཞེས་པ་སྟེ། དེ་ནི་རྣམ་པར་ཤེས་པའི་མིང་ཅན་ནོ།། དེ་ཡཱ ་ཡི་གེ་ལྔ་སྟེ། དེ་སྦྱིན་ཞེས་པ་གནས་བཅུ་དྲུག་རྣམ་སུ་རྣམ་པར་ཤེས་པ་སྲོག་གི་རང་བཞིན་གྱིས་རྒྱུ་བའི་ཕྱིར་ཞེས་པོ་ནི་ངེས་པའོ།། དེ་བཞིན་དུ་ཡི་གེ་བཅོ་ལྔའི་ནང་ནས་གཙོ་བོའི་གཟུགས་ཧཾ་ཞེས་བྱ་བ་ལ་སོགས་པ་ལ། ཧ་ཞེས་པའི་སྒྲ་ཙམ་མོ།། ངས ་ཀུན་ནས་སངས་རྒྱས་ཐམས་ཅད་འདུས་པ་ཞེས་པ་ནི་རླུང་དང་མཁྲིས་པ་དང་བད་ཀ་ན་རྣམས་གང་བཤད་པ་དེ་ཐམས་ཅད་རྣལ་འབྱོར་གྱི་རྒྱུད་དེ།། ཐམས་ཅད་དུ་སངས་རྒྱས་ཞེས་པ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ།། དེ་རྣམས་ཀྱི ་འདུས་པ་ནི་སྒྲ་ཙམ་མོ།། རང་རིག་པའི་ཡེ་ཤེས་མཚོན་བྱར་ཐིམ་པར་བྱ་ཞེས་པའི་དོན་ཏོ།། དེའི་ཕྱིར་སྒྲའི་ཚུལ་ལས་ཞེས་བྱ་བ་ལ་སོགས་པ་ནི་རང་རིག་པ་གཉིས་མེད་པའི་སྒྲ་ཙམ་ལས་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་གྱི་སེམས་བྱང ་ད་ཀྱི་ས་བོན་གྱི་རང་བཞིན་ཡེ་ཤེས་ཀྱི་སྐུའི་མཚན་ཉིད་མཆོག་ཏུ་མི་འགྱུར་བའི་སྦྱོར་བའོ།། བྱ་བ་ཕྱིས་པའི་ལྔ་པའོ་དེ་ཡང་ཡེ་ཤེས་ཀྱི་ཁམས་བསྟན་པར་བྱས་ནས་འབྱུང་ཞེས་སྦྱར་རོ།། དེ་ཅི་ཞེ་ན་གསུངས་པ། སྒྲའི་ཚུལ ་ལས་ཞེས་པ་ནི་སྒྲ་ནི་སྒྲ་ཙམ་གྱི་ཚུལ་ཏེ། ཨཱ་ལི་ཀཱ་ལི་གཉིས་ངག་ཏུ་བརྗོད་པའི་ཚུལ་གྱིས་སྟོན་དུ་ཐོས་པ་དང་བསམས་པ་དང་བསྒོམ་པ་ལ་སོགས་པས་རང་རིག་པའི་ཡེ་ཤེས་བསྒྲུབས་ཏེ། དེས་རབ་ཀྱི་མཐར་ཐུག་པ་དེ་ནི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་སྟེ་དེ་ནི ་དཔྱིད་དུ་བརྗོད་དོ།། དུས་ཐམས་ཅད་གང་དུ་ཡང་མ་སྤོང་བ་མ་འོངས་པ་དེ་ཉིད་སྒྲ་ཙམ་གྱི་སྒྲ་ནི་ཐིག་ལེར་བརྗོད་དོ།། དེ་ཅིའི་ཕྱིར་ཞེ་ན། གསུངས་པ། འདིར་གང་གི་ཕྱིར་སྒྲ་ཙམ་གྱི་སྒྲ་ནི་གང་ལ་ཐོག་མ་མེད་པ་དེ་ནི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད ་ཐིག་ལེའོ།། དེ་ཉིད་ཀྱི་བསྐྱེད་པའི་ས་བོན་དང་བྲལ་བའི་ཕྱིར་སྒྲ་ཙམ་མོ།། དེས་ན་སྒྲའི་རང་བཞིན་ཐིག་ལེའོ།། དེ་ཡང་ཤེས་བྱའི་རྣམ་པའི་གཟུགས་ཅན་ཤེས་རབ་མོ་རྡོ་རྗེ་ཕག་མོ་འམ་བདག་མེད་མ་འབྱུང་བ་སྟེ་སྔོན་གྱི་སྨོན་ལམ་གྱི་དབང་གིས་རིག་པ་བཟང་པོ ་ཀུན་གཞི་རྣམ་པར་ཤེས་པ་སངས་རྒྱས་ཀྱི་གཟུགས་ཁམས་གསུམ་པར་སྤྲུལ་པའི་ཕྱིར་ཞེས་པ་སྟེ་ངེས་པའོ།། དེ་ཉིད་ཀྱིས་ན་དམ་ཚིག་ཅེས་བྱ་བ་ལ་སོགས་པ་ནི་ཁམས་གསུམ་གྱི་སེམས་ཅན་རྣམས་ལ་དམ་ཚིག་ཅེས་པ་ནི་སྐད་ཅིག་མ་གཅིག ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་སྟོན་པའོ།། དེའི་སྤྱོད་པ་ཞེས་པ་ནི་ཐེག་པ་གསུམ་ལ་སོགས་པའི་ཆོས་སྟོན་པར་བྱེད་པའོ།། དེའི་སྤྱོད་ཡུལ་ཞེས་པ་ནི་ཐོས་པ་དང་བསམ་པ་ལ་སོགས་པས་བྱང་ཆུབ་མྱུར་ཆེས་པར་ཐོབ་པའོ།། དེ་བཞིན་དུ ་བཇིག་རྟེན་གསུམ་དུ་ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟ་བུའི་རྣལ་འབྱོར་པ་ནི་རྙེད་པར་དཀའ་སྟེ་གང་ལ་འདི་ལྟ་བུའི་བསམ་པ་ཡོད་པ་དེ་ནི་དེ་བཞིན་དུ་བརྗོད་པར་འགྱུར་རོ།། ཐོག་མ་ཞེས་པ་ནི་སྒྲ་ཙམ་གྱིས་དུས་སུའོ།། དབུས་ཞེས་པ་ནི་ད་ལྟར་དེ་བཞིན ་གཤེགས་པ་རྣམས་འབྱུང་བའི་དུས་སུའོ།། དེ་བཞིན་དུ་མཐའ་མར་ཞེས་པ་ནི་ཐམས་ཅད་ཀྱི་རང་བཞིན་གྱི་ཆོས་རྒྱུན་མི་འཆད་པར་ཇི་སྲིད་ན་མཁའི་མཐར་ཐུག་པར་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ཡང་དག་པར་གནས་པ་ནི་རྣལ་འབྱོར་པའི ་ངེས་པའོ།། འདིར་བསྲུབ་ཅིང་ཞེས་བྱ་བ་ལ་སོགས་པ་ལ། འདིར་བསྲུབ་པ་ནི་རྣལ་འབྱོར་གྱི་རྒྱུད་དོ།། བསྲུབ་པ་ནི་ཤེས་རབ་ཀྱི་རྒྱུད་དོ།། ཅིའི་ཕྱིར་བསླབ་པ་རྣལ་འབྱོར་ཡིན་ཞེ་ན། འདིར་གང་གི་ཕྱིར་ཤཱི་རབ་ཀྱི་དངོས་པོའི་དབྱེ་བས་སེམས་ཀྱི་ཏིང་ངེ ་འཛིན་རྣམས་འབྱུང་བའི་མཚན་ཉིད་དོ།། དེས་ན་དེ་བསྲུབས་པས་བླ་ན་མེད་པ་ཐོབ་ཅེས་པའི་དོན་ཏོ།། དེ་བཞིན་དུ་ཤེས་རབ་ཀྱི་རྒྱུད་རྣམས་སུ་ཐབས་ཀྱི་དངོས་པོའི་དབྱེ་བས་བསྲུབས་པས་མཚོན་བྱའི་རྒྱུའི་ཕྱིར་ཞེས་པའི་དོན་ཏོ།། དེའི་ཕྱིར་འདི་དག ་སྦྱོར་བ་ནི་བསམ་གྱོས་མི་ཁྱབ་པའི་གཉིས་མེད་པའི་ཡེ་ཤེས་སོ།། ཇི་བཞིན་ཞེས་པ་ནི་འདིའི་རྒྱུད་དང་འབྲས་བུ་སྔགས་བཟླས་ཞེས་བྱ་བ་ལ་སོགས་པའོ།། སོགས་པའི་སྒྲ་ནི་འཆང་བཞིན་པའི་སྦྱོར་བའི་བསྒོམ་པའོ།། དེ་བཞིན་དུ་ཞེས་པ་ནི་རྒྱུད་བཤད ་ཀྱིས་ཉོན་ཞེས་འབྲེལ་ཏོ།། འདིར་རྒྱུད་ཅེས་པ་ནི་ཤེས་རབ་དང་ཐབས་འདུས་པའི་གནས་སུའོ།། བཤད་ཀྱིས་ཞེས་པ་ནི་མཚོན་བྱའོ།། དེ་ཡང་ཉོན་ཞེས་པ་ནི་ཁོང་དུ་ཆུད་པའོ།། དེ་བཞིན་དུ་རྒྱུད་ཀྱི་སྒོ་ནི་གཞན་རྣམས་ཀྱི་རྒྱུད་ཡིན་པས་ན་གཞན་དབང་ངོ་།། ་བཤད་ཀྱིས་ཞེས་པ་ནི་ཀུན་ཏུ་བརྟགས་པའི་རྒྱུད་དོ།། ཉོན་ཞེས་པ་ནི་ཡོངསུ་གྲུབ་པའི་རྒྱུད་དོ།། རྒྱུད་དེ་གསུམ་གྱི་དགོངས་པས་གང་བསྒྲུབ་བྱ་དང་སྒྲུབ་པ་དང་སྒྲུབ་པ་པོ་རྣམས་ཀྱི་རང་བཞིན་རྣམ་པར་རིག་པ་ཙམ་ཉིད་དེ། དེས་ན ་རྣམ་པར་མི་རྟོག་པའི་དངོས་པོ་རྣམས་ལ་སྒྲུབ་པ་པོ་འཇུག་པར་བྱེད་དོ།། རྣམ་པར་མི་རྟོག་པ་ཡང་བེམས་པོ་མ་ཡིན་པ་སྟོང་པ་ཉིད་བདག་ཏུ་འཛིན་པ་མེད་པའི་རྣམ་པར་རྟོག་པའོ།། དེ་ཡང་མེད་པས་ན་རྣམ་པར་མི་རྟོག་པ་བདག་ཏུ་འཛིན་པ་དང་བྲལ ་བ་དེ་བཞིན་དུ་གསུངས་སོ།། རྣམ་པར་རྟོག་པ་གང་ལ་ལ་ཡིད་ལྔས་བྱུང་བར་འགྱུར་བ་ནི་ཀུན་དོར་བའི་རང་བཞིན་ནོ།། གང་ཡང་དགའ་དང་བཅས་པའི་གཟུགས།། སྙིང་ནི་དགའ་བར་བྱེད་པ་ནི།། དེ་ཡང་ཀུན་དུ་རྟོག་པ་ཙམ།། དེ་ཡང་ཆགས་དང་བྲལ ་བའི་ཚུལ།། གཞན་ཡང་དེ་དང་དེ་གཉིས་ག། སྲིད་པ་ཡི་ནི་དང་པོའི་རྒྱུ།། ཁ་ཅིག་གི་ནི་ཡུལ་ལ་ཡང་།། རྣམ་པར་མི་རྟོག་བདག་དངོས་ལས།། མྱ་ངན་འདས་པ་གཞན་ན་མེད།། ཡང་གསུངས་པ། ངེས་པ་ལ་སོགས་དོན་ནི་འདི།། ཟབ་མོ་ཚུལ་ནི་དཔའ་བོས ་གསུངས།། ཤེས་རབ་དམན་ལ་རྣམ་ཤེས་ནི།། གཟུང་དང་འཛིན་པའི་རྣམ་པར་སྣང་།། ཁ་ཅིག་གཉིས་ཀ་ལས་གྲོལ་བའོ།། ཟབ་མོས་འཇིགས་པ་འཇིགསུ་བྱེད་པའོ།། དེ་ལྟར་མར་མེ་ལྡུམ་པ་ཡི།། འདི་ཡི་རྩེ་མོ་རྒྱུན་ནི་འབར།། མར་ཁུར་ནུབ་པའི ་སྡོང་བུ་ཡང་།། མར་ཁུ་ཟད་པས་སྡོང་བུ་དེ།། ལྡོག་པ་ཡི་ནི་དུས་སུ་ཐོབ།། དེ་བཞིན་དུ་ནི་ཡེ་ཤེས་འདི།། དེ་ལྟར་མ་རིག་ཟད་པའི་ཕྱིར།། རྣམ་ཤེས་འདི་ནི་ལྡོག་འགྱུར་ཏེ།། མར་མེ་བཞིན་དུ་མྱ་ངན་འདས།། དེ་བཞིན་དུ་ཡང་གསུངས་པ།། མ་རིག་པར ་ནི་གང་བརྗོད་པ།། རྣམ་ཤེས་གཡོ་བའི་རྒྱུ་ཡིས་ནི།། གཞན་དབང་ལ་སོགས་སྦྱང་བའི་ཕྱིར།། རིག་པ་བཟང་པོ་དེ་དག་གསུངས།། འོན་ཀྱང་བྱིས་པ་མཁས་རྣམས་ཀྱིས།། རྣམ་པར་རིག་པ་རྟག་བཏགས་ཕྱིར།། སྔོན་པོ་ལ་སོགས་སྣང་ཚུལ་གྱིས། ་ཟབ་མོའི་ཚུལ་ནི་སུན་འབྱིན་བྱེད།། ཀུན་རྫོབ་དང་ནི་དོན་དམ་ལ།། བདེན་པ་གཉིས་ཀྱི་དོན་གསུངས་པ།། འདིར་ནི་ཟབ་མོའི་ཚུལ་གསལ་བ།། བླ་མའི་རིམ་པས་ཤེས་པར་བྱ།། ཐེག་པ་གསུམ་ལ་མོས་པ་ཡིས།། བསྟན་པ་བརྩོད་པའི་དུས་ཀྱི ་ཕྱིར།། དེ་རྣམས་སྤྱོད་པ་ལ་ནི་འཇུག། ཀུན་བརྟགས་ལ་སོགས་རིམ་པ་བཞིན།། ཀུན་བརྟགས་དང་ནི་གཞན་གྱི་དབང་།། ཡོངསུ་གྲུབ་པ་ཉིད་དེ་བཞིན།། ཁ་ཅིག་ཕྱོགས་ནི་རྣམ་བཅས་ཏེ།། རྣམ་པ་མེད་པ་ཉིད་དུ་བརྟགས།། བྱིས་པ་རྣམས་ཀྱི་བློ་འཕེལ ་ཕྱིར།། དངོས་པོ་ཙ་མོ་ཞིག་བཞག་པ་ཡིན།། ཀུན་བརྟགས་ལ་སོགས་སྣང་བ་ཡི།། རང་བཞིན་དུ་ནི་གསུངས་མིན་ནམ།། དེ་རྣམས་མངོན་སུམ་ཉིད་དུ་འགྲུབ།། མཚན་མོ་ལ་སོགས་རིམ་ཇི་བཞིན།། ཇི་ལྟར་བློ་ནི་འཕེལ་ཕྱིར་ཡིན།། རང་གི་ཕྱོགས་ལ་མཉེས ་པོར་གསུངས།། ལུང་དང་ཚད་མ་རྒྱས་པ་ནི།། འབའ་ཞིག་མ་གསུངས་གཞན་ལའང་ཡོད།། ཞི་བྱེད་ལ་སོགས་ལྷ་ལྔ་པོ།། དེ་རྣམས་རང་རང་ལུང་རྣམས་སུ།། སྣང་བ་གསུམ་ནཱི་ཡིས་ཆེས་ཕྱིར།། བུམ་པ་ཡི་ནི་དཔེ་བཞིན་དུ།། འདིར་ནི་རྟོག་ཏུ་བསྟན་པ་ཡི ་གཉིས་ག་ཡང་ནི་སྤྱོད་པར་མཚུངས།། སྟོང་པའི་ཕྱོགས་ལ་ནི་ཐ་དད་།། ཇི་ལྟར་མི་ནི་རིགས་བཞི་ཡི།། ཆ་ཤས་རྣམས་ལ་དབྱེ་བ་མེད།། དེ་བཞིན་སྣང་ལ་སོགས་སྣང་བ།། སྔོན་གྱི་སངས་རྒྱསོ་ལ་སོགས་གསུངས།། ཐུན་མོང་སྡོང་གསུམ་རང་བཞིན་ཕྱིར།། སྙིང ་སྟོབས་སོགས་ཡོན་ཏན་སྦྱོར་ལས།། སེམས་ཅན་ཐམས་ཅད་འབྱུང་བའི་ཕྱིར།། དེ་ལྟར་གང་ལ་དགོས་ཡོད་པ།། དེ་ལ་བདག་གི་ཚིག་འདི་བརྗོད།། དེ་ནི་དོན་གསུངས་མ་ཡིན་ཏོ།། ཅི་ཕྱིར་འདིར་བརྗོད་ཅེས་གསུངས་ཏེ།། འདོར་ནི་ཀུན་པ་ཌ། ་ལ་སོགས་གང་།། ཁྱོད་ཀྱིས་བརྗོད་པའི་ཚིག་ནི་ཉིད།། སྐྱེས་བུ་ལ་སོགས་ཆ་ཤས་བཞིན།། དེ་ཕྱིར་ཐམས་ཅད་ཐུན་མོངས་ཉིད།། སྣང་བ་ལ་སོགས་སྣང་གསུམ་ཉིད།། སྔགས་ཀྱི་ཚུལ་ལ་མཚུངས་མེད་ཕྱིར།། གང་ཕྱིར་དངོས་པོ་ཐམས་ཅད་ལ།། མུ་སྟེགས ་རྣམས་ལ་མཚུངས་འདི་ཡིས།། སྔགས་ཀྱི་ཐིག་པ་སྙིང་པོར་འགྱུར།། དངོས་པོ་ཀུན་གྱི་ནང་དུ་འདུས།། དངོས་པོའང་དེ་ཡི་ནང་དུ་འདུས།། དེ་བཞིན་འདིར་ནཱི་མནྟ་ངག་གིས།། ཀུན་བརྟགས་ལ་སྩོགས་སྣང་བ་གསུམ།། ཚིག་ཙམ་ཕྱིར་ནི་མཚུངས་པ་མེད།། ་དེ་ལྟར་སྔགས་ཀྱི་ཐེག་པ་ནི།། ཐེག་པ་གསུམ་ནི་འདུས་པ་སྟེ།། ཆོས་བསྡུས་ལ་སོགས་པ་རུ་ནི།། སྣ་ཚོགས་རྣམ་པར་ངག་གསུངས་ཕྱིར།། དེ་བཞིན་འདིར་ནི་མན་ངག་ལས།། གང་ཕྱིར་ཁ་ཅིག་དུ་ནི་དོན།། ཀུན་དགའ་བོ་རི་ཕྱག་རྡོར་ཞེས།། ཤཱ་རིའི་བུ་ནི ་བྱམས་པ་སྟེ།། རབ་འབྱོར་ཀུན་ཏུ་བཟང་པོའོ།། དེ་བཞིན་མོཏྤལ་གྱི་ནི་བུ།། ན་མཁའི་མཛོད་དུ་བརྗོད་པ་ཡིན།། དེ་ལ་སོགས་པར་ཤེས་པོར་བྱ།། དངོས་པོ་གཅིག་ལ་སྣ་ཚོགས་པའི།། མིང་རྣམས་སྔོན་དུ་འགྲོ་བ་ནི།། དངོས་པོ་གཅིག་ལ་མིང་དུ་མའོ།། འོན ་ཀྱང་ཐེག་པ་གསུམ་གསུངས་པ།། ཆོས་གང་གིས་ནི་སེམས་ཅན་རྣམས།། སེམས་ཀྱི་རྣམ་རྟོག་སྣ་ཚོགས་པ།། རྩོད་པ་ཙམ་ནི་འབའ་ཞིག་དང་།། བློ་འཕེལ་བ་ནི་ཉིད་འགྲུབ་པ།། གཞན་རྣམས་ལ་ནི་ཕྱིར་བཟློག་པ།། དེ་ཉིད་ཀྱིས་བརྟུལ་སེམས་ཅན་གྱིས།། རྒྱུ་ནི ་སྔགས་ཀྱི་ཐེག་པ་མཆོག། རྩོད་པའི་དུས་ལས་གཞན་པ་ཡི།། དུས་རྣམས་ལ་ནི་གཏན་དབབ་མིན།། ཐེག་པ་གསུམ་གྱིས་འགྲུབ་འགྱུར་བ།། སྐྱེ་བ་སྔ་མར་རྟོགས་ཕྱིར་རོ།། འོན་ཀྱང་གསང་སྔགས་ཐེག་ཆེན་ལས།། མ་རྟོགས་དངོས་གྲུབ་རྙེད་མི་འགྱུར།། དེ་ཡང ་སྔོན་དུ་མོས་པ་ལིས།། ཉན་ཐོས་སེམས་ཀྱིས་སྦས་པ་ཡིན།། དེ་ཕྱིར་རྫོགས་ལྡན་སོགས་དུས་སུ།། སྔགས་ཀྱི་ཐེག་པ་སྙིང་ལ་གནས།། སྐྱེ་བོ་འབུམ་ཕྲག་དུས་ནང་དུ།། དེ་མ་རྟོགས་པར་དངོས་གྲུབ་མེད།། གཉིས་ཀའི་མཐའ་ལྔ་བརྟེན་ནས་ནི།། བྱང་ཆུབ་དང ་པ་གསུངས་པ་ཡིན།། དེ་ལྟར་ཀུན་བརྟགས་པ་ལ་སོགས་ཀུན།། མན་ངག་གི་ནི་ནང་དུ་འདུས།། དེ་ལས་བྱུང་བའི་སྣང་བ་ནི།། འདུས་བྱས་ཐ་མལ་པ་རུ་འདོད།། འདུས་བྱས་རྣལ་འབྱོར་མ་ཡིས་གསུངས།། བྱིས་པ་རྣམས་ཀྱི་ཐ་མལ་གསུངས།། འདུས་བྱས ་སྣང་བ་འབའ་ཞིག་མིན།། གང་ཅུང་ཟད་ཀྱི་དོན་དམ་པའི།། ཕྱོགས་དང་གར་མཁན་གྲངས་མེད་པ།། དེ་དག་ཐམས་ཅད་འབྱུང་བ་ཉིད།། མ་རིག་པ་ཡང་དེར་ཟད་འགྱུརརོ།། རིག་པ་བཟང་པོ་ཡི་ནི་རྒྱུ།། ཤེས་དང་ཤེས་བྱ་དག་མི་གཡོ།། གཞན་དུ་སངས་རྒྱས་རྙེད ་མི་འགྱུར།། དེ་ཡང་འདུས་བྱས་སྒོམ་པ་པོས།། རྣམ་པར་མི་རྟོག་དེ་ཁོ་ན།། དེ་ནི་མེད་ཅིང་དེ་ཡང་མེད།། བདག་ལ་བརྗོད་དུ་མེད་པས་བརྒྱན།། རྣམ་གྲངས་སྦྱོར་ལས་སངས་རྒྱས་འབྱུང་།། དེ་ལྟར་སྙིང་རྗེ་ལ་དམིགས་པའི།། བློ་ལྡན་ནན་ཏན་ཤེས་བྱ་བ།། སེམ། ་ཅན་རྣམས་ལ་ཕན་པའི་ཕྱིར།། བྱིས་པ་བཞིན་དུ་ཡང་དག་སྤྱད།། གང་ཡང་མུ་སྟེགས་པ་རྣམས་ཀྱིས།། རྟག་ཏུ་སྣང་བའི་མིང་ཉིད་ཀྱིས།། དུས་ཙམ་ཉེ་བར་མཚོན་པ་ཉིད།། དམ་པའི་དོན་ནི་དངོས་པོ་མིན།། དེ་རྣམས་རིགས་པ་མི་ཤེས་པས། འདི ་ནི་ལྟ་བ་ཉམས་པ་ཉིད།། གང་ཡང་རིགས་པས་ཤེས་པ་ནི།། དེ་ཉིད་སངས་རྒྱས་གཞན་དུ་མིན།། དམ་པའི་དོན་གྱི་ལྟ་བ་ཡིས།། སངས་རྒྱས་པ་ནི་མྱང་འདས་འགྲོ།། ལྟ་བ་གཞན་ནས་སེམས་ཅན་ཡང་།། དམ་པའི་དངོས་པོས་གྲོལ་བར ་འགྱུར།། དེ་བཞིན་དུ་ཕྱི་དང་ནང་དུ་རྣལ་འབྱོར་བསྐྱེད་པ་བསྟན་པའི་ཕྱིར།། སྐྱེ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་གནས་ཞེས་པ་ནི་ལྟེ་བའི་དབུས་སུའོ།། རྩ་གཉིས་ཞེས་པ་ནི་ལ་ལ་ནཱ་དང་ར་ས་ནཱ་གཉིས་སོ།། ཁུ་བ་ཞེས་པ་ནི་ཀུན་རྫོབ་ཀྱི་བྱང ་ཆུབ་ཀྱི་སེམས་སོ།། དེ་བཞིན་དུ་རང་འབྱུང་ཡང་ཤེས་པར་བྱའོ།། དེ་དག་ཅེས་བྱ་བ་ལ་སོགས་པ།། ཆོས་ཀྱི་དབྱིངས་ཞེས་པ་ནི་ཨ་བ་དྷཱུ་ཏཱིའོ།། འདུས་པ་ཡིན་ཞེས་པ་ནི་རྩ་གཉིས་འདུས་པའི་ཕྱིར་རོ།། དོན་དམ་པའི་ཡུལ་ལ་ནི་སྒྲའི་ཚུལ་ལོ།། དེ་བཞིན ་དུ་ཡང་སྙིང་སྟོབས་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནང་དུ་བསྐྱེད་པ་སྟོན་པའི་ཕྱིར་རོ།། འབྱུང་བའི་གནས་ནི་ཆོས་ཀྱི་དབྱིངས་སྐྱེ་གནས་སོ།། དེའི་ཕྱིར་རྩ་ལ་བསམ་གྱིས་མི་ཁྱོབ་ལ་བསམ་དུ་མེད་པ་འབྱུང་སྟེ། སྙིང་སྟོབས་དང་སྣང ་བ་དང་ལུས་དང་སེམས་དང་སྟོང་པ་དང་ཟླ་བ་དང་ཤྭེ་རབ་མཚན་མོ་དང་གཞོན་དབང་དང་ཨོཾ་དང་ཨཱཿའོ།། དེ་བཞིན་དུ་རྡུལ་དང་སྣང་བ་མཆོད་པ་དང་ངག་དང་སེམས་ལས་བྱུང་བ་དང་། ཤིན་ཏུ་སྟོང་པ་དང་། ཉི་མ་དང་། ཐབས་དང་། ཉོན་མོ་དང ་ཀུན་བརྟགས་དང་། ཨ་དང་ཧྲཱིའོ།། དེ་བཞིན་དུ་མུན་པ་དང་སྣང་བ་ཐོབ་པ་དང་། ཡིད་དང་མ་རིག་པ་དང་སྟོང་པ་ཆེན་པོ་དང་སྒྲ་གཅིན་དང་ཡང་དག་པར་སྦྱོར་བ་དང་མཚམས་དང་ཡོངས་སུ་གྲུབ་པ་དང་། ཧཱུཾ་དང་ཕཊ་དོ།། ཡེ་ཤེས་དེ་རྣམས་ཀྱི་རང ་བཞིན་རྣམས་སུ་ལུས་དང་ངག་དང་སེམས་ཀྱི་བདག་ཉིད་གྲངས་མེད་པ་སངས་རྒྱས་ཀྱི་རང་བཞིན་དུ་དགོངས་པའོ།། འབྱུང་བ་ལས་གྱུར་པ་དེ་རྣམས་ལ་སྲིད་པར་འབྱུང་བར་བརྗོད་དོ།། དེ་ཅིའི་ཕྱིར་ཞེ་ན། དེའི་རང་བཞིན་ཉིད་ཀྱིས་ན་ཞེས་གསུངས ་པས་སངས་རྒྱས་ཀྱི་རང་བཞིན་ཉིད་དོ།། དེ་ཉིད་དུ་གསུངས་པ། སྙིང་སྟོབས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་དེའི་དོན་བཤད་དེ་སྔོན་གྱི་བག་ཆགས་ཀྱིས་བསོད་ནམས་ཉེ་བར་སྤྱད་པའི་ཕྱིར་མ་དང་ཕ་སྔོན་དུ་གསུངས་སོ།། ། ་དངོས་པོ་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དེ་ལ་དེ་བཞིན་དུ་གསུང་སོ།། དེ་བཞིན་བཤང་གཅི་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་སེ་འི་སྤྲུལ་པའི་སྐུའི་ལུས་ཅན་ནོ།། བརྗོད་ཅེས་པ་ནི་སྦྱོར་བའོ།། རུས་པ་ཞེས་བྱ་བ་ལ་སོགས ་པ་ནི་གོ་སླའོ།། རྣམ་གཉིས་ལས་བྱུང་ཞེས་པ་ནི་ཕ་དང་མའི་ཁམས་ཀྱི་དབང་གིས་སམ་བྱང་ཆུབ་སེམས་དང་སྲོག་ལས་སྲོག་ཏུ་སེམས་ཀྱི་རང་བཞིན་གྱི་མཚན་ཉིད་རྣམ་པ་མང་པོའི་ཕྱིར་རོ།། དེ་བཞིན་དུ་གཅིག་ཅེས་པ་ནི་རང་རིག་པའི་སྒྲའི་བདེ ་བའོ།། དུ་མ་ཞེས་པ་ནི་སྤྲུལ་པའི་སྐུའོ།། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་བཞིན་གྱིས་གནས་པ་རྡོ་རྗེ་ཅན་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་ངོ་།། དེ་ཡང་རྩའི་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་པ་རྣམས་ད་ལྟར་གྱི་དུས་སུའོ།། རྒྱུ་བ་ཞེས་པ་ནི ་རྒྱས་པར་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ལ་རླུང་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་རྣམས་རྒྱུའོ།། དེས་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་ཆས་གང་དུས་དེས་ནི་འདི་བྱ་བའོ།། དེ་ཅི་ཞེ་ན། དེའི་ཞེས་གསུངས་ཏེ། རྩ་སྟོང་ཕྲག་བདུན་ཅུ་རྩ ་གཉིས་རྣམས་ཀྱི་རྩ་རེ་རེ་ལའོ།། སྒོ་ཞེས་བྱ་བ་ནི་འོག་དང་སྟེང་དུ་སྒོ་གཉིས་སུ་འགྱུར་བའོ།། དེའི་གཉིས་ཞེས་པ་ནི་འོག་དང་སྟེང་ལས་གང་སྟེང་དུ་རྒྱུ་བ་ནི་སྤྲོ་བའི་དུས་སུའོ།། འོག་གི་སྒོ་ནས་རྒྱུ་བ་ནི་སྡུད་པའི་དུསོ།། ་དེ་དག་གི་ཞེས་པ་ནི་གཡོན་དང་གཡས་སུ་སྲོག་འཕོ་བའི་དུས་སུའོ།། འདུས་དུས་སུ་ཞེས་པ་ནི་རྩ་རྣམས་ཀྱི་ཕན་ཚུན་སྲོག་རྒྱུ་བའི་དུས་སུའོ།། ལྷ་ཞེས་པ་ནི་ཨ་བ་དྷཱུ་ཏཱིར་འཕོ་བའི་ཕྱིར་ཐིག་ལེའི་མཚོན་པ་ཉིད་རང་བཞིན་མེད་པ་དཔའ ་རླབས་མེད་པའི་ཏིང་ངེ་འཛིན་ཉེ་བར་དམིགས་པར་འགྱུར་རོ།། དེས་ན་འགྱུར་ཞེས་པ་ནི་བདག་ཉིད་རྡོ་རྗེ་འཆང་དུ་འགྱུར་ཞེས་དགོངས་སོ།། །། ད་ནི་གོང་དུ་འཕོ་བའི་སྦྱོར་བར་གཏུམ་མོའི་སྦྱོར་བའི་དངོས་པོ་བསྟན ་པའི་ཕྱིར།། སྟེང་གི་སྒོ་ཞེས་བྱ་བ་ལ་སོགས་པའི་འདིར་རྩ་ཐམས་ཅད་ཀྱི་རྒྱུ་བའི་ཕྱིར་དེའི་གང་དུ་བསྐྱེད་པའི་གནས་དེར་སྒོ་གཅིག་ཏུ་འགྱུར་རོ།། དེ་ནི་སྤྱི་བོའི་གནས་སྟེང་གི་སྒོ་ཞེས་བརྗོད་དོ།། དེ་ཉིད་ཀྱི་སྲོག་རྒྱུ་བའི་བུ་ག་ནི་འོག་གི ་སྨོ།། དེ་ཉིད་ཀྱི་འོག་གི་སྒོར་རྣམ་པར་ཤེས་པ་སྲོག་གི་སྦྱོར་བ་ལས་གནས་སོ།། སྟེང་གི་སྒོ་རུ་ཞེས་པ་ནི་སྐྱེ་བའི་གནས་སུའོ།། ཁམས་རྣམས་ཞེས་པ་ནི་ལུས་ཀྱི་གོང་བུའི་བ་སྤུ་དང་པགས་པ་ལ་སོགས་པའི་ཁམས་རྣམས་ཀྱི་གནས་རྣམས ་སུའོ།། འཇུག་པར་བསམ་ཞེས་པ་ནི་རྣམ་པར་ཤེས་པ་དང་ལྡན་པའི་སྲོག་གི་རླུང་བསམ་པར་བའོ།། རྣལ་འབྱོར་པ་ཞེས་པ་ནི་སེམས་སོ།། རྩ་རྣམས་ཐམས་ཅད་ཅེས་པ་ནི་རྩེའི་རྣལ་འབྱོར་མ་རྣམས་ཀྱིའོ།། འདུས་པ་ཞེས་པ་ནི་ཐིམ་པར ་འགྱུར་བའོ།། དེས་ན་སྟེང་སྒོར་ཞེས་པ་ནི་སྔོན་གྱི་ཚུལ་གྱིས་བསྐྱེད་པའི་གནས་སུའོ།། དེ་ཉིད་ཀྱིས་ན་ནིའི་སྒྲ་ནི་ངེས་པར་གཟུང་བའོ།། དེ་ཞེས་པ་ནི་དེར་རོ།། ལུས་ཞེས་པ་ནི་ལུས་ལའོ།། རྟག་ཏུ་ཞེས་པ་རྒྱུན་མི་འཆད་པར་རོ།། རྡོ་རྗེ་ཅན ་ཞེས་པ་ནི་ཡེ་ཤེས་ཀྱི་ཁམས་སོ།། རྟག་ཏུ་གནས་ཞེས་པ་ནི་ཁམས་བཞིའི་ནང་དུ་འདུས་པར་གནས་སོ།། དེ་ལ་ས་ནི་མི་བསྐྱོད་པའོ།། ད་ནི་དེ་བཞིན་དུ་སྙིང་ཁར་རོ།། སྤྱི་ནི་རང་འབྱུང་གི་མེ་ཏོག་གོ། ཏ་ནི་ཁུ་བ་ཉིད་དོ།། དེ་བཞིན་དུ་སྟེང་ཞེས་བྱ ་བྲ་ལ་སོགས་པ་ནི་དེའི་སྟེང་གི་སྒོ་ལ་འཁྲུལ་འཁོར་གསུམ་མོ།། སྒོ་དགུ་ཞེས་པའི་རྩ་དགུས་ཡོངས་སུ་བསྐོར་བའོ།། དེ་ཡང་ཅི་ཞེ་ན། དེ་ལ་ཀྱེ་བཅོམ་ལྡན་འདས་ཞེས་པ་ནི་ཞུས་པའོ།། དེ་ཡང་སྔོན་གྱི་ཚིག་གི་རྗེས་སུ་འགྲོ་བ་རྟག་ཏུ་བཞུགས ་ཞེས་པ་དང་འབྲེལ་ཏོ།། དེ་ལ་དཀའ་སྩལ་པ་ཞེས་པ་ནི་བསྟན་པའི་སླར་བཤད་པ་གསུངས་པའོ།། ཅི་ཞེ་ན། གསུངས་པ། གསུམ་ཞེས་བྱ་བ་ལ་སོགསྒྲ་ནི་འདིར་འཁྲུལ་འཁོར་གྱི་སྒྲས་ནི་རྩ་སོ་སོ་རྣམས་ཀྱི་བསྐྱེད་པའི་གནས་རྣམསུ་ལུས ་དང་ངག་དང་སེམས་ཀྱི་དབྱེ་བས་སྨིག་རྒྱུའི་སྐུད་པ་བཞིན་རྩ་གསུམ་འཁྲུལ་འཁོར་གྱི་གཟུགས་འཁྱིལ་པའི་རྣམ་པ་ཉིད་དུ་གནས་ཏེ། དེ་ཉིད་སུམ་ཁྱོག་ཐོད་པའི་ཆ་བྱད་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་ཁམས་སུ་བརྗོད་དོ།། དེ་ལ་ཆུང་ངུ་ཞེས ་པ་ནི་ཨོཾ་འཇུག་པ་ཡིས་ས་འོག་གནས་མ་རྣམས་བསྐྱེད་པའོ།། དེ་བཞིན་དུ་འབྲིང་ཞེས་པ་ནི་ཨཱཿགནས་པའི་ཕྱིར་ས་སྤྱོད་རྣམས་བསྐྱེད་པའོ།། དེ་བཞིན་དུ་མཆོག་ཅེས་པ་ནི་ཧཱུཾ་ལྡང་བའི་ཕྱིར་མཁའ་སྤྱོད་རྣམས་བསྐྱེད་པའོ།། དེ་བཞིན་དུ་དཀྱིལ ་འཁོར་གསུམ་དང་། ལམ་གསུམ་དང་། མིག་གསུམ་དང་། སྐུ་གསུམ་དང་། ཐར་པ་གསུམ་དང་། འཇིག་རྟེན་གསུམ་དང་། སྲིད་པ་གསུམ་དང་། དེ་ཁོ་ན་ཉིད་གསུམ་དང་། དུས་གསུམ་དང་། ཐུན་མཚམས་གསུཾ ་ནམ་མཁའ་གསུམ་དང་། འགྲོ་བ་གསུམ་དང་། ཕོ་བྲང་གསུམ་དང་། ས་བོན་གསུམ་དང་། གྲུ་གསུམ་དང་། གནས་གསུམ་དང་། ཡོན་ཏན་གསུམ་དང་། ཡི་གེ་གསུམ་དང་། སྣང་བ་གསུམ་དང་། རང་བཞིན་གསུམ་དང་། ཁམས་གསུམ་དང་། ་ལ་གསུམ་དང་། ཐབ་ཁུང་གསུམ་དང་། གཟུགས་གསུམ་གྱི་རིམ་པས་གྲངས་མེད་པར་འགྱུར་རོ།། དེ་ལྟར་དཀྱིལ་འཁོར་ལ་སོགས་པ་རྣམས་ལ་ཀ་བ་གཅིག་ཅེས་པ་ལ་སོགས་པ་ནི་རྐང་པ་ན་ས་མགོའི་བར་དུ་ནོར་ལས་རྒྱལ་ཞེས ་རླུང་ལུས་ཐམས་ཅད་ཀྱི་རྟེན་ནོ།། དེ་ཉིད་ཀྱི་སྒོ་དགུ་ཞེས་པ་ནི་ནོར་ལས་རྒྱལ་ཞེས་པ་ལ་སྣལ་མ་ཕྲ་མོ་སྒོ་དགུའི་བདག་ཉིད་སྲོག་ལ་སོགས་པའི་རླུང་རྒྱུ་བ་དེ་ལ་དེ་སྐད་ཅེས་བྱའོ།། རགས་པ་ཞེས་པ་ནི་སྲོག་ལ་སོགས་པ་རླུང་ལྔ་རྣམས ་ཕུང་པོ་ལྔའི་རང་བཞིན་དཀྱིལ་འཁོར་ལྔའོ།། དེ་རྣམས་ཀྱི་ལྷག་པའི་ལྷ་ཞེས་པ་ནི།། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔའོ།། དེ་བཞིན་དུ་བུ་ག་ཞེས་བྱ་བ་ལ་སོགས་པ་ནི་སྣལ་མ་ཕྲ་མོ་རྣམས་སྦོམ་པོ་ཉིད་དུ་འགྱུར་བའོ།། ་ག་ཞེས་པ་ནི་མིག་ལ་སོགས་པའི་སྒོར་སོན་པའོ།། དགུ་ཞེས་པ་ནི་ཀ་བ་གཅིག་དགུའི་བདག་ཉིད་དོ།། དེ་རྣམ་ས་རེ་རེ་ལ་གསུམ་གསུམ་གྱི་བུ་ག་རྣམས་སོ།། དེ་ཉིད་དུ་གསུངས་པ་ཐ་མ་ཞེས་བྱ་བ་ལ་སོགས་པ་འདིར་ཐ་མ་ནི་འཇུག་པའི་ཕྱིར་ཨོཾ ་ཞེས་པ་ལུས་ཀྱི་སྒོ་ལུས་ལ་ཁྱབ་པར་བྱེད་པའི་ཕྱིར་རོ།། དེ་ཉིད་ཀྱིས་ནི་སྦོམ་པོ་ཞེས་པ་ནི་ས་ལ་སོགས་པའི་དཀྱིལ་འཁོར་རྒྱུ་བའི་སྤྱན་མ་ལ་སོགས་པའོ།། ལྷ་མོ་རྣམ་པར་སྤྲུལ་ཞེས་པ་ནི་བཤད་པ་དང་། གཅི་བ་དང་། ཤེལ་དང་། རང་འབྱུང་དང་། ་ཁུ་བ་ན་མཁའི་ཁམས་ཅན་ཏེ། དེ་རྣམས་ཀྱི་ལུས་སུ་སྤྲུལ་ཞེས་པའི་དོན་ཏོ།། དེ་ཡང་སེམས་ལྡན་ཞེས་པ་ལ་སོགས་པ་རྣལ་འབྱོར་པའི་མཐར་ཐུག་པའི་མིང་གི་རྣམ་གྲངས་ཀྱིས་ལྔ་སྟེ་ཁམས་ལྔའི་རང་བཞིན་གྱི་ཕྱིར་རོ།། དེ་བཞིན་དུ་རྟག་ཏུ་ཞེས་པ་ནི ་ཡི་གེ་གཉིས་ཀྱིས་སྒོའི་མཆོག་གཏན་ལ་ཕབ་པའོ།། དེ་ཡང་དག་གི་སྒོ་དུས་རྣམས་ཀུན་ཏུ་འགྲོ་བ་ཞེས་པའི་ཚིག་གི་ཁྱད་པར་གྱིས་ཏེ། དེས་ན་འགྲོ་བ་སེམས་ཀྱི་རྣམ་པར་རྟོག་པ་ལས་བྱུང་བའི་ཚིག་གོ།། དེ་ཉིད་ཀྱིས་ན་བརྟགས་པའི་རྒྱུད་དོ།། དེ་ལར ་ཞེས་བྱ་བ་ལ་སོགས་པ། རྐང་གཅིག་ཅེས་པ་སྐྱེས་བུའི་ཁྱད་པར་རོ།། རྐང་བཞི་ཞེས་པ་བ་ལང་དང་རྟ་དང་མ་ཧེ་ལ་སོགས་པའི་ཁྱད་པར་རོ།། སོགས་པའི་སྒྲས་ནི་རྐང་གཉིས་ལ་སོགས་པ་བསྡུའོ།། དེ་རྣམས་ཀྱི་རླུང་ལ་སོགས་པ་ཞེས་པ་ནི་འཆང་བཞིན ་པའི་དཀྱིལ་འཁོར་རྒྱུ་བའི་ཕྱིར་རོ།། སོགས་པའི་སྒྲ་ཡང་དཀྱིལ་འཁོར་ལྔ་པོ་ཉིད་དོ།། འགྲོ་བ་ཞེས་པ་ནི་དུས་དེའི་ཚེ་སྐྱེས་པ་དང་ཡུལ་འཁོར་དང་རྒྱལ་པོའི་གནས་ལ་སོགས་པར་བཏགས་པའི་ཕྱིར་རོ།། དེའི་རིང་བཞིན་དུ་འབྱུང་ངོ་།། དེ་བཞིན་དུ་རླུང ་ནི་རྣམ་པ་བཞི་ཞེས་པ་ནི་རླུང་ཡང་རླུང་གཅིག་གི་ཁྱད་པར་བར་ལ་དབང་ཆེན་ལ་སོགས་པ་རྣམ་པ་བཞིར་བརྗོད་དོ།། དེ་ཅི་ཞེ་ན། གསུངས་པ། སེམས་ཞེས་བྱ་བ་ལ་སོགས་པ་ལ། གནས་པ་ཞེས་པ་ནི་སྔོན་དུ་རྟག་ཏུ་ཡི་གེ་གཉིས་ཀྱི་དོན་གསུངས།། དེ་ལྷ ་གནས་ཞེས་པའི་སྒྲས་བརྗོད་དོ།། དེ་ལྟར་གནས་ཞེས་པ་ནི་སེམས་ཅན་གྱི་རིགས་ཏེ་དེ་ཡང་རྣམ་པ་གཉིས་སོ།། དེ་ལ་ཐིམ་པ་ལ་སོགས་པ་བསྟན་པ་དང་། བཤད་པ་ཁོང་དུ་ཆུད་པར་བྱ་སྟེ། འདིར་གང་ཐིམ་པ་ཡང་ཡུལ་ཐམ ་ཅད་ལ་ཉེ་བར་མཚོན་པའི་། དེ་བཞིན་དུ་བཤད་པས་ཐིམ་པ་རྟག་ཏུ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་ནང་དུ་འདུས་པས་དུས་ཐམས་ཅད་དུ་གང་དུ་ཡང་མ་སྤོང་ཞེས་པའི་དོན་ཏོ།། དེ་བཞིན་དུ་འཇུག་པའི་ཆོ་ག་ནི་དབང་པོ་དྲུག་ཡུལ་ལ ་འཇུག་པ་བསྟན་ཏོ།། འདིར་བཤད་པ་འཇུག་པ་དང་འགྲོ་བ་དང་སེམས་ཅན་ཐམས་ཅད་ལ་ཞེས་པ་ནི་དངོས་པོ་ཐམས་ཅད་མཐོང་བའི་ཕྱིར་དེའི་ཚེ་དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱིས་ན་དེ་རྣམས་ལ་ཐིམ་པའི་ཕྱིར་འགྲོ་བ་ཞེས་པ ་སྐྱེ་བའི་མཚན་ཉིད་དོ།། དེ་བཞིན་དུ་ཡང་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་འགྲོ་བའོ།། གང་ཡང་འཇིག་རྟེན་པ་དེ་ནི་བྱིས་པ་རྣམས་བེམས་པའི་བློས་རྟོག་པས་འགྲོ་བ་དྲུག་གི་འཁོར་བ་རྣམས་སུ་འགྲོའོ།། གང་ཡང་འཇིག་རྟེན ་ལས་འདས་པ་དེ་ནི་འཕགས་པ་རྣམས་རྟག་ཏུ་བེམས་པོ་མ་ཡིན་པའི་བློ་ཡི་ཁྱད་པར་གྱིས་རྟག་ཏུ་དམ་པ་ལ་སྤྱད་པའི་མཚན་ཉིད་ཀྱིས་བདེ་འགྲོར་འགྲོ་ཞིང་ང་རྒྱལ་མེད་པར་འགྲོ་བའོ།། དེས་ན་སངས་རྒྱས་ཀྱི་འཇིག་རྟེན་དགའ་ལྡན་ལ ་སོགས་པ་རྣམས་སུ་འགྲོ་བའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ནས་འཁོར་ལོ་བཞིའི་རབ་ཏུ་དབྱེ་བས་དཀྱིལ་འཁོར་ལྔ་བརྒྱ་པ་བསྟན་པའི་ཕྱིར། མེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་མེའི་དཀྱིལ་འཁོར་གོས་དཀར ་མོའི་རང་བཞིན་མགྲིན་པའི་འཁོར་ལོ་ནས་རྒྱུ་སྟེ། གཡོན་དང་གཡས་ཀྱི་སྣ་ཁུང་ནས་སྟེང་དུ་རྒྱུའོ།། དེ་བཞིན་དུ་རླུང་གི་དཀྱིལ་འཁོར་ནི་དཔྲལ་བའི་འཁོར་ལོ་ནས་སྣའི་བུ་ག་གཉིས་ཀའི་ལོགས་ནས་རྒྱུའོ།། དེ་བཞིན་དུ་དབང་ཆེན་གྱི་དཀྱིལ་འཁོ ་ནི་ལྟེ་བའི་འཁོར་ལོ་ནས་ཐད་ཀ་ཞེས་པ་མདུན་དྲང་པོར་རྒྱུའོ།། ཆུའི་དཀྱིལ་འཁོར་ནི་སྙིང་གའི་འཁོར་ལོ་ནས་འོག་ཏུ་འགྲོ་བས་རྒྱུའོ།། ན་མཁའི་དཀྱོར་ནི་དཀྱོར་བཞི་དང་མཉམ་པོར་རྒྱུའོ།། དེ་ཉིད་ཀྱིས་ན་གསུམ་པ་ཞེས་བྱ་བ་ལ་སོགས ་པ་ནི་གོ་སླའོ།། འདི་རྣམས་ཀྱི་ལོག་པའི་དངོས་པོ་གསུངས་ཏེ། རྣམ་སྣང་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་རྣམས་ཀྱི་ལྷག་པའི་ལྷའི་རང་བཞིན་གྱིས་སངས་རྒྱས་ལྔའི་རླུང་ལས་བསྐྱེད་པའི་ཕྱིར་རོ།། སྟེང་གི་སྒོ་རུ་ཞེས་པ་ནི་རྩ་རྣམ ་བསྐྱེད་པའི་གནས་ན་སུ་ལུས་ཀྱི་ཁམྦ་ནཱི་ལ་རླུང་མི་གཡོ་བའོ།། དེ་བཞིན་དུ་འོག་ཏུ་ཞེས་པ་ནརྀ་སྣའི་བུ་ག་ལ་སོགས་པ་ནས་བྱུང་ནས་ཟད་པའི་ཕྱིར་རོ།། དེ་རྣམས་རྣམ་པར་གནས་ཞེས་པ་ནི་རླུང་རྒྱུ་བ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་རྣམས་ཡང་དག་པར ་གནས་སོ།། དེ་ནས་སྟེང་དུ་གཤེགས་གསོལ་ཞེས་པ་ནི་སྤྱི་བོ་ནས་བསྐྱེད་པའི་རྣམས་སུ་བླ་མའི་མན་ངག་གིས་སྟོང་པའོ།། དེ་བཞིན་དུ་སྤྱན་དྲངས་ཞེས་བྱ་བ་ལ་སོགས་པ་ནི་སེམས་ལས་བྱུང་བ་རྣམས་ཀྱི་དངོས་པོ་རྣམས་ལའོ།། རྟག་ཏུ ་ཞེས་པ་ནི་དུས་ཐམས་ད་དུའོ།། འགྲོ་བ་ཞེས་པ་ནི་ཡུལ་དོང་ཡུལ་ཅན་རྣམས་ལ་འགྲོ་བའོ།། དེ་བཞིན་དུ་ཇི་ལྟ་བུའི་རང་བཞིན་གྱི་ཚིག་མཁོའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ལྟར་གསུངས་པ། ཐམས་ཅད་ནི་བཅོམ་ལྡན་འད ་ཀྱི་བཀའ་ཡིན་ཏེ། དེས་ན་ཡང་སྡུད་པ་པོ་བདག་ཉིད་ཀྱི་ཉེས་པ་བསལ་བའི་དོན་དུ་འདི་ནི་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་དེ་ཉིད་སྟོན་པའི་ཕྱིར་ཞེས་དགོངས་སོ།། ད་ནི་བདག་མེད་མ་ལ་སོགས་པའི་རྣལ ་འབྱོར་མ་རྣམས་ཀྱི་ཞུ་བ་སྣ་ཚོགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་པ་ནི་རྡོ་རྗེ་སྙིང་པོས་དྲིས་པ་ཞུས་པའི་རྗེསུ་བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་མཆོད་པ་བྱས་ནས་དེ་ནས་བཅོམ་ལྡན ་འདས་མཉེས་ནས། སེམས་དཔའ་ཆེན་པོ་ཞེས་པ་ལོངས་སྤྱོད་རྫོགས་པའོ་སྐུ་ཅན་དེ་ལ་ཚིག་འདི་ཞུས་པ་སྟེ། དེ་ཡང་བསྟན་ཏི་ཞེས་པ་ནས་བདག་ལ་བཤད་དུ་གསོལ་བའི་བྷར་དུ་ཞུས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེ ་པ་ནི་ཉོན་ཅིག་ཅེས་པ་ལ་སོགས་པ་བསྟན་པ་དང་བཤད་པོ་སྣ་ཚོགས་པ་རབ་ཏུ་བྱེད་པ་འདི་ནས་རབ་ཏུ་བྱེད་པ་གཉིས་པའི་མཐར་ཐུག་པ་ནི་བཅོམ་ལྡན་འདས་ཀྱི་ལན་གྱི་ཚིག་གོ།། དེ་བཞིན་དུ་གནས་འདི་ཞེས་བྱ་བ་ལ་སོགས་པ་ལྔ། མཁའ ་འགྲོ་མ་ཞེས་པ་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་ཉི་ཤུ་རྩ་བཞི་ཤེས་པར་བྱ་ཞེས་པ་ནི་ངེས་པའོ།། གཞན་ནི་གོ་སླའོ།། འོན་ཀྱང་འཆང་བཞིན་པ་སླར་བཤད་པ་ལ་གསལ་བ་ཉིད་ཀྱིས་ན་འདིར་མ་བཤད་དོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱིས་རྒྱལ་པོ ་རྟོག་པ་དྲུག་པའི་རབ་ཏུ་བྱེད་པ་དང་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བའི་གཞུང་བསྟན་པ་སྟེ་དང་པོའོ།། ད་ནི་རྩ་བའི་འཁོར་ལོ་ཇི་ལྟར་བྱུང་བའི་གནས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན ་ཡང་ཞེས་པ་ནི་རྣལ་འབྱོར་པའི་ལུས་ཀྱིའོ།། དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པའི་སྐུའི་ཁྱད་པར་སྐྱེས་བུ་ཆེན་པོའི་ཕྱིར་རོ།། དེ་བཞིན་དུ་སྐྱོང་ཁའི་དབུས་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པ ་རྣམས་ཀྱི་རེ་རེའི་སྙིང་པོར་རྩའི་འཁོར་ལོ་སྡོམ་པའི་དབྱེ་བས་ཤིན་ཏུ་ཕྲ་བའི་དུས་བརྗོད་དེ།། པདྨ་ཞེས་པོ་འདིར་པདྨའི་སྒྲ་ནི་སྭའོ།། དེ་ཡང་འདབ་མ་བརྒྱད་ཅེས་པ་ནི་ཞིང་བརྒྱད་ཀྱི་རྩའོ།། ལྟེ་བར་བཅས་ཞེས་པ་ནི་ཐམས་ཅད་ན་མཁའི ་རྣམ་པའོ།། དེའི་དབུས་སུ་སོན་པའི་རྩ་ཞེས་པ་ནི་སྙིང་རྗེའི་རྒྱུན་གྱིས་ཆགས་པ་ཆེན་པོ་རྒྱན་མི་འཆིང་པའི་རྩ་མར་མེའི་རྒྱན་བཞིན་ནོ།། དེ་ཉིད་ཀྱིས་ན་མར་མེ་ལྟ་བུའི་གཟུགས་ཅན་ནོ།། དེ་བཞིན་དུ་དེ་ཡང་ཆུ་ཤིང་ཞེས་བྱ་བ་ལ་སོགས་པ ་ལླ་ནི་ཐུར་དུ་ཞེས་པ་ནི་རྩཝ་ཐམས་ཅད་དང་ཡུལ་དང་ཡུལ་ཅན་ལས་བདུད་རྩིའི་རོ་དགུག་སྟེ། སེམས་ཀྱི་ཆུ་ཤིང་གི་མེ་ཏོག་བཞིན་རོ་གཅིག་པར་གྱུར་པས། མདུན་དུ་དམིགས་བཞིན་པས་སྲིད་པ་དང་མྱ་ངན་ལས་འདས་པའི་གཟུ ་ཀྱི་ཕྱིར་རོ།། དེ་བཞིན་དུ་དེ་ཡི་དབུས་ཞེས་པ་ནི་རྩ་བའི་ཆགས་པའི་རྩ་རྣམས་ཀྱི་དབུས་སུའོ།། གནས་པའོ་ཞེས་པ་ནི་རྣམ་པར་རྟོག་པ་མཐའ་དག་སྤངས་པའི་ཕྱིར་དཔའ་བོའི་རྡོ་རྗེ་ལྟ་བུའི་སྲོག་གོ།། ཡུངས་ཀར་སྦོམ་པོའི་ཚད་ཙམ་ཞེས ་ནི་དོན་དལ་པའི་བྱང་ཆུབ་ཀྱི་སེམས་ཐིག་ལེའི་གཟུགས་ཧཱུཾ་ངོ་།། ཇི་ལྟར་རྡོ་རྗེ་ནོར་བུའི་རྩེ་མོ་ནས་ཁུ་བའི་ཐིག་ལེ་འཛག་པ་པདྨར་ཧཱུཾ་ལྷུང་བ་དེའི་བར་ལ་ལྷན་ཅིག་སྐྱེས་པ་རྣམསོ།། དེ་ལྟར་སྣའི་རྩེ་མོ་ནས་སྲོག་ཡུངས་ཀར་ཙམ་སྲོག་རིང ་པོ་འགྲོ་བའོ།། དེས་ན་འགྲོ་བ་ཧཱུཾ་མིག་ཤིགས་པ་སྲོག་ས་བོན་ཞེས་སྦྱར་རོ།། འཛག་པ་ཡིན་ཞེས་པ་ནི་བྱང་ཆུབ་ཀྱི་ས་བོན་མི་འཛག་པའོ།། དེ་ཡང་པ་སནཱ་ཏ་ཞེས་བྱ་བ་ལ་བ་ཞེས་པ་ནི་རྡོ་རྗེའི་དབུས།། རྟག་ཏུ་འདོད་པ་ལ ་རོལ་པ།། འགྲོ་དང་འོང་བ་འགེག་པ་ཡི།། དེ་ཚེ་དགྱེས་པའི་རྡོ་རྗེ་བཞུན།། ས་ཞི་བ་ཡི་ཚིག་ཀུནྡ།། རྒྱོར་མ་ཡི་གནྡི་རྒྱས་པྲ།། སྐྱེ་བ་དང་ནི་འཇིག་འཇོམས་ཕྱིར།། རྒྱུ་བའི་སྤྱོད་པ་ལ་ནི་སྤྱོད།། ཏ་ཞེས་པ་ནི་སྣལ་མཱ་སྟོང་།། བདུན་ཅུ་རྩ་གཉིས་གོ་རིམ་ལས།། དེའི་དབུས་སུ ་གནས་དཔའ་བོ་ནི།། ཟེའུ་འབྲུ་གསང་བའི་སྤྱོད་ཡུལ་ཅན།། དེ་བཞིན་ཏིལ་ཀ་ཞེས་པ་ལ།། ཏ་ནི་ཨ་སྔོན་འགྲོ་བ་ཡིས།། ཆུ་ལ་རླུང་ནི་ཐིམ་པ་ཉིད།། དེར་གནས་པ་ཡི་སྐེམས་པར་བྱེད།། ལུས་ཀྱི་ཚོགས་ཀུན་རྣམས་ལ་ཁྱབ།། ལ་ཞེས་པ་ནི་ས་ལྷོ་རུ།། ་ཨ་ཡི་ཕ་རོལ་ཏུ་ནི་ར།། དེས་ན་མེ་དང་མཉམ་པར་གནས།། ས་ཡི་རྣམ་པ་དང་ནི་སེམས།། ཀ་ནཱི་ན་མཁའི་གཟུགས་ཀྱིས་ནི།། ཕུང་པོ་ལྔ་ལ་ཡང་དག་གནས།། ཐམས་ཅད་དུ་ནི་བདག་ཉིད་མ་རུ་གྲགས།། དེ་བཞིན་དུ་ལས་ཀྱི་རླུང་ཞེས་བྱ་བ་ལ་སོགས ་བ་ནི་རྫ་སོ་སོ་རྣམས་ཀྱི་ནང་རྣམསུ་དཔྱིད་ཀྱི་ཐིག་ལེ་ཡང་དག་པར་གནས་ཏེ།། སླརརྱ་ལ་ཡང་དཔྱིད་ཀྱི་ཐིག་ལེའི་ནང་དུ་ལས་ཞེས་བྱ་བ་ལི་སོགས་པ་སྣ་ཆུ་འབབ་པཱ་སྟེ་ཞེས་པའི་མཐར་ཐུག་པ་ཁོང་དུ་ཆུད་པར་བྱའོ།། གཞན་ད་ག་ནི་གོ་སླའོ།། ཁ་སྦྱོར ་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་དྲུག་པའི་རབ་ཏུ་བྱེད་པ་གཉིས་པ་ལུས་ལ་རྩ་དགོད་པ་ཞེས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བ་དྲན་པའི་སྣང་པོ་ཞེས་པའི་གཞུང་བསྟན་པ་སྟེ་གཉིས་པའོ།། །། ད་ནི་ལུས་ཀྱི་དཀྱིལ་འཁོར་གྱི་རྒྱུ་དང ་འབྲས་བུ་བསྟན་པའི་ཕྱིར།། ནང་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། སོགས་པའི་སྒྲས་ནི་འཁོར་ལོ་བཞི་དང་དཀྱིལ་འཁོར་རྣམས་ལ་སོགས་པ་ལ་ཞུས་པ་བསྡུ་བའོ།། ཅི་ལྟ་བུར་འགྱུར་ཞེས་པ་ནི་རྣམ་པ་གང་གིས་འགྱུར་ཞེས་པའི་དོན ་ཏོ།། བདེ་པ་ཆེན་པོས་ཞེས་པ་ནི་བདེ་བ་ཆེན་པོ་ལས་མཉན་པར་འཚལ་བའོ།། བདག་ལ་བཤད་དུ་གསོལ་ཞེས་པ་ནི་བདག་མེད་མ་བདག་ལ་བཤད་དུ་གསོལ་བའོ།། དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་གྱི་ཚིག་གོ།། ་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ནི་ཧེ་རུ་ཀ་ལྔ་སྩོགས་པའི་ལྷ་རྣམ་སོ།། སོགས་པའི་སྒྲས་ནི་གོ་རཱི་ལ་སོགས་པ་འམ་མཁའ་འགྲོ་མ་ལ་སོགས་པ་བསྡུའོ།། རྩཝའི་གཟུགས་ནི་ལྟེ་བ་ནི་ནོར་པ་ཐམས་ཅད་ཀྱི་རང་བཞིན་ཧེ་རུ་ཀའོ།། དེ་ཉིད་ཀྱིས་ན ་ཤིན་ཏུ་བསྡམོས་པ་སྟེ་དེ་རྣམས་སྣུམ་པའི་ཕྱིར་ཞེས་པའི་དོན་ཏོ།། དེ་བཞིན་དུ་ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་ཐོག་མ་ཐ་མའི་རིང་བཞིན་ཉིད་དོ།། དེ་ཡང་སྒོ་བཞིར་ལྡན་ཞེས་པའི་དོན་ནི་གོ་སླའོ།། འོན་ཀྱང་རྩ་སུམ་ཅུ ་གཉིས་པ་རྣམས་ཀྱི་རྩ་རེ་རེའི་ནང་དུ་སྙིང་གི་རྩ་རྣམས་ཁོང་དུ་ཆུད་པར་བྱའོ།། དེ་ཉིད་ཀྱིས་ན་ད་དུང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། རྣལ་འབྱོར་མ་རྣམས་ཐེ་ཚོམ་སྐྱེས་ནས་ཞུས་ཞེས་བྱའོ།། འདིར་གྲལ་ཏེ་རེ་ཞིག་རྩ་ཕྲ་བའི་ཡང་ཕྲ་བ ་དེའི་ཚེ་ཆོས་ལ་སོགས་པ་སྐུ་བཞིའི་གཟུགས་ཀྱིས་ཇི་ལྟར་རོལ་ཞེས་སྦྱོར་རོ།། དེ་རྣམས་ཞེས་པ་ནི་ཚེ་སོ་ལ་སོགས་པ་རྣམས་ཀྱིའོ།། དབྱེ་བ་ཞེས་པ་ནི་རབ་ཏུ་དབྱེ་བའོ།། མི་འཚལ་ཞེས་པ་ནི་ཤིན་ཏུ་ཕྲ་བའི་རྣམ་པར་ཤེས་པ་ཤེས་པར་བྱབ ་ཉིད་དོ།། དེའི་ཕྱིར་བདེ་བ་ཆེན་པོས་བཤད་དུ་གསོལ་ཞེས་སོ།། རིམ་པ་མིན་པས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུའི་ནང་དུ་སྐུ་གསུམ་ཡང་དག་པར་གནས་ཞེས་དགོངསསོ།། དེ་བཞིན་དུ་དེ་ལས་བྱུང་བའི་བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་བདེ་བ་ཆེན་པོ་ཉིད་ལ་རྣལ་འབྱོར་པ་རྣམ་པར་གནས་པའི་ཕྱིར་རབ་ཏུ་རྟོགས་པའི་ཚུལ་ལོ།། དེ་ལ་མགོ་ཞེས་པ་ནི་མགོ་ཡི་ནང་ནས་ལྟེ་བ་ལ་ཐུག་པར་སྔོན་དུ་གསུངས་པའི་ཨ་བ་དྷཱུ་ཏཱིའི་ནང་དུ་འཁོར་ལོ་བཞིའོ།། ་དེ་ཡང་སྙིང་ཞེས་བྱ་བ་ལ་སོགས་པས་མགྲིན་པ་ལ་ཐུག་པར་ཨོའི་དབུ་སུ་བུཾ་ལྟ་བུའི་ཞེས་པ་དེའི་རང་བཞིན་གྱི་ཕྱིར་རོ།། དེ་བཞིན་དུ་དེ་ཉིད་ཀྱི་ལྟེ་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སྤྲུལ་པའི་འཁོར་ལོ་ལ་སྡེ་ཚན་བརྒྱད་ཅེས་པ་ནི་ཐུང་ངུ་དང ་རིང་པོའི་དབྱེ་བས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཡི་གེ་གཉིས་གཉིས་ཏེ། དེ་ཡང་ཨ་ལ་སོགས་པ་ཉིས་འགྱུར་དུ་བྱས་པ་དང་། དེ་བཞིན་དུ་ཀ་ལ་སོགས་པ་ཉིས་འགྱུར་ཉིད་གནས་ལྔ་བཅུ་ལའོ།། དེ་བཞིན་དུ་གནས་བཅུ་ལ།། ཡཱ་གྲཱ་བྷཱུ་ཥྱ་ཀྟའོ།། ་དེ་བཞིན་དུ་མཚམས་བཞིར་ཨ་ཨཱ་ཨཾ་ཨཿའོ།། དེ་ལྟར་དྲུག་ཅུ་རྩ་བཞིར་སྲོག་ནང་གི་རང་བཞིན་སྤྲུལ་པ་ཅན་དུ་རྟོགས་པར་བྱ་ཞེས་དགོངས།། དེ་བཞིན་དུ་འཁོར་ལོ་གསུམ་རྣམས་ལ་ཡང་མན་ངག་གིས་ཤེས་པར་བྱའོ།། དབྱིངས་ཡིག་ལྔ་ཞེས་པ ་ནི་དབུས་སུ་མི་ཤིགས་པའི་གནས་སུ་ཨའོ།། ཤར་དང་ལྷོ་དང་ནུབ་དང་བྱང་རྣམསུ་རིམ་པ་དེ་བཞིན་དུ་ཨི་རི་ལྀ་ཨུའོ།། དེ་བཞིན་དུ་མེ་ལ་སོགས་པའི་མཚམས་རྣམ་སུ་ཡ་ར་ལ་ཝའོ།། དེ་བཞིན་དུ་ལོངས་སྤྱོད་རྫོགས་པོའི་འཁོར་ལ་ཆ་ཞེས་པ་ནི། ་ཨཱ་ཨཱ་ཨ་ཨཿའོ།། དེ་བཞིན་དུ་བདེ་བ་ཆེན་པོའི་འཁོར་ལོ་ལ་ཟླ་བ་ཉི་མ་ཞེས་པ་ནི་ཨཱ་ལི་དང་ཀཱ་ལི་ཕྲེང་གཉིས།། གཞན་ནི་ག་སླའོ།། དེ་བཞིན་དུ་དཔའ་བོ་རྣལ་འབྱུར་མ་རྣམས་ཀྱི་ཞེས་པ་ནི་ཡི་གེ་ཐུང་ངུ་ནི་ཤེས་རབ་པོ།། ཡི་གེ་རིང་པོ་ཐབ་སུ་གསུངས ་པའི་རིམ་པས་དེ་རྣམས་ཀྱི་འགྲོ་བ་དང་འོང་བ་ངེས་པར་བཅིངས་པའི་ཕྱིར་རོ།། འོད་གསལ་བའི་གོ་འཕང་ལ་གནས་པའི་རྣལ་འབྱོར་ལ་སྔོན་དུ་གོམས་པས་ཕྱི་དང་ནང་སྒྱུ་མ་ལྟ་བུར་ཤེས་ཏེ་དེ་ཉིད་ཀྱིས་ན་འགོག་པའི་ཆོས་ཉེ་བར་དམིགས་པས་ཉེ་བར ་དམིགས་པར་བྱ་ཞེས་པ་ནི་ངེས་པའོ།། ད་ནི་འཁོར་ལོ་བཞིའི་ཚུལ་གྱིས་དབྱངས་དང་གསལ་བྱེད་ཀྱིས་རབ་ཏུ་སྦྱོར་བའི་ཆོ་ག་བསྟན་པའི་ཕྱིར། འཆར་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་སླར་ཡང་སྲོག་འཇུག་པ་དང་འབྱུང་བ་འགོག་པཱ ་དོན་ཏོ།། དེའི་ཕྱིར་འཆར་ཞེས་པ་ནི་འོད་གསལ་བའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པོ་རང་བྱིན་གྱིས་བརླབ་པ་སྒྱུ་མ་ལྟ་བུ་ལ་གནས་པས་ཤིན་ཏུ་ཉལ་པོའི་གནས་སྐབས་ལས་སད་པ་རྨི་ལམ་བཞིན་དུ་མཐོང་བའོ།། དེ་སད་པ་འབའ་ཞིག་གི ་རྒྱུརྒྱས་སྤྲུལ་པའི་སྐུར་གནས་ཏེ། དེ་ལྟར་འོད་གསལ་བ་ལས་རང་བྱིན་གྱིས་བརླབས་པ་སང་པོའོ།། དེ་ཉིད་ཀྱིས་ན་གཉིས་ཀྱི་ཚིག་ཏུ་བྱའོ།། དེ་བཞིན་དུ་སྨུབ་པོའི་སྐུ་ལ་གནས་པས་ཀྱང་གཉིས་མེད་པའི་ཏིང་འཛིན་ལ་གནས་པའི་ཕྱིར་དེའི་སྦྱོར་བ་བརྗོད་དེ། ་གཡས་ཞེས་བྱ་བ་ལ་སོགས་པ་ནི་འདིར་མ་ཟད་པའི་ཕྱིར་གཡས་དང་གཡོན་ཞེས་པ་ནི་སྔོན་དུ་གསུངས་པའི་འཁོར་ལོ་རྩིབས་བཅུ་གཉིས་ཀྱི་རང་བཞིན་དེའི་གཡས་དང་གཡོན་གྱི་ལོགས་སུ་དབྱངས་ཀྱི་མིང་ཅན་འཕོ་བ་བཅུ་གཉིས་པོ་རྣམས་ལྟེ་བའི ་གནས་སུ་རྒྱུའོ།། དེ་ཡང་སྟེང་བལྟས་ཞེས་པ་ནི་སྲོག་གང་དུ་སྐྱེས་པ་དེར་ཐིམ་ཞེས་སྦྱར་རོ།། དེ་ཡང་སྟེང་གི་སྒོར་སྟོང་བཞིན་པས་གནསོ།། འདིར་གསུངས་པ། སྟེང་དང་འོག་གི་སྦྱོར་བ་ཡིས།། དལ་ཞིང་དྲལ་བས་འགྲོ་བྱས་ཏེ། ་འདིར་ནི་གྲངས་དང་དུས་དག་དང་།། དཔྱད་པ་ཡིས་ནི་དམིགས་པར་བྱ།། ཉེ་བར་དམིགས་པ་ཤོས་མེད་པ།། ཆུ་ཤིང་སྙིང་པོ་ལྟ་བུ་ནི།། ཅུང་ཟད་མེད་ཅིང་ཅི་ཡང་མེད།། བག་ཆགས་ཀྱིས་ནི་སངས་རྒྱས་འདོད།། དེ་ཕྱིར་ཚིག་གི་སྦྱོར་བ་ཡིས།། ཨཱ་ལི་དང་ནི་ཀཱ་ལིར ་བརྗོད།། དེ་ཡང་སྟེང་དུ་བལྟས་ཞེས་བྱ།། བརྗོད་དུ་མེད་པའི་རྒྱུ་ཡིས་སོ་ཞེས་པ་སྟེ་དྲིས་པའོ།། དེ་བཞིན་དུ་དེ་རྣམས་ཀ་ལ་སོགས་པས་བསྐོར་ཞེས་པ་ནི་རིམ་པ་མིན་པས་འཁོར་ལོ་བཞིར་བསྐོར་བའོ།། འདིར་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། ཀཱ་ཞེས་པ ་ནི་ཀའི་ཕྲེང་བའོ།། སོགས་པའི་སྒྲས་ནི་ཨ་ལ་སོགས་པའི་ཕྲེང་བ་གཟུང་ངོ་།། དེ་ཉིད་ཀྱིས་ན་འཁོར་ལོ་བཞི་ལས་རྒྱུ་བ་དེས་ན་བསྐོར་བའི་དབྱངས་ཡིག་བཅུ་གཉིས་སྲོག་གི་ཐིམ་པ་དེའི་ཚེ་དེ་རྣམས་ཀ་ལ་སོགས་པ་འཁོར་ལོ་བཞི་ལ་གནས་པྲ ་བསྐོར་བའོ།། འོག་ཏུ་བལྟས་པ་ཞེས་པ་ནི་ཇི་ལྟར་སེམས་ཅན་ཐམས་ཅད་རྣམས་ཀྱི་ཐ་མལ་པའི་གནས་སྐབས་སུ་སྣའི་བུ་ག་དག་ལས་རྒྱུ་བ་ནི་ལས་ངན་པས་སོ།། དེ་བཞིན་དུ་སངས་རྒྱས་ཀྱི་ཡང་དེ་ལྟར་ཤེས་པར་བྱའོ།། འོན་ཀྱང་གཟུང ་བ་དང་འཛིན་པ་དང་བྲལ་བ་ཡང་སེམས་ཅན་གྱི་དོན་བྱ་བའི་རྒྱུ་ཞེས་པ་དེ་ངེས་པའོ།། དེ་བཞིན་དུ་འོག་གི་ཆ་རུ་སྡུད་ཅིང་སྟེང་གི་ཆར་སྤྲོས་པའོ།། དེ་ཉིད་ཀྱི་ན་ཀྵ་ཞེས་པ་ནི་བསྲུང་བར་བརྗོད་ཅེས་པ་ནི་རྣམ་པར་མི་རྟོག་པས་དངོས་པོ་ཐམས་ཅད་བསྡུས་པ ་འོག་གི་ཆ་ཞེས་པའི་མཐར་ཐུག་པ་དེ་ལ་དེ་སྐད་ཅེས་བྱའོ།། དཀྲིས་པ་ཞེས་པ་ནི་སེམྦ་ཚྭ་ཀྱི་དབྱིངསུ་དམིགས་ཞེས་དགོང་སོ།། དེ་བཞིན་དུ་ཉིན་མོ་དང་མཚན་མོའི་རབ་ཏུ་དབྱེ་བ་གསལ་བར་བསྟན་པའི་ཕྱིར་ཚ་ཞེས་བྱ་བ་ལ་སོགས་པཱ་ཀས ་ཏེཏེ། འདིར་གང་གི་ཚེ་མགྲིན་པ་ཞེས་པ་ནི་སྲོག་སྐྱེད་པའི་བུ་གའི་རྩའོ།། ཆགས་པ་ཆེན་པོ་ཞེས་པ་ནི་རང་རིག་པའི་བདེ་བའི་གཟུགས་ཀྱིས་ཏེ། ཟླ་བ་ཞེས་པ་ནི་དབྱངས་ཡིག་བཅུ་གཉིས་འཕེ་བའི་གཟུགས་ལམ་བྱང་ཆུབ་སེམས་ཀྱི་ཐིག་ལོ ་རྣམས་ཏེ། དེ་ཚེ་ལོངས་སྤྱོད་རྫོགས་པ་ཞེས་པ་ནི་དེའི་དུས་སུ་གང་རྣལ་འབྱོར་པ་རྣམས་ཀྱི་རང་གི་རང་བཞིན་དུ་འགྱུར་རོ།། དེས་ནི་སངས་རྒྱས་རྣམས་ཀྱི་ཞེས་པ་ནི་ཉེ་བ་མམ་ཡིན་པ་ཙམ་མོ།། འོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ།། ་སྐུའི་མཆོག་ཅེས་པ་ནི་ལྷན་ཅིག་སྐྱེས་པའི་སྐུར་འགྱུར་ཏེ་དེའི་ཚེ་རང་བཞིན་དུ་སྐྱེས་པའི་ཕྱིར་རོ།། དེ་བཞིན་དུ་སྣ་རྩེར་ཞེས་པ་ནི་ལྔ་པའི་དོན་ལ་བདུན་པའོ།། དེ་ཉིད་ཀྱིས་ན་ནེའི་སྒྲ་ནི་གང་གི་ཕྱིར་ཀྱི་དོན་ཏེ་སྣའི་རྩེ་མོ་ནས་སོ།། དེའི་ཚེ་འདི་ཞེས ་ནི་བྱང་ཆུབ་སེམས་ཀུན་རྫོབ་ལས་ཏེ་དེ་ཉིད་རྡོ་རྗེའི་རྩེ་མོར་གང་ཚེ་གནས་ཞེས་པ་ནི་ཉའི་མཐོའི་ནག་པོའི་ཚེས་གཅིག་གི་མཚན་མེའི་མཚམ་སུ་ཡང་རྡོ་རྗེ་ནོར་བུ་རང་རིག་པའི་བདེ་བས་ཡང་ཡང་ཐིག་ལེ་འཛག་པའི་དུས་སུའོ།། ནུབ་པར་འགྱུར ་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཐིམ་པའི་སྐད་ཅིག་ལ་ཁྱབ་བྱེད་དོ།། འཇིག་རྟེན་པའི་རྣལ་འབྱོར་པ་རྣམས་ཀྱི་ཀུན་རྫོབ་འདག་པའི་ཕྱིར་པདྨར་ལྟུང་བའི་དུསུ་བདེ་བ་ནུབ་པས་སྐུ་ཡང་ཞེས་པ་ནི་ཆོས་ཀྱི་སྐུར་འགྱུར་པའོ།། དེ་བཞིན་དུ་ལྷ་གའི ་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་ཆོས་དབྱིངས་བྷ་གར་བརྗོད་དེ།། དེའི་དབུས་སུ་གནས་པ་ཡུངས་ཀར་ཞེས་པ་དེ་གནམ་སྟོང་གི་མཐའ་དཀར་ཟེའི་ཆོས་གཅིག་གི་མཚན་མའི་མཚམས་སུའོ།། ་དེའི་ན་ཡང་ཉི་མའི་གཟུགས་ཞེས་པ་ནི་ཆགས་པ་ཆེན་པོ་ལས་རྡོ་རྗེའི་བདག་ཉིད་སྟོང་པ་ཉིད་དང་དབྱེར་མེད་པ་ཉིད་དུ་གནས་པ་ནི་ལོངས་སྤྱོད་རྫོགས་པའི་ཕྱིར་ཏེ་གང་གི་ཕྱིར་དེ་ནི་སྤྲུལ་པའི་སྐུ་རུ་བརྗོད་པའི་ཕྱིར་རོ།། སངས་རྒྱས་ཞེས་བྱ་བ ་ལ་སོགས་པ་ལ་དེ་ལས་བྱུང་ཞེས་པ་ནི་དེ་ལས་སྐྱེ་བར་འགྱུར་བའོ།། ཅིའི་ཕྱིར་ཞེ་ན་འདིར་གང་གི་ཕྱིར།། པདྨ་གར་དབང་ཞེས་པ་ནི་རྩ་རྣམོས་ཐམས་ཅད་ཀྱི་རྒྱུ་བའི་སྦྱོར་བས་གར་གྱི་དབང་ཕྱུག་ནི་སྲོག་གོ།། རྒྱལ་པོ་ཞེས་པ་ནི་སེམས་ཀྱི་ཁྱད ་བར་རོ།། དེ་ཉིད་ཀྱིས་ནི་མཆོག་གོ་འཕང་དུ་འགྲོ་བའི་ཕྱིརརོ།། པདྨ་འབྱེད་པའི་སྦྱོར་དང་ལྡན་ཞེས་པ་ནི་ཆོས་ཀྱི་དབྱིངས་རྒྱས་པར་བྱེད་པ་ཞེས་པའི་དོན་ཏོ།། དེས་ན་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པའི་སྐུ་སྤྲོས ་ཞེས་སྦྱར་རོ།། དེ་རུ་ཞེས་བྱ་བ་ལ་སོགས་པ་ནི་ནུབ་ནས་ཉི་མའི་མཐར་ཏེ་གནམ་སྟོང་དང་དཀར་པོའི་ཚེས་གཅིག་གི་མཚམ་སུའོ།། སྤྲུལ་པའི་སྐུའི་གཟུགས་ཅན་ཏེ་ཞེས་པ་ནི་ཉ་དང་གནམ་སྟོང་དག་གཉིས་མེད་པའི་ཕྱིར་ཏེ། དེས་ན་སྐད་ཅིག ་མ་གཅིག་ལ་གང་སྐྱེས་པ་དེ་ཐམས་ཅད་གང་དེ་རྫོགས་བྱང་ཆུབ་ཅེས་པ་ནི་དོན་དམ་པ་ཆགས་པ་ཆེན་པོ་དག་གི་སེམ་སོ།། གོང་བུར་གྱུར་པ་ཞེས་པ་ནི་རོ་གཅིག་པར་གྱུར་པ་བསམ་དུ་མེད་པ་གཉིས་མེད་པ་ལས་གཉིས་མེད་པའི་གཟུགས་བརྗོད་དུ ་མེད་པར་གྲངས་མེད་པར་བརྗོད་པ་སངས་རྒྱས་ཐམས་ཅད་ཀྱི་གཟུགས་ཅན་གཉིས་མེད་པ་ཞེས་པའི་དོན་ཏོ།། དེ་ཉིད་ཀྱིས་ན་འཁོར་བ་ཞེས་བྱ་བ་ལ་སོགས་པ་ནི་ཐ་མལ་པའི་འདོད་ཆགས་ལ་སོགས་པ་རྣམ་པར་གཅོད་ཅིང་སྤྲོས་པ་ལྟ་བུ ་འཇིག་རྟེན་དེ་རྣམས་སངས་རྒྱས་ཏེ། དེས་ན་ཡང་ཞི་བྱེད་ཅེས་པ་ནི་སྒྱུ་མ་ལྟ་བུས་སེམས་ཅན་ཐམས་ཅད་ལ་དགེ་བ་སྟེར་བར་བྱེད་པའོ།། སྒྱུ་མོ་དེ་ཡང་རང་སྤྲུལ་པས།། རང་གི་བདག་ཉིད་དེ་སངས་རྒྱས།། སེམས་ཀྱི་སངས་རྒྱས་འཇིག་རྟེན་མཆོག ་སངས་རྒྱས་བསྐྱེད་པའི་མཚན་ཉིད་མིན།། སངས་རྒྱས་ཞེས་པ་དེ་ཇི་ལྟ་བུའི་རང་བཞིན་ཡིན་ཞེ་ན། དེ་ཉིད་བསྟན་པའི་ཕྱིར་གཉིས་མེད་ཅེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་སེམས་ང་རྒྱལ་དང་བཅས་པ་དེས་ནི་སེམས་ཅན་ཡང་སྐྱེ་བ་གཅིག་ན ་ཅིག་ཏུ་བརྒྱུད་པར་སེམས་དག་པས་སངས་རྒྱ་སུ་འགྱུར་བའོ།། དེ་ཉིད་ཀྱིས་ནི་རྒྱུད་ཅེས་བྱ་བ་ལ་སོགས་པ་ནི་རྒྱུད་རྣམ་པ་བཞིའོ།། དེ་རྣམས་ཀྱི་ཡོན་དན་ཞེས་པ་ནི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་མཚན་ཉིད་དེ་དེས་ན་རང་བཞིན ་ཅན་ཞེས་པ་ནི་རྒྱུད་རྣམ་པ་བཞིའི་གཟུགས་ཅན་ནོ།། དེ་ཡང་རྒྱུད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒོད་པ་དང་ལྟ་བ་དང་ལག་པ་གཅངས་པ་རྣམས་རིམ་བཞིན་གཟུགས་མེད་པ་དང་གཟུགས་དང་། འདོད་པའི་ཁམས་ཡིའོ།། འདོད་ཆགས་ཞེས་པ ་ནི་པ་རྣམས་ཀྱི་གཉིས་གཉིས་འཁྱུད་པ་ཉིད་དོ།། དེ་ཡང་ཆགས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ།། ཆགས་བྲལ་ཞེས་པ་ནི་དགའ་བྲལ་ལོ།། དེ་དག་གི་བར་དུ་ཟོས་པ་ནི་མཚོན་པའོ།། དེས་ན་ཡོན་ཏན་དུ་ནི་གནས་ཞེས་པ་ནི་སངས་རྒྱས་ཀྱི་ཡོན་ཏན ་མཚོན་དུ་མེད་པ་ཞེས་དགོང་སོ།། དེ་ལྟར་ཡང་གསུངས་པ། འཆར་དང་ནུབ་ལ་དུས་ནི་ཡོངས་ཤེས་པས།། རྣལ་འབྱོར་ཚུལ་དེར་གང་མཚན་མཚོན་པ་མེད།། བྱང་ཆུབ་རང་བཞིན་དེ་ལས་འཇིག་རྟེན་སྐྱེས།། གང་ཞིག་བདེན་དངོས་དངོས ་པོ་མེད་པར་འབྱུང་།། རྩ་རྣམས་ཐམས་ཅད་རྩེ་པ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་ཀྱི་ཕན་ཚུན་འདུས་པའི་གནས་དང་ཕྲང་པོའི་གནས་ནི་གང་ལྟེ་བར་རོ།། དེས་ན་མཁའ་འགྲོ་མའི་དྲ་བ་ཞེས་པ་ནི་ཐ་མལ་དང་འདུས་བྱས་པའི་དངོས་པོའི་མཚན་ཉིད ་གསུངས་པའོ།། སྡོམ་པ་ཞེས་པ་ནི་སྡོམ་པའི་ཕྱིར་སྲིད་པ་དང་མྱ་ངན་ལས་འདས་པ་རྣམས་འགོག་པར་བྱ་ཞེས་པ་སྟེ་ངེས་པའོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་དྲུག་པའི་རབ་ཏུ་བྱེད་པ་གསུམ་པ་ལུས་ཀྱི་དཀྱིལ་འཁོར་ལ་སོགས་པའི ་མན་ངག་སྣ་ཚོགས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟན་པ་སྟེ་གསུམ་པའོ།། ། ད་ནི་རབ་ཏུ་བྱེད་པ་གསུམ་མདོར་བསྟན་ནས་དེ་རྣམས་ཀྱི་སྡོམ་པའི་དབྱེ་བ་སླར་བཤད་པས་གཏན་ལ་དབབ་པ་བསྟན ་པའི་ཕྱིར།། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སྙིང་པོ་ལ་སོགས་པ་ནི་གང་གི་དང་པོ་ཡིན་པ་དེ་ནི་དེ་བཞིན་དུ་རྡོ་རྗེ་སྙིང་པོ་སྟེ། དེ་ལ་སོགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་སོ།། དེ་བཞིན་དུ་བདག་མེད་མ་ལ་སོགས་པའི ་རྣལ་འབྱོར་མ་ཞེས་པ་ནི་བདག་མེད་མ་གཙོ་མ་ལ་སོགས་པའི་མཁའ་སྤྱོད་ཀྱི་མཐར་ཐུག་པ་བཅོ་ལྔ་དང་། གཞན་འཆད་བཞིན་པའི་གྲངས་མེད་པ་རྣམས་སོ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་མ་རྣམས་བསམ་པ་གཅིག་པས་ཞུས ་ཞེས། འདིར་གང་གི་ཕྱིར་དངོས་པོ་ཐམས་ཅད་སྡོམ་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་བྱང་ཆུབ་སེམས་དཔའ་དང་རྣལ་འབྱོར་མ་རྣམས་དངོས་པོའི་རང་བཞིན་གྱི་ཕྱིར་རོ།། འདི་སྐད་གསེལ་ཏོ་ཞེས་པ་ནི་དེ་རྣམས་ཀྱི་ཚིག་གོ།། དེ་ཡ ་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ནི་རབ་ཏུ་བྱེད་པ་མདོར་བསྟན་པ་གསུམ་ལས་བསྟན་པ་དེ་ཐམས་ཅད་དོ།། དེའི་ཕྱིར་སྡོམ་པ་ཞེས་པ་ནི་འདུས་པའི་རྣམ་པར་དག་པའི་བསྡུས་དོན་ཏོ།། བདག་ལ་བཤད་དུ་གསོལ་ཞེས་པ་ནི་བདག་ཉིད་ཀྱི་དོན ་གང་གི་ཕྱིར་བདག་དང་ཁྱོད་དབྱེར་མེད་པའི་དངོས་པོའི་ཕྱིར་ཤིན་ཏུ་བརྟགས་པའི་གཟུགས་དེ་ཉིད་འགྲོ་བའི་དོན་གྱི་རྒྱུ་བྲག་ཅའི་སྒྲ་ལྔ་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་འཇིག་རྟེན་པ་འཇུག་པའི་དོན་ཏོ་ཞེས་སྦྱར་རོ།། ། ་དེ་ཉིད་གསུངས་པ། རྣལ་འབྱོར་མཽ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ།། ལུས་དབུས་ཞེས་པ་ནི་ལྟེ་བའི་དབུས་སུའོ།། ཨ་ཞེས་པ་ནི་དང་པོའི་དབྱངས་ཡིག་གོ།། གནས་ཞེས་པ་ནི་རྟག་ཏུ་གནས་པ་ཉིད་དོ།། རྣལ་འབྱོར་མའི་ཞེས་པ་ནི་བདག་མེད་པའི་ས ་བྱོན་ནོ།། དེ་ཉིད་ཀྱིས་ན་དངོས་པོ་མ་ལུས་པས་སྡོམ་པས་ན་སྡོམ་པ་ཞེས་སྦྱ་རོ།། དེ་བཞིན་དུ་སྡོམ་པའི་སྒྲའི་དོན་གསུངས་པ།། སཾ་ནི་དངོས་པོ་ཐམས་ཅད་ཀྱང་།། རྣམ་རྟོག་ཐམས་ཅད་བླ་ན་མེད།། དྲན་པའི་ཕྱིར་ན་དངོས་ཀུན་ནི།། ཡིད་ཀྱི་ནམ་མཁའ་ལས་དེ ་འཛག། བ་ནི་ནམ་མཁའ་ཡི་ནི་མཆོག། སྟོང་དང་མི་སྟོང་ན་མཁའ་མང་།། སྤྱི་བོའི་ཐིག་ལེ་ལས་འཛག་པའོ།། ནམ་མཁའ་ལྟེ་བ་རུ་ནི་ལྟུང་།། ར་ཞེས་པ་ནི་མེ་ལངས་པས།། སེམས་ཀྱི་ན་མཁར་བཅས་པ་བསྲེག། ཐལ་བ་རྣལ་འབྱོར་མ་གཟུགས་ཅན།། སྡོམ་པ ་ཡིས་ནི་མཐར་པར་བརྗོད།། ཨ་ཡི་ཀྱང་ནི་མཐར་བར་འགྲོ། ཀུན་གཞི་ཞེས་བྱ་སད་པའི་ཕྱིར།། མེ་ལོང་ལ་ནི་ཧ་ས་བཏབ་བཞིན།། རིམས་ཀྱིས་མི་སྣང་བ་རུ་འགྱུར།། དེ་བཞིན་དུ་ཕྱི་རོལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར ་ཕྱི་རོལ་དེ་བཞིན་དུ་ནང་ཡང་བལྟ་བར་བྱའོ།། དེ་ལས་རིང་པ་མ་ཡིན་ཞེས་པའི་དོན་ཏོ།། ལུས་ལ་སྡོམ་པའི་ཕྱིར་སྡོམ་པ་ཞེས་དགོངས་སོ།། དེའི་ཕྱིར་འདི་ཇི་ལྟར་བདག་མེད་མའི་ལུས་ལ་གནས་པ་དེ་ལྟར་རྣལ་འབྱོར་པའི་ལྟེ་བ་ལ་གནས་པ་ཀུན་རྫོབ ་ཀྱི་ཨ་ཞེས་གསུངས་པར་འགྱུར་རོ།། རྡོ་རྗེའི་བདེ་བ་ཞེས་པ་ནི་ལྟེ་བའི་ཨ་རྡོ་རྗེའི་རྩེ་མོར་སོང་བ་དང་སྙིང་ག་ནས་ཨའི་རྩེ་མོར་སོང་བའི་ཧཱུཾ་ནི་རྡོ་རྗེའི་བདེ་བ་སྟེ། དེ་ནི་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་མ་དང་། ཧེ་རུ་ཀའི་ལུས་ཀྱི་སྡོམ་པ་ཞེས་པའི་དོན་ཏོ།། དེ ་ཉིད་རྡོ་རྗེ་སྐྱེ་མཆེད་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་ཐབ་སོ།། ཨ་དང་ཧཱུཾ་འདི་དག་གི་སྙོམས་པར་འཇུག་པས་བདག་མེད་མ་དང་ཧེ་རུ་ཀ་དག་གི་ཕྱིའི་གཉིས་གཉིས་སྙོམས་པར་འཇུག་པའི་མཆོག་ཏུ་དགའ་བ་གཉིས་མེད་པ་བསྟན་ཏོ།། དེ་ནས་བུད ་མེད་དང་སྨྱོས་པ་འབྲེལ་ལོ་ཞེས་པ་སྟེ་ངེས་པའོ།། སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སངས་རྒྱས་སོ་སོ་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་མཐའ་ཡས་པ་དང་། ལོངས་སྤྱོད་རྫོགས་པའི་སྐུ་མཐའ་ཡས་པ་དང་། ཆོས་ཀྱི་སྐུ་མཐའ་མེད་པའོ།། དེ་ལུས ་ཀྱི་དབུས་གནས་པར་བསྟན་ཅེས་ནི་བརྗོད་པའོ།། སྡོམ་པ་དུ་ཞེ་ན། འཁོར་ལོའི་གཟུགས་ཀྱིས་ཏེ། སྤྲུལ་པ་ལ་སོགས་པ་འཁོར་ལོ་གསུམ་གྱིས་གཟུག་སོ།། དེ་ཡང་འདབ་མ་དྲུག་ཅུ་རྩ་བཞི་ལ་སོགས་པའི་གཟུགས་ཀྱི་སོ།། སྐུ་གསུམ་པོ་དེ་ཉིད་ཡོངས ་སུ་ཤེས་པ་ནི་རང་བཞིན་གྱི་སྐུའོ།། དེ་མཐའ་མེད་པ་བཞི་པ་སངས་རྒྱས་རྣམས་ཀྱི་སྐུ་བདེ་བ་ཆེན་པོའི་འཁོར་ལོའི་གཟུགས་ཀྱིས་སྡོམ་པ་སྟེ། པདྨ་འདབ་མ་སུམ་ཅུ་རྩ་གཉིས་ཀྱིས་རྣམ་པས་ངེས་པར་བསྟན་པས་པའི་དོན་ཏོ།། འཁོར་ལོ ་རྣམས་ཀྱི་ཡང་དོན་བསྟན་པའི་ཕྱིར།། ཆོས་ཞེས་བྱ་བ་ལ་སོགས་པ་གསུངས།། དྷ་ཞེས་པ་ནི་གསལ་བའི་ཆོས།། ཆོས་ཀྱི་འབྱུང་གན་སུ་ནཱི་ཐིམ།། ཆོས་ཀྱི་དབྱིངས་དང་འཁོར་ལོར་བཅས།། སྲིད་པ་ཡི་ནི་རྒྱ་མཚོ་གཅོད།། རྨ་ཞེས་པ་ནི ་གཉིས་མོད་ཉིད།། འདོད་ཆགས་རྡོ་རྗེའི་འདམ་སྐྱེས་ལོས།། དེ་བཞིན་སྙོམས་པར་འཇུག་པ་གསུངས།། སྦྲང་རྩིའི་ས་བོན་བདེ་ཆེན་ཕྱིར།། ས་ནི་ས་སོགས་བཟང་པོ་འདིར།། རྒྱུ་དང་མི་རྒྱུར་སོང་བ་ཡིན།། བྷྱོ་ནི་སྒྱུ་མའི་མཚན་ཉིད་སྤྱོད།། བཅུ་གཉིས ་བརྒྱད་ཀྱི་འཁོར་ལོར་སྐྱེས།། ལོངས་སྤོང་ས་ལ་ཐམས་ཅད་སྤོང་།། འདི་ནི་རྟག་ཏུ་སངས་རྒྱས་བཞུགས།། དབུ་གསུམ་ས་ལ་ཧཱུཾ་ཆ་བྱང་།། ག་ཞེས་པ་ནི་ཐར་པར་འགྲོ།། ཟབ་མོ་བདེ་བ་ཕུན་སུམ་ཚོགས།། ན་མཁའི་དཀྱིལ་ནི་ལྟ་བུའི་ཕྱིར།། ན་མཁའ་ལས ་ནི་འབྱུང་ཞིང་ཐིམ།། ནི་ན་ཀུན་ཏུ་གླེང་གཞིར་འགྱུར།། རྟག་ཏུ་ན་མཁའི་ཡིད་ཀྱིས་ནི།། རྣམ་པར་མི་རྟོག་བདག་དངོས་ཉིད།། མཚན་མོའི་དུས་སུ་སངས་རྒྱས་ཉིད།། རྨ་ནི་ཡིད་ཀྱི་ཆོས་སྤྲུལ་པཱ།། མྱ་ངན་འདས་ཕན་སེམས་ཀྱིས་ནི།། རྣལ་འབྱོར་མཚོ ་ཆ་མཚན་པ་ཡིས།། གཟུགས་ནི་བཟང་པོ་བྱེད་པ་ཡིན།། ཐོག་མ་བར་དང་ཐ་མ་མེད།། སྤྲུལ་པ་སྟོང་པའི་མཚན་ཉིད་དོ།། དངོས་པོ་མེད་ཅིང་འདུས་པ་མེད།། མཁས་པས་ཉོན་མོངས་མེད་པའོ།། མ་ནི་སྔགས་ཀྱི་ནུས་པ་སྟེ།། ནོར་བུའི་ནང་ཆུང་འགོག་པའི ་ཕྱིར།། འདོད་པ་སྟེང་དུ་རྒྱུ་བ་ཡིན།། སྔགས་ནི་བཟང་པོས་གཟིར་བའི་ཕྱིར།། ཧི་ཡི་རྣམ་པའི་གཟུགས་ཀྱིས་ནི།། རྐང་པའི་མཐའ་ནས་མགོ་བོར་ཧ།། འདི་ནི་ཁྱབ་བྱེད་ཆེ་བཟང་པོ།། རྣལ་འབྱོར་མ་གནས་རྡོ་རྗེ་ཅན།། སུ ་ཞེས་པ་ནི་ལམ་གྱི་རབ།། ལྷ་རྣམས་ཀྱིས་ཀྱང་རྙེད་པར་དཀའ།། སུ་ནི་ཡིད་བཟང་ནང་གི་སྲོག། ཐིམ་པའི་ཕྱིར་ན་བདེ་མི་འཛག། ཁང་ཞེས་པ་ནི་དེར་གནས་པ།། བྱང་ཆུབ་སེམས་ནི་བརྗོད་པའོ།། འདིར་ནི་རང་བཞིན་གྱི་ནི་སྐུ།། གསལ་བར་སངས ་རྒྱས་སྤྱོད་ཡུལ་ཉིད།། འདི་རྣམས་ཀྱིས་བསྡུས་པའི་དོན་དུ་གནས་རྣམས་གསུངས་པ།། སྐྱེ་གནས་ཞེ་བྱ་བ་ལ་སོ་ཌ་པ་ལ།། སྐྱེ་གྲན་གྱི་གནྡ་ནི་སེཾན་ཐད་ཀྱི་སྟེ་བཱི་འོག་དེར་སྙིང་ག་ལ་སོགས་པ་འཁོར་ལོ་གསུམ་སྐུ་གསུམ་ནང་དུ་འདུས་པའོ།། ལྷན་ཅིག ་སྐྱེས་པོ་ནི་བཞི་པ་སྟེ།། ཐམས་ཅད་ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་པ་ནི་ཁྱད་པའོ།། དེ་བཞིན་དུ་གནས་འབྲལ་བའི་རིགས་པ་བསྟན་པར་འདོད་ནས་གསུངས་པ།། གང་ལས་ཞེས་བྱ་བ་ལ་སོགས་པ་ལ། གང་ལས་ཞེས་པ་ནི་སྐྱེ་གནས་ལསོ།། ་རབ་ཏུ་གྲགས་ཞེས་པ་ནི་སྐྱེ་གནས་བཞི་ལས་སྨྱོས་པ་ནི་སངས་རྒྱས་ཀྱི་གཟུགསུ་རབ་ཏུ་གྲག་སོ།། དེ་རྣམས་ཀྱང་སྐྱེ་བ་ཉིད་དུ་ཞེས་པ་ནི་ཐམས་ཅད་སྤྲུལ་པའི་སྐུའི་ལུས་ཅན་གནས་བཞི་ལྔ་སྐྱེས་པའོ།། དེ་ལ་གང་གི་ཕྱིར་བརྟན་ལོས་སྤྲུལ་པའོ ་ཞེས་པ་ནི་རྫུས་ཏེ་སྐྱེས་པོའི་སྐྱེ་གནས་ཅན་ལྷོའི་གཟུགསུ་སངས་རྒྱས་པ་རྣམས་ནི་སའི་སྐྱེ་གནས་ལས་བྱུང་བའོ།། དེ་བཞིན་དུ་ཆོས་ཞེས་པ་ནི་སེམས་ཀྱི་རང་བཞིན་ཏེ།། སྒོ་ང་ལས་སྐྱེས་པའི་གནས་ཅན་ནམ་མཁའ་ལྡིང་ལ་སོགས་པའི་གཟུགས ་སུ་སངས་རྒྱས་པ་ནི་རླུང་གི་སྐྱེ་གནས་ལས་བྱུང་བའོ།། དེ་བཞིན་དུ་ལོངས་སྤྱོད་རྫོགས་པ་ཞེས་པ་ནི་ཟས་ལས་སྤྱོད་མ་མངལ་ནས་སྐྱེས་པའི་སྐྱེ་གནས་ཅན་རྐང་གཉིས་པ་ལ་སོགས་པའི་གཟུགསུ་སངས་རྒྱས་བ་ནི་མེའི་སྐྱེ་གནས་ལས་བྱུང ་བའོ།། དེ་བཞིན་དུ་ཆོས་ཀུན་ཞེས་བྱ་བ་ལ་སོགས་པ་དྲོད་གཤེར་ལས་སྐྱེས་པའི་སྐྱེ་གནས་ཅན་སྦྲུལ་ལ་སོགས་པའི་གཟུགསུ་སངས་རྒྱས་པ་ནི་ཆུའི་སྐྱེ་གནས་ལས་བྱུང་བའོ།། དེ་ཉིད་ཀྱི་གཟུགས་ཀྱིས་དྲིའི་སེམས་ཅན་རྣམས་འདུལ་བར ་བྱེད་དོ་ཞེས་པ་སྟེ་ངེས་པའོ།། དེ་རྣམས་ཉིད་སངས་རྒྱས་ཀྱི་གཟུགས་ཀྱིས་སྡོམ་པའི་ཕྱིར་སྡོམ་པར་བརྗོད་དོ།། ཇི་ལྟར་འཁོར་ལོ་བཞི་སྐུ་རྣམས་ཀྱི་སྡོམ་པ་དེ་བཞིན་དུ་འབྲས་བུ་རྣམས་དང་སྡེ་པ་རྣམས་བསྟན་པའི་ཕྱིར། ཨེ་བཾ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ་ཨེ་བཾ་ཞེས་པ་ནི་སྐྱེ་གནས་ལ་གནས་པའི་སྤྲུལ་པའི་འཁོར་ལོའོ།། དེ་ཅི་ཞེ་ན། གསུངས་པ། འབྲས་བུ་ཞེས་བྱ་བ་ལ་སོགས་པ་ནི་རྒྱུའི་ཁྱད་པར་གྱི་ཁྱད་པར་དུ་བྱས་པ་ནི་རྒྱུ་མཐུན་པའི་འབྲས་བུའོ།། དེ་བཞིན་དུ་འབྲས་བུ་བཞི་རྣམས ་ཤེས་པར་བྱའོ།། དེ་ཡང་ཨེ་བཾ་གྱི་ནང་དུ་འདུས།། དེ་འབྲས་བུ་འདི་རྣམས་ལ་སུ་ཞིག་སྤྱོད་ཅིང་གང་ལ་སྟེར་བར་གསུངས་པ། ལས་ལ་སྤྱོད་ཅེས་པ་ལ་སོགས་པ་ནི་ལས་ཀྱི་འབྲས་བུ་རྒྱུ་མཐུན་པ་ལ་སོགས་པ་རྣམས་ལ་ཤེས་རབ་སྤྱོད་པ་ནི ་དེ་བཞིན་ཉིད་ཀྱི་ཆོས་ཀྱི་སྐུའི་མཚན་ཉིད་ཆོས་ཐམ་ཅུ་ནང་དུ་འདུས་ཏེ། གང་གི་ཕྱིར་སྟོང་པ་ཉིད་རྣམ་པ་ཀུན་གྱི་མཚན་ཉིད་དེ་དེའི་ཕྱིར་སྐྱོ་གནས་བཞི་ལས་སྐྱེས་པ་སྤྲུལ་པའི་ལུས་ཅན་རྣམས་ཀྱི་ལས་ཀྱི་ལུས་ལ་སྤྱོད་པ་ནི་བདག་གིས་ལས་ཉིད ་བྱིན་པ་ནི་མ་ཡིན་ཏེ་རང་བཞིན་མེད་པའི་ཕྱིར་རོ།། དབང་ཕྱུག་གིས་བྱས་པ་མ་ཡིན་པའི་ཕྱིར་བྱེད་པ་པོ་ལས་སྟེར་བར་བྱེད་པ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སྤྲུལ་པའི་སྐུ་ཉིད་ཀྱི་ཕྱིར་རོ།། འདིར་ཡང་ཇི་ལྟར ་རྒྱུའི་གནས་སྒྲུབསུ་བྱས་པ་ལས་ཞུས་པ་ལ་སོགས་པ་དེ་བཞིན་དུ་འབྲས་བུ་ལ་སྤྱོད་པ་ནི་སེམས་ཅན་གྱི་རྒྱུད་ཀྱི་སྤྲུལ་པའི་སྨོས་སོ།། དེ་ལྟར་གཉི་ག་རྣམོ་པར་མི་རྟོག་པའི་ཕྱིར་རོ།། རྣམ་པར་སྨིན་པ་ལོག་པ་ཅུང་ཟོང་མཚོན་དུ་མེད་པའི་མ ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱིས་ན་ལས་ཀྱི་རླུང་གིས་བསྐྱོད་པ་ཞེས་པ་ནི་སེནནན་གྱི་དོན་ཀྱང་བར་དུ་བྱེད་པའི་ཕྱིར་འདྲེ་བ་ལས་ལོག་པར་ལྷག་པ་ཞེས་པའི་དོན་ཏོ།། དེ་དོག་གི་མཚན་ཉིད་ཀྱང་ངག་གིས་སྤྲོས་པས་ཆོས་བསྣུན་པའི ་ཀྱི་སྒྲསྐ་ཡོད་དེ། སྐྱེས་བུ་བྱེད་པ་བསྐྱེད་པའོ།། ཅིའི་ཕྱིར་ཞེ་ན། མི་ལ་སོགས་པ་རྣམས་ཀྱི་དགེ་བ་རྣམས་བསྐྱེད་པའི་ཕྱིར་རོ།། དེ་ཡང་སྟོན་པ་ལ་སོགས་པ་བྱེད་པ་དེས་ན་སྤྲུལ་པའོ།། དེའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་སྐྱེས་བུ་བྱེད་པའི་འབྲས ་བུའོ།། དེ་བཞིན་དུ་འབྲས་བུ་བཞི་པོ་དྲི་མ་མེད་པ་ཕྱོག་རྒྱ་ཆེན་པོའི་སྦྱོར་བ་དག་པའོ།། གང་གི་ཕྱིར་རྣལ་འབྱོར་ལསོ་སྐྱེས་པའི་ཡེ་ཤེས་ནི་རྣལ་འབྱོར་གྱི་ཕྱག་རྒྱ་ཆེན་པ་ཞེས་པ་ཡེ་ཤོས་ཀྱི་སྣང་པོའོ།། དེས་ན་དག་པ་ཤིན་ཏུ་རྣམ་པར་དག ་པའི་ཕྱག་རྒྱ་ཆེན་པོའོ།། དེའི་ཕྱིར་དྲི་མ་མེད་པ་བདེ་བ་ཆེན་པོའི་འཁོར་ལོའོ།། །། ད་ནི་སྐུ་བཞི་ཉིད་དེའི་དབྱེ་བོས་བསྟན་པའི་འཕགས་པའི་དགེ་འདུན་བརྗོད་དེ་སྐུ་རྣམས་བདེ་བ་ཡིན་པ་དེའི་ཕྱིར་སྤྲུལ་པ་ལ་སོགས་པའི་སྐུ་བཞི་སྔོན ་དུ་གསུངས་པའི་རྫུས་ཏེ་སྐྱེ་བ་ལ་སོགས་པ་ནི་སྐུའི་རྣམ་པའི་གཟུགས་ཅན་ཏེ། དགེ་སློང་གི་གཟུགས་རྣམས་ནི་མ་ཡིན་ནོ།། འོན་ཀྱང་དགེ་སློང་གི་གཟུགསོ།། དེ་ཅིའི་ཕྱིར་ཞེ་ན་འདི་གང་གི་ཕྱིར་བརྟགས་པའི་ཆོས་རྣམས་ཐམས་ཅད་ཐ་མལ་པའི ་གནས་སྐབས་ཀྱི་དུསུ་ཡོད་སྐུ་བཞིའི་རང་བཞིན་སངས་རྒྱས་ཀྱི་སྤྲུལ་པ་ཉིད་དེ་དེ་ཡང་གང་དང་གང་གི་སེམས་ཅན་རྣམས་གདུལ་བ་དེ་དང་དེའི་གཟུགསུ་བྱ་ཞེས་སོ།། དེས་ན་གནས་ཉིད་ལ་སྦྱར་བའི་གནས་བརྟན་པ་སྟེ་བརྫུས་ཏེ་སྐྱེས་པའོ།། ་ཐམས་ཅད་བདེན་པར་སྨྲ་བའི་ཕྱིར་ན་ཐམས་ཅད་ཡིད་རང་བར་སྨྲ་བ་སྟེ་སེམས་ཀྱི་ཆོས་ཉིད་ཀྱི་ཕྱིར་རོ།། དེ་ཡང་ཉན་ཐོས་ཀྱི་ཐེགས་པ་ཉིད་གང་ཟག་ཏུ་ལྟ་བའོ།། ཡང་ན་ཆོས་རྣམས་ཐམས་ཅད་སེམས་ཀྱི་རྣམ་པ་ཉིད་དུ་བརྗོད་པའི་ཕྱིར་སྔོན་པོ ་ལ་སོགས་པར་སྣང་བ་མེད་པ་ཉིད་ཀྱིས་ན་དེ་ཙམ་དུ་ཡོད་པར་སྨྲ་བར་བྱེད་པའོ།། དེ་རྣམས་ཡང་དོག་པར་རིག་པར་སྦྱོར་བའི་ཕྱིར་མང་པོས་བཀུར་བ་སྟེ་སྒྱུ་མའི་རྣམ་པར་དེས་ན་བརྗོད་པའོ།། དེ་ཡང་གཉིས་མེད་པ་ལས་གཉིས་མེད་པའི ་ཕྱིར་སྲ་བའི་དངོས་པོ་རྣམས་དོན་མེད་པའི་ཕྱིར་རོ།། དགེ་འདུན་ཕལ་ཆེན་པའི་སྤྱི་བོ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ།། དེ་དང་སྦྱོར་བའི་ཕྱིར་དགེ་འདུན་པ་ལ་ཆེན་པོའོ།། དེ་ཡང་ཆོས་ཀྱི་དབྱིངས་འདུས་པ་ཐམས་ཅད་གོང་ན་མེད་པའི་ཕྱིར། ་མགོ་བོར་གནས་པའོ།། གང་གི་ཕྱིར་ཐམས་ཅད་ལས་སྦྱོར་གཙོ་བོར་གྱུར་པའི་ཕྱིར་ཞེས་པ་སྟེ་ངེས་པའོ།། དེ་རྣམས་ཀྱི་རྒྱུད་ནི་གསོང་བའི་མཚན་ཉིད་ལས་ཕྱག་རྒྱ་ཆེན་པོ་དངོས་གྲུབ་དུ་གསུང་སོ།། སྟོབས་བཅུ་དང་མི་འཇིགས་པ་ལ་སོགསོ ་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་འབྱུང་བ་ནི་ཆོས་སྡུང་པ་ལ་སོགས་པའི་ཚུལ་ལས་ཁོང་དུ་ཆུད་པར་བྱའོ།། དེ་ལྟར་ཉན་ཐོས་ཀྱི་ཚོགས་དང་བྱང་ཆུབ་སེམས་དཔའི་ཚོགས་སྙོམས་པར་འཇུག་པར་རྫོགས་ཏེ། ་ཇི་ལྟར་སྔོན་དུ་གསུངས་པའི་མཚན་ཉིད་ཀྱིས་སྐུ་གསུམ་དང་བཞི་སྦྱོར་བ་སྟེ་ངེས་པའོ།། །། ད་ནི་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱི་ཕྱིར་དེ་ལྟར་ཀུན་རྫོབ་རྒྱས་པར་གསུངས་ཏེ། སྡེ་ནི་ཞེས་བྱ་བ་ལ་སོགས་པ ་ལ། ལྟོ་བ་ཞེས་པ་ནི་མ་ཡི་ལྟོ་བའོ།། འདོད་ཆགས་བྲལ་བ་ཞེས་པ་ནི་མ་དང་པར་སྦྱོར་བས་ཀུན་གཞི་རྣམ་པར་ཤེས་པ་སྐྱེ་བའི་དུསུ་འདོད་ཆགས་མེད་པའི་ཕྱིར་རོ།། ཤ་མའི་དྲ་བ་ཞེས་པ་ནི་མཱའི་མངལ་གྱི་དྲི་བ་དྲི་མ་འབའ་བ ་ཞེས་པའི་དོན་ཏོ།། ཨ་ཧཾ་ཞེས་པ་ནི་མངལ་ནས་ལྟུང་བའི་དུས་སུ་དབུགས་འབྱུང་བ་དང་འཇུག་པའི་སྒྲའོ།། དེ་བཞིན་དུ་ཞེས་པ་ནི་རྒན་པོའི་དུས་སུ་ཡང་ཧ་ཧུ་ཞེས་པའི་སྔགས་བཟླས་པའོ།། དེ་བཞིན་དུ་ཨ་དང་ཧཾ་ཞེས་པ་བཟླས་བཱི ་དོན་ཏོ།། དེ་ཉིད་ཀྱིས་ན་དགེ་སློང་སྐྱེས་པ་ཞེས་གསུངས་ཏེ་སློངས་མོ་ཟ་བའི་རིམ་པས་བཟླས་པར་བྱའོ།། རབ་ཀྱི་མཐར་ཐུག་ན་ནི་སློངས་མོ་ཟ་བས་མི་བཟླས་ཞེས་པའི་དོན་ཏོ།། དེས་ན་ཡང་གོས་མེད་པ་ཞེས་པ་ནི་རེག་པའི་བདེ་བ་དང་བྲའོ།། དེ་ཉིད ་ཀྱིས་ནི་གཅེར་བུ་སྟེ་གོས་མ་གོན་པོའོ།། རང་བཞིན་གྱི་གོས་བགོས་པའོ།། མགོ་བོ་ཞེས་པ་ནི་སྒྲ་མེད་པའིའོ།། ཁ་སྤུ་ཞེས་པ་ནི་སྨ་རའོ།། བྲེགས་ཞེས་པ་ནི་རང་བཞིན་གྱིསོ།། ཚོགས་འདི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ས་བཅུའི་དབང་ཕྱུག ་ཅེས་པ་ནི་སྐྱེས་པའི་དུས་ཀྱི་མཐར་ཐུགས་པ་དེ་རྗེས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་དང་རྟོགས་པའི་ཕྱིར་སངས་རྒྱས་ཞེས་དགོང་སོ།། དེ་ལྟར་ལྟེ་བ་ལ་སོགས་པ་ཡང་ཕྱིའི་ལྷ་ཁང་ལ་སོགས་པའོ།། དེའི་སྡོམ་པ་ནི་རེག་པའི་བདེ ་བར་ཤེས་པར་བྱའོ།། དེ་རྣམས་ཀྱི་ཡང་གཉིས་མེད་པའི་ས་རྣམས་ལ་རབ་ཏུ་བཞག་པ་དེ་ལ་དེ་སྐད་ཅེས་བྱའོ།། སླར་ཡཱ་སེམ་ཅན་རྣམས་ཀྱི་རྒྱུ་དང་འབྲས་བུ་ཉིད་ཀྱིས་ན་དེ་ཉིད་སངས་རྒྱས་ཞེས་པ་ནི་བཅོམ་ལྡན་འདས་དེ་ཉིད་རང་བཞིན ་གྱིས་རྣམ་པར་སྤྱོད་ཅེས་བརྗོད་དོ།། དེའི་དོན་གསུངས་པ། བཙུན་མོ་ལ་སོགས་པའི་ཚིགསུ་བཅད་པ་ནི་བསྡུས་པའི་རྒྱུད་པར་རྒྱས་པར་གསུང་ཏེ།། འདིར་ནི་མདོར་བསྡུས་ཏེ་གསུང་སོ།། དེ་ལྟར་བཙུན་མོ་ཟླ་པ་ནི་རྡོ་བཙུན་པོ་། ལྔ་ཀྱི་ཕྱག་རྒྱ་རྣམས་ཀྱི་བཙུན་མོའོ།། ་དེའི་བྷ་ག་རྣམསུ་ཁུ་བ་ཞེས་པ་རྣམ་པར་བཞུགས་ཏེ་ཞེས་པ་ནི་དེ་ཡང་གྲུབ་པ་དང་བསྒྲུབ་བྱའོ།། གང་གྲུབ་པ་དེ་ནི་ཡེ་ཤེས་ཀྱི་ཁུ་བའོ།། གང་བསྒྲུབ་བྱ་དེ་ནི་དཔེའི་ཕྱིར་ཐབས་ཀྱི་ཕྱིའི་ཁུ་བ་སྟེ། ངས་ན་འདི་ནི་ཁུ་བའི་མིང་ཅན་ཏེ་དེའི་ཁུ་བ་ནི ་འདིར་ཁུ་བ་གཉིས་ག་སྙོམས་པར་འཇུག་པས་བལྟོས་པའི་ཕྱིར་བདེ་བ་ཆེན་པོ་གཉིས་མེད་པ་མེད་པའི་ཕྱིརརོ།། རྒྱུ་བའི་ནང་དུ་རུས་པ་མེད་པའི་ཕྱིརརོ།། ལྷ་ཞེས་པ་ནི་ལྷའི་སྦྱོར་བ་ལས་ལྷར་སྐྱེ་བར་འགྱུ་རོ།། དེའི་ཕྱིར་དེ་ལྟར་བསྒྲུབ་བྱའི་བདེ ་པ་འདོད་པ་རྣམས་ཀྱིས་ལྷའི་སྦྱོར་བ་ལས་དེ་བསྒོམ་པར་བྱ།། དེ་བཞིན་དུ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་དངོས་མིན་ཞེས་པ་ནི་བསྒྲུབ་བྱའི་བདེ་བ་སངས་རྒྱས་མ་ཡིན་ཞེས་པའོ།། དེ་ཇི་ལྟར་ཞེ་ན་འདིར་གང་གི་ཕྱིར་ལམ་ནི་དངོས་པོ་མིན ་ཞིང་དངོས་པོ་མིན་པ་མ་ཡིན་ཏེ། འོད་གསལ་བར་འཇུག་པའི་ཕྱིར་རོ།། དེའི་ཕྱིར་འབྲས་བུ་ཡང་སངས་རྒྱས་མ་ཡིན་ཏེ། དེ་ཉིད་ཡང་གང་གི་ཚེ་འོད་གསལ་ལངས་ནས་འདིར་གནས་པར་ཡང་སྙིང་རྗེ་ལ ་དམིགས་པ་དེས་ན་འདིར་འདིའི་ལུས་ཀྱིས་དེའི་ཀུན་ནས་ཉོན་མོངས་པ་མ་ལུས་པ་ཟད་པའི་མཚན་ཉིད་ཀྱི་ཕྱིར་རོ།། ཚུལ་འདིས་སངས་རྒྱས་དེ་ཉིད་དངོས་པོ་དང་དངོས་པོ་མེད་པ་རབ་ཏུ་རྟོགས་པས་ནི་འགྲོ་བའི་དོན་བྱེད་པའི་དོན་ཏོ།། དེ་ཉིད ་ཀྱིས་ན་དངོས་པོ་མེད་པ་ཉིད་ཀྱང་མིན་ཞེས་གསུངས་ཏེ།། དེ་ཡང་ཐམས་ཅད་ལ་ཁྱབ་པར་བྱེད་པས་རྣམ་པར་དག་པར་རོ་མཉམ་པ་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར། ཆོས་འདོད་པ་ལྷུན་གྱིས་གྲུབ་པའི་རྒྱུན་གཉིསུ་བྱར་མེད་པའི་མཚ ་ཉིད་ཀྱིས་ན་ཆོས་ཀྱི་དབྱིངས་མི་ཟད་པའི་རྒྱུད་ཀྱི་དངོས་པོའི་ཚུལ་ཏེ། དངོས་པོའི་དོན་ཏོ།། ཕྱོག་དང་ཞལ་གཟུགས་རྣམ་པ་ཞེས་པ་ནི་རང་བྱིན་གྱིས་བརླབ་པའི་ཕྱིར་སྒྱུ་མའི་དཔེས་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུར་གཟུང་ངོ་།། ་རྣལ་འབྱོར་པའི་ཡང་དེ་ཉིད་དུ་བརྗོད་དོ།། དེ་ཉིད་ཀྱིས་ན་གཟུགས་མེད་ཅེས་པ་ནི་རྒྱུ་མ་མཾ་བངན་པའི་ཕྱིརརོ།། དེས་ན་དོན་དམ་བདེ་བ་ཞེས་པ་ནི་གྲུབ་པའི་བདེ་བ་མཚན་པའི་མཚན་ཉིད་ཀྱིས་བརྫུན་པས་གྲུབ་པས་ཆོས་ཀྱི་སྐུའི་བསམ ་གྱིས་མི་ཁྱབ་པའི་ཆོས་དང་ལོངས་སྤྱོད་རྫོགས་པའི་བདེ་བས་རྟག་པའི་རང་བཞིན་གྱི་ཕྱིར་ཞེས་པའི་དོན་ཏོ།། དེ་ལྟར་དེ་ཡང་འབྲས་བུ་རབ་ཏུ་སོང་བ་ན་དངོས་པོ་དང་དངོས་པོ་མེད་པ་མེད་དོ།། དེ་བཞིན་དུ་དེས་ན་ཞེས་བྱ་བ་ལ་སོགས་པ་ལ། འགྲོ། ་ཀུན་ལྷན་ཅིག་སྐྱེས་ཞེས་པ་ནི་འདིར་གང་གི་ཕྱིར་ལྷན་ཅིག་སྐྱེས་པའི་སྦྱོར་བ་ལས་སྐྱེ་བོ་ཐམས་ཅད་འབྱུང་ཞིང་དེ་རྣམས་དང་སངས་རྒྱས་ཉིད་ཀྱི་སྦྱོར་བས་ལྷན་ཅིག་སྐྱེས་པ་དེ་ཉིད་དུ་ཐིམ་པ་ཉིད་དུ་འགྱུར་རོ།། དེ་ཡང་འགྲོ་ཀུན་ཞེས་པ་ནི ་སུམ་ཅུ་རྩ་གཉིས་པའི་ལྷ་ལ་སོགས་པ་དང་མི་ལ་སོགས་པའོ་སེམས་ཅན་རྣམས་སངས་རྒྱས་དང་རྡོ་རྗེ་འཆང་བར་ཡང་འགྱུར་ཏེ་ལྷན་ཅིག་སྐྱེས་པ་འདོད་པསོ།། དེ་བཞིན་དུ་ལྷན་ཅིག་སྐྱེས་པ་ཞེས་པའི་དོན་ཅི་ཞེ་ན་གསུངས་པ། ལྷན་ཅིག ་སྐྱེས་པ་ཞེས་པ་ལ་སོགས་པ་ནི་རང་བཞིན་གྱིས་འོད་གསལ་བའི་རྣམ་གྲངས་ཏེ་ཐོག་མ་མེད་པར་རྟག་པའི་གཟུགས་ཉིད་ཀྱི་ཕྱིར་ཞེས་དགོང་སོ།། དེ་ལྟར་གཙོར་སྤྲུལ་པའི་སྐུས་སངས་རྒྱས་པའི་ཕྱིར་ལོངས་སྤྱོད་རྫོགས་པ་དང་ཆོས་ཀྱི་སྐུ ་དོག་གིས་རང་བཞིན་ལྷན་ཅིག་སྐྱེས་པའི་དངོས་པོའོ་ཞེས་པ་སྟེ་ངེས་པའོ།། དེའི་དབང་དུ་བྱས་ཏེ་གསུངས་པ། འོད་གསལ་བའི་རང་བཞིན་གྱིས་ལྷུན་གྱིས་གྲུབ་པས་རྟག་པ་དང་། མི་རྟག་པའི་དོན་མེད་པར་འཇུག་པ་ཆོས་མཐུན་པའི་ཕྱིར། ་རོ།། དེ་ཡང་ཇི་ལྟར་ཞེ་ན་གསུངས་པ། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལས་རྣམ་པར་དག་པ་ནི་རྣལ་འབྱོར་ལ་ཞེན་པའི་དྲི་མ་མེད་དོ།། འོད་གསལ་བ་ཉིད་བསམ་དུ་མེད་པའི་རྣལ་འབྱོར་པའི་རང་བཞིན་གང་ཡིན་པ་དེ་ནི་སེམས་ཀྱི ་རང་བཞིན་རྣམ་པར་དག་པ་དེ་ལ་དེ་སྐད་ཅེས་བྱའོ།། རྒྱུ་དེས་ན་གང་གི་ཕྱིར་འོད་གསལ་བ་རྣམ་པར་དག་པར་ནི་མྱ་ངན་ལས་འདས་པའོ།། དེའི་ཕྱིར་དངོས་པོ་མེད་པའོ།། གང་གི་ཕྱིར་སེམས་ཉིད་རྣམ་པར་དག་པའི་ཕྱིར་བསམ་དུ་མེད་པའི་རྣམ ་པའོ།། དེའི་ཕྱིར་དངོས་པོ་དང་དངོས་པོ་མང་བ་མེད་དོ།། གཉིས་མེད་པའི་དངོས་པོ་ཡང་མེད་དེ་མི་སྦྱོར་བའི་ཕྱིར་རོ།། ཐོག་མ་མེད་པ་ནས་གྲུབ་པ་འདི་རྣམས་རང་བཞིན་གྱིས་འོད་གསལ་བ་སྟེ། དེ་ཡང་རྣལ་འབྱོར ་པའི་སེམས་ཀྱིས་སངས་རྒྱས་དང་རྡོ་རྗེ་འོཆང་ཐོབ་པའི་ས་བོན་དུ་གསུངས་ཤིང་ཆོས་ཀྱི་སྐུ་ཐབ་མོའི་ས་བོན་དུ་ཡང་ངོ་།། དེ་ཇི་ལྟར་ལོངས་སྤྱོད་རྫོགས་པའི་སྐུའི་ས་བོན་མེད་ངེས་ན་སྔོན་གྱི་ཚིག་མི་བདེན་པར་འགྱུར་རོ།། དེ་ནི་བརྗོད་དེ་ཐ་མལ ་པའི་ལུས་ཙམ་དེའི་སྔ་བོན་ནོ་ཞེས་སྡུག་བསྔལ་མང་པོ་དང་ལྡན་པ་དེས་ན་ལྷའི་ལུས་མ་ཡིན་ནོ།། དེའི་ཚེ་དེ་མེད་པའི་ཕྱིར་ལྷའི་རིགས་དང་བྲལ་པོའི་དོན་ཏོ།། དེས་ན་བཅོམ་ལྡན་འདས་ཀྱིས་བཀའ་གསུངས་པ། ལྷའི་ཞེས་བྱ་བ་ལ་སོགས་པ་ནི་འདིར ་གང་གི་ཕྱིར་ཀུན་གཞི་རྣམ་པར་ཤེས་པ་གཟུགས་མེད་པའི་ཕྱིར་གཟུགས་མེད་པ་ལྟ་བུ་དེ་སྐྱེས་པའི་དུསུ་ལྷའི་གཟུགས་ཀྱི་སྒྲས་ནི་དེས་ས་བོན་དང་འདྲ་བར་གསུང་སོ།། དེ་ཡང་སྐྱེས་པ་ཙམ་གྱི་ལུས་ལ་གནས་ཏེ། སྔོན་གྱི་དངོས་པོའི་ཕྱིར་རོ།། ་དེ་ཅི་ཞེ་ན། གསུངས་པ། ཕྱག་དང་ཞལ་ཞེས་བྱ་བ་ལ་སོགས་པོ་ནི་མངོན་སུམ་དུ་མི་ལ་སོགསོ་པའི་གཉིས་ལ་སོགས་པའི་ལུས་དང་མཐུན་པའི་ཕྱིར་ཞེས་པའི་དོན་ཏོ།། ཇི་ལྟར་རྣལ་འབྱོར་པའི་ལུས་ལ་རང་བཞིན་གྱིས་རྣམ་པར་དག་པོ་བློ་བུར ་པའི་དྲི་མ་རྣམས་ཀྱིས་བསྒོས་པའི་ས་བོན་ནི་འོད་གསལ་བ་རྣམ་པར་དག་པའི་ཡེ་ཤེས་སོ།། དེས་ན་དེ་ལས་བྱུང་བ་ནི་སྤྲུལ་པའི་སྐུའི་ཕྱིར་ཞེས་པ་སྡེ་ངེས་པའོ།། དེ་ལྟར་རང་བཞིན་གྱིས་རྣམ་པར་དག་པའི་ལུས་ཉིད་ལྷའི་ལུས་ཀྱི་ས་བོན་ཞྭ་དགོང་སོ།། དེ ་བསམས་ཀྱང་རུང་མ་བསམས་ཀྱང་རུང་ལྷན་ཅིག་སྐྱེས་པའི་རྣམ་པ་ཞེས་པའི་དོན་ཏོ།། དེའི་དོན་བསྒོམ་པའི་ཕྱིར། དེ་བཞིན་གཤེགས་པའི་གསུངས་གིས་ངེས་པར་གསུངས་པ་བཀོད་པ་བསྟན་པ་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་ཐ་མལ ་པའི་ལུས་ཀྱི་རྒྱུ་ལས་བག་ཆགས་ཐོག་མ་མེད་པ་ནས་བསགས་པའི་ཕུང་པོ་དེ་ཡོངསུ་ཟད་པའི་ཕྱིར། སྦྱིན་པོ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་དང་དུ་ལེན་པའི་ལས་ཀྱི་སེམས་དག་པའི་རྣམ་པར་རྟོག་པའི་བག་ཆགས་དམ་པས ་ཧེ་རུ་ཀ་ཕྱག་གཉིས་པ་ལ་སོགས་པའི་གཟུགས་དམིགས་པའི་རང་གི་ལུས་ལྷའི་སྐུ་རུ་བསྒོམས་པ་དེས་ཐ་མལ་པའི་ལུས་སྤོང་སྟེ། བསྐྱེད་པའི་རིམ་པས་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེའི་སྐུ་རུ་འགྲུབ་པོ།། རྫོགས་པའི་རྣལ་འབྱོར་པ་ཁྱད་པར ་ཅན་གྱི་སྔོན་དུ་གསུངས་པའི་ཚུལ་གྱིས་ལྷན་ཅིག་སྐྱེས་པའི་རྣམ་པས་ཕྱག་རྒྱ་ཆེན་པོའི་འགྲུབ་པའོ།། འོན་ཀྱང་རྣམ་པར་བསྒོམ་པ་ཅི་འདྲ་བ་འདིར་ཡང་དེ་འདྲ་བ་འཆད་བཞིན་པ་ལས་དཔེ་མང་པོས་བཤད་པར་བྱ་ཞེས་པ་སྟེ་ངེས་པའོ།། དེ་ལྟར ་ཞེས་བྱ་བ་ལ་སོགས་པའི་ནི་དེ་ལྟར་སེམས་དངོས་པོ་ཐམས་ཅད་སྡོམ་པའི་ཕྱིར་བཤད་པ་ཞེས་པ་ནི་རང་བཞིན་གྱི་དངོས་པོ་མེད་པས་སྡོམ་པ་མེད་པར་གསུང་སོ།། དེས་ན་གོང་མེད་ཅེས་པ་ནི་སྦྱོར་བ་བསྒོམ་པའི་ཕྱིར་ཞེས་སྦྱར་རོ།། དེས་ན་དེ་ཐམས ་ཅད་འདུས་པའི་རྣལ་འབྱོར་མ་རྣམས་ཀྱིས་བརྗོད་པ། དེས་ན་ཞེས་བྱ་བ་ལ་སོགས་པ་ལ། འདིར་བདག་མེད་མ་རྣལ་འབྱོར་མའི་རྒྱུད་རྣམསུ་བསྟན་པའི་ཕྱིར་རྣལ་འབྱོར་མ་དེ་རྣམས་ཐམས་ཅད་ལ་སོགས་པ་དང་གཞོན་སྤྱན་མ་ལ་སོགས ་པ་བཞི་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་རྣམསུ་བསྟན་པའི་རྣལ་འབྱོར་མ་ཐམས་ཅད་དང་འདི་རྣམས་ཀྱི་ཐབས་དཔའ་བོ་རྣམས་དང་དེ་བཞིན་དུ་ཁྲོ་གཉེར་མ་ལ་སོགས་པ་རྣལ་འབྱོར་མ་ལྔ་རྣམས་ཏེ། བྱ་བའི ་རྒྱུད་རྣམསུ་བསྟན་པའི་རྣལ་འབྱོར་མ་རྣམས་དང་། དེ་བཞིན་དུ་དང་གི་སྒྲས་ནི་སྤྱོད་པའི་རྒྱུད་རྣམསུ་གསུངས་པའི་རྣལ་འབྱོར་མ་རྣམས་བསྟན་པའོ།། དེ་དག་ལ་སོགས་པ་ཞེས་པ་ནི་རྣལ་འབྱོར་མ་དང་རྣལ་འབྱོར་དང་བྱ་བ་དང་སྤྱོད་པའི་རྒྱུད ་རྣམས་རེ་རེ་ཡང་ཇི་ལྟར་གསུངས་པར་འགྱུར།། རྣལ་འབྱོར་མ་དེ་རྣམས་དང་ནང་དུ་རྐང་པའི་འཐིལ་ནས་གཙུག་ཏོར་གྱི་མཐར་ཐུགས་པར་གཞུའི་རྣམ་པའི་སྲོག་དེའི་ཚད་ཀྱི་རྣལ་འབྱོར་མཽ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་སྲོག་དང་རྣལ་བ་དེ་རྣམས ་ལས་སྐུའི་རང་བཞིནི་སྤྱོད་པའི་རྒྱུད་ལས་སྐྱེས་པའོ།། དེ་བཞིན་དུ་གསུངས་གི་རང་བཞིན་བྱ་བའི་རྒྱུད་ལས་སྐྱེས་པའོ།། ཐུགས་ཀྱི་རང་བཞིན་རྣལ་འབྱོར་གྱི་རྒྱུད་ལས་སྐྱེས་པའོ།། ཡེ་ཤེས་ཀྱི་རང་བཞིན་རྣལ་འབྱོར་མའི་རྒྱུད་ལས་སྐྱེས་པ་རྣམས ་ཞེས་པ་སྟེ་ངེས་པའོ།། དེ་ལྟར་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་མཆོག་ཏུ་ཡ་མཚན་སྐྱེས་པར་འགྱུ་རོ་ཞེས་སྦྱ་རོ།། དེར་དེ་རྣམས་བསླང་བའི་དོན་དུ་མི་བསྐྱོད་པའོ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། འདིར་སྔོན་གྱི་སྲོག་གི་རང་བཞིན་གྱི་རྣལ་འབྱོར་མ་རྣམས་རྒྱལ་བར་འགྱུར་རོ།། དེ་བཞིན་དུ་ཕུང་པོ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སྔོན་གྱི་བག་ཆགས་ཀྱི་རྨི་ལམ་བཞིན་རང་བཞིན་གྱི་མཐོང་ངོ་།། དོ་ན་བཅོམ་ལྡན་འདས ་ཤེས་པ་ནི་ཡེ་ཤེས་ཀྱི་རྒྱན་གྱི་ཤི་རང་བཞིན་དེ་ཉིད་བྲག་ཆའི་སྒྲ་བཞིན་སློང་སྟེ། བསྐུལ་བས་རྣལ་འབྱོར་མའི་ཚོགས་ཞེས་པ་སྐུ་ལ་སོགས་པ་རྣམ་སོ།། འོན་ཀྱང་དགོངས་པ་ནི་འདི་ཡིན་ཏེ་ཕན་ཚུན་སེམས་ཅན་གྱི་གཟུགས་ནི་རྣལ ་འབྱོར་མའོ།། རྣལ་འབྱོར་མའི་གཟུགས་ཀྱང་སེམས་ཅནོ།། དེ་བཞིན་དུ་རྣལ་འབྱོར་མ་ཡང་སངས་རྒྱས་རྡོ་རྗེ་འཆང་ལ་སོགས་པའི་གཟུགས་ཅན་ནོ།། སེམས་ཅན་ཡང་བདག་གི་ལུསོ།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་ངོ་།། དེས་ན་དེའི ་ཚེ་ཇི་ལྟར་བཅོམ་ལྡན་འདས་ཀྱི་བཀའ་འགྱུར། བདག་སྤངས་པ་དེས་ན་སེམས་ཅན་དང་། སངས་རྒྱས་དབྱེར་མེད་པ་དེའི་ཚེ་ཉེས་པ་ཡོད་དེ། གང་གི་ཕྱིར་སྔོན་དུ་ཐམས་ཅད་གྲུབ་བོ།། དེའི་ཕྱིར་བཅོམ་ལྡན་འདས་ཉིད་རང་འཁྲུལ་པར་འགྱུར། ་ཏེ་དེས་ན་བརྒྱལ་བར་འགྱུར་རོ།། གང་གི་ཕྱིར་འབྱུང་བ་ཆེན་པོའི་རང་བཞིན་སྣ་ཚོགས་པ་ཐ་མལ་པའམོ། སྦྱངས་པའི་དངོས་པོ་ཡིན་པའི་ཕྱིར་རོ།། དོ་ནི་དེ་ཉིད་དུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་མི་ཤེས་པ་ཀུན་ཞེས་པ་ནི་དེ་ཁོ་ན ་ཉིད་ཀྱི་མི་ཤེས་པའི་རྣལ་འབྱོར་མ་རྣམས།། དེ་ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་ཉན་པའི་སྐྱེ་བོའི་གཟུགས་ཅན་ཐུན་མོང་བའི་ཕྱིར་རོ།། གལ་ཏེ་རེ་ཞིག་སངས་རྒྱས་ཀྱི་གཟུགས་ཏེ། ཇི་ལྟ་སངས་རྒྱས་ཀྱི་མདུན་དུ་ཆོས་སྟོན་པ་ཉན་འོན་ཀྱང་ས ་རྒྱས་རྡོ་རྗེ་འཆང་ལ་སོགས་པོ་རྣམས་ཀྱི་དངོས་པོའོ།། སངས་རྒྱས་ཀྱི་རང་བཞིན་འབའ་ཞིག་རང་རང་གི་རང་བཞིན་རྟོགས་པའི་ཕྱིརརོ་སངས་རྒྱསོ།། དེ་ན་ཐམས་ཅད་མཁྱེན་པར་མི་འགྱུ་རོ།། དེའི་ཕྱིར་མི་ཤེས་པ་སྟེ་དེའི་མི་ཤེས་པ་བཟློག་པའི་ཕྱིར་རོ།། ་རྣམ་པར་རྒྱལ་བ་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་རྟོགས་པའི་ཕྱིར་རོ།། དེ་ཉིད་ཀྱིས་ན་རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་གཟུག་སུ་གང་གི་ཚེ་འགྱུར་བ་དེའི་ཚེ་ཏིངེ་འཛིན་དེ་ཡང་རྡོ་རྗེའི་མིང་སྟེ་དེ་ལ་སྙོམས་པར་ཞུགས་པ ་རྟག་པའི་གཟུགས་རྣམ་པ་ཀུན་དང་ལྡན་པའོ།། རྣལ་འབྱོར་མ་ཐམས་ཅད་ཅེས་པ་ནི་དེའི་གཟུགས་རྡོ་རྗེའི་རང་བཞིན་གྱི་མཚན་ཉིད་ཀྱི་མི་ཕྱེད་པའི་དུས་གཅིག་ལ་འབྱུང་བ་ཐམས་ཅད་མཁྱེན་པའི་དོན་ཏོ།། དེས་ན་བདག་དང་མཚུངས་པ་བསླང་བའོ།། ་གཞན་དུ་སེམས་ཅན་སངས་རྒྱས་ཉིད་ཅེས་པ་ནི་བདེན་ཏེ་ཁྱོད་ཉིད་ཁྱོད་ཀྱི་རང་བཞིན་ནོ་ཞེས་པའོ།། དེའི་དོན་ནི་འདི་སྟེ་འོན་ཀྱང་ཞེས་པ་ནི་ལས་དང་པོ་པའི་དུས་དུས་གསུམ་དུ་གང་དག་རྟོགས་པ་དེ་རྣམས་ཀྱང་ངོ་།། གློ་བུར་དྲི་མས་བསྒྲིབས་ཞེས ་པ་ནི་ཤིན་ཏུ་རྣམ་པར་དག་པའི་སེམས་ཅན་སངས་རྒྱས་ཡིན་མོད་དེ་རྣམས་ལ་ཇི་སྲིད་དུ་དེ་བཞིན་གཤེགས་པའི་རབ་ཏུ་སོན་པའི་ཏིང་འཛིན་མ་རྟོགས་པ་དེ་སྲིད་དུ་བཞི་པའི་རང་བཞིན་དུ་མི་འགྱུར་རོ།། དེས་ན་རང་གི་ཡེ་ཤེས་ལ་ཆགས་པ ་ཐམས་ཅད་མཁྱེན་པ་མ་ཡིན་པ་བློ་བུར་པའི་དྲི་མ་རྣམས་ཀྱིས་བསྒྲིབས་པ་ཡིན་ནོ།། གང་ཡང་བཞི་པ་དང་ལྡན་པ་དེ་ཐམས་ཅད་ནི་འཛིན་དུ་གྱུ་པའི་དཔའོ་དང་དཔའ་མོའི་དབང་ཕྱུག་གི་མཆོག་གི་གཟུགས་ཀྱིས་གནས་ལ་སོགས་པའི་ཡུལ ་དང་ཡུལ་དུ་སེམས་ཅན་གྱི་དོན་བྱས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་ཞེས་དགོངས་སོ།། གཞན་ཡང་པདྨ་བཛྲའི་ཞལ་སྔ་ལ་སོགས་པ་རྣམས་ནི་གྲུབ་པའོ།། ཞེས་གྲག་སོ།། དེ་སྤངས་ཞེས་བྱ་བ་ལ་སོགས་པ་ནི་ད་ལྟར་གྱི་སེམས ་ཅན་གློ་བུར་བའི་དྲི་མས་བསྒྲིབས་པ་རྣམས་ཀྱིས་ཏེ་དེའི་ཞེས་བྱ་བ་དང་སྦྱར་རོ།། དེ་བཞིན་དུ་སྤངས་པའི་ས་ཞེས་པ་ནི་སྔོན་དུ་གསུངས་པའི་མན་ངག་སྣ་ཚོགས་པ་དང་ཁ་སྦྱར་འདི་ལ་སོགས་པའི་གཞུང་བསྟན་པའོ།། དེ་ནས་སྡུད་པ་པས ་ཀྱང་གླེགས་བམ་རྣམསུ་ཡི་གེའི་གཟུགས་ཀྱིས་བྲིས་ཞེས་པའི་ངེས་པའོ།། དེ་བཞིན་དུ་དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་འདིར་དེ་ལྟར་འདི་དག་ཅེས་པ་ནི་གལ་ཏེ་རེ་ཞིག་གླེགས་བྱམ་ལ་སོགས་པ་རྣམསུ་བཅོམ་ལྡན་འདས་ཀྱི་གསུང ་གླགནས་པ་བླ་མ་གཅིག་ནས་གཅིག་དུ་བརྒྱུད་པའི་ཁ་ནས་ཁཱ་རུ་གནས།། དེ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་མདོ་སྡེ་རྣམས་དྲང་རྟོགས་པར་བརྗོད་པ་ལ་སོགས་པ་རྣམས་དང་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པར་གསུང་། ང་མྱ་ངན་ལས་འདས་ནས་ཕྱི་མའི་དུས་ཕྱི་མའི་ཚེ་ན་སེམས་ཅན་གདུལ་དཀའ་བ་སྡིག་པའི་བློ་ཅན་སྡིག་པའི་ལས་བྱེད་པ་འབྱུང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བསྟན་པའི་ཕྱིར་རོ།། དེའི་ཕྱིར་བཅོམ་ལྡན་འདས ་ཀྱིས་བཀའ་བརྫུན་ནམ་ཞེ་ན་གསུངས་པ། རིགས་ཀྱི་བུ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་དེ་རྣམས་ལ་བྲོད་པའོ།། དུག་ཟོས་ཞེས་བྱ་བ་ལ་སོགས་པ་ལ་ནི་འདིར་དུག་ཟོས་པའི་འཇིག་རྟེན་གང་བརྒྱལ་བ་སེམས་མེད་པ་དུག་སེལ་བ། ་མི་ཤེས་པ་ཡིད་སེམས་པ་མེད་པའོ།། དེ་ཉིད་ཤེས་པའི་ཕྱིར་གཏི་མུག་སྤངས་པ་ནི་གང་གི་དུག་སྤངས་པ་དེའི་འོ།། དེ་ཉིད་ཡིད་ཅེས་པ་ནི་དུག་སེལ་བའི་དེ་ཁོ་ནའི་ཡིད་ཀྱིས་འཇུག་པའོ།། དེའི་དུག་ཟོས་པའི་སྡུག་བསྔལ་སྐྱེས་པ་འདིར ་གཅོད་པ་འདི་ནི་དཔེ་ཙམ་མོ།། དེའི་ཕྱིར་དཔེས་ཤེས་པར་བྱ་བའི་བྱང་ཆུབ་སྔོན་གྱི་ཚུལ་གྱིས་ཁོང་དུ་ཆུད་པར་བྱའོ།། དེ་ཡང་རྣམ་པ་དང་བཅས་པའི་བསྒོམ་པས་མོས་པ་དེའི་ཕྱིར་ཐབས་ཀྱི་སྒོ་ནས་རྒྱུ་དང་འབྲས ་བུ་འབྲེལ་པའི་ཕྱིར་བྱང་ཆུབ་བོ།། དེ་ཡང་ཤེས་བྱ་ལ་ཤེས་པ་འཇུག་པའོ།། དེ་ལྟར་ཡེ་ཤེས་དང་ཤེས་བྱ་དག་དཔེས་ཤེས་པར་བྱ་བ་སྣང་བ་མེད་པ་བརྗོད་དུ་མེད་པ་ལྷན་ཅིག་སྐྱེས་པའི་དོན་དམ་པའོ།། དེ་ཉིད་ཀུན་རྫོབ་ཀྱི་བདེ་བ་མེད་པར ་མི་འགྲུབ་སྟེ།། དངོས་པོ་ཤེས་པའི་ཕྱིར་རོ།། འདིར་གལ་ཏེ་འོ་ན་དངོས་པོའི་ཡེ་ཤེས་ཀྱིས་གྲོལ་བར་འགྱུར་ན་དེའི་ཚེ་སེམས་ཅན་རྣམས་ཇི་ལྟར་འཁོར་བར་འཁོར།། མ་རིགས་པའི་དབང་གིས་ཞེས་པ་ནི་དེ་ཡིས་ཇི་ལྟར་སྲིད་པར་འགྱུར།། ་ཁྱོད་ཅག་རྣམས་ཀྱི་གཏམ་ཡང་ཐོས་པ་མ་ཡིན་ནམ། འདིར་གང་གི་ཕྱིར་ཁམས་གསུམ་པ་འདོད་ཆགས་ཀྱི་དབང་གིས་སྐྱེས་པ་དེ་ཡང་གང་དག་སམ་ཅན་དེ་དག་ཀྱང་འདོད་ཆགས་ཅན་ནོ།། འདོད་ཆགས་ཀྱང་མ་རིག་པའི་རྒྱུ་བའོ།། དེའི་ཕྱིར་མ ་རིག་པའི་དངོས་པོའོ།། དེས་གྲོལ་བ་འདི་དག་ནི་འགལོ།། དེའི་ཕྱིར་བརྗོད་དེ་བཅོམ་ལྡན་འདས་ཀྱི་བཀའ་ལས་ཤེས་པར་བྱའོ།། དེ་ཅི་ཞེ་ན། གསུངས་པ་དུག་གི་དུམ་བུ་ཞེས་བྱ་བ་ལ་སོགས་པ་ནི་འདིར་དུག་བསལ་བ་ཐུན་མོང་བ་ནི་རྣམ་པ ་གསུམ་སྟེ། དེ་ལ་གཅིག་ནི་སྔགས་གྲུབ་པ་སྟེ། ལུང་སྣ་ཚོགས་པའི་རྗེ་སུ་འབྲངས་པའི་ཕྱིརརོ།། གཉིས་པ་ནི་སྨན་གྱིས་གྲུབ་པའོ།། གསུམ་པ་ནི་རྣལ་འབྱོར་གྱི་ནུས་པསོ།། དེ་ཡང་སྔགས་དང་སྨན་ངག་གི་རྣམ་པ་གཉིསུ་འདོང་།། དེ་ལ་གཅིག་ནི ་སྔགས་བཟླས་པ་དང་སྨན་བསྒྲུབས་པས་ཤིན་ཏུ་ཡུན་རིང་པོ་ནས་བསོད་ནམས་ཀྱི་དབང་གིས་འགྲུབ་པོ།། གཉིས་པ་ནི་བཀས་འགྲུབ་པའོ།། དེ་ཡང་བླ་མ་དང་རྣལ་འབྱོར་མ་རྣམས་བསྙེན་པ་དང་བསྙེན་དཀུར་བྱས་པའི་ཕྱིར་རོ།། གང་ཡང ་རྣལ་འབྱོར་གྱི་སྟོབས་ཀྱིས་དེ་དུག་གི་དེ་ཉིད་ཤེས་པས་དུག་སེལ་བ་འབའ་ཞིག་ཏུ་མ་ཟད་ཀྱི་དུག་ཉིད་བདུད་རྩིར་བྱེད་དོ།། དེས་ན་དུག་གིས་སེལ་བར་འགྱུར་ཞེས་པ་ནི་རྒ་བ་དང་འཆི་བ་དང་མཛེ་ལ་སོགས་པའི་ནོད་རྣམས་དུག་གིས་རབ་ཏུ ་བརླག་ཅིང་མི་རྒས་པ་དང་མི་འཆི་བར་འགྱུར་རོ།། དེ་བཞིན་དུ་མ་རིག་པའི་བག་ཆགས་ཉིད་སྲིད་པའོ།། འོན་ཀྱང་སྔོན་དུ་སངས་རྒྱས་ཡིན་པ་གསུངས་པའི་སྒྲུབ་པ་རྣམས་ལ་དཔེ་སྣ་ཚོགས་པ་རྣམས་ཀྱིས་རིགས་པ་བསྟན་ཏོ།། འདིར ་མ་རིག་པ་ཉིད་རིག་པ་ཉིད་རིག་པ་བཟང་བར་བྱ་བའི་ཕྱིར།། ཇི་ལྟར་རླུང་ནང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་བཞིན་དུ་སྦྱོར་བ་ཞེས་པ་ནི་ཀུན་རྫོབ་ཀྱི་བདེ་བའི་རྣམ་པར་དག་པའི་ཡིད་ལ་བྱེད་པའོ།། སྲིད་པ་ཉིད་ཀྱིས་ཞེས་པ་ནི་ཤིན ་ཏུ་རྣམ་པར་དག་པའི་སྲིད་པསོ།། དེ་ཉིད་ཀྱིས་ནི་རྣམ་རྟོག་ཅེས་པ་ནི་གང་གིས་སངས་རྒྱས་པ་དེ་ཉིད་རྣམ་པར་རྟོག་པས་བརྟགས་པའོ།། དེ་བཞིན་དུ་འདིའི་རྣ་བར་ཞེས་བྱ་བ་ལ་སོགས་པའི་དཔེས་ཀྱང་ཤེས་པར་བྱའོ།། དངོས་པོ་ཞེས་པ་ནི་ཤེས ་བྱའི་བདེ་བའོ།། དེའི་སྒྲིབ་པ་ནི་རྣམ་པར་རྟོག་པ་སྟེ་དེ་སྤྱད་པའོ།། གང་གིས་ཤེ་ན་རྣམ་པས་ཞེས་པ་ནི་ལྷའི་སྦྱོར་བའི་སྒོམ་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་པའི་དོན་ཏོ།། ཉིད་ཅེས་པ་ནི་ངེས་པ་ཞེས་པའི་དོན་ཏོ།། དཔེར་ན་ཞེས་བྱ་བ་ལ་སོ ་པ་ནི་གོ་སླའོ།། དེ་བཞིན་དུ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ནི་བསྐྱེད་པའི་རིམ་པས་འབྱུང་བ་དང་འབྱུང་བ་ལས་གྱུར་པ་བསྟན་ཏེ། དེ་ཡང་དབང་གཉིས་སྦྱོར་བ་ཞེས་པ་ནས་ཕྲ་མ་ན་མཁའ་ལས་བྱུང་ངོ་།། ཞེས་པའི ་མཐར་ཐུག་པ་ནི་འབྱུང་བའོ།། དེ་བཞིན་དུ་ཆེན་པོའི་སེམས་ཞེས་པ་ནས་ཇི་སྲིད་མཆོག་ཏུ་དགའ་བའི་རིགས་ལས་བྱུང་ཞེས་པའི་མཐར་ཐུག་པ་ནི་འབྱུང་བ་ལས་གྱུར་པའོ།། དེ་བཞིན་དུ་འདིར་གསོལ་བ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པ ་ཞུས་པའོ།། དེ་ཡང་ཅི་ཞེས་བྱ་བ་ལ་སོགས་པའོ།། འདིར་བཅོམ་ལྡན་འདས་ཀྱི་རིགས་གྲངས་མེད་པ་འབྱུང་བ་དེའི་ཚེ་ཇི་ལྟར་འཇིག་རྟེན་གྱི་ཁམས་ཀྱང་དོག་པ་ཉིད་དུ་འགྱུར་རོ།། གོང་བུའི་གཟུགས་ཅནྡ་ཞེས་པ་ནི་ས་ལ་སོགས་པའི་ཁམས ་རྣམས་བྱེ་བྲག་ཏུ་སྨྲ་བའི་གཞུང་ལུགས་ཀྱི་ངེས་པ་གསུངས་པའི་དབྱེ་བས་བཤད་པའི་ཕྱིར་རོ།། དེ་ཇི་ལྟར་རིགས་གྲངས་མེད་པ་རྣམས་གླང་དུ་གནས་ཞེས་པའི་དོན་ཏོ།། འདིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ནི་ལན་ནོ།། ། ་དེ་བསྟན་པ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཇི་ལྟར་ཁ་ཅིག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྡུལ་གཅིག་གི་ཚད་ཀྱིས་ནང་གི་ཕུག་ཀྱང་བསོད་ནམས་ཀྱི་སྐྱེ་མཐུས་དོག་པར་མི་འགྱུར་ཞིང་ཡངས་པར་མི ་འགྱུར་རོ།། སངས་རྒྱས་ལ་སོགས་པའི་འཕགས་པའི་དགེ་འདུན་མཐའ་དག་སྟོན་མོ་ལ་སྤྱན་འདྲེན་པར་བྱེད་དོ།། དེ་ཡང་བཞེངས་ཤིག་ཅེས་བྱ་བ་ལ་སོགས་པའོ།། དེ་བཞིན་དུ་བསྐྱེད་པའི་རིམ་པས་རྫོགས་པའི་རིམ་པ་བསྐྱེད་པ་གསུངས ་ཁ་སྦྱོར་ཞེས་བྱ་བ་ལ་སོགས་པ་ལ། ཁ་སྦྱོར་ལས་བྱུང་བ་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་སྦྱོར་བ་ལས་བྱུང་བ་དང་། འབྱུང་བ་ལས་གྱུར་པ་དག་འབྱུང་བ་སྟེ། དེ་ཡང་ཡེ་ཤེས་ཀྱི་ཁམས་ཀྱི་རང་བཞིན་ས་ལ་སོགས་པ་འབྱུང་བ ་རྣམས་སོ།། ཡེ་ཤེས་ཀྱི་ཁམས་དེ་ཅི་ཞེ་ན། གསོང་བ་ཞེ་བྱ་བ་ལ་སོགས་པའི་ཚིག་གི་ཕྱིར་རོ།། དེ་ལྟར་མེ་ལོང་ལྟ་བུའི་ལ་སོགས་པའི་ཡེ་ཤེས་ལྔ་རྣམས།། དེས་ན་དེ་བྱང་ཆུབ་བོ།། དེ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས ་པ་ལྔ་ཡང་ངོ་།། དེ་ཡང་བདག་པོ་རེ་རེ་ཡང་ལྔ་ལྔ་ཉི་ཤུ་རྩ་ལྔར་འགྱུརོ།། གཞན་ནི་གོ་སླའོ།། འོན་ཀྱང་འཆང་བཞིན་པས་རྒྱས་པར་བཤད་པར་བྱའོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་དྲུག་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བ་དྲན་པཱི ་སྣང་བ་ཞེས་པ་ཕྱི་དང་ནང་གི་སྡོམ་པ་བསྟན་པའི་གཞུང་བསྟན་པ་སྟེ་བཞི་པ་རྫོགསསོ།། །། ད་ནི་རྣལ་འབྱོར་པ་སྤྲུལ་པའི་ལུས་ཅན་རྣམས་ཀྱི་ཕྱི་རུ་རྣམ་པས་སྤྱོད་པས་སེམས་ཅན་གྱི་དོན་བྱ་བའི་ཕྱིར་ལས་སྣ་ཚོགས་ཀྱི་སྒྲུབ ་ཐབས་བརྗོད་པའི་ཕྱིར་ངག་གི་ཕྱག་རྒྱ་ཞེས་བྱ་བ་ལ་སཽ་ཌ་བ་གསུང་སྟེ། ངགི་ཕྱག་རྒྱའི་ཡི་གེ་བརྗོད་པའི་ཕྱི་ཕྱག་རྒྱ་དེ་ནི་བརྡའི་སྐྱེད་སླར་ཡང་ལོག་པའི་ཕྱག་རྒྱས་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཤེས་པར་བྱེད་པ་གང་གི་ཚེ་དེའི་ཚེ་མཚན་ཉིད་ནི ་མཚན་མའི་ཕྱག་རྒྱས་ཞེས་པའི་དོན་ཏོ།། དགོངས་པའི་སྐད་ནི་ཇི་ལྟར་བརྗོད་ཅེས་པ་ནི་ཀླ་ཀློའི་ཚིག་ཅེས་པའི་དོན་ཏོ།། རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་ལ་དབྱེ་བ་དང་རབ་ཏུ་དབྱེ་བ་མི་ཕྱེད་པའོ།། དེ་བཞིན་དུ་རྒོད་དང་ཞེས་བྱ་བ་ལ་སོགས་པ ་བཞི་རྣམསུ་སྟེ་སྔོན་གྱི་ཚུལ་གྱིས་ལྷ་དང་མི་ལ་སོགས་པ་རྣམསུ་མ་གསུངས་ཞེས་པ་ནི་མ་བརྗོད་ཅེས་པ་སྟེ་ཞུས་པའོ།། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ནི་ལན་གྱི་ཚིག་གོ། ཌཱིནྟི་མ་ཞེས་པ་ནི་མཐར་སྐྱེས་མའོ།། ལུ་གུ ་ཞེས་པ་ནི་ཁ་ལས་བརྗོད་པར་བྱའོ།། ཡི་གེའི་ཕྱག་རྒྱའི་ཡེ་ཤེས་ཞེས་པ་ནི་སྔོན་དུ་གསུངས་པའི་རྣལ་འབྱོར་པ་མངོན་ཤེས་དང་ལྡན་པས་བསྟན་གྱི་ཐ་མལ་པས་ནི་མི་ཡིན་ཏེ་རྣལ་འབྱོར་མ་འཁྲུགས་པའི་ཕྱིར་རོ།། འོན་ཀྱང་ཐ་མལ་པའི་གནས ་སྐབས་ཀྱི་དུ་སུ་ཡང་གོམས་པར་བྱ་སྟེ། སེམས་རྣམ་པར་དག་པསྔ་ཞེས་དགོངསོ།། དེ་བཞིན་དུ་ཡེ་ཤེས་ཀྱི་སྒྲ་ནི་མངོན་པར་ཤེས་པའི་མཚན་ཉིད་ཀྱི་ཕྱིར་རོ།། འཆད་བཞིན་པའི་ཡེ་ཤེས་ཀྱི་སྒྲ་ཐམས་ཅད་དང་དེ་ལྟར་ཤེས་པར་བྱ་ཞེས་པ་ནི་ངེས་པ ་གཞན་ནི་གོ་སླའོ།། སླར་ཡང་རྡོ་རྗེ་སྟོང་པོས་ཞུས་པ་བཛྲ་ཞེས་པ་ནི་ཕྱག་རྒྱའོ།། གཞན་ནི་གོ་སླའོ།། དེ་བཞིན་དུ་ངག་གི་བརྡའི་ཡེ་ཤེས་ནི་གཉིས་པའོ།། ། ད་ནཱི་ལྷ་སྟངས་ཀྱི་ཕྱག་རྒྱུའི་ཡེ་ཤེས་བརྗོད་པའི་ཕྱིར་མཉམ་དང་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། འདིར་ལྟེ་བའི་གནྡྷ་སུ་སྔོན་དུ་སྲོག་གོམས་པར་བྱས་ཏེ་ཇི་སྲིད་དུ་མངོན་ཤེས་ཐོབ་པར་འགྱུར་གྱི་བར་དུའོ།། དེ་ནས་ཕྱི་རུ་སྦྱར་བར་བྱའོ།། ལྷག་མ་ནི་གེ་སླའོ།། འདི་ནི་ཡེ་ཤེས་གསུམ་པར་བརྗོད་དོ།། ད་ནི་སེམས་ཅནི་རྣམ ་གཞུག་པའི་ཕྱིར་ཕྱི་དང་ནང་གི་བདག་ཉིད་ཀྱི་ལས་ཚོགས་ནུས་པ་ཉིད་ཀྱིས་བསྟན་པའི་ཕྱིར་རོ།། དཔལ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་ཞེས་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་རོ།། དེས་ན་རྣལ་འབྱོར་མའི་སྐུའི་དབྱིབས ་དང་ལྡན་པ་བསམ་གཏན་གྱི་སྦྱོར་བ་དང་ལྡན་པས་མཚན་མ་ཐོབ་པ་དང་ལྡན་ནོ།། དེ་ཡང་འཆང་བཞིན་པ་ལས་བརྗོད་པར་བྱའོ།། དེ་བཞིན་དུ་མིའི་ཐོད་པར་ཞེས་བྱ་བ་ལ་སོགས་པ་ལ་ཆོ་ག་བཞིན་ཞེས་པ་ནི་གླང་གི་ཐོད་པ་ཡིན་པ་དེའི་རོའི ་ལུས་ཀྱི་ཤ་དྲང་བཤད་པ་ལ་སོགས་པས་བྲན་པ་དང་སྔགས་བཟླས་པས་ཡུངས་ཀར་འཕེལ་བར་འགྱུརརོ།། དེའི་འབྲས་བུ་ལ་སོགས་པས་སྲུང་བར་བྱེད་དོ།། དེ་ཡང་དམ་པ་ཞེས་པ་ནི་གོང་ན་མེད་པ་ཞེས་པའི་དོན་ཏོ།། དེ་བཞིན་དུ་འོལ་མ ་སེ་དཀར་པོའི་སྒྲུབ་པ་བསྟན་པའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་མཆུ་བཙིར་བའི་ཁ་སྦྱར་གྱི་ཕྱག་རྒྱས་དེ་བཞིན་དུ་ཕྱོགས་རྒྱས་གདབ་པར་བྱའོ།། སངས་རྒྱས་ཀུན་གྱི་ཞེས་པ་ནི་སེམས་ཀྱིས་གྲུབ་པ ་དེ་ལ་དེ་སྐད་ཅེས་བྱའོ།། སྐྱེས་གཉིས་ཀྱི་ཐོད་པ་ཞེས་པ་ནི་བྲམ་ཟེའི་ཐོད་པའོ།། ཡང་ན་བསྒེགས་པས་བསྒྲུབ་སྟེ། དེའི་ཐོད་པ་ལ་སྔོན་བཞིན་དུ་སྲུང་བ་ལ་སོགས་པ་ཐམས་ཅད་བྱས་ན་འོལ་མ་སེ་བསྐྱེད་པར་བྱའོ།། དེས་ནི་མའི་ཐོད་པ་ལ་བར་སྣང ་ནས་བླངས་ནས་དེས་གང་ལ་བསྣུན་ན་དེའི་ཚེ་བུད་མེད་ཀྱི་དངོས་གྲུང་དུ་འགྱུརརོ།། ཕན་ཚུན་དུ་གཟུགས་བསྒྱུར་བའི་ཕྱིར་ཞེས་པ་ནི་ངེས་པའོ།། ཡང་ན་བསྒྲུབས་པའི་འོལ་མཱ་སྡེ་དེ་གླང་པོ་ཆེ་ལ་སོགས་པའི་ཐོད་པ་བསྐྱེད་དེ། དེའི་ཤ་ལ་སོགས་པས ་བྲན་པར་བྱ་ཞིང་དེ་ཉིད་སྔགས་རབ་ཏུ་བཟླས་པ་ལ་སོགས་པས་བསྲུང་བ་བྱས་ནས་ཇི་སྐད་གསུངས་བཞིན་དུ་བྱེད་དོ།། ལྷག་མ་ནི་གོ་སླའོ།། ད་ནི་དབབ་པའི་ཆོ་ག་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རོའི་ཁར་གུ་གུལ་ཞེས་པ་ནི ་འཆད་བཞིན་པའི་གུ་གུལ་དང་ལྷན་ཅིག་པ་ཡན་ལག་ལྔ་ཡོངསུ་བསྒྲུབས་ཏེ། ཉིན་ཞག་ལ་ཞེས་པ་ནི་དེའི་ཚེ་མཚན་མོ་ལ་བྱས་ནས་ཇི་སྐད་གསུངས་པ་བཞིན་བྱེད།། དེ་བཞིན་དུ་གསེར་གྱི་འབྲས་བུ་ཞེས་པ་ནི་དུ་དུ་རའི་འབྲས ་བུའོ།། ཁྱིམ་བྱ་ཞེས་པ་ནི་ཟངས་མའི་གཙུག་པུད་ཅན་ནོ།། དེ་ལྟར་ཇི་སྐད་གསུངས་པ་བཞིན་དུ་བྱེད།། དེ་བཞིན་དུ་དུག་གི་སྒྲུབ་པའམ་བཟའ་བའི་སྦྱོར་བ་བསྟན་པའི་ཕྱིར། རྟ་གསོད་དཀར་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏུ་རུས་སྐད ་དཀར་པོའི་ཆའོ།། དེ་བཞིན་དུ་མ་རིའི་རྩ་བའོ།། ཡང་ན་དུག་གི་རྩ་བའོ།། ཨརྐ་ཞེས་པ་ནི་ཤིང་ཨ་རྀ་ཀའི་རྩ་བའོ།། ཏེ་རུ་ཞེས་པ་ནི་ཨརྐ་ཡི་འོ་མའོ།། སཾ་ལ་བྷ་ཞེས་པ་ནི་དུག་སྣ་ཚོགས་ཀྱི་འབྲས་བུའི་ཁྱོད་པར་རྣམསོ།། དེ་རྣམས་ཀྱི་ཆ་དང་སྡིག ་པ་ནི་གྲགས་པར་ཟད་དོ།། དེའི་མཇུག་མ་ཡི་རྩེ་མོའོ།། དེ་ལྟར་ཐམས་ཅད་ཕྱེ་མར་བྱས་ཏེ་སྔོན་གྱི་སྨན་དུག་བརྒྱ་ལྡན་པར་བྱའོ།། ལག་པའི་གྷོ་ན་ས་ཞེས་པ་ནི། དེ་ཕྱེ་མུ་ད་རི་ལུ་བྱས་ཏེ་དེ་བཞིན་དུ་ལོག་པས་བཟུང་ན་གྷོ་ནཱ་སྭ་ལྟ་བུའི་སྲོག་ཆགས ་ཀྱི་ཁྱད་པར་དུ་འགྱུར་རོ།། ཞེས་པ་སྟེ་ངེས་པའོ།། རི་ལུ་དེ་བཏགས་ན་ཉིན་མོ་བྱེད་པ་ཞེས་ཨུརྐྐའི་འོ་མ་དང་ལྷན་ཅིག་བཏུང་བར་བྱའོ།། ཡང་ན་འཐུང་དུ་གཞུག། དཱིའི་ཚེ་ཞག་བདུན་དུ་བརྒྱལ་བར་འགྱུར་རོ།། སྤྲེའུ་ཞེས་པ་ནི་མི་མ་ཡིན་པར ་འགྱུར་རོ།། ཁ་ཅིག་ནི་དུག་ནག་པོར་འགྱུར་ཞེས་ཟེར་བའི་དོན་ཏོ།། དེ་ཡང་འཚོ་བ་བསྟན་པའི་ཕྱིར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་གསུངས་ཏེ་གོ་སླའོ།། དེ་བཞིན་དུ་སྨན་གྱི་སྦྱར་བསོ་དུག་སྨིན་པར་བསྟན་པའི་ཕྱིར། མ་ལ་ཡ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། མ་ལ་ཡ་ཞེས་པ་ནི་ཙནྡན་ནོ།། འབྱུང་བ་ཞེས་པ་ནི་ནང་གི་ཙན་དྲན་ཏེ། དེའི་འཆང་བཞིན་པའི་མར་ཁུའོ།། ནད་ཀྱི་དབང་པོ་ཞེས་པ་ནི་རུ་ཤྩའི་ཁྱད་པར་ཏེ་མངལ་སྦྱོང་བའོ།། རྒྱ་སྤོས་ཞེས་པ་ནི་གོང་བུའི་རྒྱ་སྤོསོ།། དེ་ལྟར་ཐམས ་ཅད་བཅོས་ནས་འགྲོ་བ་ཞེས་པའི་བྱ་བ་བྱེ་།། ཉིན་ཞག་དེ་ཞེས་བྱ་བ་ལ་སོགས་པ་ནི་ཉིན་ཞག་དེ་ལ་སྐྱེས་ནས་ཤི་བའི་ལྕེ་བཏོན་ཏེ་ཤུ་ཐག་དང་རྒྱ་སྤོས་དང་སྦྱར་ལ་དེའི་རི་ལུ་ཙ་ན་ཀའི་ཚད་ཙམ་བྱས་ཏེ་བཟའ་བར་བྱའོ།། དེ་ལྟར་གོམས་པ་ལས ་དེའི་ཚེ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་བྱེད་དོ།། དེ་བཞིན་དུ་སྦལྀ་པཱ་ཞེས་པ་ནི་སྦལ་པའི་ལྕེའུ་ཆུང་པའོ།། དེ་བཞིན་དུ་སྦྲུལ་ཞེས་པ་ནི་སྦྲུལ་གྱི་ལྤགས་པའོ།། བཻ་རུ་ར་ཞེས་པ་ནི་བཱ་རུ་རའི་འབྲས་བུའོ།། དེས་ན་ཇི་སྐད་གསུངས་པ་བཞིན་དུ་བྱེད་དོ།། དེ ་བཞིན་དུ་བའི་མར་ཞེས་བྱ་བ་ལ་སོགས་པ་ལ།། རྡོ་རྗེ་ཅན་ཞེས་པ་ནི་ཤྲི་ཁཎྜའི་ཤིང་ངོ་།། ཡང་ན་བུད་མེད་ཀྱི་མེ་ཏཱཾག། གཞན་ནཱི་གོ་སླའོ།། དེ་བཞིན་དུ་རིམས་ཞི་བ་ལ་སོགས་པའི་ཆོ་ག་བསྟན་པའི་ཕྱིར། མཉམ་པར་གཞག་ཅིང་ཞེས་བྱ་བ་ལ ་སོགས་པའི་སྒྲས་ནི་དབྱེ་བོ་ལ་སོགས་པ་བསྡུའོ།། འབྱུང་བའི་ཉི་མ་ཞེས་པ་ནི་མར་ངོ་ཡི་ཚེས་བཅུ་བཞི་ལའོ།། དེའི་ཆོ་གས་རིམས་ཉེ་བར་ཞི་བར་འགྱུར་རོ།། དེ་བཞིན་དུ་སྦྲུལ་གྱི་ལྷགས་པ་བརྗེས་པ་དང་སྦྲུལ་གྱི་སྒྲ་ཞེས་པ་ནི་ནེའི་ལེའི ་པགས་པ་ལ་འཆང་བཞིན་པའི་སྔགས་ཀྱིས་དགྲའི་མིང་དང་ལྡན་པར་བྲི་བར་བྱའོ།། འོན་ཀྱང་དུས་ཀྱི་ཁྱད་པར་གྱིས་ཞེས་བྱ་བའི་དོན་ཏོ།། སྦལ་པ་ཞེས་པ་ནི་སྦལ་བའི་ལྕེ་དང་བྱ་རོག་གི་སྒོ་དང་། ཉིན་མོ་འཇིགས་ཞེས་པ་འུག་པའི་སྒྲོ་སྟེ་དེ་རྣམས ་ཀྱི་སྤྲོས་ཀྱིས་དབང་ཕྱུག་མ་དང་སྨད་ཀྱང་འབྱེད་པར་བྱེད་ཅེས་པའི་དོན་ཏོ།། དེ་བཞིན་དུ་བསྐྲད་པ་གསུངས་པ་རྟའི་ཞེས་བྱ་བ་ལ་སོགས་པ་ནི་རྟའི་རྨིག་པ་ལ་སོགས་པའི་འཁྲུལ་འཁོར་རོ།། དེ་བཞིན་དུ་སྦྲུལ་གྱི་མགོ་དང་ཁྱི་སྨྱོན་པའི ་སྐྱེས་ནི་གསུངས་པའི་ལས་བྱེད་དོ།། དེ་བཞིན་དུ་ནང་གི་སྦྱོར་བ་བསྟན་པའི་ཕྱིར། ཧོ་ལི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཧ་ལི་ནི་ཞེས་པ་ནི་ཨོཾ་མའི་རྩ་བའོ།། ཕག་ལ་ཞེས་པ་ནི་བུམ་པ་ཅན་ནོ།། རུས་པ་ཞེས་པ་ནི་འཇུག་པའོ།། མགྲིན་རིངས་ཞེས་པ་ནི ་འབྱུང་བའོ།། དེ་བཞིན་དུ་ཨོཾ་དང་ཨཱཿའོ།། རིང་པོ་ཞེས་པ་ནི་ཧཱུཾ་ངོ་།། དེ་ལ་རོལ་གནས་པ་ནི་ཨོཾ་བ་དྷཱུ་ཏཱིའོ།། དེས་སྲིད་པ་གསུམ་སྐྲོད་དེ་ལུས་དང་ངག་དང་སེམས་སྦྱོར་བའི་མཆོག་འདིས་འགོག་པས་ཡུལ་ལ་སོགས་པའི་དངོས་པོ་རྣམས་བསྐྲད་པར་འགྱུར ་ཞེས་པ་སྟེ་ངེས་པའོ།། དེ་བཞིན་དུ་སྦྱོར་བ་གཞན་བསྟན་པའི་ཕྱིར་རྟའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟའི་ཁྲག་དང་བདུད་ཅེས་པ་ནི་ཀ་ར་བི་རའོ།། དེ་ལྟར་བྱོས་ཏེ་བསམ་གཏན་གྱི་ཁྱད་པར་གྱིས་མེ་ལོང་ལ་བལྟས་ན་ཇི་སྐད་གསུངས་པ་བཞིན་དུ ་འགྱུར་རོ།། དེའི་ཚེ་དེ་རྣམས་ཀྱི་གཉེར་མའི་དྲི་མ་དང་ཁྲག་ལ་སོགས་པ་དང་། བསྲེས་ཏེ་རྟ་ལ་སོགས་པའི་ལག་སྐྱེས་ཁ་སྦྱོར་བས་བསྲེགས་པའི་ཐལ་བ་བླངས་ཏེ། སྦལ་པའི་ཞག་དང་བསྲེས་པས་བྱུགས་དེ་ལ་སང་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་མིག ་སྨན་བསྟན་པའི་ཕྱིར། ཨདྷོ་ཏ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཨདྷོ་ཏ་ཞེས་པ་ནི་ཡོན་ཏན་མེད་པའི་ཨདྨོ་ཏོའི་འབྲས་བུ་སྟེ་དེའི་ས་བོན་གྱི་མར་ཁུ་འམ་འོ་མའོ།། དེ་ཡང་ན་སུ་ར་བྷིའི་འོ་མ་དེས་མིག་ལ་བྱུགས་པསོ།། སྲིད་པ་གཞན ་གྱི་ཞེས་བྱ་བ་ནི་སྐྱེ་བ་སྣ་ཚོགས་པ་གཞན་ཡང་མཐོང་བའོ།། ལྷག་མ་ནི་གློ་སླའོ།། །། ད་ནི་མེ་མནན་པ་བརྗོད་པའི་ཕྱིར་རི་བོང་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རི་བོང་ཅན་གྱི་སྒྲས་ནི་རྣམ་པ་གཉིས་ཏེ། གཅིག་ནི ་དངུལ་ཆུའོ།། གཉིས་པ་ཞེས་པ་ནི་རི་བོང་གི་མར་ཁུའོ།། སྲིན་པོ་པདྨ་དཀར་པོའི་མར་ཁུ་དང་དེ་བཞིན་དུ་སྦལ་པའི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། དེ་བཞིན་དུ་འཛག་པ་ཞེས་པ་ནི་དུ་བ་ཅན་ནོ།། རི་བེང་ལས་བྱུང་བ་ཞེས་པ་ནི་རི་བོང་གི ་ཁྲག་གོ།། ཇི་ལྟར་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ།། དེ་བཞིན་དུ་ཆུ་ལས་ཆགས་པ་གསུངས་པ། ཆུ་སྦྲུལ་ཞེས་པ་ནི་ལྟོ་འཕྱེའི་སྙིང་ཁྲག་དང་བཅས་པའོ།། དེས་ནི་དེ་བཞིན་དུ་འགྱུ་རོ།། སླར་ཡང་སྤོང་ན་ཀ་ཞེས་པ་ནི་པྲེ་ཏ་ན་ཀའི་ས་བོན་རྣམས་ཀྱིས ་ཁ་བཀང་བར་བྱ་ཞེས་པའོ།། ལྷག་མ་ནི་གོ་སླའོ།། བཙག་ཡུལ་རྣམས་ཞེས་པ་ནི་ལྡེང་རོས་དམར་པོའོ།། དྲི་ངན་པ་ཞེས་པ་ནི་མུ་ཟི་སེར་པོའོ།། དེ་བཞིན་དུ་ཡིད་དག་སུ་བྱ་བ་གསུངས་པ།། གསེར་གྱི་ས་བོན་ཞེས་བྱ་བ་ལ་སོགས་པ་ལ་གསེར་ཞེས་པ་ནི ་ད་དུ་རའོ།། པི་ཌོཾ་ཞེས་པ་ནི་དངུལ་ཆུ་བསད་པའོ།། པཱ་ཐ་ཞེས་པ་ནི་པ་ཐའི་ཕྱེ་མའོ།། དེ་རྣམས་ལས་གཟུགས་བསྟན་བྱའོ།། བུ་རམ་དང་སྐྱུར་པོ་དག་གིས་ཞེས་པ་ནི་བུ་གའི་ནོང་ནས་ཕྱུང་ནས་བཀྲུས་ནས་སྔོན་བཞིན་དུ་འགྱུར་རོ།། དེ་བཞིན་དུ་གཉིས་སྐྱེས ་ཞེས་བྱ་བ་ལ་སོགས་པ་ལ།། སྤྲེའུ་ཞི་བ་ནི་སྤྲེའུ་དམར་བའོ།། དེ་བཞིན་དུ་བྱོ་རོག་གི་སྒོ་རྣམ་སོ།། ས་ཅན་ཞེས་པ་ནི་ས་བོན་གྱི་རི་བོང་ངོ་།། དཱི་ཀ་ཞེས་པ་ནི་སྔགས་པའོ།། སྣང་ཞེས་པ་ནི་དོན་གཉིས་ཏེ། གཅིག་ནི་རང་འབྱུང་དུ་འགྱུར་རོ།། གཉིས་པ་ནི་སྦྲུལ ་པའི་ཁྲག་དེ་ཡང་བླང་ངོ་།། དེ་བཞིན་དུ་འོག་ནས་འབྱུང་བ་ཞེས་པ་ནི་དྲི་ཆེན་དང་དྲི་ཆུའོ།། གསེར་ཞེས་པ་ནི་ད་དུ་རབ་རྩ་བའོ།། དེ་བཞིན་དུ་ཕུག་རོན་ལ་སོགས་པ་རྣམས་ཀྱི་བྱ་བཱ་དང་སྤུ་དང་སྒྲ་ལ་སོགས་པ་རྣམ་སོ།། མེ་ཞེས་པ་ནི ་སྟག་གི་སྤུ་ལ་སོགས་པ་རྣམས།། དེས་ནི་ཇི་སྐད་གསུངས་པ་བཞིན་བྱེད་དོ།། དེ་བཞིན་གསེར་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་ཆེན་པོ་ཞེས་པ་ནི་གླང་པོ་ཆེའི་རྡུལ་ལོ།། ཨུའི་ཕྱེ་མ་ཞེས་པ་ནི་ཤིང་གི་ནང་གི་སྲོག་ཆགས་དེའི་ཕྱེ་མ་ནི་དུག་གི་ཁྱད་པརོ།། ་དེས་ན་དེ་ལ་དེ་སྐད་ཅེས་བྱའོ།། སླར་ཡང་སྦྱོར་བ་གཞན་བསྟན་པོའི་ཕྱིར། ཚ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚ་བའི་མར་ཁུ་དེ་ཉིད་ཀྱིས་འདི་ལྟར་བྱ་སྟེ། ཤིང་དེའི་རྩེ་མོ་འུག་པའི་ཚང་དང་ཤིང་གི་རྩེ་མོའི་རྩ་བ་དེ་ཐམས་ཅད་ལ་ཕྱུགས་ནས ་ལག་པ་དེ་ཉིད་ཀྱིས་ཞེས་པ་བྱ་རོག་གི་ལག་པོས་དུར་ཁྲོད་ཀྱི་ཤིང་གི་མེ་ལ་ཚང་ལ་སོགསོ་བ་བསྲེགས་ནས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ།། དབྱེ་བ་བསྟན་པའི་ཕྱིར།། བྱ་རོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེའི་སྐྲ་དང་ཡདུད་པ་མེད་པའི ་སྒྲ་དག་དང་དེས་བྱ་ཡི་གཞོན་དུ་མ་ཡིན་ནོ།། དེ་ལྟར་རྣམ་པར་ཤེས་པའི་ཡེ་ཤེས་ཞེས་པ་ནི་བཞི་པའོ།། འོན་ཀྱང་རྣམ་པར་ཤེས་པ་ཡེ་ཤེས་ནི་གྲུབ་པའི་རྣལ་འབྱོར་པོ་རྣམས་ཀཽ་ནང་གི་ལས་ཐམས་ཅད་ཏུ་སྟེ་རྩ་བའི་རྒྱུ་བའི་སྦྱོར་བསོ།། དེ་ཡང ་བླ་མའི་མན་ངག་ལས་རྟོགས་པར་བྱ་ཞེས་པ་སྟེ་ངེས་པའོ།། ད་ནི་དབང་དུ་བྱ་བ་བརྗོད་པའི་ཕྱིར་ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀར་མོ་དགའ་བ་དང་བཅས་པ་ཞེས་པ་ནི་འདིར་གང་སུ་ཡང་རུང་བའི་བུད་མེད་རྣལ་འབྱོར་པ་འདོད་པས ་དྲདདྲང་པོ་བདེ་བའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་གི་ངོ་བོར་སྙིང་དུ་བསམ་པར་བྱའོ།། སྦྲང་བུ་ཕྱེ་མར་བྱས་ཏེ་ཞེས་པ་ནི་བུད་མེད་གཞན་དང་འཁྲིག་པར་བྱས་ཏེ་དེའི་ཁུ་བ་བླངས་ཏེ་ཕྱེ་མ་དང་སྦྱར་བ་དེ་ལ་དེ་སྐད་ཅེས་བྱའོ།། འོན་ཀྱང་དེའི་ཝ ་ནི་བརྟུལ་ཞུགས་པ་ནི་དབང་དུ་བྱེད་པའོ།། བསམ་གཏན་དང་ས་བོན་དང་སྔགས་སྤྱོད་པ་དང་སྔོན་དུ་བསྙེན་པ་བྱེད་པ་ཡིའོ།། བསམ་ཞེས་པ་ནི་སྐར་མ་རྒྱལ་ལ་སྙོམས་པར་འཇུག་པར་བྱ་ཞེས་པ་སྟེ་ངེས་པའོ།། དེ་དག་གི་བཙུད་ལ་རྫས་སྦྱོར་བ ་གསུངས་ཏེ། ན་རི་ཙི་ཞེས་བྱ་བ་ལ་སོགས་པ་ལ། ན་རི་ཙི་ཞེས་པ་ནི་རྔད་ཀྱི་ཁྱད་པར་ཏེ་དེའི་ཕྱེ་མའོ།། ན་ར་ཏ་རུའི་འདོང་མ་ཞེས་པ་ནི་ན་རང་ཀའི་ལོ་མའི་ཁུ་བ་དྭེ་དང་ཆ་མཉམ་པའོ།། གླང་པོ་ཆེའི་དྲེག་པ་ཞེས་པ་ནི་གླང་པོ་ཆེའི་རྡུལ་དང་མོའི་མར ་དེ་ལྟར་ཐམས་ཅད་རོ་གོཅིག་པར་བྱས་ནས་བུ་མོ་ཞེས་པ་ཇི་སྐད་གསུངས་པ་བཞིན་བྱེད་དོ།། དེ་བཞིན་དུ་མིག་གི་ཆུ་ཞེས་པ་ནི་མཆི་མའོ།། ཀྲནྟ་ཞེས་པ་ནི་ཙཀ་ཀྲ་ཨ་ཀའོ།། འཇིག་པ་ཞེས་པ་ནི་དུ་བའོ།། ལག་རྨི་ཞེས་པོ་ནི་སྐྱུ་རུ་རའི་ཁུ་བའོ།། ་དེ་བཞིན་དུ་ཤིང་ཨརྐ་དཀར་པོའོ།། གནས་ཀྱི་བྱེའུ་ཞེས་པ་ནི་ཁྱིམ་གྱི་བྱེའུ་འམ་ཕྱིལ་པའོ།། རྨ་སྐྱེས་ཞེས་པ་ནི་རབ་ཀྱི་སྲིན་ལག་གི་ཁྲག་གོ།། དེས་ནི་གསུངས་པའི་ལས་བྱེད་དོ།། དེ་བཞིན་དུ་ར་མཱ་དུ་ཏི་ཞེས་པ་ནི་སྔོན་དུ་གསུངས་པའི་སྙོམས ་པར་འཇུག་པའི་ཁུ་བ་དང་དྷ་ཀའི་འོ་མ་དང་བསྲེའོ།། སྦལ་པ་ཞེས་པ་ནི་དེའི་ཁུ་བོའོ།། དེས་ནི་ཇི་རྒོད་གསུངས་པ་བཞིན་དུ་བྱའོ།། ཤི་བའི་ཡན་ལག་མ་ཞེས་པ་ནི་བདག་པོའི་ཕྱིར་ཤི་བའོ།། དེའི་སྒོ་ཞེས་པ་ནི་སྐྲའི་ཐལ་བའོ།། དེ་བཞིན་དུ་རིག་པ ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་པའི་དབང་པོས་དྲན་པ་ཙམ་གྱིས་ཐམས་ཅད་བྱེད་ཅེས་པའི་དོན་ཏོ།། ཡེ་ཤེས་ཅེས་པ་ནི་ལྔ་པའོ།། ད་ནི་ཐིག་ལེར་བྱས་པའི་ཡེ་ཤེས་བརྗོད་པའི་ཕྱིར།། བྱ་ཡི་ཞེས་བྱ་བ་ལ་སོགས ་པ་གསུངས་པ། འཁོར་ལོས་མཚན་པ་དང་ཨིནྡྲ་གོ་བ་དང་། ཤི་ལོ་ཞེས་པ་བྲག་ཞུན་དང་བ་ལང་གི་གི་ཝང་དང་ལྡོང་རོས་ཏེ། དེས་ནི་ཇི་སྐད་གསུངས་པ་བཞིན་དུ་འགྱུ་རོ།། དེ་བཞིན་དུ་དུར་ང་ཞེས་བྱ་བ་ལ་སོགས་པ་ལྀ། རི་དགྲས་ཀྱི་དུར་བ་ཞེས ་པ་ནི་ཀྲྀཥྞ་ས་རང་ཀཱའི་དུར་བ་ཞེས་པའོ།། ཡང་བྱ་བ་བདག་དང་ཨ་བན?་ཏ་ཞེས་པ་རྟག་ཏུ་མེ་ཏོག་ཅན་ནོ།། བག་པོ་སར་པ་ཞེས་བྱ་བ་ལ་སོགས་པ་ནི་འདིས་བུ་མེ་བག་མར་བླངས་པའི་དུས་ནས་ཞིག་བདུན་གྱི་ནང་དུ་གལ་ཏེ་ཁྱོ་ཤི་བ་དེའི ་ཚེ་དེ་ཡང་མེ་ལ་ཤི་བའོ།། དེ་དག་གི་མེ་ཏོག་ཞེས་པ་ནི་འདྲིར་ཀྱང་ཇི་སྐད་གསུངས་བཞིན་དུ་འགྱུ་རོ།། དེ་བཞིན་དུ་བྱི་སྣ་ཞེསོ་བྱ་བ་ལ་སོགས་པ་ལ་ཤྲྀ་ཞེས་བྱ་བ་ལ་སོགས་པ་ལ་ཀྵ་ན་ཞེས་པ་ནི་ཨིནྡྲ་ཀཱ་ཞེས་པའི་སྨན་ཏོ།། སྭ་ཧ་ཞེས་པ ་ནི་ས་ཧ་དེ་བའོ།། ནན་ཏ་ཀི་ནི་ཞེས་པ་ནི་རྩ་བ་སྨྲའོ།། ཡང་སྦྲུལ་གྱི་རྒྱལ་པོའོ།། ཨུ་ཀྲ་ཞེས་པ་ནི་དྲག་པོའི་རྩ་བའོ།། ཀུ་ཐ་ར་ཙ་ན་ཝཱ་པ་ནི་རྩ་སྟ་རེས་བཅད་པའོ་བེའུ་ཞེས་པ་ནི་པུན་ཏན་ཛ་རེའོ།། ལྟེ་བ་ཞེས་པ་ནི་གླ་རྩིའོ།། དེ་བཞིན་དུ་ཤྲི་ཞེས་བྱ་བ་ལ་སོགས་པ ་ནི་བྱང་ཆུབ་སེམས་དང་ཙན་དན་དམར་པོ་དང་ཤྲི་ཁཎྜ་དང་ལྷན་ཅིག་པའོ།། ལྟེ་བ་ཞེས་པ་ནི་གླ་ཅིའོ།། རི་ཤི་སུ་ཏ་ཞེས་པ་ནི་པ་ལ་ཤའི་ས་བོན་ནོ།། བྱེའུའི་ཁྲག་ཞེས་པ་ནི་བྱིའུ་དམར་བའི་ཁྲག་གིས་བསྒོས་ཏེ་ཐིག་ལེར་བྱས་ཞེས་པ་ནི་ངེས་པའོ།། ཛ་ཡན་ཏི། ་ཞེས་བྱ་བ་ལ་སོགས་པ་ནི་གེ་སླའོ།། དེ་ལྟར་ན་ཐིག་ལེའུ་ཡེ་ཤེས་དྲུག་གོ།། ། ད་ནི་རི་ལུ་བསྟན་པའི་ཕྱིར་ཡང་ན་ཞེས་བྱ་བ་ལ་སོགས་པ་ལ།། སངས་རྒྱས་ཀྱི་ཞེས་པ་ནི་དེའི་རང་བཞིན་ཉིད་དོ།། དཀྲི་ཞེས་པ་ནི་རི་ལུའོ།། ཉི་མ་ཞེས་པ ་ནི་ཟངས་མའོ།། ཟླ་བ་ཞེས་པ་ནི་དངུལ་ལོ།། མེ་ཞེས་པ་ནི་གསེར་རོ།། དེ་བཞིན་དུ་འདི་རྣམས་ཀྱི་ཚད་གསུངས་པ། རོ་ཏི་ཕྱེད་གསུམ་མོ་ཤ་གསུམ།། རཱ་ཏི་ཕྱེད་གསུམ་ཤ་བཞི།། ར་ཏི་བདུན་དང་མ་ཤ་བཞི།། ཉི་མ་ཟླ་བ་སྲེག་བྱེད་ཀྱིས་ཞེས་སོ།། དེ་བཎྜི ་དུ་ཡང་ན་ཞེས་བྱ་བ་ལ་སོགས་པ་ལ།། རྡོ་རྗེའི་འོ་མ་ཞེས་པ་ནི་རྡོ་རྗེ་ཤིང་གི་འོ་མས་སོ།། གཞན་ནི་གོ་སླའོ།། པྲཾ་ཡཾ་ཀུའི་མེ་ཏོག་ཅེས་པ་ནི་ལང་ཚེའི་དང་བློ་མ་ཏོག། གཉིས་སྐྱེས་ཞེས་པ་ནི་སྙོམས་པར་འཇུག་པ་ལས་བྱུང་བའོ།། འདི་ནི་བདུན་པ་མི ་སྣང་བའི་ཡེ་ཤེས་སོ།། སླར་ཡང་གྲུབ་པའི་མིག་སྨན་གྱི་སྦྱོར་བ་བསྟན་པའི་ཕྱིར། དེ་ནས་མིག་སྨན་ཞེས་བྱ་བཱ་ལ་སོགས་པ་གསུངས་ཏེ། ཤྭ་ཆེན་ལས་སྐྱེས་ཞུས་པ་ནི་ཤ་ཆེན་པོ་ལས་བྱུང་བའོ།། ཐོད་པ་གང་བ་ཞེས་པ་ནི་ཆང་བའི་ཐོད་པའོ།། བྷ་ག ་ཞེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་རིམ་པ་བཞིན་ལྷའི་སྦྱོར་བས་བསྒོམ་པར་བྱ་ཞེས་པའོ།། གྲུབ་པོའི་མིག་སྨན་གྱི་ཡེ་ཤེས་ཞེས་པ་ནི་བརྒྱུད་པའོ།། ད་ནི་བཅུད་དང་གསེར་གྱི་ཆོ་ག་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཞེས་པ་ནི་རཾ་ལས་སྐྱེས་པའོ།། དེ་བཞིན་དུ་རྒྱ་མཚོ་ལས་སྐྱེས་དང་། ཁྲོན་པ་ལས་སྐྱེས་པོའོ།། དེ་ལ་སོགས་པ་ནི་མང་པོའི་ཆོག་ཏུ་བརྗོད་པའི་ཕྱིར་རོ།། སྐྱུར་མོ་ཞེས་པོ་ནི་སྟར་བུའི་འབྲས་བུའི་ཁུ་བའོ།། རྡོ་ཆེན་ཏེ་ལ་ཞེས་པ་ནི་ཤེལ་རྡོ་བའོ།། ཡང་དང ་ཡང་དུ་མཉེས་པས་ནི་བརྟན་པར་འ་གྱུར་རོ།། ཛ་ཏི་ཀ་ཞེས་པ་ནི་དྲག་པོ་རལ་པ་ཅན་གྱི་རྩ་བའོ།། ཆུ་དང་བཅས་པ་ཞེས་པ་ནི་སྨན་རུ་ཏན་ཏིའོ།། དེ་བཞིན་དུ་འབྲས་ཀྱི་ཆུ་སྐྱུར་མོའོ།། བསྐོལ་ནས་ལས་གཞན ་གསུངས་པ། ལྕགས་ཀྱི་དྲེག་པ་ཞེས་པ་ནི་ལྕགས་ཀྱི་དྲི་མའོ།། ལྷག་མ་ནི་གྲོ་སླའོ།། དགུ་པ་ནི་ཡེ་ཤེས་སོ།། དེ་བཞིན་དུ་བཅུད་ཀྱིས་ལེན་གྱི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུའོངས་ཏེ། འདིར་ཐམས་ཅད་དུ་ནང་གི་རྫས ་རྣམས་ཀྱི་བྱ་སྟེ། དེས་ན་བཅུད་ཀྱིས་ལེན་པོའི་སྒྲུབ་ཐབསུ་འགྱུར་རོ།། དེ་ཉིད་ཀྱིས་ན་སྙིང་པོ་ཀུན་ལས་བཏུས་ཏེ་བཤད་ཅེས་གསུངས་ཏེ། ཕྱིའི་སྨན་ཐམས་ཅད་ནི་ས་ལ་སོགས་པའི་ཁམས་ཀྱི་རང་བཞིན་བེམས་པོའོ།། དེས་ན་ནང་གི་ཁམས ་ནི་བེམས་པོ་མ་ཡིན་པ་ཉིད།། དེ་བཞིན་དུ་དུས་བཅིངས་པ་ཞེས་པ་ནི་སྡིག་པ་ནས་ཆུ་སྲིན་འཕྲོ་བ་ལ་ཐུག་པའི་ཟླ་བ་གཉིས་དང་པོར་བྱས་པ་དང་གཞན་ནི་འཆང་བཞིན་པ་ལས་བཤད་པར་བྱའོ།། རྣལ་འབྱོར་ཞེས་བྱ་བ་ལ་སོགས་པ་ནི ་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ།། དེས་ན་ཕྱག་རྒྱ་ངེས་ནི་ནད་ཐམས་ཅད་རབ་ཏུ་འཇོམས་པའོ།། དེའི་ཕྱིར་རྫས་རྣམས་བདུད་རྩིའི་དངོས་པོར་འགྱུར་རོ།། དེ་ཡང་གཞི་མཉམ་ཞེས་བྱ་བ་ལ་སོགས་པའོ།། དེ་ལོ་གཞི་མཉམ་ནི་དྲི་ཆེ་ནོ།། ་གླ་རྩི་ནི་མི་བསྐྱོད་པའོ།། ཙན་དན་དམར་པོ་ཞེས་པ་ནི་མེ་ཏོག་དང་ལྡན་པའི་བུད་མེད་དང་འདུས་པ་ལས་བྱུང་བའི་ཁྲག་དང་ཁུ་བའོ།། ག་པུར་ནི་ལག་པས་བསྐྱེད་པའི་བྱང་ཆུབ་སེམས་སོ།། ཤཽ་ལི་ཛ་ད་ནི་མའི་མར་ཁུའོ།། སི་ལ་ཀམ་ནི་དང་པོའི ་མེ་ཏོག་གོ།། ཀུན་ཏུ་རུ་ནི་ལོ་བཅུ་གཉིས་མའི་བུ་མོ་དང་སྙོམས་པར་འཇུག་པ་ལས་བྱུང་བའོ།། ཀཀྐོ་ལ་ནི་ལང་ཚོ་འབའ་ཞིག་ལས་བྱུང་བའི་ཁུ་བའོ།། སྦུ་གུའི་མར་ནི་ལང་ཚོ་མ་རྣམས་ཀྱིས་རྟག་ཏུ་བརླན་པའི་སྣུམ་མོ།། དེ་བཞིན་དུ་ཕྱིའི་རྫས ་བཅུ་རྣམས་ཀྱང་བསྡུ་བར་བྱའོ།། དང་ཞེས་པ་ནི་ངེས་པར་ཞེས་པའི་དོན་ཏོ།། དེ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་དཔྱིད་ཀའི་དུས་སུ་ནི་གཞི་མཉམ་དང་ཅན་དཱན་དམར་པོའི་བཅུད་ལེན་བླང་ངོ་།། ཡང་ན་ཕྱི་དང་ནང་གཉིས་ཀ་བཟའ་བར ་བྱའོ།། དེ་ཡང་ཐོ་རངས་བཟོའ་བར་བྱ་བ་འམ་བླང་བར་བྱའོ།། དེ་བཞིན་དུ་སོགས་ཉིན་ཕྱེད་ནི་ཤ་ལི་ཛྭ་དང་ཀཀྐོ་ལའོ།། དེ་བཞིན་དུ་བྱར་རྒོངས་མོ་ནི་གླ་རྩི་དང་སི་ལའོ།། དེ་བཞིན་དུ་སྟོན་སྲོང་ལ་ནི་སྦུ་གུའི་མཽར་རོ།། དགུན་སྟོན་མཚན་ཕྱེད་ལ ་ནི་ཀུན་དུ་རུའོ།། དགུན་སྨད་ཐོང་རངས་ན་ནཱི་ག་པུར་བཟའོ།། དེ་ཡང་སྔོན་བཞིན་དུ་བྱའོ།། འདི་རྣམས་ཀྱི་ནང་དུ་རང་རང་གི་དུས་རྣམས་ལ་རྫས་བཞི་འདུས་པ་དང་ལྷན་ཅིག་བཟའ་བར་བྱའོ།། དེ་ཡང་དངུལ་ཆུ་ཞེས་བྱ་བ་ལ་སོགས་པའོ།། འོན་ཀྱང ་དངུལ་ཆུ་སྔོན་དུ་གསུངས་པའི་ཆོ་གས་བཅིངས་པའོ།། མུ་ཟི་ཞེས་པ་ནི་མུ་ཟི་མར་ཁུའོ།། བྲག་ལས་འཛག་ཅེས་པ་ནི་བྲག་ཞུན་ནོ།། མར་དང་ཞེས་པ་ནི་འཕྲལ་དུ་བསྐལ་པའི་མར་གྱིས་ཏེ།། བསླད་ཅེས་པ་ནི་མཉེས་པའོ།། ལས་རྣམས་ཀུན་ཞེས་པ ་ནི་རྫས་ཐམས་ཅད་ལ་འདི་བཞི་པར་སྦྱར་ཞེས་འབྲེལ་ཏོ།། རྣམ་པ་དགུ་ཞེས་པ་ནི་སྔོན་དུ་གསུངས་པའི་གཞི་མཉམ་ལ་སོགས་པའི་རྫས་རྣམ་ཏེ། དེ་དང་རྫས་བཞི་ལྷན་ཅིག་བཟའ་བར་བྱའོ།། དེ་ལྟར་རིམ་པ་དང་རིམ་པར་བྱ་བའི་དོན་ཏོ།། སླར་ཡང ་རྫས་བཅུ་བཞི་པོ་དེ་རྣམས་བཟའ་བའོ།། ཟླ་བ་ཞེས་བྱ་བ་ལ་སོགས་པ་ནི་ཁུ་བ་ལ་སོགས་པ་ཟོས་པའི་ཕྱིར་རོ་དངུལ་གྱི་ལསུ་འགྱུར་རོ།། ཁྲག་ལ་སོགས་པ་ནི་གསེར་ལ་སོགས་པར་འགྱུར་ཏེ་ངེས་པའོ།། ཇི་ལྟར་ཞེ་ན། འདིར་ལོ ་གཅིག་ཏུ་རྫས་བཅུ་བཞི་པོ་བསགས་པར་བྱ་སྟེ། ཐམས་ཅད་གཅིག་ཏུ་བྱས་ཏེ་བཟའ་བར་བྱའོ།། དེས་ན་ཉི་མ་བདུན་གསུམ་གྱིསཽ་ཞེས་པ་ནི་ཞག་ཉི་ཤུ་རྩ་གཅིག་ཏུ་ཟོས་པས་སོ།། གྲུབ་ཅེས་པ་ནི་ཇི་སྐད་གསུངས་པ་བཞིན་དུ་བྱེད་པའོ།། དེ་བཞིན་དུ ་མར་ཁུའི་ཆོ་ག་གསུངས་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། མ་ཏྲྀ་ཞེས་པ་ནི་མ་ནུ་ལུང་གའི་འབྲས་བུ་རྣམ་སོ།། བཞི་གཉིས་ཞེས་པ་ནི་བརྒྱད་དོ།། མིང་བདག་བྲན་ཞེས་པ་ནི་བུང་བའི་རྒྱལ་པོའི་རྩའོ།། མི་ཡི་ས་བོན་ཞེས་པ་ནི་བུང་བའི་རྒྱལ་སྡེ། ་ས་བོན་ནོ།། དེ་བཞིན་དུ་སྐུ་བྱུག་པའི་ཆོ་གོ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། སྔར་བཤད་ཅེས་པ་ནི་གོང་དུ་བསྟན་པའི་མར་ཁུ་ཉིད་དོ།། ཁྲག་འཕྲོག་ཅེས་པ་ནི་ཁྲག་འཕྲོག་པར་བྱེད་པའོ།། དྲི་ཌ་ཞེས་པ་ནི་གྲགས་པར ་ཟད་དོ།། པྲ་རོ་ཧ་ཞེས་པ་ནི་ཙིནྡ་རོ་ཧའོ།། སྔོན་ཞེས་པ་ནི་སྐལ་བ་ལ་སོགས་པ་བྱའོ།། དེའི་ཞེས་བྱ་བ་ལ་སོགས་པའི་ནི་གྲུབ་པའི་མར་ཁུ་དེ་ལ་ལས་གཞན་བྱ་བ་གསུངས་ཏེ། ཤ་མ་ནས་གྲ་པ་ལའི་མཐར་ཐུག་པའི་སྨོན་ཉི་ཤུ་རྩ་གསུམ་མར་ཁུ་དང་ལྷན ་ཅིག་པས་ནི་ཐམས་ཅད་ཅེས་པ་ལ་སོགས་པ་དེ་བཞིན་ཡན་ལག་དྲུག་གིས་སྤྲོས་གསུངས་ཏེ། ཙནྡན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ལྟར་གཡན་པ་ཞེས་བྱ་བ་ལ་སོགས་པ་ནི་ནད་ཐམས་ཅད་འཇོམས་པའི་དོན་ཏོ།། དེ་བཞིན་དུ་ནད་སྣ་ཚོགས ་པ་འཇོམས་པའི་ཆོ་ག་བརྗོད་པའི་ཕྱིར།། ཡུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡུང་བ་ཞེས་པ་ནི་ཡུང་བ་དང་ཡུངས་པ་ནག་པོའོ།། ཅོར་ཞེས་པ་ནི་ཙེ་ར་པ་ཏཱའོ།། ཀིང་སུ་ཞེས་པ་ནི་ཀིང་སུ་ཀའོ།། བཅས་ཞེས་པ་ནི་སྐྱེ་ཚེ་དང་ཧཱ་སྭ་དེ་བ ་གཟུང་ངོ་།། དེ་ལྟར་ནད་ཐམས་ཅད་འཇོམས་པ་དེ་ལ་དོ་སྐད་ཅེས་བྱའོ།། བ་ཀུ་ཙི་ཞེས་པ་ནི་ཤུ་ཐག་གོ།། སླར་ལ་ཡ་བེའུ་བསྣབས་ལ་སོགས་པའི་ནད་རྣམས་འཇོམས་པར་བསྟན་པའི་ཕྱིར་ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གླ་ཙི་ཞེས ་བ་ནི་དྲི་ཆུའོ།། ལྷག་མ་ནི་གོ་སླའོ།། འོན་ཀྱང་སྨན་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་པས་ནད་ཀྱི་བདག་ཉིད་ཀྱིས་བྱའོ།། དེ་བཞིན་དུ་སྟོང་པ་ཞེས་པ་ནི་གནས་ཀྱི་བྱེ་བྲག་སྟེ། སྙིང་གཽ་ན་མཁར་ཞུགས་བྱའོ།། བྲག་ཅེས་པ་ནི་རྒལ་ཚིགས་ལ་བསྟན ་པའི་གང་རྩ་དེ་རྣམས་ལ་རྒྱུ་བའི་སྨན་ལ་སོགས་པའི་སྦྱོར་བ་སྟེན་པའོ།། སོགས་པའི་སྒྲས་ནི་དབེན་པའི་གནས་སྣ་ཚོགས་པ་རྣམས་རྒྱུ་བའི་མཚམས་རྣམསུ་ཤེས་པར་བྱའོ།། གཞན་ནི་ཞེས་པ་ནི་ཕྱིའི་སྦྱོར་བ་ལ་སོགས་པ་ལ་བརྟེན་པ་ནི ་དོན་མེད་ཅེས་སྦྱར་ཏེ། ནང་གི་བདག་ཉིད་བྲལ་བའི་ཕྱིར་རོ།། དེ་ལ་ཡང་གཉིས་ཀས་འགྲུབ་པའི་དོན་ཏོ།། དེ་བཞིན་དུ་དབེན་པ་ཞེས་བྱ་བ་ལ་སོ་ཙཱ་བ་ལ་དབེན་པ་ནི་ཡོད་ཀྱི་གནས་སུའོ།། ནགས་ཚལ་ལུས་ཀྱི་སྒྲའོ།། དགོན་པ་ཞེས་པ་ནི་ངག་གི་གནསོ།། ། ་བྲག་ཕུག་ཅེས་པ་ནི་ལུས་ཀྱི་ཁམས་རྣམསོ།། དེར་གནས་ནས་བསྒོམ་པར་བྱ་ཞེས་པ་ནི་རབ་ཏུ་བྱེད་པ་འདི་ཡི་དང་། དང་པོའི་ལས་ཚོགས་ཀྱིས་རྫས་རྣམས་བརྩམས་ཏེ། ཇི་ཀྲིད་རྫས་ཡོངསུ་རྫོགས་པ་དེ་སྲིད་རང་གི་སེམས་ལས་ཉིན་མཚན ་དུ་འབྱུང་བར་དགོངསོ།། དེ་བཞིན་དུ་བཅིང་ཞེས་བྱ་བ་ལ་སོགས་པ་འདིར་དགོངས་བཤད་གཞན་གྱི་བཅིངས་པའི་སྒྲ་ནི་སྤྱི་རུ་ཁ་ཅིག་ཏུ་མ་དྷུ་ཀ་ལ་སོགས་པའི་ཤིང་དག་ལ་གལ་ཏེ་གཙོ་བོར་མ་དྷུ་ཀར་གྱུར་པ ་དེའི་ཚེ་དེ་ལ་མ་ཤ་ཏ་ལ་སོགས་པ་གཞན་གྱི་ཡལ་ག་སྐྱེ་བར་མཐོང་བ་དེའི་ཕྱིར་བཅིངས་པའི་ཤིང་ངོ་།། དུས་ཀྱི་སྒྲ་ཡང་རྣམ་པ་གཉིས།། དེ་བཞིན་དུ་ལུས་ཀྱི་ཤིང་ལ་ཡང་དུས་སྣ་ཚོགས་ཀྱི་དབང་གིས་ལྕུག་མའོ།། གཞན་སྨན་ནི་བག་ཆགས ་སྣ་ཚོགས་པའི་དབང་གིས་དཀར་པོའི་ཆོས་རྣམས་འབྱུང་བའོ་ཞེས་པ་སྟེ་ངེས་པའོ།། དེས་གང་གིས་མི་ཤེས་པ་དེ་ནི་རྣལ་འབྱོར་པ་ཉིད་འདོད་ཅེས་པ་ལ་སོགས་པ་དེ་ལ་དེ་ལྟར་བརྗོད་དོ།། དེ་ལྟར་བཅོམ་ལྡན་འདས་ནི་ཡ་མཚན་ཅན་གྱི་གཟུག་སོ།། ། ་དེ་ལྟར་ཡང་གསུངས་པ། གང་ཚེ་སྨན་གྱི་ལས་རྣམས་ལེ། གང་ཚེ་སྨན་དུ་ཡང་འགྱུར་བ།། ལས་བྱེད་པ་ཡིས་ཡང་ན་དེ་ར།། སུ་ཡོང་རུང་བ་ལས་ནི་བྱེད།། དངོས་པོ་ཀུན་གྱི་རྣམ་རྟོག་ནི།། སྙིང་གི་ནམ་མཁའ་ལས་ནི་སྤྲོས། སྒྱུ་མ་བདེན་པ་འདི་གསལ་གཉན ་ཐོཐོས་ལ་སོགས་ཀྱིས་མི་ཤེས།། ཐར་པའི་དོན་དུ་སེམས་ཀྱིས་ནི།། རྨོངས་པ་དེ་རྣམས་འཁོར་པོར་སྤོང་།། དེ་རྣམས་ལ་ནི་ཐར་པ་རིང་།། སྒྱུ་མའི་དེ་བོ་ནི་སྤངས་པ་ཉིད།། ལྷག་མ་ཡང་ནི་གོ་སླའོ།། དེ་ལྟར་ཐམས་ཅད་ཤེས་པ་ནི་ཡེ་ཤེས་བཅུ་རྣམས་ཏེ།། ་སྲོག་ལ་སོགས་པའི་རླུང་རྒྱུ་བ་ལས་འབྱུང་བ་ཡེ་ཤེས་དང་ཤེས་བྱའི་མཚན་ཉིད་དོ།། དེའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་བ་ལས། ཚོགས་ཀྱི་སྒོ་ནས་སངས་རྒྱས་ཐམས་ཅད་མཁྱེན་པ་ཉིད་དེ། གཞན་ནི་མ་ཡིན་ཞེས་དགོངསོ།། ་ཚེའི་རིག་བྱེད་ཅེས་པ་ནི་དེ་རྣམས་ཀྱི་འཆི་བའི་བྱེད་པ་ལོ་རྒྱ་ཕྲག་གཅིག་དང་གསུམ་ལ་སོགས་ལ་རང་རང་གི་དུས་དང་བག་ཆགས་ཀྱིས་སྐད་ཅིག་ལས་གསུང་སོ།། འོན་ཀྱང་སངས་རྒྱས་ཉིད་ནི་ཐོག་མ་དང་ཐ་མ་སྤངས་པ་སྟེ། ཀུན་གཞི་ལ་སོགས་པ ་སངས་རྒྱས་རྒྱུད་མེད་པའི་ཕྱིར་རོ་ཞེས་པ་སྟེ་ངེས་པའོ།། །། ཁ་སྦྱོར་ཐིག་ལེ་རྒྱུད་ཀྱི་རྒྱལ་པོ་རྟོག་པ་བདུན་པའི་རབ་ཏུ་བྱེད་པ་དང་པོ་ལས།། སྣ་ཚོགས་ཀྱི་སྒྲུབ་ཐབས་ཀྱི་རྒྱ་ཆེ་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ ་ཞེས་པའི་གཞུང་བསྟན་པོ་སྟེ་དྲང་པོའོ།། །། ད་ནི་གསུངས་པའི་ལས་རྣམས་ལ་ཞི་བ་ལ་སོགས་པ་རྣམས་ཀྱི་སྦྱིན་སྲེག་ལ་སོགས་པའི་ཆོ་ག་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། བཟླས་པ་ཞེ ་པ་ནི་ཚད་མ་ཇི་ལྟ་བུ། སོགས་པའི་སྒྲས་ནི་སྦྱིན་སྲེག་གི་རྫས་ལ་སོགས་པ་བསྡུའོ།། ཅི་འདྲ་ཞེས་བྱ་བ་ནི་རང་བཞིན་ཇི་ལྟ་བུ་ཞེས་པའི་དོན་ཏོ།། ཁ་ཁྱེར་ཞེས་པ་ནི་ཐབས་ཁུང་གི་ཕྱི་རོལ་ཏུ་མུ་རན་གྱིས་བསྐོར་བའོ།། དམ་ཚིག་ཆེན་པོ་ཞེས་པ ་ནི་མའི་མར་ཁུ་དང་མཆེ་བ་ཅན་གྱི་ཤ་དང་ལྷན་ཅིག་ཏུ་བྱས་ལྔ་དེ་སྐད་ཅེས་བྱའོ།། ལྕེའི་དྲི་མ་ཞེས་པ་ནི་ལྕེ་གཞར་བའི་དྲི་མའོ།། གྲོང་གི་ཕྱི་རོལ་ཏུ་ཞེས་པ་ནི་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་བྱ་བ་སྟེ། དམ་ཚིག་ཉམས་ན་མི་འགྲུབ་པའི་དོན་ཏོ།། དེ་དག་ཐམས ་ཅད་ནི་གསལ་བའི་ཕྱིར་གོ་སླ་བས་བདག་གིས་མ་བཤད་དོ།། འདིར་ཚིགསུ་བཅད་པ་གསུངས་པ།། ཞི་ལ་སོགས་པའི་ལས་ནི་གང་།། གཡོན་དང་གཡས་ཀྱི་རྒྱུ་བ་ཡཽ།། དཀྱིལ་འཁོར་བཙོ་ཡི་གྲངས་ཉིད་ལས།། རྣལ་འབྱོར་པ་ཡིས་རྟག་ཏུ་བྱ།། ཡེ ་ཤེས་ཀྱི་ནི་དཀྱིལ་འཁོར་ཉིད།། གཡོན་དང་གཡས་ཀྱི་དཀྱིལ་འཁོར་ནས།། འདི་ནི་གྲངས་ནི་གཉིས་ཞེས་བྱ།། གཉིས་ཀ་ཡང་ནི་བཅུ་གཉིས་ཉིད།། ལུས་ཆེན་བཅུ་གཉིས་པོ་འདི་རྣམས།། ལྟེ་སོགས་ཐབ་ཁུང ་དུ་ནི་བྱ།། གཏུམ་མོ་འབར་བའི་མེ་ལ་ནི།། ཁམས་ནི་སྔོན་འགྲོ་སྲེག་པར་བྱ་ཞེས་པ་ནི་ངེས་པའོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་རྟོག་པོ་བདུན་པའི་རབ་ཏུ་བྱེད་པ་གཉིས་པའི་སྦྱིན་སྲེག་གི་ཐབ་ཁུང་ལ་སོག་ས་པའི་ཆོ་གའི་རྒྱ་ཆེར ་འགྲོལ་བ་ཡང་དག་པའི་ལྟ་བ་དྲན་པའི་སྣང་བ་ཞེས་པའི་གཞུང་སྟེ་གཉིས་པ་བསྟན་པའོ།། །། ད་ནི་ལས་འདི་རྣམས་བྱ་བའི་ཕྱིར་སྔགས་གསུངས་ཏེ། དེ་ཡང་སྔགས་བཏུ་བའི་མཚན་ཉིད་བརྗོད་པའི་ཕྱིར།། ལྷ་ལས་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་མོ་ཞེས་པ་ནི་དེ་ལྟར་སྔོན་དུ་གསུངས་པའི་ལུས་ལ་སྔགས་བཏུ་བ་བསྟན་པའི་ཕྱིར། བདག་མོད་མ་ལོ་བོས་པའོ།། ཨ་ལ་སོགས་པ་ཞེས་པ་ནི་ཨ་ལ་སོགས་པའི་སྡེ་མཚན་བརྒྱད་དོ།། དེ་བཞིན་དུ ་དང་པོའི་གཉིས་པ་ཞེས་པ་ནི་ཨའོ།། སྟོང་པ་ཞེས་པ་ནི་ཐིག་ལེའོ།། སྟོང་པ་ཡིས་ནི་ཡང་དག་མནན་ཞེས་པ་ནི་ཐིག་ལེ་གཉིས་པའོ།། དེས་དེ་མནན་པ་ནི་ཚེག་དྲག་པོ་གཉིས།། དེ་ལྟར་བསྡུས་ན། ཨ་ཞེསོ།། གསུམ་པ་ནི་བཅོ་ལྔའོ།། ཞེས་པ་ནི ་ཨཱི་ཞེས་པའོ།། དེ་ལ་ཟླ་བ་དང་ནི་ཐིག་ལེ་ཞེས་པ་ནི་ཟླ་བ་ཕྱེད་པ་དང་། སྟོང་དུ་ཐིག་ལེ་དགོད་པའོ།། བསྡུས་ན་ཨཱཾ་ཞེས་འགྱུར་རོ།། དེ་ནས་བྱང་ཆུབ་ས་བོན་ཞེས་པ་ནི་ཧའོ།། བཅོ་ལྔ་ཞེས་པ་ནི་རྗེས་དབྱངས་དང་ལྷན་ཅིག་པའོ།། བསྡུས་ན་ཧཾ་ཞེས ་སུ་འགྱུར་རོ།། དེ་ལྟར་ཐམས་ཅད་བསྡུས་ན་ཨོཾ་ཨཱཿཱཾ་ཧཾ་སྭཱ་ཧཱ་ཞེས་པའི་སྔགསུ་འགྱུར་རོ།། དེ་བཞིན་དུ་བདུན་པ་ཡི་ནི་གཉིས་པ་ལ་ཞེས་པརའོ།། རྡོ་རྗེ་མཁའ་འགྲོ་མ་ཞེས་པ་ནི་ཨུས་བརྒྱན་པའོ།། དེ་བཞིན་དུ་ལན་གཉིསུ་ནི་བཟླས་པར་བྱ་ཞེས ་པ་ནི་རུ་རུ་ཞེས་འགྱུར་བའོ།། དྲོ་བ་ཡི་ནི་གསུམ་པ་ཞེས་པ་ནི་སའོ།། དྲུག་པའི་གཉིས་པ་ཞེས་པ་ནི་ཕ་གདན་དུ་བྱས་པའོ།། དེ་ཡང་དབྱངས་ཡིག་ལྔ་པ་དང་ནི་སྦྱར་ཞེས་པ་ཨུ་དང་སྦྱར་བའོ།། དེ་ལྟར་བསྡུས་ན་སུ་ཞེས་འགྱུར་རོ།། མཐར ་གནས་པའི་ཞེས་པ་ནི་མཐར་གནས་པའི་གཉིས་པ་རའོ།། དབྱངས་ཡིག་ལྔ་པ་སྟན་ཏུ་ཞེས་པ་ནི་ཨུ་དང་ལྷན་ཅིག་ཏུ་ཞེས་པར་འགྱུར་རོ།། གསུམ་པ་ཡི་ནི་གསུམ་པ་ལྔ་ཞེས་པ་ནི་ཛའོ།། ཉི་ཤུ་རྩ་དགུ་པ་ཞེས་པ་ནི་ཝའོ།། དེའི་སྟན་དང་ལྷན ་ཅིག་ཛཱ་ཞེ་སུ་འགྱུར་རོ།། བདུན་པ་ཡི་ནི་གསུམ་པ་ཞེས་པ་ལའོ།། ལྔ་པའི་དང་པི་ཞེས་པཱ་ཏའོ།། དབྱངས་ཡི་གེ་གསུམ་པ་ནི་ཨི་སྟེ་བསྡུས་ན་ཏི་ཞེས་འགྱུརརོ།། བརྒྱད་པའི་གཉིས་པ་ཞེས་པ་ནཱི་ཤའོ།། བཅུ་གཉིས་པ་ཡི་སྟན་དུ་བྱ་ཞེས་པ་ནི་ཐའོ།། ་དེ་ན་ཥྛཱ་ཞེས་འགྱུར་རོ།། སུམ་ཅུ་རྩ་གཉིས་པ་གཟུང་བྱ་ཞེས་པ་ནི་སའོ།། གོ་རཱི་ཞེས་པ་ནི་ཨིའོ།། དེ་ལྟར་སི་ཞེས་འགྱུར་རོ།། ལྔ་པ་ཡི་ནི་གསུམ་པ་ཞེས་པ་ནཱི་དའོ།། དེ་བཞི་པའི་འོག་ཏུ་སྦྱིན་ཞེས་པ་ནཱི་ཧ་འག་ཏུ་སྦྱིན་པའོ།། གཉིས་ཀ་སྦྱར་བས་དྷ ་ཞེས་འགྱུར་རོ།། མཐར་གནས་པའི་གནས་པ་ཞེས་པོ་ནི་ལའོ།། གྷསྨ་རི་ཡིས་སྟེང་དུ་བརྒྱན་ཅེས་པ་ནི་ཨོའོ།། དེ་ལྟར་ལོ་ཅེས་འགྱུར་རོ།། གསུམ་པ་ཡི་ནི་དང་པོ་ཞེས་པ་ནི་ཙའོ།། ལྔ་པ་ཡི་ནི་ལྔ་པ་ཞེས་པ་ནི་ནའོ།། ཙོ་བོ་རི་མཆོག་ཏུ་ཕན ་པར་བྱེད་ཅེས་པ་ནི་ཨེ་དང་ལྷན་ཅིག་པར་བྱའོ།། དེས་ན་ནི་ཞེས་འགྱུར་རོ།། དེ་ལྟར་བསྡུས་ན་ཨོ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིད་དྷ་ལོ་ཙ་ནེ་སྭཱ་ཧཱ་ཞེས་སོ།། དེ་ལྟར་སངས་རྒྱས་ཀུན་ཞེས་བྱ་བ་ལ་སོགས་པ་ནི་དངོས ་པོ་རྟོགས་པ་རྣམས་ནི་སངས་རྒྱས་ཀྱི་མིང་དུ་འགྱུར་རོ།། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཞེས་པའི་དོན་ཏོ།། དེ་རྣམས་ཀྱི་ཞིང་བ་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་དོན་ཇི་ལྟ་བ་ཉིད་དོ།། དེ་བཞིན་དུ་ཨོཾ་བཛྲ་ཞེས་བྱ་བ་ལ་སྲོམ ་པ་བསྐུལ་བའི་སྔགས་འདི་ནི་ཁ་སྦྱོར་རོ།། སླར་ཡང་གཉིས་པ་ཡིན་བཞི་པ་ཞེས་པ་ནི་གྷ་གའོ།། ཆུ་མ་ཡིས་ནི་བརྒྱན་ཅེས་པ་ཨིའོ།། གཉིས་ཀ་བསྡུས་ན་གི་ཞེས་འགྱུརརོ།། གང་གི་སྔགས་དང་འདི་སྤེལ་ཏེ་བཟླསོ།། ཡང་ན་ཐཾ་དད་པའི ་རིམ་པས་ཨོཾ་གྷི་སྭཱ་ཧཱ་ཞེས་བཟླས་ཏེ་སྙིང་པོའོ།། དེ་བཞིན་དུ་དྲོ་བ་ཡི་དང་པོ་ས་བོན་ཞེས་པ་ནཱི་ཤའོ།། མཁའ་སྤྱོད་མའི་སྟེང་དུ་བརྒྱན་ཞེས་པ་ནི་རྗེས་དབྱང་སོ།། དེས་ན་གཉིས་ཀ་ཤམ་ཞེས་འགྱུར་རོ།། གཉིས་པ་ཡེ་ནི་དང་པོ་ཞེས་པ་ནི ་ཀའོ།། བདུན་པ་ཡི་ནི་གཉིས་པ་ཞེས་པ་ནི་རའོ།། དེ་བཞིན་དུ་ཙཽ་རཱི་སྦྱར་བར་བྱ་ཞེས་པ་ནི་ཨེའོ།། དེས་ན་གཉིས་ཀ་རཽ་རཾ་ཞེས་འགྱུར་རོ།། དེ་བཞིན་དུ་བརྒྱད་པ་ཡི་ནི་དང་པོ་ཞེས་པ་ནི་ཤའོ།། རྡོ་རྗེ་མ་ནི་མཆོག་ཏུ་ཕན་ཞེས་པ་ནི་ཨ་དང ་སྦྱར་བའོ།། གཉིས་ཀ་ཤ་ཞེས་འགྱུ་རོ།། ཡི་གེ་ཉི་ཤུ་པ་ཞེས་པ་ནི་ནའོ།། ལྔ་པ་ཡིས་ནི་སྟན་དུ་བྱས་ཞེས་པ་ནི་བྱའོ།། དེ་བཞིན་དུ་གཽ་རཱི་ཡིས་ནི་བརྒྱན་ཅེས་པ་ནི་ཨིའོ།། བསྡུས་ན་ཏི་ཞེས་འགྱུ་རོ།། གཉིས་པ་ཡི་ནི་དང་པོ་ཞེས་པ་ནི་ཀའོ།། ་ཉི་ཤུ་བདུན་པ་ཞེས་པ་ནི་རའོ།། དེ་ལ་ཙི་རཱི་ཞེས་པ་ནི་ཨེ་དང་ལྷན་ཅིག་གཉིས་ཀ་རེ་ཞེས་འགྱུར་རོ།། གཉིས་པ་ཡི་ནི་བཞི་ཞེས་པ་ནཱི་གྷའོ།། རྡོ་རྗེ་མཁའ་འགྲོ་མ་སྟན་བྱ་ཞེས་པ་ནི་ཨུའོ།། དེ་གཉིས་ཀ་གྷ་ཞེས་འགྱུར་རོ།། གསུམ་པ་ཡི་ནི་དང་པོ་ཞེས ་ཙའོ།། ལན་གཉིས་བཟླས་ཞེས་པ་ནི་གྷ་ཙ་ཞེས་པའི་སྔགས་ཀྱི་ཚིགས་ལན་གཉིས་བཟླས་ཞེས་པའི་དོན་ཏོ།། དེ་བཞིན་དུ་གཉིས་པ་ཡིས་ནི་བཞི་པ་ཞེས་པ་ནི་གྷའོ།། རྡོ་རྫ་མཁའ་འགྲོ་མ་དང་སྦར་ཞེས་པ་ནི་ཨུ་དང་ལྷན་ཅིག་གྷུ་ཞེས་འགྱུར་རོ།། ་ཡི་གེ་བཅུ་གཅིག་ཅེས་པ་ནི་ཊའོ།། དབྱངས་ཡིག་གསུམ་པས་ཕྱེ་བ་ཞེས་པ་ནི་ཨིའོ།། དེས་ནི་ཊི་ཞེས་འགྱུརརོ།། ལྔ་པ་ཡི་ནི་ལྔ་པ་ཞེས་པ་ནི་ནའོ།། དེ་ལ་གཽ་དྷཱི་སྦྱར་བ་བྱ་ཞེས་པ་ནི་ཨིའོ།། དེས་ན་གཉི་ག་ནི་ཞེས་འགྱུ་རོ།། གཉིས་པ་ཡི་ནི་བཞི ་པ་ཞེས་པ་ནི་གྷའོ།། རྡོ་རྗེ་མ་ཡིས་མཆོག་ཏུ་བརྒྱན་ཞེས་པ་ནི་ཨོཾའོ།། དེས་ན་གཉིས་ཀ་གྷ་ཞེས་འགྱུར་རོ།། དེ་ནས་བཅུ་དྲུག་པ་ཞེས་པ་ནི་ཏའོ།། ཉི་ཤུ་རྩ་དྲུག་ཅེས་པ་ནི་ཡོའོ།། ལན་གཉིས་བཟླས་ཞེས་པ་ནི་དེ་ལྟ་གྷེ་ཏཱ་ཡ་ཞེས་པ་ནི་སྔགས་ཀྱི ་ཚིག་ལན་གཉིསུ་བཟླས་པར་འགྱུརརོ།། དེ་བཞིན་དུ་གཉིས་པ་ཡི་ནི་བཞི་པ་ཞེས་པ་གྷའོ།། དབྱིངས་ཡིག་ལྔ་པས་བརྒྱན་པར་བྱ་ཞེས་པ་ནི་ཨུ་སྟེ། གཉིས་ཀ་གྷཱ་ཞེས་འགྱུར་རོ།། བཞི་པའི་དང་པོ་གང་པོ་ཡིན་པ་ནི་ཊའོ།། གོ་རཱི་དང་ནི་ཡང ་དག་ལྡན་ཞེས་པ་ནི་ཨི་སྟེ་དེས་ནི་ཊི་ཞེས་འགྱུར་རོ།། ལྟེ་པའི་ལྔ་པ་ཞེས་པ་ནི་ནཱའོ།། དེ་ལ་གཱཾ་རཱྀ་སྦྱར་པར་བྱ་ཨི་སྦྱར་བར་བྱའོ།། བསྔོས་ན་ནི་ཞེས་འགྱུར་རོ།། དེ་ལྟར་བསྡུས་ན་སྔགས་ཨཻ་ཤཾ་ཀ་རི་ཤནྟི་ཀ་རི་གྷཱ་ཙ་གྷཱ་ཙ་གྷུ་ཊི་ནི་གྷ་ཊ་ཡ་གྷུ་ཊི་ནི ་སྭཱ་ཧཱ་ཞེས་པའོ།། རྡོ་རྗེ་བསྲུང་བ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྲུང་བའི་སྦྱོར་བས་ཞེས་པ་ནི་བསྒོམས་པའི་དུས་ཁྲོ་བོའི་རྡོ་རྗེ་སྤྲོ་བར་བྱ་ཞིང་། རྡོ་རྗེ་ང་བ་ལ་སོགས་པ་ཡང་བསྒོམ་པར་བྱའོ།། དེའི་སྟོབས་བྱེད་པའི ་སྔགས་གསུངས་པ། ཨོཾ་ཛྭ་ལ་ཞེས་བྱ་བ་ལ་སོགས་པ་ནི་འདི་ནི་ཁ་སྦྱོར་གྱི་སྔགས་ཏེ། དེ་དེ་བཞིན་དུ་གསུངས་པ་བྱེད་པའི་དོན་ཏོ།། དེ་བཞིན་དུ་རྒྱས་པའི་སྔགས་གསུངས་པ། གཉིས་པ་ཡི་ནི་དང་པོ་ཉིད་ཅེས་པ་ནི་ཀཱའོ།། བཞི་པའི་དང་པོ་ཞེས ་པ་ནི་ཊའོ།། གཽ་རཱི་ཡཱིས་བརྒྱན་པར་འདོད་ཅེས་པ་ནི་ཨེས་སོ།། དེས་ནཽ་ཊི་ཞེས་འགྱུ་རོ།། བདུན་པ་ཡི་ནི་བཞི་པ་ནི་ཝོའོ།། སྟེང་དུ་གཽ་རཱིས་བརྒྱན་ཞེས་པ་ནི་ཨིས་ཏེ། དེས་ན་ཝི་ཞེས་འགྱུར་རོ།། གཉིས་པའི་དང་པོ་ཞེས་པ་ནི་ཀའོ།། དེ་ནས་བཅུ ་གཅིག་པ་ཞེས་པ་ནཱི་ཊའོ།། ཙཽ་རཱི་ཡིས་སྤྱིར་བོར་བརྒྱུན་ཅེས་པཱ་ནཱི་ཨེས་སོ།། དེས་ན་གཉི་ཀ་ཊེ་ཞེས་འགྱུརརོ།། ལྔ་པ་ཡི་ནི་ལྔ་པ་ཞེས་པ་ནི་ནའོ།། དབྱངས་ཡིག་གསུམ་པ་ཞེས་པ་ནི་ཨིའོ།། དེས་ན་ནི་ཞེས་འགྱུར་རོ།། གཉིས་པའི་དང་པོ་ཞེས ་པ་ཀའོ།། བཞི་པ་ཡི་ནི་དང་པོ་གང་ཡིན་པ་ཞེས་པ་ནི་ཊེའོ།། ཙཽ་རཱི་ཡིས་ནི་ཁྱད་པར་བྱས་ཞེས་པ་ནི་ཨེའོ།། དེས་ན་ཊེ་ཞེས་འགྱུར་རོ།། གཉིས་པའི་དང་པོ་ཞེས་པ་ནི་ཀའོ།། བཞི་པའི་དང་པོ་ཞེས་པ་ནི་ཊའོ།། མཁས་སྤྱོད་མ་ཡིས་སྤྱི་བོར་བརྒྱན ་ཅེས་པ་ནི་ཨཾ་གྱིས་རྗེས་དབྱངསུ་སྦྱིན་ཞེས་པའོ།། དེས་ན་གཉིས་ཀ་ཊཾ་ཞེས་འགྱུར་རོ།། གཉིས་པའི་དང་པོ་ཞེས་པ་ནི་ཀའོ།། བཅུ་གཅིག་ཅེས་པ་ནི་ཊའོ།། ཙཽ་རཱིར་ཡང་དག་ལྡན་ཞེས་པ་ནི་ཨེའོ།། དེས་ན་ཊེ་ཞེས་འགྱུར་ཏེ་དེ་ལྟར་བསྡུས་ན་སྔགས་ནི ་ཨོཾ་ཀ་ཊེ་པི་ག་ཊེ་ནི་ཀ་ཊེ། ཀ་ཊོ་ཀཱ་ཊེ་སྭཱ་ཧཱ་ཞེས་པའོ།། དེ་ལྟར་རྟག་ཏུ་སྟོབས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེའི་ཁ་སྦྱོར་གྱི་སྔགས་ནི་ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་དུ་ཁམས་གསུམ་པའི་དང་དུ་བྱེདཔའི་སྔག ་གསུངས་པ། དེ་ནས་བཅུ་དྲུག་པའི་གཟུང་བྱ་ཞེས་པཱ་ནི་ཏའོ།། རྡོ་རྗེ་མ་ཡིས་མཆོག་ཏུ་མཛེས་ཞེས་པ་ནི་ཨ་སྦྱིན་པའི་ཕྱིར་གཉིས་ཀ་ཏ་ཞེས་འགྱུརརོ།། མཐོར་གནས་པའི་གཉིས་པ་ཉིད་ཅེས་པ་ནི་རའོ།། ཙཽ་རཱི་སྦྱར་བར་བྱ་ཞེས་པ་ནི་ཨེ་དང་། ་ལྷན་ཅིག་རེ་ཞེས་འགྱུ་རོ།། དེ་ནས་ལྔ་པ་ཞེས་པ་ནི་ཏའོ།། མཁའ་འགྲོ་མ་ཡིས་རྒྱས་པར་འདོད་ཅེས་པ་ནི་ཨུ་སྦྱར་བས་ཏུ་ཞེས་འགྱུར་རོ།། དེ་ནས་བཅུ་པ་གཟུང་ནས་ཞེས་པ་ནི་ཏཱའོ།། ལྔ་པའི་དང་པོ་སྟན་དུ་བྱ་ཞེས་པ་ནི་ང་ལ་ཏ་སྦྱིན ་བའོ།། དེས་ན་གཉིས་ཀྲཱཏྟ་ཞེས་འགྱུར། རྡོ་རྗེ་མ་ནི་དེ་ལ་སྦྱར་ཞེས་པ་ནི་ཏ་རྩེག་མ་དེ་ལ་ཨ་སྦྱར་བའོ།། དེས་ན་ཏྟ་ཞེས་འགྱུར་རོ།། ཡི་གེ་ཉི་ཤུ་རྩ་བདུན་གཟུང་ཞེས་པ་ནི་རའོ།། ཙཽ་རཱི་དང་ནི་ལྷན་ཅིག་པར་བྱ་ཞེས་པ་ནི་ཨཽ་དང་ལྷན་ཅིག་རེ་ཞེས ་འགྱུར་རོ།། ལྔ་པའི་དང་པོ་གང་ཡིན་པ་ཞེས་པ་ནི་ཏའོ།། རྡོ་རྗེ་མཁའ་འགྲོ་འོག་ཏུ་སྦྱར་ཞེས་པ་ནི་ཨུ་འོག་གི་ཆར་སྦྱར་བས་ཏུ་ཞེས་འགྱུར།། བདུན་པ་ཡི་ནི་གཉིས་པ་སྨེ་བ་ནི་གོ་ཙཽ་རཱིས་སྦྱར་བ་གང་ཡིན་ཞེས་པ་ནི་ཨེ་དང་སྦྱར་བ་སྟེ་རི་ཞེས་འགྱུརརོ། ་དེ་ལྟར་སྒྲོལ་མའི་སྔགས་བཏུས་པ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།། ཞེས་པའོ།། དེ་ལྟར་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་གསུངས་པ་བཞིན་དུ་བྱེད་པ་ཞེས་པ་སྟོངེས་པའོ།། དེ་ཡང་ཁ་སྦྱོར་གྱི་སྔགས་ནི་ཨོཾ་ཀ་ར་ཀ་ར་ཞེས་བྱ ་པཱ་ལ་སོགས་པའི། འདིར་གང་ཡང་སྔགས་བསྡུས་པའི་སྔགས་དེ་རྣམས་རྩ་འཆར་བའི་དུས་ཀྱི་དབང་གིས་རྟོགས་པར་བྱ་སྟེ། དེ་རྣམས་ཡི་གེ་རེ་རེའི་ཁ་སྦྱོར་གྱི་སྔགས་བརྗོད་པར་བྱའོ།། དེ་ཡང་སེམས་ཅན ་རྣམས་ཀྱི་རང་རང་གི་ཡི་གེའི་ལས་རྣམས་ལའོ།། དེ་བཞིན་དུ་དང་པོ་རྣམ་པར་སྣང་མཛོད་སྦྱིན་ཞེས་པ་ནི་ཨོཾ་མོ།། དྲོ་བའི་བཞི་པ་ཞེས་པ་ནི་ཧའོ།། བྲྀ་ཀྐ་སཱི་ཡིས་ཞེས་པ་ནི་ཨུ་ཞེས་པོ་ནི་མཛེས་པའོ།། སྟོང་པ་ཞེས་པ་ནི་རྗེས་དབྱངས་ཏེ ་མནན་པའོ།། དེས་ན་གཉིས་ཀ་ཧཱུཾ་ཞེས་འགྱུར་རོ།། དེ་ལྟར་བསྡུས་པ་ནི་ཨོཾ་ཧཱུཾ་སྭཱ་ཧཱ། སྔགས་འདི་ཞེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་ནོ།། དེ་བཞིན་དུ་ཡི་གེའི་བདག་པོ་ཞེས་པ་ནི་ཨོཾ་མོ།། མཁའ་སྤྱོད་མ་ཞེས་པ་ནི་ཨོཾ་མོ།། བསྡུས ་པའི་སྔགས་ནི་ཨོཾ་ཨཱཾ་སྭཱ་ཧཱ། དེ་བཞིན་དུ་རིག་བྱེད་རྣམས་ཀྱི་དྲུང་པོ་ཞེས་པ་ནི.ོཾ་མཾ། གཉིས་པའི་གཉིས་པ་ཞེས་པ་ནི་ཁའོ།། སྟོང་པས་མནན་ཅིང་ཞེས་པ་ནི་རྗེས་དབྱངས་དང་ལྷན་ཅིག་ཁཾ་ཞེས་འགྱུར་ཏེ་ངེས་པའོ།། དེ་ལྟར་བསྡུས ་ན་ཨོཾ་ཁཾ་སྭཱ་ཧཱ། དེ་བཞིན་དུ་རྣམ་པར་སྣང་མཛོད་ཅེས་པ་ནི་ཨོཾ་མོ། གསུམ་པ་ཡི་ནི་གསུམ་པ་ཞེས་པ་ནཱི་ཛའོ།། དེ་ཡང་རཱ་དང་ལྡན་པའོ།། བཱ་རིས་བརྒྱན་ཅེས་པ་ནི་ཨིའི་དབྱངས་དང་ལྷན་ཅིག་པའོ།། སྟོང་དང་ཞེས་པ་ནི་རྗེས ་དབྱངས་སྦྱིན་པའོ།། བསྡུས་ནི་ཏྲི་ཞེས་འགྱུར་རོ།། དེ་ལྟར་བསྡུས་ན་ཨོཾ་ཛྲིཾ་སྭཱ་ཧཱ། ཞེས་པའི་སྔགསོ།། དེ་བཞིན་དུ་དང་པོའི་ཡི་གེ་དབང་ཕྱུག་སྦྱིན་ཞེས་པ་ནི་ཨོཾ་མོ།། བདུན་པོ་ཡི་ནི་བཞི་པ་ཞེས་པ་ཝའོ།། སྟོང་དང་ཞེས་པ་ནི་རྗེས ་དབྱངས་སྦྱིན་པའོ།། རྡོ་རྗེ་མཁའ་འགྲོ་མཱ་ཞེས་པ་ནི་ཨུ་དང་ལྡན་པའོ།། བསྡུས་ན་ཝཾ་ཞེས་འགྱུར་རོ།། དེ་ལྟར་བསྡུས་པའི་སྔགས་ནི་ཨོཾ་ཝཾ་སྭཱ་ཧཱ།། དེ་བཞིན་དུ་ཡི་གེའི་དབང་ཕྱུག་ཅེས་པ་ནི་ཨོཾ་མོ།། དེ་བཞིན་དུ་ཧཱུཾ་ཁ་དོག་དམར་པོ ་བསམ་མོ།། བསྡུས་ན་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགསུ་འགྱུར་རོ།། དེ་བཞིན་དུ་དང་པོ་གཏི་མུག་རིགས་སྦྱིན་ཞེས་པ་ནི་ཨོཾ་མོ།། དེ་བཞིན་དུ་བྷཱུ་ཡང་སྦྱར་རོ།། དེ་ལྟར་བསྡུས་ན་ཨོཾ་བྷུ་སྭཱ་ཧཱ་ཞེས་པའི་སྔག་སོ།། དེ་བཞིན་དུ་སྡེ་ཚན་བརྒྱད་རྣམས་ནི་ཞེས ་བྱ་བ་ལ་སོགས་པ་ལ། སྡེ་ཚན་རྣམ་གཉིས་དབུསུ་ཞེས་པ་ནི་འཆང་བཞིན་པའི་ཕྱག་འཚལ་བ་དང་སྭཱ་ཧཱ། ཞེས་པའི་དབུ་སུའོ།། དེ་ཡང་བརྒྱད་བརྒྱད་ཀྱིས་ཞེས་པ་ནི་ཨ་ཀ་ཙ་ཊེ་ཏ་པ་ཡ་ཤའི་སྡེ་ཚན་གྱིསོ།། དེ་བཞིན་དུ་བརྒྱད་གཉིས་ཀྱི ་དབུས་སུ་ཞེས་པ་ནི་ཨ་ཐུང་ངུ་ནས་ཚེག་དྲག་ཅན་གྱི་མཐར་ཐུག་པའི་ཡི་གེ་བཅུ་དྲུག་རྣམས་ཏེ། དེ་རྣམས་ཉིས་འགྱུར་དུ་བྱས་པའི་ཕྱིར་སུམ་ཅུ་རྩ་གཉིས་ཏེ་དེ་རྣམས་ཀྱི་དབུས་སུ་ཀ་ལ་སོགས་པའི་མཐར་ཐུག་པ་རྣམས་དྲིའི་བར ་དུ་སྦྱིན་པ་དོན་ཏོ།། དེ་རྣམས་ཀྱི་དང་པོར་གཱཏི་མུག་རིགས་ཞེས་པ་ནི་དང་པོར་ཨོཾ་སྦྱིན་པའོ།། ཆ་མེད་ཅེས་པཱ་ནི་ཧཱུཾ་ཞེས་པའོ།། སྭཱ་ཧཱ་མཐོར་སྦྱར་ཞེས་པ་ནཱི་ཁ་ཅིག་གིའོ།། དེ་བཞིན་དུ་ངེས་པར་གསུངས་པ། སྡེ་ཚན་བརྒྱད་རྣམས་ཞེས་བྱ ་བ་ལ་སོགས་པ་ལ་སྡེ་མཚན་བརྒྱད་པོའི་ཡི་གེ་གང་དག་ཡིན་པ་དེ་དག་ཐམས་ཅད་གཉིས་དབུས་ཞེས་པ་ནི་དང་པོར་སྦྱིན་པས་ཨོཾ་དང་པོར་དོང་སྭཱ་ཧཱ་ཐ་མའི་དབུས་སུ་བརྒྱད་བརྒྱད་ཀྱིས་ནི་ཞེས་པ་སྡེ་ཚན་བརྒྱད་རྣམས་ཀྱིས་བརྩེགས་པའི ་ཡི་གེར་བྱའོ།། དེ་ལ་ཨ་ཀ་ཙ་ཊ་ཏཱ་པ་ཡ་ཤ་ཨཱི་ཁཱ་ཚ་ཐཱ་ཐ་ཕ་ར་ཥ། ཨུ་ག་ཛེ་ཌ་ང་བ་ལ་ས། རི་གྷ་ཛྷ་ཌྷ་དྷཱ་བྷ་ཝ་ཧ། ལྀ་ང་ཉ་ཎ་ན་མཉྫནྶ། ཨེ་ཀ་ཛ་ཌ་ད་བ་ས་ཧ། ཨཱ་ག་ཛ་ཌ་ད་བཱ་ཧཾ་ཀྵཾ། ཨཾ་ག་ཛ་ཌ་ར་བ་ཤཾ་ཀའོ།། དེ ་ལྟར་ཡི་གེ་རེ་བརྩེགས་པ་བརྒྱད་བརྒྱད་དུ་འགྱུར་ཏེ། ཡི་གེ་དྲུག་ཅུ་རྩ་བཞིའི་ཕྱིར་རོ།། ཡང་ན་སྡེ་ཚན་བརྒྱད་རྣམས་ཞེས་བྱ་བ་ལ་སོགས་པ་ནི་སྔར་གསུངས་པའི་སྔགས་བརྒྱད་དོ།། གཉིས་ཞེས་པ་ནི་ཐམས་ཅད་བཅུ་དྲུག་གོ།། དེ་རྣམས ་དབུས་སུ་ཞེས་པ་ནི་ཁ་སྦྱོར་གྱི་སྦྱོར་བས་སོ།། བརྒྱད་བརྒྱད་ཅེས་པ་ནི་ཨ་ཀ་ཙཽ་ཊ་ཏ་པ་ཡ་ཤ་རྣམས་ཀྱི་སྔགས་རེ་རེ་བརྒྱད་པ་སྟེ། ཨོཾ་ལ་སོགས་པ་ས་ཧའི་མཐར་ཐེག་པའོ།། དེ་ཡང་གསུངས་པ། ཨོཾ་ཨ་སྭཱ་ཧཱ། ཨོཾ་ཀཾ་སྭཱ་ཧཱ་ཞེས་བྱ་བ ་སོགས་པ་སྦྱར་བར་བྱའོ།། ལས་ཀྱི་ས་བོན་གཟུང་ཞེས་པ་ནི་ཡཱའོ།། རྣམ་པར་སྣང་མཛད་ཅེས་པ་ནི་ཨོཾ་མོ།། དེ་ནས་ཨོཾ་ཡཱ་སྭཱ་ཧཱའོ།། སྒོ་སྐྱོང་རྣམས་ནི་ཞེས་པ་ནི་རྟ་གདོང་ལ་སོགས་པའོ།། དེ་བཞིན་དུ་མ་ནིང་ས་བོན་ཞེས་པ་ནི་རི་རཱྀ ་ལཱྀའོ།། དེ་ལྟར་བསྡུས་ན་ཨོཾ་ཡ་རཱི་སྭཱ་ཧཱ། ཨོཾ་རཱ་རཱི་སྭཱ་ཧཱ། ཨོཾ་ལི་ལཱི་སྭཱ་ཧཱ། ཨོཾ་ཝཱ་ལི་སྭཱ་ཧཱ། ཞེས་པ་སྟེ་སྡུག་སོ།། འདི་རྣམས་ཀྱི་ལས་ནི་འཆང་བཞིན་པ་ལས་བཤད་པར་བྱའོ།། དེ་བཞིན་དུ་དབྱངས་ཡིག་ལྷག་མ་ཉིད་ཅེས་པ་ནི་དབྱངས་ཡིག ་བཅུ་གཉིས་རྣམས་ཏེ། ཨ་ཨཱ་ཨི་ཨཱི་ཨུ་ཨཱ་ཨེ་ཨཱི་ཨེ་ཨཽ་ཨཾ་ཨཱཿའོ།། རིགས་བྱེད་ཅེས་བྱ་བ་ལ་སོགས་པ་འི་ཨོཾ་ལ་སོགས་པ་སྭཱ་ཧཱའི་མཐར་ཐུག་པར་སྦྱར་བའོ།། དེ་བོཞིན་དུ་ཨོཾ་ཨ་སྭཱ་ཧཱ་ཞེས་པ་བ་ལ་སོགས་པ་ནི་མེ་ཏོག་མ་ལ་སོགས་པ ་ནི་རྣལ་འབྱོར་མ་བརྒྱད་ཀྱི་སྔགས་སོ།། སྔགས་བཏུ་བའི་ཆོ་གའོ།། ད་ནི་རྩ་སུམ་ཅུ་རྩ་གཉིས་ཀྱི་དབྱེ་བས་དབང་དུ་བྱེད་པ་ལ་སོགས་པ་སྔགས་ཀྱི་འཁོར་ལོ་སུམ་ཅུ་རྩ་གཉིས་འབྱུང་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུང ་ཏེ། སྒྲོལ་མོ་བྱུང་ཞེས་པ་ནི་དང་པོ་ཉིད་དུ་ལྷ་མོ་སྒྲོལ་མའི་སྔགས་ཀྱི་འཁོར་ལོ་དེའི་འབྱུང་བའོ།། དེ་ཡང་ཨ་བ་དྷཱུ་ཏཱིའི་རྩའོ།། དེ་ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་ཨ་ཏ་ར་དབྱུག་པའི་དབུས་ན་འབྱུང་བའི་ཕྱིར་རོ།། དེ་ཉིད་ལས་ཐམས་ཅད ་རྣམ་འཕྲུལ་པ་ཞེས་པ་ནི་ལས་སུམ་ཅུ་རྩ་གཉིས་རྣམ་པར་བྱེད་པ་སྟེ། རྩ་སུམ་ཅུ་རྩ་གཉིས་ལ་ཁྱབ་པར་བྱེད་པའི་ཕྱིར་ཞེས་པ་སྟེ་ངེས་པའོ།། ཨུཏྤ་ལ་ནི་ཁ་བཞི་པ་ཞེས་པ་ནི་འཁོར་ལོ་འདི་དང་པོ་ཀུན་ནས་གྲུ་བཞི་པ་དྲི་སྟེ། དེའི་དབུས་སུ་འཁྲུ། ་ལོ་རྩིབས་བརྒྱད་པ་ཟླུམ་པོའི་རྣམ་པར་བྲིས་ནས། དེའི་ཕྱི་རོལ་ཏུ་སླར་ཡང་ཟླུམ་པོར་བསྐོར་ཏེ་དེའི་གྲུ་བཞིའི་ནང་གི་མཚམས་ཀྱི་ཆུ་བཞི་རུ་ཨུཏྤ་ལ་འང་བ་མུ་གསུམ་གསུམ་པ་བྲི་བར་བྱའོ།། དེ་རྣམས་ལཱ་ཧཱུཾ་གསུམ་གྱིས་ནི་མཚན་མ་སྟེ་ཞེས ་པ་ནི་འདྲབ་མ་རེ་རེ་ལ་ཏཱ་རེ་བྲི་བར་བྱའོ།། དེས་ན་འདབ་མ་བཅུ་གཉིས་ལ་ཏཱི་བཅུ་གཉིས་སུ་འགྱུར་རོ།། དེའི་དབུས་སུ་ཞེས་པ་ནི་རྩིབས་བརྒྱད་ཀྱི་ཕྱི་རུ་བྲིའོ།། སྔགས་ནི་གོ་སླའོ།། དེའི་ངོ་བུ་སུ་ཞེས་པ་ནི་རྩིབས་བརྒྱད་ཀྱི་འདབ་མ་བརྒྱད་རྣམས ་ལའོ།། ཡི་གེས་བརྒྱན་ཞེས་པ་ནི་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེའོ།། དེ་ལྟར་འདབ་མ་བརྒྱུད་རྣམས་ལའོ།། དེའི་ལྟེ་བར་ཞེས་པ་ནི་འཁོར་ལོའི་དབུས་སུའོ།། ལྔ་པའི་དབང་པོ་ཞེས་པ་ནི་ཏའོ།། ཟླ་ཕྱེད་ཐིག་ལེ་ཞེས་པ་ནི་ཏཱཾ་ཞེས་འགྱུར་རོ།། དེ་ནས་ཕྲེང་བའི ་རྣམ་པས་བསྐོར་ཞེས་པ་ནི་སྔོན་དུ་གསུངས་པའི་སྔགས་ཀྱིས་བསྐོར་བའོ།། དེ་བཞིན་དུ་དབུ་སུ་ཏ་དང་སྔགས་འདི་སྤེལ་ཏེ་སྭཱ་ཧཱའི་མཐའ་དང་ཧྲཱིཿཞེས་པ་ནི་ཧཱི་ཏཱཾ་སྭཱ་ཧཱ་ཞེས་སྤེལ་ཏེ་བྲིའོ།། འཁོར་ལོ་གཉིས ་ཞེས་པ་ནི་གཡོན་སྐོར་དང་གཡས་སྐོར་དུ་སྔགས་བྲི་ཏེ་ཁ་སྦྱར་བྱས་པའོ།། ཆོ་ག་བཞིན་ཞེས་པ་ནི་འཆང་བཞིན་པའི་བ་ལང་གི་གི་ཝ་ང་ལ་སོགས་པས་བྲིས་ཞེས་པ་སྟེ་ངེས་པའོ།། དེས་ཀྱང་འདི་སྐད་གསུངས་པ་བཞིན་དུ་བྱེད་དོ།། འདི་ནི ་ཨ་བ་དྷཱུ་ཏཱིའི་འཁོར་ལོ་སྟེ་དང་པོའོ།། དེ་བཞིན་དུ་གཞན་པདྨོའི་རྣམ་པའི་འཁོར་ལོ་གསུངས་ཏེ། སླར་ལ་ཡང་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་གྲུ་བཞི་པ་ཨུཏྤ་ལ་གདོང་བཞི་པའི་དབུསུ་རྩིབས་བཅུ་པའི་པདྨ་བྲི་བཱར ་བྱའོ།། ཀཽ་ཡི་གེ་བཅུ་ཞེས་པ་ནི་ཨོཾ་ཏཱ་རེ་ཞེས་བྱ་བ་ལ་སོགས་པ་བཅུ་འདབ་མ་བཅུ་ལ་བྲི་བར་བྱའོ།། ལྟེ་བར་བསྒྲུབ་བྱོ་མིང་དང་སྦྲེལ་ཞེས་པ་ནཱི་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རཾ་ཆེ་གེ་མོ་བྷྲྀ་ཤ་མཱ་ན་ཡ་སྭཱ་ཧཱའོ།། འདི་ནི་ལ་ལ་ནཱའི་འཁོར་ལྡེ་སྟེ་གཉིས ་པའོ།། དེ་བཞིན་དུ་ར་ས་ནཱ་ཡི་གསུངས་པ། ཡི་གེ་དྲུག་ཅེས་བྱ་བ་ལ་སོགས་པ་ལ་སྔོན་དུ་གསུངས་པའི་གྲུ་བཞིའི་དབུས་འཁོར་ལོ་ཟུར་དྲུག་པ་བྲི་བར་བྱའོ།། ར་ཁྲག་ཅེས་པ་ན་སྲིན་ལག་ཁྲག་གོས་སོ།། ལྷག་མ་ནི་གོ་སླའོ།། འདི་ནི་ར་ས་ནཱའི ་འཁོར་ལོ་སྟེ་གསུམ་པའོ།། དེ་བཞིན་དུ་ཕ་རོལ་གྱི་རྣལ་འབྱོར་མ་རྣམས་ཀྱིས་རང་གི་སྡེ་བཤིག་པའི་ཕྱིར་རིལ་པ་སྤྱི་བླུགས་ཀྱི་མགྲིན་པ་རྡོ་རྒྱུས་ཀྱིས་བསྒྲུབས་པ་དེ་བཞིག་ཅིང་རྡོ་རྒྱུས་བཅིངས་པ་གསུངས་ཏེ། ཆུའི་ཞེས་བྱ་བ་ལ་སོགས ་པ་གསུངས་པ། ཁམ་ཕོར་དཀར་པོ་ཁ་སྦྱར་གྱི་དབུས་སུ་ཡུང་བ་ལ་སོགས་པའི་རེངས་པའི་རྫས་རྣམས་ཀྱིས་བྲིས་ཏེ་ཆོ་ག་བཞིན་དུ་ཞེས་གསུངས་པའི་ཕྱིར་རོ།། ཁ་བཞི་པ་ཞེས་པ་ནི་སྣ་ཚོགས་རྡོ་རྗེའི་རྣམ་པ་ལའོ།། བསྒྲུབ་བྱའི་མིང་ཞེས་པ་ནི་སྔགས ་ཀྱང་ཨོཾ་ཏཱ་རེ་ཞེས་བྱ་བ་ལ་སོགས་པའོ།། ལྷག་མ་ནི་སྔོན་བཞིན་ནོ།། ཕྱེད་མའི་འཁོར་ལོ་སྟེ་བཞི་པའོ།། གཞན་ཡང་རེངས་པ་གསུངས་པ། ཀུནྡ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་དགོད་པར་བྱ་ཞེས་པ་ནཽ་ཏཱ་རེ་ཏུཏྟཱ་རེ་སྭཱ་ཧཱ་ཞེས ་འདབ་བརྒྱད་ལ་དགོད་པའོ།། གདུང་ཞེས་པ་ནི་དྲང་པོར་གྲཝ་ཐེ་མར་ཡང་གཽའོ།། བསྡུས་ནཱ་ག་རེག་ཞེས་བྱ་བ་ལ་སོགས་པའོ།། པདྨའི་ལྟེ་བར་ཞེས་པ་ནྱ་ག་བརྒྱད་ཟླུམ་པོའི་རྣམ་པར་བྲི་བའོ།། དེའི་དབསྲུ་ཞེས་པ་ནི་ཨོཾ་ཏ་གྷ་ཆེ་གེ་མོ་སྟམ་བྷ་ཡ ་གྷཿཞེས་བྲིའོ།། རྡོ་ལེབ་ཅེས་པ་ནི་རྡོ་ལེབ་གཉིས་ལ་བྲི་བར་བྱའོ།། དེ་བཞིན་དུ་འདི་ནི་ཞེས་པ་ནི་ཁ་འོག་ཏུ་བསྟན་ཏེ་དགྲའི་གནས་སུ་སྦྱར་བར་བྱའོ།། ཕྲ་གཟུགས་མའི་འཁོར་ལོ་སྟེ་ལྔ་པའོ།། དེ་བཞིན་དུ་བསང་པའི་ལས་གསུངས་པ། ་འཁོར་ལོ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྒྲོལ་མའི་སྔགས་གང་སྤངས་ཏེ། དེའི་གནས་སུ་ཧཱུཾ་ཞེས་བྱ་བ་ལ་སོགས་པ་བྲི་བའི་དོན་ཏོ།། ལྷག་མ་གོ་སླའོ།། བཟང་མོའི་འཁོར་ལོ་འབྱུང་བ་སྟེ་དྲུག་པའོ།། དེ་བཞིན་དུ་རྒྱས་པར་བྱེད་པ ་གསུངས་པ། འཁོར་ལོ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། མཆོད་པ་ལྔ་ཞེས་པ་ནི་མེ་ཏོག་དང་སྤྲོས་དང་མར་མེ་དང་དྲི་དང་ལྷ་བཤོས་རྣམས་ཀྱིས་མཆོད་པའོ།། གཡོན་པ་མའི་འཁོར་ལོ་སྟེ་བདུན་པའོ།། དེ་བཞིན་དུ་བསྲུང་བའི ་དོན་དུ་གསུངས་པ། ཡི་གེ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གཡོན་ཐུང་མའི་འཁོར་ལོའོ།། ལྷག་མ་ནི་སྔོན་བཞིན་ཏེ་བརྒྱུད་པའོ།། དེ་བཞིན་དུ་ཞི་བ.རརུ་བྱེད་པ་རུ་སྦལ་སྐྱེས་མུའི་ལས། ཡི་གེ་བཅུ་པོ་དེ་ཉིད་ཅེས ་བྱ་བ་ལ་སོགས་པ་ནི་གོ་སླའོ།། དགུ་པའོ།། དེ་བཞིན་དུ་ཡང་གཞན་དབང་དུ་བྱེད་པ་གསུངས་པ། ཨ་ཞེས་བྱ་བ་ལ་སོགས་པ་ལ། ཨེའི་དབུ་སུ་ཞེས་པ་ནི་སྔོན་བཞིན་འཁོར་ལོའི་དབུསུ་གྲུ་གསུམ་གྱི་རྣམ་པ་བྲིས་ཏེ་དེའི་དབུས་སུ་སྦྱ ་འདི་བྲིའོ།། ཨཿོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་དང་ཆེ་གེ་མོ་པ་ཤྭ་མཱ་ན་ཡ་ཧཱུཾ་སྭཱསྭ་ཨོཾའོ།། དེ་ཉིད་ཀྱིས་ཞེས་པ་ནི་སྔོགས་ཀྱིས་ཕྱོགས་མཚམས་བརྒྱད་དུ་ཧཱུཾ་བརྒྱད་བྲི་བར་བྱའོ།། རི་མོ་གསུམ་གྱིས་ཞེས་པ་ནི་སྔགས་ཀྱིས་བསྐོར་བའོ།། དེ ་ཡང་དང་པོ་ཨའི་ཕྲེང་གིས་སོ།། གཉིས་པ་ཧཱུཾ་གིས་སོ།། གསུམ་པ་རྩ་བའི་སྔགས་ཀྱིས་བསྐོར་བའོ།། ལྷག་མ་ནི་སྔོན་གྱི་ཆོ་ག་བཞིན་ནོ།། དངོས་པོ་མའི་འཁོར་ལོ་སྟེ་བཅུ་པའོ།། དེ་བཞིན་དུ་ཡང་བརྗོད་དེ་གང་གི་ཚེ་དགྲ་བོ་ཁྲོ་བར་གྱུར་པ ་དེའི་ཚེ་པདྨ་ཞེས་བྱ་བ་ལ་སོགས་པ་ཡི་གེ་བཅུ་དང་ལྷན་ཅིགྲ་ཧྲཱིཿབཞི་འདབ་མེ་བཞི་ལ་བྲི་བར་བྱའོ།། སྔགས་དེ་ཉིད་དབུས་སུ་ཧྲཱིཿཞེས་པ་ལ་སོགས་པ་དང་། ཏཱ་རེ་ཞེས་པ་ལ་སོགས་པ་ཆེ་གེ་མོ་དང་ལྷན་ཅིག་བྲི་བའོ།། དེ་བཞིན་དུ་ཕྱི་རོལ ་ཏུ་ཞེས་པ་ནི་ཧཱུཾ་ཞེས་པ་ནི་བསྐོར་བར་བྱའོ།། ཐེ་ཚོམ་མེད་པ་ནི་དགྲ་འགལ་བར་མི་སེམས་ཞེས་པའོ།། དབང་མའི་ཆོ་ག་སྟེ་བཅུ་གཅིག་པའོ།། དེ་བཞིན་དུ་སྦྱོར་བ་གཞན་ཡང་སྔོན་དུ་གསུངས་པའི་ཨུཏྤ་ལས་མཚན་པའི་འཁོར་ལོའི་ཚེ། ་ག་གསུངས་པ། གུར་གུམ་ཞེས་པ་ལ་སོགས་པ་ནི་གོ་སླའོ།། ཉེས་མའི་འཁོར་ལོ་འབར་བ་སྟེ་བཅུ་གཉིས་པའོ།། དེ་བཞིན་དུ་ཞུགས་མའི་སྐལ་པ་བཟང་པོའི་འཁོར་ལོ་གསུངས་པ། པདྨ་འདབ་བརྒྱད་ཅེས་བྱ་བ་ལ་སོགས་པ་ནི་ཧྲཱིདྡྷ་ཤྲཱི་ཞེས ་བླ་དང་སྦྲེལ་བའི་ཡི་གེ་བཅུ་བྲི་བར་བྱའོ།། དབུསུ་ཡང་དེ་བཞིན་དུ་ཆེ་གེ་མོ་དང་ལྷན་ཅིག་བྲི་བ་རྣོ་ངེས་པའོ།། ཞུགས་མའི་འཁོར་ལོ་སྟེ་བཅུ་གསུམ་པའོ།། དེ་བཞིན་དུ་བསྲུང་བ་གསུངས་པ། པདྨོ་ཞེས་བྱ་བ་ལ་སོགས་པ་ལ། གཱཏི་མུག་གི ་རིགས་ཞེས་པ་ནི་ཨོཾ་མོ། དྲྀ་ཡང་དབུསུ་གཙོ་བོའི་གཟུགསུ་བྲི་བར་བྱའོ།། དེ་ལ་ཡང་སྒྲོལ་མའི་སྔགས་ཆེ་གེ་མོ་དང་ལྷན་ཅིག་ཟླུམ་པོའི་རྣམ་པ་བྲི་བར་བྱའོ།། ཕྱི་རོལ་ཏུ་ཞེས་བྱ་བ་ལ་སོགས་པ་གོ་སློའོ།། མ་མོའི་འཁོར་ལོའི་ཆོ་ག་སྟེ ་བཅུ་བཞི་པའོ།། ད་ནི་རྟ་མགྲིན་གྱི་སྦྱོར་བས་འཁོར་ལོ་འབྱུང་བ་གསུངས་པ། འཁོར་ལོ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་གྲོ་སླའོ།། འོན་ཀྱང་ཏཱ་རེ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱང་ལྷན་ཅིག་བྲི་བཱར་བྱ་ཞེས་པའོ།། མུན ་པ་མའི་འཁོར་ལོ་འབྱུང་བ་སྟེ་བཅོ་ལྔ་པའོ།། དེ་བཞིན་དུ་གཞན་རེངས་པའི་སྦྱོར་བ་གསུངས་པ། མེའི་ཞེས་བྱ་བ་ལ་སོགས་པ་ལ་མེའི་དཀྱིལ་འཁོར་ཞེས་པ་ནི་གྲུ་གསུམ་གཉིས་ཀྱི་ཟུང་དྲུག་ཏུ་བྱས་སྟེ། དེ་བཞིན་དུ་དེའི་ཟུང་གི་ཆོ་གས་ཞེས ་བ་ནི་ཧཱུཾ་ཞེས་པ་ལ་སོགས་པ་སྟེ། ཡི་གེ་བཞི་པོ་རྣམས་ཟུང་སོ་སོའི་དབུས་སུ་བྲོ་བར་བྱའོ།། དེ་རྣམས་ཀྱི་སྟེང་དུ་ཡི་གིརི་མགོ་ལ་མགོ་སྦྱར་བའི་ཧཱུཾ་གསུམ་དང་ཕཊ་ཞེས་པ་བྲི་བར་བྱའོ།། སླར་ཡང་ཞེས་པ་ནི་ཟུར་གྱི་དབུས་ཀྱི་ཡི་གེ་རྣམས་འོག་གི ་ཆ་རཱ་ཧཱུ~ཾ་ཞེས་པ་ལ་སོགས་པ་མགྲོ་འོག་ཏུ་བལྟས་ཤིང་མྱུགོ་ཕྱིར་བལྟས་པ་བྲི་བཱར་འགྱུར་རོ།། དབུས་སུ་ཡང་ཞེས་པ་ནི་ཡི་གེ་བཅུ་དང་ཧཱུཾ་སྦྲེལ་པ་རྣམས་བྲི་བར་བྱ་ཞེས་པའོ།། སྨྱོན་པའི་རས་ཞེས་པ་ནི་ཨ་བ་དྷཱ ་ཏཱིའི་རས་སོ།། ལྷག་མ་ནི་གསུངས་པའི་ཆོ་ག་བཞིན་བྱ་ཞེས་པའི་དོན་ཏོ།། དེ་ཡང་གྲངས་སྦྱིན་གྱི་ལས་ཀྱི་ཆོ་གའི་དུས་བྱ་བ་སྟེ་བཅུ་དྲུག་པའོ།། དེ་བཞིན་དུ་གཞན་རེངས་པ་གསུངས་པ། དབང་ཚོན་གྱི་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཁམ ་ཕྱིར་ཁ་སྦྱོར་གྱི་དབུས་སུ་དབང་ཆེན་གྱི་དཀྱིལ་འཁོར་ཞེས་པ་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་བྲིས་ནས་འཁོར་ལོ་ཡང་སྔོན་དུ་གསུངས་པའི་རས་ལ་བྲིས་ཏེ་དེ་ལ་དབང་ཆེན་བྲིས་ནས་ཕྱོགས་དང་མཚམས་རྣམསུ་ཨོཾ་བརྒྱད་བྲི་བའོ།། ལྟེ་བར ་སྒྲོལ་མའི་སྔགས་བསྒྲུབ་བྱའི་མིང་དང་སྤེལ་མར་བྲིའོ།། རྡོ་རྗེ་འཛིན་པས་མནན་ལ་ཞེས་པ་ནི་དེ་བསྒོམས་པའོ།། བསྐུལ་ཚིག་དང་བཅས་པའི་སྔགས་ཞེས་པ་ནི་ཨོཾ་བཛྲ་བཱི་རོ་ཙ་ཎི་ཡེ་སྭཱ་ཧཱ་ཞེས་པ་དང་སྤེལ་བའོ།། དེ་བཞིན་དུ་སྐུ་གསུམ་ལས ་བྱུང་བ་ཞེས་པ་ནི་སྦྲུལ་བཱི་སྒྲ་ལ་སོགས་པ་ལས་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་བཅིངས་པར་འགྱུར་ན་གཞན་རྣམས་ལྟ་ཅི་སྨོས།། དྲི་བའི་འཁོར་ལོ་འབྱུང་བའི་ཆོ་ག་སྟེ་བཅུ་བདུན་པའོ།། ད་ནི་གཞན་གྱི་དཔུང་རེངས་པ་གསུངས་པ ་དབང་ཆེན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དབུས་སུ་སྟམ་བྷ་ན་ཞེས་བྱ་བ་ལ་སོགས་པའི་སྔགས་དང་བསྒྲུབ་བྱའི་མིང་སྤེལ་བ་བྲི་བར་བྱའོ།། ཚད་མའི་འཁོར་ལོ་འབྱུང་བ་སྟེ་བཅོ་བརྒྱད་པའོ།། དེ་བཞིན་དུ་འོད་ཟེར་ཅན་གྱི་རྡོ་རྗེའི་སྦྱོར་བ་ལྔ ་བསྲུངས་པའི་འཁོར་ལོ་གསུངས་པ། འཁོར་ལོ་ཟླུམ་པོར་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོ་ཟླུམ་པོ་བྲིས་ནས་དེའི་དབུས་སུ་རྩེ་ལྔའི་སྣ་ཚོགས་རྡོ་རྗེ་མཚམས་བཞིར་གནས་པ་བྲིའོ།། དེ་བཞིན་དུ་སྣ་ཚོགས་རྡོ་རྗེའི་རྭ་སོ་སོའི་དབུས་སུ་ཧཱུཾ ་བཞི་བྲིའོ།། དེའི་ལྟེ་བར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དགོའ་གདོང་མ་ནི་འཁོར་ལོ་སྟེ་བཅུ་དགུ་པའོ།། དེ་བཞིན་དུ་བསྲུང་བ་བརྗོད་དེ།། སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་ནི་སྐྱེས་བུ་གཅེར་བུ་ཁྲོ་བ་དང་བཅས་པ་དེ་ལ་སོགས་པ་མངོན་དུ ་བྱས་པ་འམ། བསྒོམ་པ་དེའི་ཚེ་འདི་ལྟ་བུའི་འཁྲུལ་འཁོར་འཆང་བཞིན་པའི་རྫས་རྣམས་ཀྱིས་བྲི་བར་བྱ་སྟེ། གྲོ་གའམ་རས་ལ་ཐ་མལ་པའི་སྐྱེས་བུ་འདི་བྱའོ།། དེ་ཡང་གཅེར་བུ་ཞེས་བྱ་བ་ལ་སོགས་པའོ།། ཀོ་སྐོ་ཞེས་བྱ་བ་ནི་སྨ་ར་སྟེ་སྨ་ར ་གཡས་པ་ནས་བརྩམས་ཏེ་དེར་འདི་བྲི་སྟེ་ཡེ་ཞེས་བྱ་བ་ལ་སོགས་པ་པྲ་ཏཾ་གི་རའི་མཐར་ཐུག་པ་རྣམ་སོ།། ཆུ་ཞེས་པ་ནི་དཀྱིལ་འཁོར་གྱི་སྟེང་དུའོ།། གཞན་ནི་གོ་སླའོ།། ཐུན་མོང་བའི་འཁོར་ལོ་འབྱུང་བ་སྟེ་ཉི་ཤུ་པའོ།། དེ་ནི་སྤྲིན་རྣམས་རེངས་པ ་དང་ཆར་པ་དབབ་པ་ཡང་དེ་བཞིན་དུ་གསུངས་པ། རྡོ་རྗེ་རྩེ་གསུམ་ཞེས་བྱ་བ་ལ་རྩེ་མོ་བརྒྱུད་པའི་རི་རབ་བྲིའོ།། ཨ་ག་ཏ་ཀ་ཏ་ཞེས་པ་དབང་ལྡན་གྱི་མཚམས་ནས་མེ་དང་བདེན་བྲལ་ནས་དེ་བཞིན་དུ་རླུང་གི་མཚམས་ཀྱི་དབུས་རི་རབ་ཀྱི་རི་མོའི་ནང ་ནང་དུ་བྱ་བའི་དོན་ཏོ།། ཏྲི་ཀ་ན་ཐ་ཀ་ཞེས་པ་ནི་ཀ་ཎ་ཌ་ཀ་རིའོ།། དེ་བཞིན་དུ་ཀཽཎ་ཀ་རིའི་འདང་ཚོར་ཅན་ཡང་རུང་ངོ་།། གཞན་ཐམས་ཅད་ནི་གོ་བླའོ།། དེ་བཞིན་དུ་འཆང་བཞིན་པ་སླར་བཤད་པ་ལས་བརྗོད་པར་བྱའོ།། རྒྱུ་སྟེར་མའི་འཁོར་ལོའི་སྦྱོར་བ་སྟེ་ཉི ་ཤུ་གཅིག་པའོ།། དེ་བཞིན་དུ་དགྲ་རེདྲ་པ་གསུང་ག་འཁོར་ལོ་རྩིབས་བརྒྱད་ལ་སོགས་པ། ལ་བསྒྲུབ་བྱའི་མིང་ཞེས་པ་ནི་ཧཱུཾ་གཿགཿཧཱུཾཿཧཱུཾཿགཿགཿཧཱུཾ་ཆེ་གེ་མོ་སྟམ་བྷ་ཡ་ཧཱུཾ་གཿགཿཧཱུཾ་ཞེས་པ་ནི་ཆོ་ག་འདྲིས་བྲི་བར་བྱའོ།། མན ་ངག་ཇི་ལྟ་བ་བཞིན་ཞེས་པ་ནི་སྔགས་འདོན་པས་སྔོན་དུ་འགྲོ་བས་སོ།། སྦྱོར་བྲལ་མའི་ཆོ་གའི་དུས་ལས་འཁོར་ལོ་འབྱུང་བ་སྟེ་ཉི་ཤུ་གཉིས་པའི།། དེ་བཞིན་དུ་སྦྱོར་བ་གཞན་གསུངས་པ། མཾ་ཞེས་བྱ་བ་ལ་སོགས་པ་ནི་འདིར་འཁོར་ལོ་རྩིབས ་བརྒྱད་པའི་དབུས་སུ་མཾ་མོ།། དེ་བསྐོར་བ་ནི་ཨོཾ་བ་ཏ་ལི་ཞེས་བྱ་བ་ལ་སོགས་པའོ།། ལྷག་མ་ནི་གོ་སླའོ།། གདུང་མའི་འཁོར་ལོ་འབྱུང་བ་སྟེ་ཉི་ཤུ་གསུམ་པའོ།། ཡང་གཞན་དབང་དུ་བྱེད་པ་གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། ་མངག་གཞུག་པ་ཞེས་པ་ནི་སྔགས་ཀྱི་ཁྱད་པར་གྱིས་བསྒྲུབ་པས་བསྒྲུབ་བྱ་མངག་གཞུག་པར་འགྱུར་ཞེས་པའི་དོན་ཏོ།། གྲུབ་མའི་དུས་ལུས་སྦྱོར་བ་འབྱུང་བ་ངེས་པ་སྟེ་ཉི་ཤུ་བནི་བཀོད་ནི་བུ་སྐྱེ་བའི་དོན་དུ་བསྲུང་པའི་འཁོར་ལོ་བརྗོད ་དེ། ཟླ་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འོན་ཀྱང་ཇི་ལྟར་སོ་སོའི་འབྲིང་མའི་འཁོར་ལོ་བཞིན་མཚོན་ཆ་བྲི་བ་དེ་བཞིན་དུ་འདིར་ཡང་བྲི་བའོ།། སྨིན་བྱེད་མ་རྩ་བའི་འཁོར་ལོ་སྟེ་ཉི་ཤུ་ལྔ་པའོ།། དེ་བཞིན་དུ་བསྐྲད་པ་གསུངས་པ། འཁོར ་ལོ་བུམ་པ་ཞེས་བྱ་བ་ལ་སོགས་པ་འཁོར་ལོ་འདི་རྒྱལ་མཚན་གྱི་རས་ཞེས་པ་མཚོན་གྱིས་བསད་པའམ་བགེགས་པའི་རས་ལ་བྲིའོ།། ལྷག་མ་ནི་གོ་སླའོ།། འདིས་ནི་མྱུར་དུ་སྐྲོད་པར་བྱེད་དེ་གཞན་དུ་ནི་མ་ཡིན་ནོ།། དེ་ཟངས་མའི་འཁོར་ལོ ་སྟེ་ཉི་ཤུ་དྲུག་པའོ།། དེ་བཞིན་དུ་འདིར་རྣལ་འབྱོར་པ་རྣམས་ཀྱི་བསྲུང་བའི་འཁོར་ལོ་གསུངས་པ་ཉི་མ་ཞེས་བྱ་བ་ལ་སོགས་པ་ལ། འདིར་བསྒྲུབ་བྱ་དང་སྤེལ་ཞེས་པ་ནི་སྔོན་དུ་གསུངས་པའི་སྔགསཱ་ལ་ཧཱུཾ་ཐོག་མ་དང་ཐ་མར་སྦྲེལ་ཞེས་པ ་དོན་ཏོ།། ལྷག་མ་ནི་སྔོན་བཞིན་ནོ།། སུམ་བསྒྲིལ་གྱིས་འཁོར་ལོར་རྟོགས་པར་བྱ་བའི་ཉི་ཤུ་བདུན་པའོ།། དེ་བཞིན་དུ་གཞན་དབང་དུ་བྱེད་པ་གསུངས་པ། པདྨ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོའི་དབུསུ་འདོད་པའི་ལྷའི་སྔགས་དང་ཨ ་མོ་གྷ་སྱ་བ་ཤྲི་ཀུ་རུ་ཞེས་སྤེལ་བར་བྱའོ།། དེ་བཞིན་དུ་རི་མོ་གསུམ་གྱིས་བསྐོར་བ་ཞེས་པ་ནི་སུམ་བསྐོར་རེ་རེའི་དབུས་སུ་རིམ་པ་བཞིན་དུ་ཨོཾ་གྱི་ཕྲེང་དང་། དེ་བཞིན་དུ་ཧྲི་གི་ཕྲེང་དང་ཀཱི་ཕྲེང་གྲི་བསྐོར་བ་བྲི་བར་བྱའོ།། འདོད་པའི་འཁོར་ལོ ་འབྱུང་བ་སྟེ་ཉི་ཤུ་བརྒྱད་པའོ།། ད་ནི་གནོད་མཛེས་རྒྱལ་པོའི་སྔགས་ཀྱིས་གནོན་པའི་ལས་གསུངས་པ། རྫ་རྔ་ཞེས་བྱ་བ་ལ་སོགས་པ་ལཱ། སྐུ་གསུང་ཐུགས་ཞེས་པ་ནི་ཨོཾ་ཨཱཿཧཱུཾ་ཞེས་པའི་རི་མོ་གསུམ་གྱི་ནང་དུ་ཕྲེང་བ་གསུམ་བྲི་བར་བྱའོ།། ་གླུ་མའི་འཁོར་ལོའི་ལོས་ཏེ་ཉི་ཤུ་རྩ་དགུ་པའོ།། དེ་བཞིན་དུ་དཔའ་བློའི་གོ་ཆས་དུས་མ་ཡིན་པར་འཆི་བ་སླུ་བ་ལ་སོགས་པ་དང་བསྲུང་བའི་འཁོར་ལོ་གསུངས་པ། ཡང་སྡེ་ཞེས་བྱ་བ་ལྔ་སོགས་པ་ལ། བརྒྱུད་པའི་སྭ་བོནྡ་ཞེས་པ་ནི་ཧའོ།། དེ ་ཡང་མ་མོ་བཅུ་གཉིས་ཞེས་པ་ནི་ཧ་བཅུ་གཉིས་ཀྱི་གནསུ་དབྱངས་ཡིག་བཅུ་གཉིས་བྲིས་པ་སྟེ། དེ་ལ་ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཾ་ཧོ་ཧོ་ཧཾ་ཧཿའོ།། དེ་བཞིན་དུ་ཡི་གེ་བར་མ་དོར་བྱས་ཏེ་ཞེས་པ་ནི་ཡི་གེ་རིང་པོ་དྲུག་ཕྱི་མ་སྟེ། ཧཱ་ཧཱི་ཧཱུཾ་ཧཱི་ཧོ་ཧཿཞེས་པ་དོར ་བར་བྱ་སྟེ། ལྷག་མ་དཔའ་བོ་དྲུག་ཅེས་པྲཱ་ནཱི་རིམ་པ་བཞིན་དུ་དབྱངས་ཡིག་ཐུང་ངུ་དང་ལྡན་པའི་ཡི་གེ་དྲུག་གོ།། དེ་ལ་ཧཱ་ལས་སྙིང་གརཱ་རྡོ་རྗེ་སེམས་དཔའོ།། ཧཱི་ལུས་སྤྱི་བོར་རྣམ་པར་སྣང་མཛད་དོ།། ཧུ་ལས་སྤྱི ་གཙུག་ཏུ་པདྨ་གར་གྱི་དབང་ཕྱུག་གོ། ཧེ་ལྔས་དཔུང་པ་གཉིསུ་མི་སྐྱོད་པའོ།། ཧོ་ལས་མགཽ་གཉིསུ་རྡོ་རྗེ་ཉི་མའོ།། ཧེ་ལས་ལུས་ཐམས་ཅད་ལ་རྟ་མཆོག་གོ། དེ་བཞིན་དུ་གྲུ་བཞི་ཞེས་པ་ནི་གྲོག་ལ་སོགས་པ་རྣམས་ལྔ་དྲི་ཞིམ་པ་སྣ ་ཚོགས་པའི་རྫས་ཀྱིས་བྲི་བར་བྱའོ།། དེ་བཞིན་དུ་ཉིས་འགྱུར་ཞེས་པ་ནི་དཔའ་བོ་དྲུག་དང་ཤེས་རབ་མ་སྙོམས་པར་ཞུགས་པ་རྣམས་བྲིའོ།། ཤེས་རབ་ཀྱང་གཤིན་རྗེ་མ་ལ་སོགས་པ་རྣམསོ།། མཁ་འགྲོ་མ་ཞེས་པ་ནི་རྡོ་རྗེ་ཕག་མོའོ།། ལྷག ་མ་ནི་གོ་སླའོ།། གཏུམ་བྱེད་མའི་འཁོར་ལོ་སྟེ་སུམ་ཅུ་པའོ།། དེ་ཉིད་ཀྱི་རེངས་པ་དང་ཞི་བ་གསུངས་པ། ཡང་ན་ཞེས་བྱ་བ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་འཁོར་ལོའོ།། འོན་ཀྱང་ཟངས་མའི་འདབ་མ་ལ་བྲི་བའོ།། ཉིད་ཀྱི་ཌ་ཉྫ་བ་ནི་གོ་མ་དྲུག་ལདོན་པའི་སྔཊ ་སོ།། བརླན་པ་ཞེས་ནི་རྒྱུན་མི་ཆད་པར་རློན་པར་བྱས་ན་ཇི་སྐད་གསུངས་པ་བཞིན་བྱེད་ཅེས་པའི་དོན་ཏོ།། བདུད་མོའི་འཁོར་ལོ་སྟེ་སུམ་ཅུ་གཅིག་པའོ།། དཱ་ནི་སྒྲོལ་མའི་འཁོར་ལོ་ཅན་གྱིས་བྱ་བ་མང་པོ་བྱེད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ ་སོགས་པ་ལ། པདྨ་འདབ་མ་བཅུ་པ་ཞེས་པ་ནི་འདབ་མ་དེ་རྣམས་ལ་ཡི་གེ་བཅུ་པོའི་སྔགས་འདི་བིས་ཏེ། ཨོཾ་ཏཱ་ར་ཞེས་བྱ་བ་ལ་སོགས་པའི་ཡི་གེ་རེ་རེ་བྲི་བར་བྱའོ།། བཞི་པའི་དང་པོ་ཞེས་པ་ནཽ་ཏ་ཞེས་པ་དཽ་ལ་དེ་བཞིན་དུ་གསུང་སོ།། ཡི་གེ་དྲུག་ཅེས ་པ་ནི་བ་ཤྱཾ་ཀུ་རུ་སྭཱ་ཧཱ། ཞེས་པའོ།། ཡང་ན་ཀུ་རུ་ཀུལླེ་སྭཱ་ཧཱ། ལྷག་མ་ཐམས་ཅད་ནི་གོ་སླའོ།། དྲལ་མ་ལས་བྱུང་བའི་འཁོར་ལོ་སྟེ་སུམ་ཅུ་རྩ་གཉིས་པའོ།། འཁོར་ལོ་འདི་རྣམས་ཀྱི་ལས་རྒྱས་པ་དང་བསྒོམ་པ་ཡང་འཆད་བཞིན་པ་སླར་བཤད་པ་ལས ་ཁོང་དུ་ཆུད་པར་བྱའོ།། གཞན་ཡང་མ་གསུངས་པའི་འཁོར་ལོ་དང་། ལུས་དང་སྔགས་དེ་ཐམས་ཅད་འདི་ལས་བྱུང་ཞེས་པ་སྟེ་ངེས་པའོ།། དེ་ལྟར་ཡང་བསྡུས་པའི་ཚིགསུ་བཅད་པ་རྣམས་གསུངས་པ། འདི་ལྟ་སྟེ། ཨ་བ་དྷཱུ་ཏཱིའི་ནང་དུ་ནི། སྒྲོལ་མ ་ཡི་ནི་འཁོར་ལོ་བསྒྲུབ།། སྲོག་གི་དཀྱིལ་འཁོར་སྣང་བ་ཉིད།། དབང་ནི་ཡེ་ཤེས་རང་བཞིན་ནོ།། དགའ་བྱེད་འཁོར་ལོ་གཟུང་བ་ཉིད།། གཡོན་གྱི་བེམས་པོའི་ནང་དུ་ཐིམ།། དབང་དུ་བྱ་བའི་འཁོར་ལོ་བྱེད།། རང་རང་སྣང་བའི་མཆོག་ནི་འཛིན།། རྀ་བཅུད་ཀྱིས ་ནི་དབང་ཏུ་བྱེད།། དབང་པོ་རྣམས་ནི་གཟུང་བའི་ཕྱིར།། འོག་དང་སྟེང་གི་ལས་ཀྱིས་ནི།། རང་གི་སྣང་བ་དབང་དུ་བྱས།། ཉིན་དང་མཚན་ནི་བཅིང་བ་དང་།། ལོ་ཡི་ཞག་རྣམས་དེ་བཞིན་དུ།། ཟླ་དང་ཟླ་ཕྱེད་མཽ་ཕྱེད་པ།། དུས་དྲུག་ཏུ་ནི་གསུམ་རྣམས་ཀྱང་།། ཕྲ་གཟུགས ་མ་ནི་འདིར་ཤེས་བྱ།། རྫུས་ཏེ་སྐྱེས་པ་རྣམ་པཱ་ལྔ།། གནས་རྣམསུ་ནི་སོང་བའི་སེམས།། རང་གི་ང་རྒྱལ་གྱིས་ནི་བཅིངས།། བཟང་པོ་ལ་སོགས་ཉི་ཤུ་བདུན།། བཅུ་དྲུག་དེ་བཞིན་བཅུ་གཅིག་ཉིད།། སྣ་ཚོགས་ལས་ཀྱི་དྲི་ཤེས་བྱ།། སྲིད་པར་སྤྱོད་པར་བྱེད་པ་གཟུང་།། ་རང་གི་འདུ་ཤེས་ཉིད་ཀྱིས་འབྱུང་།། འདུ་ཤེས་ཀྱི་ནི་ཐིམ་པར་བྱེད།། དེས་ན་ཁམས་གསུམ་པ་ཡི་ལས།། བདག་གིས་བདག་ལ་འགྲུབ་པར་འགྱུར།། ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། ཁ་སྦྱོར་ཐིག་ལེ་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བདུན་པའི་རབ་ཏུ་ཕྱེད་པ ་གསུམ་པ་སྔགས་བཅུ་པ་ལ་སོགས་པ་ལས་ཐམས་ཅད་ཀྱི་ལས་ཚོགས་ཀྱི་འཁོར་ལོ་འབྱུང་བའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་བསྟུན་པ་སྟེ་གསུམ་པའོ།། །། ད་ནི་མདོང་། ་བསྟན་པ་གསུམ་གྱི་མཐར་བཟླས་པ་དང་སྦྱིན་སྲེག་ལ་སོགས་པའི་སླར་བཤད་པ་བརྗོད་པའི་ཕྱིར། རབ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚུལ་བཞིན་དུ་ནི་ཞེས་པ་ནི་ཇི་ལྟར་སྦྱོར་བའི་རིགས་པ་བསྟན་པ་བཤད་པའི་ཕྱིར་རོ།། དེ་བཞིན ་དུ་ཡང་རབ་གནས་ཞེས་བྱ་བ་ལ་སོགས་པོ་ལ།། གནས་སྐབས་འདིར་རབ་གནས་ཞེས་པ་ནི་འཚོད་པའི་སྒྲུབ་ཐབས་ཀྱི་ཚུལ་གྱིས་རང་རང་གི་མཚན་ཉིད་བྱུང་བའི་ལྷ་མོ་རྣམས་འཇོག་པའི་ཕྱིར། ཞེས་པ་སྟེ་ངེས་པའོ།། དེ་ནས་མཚན་ཉིད་བསྟན་དུ ་གསོལ་ཞེས་པའི་ཚུལ་གྱིསོ།། དགེ་བ་ཞེས་པ་ནི་གང་གིས་རབ་གནས་བྱས་པས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ།། བཟླས་དང་ཞེས་བྱ་བ་ལ་སོགསོ་པ་ལ་མི་འཚལ་ཏེ་ཞེས་པ་ནི་སེམས་ཅན་གྱི་དོན་མི ་འཚལོ་བ་དེས་ནའོ།། སྙིང་རྗེ་ཆེན་པོའི་བདག་ཅེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ནང་དུ་ལྷན་ཅིག་སྐྱེས་པའི་སྐུའི་བདག་ཉིད་དོ།། དེ་བཞིན་དུ་བསྟན་དུ་གསོལ་ཞེས་པ་སྟེ། འདི་ལྟ་བུའི་མཆོག་ཏུ་དགའ་བ་རྙེད་པར་དཀའ་བ་བཤད་དུ་གསོལ་ཞེས་སྦྱར་རོ།། དེ་ལ ་སོགས་པ་ནི་བདག་མེད་མ་ལ་སོ་ཌ་པའི་རྣལ་འབྱོར་མ་རྣམས་ཀྱིས་ཞུས་པའོ།། དེར་བཅྡོཾས་ཀྱི་བཀའ་སྩལ་པ་ཞེས་པོ་ནི་ལན་གྱི་དོན་ཏོ།། བསམ་གཏན་ཞེས་བྱ་བ་ལ་སོགས་པའོ།། འདིར་ཕྱིའི་དཀྱིལ་འཁོར་དང་སྦྱིན་སྲེག་དང་ལས་ཚོགས་ལ་སོགས་པ་དང་བསྲུང་བ་དེ ་ཐམས་ཅད། བསམ་གཏན་དང་སྔགས་ཀྱི་རབ་ཏུ་སྦྱར་བས་བྱ་ཞེས་པའི་དོན་ཏོ།། དེ་བཞིན་དུ་དཀྱིལ་འཁོར་གྱི་ས་ལ་སོགས་པའི་གནས་སྦྱང་བར་བྱའོ།། དེ་ལ་དང་པོར་ཞེས་བྱ་བ་ལ་སོགས་པཱ་ལ།། བསྒྱིངས་ཞེས་པ་ནི་རྡོ་རྗེའི་སེམས་དཔའི་ང་རྒྱལ་དུ་བདག་ཉིད་བྱ ་ཞེས་པ་སྟེ་བསྒྲུབ་པའོ།། སླར་ཡང་ཆོས་ཐམས་ཅད་རང་བཞིན་མེད་པའི་མཚན་ཉིད་དུ་རྣམ་པར་བསམས་ཏེ། ཁེངས་བཅས་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ།། དེ་བཞིན་ཁམས་གསུམ་རྣམ་པར་རྒྱལ་ཞེས་བྱ་བ་ལ་སོགས་པ་ནི། བདག ་ཉིད་འཇིག་རྟེན་གསུམ་ལས་རྒྱལ་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་དང་ལྡན་པའོ།། བགྲགས་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྒྱས་པར་དཀྱིལ་འཁོར་གྱི་ཆོ་གའི་ཚུལ་གྱིས་བྱའོ།། འདིར་ནི་བསྡུས་པ་ཉིད་དོ།། རྐང་སྟབས་དགོད་པ་ཞེས་པ་ནི་སྔོན་དུ་གསུང ་པའི་གཡས་བརྐྱང་ལ་སོགས་པའོ།། གར་གྱི་རྒྱལ་གྱི་བཅག་པར་བྱའོ།། ལྷ་མོ་རྣམས་ཞེས་པ་ནི་དཀྱིལ་འཁོར་དང་དཀྱིལ་འཁོར་བ་རྣམསོ།། ཡང་ན་རྡོ་རྗེའི་རིགས་ལ་སོགས་པའི་ཤེས་རབ་མ། དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱ་དགོང་སོ།། དེ་བཞིན་དུ་སྦྱིན ་སྲེག་ཅེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱའི་སྦྱོར་བས་ཞེས་པོ་ནི་རྡོ་རྗེ་བུ་མོ་ལ་སོགས་པ་ཤེས་རབ་མ་བཅུ་འདོད་པ་སྤྱད་པར་བྱའོ།། དེ་ལྟར་བྱས་ན་སུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ། གཏུམོ་མོ་ཞེས་བྱ་བ་ལྔ་སོགས་པ ་ལ་སོགས་པོའི་སྒྲས་ནི་བྲམ་ཟེ་མོ་ལ་སོགས་པ་གཟུང་ངོ་།། རྒྱུ་ཅིའི་ཕྱིར་ཞེ་ན། གསུངས་པ་འདིར་གང་གི་ཕྱིར་ནང་གི་སྐྱོན་སྲེགོ་བྱ་བའི་ཕྱིར་རོ།། ཐུན་མོང་པོ་ཞེས་པ་ནི་གཞན་གྱི་རིགས་ལས་བྱུང་བའོ།། ཡན་ལག་ལ་སྔགས་ཞེས་པ་ནི་རིགས་ལྔས ་རིགས་ཅན་དུ་བྱ་སྟེ། སྔགས་ནི་འདི་ལྟ་སྟེ། ཧྲཱིཿཞེས་བྱ་བ་ལ་སོགས་པ་ཡན་ལག་བརྒྱད་ལ་བསམ་པར་བྱའོ།། ལྷག་མ་ནི་སྒྲ་ཇི་བཞིན་ནོ།། དེའི་བྷ་ག་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་ནང་གི་སྦྱིན་སྲེག་གིས་ནི་ཀུན ་རྫོབ་ཏུ་ཕྱག་རྒྱ་ཆེན་པོའི་ཤེས་རབ་དེ་ལ་དེ་སྐད་ཅེས་བྱའོ།། དེའི་རྣམ་པར་དག་པའི་ཕྱི་རུ་ཡང་སྦྱིན་སྲེག་ལ་སོགས་པའི་གནས་ཐམས་ཅད་ཤེས་རབ་ཀྱི་གཟུགསུ་བསམ་པར་བྱ་ཞེས་པ་ནི་གཞུང་ལུགས་ཏེ། དེར་མེ་ཏོག་ལ་སོགས་པ་གཏོར་རོ།། ཁུ ་བ་མེད་པོའི་མེ་ཏོག་ཀྱང་ཁུ་བའི་རྣམ་པར་རྟོག་པར་བྱའོ།། ཞེས་པ་སྟེ་ངེས་པའོ།། དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་ཐ་མལ་པ་ཞེས་པའི་སློབ་མ་ལ་བྱིན་པའོ།། དེས་ན་གཞན་དུ་ཤེས་པར་བྱའོ།། འོན་ཀྱང་དཀྱིལ་འཁོར་ལ་བལྟོས་པ་ཞེས་པ་ནི ་དྲང་པོ་ཉིད་དུ་དཀྱིལ་འཁོར་བྱས་ནས་སྦྱིན་སྲེག་བྱ་བ་སྦྱིན་སྲེག་འབའ་ཞིག་ཙམ་ནི་མེད་པར་འགྱུར་རོ།། གཞན་དུ་འཇིག་རྟེན་པའི་ཐ་སྙད་ཙམ་དུ་འགྱུར་ཞེས་པའོ།། དེ་ལྟར་ཡང་གང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཀྱི་དཀྱིལ་འཁོར་ཞེས་པ ་ནི་ཆོས་ཀྱི་འབྱུང་གནས་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རོ།། དེ་ཡང་ཐིག་གདང་པ་ཞེས་པ་ནི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་རུ་རྡུལ་ཚོན་གྱི་དཀྱིལ་འཁོར་ཆ་དྲུག་ཅུ་རྩ་བཞིའི་ཁྱད་པར་གྱི་ཐིག་ག་དད་པའོ།། ཆོས་ཀྱི་དཀྱིལ་འཁོར་གྱི ་རང་གི་དམ་ཚིག་ཅེས་པ་ནི་ཇི་སྲོང་བྱང་ཆུབ་ཀྱི་ལམ་བསྟན་པ་མཐོང་བ་དེ་སྲིད་དུ་ཨ་བདྷཱུ་ཏཱིའི་ནང་དུ་ཆུད་པས་རྩ་ཐམས་ཅད་ཀྱི་ཐིག་སྐུང་འཛིན་པོའི་ཕྱིར་ཞེས་དགོངས་སོ།། དེ་ལྟར་ཤེས་པོ་ནི་མ་རྣམ་རྒྱུ་བའི་ཕྱིར་རོ།། བཞེས་པ་ནི་རྩ་རྣམ་སུ་བྱུང་འི་རྣམ ་བ་ཞེས་པ་ནི་རྣམ་པར་ཤེས་པ་ཙམ་པའོ།། གནས་ཞེས་པ་ནི་མཚམས་ཀྱིས་གནས་སུ་གྱུར་པ་ཞེས་སྦྱར་རོ།། དེར་གནས་ཏེ་དུས་ཐམས་ཅད་དུ་ཕྱིའི་ས་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། ལས་རྣམས་ཐམས་ཅད་ཅེས་པ་ནི་སྔོན་དུ་གསུངས་པའི ་ལས་རྣམ་སོ།། མྱེ་ནི་ལྷའི་ཞལ་ཞེས་པ་ནི་ནང་གི་རྣལ་འབྱོར་པ་རྣམས་ཀྱི་རྩ་ཐམས་ཅད་དུ་གཏུམ་མོའི་སྦྱོར་བ་དེའི་མེས་སོ།། ཞལ་ཞེས་པ་ནྀ་དེ་ལ་བརྟེན་པ་སེམས་དང་སེམས་ལས་བྱུང་བའོ།། ལྷ་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི ་ཆོས་ཅན་ཕུང་པོ་དང་ཁམས་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཏེ། དེའི་མཚན་ཉིད་ཀྱི་རོང་བཞིན་དེ་ལ་དེ་སྐད་བརྗོད་པ་འགྱུ་རོ།། དེ་ཉིད་ཀྱིས་ན་སྦྱིན་སྲེག་དེ་ཉིད་རྣར་གན་ཞེ་གསུང་སྟེ། དེའི་ཕྱིར་སྦྱིན་སྲེག་ཅེ་བྱ་བ་ལ་སོཊ་པ་གསུངས་ཏེ། ཚིམ་ཞེས་པ་ནི་བཏར ་བབ་སྟེ། ནང་གི་བྱང་ཆུབ་ཀྱི་སེམས་ཀྱིས་ཚིམ་པ་དེ་ལ་བརྟེན་ནས་ཕྱི་རུ་སྲེག་རྫས་ཀྱིས་ཚིམ་པ་ཞེས་པ་མགུ་བར་འགྱུར་བའོ།། དེ་ནས་སྩོལ་ཞེས་པ་ན་ངེས་པའོ།། སྔགས་ནི་ལྷག་གམ་མ་ཚང་ཞེས་བྱ་བ་ལ་སོགས་པ་ནི་འདིར་ནང་ནང་དུ་སྔགས་ཀྱི་སྒྲ་ནི ་པལ་ཆེར་སེམས་ལས་བྱུང་བའི་རང་བཞིན་ཏེ། དེ་རྣམས་ཉིད་ཐུང་ངུ་དང་རིང་པོའི་དུས་སུ་ཉམས་ཏེ། མཉམ་པར་མ་བཞག་པས་འཁོར་བར་འཁོར་རོ།། དེས་ན་དེ་རྣམས་ཀྱི་ནང་གི་སྦྱིན་སྲེག་གིས་དུས་མཉམ་པར་འགྱུར་རོ།། ཕྱི་རུ་ནི་སྒྲ་ཇི་བཞིན་ནོ།། དེ་བསྡུ ་ཞེས་བྱ་བ་ལ་སོགས་པ་ལ། སྐུ་གསུང་མཆོག་ཅེས་པ་ནི་རྡོ་རྗེ་སེམས་དཔས་བསྔགས་པ་དེ་ལ་དེ་སྐད་ཅེས་བྱའོ།། གཙུབ་ཤིང་ཞེས་པ་ནི་ཨ་བ་དྷཱུ་ཏཱིའི་དུས་མཚམ་སུ་གཏུམ་མོ་སྦར་པོའོ།། ཕྱི་རུ་ན་དངོས་སུ་མེ་སྦར་བར་བྱའོ།། གདོལ་པའི་མེ་ལ་དགེ་བ་མ་ཡཱི ་པའི་ལས་བསྒྲུབ་པ་ནི་མཚམས་མ་སྨིན་པའི་དུས་སུ་གཏུམ་མོའི་མེ་སྦྱར་བའོ།། ཕྱི་རུ་ནི་སྒྲ་ཇི་བཞིན་ནོ།། དེ་བཞིན་དུ་ཟླུམ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཐག་ཁུང་བཞི་ནི་དཀྱིལ་འཁོར་བཞི་དང་འཁོར་ལོ་བནི་རྣམ་པར་དག ་པ་ཕྱི་དང་ནང་གི་བདག་ཉིད་སྙིང་ག་དང་ལྟེ་བ་དང་སྤྱི་བོ་དང་མགྲིན་པའི་ཐུན་མཚམས་བཞི་པོ་རྣམས་ལ་རྡོ་རྗེ་ལྔ་སོགས་པའི་མཚན་མ་བཞིའོ།། འདིར་དཀྱིལ་འཁོར་ལ་དགོད་པའི་མཚན་མ་གང་དག་རྡོ་རྗེ་ལ་སོགས་པའི་མཚན་མ་དེ་དག་མན་ངག་ཇི་ལྟ་བ ་བཞིན་ཐབ་ཁུང་གི་དབུསུ་སྦྱིན་ནོ།། ཁ་ཁྱེར་ཞེས་པ་ནི་ཁ་ཁྱེར་གྱི་མཚམས་དང་ཟུར་དུ་མཛེས་པར་བྱ་ཞེས་པ་ནི་བརྒྱད་པ་སྟེ། རྡོ་རྗེ་རིན་ཆེན་དང་ཟླ་བ་ཕྱེད་པ་རྣམས་ཀྱང་ཁ་ཁྱེར་དང་མཆུ་ལ་དགོད་པར་བྱའོ།། གཙུག་ཏོར་ལ་སོགས་པ་ཐབས་ཁུང་གི ་དབུས་སུ་དགོད་ཅེས་པ་སྟེ་ངེས་པའོ།། སྦྱིན་སྲེག་དེ་ཉིད་ཅེས་པ་ནི་སྦྱིན་སྲེག་གི་ཆོ་ག་རྒྱས་པ་ཉིད་ཀྱིས་སློབ་དཔོན་གྱིས་བྱ་བའོ།། དེ་བཞིན་དུ་སྦྱོར་བ་ཇི་བཞིན་ཞེས་པ་ནི་གསུངས་པའི་སྦྱོར་བ་དང་ལྡན་པའོ།། ཐམས་ཅད་ལས་ཞེས་པ་ནི་ལས་ཐམས་ཅད་བའི ་སྦྱིན་སྲེག་བླུགས་གསུམ་གསུམ་དབུལ་བའོ།། གཞན་ནི་གོ་སླའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ཆེན་པོ་ཞེས་པོ་ནི་འདིར་རྣམ་པར་སྣང་མཛད་ཅིང་གས་ལོ་བར་མཛད་པས་ན་རྣམ་པར་མཛད་དོ།། ཆེན་པོ་ཡང་ལྷན་ཅིག་སྐྱེས ་པོའི་དགའ་བོ་གཅིག་གི་གཟུགས་ཀྱི་ཕྱིར་རོ།། དེ་ནས་མི་ཕྱེད་པའི་ཕྱིར་རྡོ་རྗེའོ།། དེ་ལ་མངོན་པར་ཞེན་པས་ནི་དེ་བཞིན་གཤེགས་པའོ།། དེ་ཡང་ཡེ་ཤེས་ཀྱི་འཁོར་ལོ་ཞེས་པ་ནི་སྙིང་རྗེས་ཞེས་བྱ་བའི་རྣམ་པའི་ཡེ་ཤེས་ཏེ། དེའི་རྣམ་པས་འཇུག་པའོ།། དེའོ ་སྒྲུབ་ཐབས་ཞེས་པ་ནི་འཇུག་པའི་ཕྱིར་རོ།། དེ་བཞིན་དུ་སྟོང་པ་ཉིད་སྙིང་རྗེ་གཉིས་ཀ་དབྱེར་མེད་པའི་ཕྱིར་བྱང་ཆུབ་པས་སེམས་རྡོ་རྗེ་དང་ཆོས་མཐུན་པ་མི་ཕྱེད་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་གྲང་ལ་སྙོམས་པར་ཞུགས་པ་དེ་ལ་དེ་སྐད་ཅེས་བྱའོ།། ་དེ་བཞིན་དུ་ཕྱི་དང་ནང་གི་ཞེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་ཞེས་པ་ལ་སྔོན་དུ་གསུངས་པའི་རྩེ་སུ་མོ་ཅུ་གཉིས་ཀྱི་འཁོར་ལོའོ།། དེའི་རབ་ཏུ་སྒྲུབ་པ་ནི་ཆོ་གའོ།། སྦྱོར་བ་ལྔ་པ་འཆང་བཞིན་པའི་ཚུལ་གྱིས་རང་བཞིན་གྱི་དུས་རྣམས་ལ་རང་རང་གི ་ལྷའི་གཟུགས་དམིགས་པའི་ཕྱིར་ཞེས་པ་སྟེ་ངེས་པའོ།། དེ་བཞིན་དུ་ལས་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་བརྗོད་ཅེས་པའོ།། ལྷག་མ་གང་ཡང་རུང་ཞེས་པ་ནི་མདོར་བསྡུས་ན་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཞེས་པ ་རྣམས་སུ།། དུས་ལས་བྱུང་བའི་ལྷ་དེ་རྣམསྔ་རང་རང་གི་གནས་སུ་རང་གི་འཁོར་ལོའི་དབུ་སུ་དེའི་སྐད་ཅིག་ལ་དེའི་ནང་དུ་བསྒོམ་པའི་ཕྱིར་མཆོད་པའི་ལས་བླ་ན་མེད་པར་འགྱུར་རོ།། དེ་བཞིན་དུ་ངོའི་ཞེས་པ་ནི་ཕྱི་རུ་མི་ལས་གང་གི་ཕྱིར་འབྱུང ་བའི་དུསུ་འགྱུར་ཏེ། དེའི་ཕྱིར་རྡོ་རྗེ་ཞེས་པ་ནི་མི་ཕྱེད་པའི་རྡོ་རྗེ་ལས་རྡོ་རྗེ་སེམས་དཔའ་འབྱུང་བའོ།། དཀྱིལ་འཁོར་ཞེས་བྱ་བ་ནི་བས་མོ་དུ་མེད་པ་ལས་བསམ་པའི་ཕྱིར། སངས་རྒྱས་ཀྱིས་གསུངས་ཞེས་པ་ནི་སྔགས་ཞེ་སྦྱརྱ་རོ།། དེས་ན་ཞི་བ་ལ་སོགས ་ངའི་ལས་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་འདོད་པ་དབང་གིས་སྦྱར་ཞེས་སྦྱོར་རོ།། རང་རང་གི་དུས་གྲུབ་པས་ཤེས་པར་བྱའོ།། དེས་ན་བདག་པོ་ཞེས་བྱ་བ་ལ་སོགས་པ་ནི་ལས་རེ་རེའི་དུས་རང་རང་གི་འཁོར་ལོའི་གཙོ་བོའི་གནང་བ་བླང་བར་བྱའོ།། ་དེ་གནང་བ་ཐོབ་པས་དེའི་ཕྱིར་ལས་བྱ་ཞེས་སྦྱར་རོ།། ད་ནཱི་རང་རང་གི་ལས་འདི་རྣམས་བྱུང་བའི་དུས་སུ་གཙོ་བོ་བསྒོམས་པ་གསུངས་པ། དེ་ལ་དང་པོ་སྒྲོལ་མ་བརྗོད་དེ། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས ་བ་ལ་བྷ་གའི་དབུས་སུ་ཞེས་པ་ནི་ནང་དུ་རྩ་བྷ་གའི་ཕྱིར་དེའི་ཚེ་ཕྱི་རུ་ཡོད་དེའི་རང་བཞིན་ཉིད་ཀྱིས་བསྒོམ་པར་བྱའོ།། ཟླ་བའི་དཀྱིལ་འཁོར་ཞེས་པ་ནི། དང་པོ་སེམས་ཀྱི་རང་བཞིན་འབྱུང་བྱའི་སྐད་ཅིག་ལ་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོ ་པར་བྱའོ།། དེ་ལྟར་འབྱུང་བའི་དུས་སུ་ཡང་སྐད་ཅིག་གི་རྣམ་པར་དམིགས་པར་བྱའོ།། དེས་ན་ཏཱཾ་གི་ཡེ་ཤེ་སཽ་ཞེས་པ་ནི་རང་གི་སེམས་ཀྱི་ཡེ་ཤེས་འཆར་བ་ལ་སྒྲོལ་མའི་ས་བོནྡ་ཏཱི་བསྒོམ་པར་བྱའོ།། དེ་ཡང་སེམས་ཀྱི་ཟླ་བའི་སྟེང་དུ་དེ་ལས ་བྱུང་བཱི་ཞེས་པ་གྲུབ་པའི་ལྷ་མོ་སྒྲོལ་མའི་བསྒོམ་པར་བྱའོ།། དེ་བཞིན་དུ་སྒེག་པའི་ཉམས་དང་ལྡན་ཞེས་པ་ནི་ཧེ་རུ་ཀའི་ཐབས་དང་ལྡན་པའོ།། ལྷག་མ་ནི་གོ་སླའོ།། འོན་ཀྱང་ཧེ་རུ་ཀའི་རིགས་བྱེད་མ་ཞེས་པ་ནི་དེ་བཞིན་དུ་སྒྲོལ་མ་རྗེ་བཙུན་མ་ཨ་བ ་དྷཱུ་ཏཱིའི་ནང་དུ་ཧེ་རུ་ཀའི་རྣམ་པ་རྣམ་པར་དག་པའི་ཕྱི་རོ་རྣམ་པར་དག་པ་གསུངས་པ་འདིར་ཨེ་བ་དྷཱུ་ཏཱིའི་དཀྱིལ་འཁོར་རྒྱུ་བའི་ཕྱིར་རང་གི་དུས་འགོག་པ་བརྗོད་དེ། དེ་ཅི་ཞེ་ན་རང་གི་སྐད་ཅིག་ལ་འགོག་པ་ཡང་ཞལ་བརྒྱད་ཅེས་པ་ཐུན་བརྒྱད ་འགོག་པའོ།། དེ་བཞིན་དུ་སྤྱན་གསུམ་གསུམ་ཉི་ཤུ་རྩ་བཞིར་འགྱུར་ཏེ། དེས་ན་ཁམས་ཉི་ཤུ་རྩ་བཞི་རྣམས་འགོག་པའོ།། བཅུ་དྲུག་ཕྱག་ཅེས་པ་ནི་འཕོ་བ་བཅུ་དྲུག་འགོག་པའོ།། བཞད་པ་ཞེས་པ་ནི་དབང་པོ་ཐམས་ཅད་སྡུད་པའི་ཕྱིར་རོ།། ཀུན་ནས ་དམར་འདྲ་ཞེས་པ་ནི་ཁ་དོག་ཐམས་ཅད་ནི་སྙིང་རྗེའི་ཆགས་པས་བཅོས་པའོ།། དེ་ཡང་བདག་གིར་བྱེད་པའི་ཕྱིར་རྣམ་པར་རྟོག་པ་འགོག་པའོ།། ལང་ཚོ་བཞོན་པས་ཞེས་པ་ནི་ལོ་བཅུ་གཉིས་ལོན་པའི་ཕྱིར་ཡན་ལག་བཅུ་གཉིས་འགོག་པའོ།། སྣ་ཚོགས ་པའི་ཞེས་པ་ནི་སྣ་ཚོགསུ་བསྒྱུར་བའི་མདོག་སངས་རྒྱས་ཀྱི་ན་བཟའ་སྐུ་ལ་བསྣམས་པའོ།། དོ་ཤོལ་ཞེས་པ་ནི་གཉིས་མེད་པའི་ཐར་པའི་ས་ལ་བཞུགས་པའོ།། རྐང་རྒྱན་ཞེས་པ་ནི་རྐང་པ་ལ་བཏགས་པའི་ཚིག་ཀྱི་དོར་ཐབས་སྤངས་པར་འགྱུར་པའོ།། ་མགུལ་ཏོ་ཞེས་པ་ནི་མགུལ་ཏུ་རིན་པོ་ཆེའི་ཕྲེང་བ་བཏགས་པའི་དགྲའི་རྒྱུད་ཐམས་ཅད་ཀྱི་སྐྱེ་བཅིངས་པའོ།། རྣ་རྒྱན་ཞེས་པ་ནི་རྣ་བ་གཉིས་ལ་རྣ་མ་བཏགས་པས་དབུ་མ་ལས་བདུད་རྩིའི་རྒྱན་འཛག་པའོ།། དཔུང་རྒྱན་ཞེས་པ་ནི་དཔུང་པ་གཉིསུ་བཏགས་པ ་བདག་གི་འགོག་པའི་ཕྱིར་དབང་དུ་བྱེད་པའོ།། སྐེ་རགས་ཞེས་པ་ནི་སྐེ་རགས་བཅིངས་པ་ནི་བྱ་བ་དང་བྱ་བ་མ་ཡིན་པ་འགོག་པར་བྱེད་པའོ།། སྲད་བུ་ཞེས་པ་ནི་ཚངས་པའི་སྐུད་པས་ལས་ཀྱི་ཚོགས་ཐམས་ཅད་ཨ་ཝ་དྷཱུ་ཏཱིའི་ས་ཁྱབ་པར་བྱེད་པའོ།། ་སོགས་པའི་སྒྲས་ནི་སྤྱི་བོར་འཁོར་ལོས་བརྒྱན་པ་བསྡུས་ཏེ། དེ་ཡང་ཁམས་གསུམ་གྱི་སོམས་ཅན་ཐམས་ཅད་ལ་ཆོས་བསྟན་པའི་ཕྱིར། དེ་རྣམས་ལ་ཆོས་བསྟན་མི་ནུས་པ་འགོག་པའི་སྟོང་པའི་མཚན་ཉིད་ཀྱིས་སོ།། སྣ་ཚོགས་རྒྱན་ཞེས་པ་ནི ་བདེ་བ་སྣ་ཚོགས་པའི་རང་བཞིན་བྱང་ཆུབ་སེམས་བགེ་ཆགས་དང་བྲལ་བའི་ཕྱིར་ཡིད་ཀྱིས་གཟུང་བའི་དོན་ཏོ།། ཨུཏྤལ་ཞེས་པ་ནི་ཤིན་ཏུ་བརྩོན་པའི་བརྩོན་འགྲུས་ཀྱིས་བརྒྱན་པའི་སེམསོ།། ཇེ་བཀའི་མེ་ཏོག་ཅེས་པ་ནི་བནྡུ་ཀའི་མེ་ཏོག ་དམར་པོ་བཅིངས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྙིང་རྗེས་བརྩོན་པའི་ཕྱིར་རོ།། གཡས་བརྐྱང་བ་ཞེས་པ་ནི་ཏིང་ངེ་འཛིན་འདི་སྤངས་ནས་དུས་ཐམས་ཅད་དུ་ཡོད་རོལ་པ་མ་ཡིན་པའོ།། སུམ་ཅུ་གསུམ་པ་ཞེས ་པ་ནི་སུམ་ཅུ་རྩ་གསུམ་པའི་གནས་རྣམས་ཀྱི་དབང་པོ་ལ་སོགས་པའི་ལྷ་རྣམས་ཀྱི་ལུས་དང་ངག་དང་སེམས་འགོག་པའོ།། འགྱེལ་ཞེས་པ་ནི་དྲེགས་པ་དང་བྲལ་བའི་བློ་མི་ཤིགས་པ་ལས་རྟག་ཏུ་བཞུགས་པའོ།། གཞན་ཡང་དག་གི ་སྒྱུ་མས་སྐྲག་པ་དང་། དེའི་བརྫུན་པ་ནི་ཐལ་མོ་སྦྱར་བས་སྲིད་པ་དང་མྱ་ངན་ལས་འདས་པ་འགོག་པར་བྱེད་པའོ།། འོད་ཟེར་དམར་པོ་འབར་བ་ཞེས་པ་ནི་འདྲེས་པ་དང་མ་འོངས་པ་དྲང་ད་ལྟར་བྱུང་བ་རྣམས་ཀྱི་སྙིང་རྗེ་ཉིད་ཀྱི་འོང་ངོ་།། གཟི ་བརྗིད་ཅེས་པ་ནི་སྙིང་རྗེ་ཆེན་པོ་ཉིད་ཀྱི་ཚིག་གོ།། དེས་ན་འབར་བ་ནི་དགའ་བའི་ཡིད་ཀྱི་གཉིས་མེད་པའི་བློའི་ཕྱིར་རོ།། དེ་བཞིན་དུ་བསམ་གྱིས་མི་ཁྱབ་པའི་སྤྲུལ་པས་བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་སྤྲོས་ཞེས་པ་ལ་སོགས ་པ་ཇི་སྐད་གསུངས་པ་བཞིན་ནོ།། སེམས་ཅནྡ་ཞེས་བྱ་བ་ལ་སོགས་པ་ལ། སྐྱེད་བྱེད་མ་ཞེས་པ་ཏིང་ངེ་འཛིན་ཏེ་སྒྲོལ་མ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ།། སེམས་ཅན་ཞེས་པ་ནི་རྡོ་རྗེ་སེམས་དཔའི་འཇིག་རྟེན་ནོ།། དེ་བཞིན་དུ ་ཡིད་འོང་ཞེས་པ་ནི་སྡུག་པ་སྟོང་པ་ཉིད་དང་སྙིང་རྗེའོ།། བསྒོམས་ན་ཞེས་པ་ནི་མངོན་དུ་བྱ་ཞེས་པའོ།། དེ་བཞིན་དུ་དང་པོ་ཞེས་བྱ་བ་ལ་སོགས་པ་ཕྱག་བཅུ་དྲུག་གི་ཕྱག་མཚན་རྣམས་ཀྱི་རྣམ་པར་དག་པ་གསུངས་པ་འདི་ལྟ་སྟེ། ་རལ་གཱི་ཡིས་ནི་རྒྱུ་མ་གཅོད།། རལ་གྲི་སི་ནི་གསལ་སྣང་བཞིན།། མཐོང་ཡང་དེ་ནི་གནས་པ་མེད།། རལ་གྲི་ཡིས་ནཱི་ལས་གཙང་ངོ་།། འདིར་ནི་ཨུཏྤ་ལ་གཉིས་པ།། བཙུན་པས་ཡིད་ཀྱི་རྒྱ་མཚོ་ལསྭཱ།། དཱ་ཡིས་དཔའ་མམ་ཀྵ་དྷ་ནི།། འཁོར་བའི་རྒྱ་མཆེ་པ། ་རློལ་འགྲོ།། མདའ་ནི་བདུད་རྣམས་བཟློག་པ་སྟེ།། མཚོན་ཆེ་བསམ་དུ་མེད་པ་འབིགས།། རྣལ་འབྱོར་མ་ནི་མངའ་བཞིན་དུ།། ཕུགས་ནུ་རྟག་ཏུ་འོང་བར་བྱེད།། རྡོ་རྗེ་ཕུང་པོ་བསད་པར་བྱ།། སེམས་ཀྱི་རྡོ་རྗེ་དང་འདྲེས་ཕྱིས། དེ་མས་ཐམས་ཅད་རྒྱས་བཏབ ་ཏཱི།། རྡོ་རྗེ་གཉིས་ནི་གཉིས་མྱེད་སྤྱོད།། ལྕགས་ཀྱུ་ཡིས་ནི་ལམ་བཀུག་སྟེ།། སྲོག་གི་ལྕགས་ཀྱུ་རྟོག་ཏུ་ཤེས།། སྐུ་སྲོག་རྗེ་བྷྲཱུཾ་སྤྲོས་པའི་ཕྱིར།། དེ་ཡི་ལས་ནི་རབ་ཏུ་ཕུག་། དབྱུག་པ་ཡང་ནི་ལྔ་པར་གཟུང་།། བགས་ཆགས་རྣམས་ནི་འཇོམས་པའི་ཕྱིར།། ལས ་ཀྱི་དབྱུག་པ་ཞེས་བརྗོད་པ།། སྒྲོག་གོ་རླུང་གིས་གཟུང་བ་ག། གྲི་གུག་ཏུ་ནི་གང་བརྗོད་པ།། ཡནཱ་ལག་བཅུ་གཉིས་གཅོད་པའི་ཕྱིར།། ལས་བཅད་པ་ནི་རྣམ་གཟུང་བས།། བདུད་ཀྱི་སྡེ་རྣམས་བསྡིགས་པར་བྱེད།། ལན་པའི་སོ་མོ་བརྐྱང་བའི་ཕྱིར།། སེམས་ཅན ་ཅན་ཀུན་ལ་མི་འཇིགས་ཏེ།། སེམས་ཅན་དེ་བཞིན་གཤེགས་ལྔའི་དངོས།། མི་འཇིགས་པ་ནི་རྟག་ཏུ་བསྟན།། གཡོན་དུ་ཐོད་པ་གདུག་པ་ནི།། བདུད་ཀྱི་ཁྲག་བཀང་འཛིན་པའི་ཕྱིར།། ཚངས་པ་ཡི་ནི་གན་སུ་གང་། དེ་ཉིད་དུ་ནི་ཐིམ་སྟེ་གནས།། གང་ཕྱིར ་སྡིགས་མཛུབ་འཛིན་པ་ནི།། ལམ་གཅིག་གིས་ནི་མཛེས་པའི་ཕྱིར།། སེམས་ཅན་རྣམས་ལ་བསྟན་པ་ཉིད།། ཏིང་འཛིན་རྫོགས་པར་བསྒོམས་པའི་ཕྱིར།། འགྲོ་བ་ཐམས་ཅད་གཽཞུ་རྣམ་པ།། གཡོན་པོ་ཉིད་དུ་རྟག་ཏུ་གནས།། དེ་ཉིད་དབྱུག་པ་དགུག་པ་ཉིད།། ་མཚོན་བྱ་མཚོན་བྱེད་ཀྱི་ནི་འབིགས།། ཁ་ཊྭཱཾ་སྟོང་པའི་རྣམ་པ་སྟེ།། དྲི་ཟའི་སེམས་ཅན་ལྟ་བུ་ཉིད།། བག་ཆགས་དྲ་བ་སྤྱོང་བས་ན།། ཉེ་བར་དམིགས་པའི་དངོས་པོ་སྤངས།། ཞགས་པ་རྣམ་རྟོག་འཆིང་བ་སྟེ།། མིག ་ལ་སོགས་པ་བརྒྱད་ཀྱི་ནི།། རྣམ་པར་ཤེས་པ་རྨོངས་པར་འགྱུར།། བཅིངས་པའི་ཕྱིར་ན་དེ་ནི་སྤངས།། གང་གི་མགོ་བོ་གསུམ་འཛིན་པ།། དུས་གསུམ་པོ་ནི་གཅོད་པའི་ཕྱིར།། ཡང་ན་དེ་ཉིད་གསུམ་གྱིས་རིགས།། ཡི་གེ་རྣམས་ནི་གཅོད་པ ་ཡིན།། འགྲོ་བ་བློ་ལྡན་རིན་ཆེན་མཚུངས།། སངས་རྒྱས་རིན་ཆེན་དེ་རྟག་ཏུ།། སེམས་ཅན་གང་དག་རྨོངས་པ་ལ།། གྲོལ་བ་ཉིད་ཀྱི་ཕྱིར་ནི་གཟུང་།། བུམ་པ་བདུད་རྩིས་རབ་གང་བ།། སྤྲུལ་པ་ལ་སོགས་རོ་རྣམས་ཏེ།། སྐུ་བཞི་ཡིས་ནི་ཆོས ་ཀྱིས་ནི།། ཁམས་གསུམ་པ་ནི་ཚིམ་པར་བྱེད།། ཅེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། དེ་བཞིན་དུ་གཡས་ཀྱི་ཞེས་བྱ་བ་ལ་སོགས་པོ་ནི་གཡས་དང་གཡོན་དུ་ཞལ་དྲུག་གོ།། སྟེང་གི་ཞལ་ནི་བདུན་པའོ།། རྩ་བའི་ཞལ་ནི་བརྒྱད་པའོ།། ཞལ ་བདུན་པོ་རྣམས་ཀྱི་མདོག་གང་དག་ཡིན་པ་དེ་དག་ནི། ཨ་ད་དྷཱུ་ཏཱིའི་ནང་དུ་པགས་པ་ལ་སོགས་པའི་ཁམས་བདུན་གྱི་མདོག་འགོག་པའི་ཕྱིར་རོ།། བོང་བུའི་རྣམ་པ་ཞེས་པ་ནི་སྐྱེ་བ་བདུན་པ་བཞིན་སྣ་ཚོགས་འཛིན་པའི་ཕྱིར་རོ།། ཞབས ་བཞི་ཞེས་པ་ནི་སད་པ་ལ་སོགས་པ་རྣམ་པ་བཞི། ཁམས་གསུམ་རྣམས་སྤྲུལ་པ་ཉིད་རྣམ་པར་སྤྱོད་པའོ།། མདུང་རྩེ་གསུམ་ཞེས་པ་ནི་དུས་ཐམས་ཅད་དུ་དེ་ལྟར་རྩ་གསུམ་གྱི་སྦྱོར་བ་འཛིན་པའོ།། སྤྲུལ་ཞེས་པ་ནི་དེ་ལ་སྲོག་བརྟེན་པ་ཉིད་དེ།། སར་པ ་རོ་ཡི་སྒྲས་རྒྱས་པ་སྟེ། སྲོག་དེ་ལ་བྲལ་བ་ནི་སེམས་ཅན་མ་ཡིན་ཞེས་པའི་དོན་ཏོ།། དེ་ཡང་སྒྱུ་མ་བཞིན་ཉེ་བར་མཚོན་པའི་ཕྱིར་རོ།། དེ་ལྟར་རྣམ་པར་དག་པའི་ཐབས་སྣ་ཚོགས་པ། སྒྲུབ་ཐབས་ཐམས་ཅད་ལས་བླ་མའི་མན་ངག་གིས་རྟོག ་བར་བྱ་སྟེ། ངག་གིས་བརྗོད་པ་ཞེས་དགོངས་ཏེ་དང་པོའོ།། ། ད་ནི་རྡོ་རྗེ་འཛིན་བྱེད་ཀྱི་སྒྲུབ་ཐབས་བསྒོམ་པོའི་རིམ་པ་གསུངས་པ། དྷ་གའི་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྫོགས་པ། འདི་རྡོ་རྗེ་པའི་མཐར་ཐུག་པའི་སྒྲུབ ་ཐབསཽ་ཐམས་ཅད་ནི་གོ་སླའོ།། དེས་ན་རྒྱ་ཆེར་འགྲེལ་འདིར་རྒྱས་པར་བརྗོད་དོ།། དེ་ལྟ་མོད་ཀྱི་གནས་སྐབས་ཁ་ཅིག་ཏུ་ཚིག་རྟོགས་པའི་ཕྱིར་བཤད་པར་བྱའོ།། འདིར་ཡང་སྔོན་དུ་གསུངས་པའི་འཁོར་ལོ་སུཾ་ཅུ་རྩ་གཉིས་ཀྱིས་ལས་ཀྱིས ་ཚོགས་བསྟན་པ་དེ་རྣམས་ལ་ལས་ཀྱི་སྒྲུབ་ཐབས་འདི་རྣམས་སྦྱར་བར་བྱའོ།། འོན་ཀྱང་སླར་བཤད་པ་འདི་ལས་བསྒྲུབ་པར་བྱའོ།། དེས་ནི་མན་ངག་གིས་གསུངས་སོ།། དེ་བཞིན་དུ་སྔོན་གྱི་འཁོར་ལོའི་རྗེསུ་འབྲངས་པ་ཉིད་དབང་ལ་སོགས་པའི ་ཚིག་ལས་ཤེས་པར་བྱའོ།། དེ་བཞིན་དུ་དེར་གསུངས་པའི་དབང་ལ་སོགས་པ་དང་འདིར་བརྗེད་པའི་དབང་ལ་སོགས་པ་གཉིས་ཀ་འདུས་པ་ལས་ཤེས་པར་བྱའོ།། མ་ཡིན་ན་གཉིས་ག་དང་བྲལ་བའི་ཕྱིར། བརྗོད་པ་དོན་མེད་པར་འགྱུར ་ཞེས་པ་སྟེ་ངེས་པའོ།། །། དེ་ལྟར་རྡོ་རྗེ་འཇིག་བྱེད་ཀྱི་སྒྲུབ་ཐབས་ནི་གོ་སླའོ།། གཉིས།། ། དེ་བཞིན་དུ་འོད་ཟེར་ཅན་བརྗོད་དོ།། དེ་ནས་མང་ཞེས་བྱ་བ་ལ་སོགས་པ་ལ། མེ་ཏོག་འཛིཊ་མ་ཞེས་པ་ནི་རིན་པོ་ཆེ ་བཞིན་མེ་ཏོག་གི་ཅོད་པན་ནོ།། གསུངས་ཞེས་པ་ནི་སྡུད་པ་པོ་རང་ཉིད་ཀྱི་ཉེས་པ་སེལ་བའོ།། གཞན་ནི་ཇི་བཞིན་ཉིད་དོ།། གསུམ་པའོ།། དེ་བཞིན་དུ་པཪྵ་ཤ་བ་རིའི་སྒྲུབ་ཐབས་བརྗོད་དོ།། ནམ་མཁའི་དབྱིངས་ཞེས ་བྱ་བ་ལ་སོགས་པ་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབུ་སུའོ།། ལང་ཚོ་ཞེས་པ་ནི་ལོ་བཅུ་གཉིས་པའི་ཆ་བྱད་དོ།། ཐོར་ཚུགས་ཞེས་པ་ནི་སྤྱི་བོ་རི་སྐའོ།། དེ་དེ་བཞིན་དུ་མེ་ཏོག་གི་ཕྲེང་བས་བཅིངས་པའོ།། སྔ་མ་བཞིན་ཞེས་པ་ནི་འོད་ཟེར་ཅན་བཞིནོ།། ་དེཞི་པའོ།། དེ་བཞིན་དུ་རྡོ་རྗེ་ཁྲོ་བོ་རྣམས་ཀྱི་བསྒོམ་པ་གསུངས་པ། རྡོ་རྗེ་ཁྲོ་བོ་ཞེས་པ་ནི་དེའི་བརྗོད་པའོ།། འདིར་འི་པདྨ་འདབ་བརྒྱད་པ།། དུར་ཁྲོད་བརྒྱད་པོ་རྣམས་དབུས་སུ།། བདུད་རྩི་བྱེད་པའི་ཧེ་རུ་ཀ། ཁྲོ་བོ་འདི་ལྟ་བུ་བསྒོམ་བྱ།། མཐུན ་པའི་སྟོབས་སོགས་བརྩམས་ནས་ནི། གར་གྱི་ཚུལ་ལ་སྦྱོར་བ་ཉིད།། ཁ་དོག་དམར་པོ་འོད་མཉམ་པ།། ཁྲོ་བོའི་རྒྱལ་པ་བསམ་པར་བྱ།། ཞལ་བཞི་པ་ལ་ཕྱག་བཞི་པ། རལ་པའི་ཅོད་པན་གྱིས་ནི་མཛེས།། ཞལ་གྱི་མཆེ་བ་ཅུང་ཟད་བཙིགས།། ཡི་དགྲ ་ཆེན་པོ་གདན་དུ་བྱས།། ཕྱག་བཞི་རྣམས་ལ་མཚན་མ་རྣམས།། དབྱུག་པ་གཡས་ཀྱི་དང་པོ་ལ།། གཉིས་པ་ན་ནི་ལྕགས་ཀྱུ་ཉིད།། གཡོན་ན་སྡིགས་འཛུབ་ལྕགས་ཀྱུའོ།། དེ་ལྟར་ཁྲོ་བོ་མཆོག་ཐམས་ཅད།། གཅིག་ལ་སོགས་པ་མཐའ་ཡས་པའོ།། ། ་ཁ་ཅིག་ཤེས་རབ་ལྡན་པར་འདོད།། ཁ་ཅིག་དེ་ཡི་དངོས་བསྒོམས་བྱེད།། དངོས་གྲུབ་ཀུན་གྱི་གཞི་བྱེད་པ།། རྡོ་རྗེ་ཕག་མོ་རཱ་ནི་འདོད།། དེ་ཡི་མདོག་དང་མཚོན་ཆ་སོགས།། གོ་སླ་གཞན་དུ་རྒྱས་པའི་ཕྱར།། ཞེས་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། ། ་འོན་ཀྱང་གཞན་ཡང་བརྗོད་པ་སྟེ། རྡོ་རྗེ་ཁྲོ་བོ་ཞེས་པ་ནི་རྡོ་རྗེ་ཤུགས་ལ་སོགས་པའི་ཇི་ལྟར་འཐད་པའི་ཁྲོ་བོ་ཐམས་ཅད་བསྒོམ་པར་བྱའོ།། རྡོ་རྗེ་ཕག་མོ་ཞེས་པ་ནི་འཁྱུད་པའི་ཤེས་རབ་མའོ།། དེ་ཡང་དེའི་མདོག་ཅེས་པ་ནི་བཅོམ་ལྡན ་འདས་བཞིན་ནོ།། རྟའི་གཟུགས་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲས་ནི་ལྕེ་སྦྱངས་གི་གདོང་ལ་སོགས་པ་བསྡུའོ།། དེས་ནི་དེ་རྣམས་ཀྱིས་ལས་བསྒྲུབ་པོ།། ཡི་གེ་དང་ནི་ཡི་གེར་ལྡན། ཞེས་པ་ནི་རང་གིས་ས་བོན་ཡོངསུ་གྱུར་པ་ལས་ལྷར ་བཞེངས་པས། ས་བོན་དེ་ཉིད་འཛིན་པོའི་ཕྱིར་རོ།། དེ་བཞིན་དུ་ཡར་ཞེས་བྱ་བ་ལ་སོགས་པ་ནི་ས་བོན་བཞི་ལས་བཞི་བསྒྲུབ་པའོ།། དེ་ན་སྒྲུབ་པ་ཞེས་བྱ་བ་ལ། དུང་ཁ་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་བྱེ་བྲག་གིས་ཁ་དོག་གི་ཁྱད་པར་བསྒོམ་པའོ ་དེ་བཞིན་དུ་རླུང་ལ་སོགས་པའི་ཞེས་པ་ནི། རླུང་ལ་སོགས་པའི་དཀྱིལ་འཁོར་བཞི་ལ་ཞོན་པ་དེ་ཡང་རླུང་ལ་སོགས་པའི་ཕྱོགས་སུ་སོང་བར་བསམ་པར་བྱའོ།། དེ་ལྟར་ཡང་གི་ཆོ་ག་སྟེ་ལྔ་པའོ།། དེ་ལ་ཤིན་ཏུ་རས་ལས་གསུངས་པ། ཡི་གེར་ཞེ ་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ་དྲུག་པའོ།། །། དེ་བཞིན་དུ་མ་ཧེའི་གདོང་ཅན་གྱི་ལས་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་མ་ལུས་དེ་ཉིད་ཅེས་པོ་ནི་ཧཱུཾ་ངོ་།། སྲུང་མ་ཞེས་པ་ནི་རྣལ་འབྱོར་མ་གཞན་རྣམས་ཀྱིས་སྔགས་ཀྱི་སྲུངས ་པོས་བསྲུངས་པ་དེ་ལ་དེ་སྐད་ཅེས་བྱའོ།། ལྷག་མ་ནི་སྒྲ་ཇི་བཞིན་ཏེ། བདུན་པའོ།། །། དེ་བཞིན་དུ་གཞན་ཁྱིའི་གདོང་ཅན་གྱི་ལས་གསུངས་པ། དེ་ནས་ཁྱིའི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སྲིན་པོ་ཞེས་པ་ནི་སྔོན་དུ་གསུངས་པའི ་མ་ཧེའི་གཟུགས་ཅན་ཏེ། དེ་ལྟར་མ་ཧེའི་གཟུགས་སྤངས་པའི་ཕྱིར་ཁྱིའི་གདོང་པར་འགྱུར་རོ།། རྡོ་རྗེ་མཆུ་ཅན་ཞེས་པ་ནི་ཕག་གི་གདོང་ཅན་དེའི་རྐང་པར་ཞུགས་པའོ་བརྒྱད་པའོ།། །། དེ་བཞིན ་དུ་རྡོ་རྗེ་ཁྲོ་བའི་ལས་གསུངས་པ། འུག་པའི་ཞེས་བྱ་བ་ལ་སོགས་པ། ས་ལ་འགེག་ཅེས་པ་ནི་སའི་ནང་དུ་གཞུག་པའོ།། ལྷག་མ་ནི་སྔོན་བཞིན་དེ་དགུ་པའོ།། །། དེ་བཞིན་དུ་ཆང་དགུག་པ་གསུངས། ཅི་ཞེས་བྱ་བ་ལ་སོགས་པ་ནི ་ཆང་ཚོང་བའི་ཁྱིམ་ནས་ཆང་བླངས་ཏེ། དེའི་ཚེ་སྣོད་དེའི་སྟེང་འོག་ཏུ་རྟའི་རྣམ་པའི་གདོང་ཅན་གཉིས་བཞག་ནས་ཆང་ཐམས་ཅད་དགུག་པར་བྱ་སྟེ། བཅུ་པའོ།། །། དེ་བཞིན་དུ་མུ་སྟེགས་དང་ཉན་ཐོས་ལྀ་སོགས་པ་མཐོ ་འཚམས་པ་རྣམས་ཀྱི་ཆང་སྐྱུག་པའི་ཆོ་ག་གསུངས་པ། སྐུ་མདོག་ལྗང་གུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། བཅུ་གཅིག་པའོ།། དེ་བཞིན་རེང་སྡེ་པས་གསུངས་པ། རླུང་གི་ཞེས་བྱ་བ་ལ་སོགས་པ་ལ། འདི་རླུང་ཞེས་པ་ནི་རླུང་ལྷའི ་མཚམ་སུའོ།། ཁམ་ཕོར་ཞེས་པ་ནི་སྔོན་དུ་གསུངས་པའི་རེངས་པའི་འཁོར་ལོ་བྱ་བའོ།། དེ་ཉིད་ཀྱི་ནི་རི་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་རབ་རྩེ་མོ་བརྒྱད་པ་རི་བདུན་དོང་བཅས་པས་མནན་པའོ།། དེ་ཡང་ཡཾ་ལས ་བྱུང་བའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་སྦྱིན་པའོ།། དབུགས་ནི་ནང་དུ་བསྡམས་ཏེ།། ཞེས་བྱ་བ་ནི་རྣལ་འབྱོར་པས་ཏིང་ངེ་འཛིན་འདི་བསྒོམ་པར་བྱ་བའོ།། དེ་ཡང་ལས་ཀྱི་དུསུ་བྱ་ཞེས་པ་ནི་འདིར་ནི་ཡ~ཾ་དང་ལྡན་པའི་སྲོག་འགོག་པར ་བྱ་སྟེ། དེའི་སྟེང་དུ་ལམ་ཆིས་མཚན་པ་ཞེས་པ་ནི་ས་བསྒོམ་པའོ།། དེ་ཡང་ལམ་ཡོངསུ་གྱུར་པའོ།། དེ་ལྟར་བྱས་པས་ནི་རླུང་འཆིང་བར་འགྱུར་ཏེ། གཞན་དུ་ནི་མ་ཡིན་ནོ།། བཅུ་གཉིས་པའོ།། །། ད་ནི་སྤྲིན ་རྣམས་ཀྱི་ཆར་དབབ་པའི་ཆོག་གསུངས་པ། པདྨ་འདྲ་བ་བརྒྱད་ཅེས་བྱ་བ་ལ་སོགས་པ་ནི་འདིར་སྟོན་བཞིན་དུ་སྐད་ཅིག་རྣལ་འབྱོར་པའི་སྦྱོར་བས་པདྨ་འདྲ་བ་མ་བརྒྱད་པ་བྲིའོ།། དེ་ལྟར་འདྲ་བ་མ་བརྒྱད་ལ་མཐའ་ཡས ་ལ་སོགས་པ་ཀླུ་བརྒྱད་རྣམ་པར་དགོད་པར་བྱའོ།། དེའི་རིམ་པ་ནི་འདི་ཡིན་ཏེ། དེ་ལ་ཀླུ་ཐམས་ཅད་ཀྱི་མགོ་བོ་ནི་འདབ་མའི་རྩེ་མོ་རྣམས་ལ་དགོད་དོ།། མཇུག་མ་ནི་ལྟེ་བའི་གནས་སུའོ།། དེ་ལ་ལྟེ་བའི་དབུསུ་མཇུག་མ་རྣམས་ཀྱི་སྟེང ་དུ་རྡོ་རྗེ་ཁྲོ་བོ་ཞེས་པ་སྔོན་བཞིན་ཕྱག་འབུམ་ལྀ་སོག་པ་དེའི་སྐུས་གཟིར་བར་བྱ་ཞེས་སྦྱར་རོ།། ཀླུའི་ས་བོན་ཞེས་པཱ་ནི།། ཀླུ་རྣམས་ཀྱི་རང་རང་གྲི་མིང་དང་ལྡན་པའི་ཕུ་ཞེས་པ་དང་སྤེལ་བ་དགོད་པའོ།། དེ་བཞིན་དུ་ཀླུ་དེ་རྣམས་ཏིང་པའི ་མཐིལ་ཞེས་པ་ནི་ཐམས་ཅད་ཀྱི་འཇུག་མའི་རྩེ་མོར་ཞབས་སྦྱིན་པ་སྟེ། རྐང་པའི་རྩེ་མོའི་ཕྱི་ཚྭས་མཱནནུ་པ་དེའི་ཚེ་ཇི་སྐད་གསུངས་པ་བཞིན་བྱེད་དོ།། རྣལ་འབྱོར་དེའི་ལུས་ཐམས་ཅད་བྱེད་དོ།། དེ་བཞིན་དུ་ཡང་འདི་སྦྱོར་བ་གཞན་གསུང ་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། འདིར་རང་གི་ཕྱག་རྒྱ་ཞེས་པ་ནི་ཀླུ་བརྒྱད་པོ་རྣམས་ཀྱི་ཀླུའི་བུ་མོ་བརྒྱད་གཞུག་པར་བྱའོ།། བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་དང་རྟ་གདོང་མ་ལ་སོགས་པའི་རྣལ་འབྱོར་མའི་ཚོགས་གཞུགས་པར་བྱ ་རྣས་པ་ནི་སྒོམ་པར་བྱ་ས་པའི་ཀླུང་གྱུར་རོ།། དེས་ནཱ་ག་ཏུ་བཅས་པན་སྦྱིན་བྲལ་དུའི་དུན་། ད་སྒྱུག་སུ་འགྱུར་བ་སྟེ། འི་ལུས་གསུས་། ཨོཾ་དྷཱི་ཕཊ་ཡ་ཙྪ་ནྡ་ཡཱ་སྟྭ~ཾནཱས་པའོ།། སྱཱད་ཅིག་གིས་ནི་ཞེས ་དེ་བཞིན་དུ་ཏིང་ངེ་འཛིན་འདི་ལས་གཞན་གསུངས་པ། དགགས་ཞེས་བྱ་བ་ལ་སོགས་པ་ལས། མིག་ཅེས་པ་ནི་འཆད་བཞིན་པོ ་རྣམ་སྣང་མཛངས་སྟེ། དེས་སྦྱིན་ཐམས་ཅད་བྷིཤློགྷྲ་པཱར་གྱུ། ནི ་ཏྲཱ~ཾ་ས་རྫུན་པ་། ཞེས་པའི་མ་ཇུག་པ་ན་ག་འི་དིན་མངོན་འགྲུས་པའོ། བྱུང་གནན་དྷ་མཁའ་འདུ་དང་འཕྲུ ་པའི་བྱིན་གྱི་ས་ཐམ་སྟེའི་དབང་པོ་རྣམ་པར་དག་པ་དང་། སངས་རྒྱས་ཉིད་ལ་སགས་པའི་དྲིས་ཟུང་ཚིགས་སྨྲ་འི་ཕྱིར་གྱི་མིའིའི་ཐུབ་ཐབས་གསུངམ་གནོམ་པའི་དས ་བ་རྣམསུ་རྙེད་སླ་བིའི་དོན་ཏོ།། ་ཞེས་བྱ་བ་ལ་སོགས་པ་ནཱི། ཆོས་ཀྱི་འབྱུང་གནས་ཀྱི་གཞལ་ཡས་ཁང་གི་ནང་དུ་པདྨ་ཆེན་པོ་བསྡམ་མོ།། དེའི་ལྟེ་བར་ཨཱ་ལི་ཀཱ་ལིའི་སྟེང་དུ་ཡི་གེ་ཧཾ་མཾ་ཡི་གེ་བཅུ་ཧྲཱིཿདང་སྤེལ་བར་བསམ་མོ།། དེ་ཡོངསུ་གྱུར་པ་ལས་བདག་ཉིད་སྒྲོལ ་མའི་གཟུགསུ་སྐད་ཅིག་གིས་བསམ་པར་བྱའོ།། དེ་བཞིན་དུ་ཞལ་གསུམ་ཞེས་བྱ་བ་ལ་སོགས་པ་ནི།། ཞལ་གསུམ་པ་ཕྱག་བཅུ་པ་ཞབས་གཉིས་ཀྱིས་དབང་ཕྱུག་ཆེན་པོ་དང་ཁྱབ་འཇུག་གནོན་པའི་ལྷ་མོར་དེ་བཞིན་དུ་བྱའོ།། ལྷག་མ ་ནི་གོ་སླའོ།། ནང་དུ་རྩ་སུམ་ཅུ་རྩ་གཉིས་ཀྱི་མཚམསུ་རང་བྱིན་གྱིས་བརླབས་པས་ན། ན་མཁའི་དབྱིངས་ཞེས་བྱའོ།། དེའི་དབུ་སུ་ཞེས་པ་ནི། རྩ་གཉི་སུ་འཕོ་བའི་སྦྱོར་བས་སོ།། ཞལ་གསུམ་ཞེས་པ་ནི་སྤྲོ་བ་དང་བསྡུ་བ་དང་གནས་པའོ།། དེ་བཞིན ་དུ་ཐིམ་པ་དང་། ལོངས་སྤྱོད་པ་དང་། དབང་དུ་བྱེད་པའི་རམཾ་པཽས་སོ།། དེ་ཡང་རྩེ་གཅིག་དོར་བ་ནི་ཐིམཽ་པའོ།། གཅིག་ལ་འཇུག་པ་ནི།། ལོངས་སྤྱོད་པའོ།། གཉིས་ཀྭའི་མཚམསུ་བྱེད་པ་ནི་དབང་དུ་བྱེད་པའོ།། དེ་བཞིན་དུ་སྤྱན་གསུམ་ཞེས་པ་ནི ་ཞལ་གསུམ་ལ་སྤྱན་དྲོ་གུའོ།། དེ་ལ་སྔོན་དུ་གསུངས་པའི་ནང་གི་བཅུད་ཀྱིས་ལེན་གྱིས་རྫས་དགུ་དགུན་སྟོན་ལ་སོགས་པ་དུས་དྲུག་ལས་བྱུང་བའི་འཇུག་པའི་ཕྱིར་རྩ་དགུ་ཨོཾ་བ་དྷཱུ་ཏཱིའི་ནང་དུ་གཟུང་། དེ་བཞིན་དུ་རྒྱུནི་ཀུན་ཞེས་པ་ནི་དེ་ལྟར ་བྱས་ནས་རྣལ་འབྱོར་པའི་ལང་ཚོ་གཞོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་མཚན་གྱིས་བརྒྱན་པ་རྟག་ཏུ་གོམས་པའི་ཕྱིར།། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཞེས་པའི་དོན་ཏོ།། དེ་ཡང་སྟག་གི་ཞེས་བྱ་བ་ལ་སོགས་པ་ནི། སྲོག་ལ་སོག ་པའི་རླུང་མན་ངག་གིས་འགོག་པ་ལ་གོམས་པའི་ཕྱིར། གཏུམ་མོ་སྦར་བར་བྱའོ།། དེའི་པགས་པ་ཞེས་པ་ནི་རང་རིག་པའི་མཚན་ཉིད་ཅན་རེག་པའི་བདེ་བའོ།། དེ་དག་གི་ན་བཟའ་ཞེས་པ་ནི་གནས་དེར་དུས་ཐམས ་ཅད་དུ་གནས་པའོ།། དེ་ལ་སྐུ་མདོག་དམར་པོ་ཞེས་པ་ནི་ཁམས་གསུམ་པ་དབང་དུ་བྱ་བའི་ཕྱིར་སྐུ་དང་། གསུང་དང་ཐུགས་ལས་བྱུང་བ་ཉིད་དེ། གང་གི་ཕྱིར་ཤིན་ཏུ་ཆགས་པ་རྒྱུན་ཏུ་འབབ་པའི་ཕྱིར་རོ།། གཟི་བརྗིད་ཆེ་ཞེས་པ་ནི་འབད་པ་དང ་བཅས་པའི་བརྩོན་འགྲུ་ལ།། ཉི་མ་འམང་ཀ་ཞེས་པ་ནི་སེམས་ཅན་ཐམས་ཅད་གཉིད་དང་ལྀ་ལེ་དང་། རྨོངས་པ་དང་བརྩོན་འགྲུས་དམན་པ་དང་ལྡན་ལ་བདག་ཉིད་ནི། ཐོ་རངས་སྣང་བ་གསལ་བས་ཁ་དོག་དམར་པོའི་འོད་།། རྣལ་འབྱོར་པ ་ཡང་སྤྲོ་བ་དེ་ཉིད་ཀྱིས་ནི། དུས་ཐམས་ཅད་དུ་དེའི་རང་བཞིན་གྱི་སྦྱོར་བས་དམར་པོར་སྣང་ངོ་།། དེ་ཉིད་ཀྱིས་ན་གང་གི་རྨོངས་པ་འཆི་འགྱུར་བ།། དེ་ཡིས་མཁས་པ་གྲོལ་བར་འགྱུར་ཞེས་གསུངས་པའི་ཕྱིར་རོ།། དེ་བཞིན་དུ་ཕྱག་བཅུ་ཡང ་དེ་རྣམས་ཀྱི་གཡོན་ད་གཡས་རྣམས་ཀྱི་རིམ་པ་བཞིན་མཚན་བརྗིད་དེ། རལ་གྲི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་གཡས་ཀྱི་ཕྱག་ལྔ་རྣམས་ལ། རལ་གྲི་མདའ་དང་ཤ་ཆེན་པོདེ་བཞིན་ཅང་ཏེའུ་ལྕགས་ཀྱུའོ།། གཡོན་བཱ་ཁ་ཊྭཱཾ་གཽ་དང་གཙུ། ་ཐོད་པ་ཞགས་པ་དེ་བཞིན་འདིར།། ལྔ་པ་ཉིད་ནི་ཨུཏྤ་ལ།། ལྷ་མོ་དེ་ནི་རྣམ་པར་སྤྲས།། འདི་རྣམས་ཀྱི་རྣམ་པར་དག་པ་གསུངས་པ། རལ་གྲི་འཛིན་པའི་སེམས་ཅན་རྣམས།། འདུལ་ཞིང་ཤེས་རབ་འཕེལ་བའི་ཕྱིར།། མདའ་ཡིས་སེམས་ནི་འབུགས ་བས་ན།། ཤ་ཆེ་ནོ་ཡཱི་རྒྱ་ཡཱི་གྲང་བ།། ཅང་ཏེའུ་ཐབས་ཉིད་ཡིན་ཏེ།། བདེན་པ་གཉིས་ཀྱི་ཚུལྔ་ལ་གནས།། ལྕགས་ཀྱུས་བདེ་བ་ཆེན་པོ་ནི།། རྟག་ཏུ་འགུགས་པའི་བྱ་བ་བྱེད།། སེམས་ནི་ཁ་ཊྭཱཾ་ག་བཞིན་དུ།། ཆོས་རྣམས་ཉིད་ནི་མི་དམིག་སོ།། གཞུ་ནི་རྟག ་ཏུ་སྒྲར་ཤེས་བྱ།། ཐོད་པའི་ཐིག་ལ་ཡི་ནི་གདན།། ཞགས་པས་སེམས་ཅན་རྣམས་ཀྱིས་ནི།། ཡན་ལག་བཅུ་གཉིས་ཀུན་ནས་འཆིང་།། ཨུཏྤ་ལ་ཡིས་ཡང་དོག་པོའི།། ཡེ་ཤེས་སྤྲོས་མེད་བརྗོད་མེད་པའོ།། ཁ་དོག་སྔོན་པོ་དམར་རྣམས་པ། སྙིང་རྗེ ་ཡི་ནི་གཟུགས་བསྟན་ཉིད།། དེ་བཞིན་དུ་གཡོན་བརྐྱང་བ་ལ་སོགས་པ་ནི་སྔོན་བཞིན་དུ་རྟོགས་པར་བྱ་ཞེས་པ་སྟེ་ངེས་པའོ།། བཅུ་དྲུག་པའོ།། །། དེ་བཞིན་དུ་གསུངས་པའི་མཚན་ཉིད་ཀྱིས་རྣམ་པ་དང་བཅས་པའི་སྒོམ་པའི ་ཕྱིར་སྒྲོལ་མས་སླར་ཡང་དབང་དུ་བྱེད་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ཞེས་པ་ནི་ཡི་གེ་བཅུའོ།། ཞལ་གསུམ་པ་ཞེས་པ་ནི་སྔོན་དུ་གསུངས་པའི་སྒྲོལ་མའི་གཟུགསོ།། ལྷག་མ་ནི་གོ་སླའོ།། །། བཅུ་བདུན་པའོ།། ་དེ་བཞིན་དུ་རྡོ་རྗེ་ཐོག་ལ་སོགས་པ་བཟློག་པའི་ཕྱིར་སྦྱོར་བ་གསུངས་པ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དམ་པ་དང་པཾ་ཞེས་པ་ནི་རྡོ་རྗེ་སེམས་དཔའི་གཟུགས་ཏེ། དེ་ལྟ་བུར་གྱུར་པ་འདབ་མ་བརྒྱད་པའི་དབུས་སུ་ལྷ་མོ་བཞིས་ཡོངསུ ་བསྐོར་བའི་བཅོམ་ལྡན་འདས་བསྒོམས་པར་བྱའོ།། དེ་ལ་བསྒྱིངས་མ་ཞེས་བྱ་བ་ལྀ་སོགས་པ་ནི་ཤར་གྱི་འདབ་མ་ལ་ནི་རྡོ་རྗེ་མཚོན་ཆ་མའོ།། ལྷོའི་འདབ་མ་ལ་རྡོ་རྗེ་ཀཱི་ལི་ཀཱི་ལའོ།། ནུབ་ཀྱི་འདབ་མ་ལ་རྡོ་རྗེ་རྩེ་མོའོ།། བྱང་གི་འདབ ་མ་ལ་རྡོ་རྗེ་སྙིང་པོ་མའོ།། དེ་ལྟར་ཐམས་ཅད་ཕྱག་བཞི་མ་སྟེ། དེ་རྣམས་ཀྱི་མཚོན་ཆ་ལ་རྡོ་རྗེ་གཏོད་པ་ཞེས་པ་ནི་རྡོ་རྗེ་གསོར་བའོ།། དེ་ལྟ་བུར་གྱུར་པ་ན་མཁར་བསྒོམ་པར་བྱའོ།། ལྷག་མ་ནི་གོ་སླའོ།། ་བཅོ་བརྒྱད་པའོ།། དེ་བཞིན་དུ་གསདྲ་པ་ལ་གཤིན་རྗེའི་འཁྲུལ་འཁོར་གསུངས་པ།། དེ་ནས་བསད་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྒྱུ་མ་གསུངས་མོད།། དེ་བཞིན་དུ་ཞི་བ་ལ་སོགས་པའི་འབྲས་བུ་གནས་པར་ཤེས་པར་བྱའོ།། ཇི ་ལྟར་འབྲས་བུ་རྒྱུ་རྒྱས་བཏབ་དེ་བཞིན་དུ་འདིར་ཤེས་པར་བྱའོ།། གཤིན་རྗེའི་འཁོར་ལོ་རིམ་གསུམ་བུ་བྱ་སྟེ། དེ་ལ་ནང་གི་རིམ་པས་རེའུ་མིག་བརྒྱད་དོ།། དེའི་ཕྱི་རུ་རྩིབས་བཅུ་གཉིས་ཏེ། དེ་ལས་རེའུ་མིག་བཅུ་བདུན་ལ་ཡཾ་ལ་སོ། ་པ་ཡི་གེ་བཅུ་བདུན་དགོད་པར་འགྱུར་ཏེ། ནང་གི་འཁོར་ལོའི་ཤར་ལ་སོགས་པའི་གནས་བཞི་རུ།། ཡི་གཽ་བཞི་དགོད་ཏེ། དེ་ལ་ཀྵེ་མཱ་མེ་དའོ།། དེའི་དབུསུ་ཡའོ།། མཚམས་ཀྱི་ཆ་བཞིར་བསྒྲུབ་བྱའི་མིང་སྤེལ་བའི་སྔགས་ཧྲཱིཿཥྚྲཱིཿཞེས་བྱ་བ་ལ ་སོགས་པའོ།། དེའི་ཕྱི་རོལ་ཏུ་རྩིབས་བཅུ་གཉིས་ལ་ཤར་ལ་སོགས་པ་གཡས་སྐོར་དུ་དགོད་དེ།། དེ་ཡང་ཡཙྪ་ནི་རཱ་ཙ་ས་དོ་རུ་ཎ་ཡེ་ནརི་ར་ཞེས་པའི་ཡི་གེ་བཅུ་གཉིསུ་འགྱུར་རོ།། དེའི་ཕྱི་རོལ་ཏུ་རེ་མིག་བཅུ་དྲུག་བྱའོ།། དེ་རྣམས་ལ་ཤཽར་ལ ་སོགས་པའི་རེའུ་མི་གཽ་རེ་རེ་བར་དུ་ཨོཾ་ཧྲཱིཿཥྚྲྀཿཞེས་བྱ་བ་ལ་སོགས་པ་ཡི་གེ་རེ་རེ་བྲི་བར་བའོ།། ལྷག་མ་བརྒྱད་ལ་བསྒྲུབ་བྱའི་མིང་དང་སྤེལ་བའི་སྔགས་བྲིའོ།། དེའི་ཕྱི་རོལ་ཏུ་སྔགས་ཀྱི་ཡི་གེ་ཕྱིན་ཅི་ལོག་ཏུ་བྲི་བ་ནི་མན་ངག་གོ།། དེ་ལྟར་འཁོར་ལོ ་གཉིས་བྱ་སྟེ། གཅིག་ནི་གཡས་སྐོར་དུ་བྲིའོ།། གཉིས་པ་ནི་གཡོན་སྐོར་དུ་བྲི་བ་ནི་ཐམས་ཅད་དུ་ངེས་པ་ཉིད་དེ། ལྷག་མ་ནི་སྔོན་དུ་གསུངས་པའི་ཆོ་ག་ཉིད་ཀྱིས་རྟོག་པར་བྱའོ།། གཞན་ཡང་ཞི་བ་ལ་སོགས་པའི་ལས་རྣམས་ལ་ཞི་བ་ལ ་མཐའི་ཡོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་གོ་སླའོ།། བཅུ་དགུ་པའོ།། ། དེ་བཞིན་དུ་ཀུ་རུ་ཀུལླེའི་སྦྱོར་བས་དབང་དུ་བྱེད་པ་གསུངས་པ། བུད་མོད་ཅེས་བྱ་བ་ལ་སོགས་པ་ལ། ཡང་ཞེས་པ་ནི་སྔོན་དུ་གསུངས་པ ་སྒྲོལ་མ་བཞིན་དུ་བསྒོམ་པའོ།། འོན་ཀྱང་རྣལ་འབྱོར་པ་ཀུ་རུ་ཀུལླེའི་ང་རྒྱལ་དུ་བྱེད་པའོ།། ལྷག་མ་སྔོན་བཞོན་ནོ།། ཉི་ཤུ་པའོ།། ། ད་ནི་དུསུ་ཟིན་པ་བསླང་བའི་སྦྱོར་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས ་པོ་ལ། མིག་དག་གི་ཞེས་པ་ནི་མཛོད་སྤུ་ལས་སོ།། ལྷག་མྱ་ནི་གོ་སླའོ།། ཉི་ཤུ་གཅིག་པའོ།། ། དེ་བཞིན་དུ་ཟླ་བ་དང་ཉི་མ་གཟུང་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པོ་ནི་ཕྱིའི་ལས་བྱ་བ་ལ་སོགས་པོ་ནི་ཕྱིའི་ལས་བྱ ་བ་གསུངས་པ་ཐམས་ཅད་ནི་གོ་སླའོ།། འོན་ཀྱང་ནང་དུ་སྒྲོག་དང་ཐུར་སེལ་འགོག་པ་ཁུ་བ་དང་རྡུལ་དག་གཟུང་བར་བྱའོ།། དེ་ནས་ལྟ་སྟངས་ཕྱི་རུ་སྦྱར་བར་བྱ་ཞེས་པ་སྷོ་ངེས་པའོ།། ཉི་ཤུ་གཉིས་པའོ།། །། དེ་བཞིན་དུ་གཞན ་གྱི་དཔུང་ཞེས་བྱ་བ་ལ་སོགས་པ་ནི་ནང་དུ་དགྲ་རྣམས་ནི་ཡི་གེ་ལྔ་བཅུ་རྣམ་སོ།། དེ་རྣམས་ཀྱི་མགོ་བོ་བཅད་པའི་ཕྱིར་འདི་བསྒྲུབ་པར་བྱའོ།། རྡོ་རྒྱུས་ཞེས་པ་ནི་ཨ་བ་དྷཱུ་ཏཱའི་ནང་གི་བྱང་ཆུབ་སེམས་སོ།། དེ་ཕྱི་མ་ཞེས་པ་ནི་དེ་ཐིམ་པར ་བྱཱསྭཱ་པའོ།། བདུད་རྩི་ལྔ་ཞེས་པ་ནི་དྲི་ཆེན་ལ་སོག་པ་དེ་ཉིད་དུ་ཐིམ་པར་བྱའོ།། ཀུ་ཐར་ཚིནྣ་ཞེས་པ་ནི་ཨ་བ་དྷཱུ་ཏཱིའི་ཁོང་སྟོང་ངོ་།། དེ་དང་བསྲེས་ལ་ཞེས་པ་ནི་རིལ་པོ་གཅིག་ཏུ་གྱུར་པ་རི་ལུ་ཞེས་བྱའོ།། ་དེ་བཞིན་དུ་རིལ་པ་སྤྱི་བླུགས་ཞེས་པོ་ནི་མི་ཤིགས་པ་བདུད་རྩིས་གང་བའོ།། དེའི་སྐྱེ་བ་ནི་ཐུར་ཏུ་བལྟས་པའི་མགོ་འམ། བུ་གའི་གནས་སུའོ།། དེ་ལ་རི་མོ་བསྐོར་ན་ཞེས་པ་ནི་མི་འཛག་པར་འགྱུར་བའོ།། དེའི་ཕྱིར་ཡི་གེ་བརྗོད་དུ་མེད་པོ་དེ་ལ ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་ཕྱི་རུ་ཡང་དེ་ཉིད་ཀྱི་ལྟ་བས་ཐམས་ཅད་བྱ་ཞེས་པ་སྟེ་དྲིས་པའོ།། ཉི་ཤུ་གསུམ་པའོ།། ། དེ་བཞིན་དུ་ལྷ་རྣམས་ངགས་པར་འདོད་པས་ཐིག་ལེའི་བསྒྲུབ་པ་གསུངས་པ། ལྷ་ཞེས་བྱ་བ་ལ་སོགས ་པ་ལ། རྡོ་རྗེ་བཅིངས་པ་ཞེས་པ་ནི་སྔོན་དུ་གསུངས་པའི་མན་ངག་ཉིད་དོ།། རྟོག་པ་དང་པོའི་རབ་ཏུ་བྱེད་པར་ཡང་གསུངས་པའོ།། དེ་བཞིན་དུ་རྟོག་པ་བཅུ་གཅིག་པ་ལས་ཀྱང་བསྟན་པར་བྱའོ།། དེ་བཞིན་དུ་རྡོ་རྗེ་མེ་ཏོག་ཅེས་པ་ནི་མཆོག་ཏུ་མི་འཛག ་པའི་བྱང་ཆུབ་ཀྱི་མེ་ཏོག་གོ།། དེ་ཉིད་ཀྱིས་ནཱ་སྒྲུབ་པ་པོ་དེ་ཡང་། ཀུ་ཐར་ཚིན་དྷཱ་དང་བསྲེས། ཞེས་པོ་ནི་མི་རྒྱུའོ།། ཉི་མ་གཟས་ཟིན་པ་ཞེས་པ་ནི་སྡུད་པའི་དུསུ་སྒྲ་གཅན་གྱི་རྩ་ལ་འཇུག་པའོ།། མི་བསྐྱོད་པ་དང་སྟ་རེ་ཞེས་པ་ནི་གང་གི་ཕྱིར་འཁྲུག་པ ་ནི་མི་བསྐྱོད་པ་སྟེ་མི་གཡོ་བའི་ཏིང་ངེ་འཛིན་ཞེས་པའི་དོན་ཏོ།། སྟ་རེ་ཞེས་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ལྟ་རེ་རྣོན་པ་བཞིན་དུ་གྱུར་པ་དེ་ཉིད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་གཅོད་པར་བྱེད་པའོ།། རྐང་པས་མནན་ཏེ་ཞེས་པ་ནི་རྐང་པའི་སྒྲས་ནི ་དགའ་བ་བཞིའི་ལྷག་མ་ལྷན་ཅིག་སྐྱེས་པའི་དགའ་བ་གཟུང་སྟེ། དེས་མནན་པ་ནི་སྟོང་པའི་སྟ་རེའོ།། དེའི་ཕྱིར་སྔགས་བཟླས་པ་ཞེས་པ་ནི་ཨོཾ་ལ་སོགས་པ་དུས་ཀྱི་ཡི་གེ་རྣམ་སོ།། དེས་ན་བརྗོད་པའི་དུས་ཀྱི་ཞེས་པ་སྟེ་ངེས་པའོ།། ཐིག་ལེ་ཞེས་པ་ནི་སྦྱོར་བ ་འདིས་སྟོང་པ་ཉིད་ལ་ཞུགས་པའོ།། གླིང་ལ་ཕྱག་བྱས་པ་ཞེས་པ་ནི་དངོས་པོ་གང་དང་གང་བྱུང་བ་དེ་དང་དེ་ཐམས་ཅད་དེ་བཞིན་ཉིད་དུ་ཞུགས་པས་ནཱ་དེ་རྣམས་འཇིག་པའོ།། ཕྱི་རུ་ཡང་ལྷ་རྣམས་དགས་པ་ནི་དེ་ལ་བརྟེན་པའི་ཕྱིར་ཞེས་དགོངས་སོ།། ་ཤུ་བཞི་པའོ།། ། ད་ནཱི་སྤྲིནྡ་རྣམས་ལས་ཆར་འབབ་པའི་ཆོ་ག་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆོ་ག་བཞིན་ཞེས་པ་ནི། དུར་ཁྲོད་ཀྱི་ས་དང་། སིལ་བ་དང་དུག་དང་། སྐྱེ་ཚོ་ལ་སོགས་པ་ལྡན་པོས་བྱ་བའོ།། དཀྱིལ་འ ་བྲིས་ལ་ཞེས་པ་ནི་སྔོན་དུ་གསུངས་པའི་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་ཏེ། དེར་བདག་པོ་ནས་བརྩམས་ཏེ་དཀྱིལ་འཁོར་བ་ཡང་ངོ་།། དེ་བཞིན་དུ་མཐའ་ཡས་མནན་པའི་དགྱེས་པའི་རྡོ་རྗེའི་གཟུགས་བྲི་ཞེས་པ་ནི་སྒྲུབ་ཐབས་ཀྱི་རིམ་པས་བསྒོམ ་པར་བྱའོ།། ཨ་རྫ་ཀ་ཞེས་པ་ནི་པ་ན་སའོ།། ལྷག་མ་ནི་གོ་སླའོ།། ཉི་ཤུ་ལྔ་པའོ།། ། དེ་བཞིན་དུ་རླུང་ཆེན་པོ་དང་ཆར་ཆེས་པ་བཅད་པོའི་ཕྱིར་སྦྱིན་རྣམས་བྲལ་བའི་ཆོ་ག་གསུངས་པ། སྤྲིན་རྣམས་དྲལ་བར་འདོད་ན་ཞེས་བྱ་བ་ལ་སོགས་བྱ ་ནིགེ་སློའོ།། ཉི་ཤུ་དྲུག་པའོ།། ། དེ་ལྟར་ལས་ཚེགས་ཉི་ཤུ་རྩ་བདུན་གྱི་སྒྲུབ་ཐབས་གསུངས་ཏེ། ལྷག་མ་དྲུག་ནི་སྔོན་དུ་གསུངས་པའི་འཁོར་ལོ་སུམ་ཅུ་རྩ་གཉིས་ཀྱི་སྐབསུ་ལྷ་རྣམས་ཀྱི་མཚན་གྱིས་བསྟན་ཏེ། དེས་ན་འདིར་མ་གསུང་།། ་དེ་ལྟར་སུམ་ཅུ་རྩ་གཉིས་སུ་གྱུར་ཞེས་པ་ནི་མདོར་བསྡུས་པར་འགྱུར་རོ།། རྒྱས་པའི་གཞུང་སྣ་ཚོགས་པའི་དགོངས་པ་རྣམས་བླ་མའི་ཁ་ལས་རྙེད་པར་འགྱུར་རོ།། ། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ། ་རྟོག་པ་བདུན་པའི་མདོར་བསྟན་པ་གསུམ་གྱི་མཐར་སྣ་ཚོགས་སླར་བཤད་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་ལས་ལས་ཐམས་ཅད་ཀྱི་བསམ་གཏན་འབྱུང་བ་ལ་སོགས་པའི་རྟོག་པ་སྟེ། བཞི་པ ་བསྟན་པའོ།། །། ད་ནི་དཔལ་རྡོ་རྗེ་དྲིལ་བུ་ལ་སོགས་པ་དེ་ཁོ་ན་ཉིད་བཞི་མ་རྟོག་པར་རྣལ་འབྱོར་པ་རྣམས་ཀྱི་དངོས་གྲུབ་ཆེས་མྱུར་བར་མི་འཐོབ་སྟེ། དེའི་དབང་དུ་བྱས་པའི་རྟོག་པ་བརྒྱད་པ་གསུངས་པ། མཚོན་བྱ་ཞེས་བྱ་བ་ལ ་སོགས་པ་ལྔ། མཚོན་བྱའི་མཚན་ཉིད་ཅེས་པ་ནང་གི་མཚན་ཉིད་བཞི་དགོངས་པས་བཤད་པ་ཉིད་ཀྱིས་མཚོན་པའི་སྐད་ཅིག་ཅེས་པ་བསམ་དུ་མེད་པ་སྟེ་མཚན་ཉིད་གང་གིས་མཚོན་པའི་མཚོན་བྱ་ནི་སྐད་ཅིག་གྲོ།། དེ་ཡང་དེ་ཉིད་བཞི ་ཞེས་པ་ནི་འདིར་ཆོས་ཐམས་ཅད་ཀྱི་གྲུབ་པའི་མཐའ་ལ་གནས་པ་ནི།། བཅོམ་ལྡན་འདས་ཏེ། འདིར་གྲུབ་པའི་མཐར་འདིར་ཡང་མཐའ་བཞི་པོ་དེས་རྟོགས་དེ་ཁོ་ན་ཉིད་དམ་པའི་དོན་མཐོང་བས་སངས་རྒྱས་རྡོ་རྗེ་འཛིན་པ་ལ་སོགས་པའི ་གོ་འཕང་ཐོབ་པའོ།། དེ་མི་འཚལ་ཞེས་པ་ནི་འདིར་སོམ་ཉི་རྣམ་པ་གཉིས་བརྗོད་དོ།། དེ་ལ་འདིར་གལ་ཏེ་རེ་ཞིག་རྟོག་པ་བདུན་པར་བཅོམ་ལྡན་འདས་ཀྱི་ངེས་པར་བསྟན་ཏེ། ལས་ཐམས་ཅད་ཀྱི་བསམ་གཏན་འབྱུང་བ་ཞེས་པ་ལས་ཐམས་ཅད ་ཀྱི་ཚོགས་རྣམས་དེ་ཉིད་བསམ་གཏན་ལས་བྱུང་བ་ཞེས་པ་ལྔ་པའི་དོན་ལ་དང་པོ་སྟེ། དེ་བཞིན་དུ་དེ་རྣམས་བསམ་གཏན་ལས་བྱུང་བའི་ཕྱིར་རོ།། དེ་བཞིན་དུ་བསམ་གཏན་ཞེས་པའི་ཏིང་ངེ་འཛིན་གླང་གིས་དངོས་པོ་གཡོ་བ་ཐམས་ཅད་འགྲོག ་པའོ།། འོན་ཏེ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཡེ་ཤེས་དེ་སྐྱེ་བ་གཞན་ཡང་ཉམ་སུ་མྱོང་བར་འགྱུར་ཏེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱི་ངེས་པ་སྐྱེ་བོ་འདིར་སྔགས་ཀྱི་སྤྱོད་པ་རྟོགས་པའི་ཕྱིར་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་བ་ཉིད ་དུ་འགྱུར་ན། དེའི་ཚེ་ཇི་ལྟར་བཅོམ་ལྡན་འདས་ཀྱི་ལས་ཚོགས་ཀྱི་ཚུལ་གྱིས་སངས་རྒྱས་པ་དེའི་ཚེས་བཅུ་གཉིས་པ་ཙམ་ལ་བརྟེན་ཏེ། ཐར་པ་འབྱུང་བ་ས་བཅུ་གསུམ་པོ་ནི་མ་ཡིན་ནོ།། གྲོང་གི་ཕྱིར་བསམ་གྱིས་མི་ཁྱབ་པའི་ས་དེས ་ན་བསམ་དུ་མེང་པའི་ཡེ་ཤེས་དེ་ཉིད་གཉིསུ་མེད་པ་བསམ་དུ་མེད་པའི་བསམ་དུ་མེད་པ་ཞེས་པའི་དོན་ཏོ།། དེའི་ཕྱིར་དེ་མེད་པའི་ཕྱིར་སངས་རྒྱས་ཉིད་ལ་སོགས་པར་མི་འགྱུར་རོ།། དེ་ལྟར་སོམ་ཉི་གཅིག་གོ།། དེ་བཞིན་དུ་གཉིས་པ་བརྗོད་དོ།། ་འདིར་གལ་ཏེ་རེ་ཞིག་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་བསམ་གཏན་ལ་སོགས་གྲུབ། དེས་ན་ལུས་ཀྱི་ཚོགས་ཀྱི་ཚུལ་གྱིས་སེམས་ཅན་གྱི་དོན་དུང་སངས་རྒྱས་ཉིད་སྐྱེ་བ་གཞན་ལས་བཅུ་གཉིས་ལ་བརྟེན་པ་ལ་སོགས་པ་གྲངས་མེད་པ།། ་སངས་རྒྱས་ཉིད་ལ་སོགས་པར་མི་འགྱུར་ན་དེའི་ཚེ་ཡང་འགལ་ཏེ། དངོས་པོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་མར་མེ་བཞིན་མྱ་ངན་ལས་འདས་པའི་ཡེ་ཤེས་འཇུག་གོ།། དེའི་ཚེ་དེས་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་རྣམས་ལས ་ཉམས་ཏེ། དེ་ལྟར་ཉམས་པས་ཉན་ཐོས་ལ་སོགས་པའི་སར་ལྟུང་ངོ་།། དེ་ལྟར་ཕྱོགས་གཉི་ག་ལ་ཉེས་པར་འགྱུར་རོ།། དེའི་ཕྱིར་འདིའི་ཐབས་ཀྱིས་ཡེ་ཤེས་ཀྱི་ཕྱིར། དེ་ཁོ་ན་ཉིད་བཞི་མ་གཏོགས་པར་བྱུང ་ཆུབ་མེད་ཞེས་དགོང་སོ།། དེས་ན་དེ་རྣམས་མི་འཚུལ་ཞེས་སྦྱར་རོ།། དེ་བཞིན་དུ་བདྲེ་བ་ཆེན་པོ་བཤྭད་དུ་གསོལ་ཞེས་པ་ནི་ཁྲི་བ་ཆེན་པོ་ལས་བདེ་བ་ཆེན་པོ་ལྟ་བུ་བདེ་བ་ཆེན་པོ་བཤད་དུ་གསོལ་ཞེས་པའོ།། དེ་ཚེ་བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ་ནི། འཁོར་བ་ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་བོད་པའི་ཕྱིར་རོ།། དེ་ཉིད་ཇི་བཞིན་ཞེས་པ་ནི་ཇི་ལྟར་ཕྱི་དང་ནཱང་གི་གོ་རིམས་བཞིན་རྡོ་རྗེ་སྙིང་པོ་ཁྱེད་ཉོན་ཞེས་སྦྱར་རོ།། དེ་ལྟར་བྱང་ཆུབ་སྒྱུ ་ཆེས་པ་ཐོབ་པའོ།། དེས་ན་འཁོར་བ་ཞེས་པ་ནི་འདོད་ཆགས་དང་ཞེས་པ་ལ་སོགས་པའོ།། དེ་ལས་སྒྲོལོ་བ་ཞེས་པ་ནི་ཕ་རོལ་ཏུ་ཁྱེར་བའོ།། དེ་ཡང་མཚན་ཉིད་ཅེས་པ་ནི་འཆད་བཞིན་པའི་དགོངས་པས་བཤོད་པ་ཉིད་བླ་མའི་མན་ངག ་གིས་བཤད་པའི་ཕྱིར་རོ།། འདི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་པ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་སྒོམ་པ་ལ་དང་པོ་ཉིད་དུ་གཉིས་མེད་པ་མ་གཏོགས་པར་མི་འགྲུབ་པ་དེས་ན་དེ་བྱའོ།། དེ་ཡང་དེ་ཁོ་ན་ཉིད་ཅེས་པ་ནི། ་བདག་ཉིད་ཀྱི་རྡོ་རྗེ་ལ་སོགས་པའི་དེ་ཁོ་ན་ཉིད་གཟུགས་ཀྱིས་ཐམས་ཅད་ཉེ་བར་མཚོན་པར་བྱ་བའོ།། དེས་ན་མཚན་ཉིད་ཀྱིས་མཚོན་པ་འགྲུབ་ཆེས་པའོ།། དེས་ན་ཕྱི་རུ་དེའི་རང་བཞིན་ཉིད་གཟུགས་བརྙན་བཞིན་སྣང་གི་རང་གི་ངོ་བོ་ཉིད་ཀྱི ་ཕྱིའི་ལས་གྲུབ་པ་ནི་མ་ཡིན་ནོ།། དེའི་ཕྱིར་འདྲིར་ཆ་བརྗོད་དེ། གཙུག་ཏོར་ནས་ཀོ་སྐོའི་མཐར་ཐུག་པ་ནི།། དྲིལ་བུའི་སྟེང་གི་རྡོ་རྗེ་སྟེ།། རྩེ་གཅིག་པ་ནས་དང་པོར་བརྩམས་ཏེ་ཇི་སྲིད་བྱ་བའི་རྩེ་མའི་བར་དུ་ཤེས་པར་བྱའོ།། དེ་ནས་ཀོ་སྐོ་ནས་མགྲིན་བྷི ་མཐར་ཐུག་པ་ནི་རྡོ་རྗེའི་འོག་གི་པདྨའོ།། དེའི་སྟེང་དུ་ནི་ཟླ་བ་དང་ཉི་མའོ།། འོག་ཏུ་ནི་རི་རབ་བོ།། དེ་བཞིན་དུ་ཟླ་བ་དྲང་ཉི་མ་ནི་ལྕེའི་རྩ་བ་ཉིད་དོ།། རི་རབ་ནི་རྒྱབ་ཀྱི་ཆའོ།། དེ་བཞིན་དུ་མགྲིན་པ་ནས་སྙིང་གཱ་མཐར་ཐུག་པ་ནི་ཤེས་རབ་ཀྱི་ཞལ་ལོ།། ་དེ་བཞིན་དུ་སྙིང་ག་ནས་ལྟེ་བའི་མཐར་ཐུག་པ་ནི་བུམ་པ་གང་བའོ།། དེ་བཞིན་དུ་ལྟེ་བ་ནས་བརྩམས་ནས། ཇི་སྲིད་སྐྱེ་གནས་ཀྱི་མཐར་ཐུག་པ་དེ་སྲིད་ནི་དྲིལ་བུའི་སྦུབས་སོ།། སྐྱེས་གནས་དེ་ཉིད་ཀྱི་དབུས་ཀྱི་ལྟེ་བ་ནི་དྲིལ་བུ་བསྐྱོད ་པའི་ལྷའོ།། དེ་ཉིད་ལ་འདི་བརྗོད་དོ།། ཉོན་ཅིག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་འཛིན་རྒྱལ་པོ་ཞེས་པ་ནི་དྲིལ་བུ་དེ་ཁོ་ན་ཉིད་འདི་ལ་རྣམ་པར་གནས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱིས་མཛེས་ཤིང་འདི ་གསལ་བས་ན་རྒྱལ་པོའོ།། དེ་ལྟར་དྲིལ་བུ་ཙམ་མཚོན་པོར་བྱེད་པ་རང་གི་ལུས་ཀྱི་བདག་ཉིད་ལ་སྦྱོར་བར་བྱའོ།། དེས་ན་སེམས་ཀྱི་འཆར་བ་དང་། ནུབ་པ་མེད་པར་འགྱུར་བའོ།། དེ་ཡང་མཚན་ཉིད་ནི་དྲིལ་བུའི་ཚུལ་གྱིས་ཕྱིར ་ཞེས་སྦྱོར་རོ།། དེ་བཞིན་དུ་བཤད་པར་བྱ་བ་དེ་གསུངས་པ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ནི་འདིར་རང་གི་ལུས་ནི་ཤེས་རབ་ཀྱི་དྲིལ་བུའི་གཟུག་སོ།། དེ་ཡང་དཀྲོལ་བས་ཞེས་པ་ནི་དུས་ཐམས་ཅད་སྒྲ་ཙམ་ལ་བརྟེན་པས་སྨོན་ལམ་ལོ ་ནཟགས་པ་སྟོན་དུ་འགྲོ་བས་སེམས་ཅན་སྒྲོགས་པ་བྱསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྣལ་འབྱོར་པ་སྒྲ་ཙམ་ཉིད་ལྔ་ཁྱིམ་པ་ཉིད་དེ།། ང་ཡང་གང་དུ་དགྲལ་བ་ཤཱནྡྷ ་གསུངས་གདེ་ཁོ་ན་ཉིད་ཀྱིས་ནུས་པ་ནི་འདིར་དེ་ཁོ་ན་ཉིད་ཀྱི་སྒྲ་ནཱི་ཕུང་གི་ལྔ་ལ་སོགས་པའོ།། རྣམས་ཀྱི་བཀྲོལ་བ་ནཱི་སྠཱ་ཙམ་ལ་ཐམ་ཅང་ངེས་པར་ཐི་པར་འགྱུརོ།། དེའི་ཚེ་ལྷ་རྣམས་ཐམས་ཅད་ཉན་འགྱུར་བ་ཞེས ་པ་ནི། སྟོང་པ་གཉིས་མེད་པའི་ལྷ་རྣམས་ཞེས་པ་སྤྲུལ་པ་ལ་སོགས་པའི་སྐུ་བཞི་ལ་གནས་པའི་སངས་རྒྱས་ལ་སོགས་པ་དེ་རྣམས་ཀྱིས་རོ་གཅིག་པའི་ཕྱིར་ཉན་ཞེས་པའི་ཚུལ་ལོ།། དེ་ཉིད་ཀྱིས་ནམ་མཁའ་ཞེས་བྱ་བ་ལ ་སོགས་པ་གསུངས།། དེ་བགྷྣཱན་དུ་ལཱ་མི་བརྒྱད་ཅེས་པ་ནི་སྒྲོལ་མ་ལ་སྩོགས་པ་བ་དྷྱ~ཾད་ངོ་།། ས་བོན་རྣམ་པ་བརྒྱད་ཅེས་བྱ་བ་ལ་ས་བོན་ནི་ཡེ་ཤེས་ཀྱིས་ཁམས་སོ།། ངོ་མོ་འཛག་པའི་ཕྱིར་ཡོཾ་གྷེ་བརྒྱད་ང་ཐིགྷྲ་ལེ་བརྒྱད་སྟོང་བུ་ལོས་བྱུ ་བྱའོ།། དེ་ལྟར་ཐིག་ལེ་རེ་རེ་ཡི་གེ་རེ་རི་ཡང་རྣམ་པར་ཤེས་པ་བརྒྱད་ཀྱི་རིམ་པའི་ཕྱིར། ཁམས་ནང་དུ་འདུས་པ་དེ་ཡང་ལྷའི་གཟུགས་ཀྱིས་མི་ཤིགས་པའོ།། འདིར་ཤར་དུ་ཞེས་པ་ནི་ཤར་གྱི་ཐིག་ལེར་རླུང་གི་ཁམས་ཀྱི་ངོ་བོ་ཡེ་ཤེས ་ཀྱི་རང་བཞིན་སྒྲོལ་མའོ།། དེ་བཞིན་དུ་མེ་དང་ཆུ་དང་ས་གོས་དཀོར་མོ་དང་མཱ་མ་ཀཱི་དང་སྤྱན་མ་དཀྱིལ་འཁོར་བ་ནི་རྣམ་པར་དག་པ་ཡེ་ཤེས་ཀྱི་ཁམས་རྟོགས་པར་བྱ་ཞེས་པ་ནི་ངེས་པའོ།། དེ་བཞིན་དུ་དེ་རྣམས་ལ་མདོག་མཛེས་ཞེས ་བལ་སོགས་པ་ནི་སྤྱན་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཀྱིས་མཚམས་བཞིར་སྤྲོས་པ་སྐུལ་བྱེད་མ་དང་རིན་ཆེན་གློག་དང་ཁྲོ་གཉེར་མ་དང་། རྡོ་རྗེ་ལྟ་གུ་རྒྱུང་མའོ།། དེས་ན་ཡང་གནས་དང་ཉེ་བའི་གནས་ན་གནས་རྣམས་ཀྱི་རིགས ་བཞིའི་ཁྱད་པར་ལྟོས་སྐྱེས་པའོ།། དེ་ལ་གནས་ནས་སྐྱེས་པ་ནི་མདོག་མཛེས་མའོ།། མངལ་མཱ་ནི་སྔགས་སྐྱེས་མའོ།། སྡུག་མ་ནི་ཞིང་སྐྱེས་མའོ།། རྡོ་རྗེ་ཕྲེང་བ་ནི་ལྷན་ཅིག་སྐྱེས་མའོ།། དེ་ལྟར་འབྱུང་བ་དང་འབྱུང་བ་ལས་གྱུར་པའོ།། དེ་ཡང་རྣལ ་འབྱོར་པ་བདག་གི་རངོ་བཞིན་ཇི་ལྟ་བུ་ཞེས་པའི་བདག་མྱི་ཤེས་སོ།། དེ་རྣམས་ཀྱི་སེམས་ནི་ཇི་ལྟར་དྲིལ་བུའི་དབུས་ཁོང་སྟོང་པ་དེ་བཞིན་དུ་རྣལ་འབྱོར་པའི་ནམ་མཁའི་དབུས་ཞེས་པ་ནི་སྙིང་ངོ་།། དེའི་ཕྱིར་ཏུ་གཟུགས་མཛེས་ཞེས་པ་སྤྲུལ ་པོའི་སྐུའི་གཟུགས་ཙམ་མཛེས་པ་ཉིད་དོ།། ཡོན་ཏན་གྱི་ནི་གནས་ཞེས་པ་ནི། ཇི་ལྟར་ན་མཁའ་ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་པ་དེ་བཞིན་དུ་རྣལ་འབྱོར་པ་ཡང་སྔོན་ནས་ཐིག་ལེ་སྟོང་པ་ཉིད་དོ།། དེ་བཞིན་དུ་དྲིལ་བུའི་སྟེང་དུ་པདྨ་རྒྱུས ་པའོ།། ནང་དུ་ཆོས་ཀྱི་དབྱིངས་ཀྱི་པདྨ་དེ་ལས་བྱུང་བ་ག་གཱི་ཚེ་དེའི་ཚེ་གཟུགས་ཞེས་པ་ནི་དེ་རྣམས་ཀྱི་ལུས་ཀྱི་དངོས་པོ་མེང་དེ་འདིར་བཏགས་པའི་ཕྱིར་རོ།། འོན་ཀྱང་འདི་རྣམས་ཀྱི་གནསུ་ཞེས་པ་ནི་ལུས་ཤེས་རབ་བདུད་རྩིའི་བུ་མོ ་པ་བཞིན་ཞེས་པ་དྲིལ་བུའི་ཁ་བུམ་པ་བཞིན་གསོལ་བ་དང་མི་གསལ་བའོ།། ཇི་ལྟར་བདུད་རྩིའི་བུམ་པ་སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་པ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་གཟུགས་ཀྱི་གཟུགས་ཀྱང་ངོ་།། དེ་བཞིན་དུ་ཡེ་ཤེས་བདུད ་དྷཱི་ནི་གནས་ཞེས་པ་ནི་ལྟེ་བའོ།། དེའི་ཞེས་པ་ནཱི་ཨ་བ་དྷཱུ་ཏཱིའི་ཁྱད་པར་རོ།། གདུན་ཞེས་པ་ནི་གནས་ཏེ། དེ་ལས་བྱུང་བའི་ཕྱིར་རོ།། དེ་ཡང་རྣལ་འབྱོར་མ་སྟེ། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ནི། དེའི་ཚུལ་དུ ་སེམས་ཅན་རྣམས་ཀྱི་འཇུག་པའོ།། གང་གི་ཕྱིར་གཟུགས་མཛེས་པ་སྒྱུ་མ་བཞིན་ཡོན་ཏན་རྣམས་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་འདིར་གབོ་སྟེ་གནས་པ་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མི་ཤེས་པའོ།། དེ་བཞིན་དུ་སྟེང ་གི་ཅེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་སྔོན་བཞིན་ཞེས་པ་ནི། པདྨའི་ཆོས་ཀྱི་དབྱིངས་སོ།། རྡོ་རྗེ་ནི་རྡོ་རྗེ་འཛིན་ཆེན་པོའི་ས་བསམ་དུ་མིང་བའི་ཡེ་ཤེས་ཅེས་པའི་དོན་ཏོ།། དེ་བཞིན་དུ་དབུས་ཀྱི་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་དུ་ནང ་དུ་སྒྲ་ཙམ་མོ།། འདིར་ཡེ་ཤེས་ཀྱི་གཟུགས་ཀྱི་ཨ་བ་དྷཱུ་ཏཱིའི་ནང་དུ་དབུས་མ་ཡེ་ཤེས་ཀྱི་དབྱུག་པའོ།། དེ་ལ་གནས་པ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་རྣམ་པའི་རང་བཞིན་གྱིས་སངས་རྒྱས་ཀྱི་ཡེ་ཤེས་སོ།། དེ་དེ་རྣམས་ཀྱི་ཨཱ་ལི་ཀཱ་ལི ་ཞེས་པ་ནི་འབྱུང་བ་དང་འཇུག་པའོ།། དྲིས་ན་རབ་སྦྱོར་བཾ་ཞེས་པ་ནི་སྔོན་དུ་གསུངས་པའི་ཐིགཱཾ་ལེ་བརྒྱད་ཀྱི་དབུས་ནས་ཨ་བ་དྷཱུ་ཏཱི་རུ་གཞུག་པ་ནི། བསྐྱེད་ཅེ་པ་བསྡུས་པའི་དུས་སོ།། དེའི་ཕྱིར་སྤྲོ་བ་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱིའོ།། ་གནས་བརྒྱད་ཅེས་པ་ནི་སྡོང་བུའི་ཐིག་ལེ་བརྒྱད་རྣམས་ཀྱི་གཟུགས་ལས་ཞེས་སྦྱར་རོ།། དེ་ཉིད་ཀྱིས་ནི་སྤྲུལ་པའི་སྐུའི་ལུས་ཅན་རྣལ་འབྱོར་མའི་གཟུགས་ལ་བརྟེན་ཏེ། ཐམས་ཅད་ཅེས་པ་ནི་སེམས་ཅན་ཐམས་ཅད་དེ་འཁོར་བར་ཡང ་དྲི་རྣམས་ཉིད་གང་གི་ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་བསྒྲིབས་པ་དེ་རྣམས་གདྲོན་པའི་ཕྱིར། གང་ལས་འཁོར་བ་ལ་གཅོད་པའི་ཡིད་ཀྱི་བརྩོན་པ་དང་ལྡན་པ་དེ་ནི། འཁོར་བ་ཐམས་ཅད་གཅོད་པ་པོ ་ཞེས་པ་རྣལ་འབྱོར་མོའི་གཟུགས་ཀྱིས་སངས་རྒྱས་དང་རྡོ་རྗེ་འཆང་བ་ཉིད་ཅེས་པའི་དོན་ཏོ།། ད་ནི་རྡོ་རྗེ་དང་དྲིལ་བུའི་རྒྱུ་དང་འབྲས་བུ་གསུངས་པ། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཕྱི་དང་ནང་དུ་བཤད་དེ། འདི་ཡང་ནང་གི ་དྲིལ་བུ་འཛིན་ལྷོར་ཕྱིའི་རྒྱུས་ཉེ་བར་མཚོན་པར་བྱའོ།། འདྲིར་ཐབས་ཞེས་པ་ནི་རྩོད་པའི་དུས་ཀྱི་སེམས་ཅན་ཆུང་ངུ་འབྲིང་དང་ཆེན་པོ་རྣམས་ཐབས་སྣ་ཚོགས་པས། སངས་རྒྱས་པ་ཉིད་བཅོམ་ལྡན་འདས་ཀྱིས་བསྟན་ཏོ།། དེར་གསུང ་པ་དེའི་དུསུ་གང་དག་ཆུང་ངུའི་སེམས་ཅན་དེ་དག་དྲུལ་བུའི་དེ་ཁོ་ན་ཉིད་ཀྱི་ཐབས་ཀྱིས་སངས་རྒྱས་ཉིད་ངོ་།། དེ་ཡང་ཐབས་ནི་དབུས་ཉིད་དུ་ཞེས་པ་ནི་ཨཱ་བ་དྷཱུ་ཏཱིའི་རྡོ་རྗེ་དྲིལ་བུ་སྔོན་དུ་གསུངས་པའི་མཚན་ཉིད་དོ།། དེ་བཞིན་དུ་ལག ་པ་ཞེས་བྱ་བ་ལ་སོགས་པ་ནི་ནང་དུ་ལག་པའི་སྒྲ་ནི་སྲོག་དང་ཐུར་སེལ་ལོ།། དེ་ཉིད་བསྐྱངས་ན་སུ་ཞེས་པ་ནི་ཨ་བ་དྷཱུ་ཏཱིར་བཅུག་པས་ཆོས་ཀྱི་དབྱིངས་སྟོང་པའི་མཚན་ཉིད་ཀྱི་ཕྱིར་རྒྱས་པར་འགྱུར་ཞེས་དགོངས་སོ།། པདྨ་ཞེས་པ་ནི་ཡེ ་ཤེས་ལྔའི་གཟུགསུ་བསྐྱེད་དེ་སེམས་ཅན་གྱི་ལུས་གྲངས་མེད་པར་བསྒྱུར་བའོ།། དེ་ཡང་དཀྱོར་ལྔའི་རིག་ལསོ་ཌ་པཱི་རི་ཌེ་ལྔ་ཡིན་ནོ།། འོན་ཀྱང་གཡས་པར་ཉི་མ་ཞེས་བྱ་བ་ལ་སོགས་པ་ནི་གཡས་ནས་རྒྱུ་བའི་ཕྱིར་ཉི་མའི་དངོས་པོ་ཡང་སྡུད་པཱི ་ཚུལ་གྱིས་ཤེས་རབ་བོ།། དངོས་པོའི་དབྱེ་བས་ཐབས་སོ།། དེ་བཞིན་དུ་གཡོན་ནས་ཟླ་བ་རྒྱུ་བའི་ཕྱིར་རོ།། སྤྲོ་བའི་ཚུལ་ཟླ་བའི་དངོས་པོ་ཐབས་ཏེ་དངོས་པོའི་དབྱེ་བས་ཤེས་རབ་བོ།། དེ་བཞིན་དུ་དབུ་མ་ཡང ་ཐབས་སུ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ།། ལུས་ཅན་རྣམས་ཀྱི་ཞེས་པ་ནི་རང་གི་ལུས་དགྱེས་པའི་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་ལ་སོགས་པའི་རང་གི་འདོད་པའི་ལྷའི་གཟུགསུ་བསྒོམ་པར་བྱའོ།། དེ་བཞིན་དུ་རྡོ་རྗེ་ཞེས་བྱ་བ་ལ ་སོགས་པ་ནི་ཆེན་པོ་རྣམས་ཀྱི་སྟེ་གཡོན་གྱི་སྒྲས་ནི་བཟློག་པ་སྣ་ཚོགས་པ་རྒྱས་པ་སེམས་ཀྱིས་བྱེད་པ་དེ་ལ་དྲི་སྐད་ཅེས་བྱའོ།། དེ་ནས་ཞེས་བྱ་བ་ནི་ཕྱི་རུ་གཡསུ་དྲིལ་བུ་གཡོན་དུ་རྡོ་རྗེའོ།། སྒྲོ་བཏོགས་པ་ཞེས་པ་ནི་གཟུང་བར་བྱའོ།། ་དེའི་ཚེ་རྡོ་རྗེའི་གླུ་འདི་བརྗོད་པར་བྱ་ཞེས་པའི་དོན་ཏོ།། དེ་ལ་ཧཱུ~ཾ་ཞེས་བྱ་བ་ལ་སོགས་པ་ལ། ཚུལ་གྱིས་ཞེས་པ་ནི་ཧཱུཾ་གི་དབྱངས།། སངས་རྒྱས་ཐམས་ཅད་ཅེས་པ་ནི་ཆོས་ཀྱི་སྐུའོ།། དེའི་ཆགས་པ་ནི་ཆགས་པ་དེའི་རང་བཞིན་ཉིད་ཀྱི་ཕྱིར ་ཞེས་དགོངས།། འདིར་སོ་ཧ་ཨི་ཞེས་བྱ་བ་ལ་སོགས་པ་ལ། སིཾ་ཧཱུ~ཾ་ཨོཾ་ཞེས་པ་ནི་དེ་འདི་སྟེ་ཀྱི་ཁྱོད་ཀྱིས་འདི་མཛོད་ཅིག་པོའོ།། ཅི་ཞེ་ན་བཛྲ་མུ་ལླ་ཨཱི་ཞེས་པ་སྟེ། རྡོ་རྗེ་གསེར་ཞིང་ཞེས་པའི་དོན་ཏོ།། གང་འདིར་ཏ་རེ་ཨ་ཞེས་པ་ནི་སྙིང ་པའི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པའོ།། སང་ཏ་བི་མོ་ཁེ་ཡ་ཞེས་པ་ནི་སེམས་ཅན་རྣམས་ལ་ཡང་། གྲོལ་བའི་ལམ་སྟེར་བའོ།། དེས་ན་ཧ་མ་བི་མོ་ཞེས་པ་ནི་མི་ཕྱེད་པའི་རྡོ་རྗེ་ཆོས་ཀྱི་སྐུ་རུ་ཆོས་ཉིད་ཀྱི་ཐར་པས་གྲོལ་བར་འགྱུར་བའོ།། ་བཛྲ་ཧཱུཾ་ས་ར་དཱ་རནྡྲ་ཞེས་པ་ནི་བྱ་བ་འདིས་སྙིང་པོ་རྡོ་རྗེ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཟུང་ཞིག་པའོ།། དེ་བཞིན་དུ་བྱི་རུ་བརྗོད་པའི་སྔགས་གསུངས་པ། ཧཱུཾ་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་དགའ་བས་བརྗོད་དེ།། དབང་གི་དུས་སུ ་སློབ་དཔོན་གྱིས་སྦྱིན་ཏེ། སློབ་མས་ཀྱང་བརྗོད་ནས་གཟུང་བར་བྱའོ།། འདོད་པའི་ལྷ་མཆོད་པ་ལ་སོགས་པའི་དུས་ས་མོ་ཞེས་པ་སྟེ་ངེས་པའོ།། ལྷག་མ་ནི་གོ་སླའོ།། འདིར་བསྡུས་པ་བརྗོད་དེ། ཨཱ་བ་དྷཱུ་ཏཱིའི་དྲིལ་བུ་འདི།། མི་ཤིགས་པ་ཡིས་བསྡུ ་བར་བྱ།། ཁམས་གསུམ་པ་ཡི་རང་བཞིན་ནི།། དེ་ནི་ཆ་གསུམ་པ་རུ་གྲགས།། འོག་གི་ཆ་ནི་ལཱ་ལ་ནཱ། ར་ས་ནཱ་ནི་སྟེང་དུ་སྦྱར། ཨ་བ་དྷཱུ་ཏཱིའི་དབུས་ཀྱི་ཆ།། ཡེ་ཤེས་དབྱུག་པར་ཡང་དག་ཉིད།། ཤེས་རབ་གདོང་ནི་འདིར་སྣང་སྟེ།། ལྟེ་བའི་བུ་ཡ ་འོག་བལྟས་པའོ།། རྐན་ནི་མཚམས་ཀྱི་མདུད་པ་རུ།། བུམ་པ་ཧ་ཡི་རྣམ་པ་ཉིད།། རྩ་གསུམ་གྱི་ནི་ནང་རྣམསུ།། རྡོ་རྗེ་བཟླས་པ་དེས་རྡོ་རྗེ།། ཡི་གེ་གསུམ་དང་སྐུ་གསུམ་ཉིད།། ཐིག་ལེ་བརྒྱད་ནི་ཐིམ་པ་ཅན།། ཐམས་ཅད་དུ་ནི་གྲོལ་བར་བྱེད།། ཕྱོགས ་བརྒྱད་བརྒྱད་ཀྱིས་དབྱུག་ཚོད་ནི།། དྲུག་ཅུ་རྩེ་བཞི་དུས་ཆེན་པོ།། སྒྲ་ཡི་ཚངས་པ་བསྐུལ་བའི་ཕྱིར།། ཡི་གེ་སུམ་ཅུ་གཉིས་ཀྱི་རྩ།། ཀ་སོགས་མཐར་ཐུག་དེ་དེ་བཞིན།། དེ་རྣམས་དབུས་སུ་ཧ་ཡིག་ནི།། ཐམས་ཅད་དུ་ནི་དགྲ་ཡིས་དགངས།། དགའ ་བ་བཅུ་དྲུག་རྐན་ཅན་གྱིས།། རྗེ་སུ་མཐུན་པ་ཡིས་ནི་བརྡུང་།། དེ་ཡང་དབྱངསུ་ཡང་དག་བཤད།། སྲོག་ནི་བཅུ་དྲུག་པོ་རྣམས་ནི།། འཕོ་བ་བཅུ་དྲུག་པོ་འདི་རྣམས།། འགག་པའི་དུས་ཀྱི་མཚམ་སུ་སྟེ།། དེ་རུ་འདས་པར་ཡང་དག་བཤད།། ཐིག་ལེ་སྒྲ་ནི ་མཚོན་པར་བྱེད།། ཐིག་ལེ་བརྒྱུད་དུ་དེ་ཤེས་བྱ།། སྒྲོལ་མ་ལ་སོགས་བརྒྱད་དུ་གླགས།། དེ་ལྟར་དྲིལ་བུ་ཁམས་གསུམ་པ།། གཅིག་གི་གཟུགསུ་རྟག་ཅེས་བྱ།། སྒྲ་ནི་སྒྲ་ཡིས་བརྗོད་པའི་ཕྱིར།། སྣ་ཚོགས་དོན་ནི ་བྱེད་པ་ཉིད།། སེམས་ཅན་གཟུགས་ཀྱང་དེ་ཉིད་དོ།། ཆོས་ཀྱི་སྐུ་ཉིད་བརྗོད་མེད་ཕྱིམ་རྡོ་རྗེ་མི་ཕྱེད་པ་ཡི་གཟུགས།། རྡོ་རྗེ་སེམས་དཔའ་དྲིལ་བདག་ཉིད།། དེ་ལྟར་བསྟན་པ་ཐམས་ཅད་ནི།། རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ།། བསམ་དུ་མེད་པའོ ་ཆོས་ཉིད་འདི་།། རྟག་ཏུ་རྒྱུ་དང་འབྲས་བདག་ཉིད།། འདྲི་བཞིའི་ང་ཉིད་ཆེན་པོ་ནི།། སྐབ་ལ་བྱང་ཆུབ་སྟེར་བྱེད་པ།། བདག་གིས་མདོ་རུ་བསྡུས་ཏེ་བཤད།། རྒྱས་པ་གཞན་དུ་ཤེས་པར་བྱ།། ཞེས་པ་སྟེ་ངེས་པའོ།། །། ཁ་སྦྱོར ་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བརྒྱད་པའི་རྡོ་རྗེའི་དྲིལ་བུ་ལ་སོགས་པའི་དེ་ཁོ་ན་ཉིད་ཀྱི་རབ་ཏུ་བྱེད་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ལས་དང་པོ་བསྟན་པའོ།། །། ད་ནི་བགྲང་ཕྲེང་དང་སྔགསོ ་བཟླས་པ་ལ་སོགས་པའི་རབ་ཏུ་བྱེད་པ་བསྟན་པའི་ཕྱིར།། ཡང་དག་ཆོ་ག་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཞེས་བྱ་བ་ནི། རྡོ་རྗེ་སྙིང་པོ་ལ་བཅོམ་ལྡན་འདས་ཀྱིས་བོད་པའོ།། སོགས་པའི་སྒྲས་ནི་ཞི་བ་ལ་སོགས་པའི་སྔགས་བཟླས ་པ་བསྡུའོ།། འབྲས་བུ་གནག་ཅེས་པ་ནི།། ལུང་ཐང་ལོ་སོགས་པའོ།། ཐམས་ཅད་ཉིད་ཅེས་པ་ནི་ཧཱུཾ་སྟེ། དེས་བྱིན་གྱིས་བརླབས་ཅེས་པའི་དོན་ཏོ།། སྡིག་པ་ཞེས་པ་ནི་མཛུབ་མོའི་སྟེང་དུ་འགྲེང་བའོ།། གཞན་ཐམས་ཅད་ནི་གོ་སླར ་དེ་བཞིན་དུ་ཕྲེང་སྔགས་བཟླས་པའི་དེ་ཁོ་ན་ཉིད་ཀྱི་སྒོམ་པ་གསུངས་པ། སྒྲུབ་པ་པོས་ཞེས་བྱ་བ་ལ་སོགས་པ་ནི། དེ་ཁོ་ན་ཉིད་ཅེས་པ་ནི་འཆད་བཞིན་པ་ཉིད་དོ།། དེས་ན་ཐམས་ཅད་ཅེས་པ་ནི་ཞི་བ་ལ་སོགས་པའི་སྔགས་བཟླས་པའོ།། དེའི་ཕྱིར་བཤད་པའོ།། ་ཨ་ཁཱ་རུ་ཀུ་རུ་ན་ཞེས་པ་ནི་མཆོག་ཏུ་མི་འགྱུར་བའི་རྒྱུས་སོ།། དེ་བཞིན་དུ་ཏིཏྟཱ་ཞེས་པ་ནི་ངོ་ཁོ་ན་ཉིད་དག་པ་འདིས་ཏེ་སོ་ཧི་ཡ་ཞེས་པ་ནི་སྦྱངས་པའོ།། དེ་ཙི་ཞེས་ནཱ་བཱ་ཞེས་པ་ནི་ཅི་སྟོང་པ་འོད་གསལ་བའི་ཡེ་ཤེས་ཏེ་དེ་ཉིད་སྔགས་སྤྲོས་པའི་ཕྱིར་ཏེ། ་གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་པས་སོ།། བིསྥ་རུ་ག་ཎེ་ཨཻ་ཞེས་པ་ནི། བགྲང་བའི་རིམ་གྱིས་ཐིག་ལེ་ཉེ་བར་མཚོན་པར་བྱ་ཞེས་པ་སྟེ། གང་གི་མཆོག་ཏུ་མི་འགྱུར་བ་འགྲུབ་ཅེས་པའི་དོན་ཏོ།། དེ་ཉིད་ཀྱིས་ན་ཨ་ས་ཁ་ཨ་ལཱི་ཁུ ་ཞེས་པ་ནི་གྲངས་མེད་པའི་བགྲང་པོས་མཚོན་པས་ཐིག་ལེ་སྟོང་པ་འགྲུབ་པའོ།། དེས་ན་སི་ཛ་ཨུ་ཛེ་ཨི་ནི་སྭཱ་ཧཱ་རུ་ཞེས་པ་ནི་རྣལ་འབྱོར་མའི་སྙིང་པོ་ཞེས་པ་ནི་རྣལ་འབྱོར་མའི་སྙིང་པོ་འགྲུབ་སྟེ། རྣལ་འབྱོར་མའི་ཡེ་ཤེས་བྱེ་བ་ཕྲག་བརྒྱད་ཅུའི་ཉེ ་བར་སྤྱོད་པའི་ཐིག་ལེའི་སྟོང་པ་ལས་ཉིན་མཚན་དུ་དཔའ་བོ་རྣལ་འབྱོར་མའི་རང་གི་ལུས་འགྲུབ་པར་འགྱུར་ཞེས་དགོངས་སོ།། དེ་ལྟར་ཡང་རང་གི་སེམས་ཀྱི་སྨོན་ལམ་ཀྱིས་ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་ཨོཾ་ཞེས་པའི་ཚིག་གིས་གང་འཇུག་པའི་ཕྱིར ་ཡེ་ཤེས་ཆེན་པོར་འགྱུར་རོ།། སརྦ་བུདྡྷ་ཞེས་པའི་ཚིག་གིས་ནི་ཧཱུཾ་གསུམ་དེ་བཞིན་དུ་ཨ་ཧཾ་ཞེས་པའི་ཚིག་གིས་ནི་ཧོ་གསུམ་མོ།། དེ་བཞིན་དུ་བྷ་བ་དེ་ཞེས་པའི་ཚིག་གིས་ནི་ཡཿཐམས་ཅད་ཀྱི་མཐའ་མའི་ཆ་གཟུང་ངོ་།། སྭཱ་ཧཱ་ཞེས་པ་ནི་ཐམས་ཅད་ལ་སྦྱོར ་དེ་ལྟར་ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཨ། ཞེས་པ་རྣམས་ལ་ཧོ་གསུམ་སྦྱར་ཏེ། ཐམས་ཅད་དུ་ཆགས་པའི་ཡེ་ཤེས་འདི་ཉིད་ལ་ཡང་ངོ་།། དེ་བཞིན་དུ་ཧཱུཾ་གསུམ་གྱིས་འཇུག་པ་དང་གནས་པ་དང་ལྡང་བ་རྣམས་ལ་ཐམས ་ཅད་དུ་ཁྱབ་པར་བྱེད་པ་ནི་སེམས་འདིའོ།། དེ་ལྟར་བགྲང་ཕྲེང་སྦྱངས་པས་སེམས་དག་གོ།། དེ་ཉིད་དེ་ཁོ་ན་ཉིད་དེ་དག་པའོ།། དེས་ན་ཐིག་ལེའི་གཟུགས་རྣམས་རྣལ་འབྱོར་མ་སྟེ། དེ་རྣམས་སྣ་ཚོགས་པ་དེ་ལ་དེ་སྐད་ཅེས་བྱའོ།། དེས་ན་བགྲང་ཕྲེང ་ཞེས་བྱ་བ་ལ་སོགས་པ་ནི་ལས་གང་འདོད་པ་དེ་ཐམས་ཅད་འགྲུབ་པོར་བྱ་ཞེས་པའི་དོན་ཏོ།། དེ་རྣམས་ཀྱི་ངེས་པའི་ཚིག་ནི་སྔོན་དུ་གསུང་སོ།། དེ་ཡང་མི་གསལ་བ་ཞེས་པ་ནི་མི་གསལ་བ་དེ་རིང་བ་ཉིད་དུ་བྱས་ནས་འགྲུབ་ཅེས་པའི་དོན་ཏོ།། ་དེ་ལྟར་ཡང་གསུངས་པ། ཡི་གེའི་དངོས་དང་དངོས་པོ་རྣམས།། ཐམས་ཅད་སྟོང་པ་མི་འགྱུར་བ།། མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས།། ལས་རྣམས་ཐམས་ཅད་བསྒྲུབ་པར་བྱའོ།། ཕྲེང་བ་དང་ནི་སྔགས་དག་ནི།། གང་གི་སྦྱོར་ཐབས་ཤེས་པར ་ཉི་མ་ཟླ་བ་འཇུག་པའི་ཕྱིར།། ན་མཁའི་རྣམ་པའི་ངོ་བོ་ཉིད།། རྣལ་འབྱོར་མ་ཡི་ཆོ་གྲོས་རྫོགས་པ།། སྔགས་ཀྱི་བཟློས་པ་ཡིས་ནི་རྫོགས།། སྒྲུབ་པ་པོ་ལས་དེ་བྱུང་ཕྱི་རོ།། མཆོགས་འདི་ཉིད་ཀྱང་སྐྱེར་བར་འགྱུར།། སྔོགས་ཀྱི་བཟླས་པའི་སྐྱོ ་ས། ཕྱག་རྒྱའི་དངོས་གྲུབོ་གཞན་དུ་མིན།། དེ་ཉིད་དག་པ་ཡིས་ནི་སྦྱང་སོ།། མཆོག་ཏུ་མི་འཛག་མི་གཡོའི་ཕྱིར། གཞན་དུ་དངོས་པོ་ཉིད་དུ་འགྱུར།། སེམས་དང་སེམས་བྱུང་མཚན་ཉིད་ཕྱིར།། དེས་ནི་རྡོ་རྗེ་རྣལ་འབྱོར་པའི།། རྟགས་སུ་དངོས་སྒྲོ ་བདེ་བ་མིན་ཞེས་པ་སྟེ་ངེས་པའོ།། ནི་ཀུན་རྫོབ་ཏུ་རྣལ་འབྱོར་པ་རྣམས་ཀྱི་སྔགས་བཟླས་པའི་དུས་སུ་སྐད་ཅིག་ཐམས་ཅད་དུ་རྣམ་པ་དང་བཅས་པའི་སྒོམ་པ་བརྗོད་དོ།། ཡེ་ཤེས་ཞེས་པ་ལ་སོགས་པ་ལཱ། ཡེ་ཤེས་ཆེན་པོ་ཞེས་པ་ནི་ལས ་དང་པོ་པས་སྔོན་དུ་གསུངས་པའི་རིམ་པས་བསྒོམ་པ་བྱས་པས་རབ་ཀྱི་མཐར་ཐུག་པས་ལུས་དང་ངགྲ་དང་སེམས་ཀྱིས་ཡེ་ཤེས་ཆེན་པོ་ཉིད་ཐོབ་པའོ།། དེས་ན་ཡེ་ཤེས་དེ་ཉིད་ཅེས་པ་ནི་ཀུན་རྫོབ་ཏུ་ཡེ་ཤེས་ཀྱི་རྣམ་པ་རང་གི་ལུས་རྣམ ་པར་སྣང་མཛད་ཀྱི་ཆ་བད་ཀྱི་གཟུགསུ་བསྒོམ་པར་བྱའོ།། དེས་ན་དེའི་ཁྱད་པར་ཅན་དུ་འགྱུར་རོ།། དེ་བཞིན་དུ་མཉམ་པར་བཞག་པས་ཅེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་ཞེས་པ་ནི་དངོས་གྲུབ་པོ་ཐམས་ཅད་རོ་གཅིག་པའི་ཚུལ་གྱིས་མཚོ ་པར་བྱའོ།། མཉམ་པ་ཉིད་ཅེས་པ་ནི་ལྷན་ཅིག་སྐྱེས་པོའི་ཡེ་ཤེས་ཀྱི་ཁྱད་པར་ཉིད་དོ།། དེའི་ཕྱིར་ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་ས་བོན་ཞེས་བྱ་བ་ལ་ཧཱུཾ་ཞེས་པའམ་ཨོཾ་ཞེས་པས་སོ།། ཅིག་ཅར་ཞེས་པ་ནི་ཤེས་རབ་དང་ཐབས ་ཀྱི་རིམ་པ་འདིས་གང་སྔགས་ཀྱི་ཡི་གེ་རྣམས་ལྷོ་མོའི་ཞལ་ནས་བྱུང་ནས་རང་གི་ཁར་ཞུགས་པ་དེའི་ཚེ་རྡོ་རྗེའི་ལམ་ན་སཱ་ལྷ་མེའི་པདྨར་ཞུགས་པའོ།། ཡང་ལྷ་མཽའི་ཞལ་ནས་བྱུང་སྟེ། རིམ་པ་འདིས་རྒྱུན་མི་འཆད་པར་བཟླས་པ་ནི་དོན ་གཅིག་གོ།། གཞན་ཡང་ཅིག་ཅར་ཞེས་པ་ནི་ཕྱིའི་ཕྱག་རྒྱ་མ་ལོ་བཅུ་གཉིས་མ་བསྟེན་པ་སྟེ། ཇི་སྲིད་དུ་ཁུ་བ་དང་ལྡན་པ་དེ་སྲིད་དུའོ།། དེའི་ཚེ་བདག་ཉིད་ཀྱང་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་བྱང་ཆུབ་ཀྱི་སེམསོ།། ཕྱག་གཉིས་ཅེས་པ་ན་སྲོག་དང་རྩོལ ་ཁ་དག་གཟུང་བཱར་བྱའོ།། སྙིང་གར་ཞེས་པ་ནི། སྟེང་དང་འོག་གི་སྲོག་དག་སྙིང་གའི་གན་སུ་ཕྲད་པར་བྱེད་པའོ།། བཎྜིར་བུ་རུ་བྱ་ཞེས་པ་ནི་ཐིམ་པར་འགྱུར་ཅེས་སྦྱ་རོ།། དེས་ན་ཡང་ཁ་དོག་དཀར་པོ་ཞེས་བྱ་བ་ལཱ་སོགས ་པ་ནི་དེའི་དངོས་པོའི་རང་བཞིན་འབྱུང་བའོ།། དེའི་ཕྱིར་དེ་རྣམས་བུད་མེད་ལས་ཁུ་བ་འབྱུང་བས་ལག་པ་ཞེས་བྱ་བ་ལ་སོགས་པ་ནི་པདྨོའི་ལག་པ་སྦྱིན་ཏེ། རིམ་པ་འདིས་སྲོག་དག་སྔོན་དུ་འགོག་པའི་ཕྱིར།། སླར་ཡང་སྤྲོ་བའོ།། བསྐོར་ཞེས་པ་ནི་བསྐྱོད ་པར་བྱའོ།། མཁའ་འགྲོ་མའི་དེ་བདེ་བ་ཞེས་པ་ནི་སྔོན་དུ་བསྒྲུབ་པའི་བྱང་ཆུབ་ཀྱི་སེམས་དེའི་པདྨར་གནས་པའོ།། དེ་ཡང་ཨཱ་ལི་ཞེས་བྱ་བ་ལ་སོགས་པ་ནི་སྲོག་དང་ཐུར་སེལ་རོ་གཅིག་པའི་དངོས་པོའི་ཕྱིར་རོ།། ཧཱུཾ་ཞེས་པ་ནི་ཧཱུཾ་གི་རྣམ་པ་བརྗོད་པའི་ཕྱིར། ་རྡོ་རྗེས་ལྕགས་ཀྱུ་བཞིན་བྱང་ཆུབ་ཀྱི་སེམས་དགུག་པར་བྱའོ།། དེ་བཞིན་དུ་སྤྱད་པས་ཞེས་པ་ནི་དེ་ཉིད་ཀྱི་སྐུད་པ་ཞེས་པ་ཨ་བེ་དྷཱུ་ཏཱིའི་བུ་གཱའི་ལམ་དུའོ།། གདབ་པར་བྱ་ཞེས་པ་ནི་མི་ཤིགས་པར་བརྗོད་པོ་དྡྷེ་ཁྱེར་བྲིའོ།། དེའི་ཁྱེར་བརྟན་པར་འགྱུར་ཏེ ་སྤྱད་བུ་བཞིན་དུ་ཞེས་པའོ།། དེ་བཞིན་དུ་འདི་ཡི་ཞེས་པ་ནི་མཆོག་ཏུ་མི་འཇོག་པའི་ས་བོན་གྱིས་དེའི་སྒོམ་པ་དུས་ཐམས་ཅད་དུ་མི་འདོར་ཞེས་པའི་དོན་ཏོ།། དེས་ནོ་རྣལ་འབྱོར་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལས་ཀྱི་ཕྱག་རྒྱ་ལ་སྦྱོར་བས་ཕྱག་རྒྱ་ཆེན ་པོ་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དུ་བསྟན་པའི་ཕྱིར་རོ།། དེ་ཡང་ཡང་གསུངས་པ། ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ཡིས།། ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ།། བཅུ་གཉིས་ལོ་ལོན་དོཔེ་མེད་མ།། ཤེས་རབ་ཆེན་མོ་བསྟེན་པ་རོ་ཀ།། ཕུང་པོ་ལ་སོགས་བྱེད་པ་ཡི ་རྗེ་སྲིང་ཁུ་བ་ལྡན་འགྱུར་བར།། ལག་གཉིས་སྙིང་གི་དབུས་བཞག་སྟེ།། བདག་ཉིད་ཀྱིས་ཀྱང་དེ་བཞིན་གཟུང་།། ཕྱི་ནང་ཁུ་བ་དགུག་བྱ་བ། ཁང་ལས་རྡོ་རྗེ་ལམ་ནས་ནི།། རྐན་གྱི་བུ་ག་རུ་ནི་འདྲེན།། སྔགས་ཀྱི་བཟླས་པ་མི་འཛག་པ།། དེ་ཉིད་ཀྱིས་ན་སངས་རྒྱས ་ཉིད།། ཕྱག་རྒྱ་ཆེ་ལ་ཉེ་བར་གནས།། གོམས་པའི་དུསུ་དྲི་ཉིད་ཀྱིས།། སྒྲ་དཀར་གཉེར་མ་ལ་སོགས་སྤངས།། ཞེས་པ་སྟེ་ངེས་པའོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བརྒྱད་པའི་རབ་ཏུ་བྱེད་པ་གཉིས་པའི་སྔགས་བཟླས་པ་ལ་སོགས་པའི ་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བའི་གཞུང་མདོར་བསྟན་པ་སྟེ་གཉིས་པའོ།། །། ད་ནི་རྩོད་པའི་དུས་ཀྱི་དབང་གིས་སེམས་ཅན་རྣམས་ཤིན་ཏུ་གཏུམ་པའི་ལས་ལ་སྤྱོད་པ་དེས་ན་རྫོགས་པའི་རྣལ་འབྱོར་པ་རྣམས ་ཀྱང་ལས་བཟང་པོར་མི་འགྱུར་ཏེ། གང་གི་ཕྱིར་རང་གི་སེམས་ཀྱི་དངོས་པོ་ཐམས་ཅད་མཐོང་བས་དེའི་རང་བཞིན་དུ་འགྱུར་རོ།། དེའི་ཕྱིར་ལམ་བཟང་པོ་ནས་མྱུར་བར་གོང་དུ་བརྗོད་པའི་ཕྱིར། གོང་དུ་འཕོ་བ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། རྡོ་རྗེ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་འབོད་པའོ།། སྦྱོར་མཚན་ཉིད་ཅེས་པ་ནི་རྩ་རྣམས་ཀྱི་ནང་རྣམསུ་དེ་རྣམས་ཐིམ་པར་བྱས་ནས་སོ།། དེ་ཅིའི་ཕྱིར་ཞེ་ན། འདིར་གང་གི་ཕྱིར་གོང་དུ་མི་འཕོ་བོ་དེའི་ཚེ་དེར་ཐམ་པ་སྟེ། སྒོ་གཞན་གྱི་ལམ་ནས་མ་ཡིན ་ཞེས་པའོ།། དེ་བཞིན་དུ་ལམ་བཟང་པོ་ཞེས་པ་ནི་གཞན་བྱིས་པའི་སྐྱེ་བོའི་རང་གི་བློ་ཀུན་ཏུ་རྟགས་པ་ནི་མ་ཡིན་ནོ།། དེས་ནི་ཇི་བཞིན་ཞེས་པ་ནི་ཇི་ལྟར་གོ་རིམས་བཞིན་མི་འགྱུར་ཞེས་སྦྱར་རོ།། དེའི་ཕྱིར་བདག་གིས་ཡེ་ཤེས་ཀྱིས་ཇི་ལྟར་མཛེས ་པ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་ངེས་པའོ།། དེ་ཡང་འཆང་བཞིན་པ་ལས་བཤད་པར་བྱའོ།། ནི་འཆི་བའི་མཐར་དེའི་དངོས་པོ་ལ་གཞན་གྱིས་ཀུན་ཏུ་བརྟགས་པའི་ལམ་ལ་སྒྲོག་འབྱུང་བས་འདྲ། ་པབ་བསྟན་པའི་ཕྱིར།། སྒོ་དགུ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚད་མ་ཞེས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ཚིག་གོ།། འོན་ཀྱང་མུ་སྟེགས་པ་ལ་སོགས་པའི་བརྟགས་པའི་གོང་དུ་འཕོ་བ་ལ་སྐྱོན་བརྗོད་དེ། སྦྱོར ་བཞེས་པ་ནི་དོ་རྣམས་ཀྱི་རང་གི་འདོད་པའི་ཐིག་ལེའི་གནསུ་སོང་བས་ཐར་པར་འདོད་པའོ།། དེ་ནི་མ་ཡིན་ཏེ་སྦྱོར་བ་ཉམས་པའོ།། ཡང་ན་དེ་ཉིད་ཀྱི་སྦྱོར་བས་འགྲུབ་ན་དེའི་ཚེ་བཟང་ངོ་།། འོན་ཀྱང་མི་ཤེས་པའི་ཕྱི་རོ་ཏེ་མི་ཤེས་ཏེ། དྲིའི ་ཚེ་སྐྱོག་གཟིར་བས་སྡུག་བསྔལྔ་ཉམ་སུ་མྱོང་བར་འགྱུར་རོ།། དེས་ན་སྐྱོ་དགུ་ནས་སྲོག་འགྲོ་སྟེ་ངེས་པ་མེད་པསྟེ།། དེ་ལྟར་དེ་རྣམས་ཀྱི་ལམ་ནི་ལཱམངོན་པར་བརྗོད་དོ།། ལམ་བཟང་པོ་ཞེས་བྱ་བ་ལ་སོགས་པ་ལོ། ཐིག་ལེ་ཞེས་པ་ནི ་མཛོད་སྤུའོ།། སྟེང་ཞེས་པ་ནི་སྤྱི་བོའོ།། སོགས་པའི་སྒྲས་ནི་ཁ་གཟུང་ངོ་།། གྲུབ་པའི་ལྷ་ཞེས་པ་ནི་རལ་གྲིའི་རིག་པ་འཛིན་པ་ལ་སོགས་པའོ།། སྲིད་པའི་སྒོ་ཞེས་པ་ནི་ཁའོ།། འཕོ་བ་ཞེས་པོ་ནི་འཕོ་བའི་ཕྱིར་རྣམས་པར་ཤེས་པ ་འཕོ་བར་བརྗོད་དོ།། གཞན་ནི་གོ་སླའོ།། དེས་ན་འདིར་ལྟར་སྒོ་བ་ཞེས་བྱ་བ་ལ་སོགས་པ་ནི་འདིར་རྒྱལ་རྣལ་འབྱོར་ཕུལ་དུ་མ་སོང་བ་རྣམས་རྒན་པར་འགྱུར་བ་འམ།། ཡང་ན་དུས་མ་ཡིན་པར་འཆི་བའི་མཚན་མ་མཐོང་བ་དེའི་ཚེ།། དེ་ཡང ་གདན་བཞི་པ་དང་། རྡོ་རྗེ་མཁའ་འགྲོ་ལ་སོགས་པར་གསུངས་པའི་ཕྱིར། དེ་རྣམས་ལས་རྟོགས་པར་བྱའོ།། དེའི་ཕྱིར་སྒོའི་བྱེ་བྲག་ཅེས་པ་ནི། འདོད་པའི་དབང་གིས་ལྟེ་བ་ལ་སོགས་པའི་སྒོ་རྣམས་ལས་གོང་དུ་འཕོ་བར་བྱ་ཞེས་སྦྱར་རོ།། དེ་བཞིན་དུ ་ཡང་རྒྱུན་མི་འཆད་པར་གོམས་པ་ཤིན་ཏུ་བཟང་བའི་གོངས་དུ་འཕོ་བའི་མཚན་ཉིད་བསྟན་པ་གསུངས་པ། མ་གཟིར་བ་ཞེས་བྱ་བ་ལ་སོགས་པ་ནི་འཆད་བཞིན་པ་ལས་གསུངས་པའི་ཕྱིར་རོ།། རིམས་ལ་སོགས་པས་མ་གཟིར་བའི་རྣལ་འབྱོར ་པ་དེ་ལ་དེ་སྐད་ཅེས་བྱའོ།། དེས་ན་བུམ་པ་ཅན་ཞེས་བྱ་བ་ལ་སོགས་པ་ནི་དང་པོའི་ཏིང་ངེ་འཛིན་གྱིས་བུམ་པ་ཅན་གྱི་སྦྱོར་བས་ལྀ་གོམས་པར་བྱའོ།། དེས་ན་སྒོ་རྣམས་ཐམས་ཅད་དེ་བཞིན་དུ་འགྱུར་རོ།། དེ་བཞིན་དུ་སྒྲོགས་པ་ལྔ་ཞེས་བྱ་བ་ལ ་སོགས་པ་ནི་མཆོད་རྟེན་གྱི་སྒྲས་སྔོན་དུ་གསུངས་པའི་སྒོ་རྣམས་ལ་བརྩེགས་པའི་ཡི་གེ་རྣམས་དགོད་པ་སྟེ། སྒོ་སོ་སོ་ལ་ཡི་གེ་ལྔ་པོ་རེ་རེའི་ཡི་གེར་འགྱུར་ཏེ། ཁམས་ལྔའི་མིང་ཅན་རླུང་ལྔའི་བདག་ཉིད་ཅེས་པའི་དོན་ཏོ།། དེས་ན་ཡོང་སྒྲོ་རེ ་རཱི་ལ་རྩཝ་ལྔ་རབ་ཏུ་ཕྲ་བ་སྒྲོགས་པ་ལྔར་ཤེས་པར་བྱ་སྟེ། དེའི་རྣམ་པའི་ཡི་གེ་སྦྱོར་བའི་དུས་དུ་བརྗོད་པས་རྩ་བ་ཐམས་ཅད་ལ་གནས་པར་འགྱུར་རོ།། དེའི་ཚེ་ཡི་གེ་འདི་ཉིད་ཀྱི་རྣམ་པ་བརྗེད་པའི་ཕྱིར་ཞེས་གསུང་སོ།། དེ་ལ་འོགི་ཞེས་བྱ་བ་ལ་སོཊཱ་པ ་ནི་དེ་ལ་ཞེས་པ་ནི་སྦྲོན་པ་ལྔའི་སྒོ། དྷས་ཡི་གེ་བརྒྱད་དོམ་དྲུག་རིམ་པ་བཞིན་དགོང་ཏེ་དེས་ན་མཆོད་རྟེན་བཞིན་དེ་རྣམས་ཀྱི་ནང་དུ་ཡང་འཇུག་པས་ན་མཆོད་རྟེན་གྱི་ཡན་ལག་གིས་ས་བོན་གྱིས་དེ་ཉེ་བར་མཚོན་པའི་ཕྱིར། སྲོག་སྤྲོས་པ ་གེ་བརྗོད་པའི་ཕྱིར་ཞེས་པ་སྟེ་ངེས་པའོ།། དེའི་སྒོ་ཡིས་བོན་ཧཱ་ཞེས་བྱ་ནི་ཧཱུ~ཾ་གྲི་ཆ་བྱད་དུ་བདུད་ཎྜཱི་རྒྱུན་འབྲུབ་ཁ་དོག་དཀར་པོ་ཆུ་བཞིན་དུ་གཙུག་ཏོར་ནས་རྐང་བུའི་མཐེ་བོའི་མཐར་ཐུག་པར་ཟླ་བའི་གཟུགས་སུ་རང་གི་སེམས ་བལྟ་བའོ།། ཆུ་དང་ཞེས་བྱ་བ་ལ་སོགས་པ་ལ་ཆུ་ནི་འགྲོ་བའི་ཚུལ་གྱི་ཕྱིར་ལས་ཀྱི་རླུང་ངོ་།། དེའི་ཐི་མོ་པྲས་ན་མི་འགྲོ་བའི་ཆུ་མིནྡ་འཆི་བའི་བར་དུ་མི་འབྱུང་བ་དེ་ནི་དབྱིབས་ཀྱི་རླུང་སྟེ། ཆུའི་ནང་གི་ལམ་ནས་རྒྱུ་བའོ།། དེ་གཉིས་ཀའི་སྦྱོར་བས་མེའི ་ས་བློན་འཇིག་རྟེན་པ་ལས་གྲགས་པའི་རྭའོ།། དེ་ཡང་ཡང་དག་སྦྱིན་པོ་ཉིད་ཀྱིས་ཨར་འགྱུར་ཏེ། དེའི་ཆ་གཉིས་ཀྱི་ཕྱིར་ཆུ་མིན་ནི་རའོ།། ཆུ་ནི་ཏའོ།། དེའི་ཕྱིར་ར་མོའི་ས་བོན་གྱི་ཕྱིར་འབར་བ་བཞིན་ཞེས་པར་བསྒོམ་པར་བྱའོ།། ཏ་ཡ་དངོས ་པོའི་དབྱེ་བས་མེ་འཇུག་པར་འགྱུར་ཏེ་མེ་དེ་ཉིད་ལ་ཐིམ་པར་འགྱུར་བ་ནི་མུ་ལྷ་ཞེས་དགྲོང་སོ།། དེའི་ཕྱིར་མེ་བཞིན་ཞེས་པ་སྟེ་ངེས་པའོ།། སྦྱོར་བ་འདི་ནི་སྒོ་དགུ་རྣམས་འགོག་པར་འགྱུར་རོ།། དེ་བཞིན་དུ་ཤིན་ཏུ་མཉམ་པར་བཞག་པའི ་རྣལ་འབྱོར་པ་ཞེས་པ་ནི་རྣམ་པར་ཤེས་པའོ།། དེའི་སྔོན་ཞེས་པ་ནི་ཏིང་ངེ་འཛིན་རྩོམ་པའི་དུསུ་དབུས་ལ་དང་པོ་ཉིད་དུ་འདི་བྱ་ཞེས་གསུངས་པ་ལུས་ནི་རླུང་གི་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཀུན་གཞི་རྣམ་པར་ཤེས་པ་ལ་རང་གི་ལུས ་གནས་པ་དེའི་ཚེ་རླུང་གི་རྣམ་པར་ཤེས་པ་བསྒོམ་པར་བྱའོ།། དེས་ན་བརྫུས་ཏེ་སྐྱེས་པ་གཟུགས་མེད་པའི་ཁམས་བཞིན་ནོ་ཞེས་སྦྱར་རོ།། དེ་བཞིན་རླུང་གི་དཀྱིལ་འཁོར་བསམ་པར་བྱ་ཞེས་པ་ནི་དྲི་ཟའི་སེམས་ཅན་བཞིན་རླུང་གི་དཀྱིལ་འཁོར་གྱི ་རྣམ་པ་བསམ་མོ།། གང་གི་ཕྱིར་རྣམ་པར་ཤེས་པ་དེ་ལ་བརྟེན་པས་སོ།། དེའི་ཕྱིར་བསམ་ཞེས་པ་ནི་སེམས་ལས་བྱུང་བ་ཡེ་ཤེས་ཞེས་པའི་དོན་ཏོ།། དེ་བཞིན་དུ་རླུང་གི་དཀྱིལ་འཁོར་པ་གང་གིས་གླང་དུ་ཅི་བྱེད་ཅེ་ན། གསུངས་པ། རླུང ་གི་ས་བོན་རྩ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྩཝ་བ་ནི་དབྱིབས་ཀྱི་རླུང་ངོ་།། དེ་ཉིད་ཀྱི་འོག་སྟེ། མཐའ་མ་ནཱས་སྟེང་དུ་འགྲོ་བ་ནི་ལས་ཀྱི་རླུང་ངོ་།། དེ་ཉིད་ཀྱི་མི་ཤིགས་པ་ལ་རེག་པ་དེའི་ཚེ་སྣ་ལ་སོགས་པའི་བུ་ག་ནས་བྱུ་།། འདིར་ལྔ་སྦྱོར་བ་འ ་སྟེ། སྔ་བོན་ཞེས་པ་ནི་ཨོཾ་ཧཱུཾ་ཞེས་པའི་ས་བོན་གཉིས་ཀྱི་འོག་དང་སྟེང་དུ་གནས་པ་འཇུག་པ་དང་འབྱུང་བའི་ཕྱིར་རོ།། རླུང་གི་ས་བོན་དེ་ཉིད་ཀྱི་དབུས་སྔོན་དུ་གསུངས་པའི་རླུང་གི་དཀྱིལ་འཁོར་ཨའི་མིང་ཅ་ནོ།། དེ་ཡང་ཐིག་ལཱི་སྒྲ་ཞེས་བྱ་བ་ལྔ་སོག། ་པ་ལ་ཐིག་ལེ་ནི་གཙུག་ཏོར་དྲིའོ།། སྒྲ་ནི་ལྟེ་བ་དང་རྐང་པའི་མཐའ་ལ་ཐུག་པ་དེ་དང་ལྡན་པས་སྟེང་འོག་ནས་དགུག་ཅིང་ལྟ་བྲི་ནང་དུ་སྦྱར་ཏེ་ཇི་སྲིད་ཨཱ་པྲ་དྷཱུ་ཏཱིར་ཞུགས་ཀྱི་བར་དུའོ།། དེ་ཉིད་སེམས་ཀྱི་སྔ་བོན་གྱིས་ཞེས་པ་ནི་དྲི་ཟའི་སེམས་ཅན་གྱི ་རྣམ་པའི་བག་ཆགས་ཙམ་གྱིསོ།། གཞན་དུ་རླུང་ལ་བརྟེན་པའི་རྣམ་པར་ཤེས་པ་དེ་དང་བྲལ་བའི་ཕྱིར་ལས་ཉིད་དུ་སུ་ཞིག་བྱེད་པོར་འགྱུར།། དེའི་ཕྱིརར་སེམས་ཀྱི་ས་བོན་གྱིས་ཞེས་སྨོས་ཏེ། དེ་ཉིད་ཀྱང་དེ་ཁོ་ན་ཉིད་གང་གིས་འགུགས་ཞེས་ན ་གསུངས་པ། རྡོ་རྗེའི་ས་བོན་ཞེས་བྱ་བ་ལ་སོགས་པོ་ནི་རྡོ་རྗེ་འཆང་གི་ས་བོན་ནི་དགོངས་བཤད་གཞན་གྱིས་ཧཱུཾ་དུ་གཟུང་ངོ་།། དེ་ཡང་སྟེང་དུ་གནས་ནས་འོག་ཏུ་བལྟས་པའོ།། དེ་བཞིན་དུ་དྲགས་པོའི་ས་བོན་ཞེས་པ་ནི། ཨོཾ་སྟེ་འོག་ཏུ་གནས་ནས་སྟེང་དུ ་བལྟས་པའོ།། ཡང་ན་སུམ་དང་ཀྵཾ་ཞེས་པ་དག་སྟེ། འདི་གཉིས་ཀྱི་དབུས་མགོ་བོ་གཉིས་ཀྱི་སྟེང་དུ་ཡཾ་གི་ས་བོན་གཉིས་ཐིག་ལེ་དང་སྒྲའི་བདག་ཉིད་ཀྱི་ཕྱིར་ཞེས་དགོད་སོ།། དེ་ལྟར་ཐིག་ལེ་དང་།། སྒྲ་དང་། ་ཡོ་གཉིས་ལྕགས་ཀྱུ་བཞིན་སྦྱར་ཏེ། ལྕགས་ཀྱུ་བཞིན་ཞེས་པ་ནི་ད་ལྟ་ཡང་ཡི་གེ་གཉིས་རྡོ་རྗེ་དྲག་པོའི་གནས་ཀྱིས་སྙིང་ནས་འགུགས་པར་བྱེ།། སྙིང་གི་གནས་དེ་ཉིད་གོང་དུ་ཤེས་པར་བྱའོ།། གང་ཕྱིར་དུས་ཀྱི་རྣམ་གྲངས་སྙིང་སྣ ་ཚོགས་པར་འགྱུར་ཏེ། རླུང་རྣམས་འཕོ་བའི་ཕྱིར། ཞེ་ན་གསུངས་པ། ཉི་ཤུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ་ནི་པུལླི་ར་མ་ཡ་སོགས་པ་གནས་དང་ཉེ་བའི་གནས་ལ་སོགས་པའི་སྤྱི་བོའི་གནས་ནས་པུས་མོའི་མཐར་ཐུག་པ་ནས་དེར་འགུགས ་པ་དེར་ལྟར་སྙིང་དུ་གསུངསོ།། དེ་ཉིད་ཀྱིས་ན་གཽནས་གང་ཞེས་རྡོ་རྗེ་སྙིང་པོས་ཞུས་པར་བརྗོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོང་གི་གནས་ཞེས་པ་ནི་ལམ་གྱི་ཚིག་སྟེ། པུ་ལླཱིར་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་རུ ་བཞག་སྟེ། དེ་ཡང་ཚོགས་དགུ་ཞེས་པ་ནི་སྒོ་དགུའི་སྟེང་དུ་སོང་བའི་སྲོག་ལ་སཾ་གསྤ་དགུག་པར་བྱ་བའོ།། གང་གིས་ཤེ་ན་གསུངས་པ་འགྲོ་དང་ལྡོག་ཅེས་བྱ་བ་ལ་སོགས་པ་ནི་འདིར་སྟོནྡ་དུ་གསུངས་པའི་རྡོ་རྗེ་ཅནྡ་དྲག་པོའི་ས་བོན་གྱི ་དགུག་པའོ།། དེའི་ཡང་བྱེད་པ་འགྲོ་བ་ཞེས་པ་ནི་ཧཱུཾ་།། ལྡེག་ཅེས་པ་ནི་ཨོཾ་ཏེ། དེ་དང་སྲོག་དང་ཐུ་རོ་སེར་ལ། དི་ཡང་ས་བོན་ག་ཉིས་སྦྱངས་ཏེ་ཡི་གེ་ཕྱེད་དདོངངོ་གཉིས་ཁོང་ནས་བརྗོད་པའི་ཕྱིར་རོ།། དེ་ཡང་དྲག་པར་སྤྲས་ཞེས་བྱ་བ་ལ་། ་པོ་ནི་ཕྲད་པའི་ཕྱིར་སྡུད་པའི་དུས་སོ།། དེ་ན་སྒྲ་དེ་ཉིད་སྦས་ཏེ་གཞན་ནི་མ་ཡིན་ནོ།། དེའི་སྐད་ཅིག་ལ་ཅི་ཞིག་བརྗོད་པར་བྱ་ཞེ་ན་གསུངས་པ། བརྒྱད་ཀྱི་མཐའ་ཞེས་བྱ་བ་ལ་སོགས་པ་ནི་ཧའོ།། ཨའི་སྡེའི་རྗེ་སུ་ཀའི་སྡེ་ཀའི་ཕྱེད་དེ། ཧི་ཀ་ཨ་ཧི་ཀ ་གཉིས་ཀྱིས་འོག་དང་སྟེང་དུ་ལྕགས་ཀྱུ་བཞིན་དགུག་པར་བྱ་ཞེས་པ་སྟེ་ངེས་པའོ།། རྩ་བར་རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་བཞིན་དུ་རྒོལ་འབྱོར་པའི་ཞེས་བྱ་བ་ལ་སོགས་པ་ནི་དབུགས་འབྱུང་བ་དང་འཇུག་པ ་དངག་གི་ས་བོན་གཉིས་ཀྱིས་སྟེང་གི་ས་བོན་གཉིས་སྙིང་དང་འོག་གཟིར་བར་བྱ་ཞེས་པ་ནི་ལས་དང་དབྱིབས་གཉིས་བཟའ་བར་བྱའོ།། དེས་ན་རྣལ་འབྱོར་པ་ཞེས་པ་ནི་སངས་རྒྱས་དང་མཚུངས་ཏེ་བཟོད་པའི་ཕྱིར་རོ།། དེ་བཞིན་དུ་འཕྲུལ་དུ ་འཕོ་ཞེས་པ་ནི་སྦྱར་བ་འདིས་གོང་དུ་འཕོ་སྟེ། རྟག་ཏུ་གོམས་པ་ལས་འགྱུར་ཞེས་དགོངསོ།། ཡང་ན་རྣལ་འབྱོར་པ་རྣམས་ཀྱི་སྡིག་པ་ཐམས་ཅད་འཕྲོལ་དུ་འདག་པར་འགྱུར་ཏེ་དེ་ཡང་འཆད་བཞིན་པ་དང་བྲལ་བའོ།། ད་ནི་གོང་དུ་འཕོ་བའི ་འབྲས་བུ་དང་ཉེས་པ་གསུངས་པ། ལྷ་དང་ཞེས་བྱ་བ་ལ་སོགས་པ་ཆོས་འཁོར་དང་གཙུག་ལག་ཁང་འཇོམས་པ་དང་བྲམ་ཟེ་གསོད་པ་དང་། དེ་བཞིན་དུ་ཕ་དང་། མ་དང་། བླ་མཱ་དང་། དགྲ་བཅོམ་པ་གསོད་པའི་མཚམས་མེད་པ་ལྔ་བྱེད་པ ་དང་སྡིག་པའི་བློས་དགེ་བ་དང་པ་མིན་པ་དང་མི་དགེ་བ་འཇུག་པ་དང་། ཆོམ་པོ་ཡང་མ་རིག་པའི་དབང་གིས་ཏེ་འདོད་པ་ལ་སོགས་པའི་ཉེ་བའི་ལོངས་སྤྱོད་ལ་ཆགས་པ་དང་སྡིག་པའི་བཤེས་ཀྱིས་གཟུང་བ་སྡིག་པའི་སྐྱེས་བུ་རྣམས་ཀྱིས ་ནི་མི་འགྲུབ་སྟེ། དེ་ལྟ་སྨོད་ཀྱི་སྐྱེས་པ་གང་དག་འདི་ཡིས་ཞེས་པ་ནི་ཆོམ་པོ་ལ་སོགས་པའི་སེམས་དང་མ་བྲལ་བ་དེ་རྣམས་ཀྱང་ལཱམ་གྱི་ཁྱད་པར་གྱིས་ཡང་དག་པར་གོང་འཕྲོ་བས་བདེ་བར་གཤེགས་པ ་སངས་རྒྱས་རྡོ་རྗེ་འཆུང་ལ་སོགས་པ་ཐོབ་པར་འགྱུར་རོ།། སྡིག་པ་ལ་སོགས་པ་ཞེས་པ་ནི་ལྷ་གསོད་པ་ལ་སོགས་པའི་ཉེས་པ་དེས་གོས་པ་མ་ཡིན་ནོ།། དེ་ལ་སྲིད་པའི་དངོས་པོ་རིང་བ་ཉིད་དུ་མི་འགྱུར་རོ།། ཅི་སྟེ་གལ་ཏེ་འགྱུར་ན་དེའི་ཚེ ་སྐས་ཀྱི་ཐེམ་པའི་རིམ་པ་བཞིན་རིགས་ན། དེ་ཇི་ལྟར་སྡིག་པའི་བདག་ཉིད་ཅན་གྲོལ་བར་འགྱུར། དགེ་བ་བཅུ་ལ་སོགས་པའི་ལས་ཀྱི་ལམ་རྣམས་བསྟན་པའི་ཕྱིར། དེའི་ཚེ་དགེ་བ་བཅུའི་ལམ་ལ་སོགས་པ་རྣམས་གཟུང་བས་གྲོལ ་ལོ་ཞེ་ན་གསུངས་པ། ཇི་ལྟར་འདམ་ཞེས་བྱ་བ་ལ་སོགས་པ་ནི་འོན་ཀྱང་དུས་གླང་དུ་འཕོ་བ་དྲང་ཉེ་བའི་དུས་དེར་རང་གིས་སེམས་དྲང་ལྷར་སྦྱངས་པའི་ཕྱིར། དགེ་བ་བཅུ་ལ་སོགས་པའི་ལས་ཀྱི་ལམ་མངོན་དུ་བྱེད་དོ།། དེ་ལ་དཔེ་ནི་བདག་གི ་སྡིག་པ་ནི་འདམ་བཞིན་ཏེ། དེ་ལས་བྱུང་བའི་པདྨ་དྲི་མ་མེད་པ་མཛེས་པ་བཞིན་ཡེ་ཤེས་ཀྱི་ལུས་དྲི་མ་མེད་པ་དེ་ལྟར་སྡིག་པ་ཕྱིས་སྤངས་པའི་ཕྱིར་ཛོ་སྐད་གསུངས་པ་བཞིན་དུ་བྱེད་དེ། སྡིག་པའི་སྐྱེས་བུ་ཉིད་སྡིག་པ་མེད་པར་འགྱུར ་ཏེ། ལམ་བཟང་པོ་ནས་གོང་དུ་འཕོ་བའི་མཚན་ཉིད་ཀྱི་སོ།། འོན་ཀྱང་དེའི་དུསུ་རྣམ་པར་ཤེས་པ་ཉིད་ཀྱི་དེའི་རང་བཞིན་དུ་འགྱུར་ཏེ། སྔོན་གྱི་རང་བཞིན་རྣམས་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ།། དེའི་རིགས་ཀྱི་ཕྱིར་སྐྱེ་བ་གཞན་རྣམས་ལ་དེ་ཉིད་ཆོས ་གདུལ་བའི་བྱ་བ་བྱེད་དེ། བདག་ཉིད་གྲུབ་པའི་ཕྱིར་ཞེས་དགོས་པའོ།། ལྷག་མ་ནི་གོ་སླའོ།། མདོར་བསྡུས་པའོ།། རྒྱས་པ་ནི་རྟོག་པ་ལྔ་པའི་རབ་དུ་བྱེད་པ་གསུམ་པར་གསུངས་པ་སྟེ། དྭེར་སྒྲུབ་པ་པོས་ཤེས་པར་བྱའོ།། བདག་གིས་ཀྱང་དོ། ་ཉིད་དུ་བསྡུས་པའི་ཚོགསུ་བཅད་པ་སྣ་ཚོགས་པས་བསྟན་ཏོ།། ད་ནི་སྔོན་དུ་གསུངས་པའི་གོང་དུ་འཕོ་བ་ལས་གོམས་པའི་དུསུ་རྣལ་འབྱོར་པ་བསྒྲུབ་བྱ་ད་ལྟར་བྱུང་བ་རྣམས་ཀྱི་བསྒོམ་པ་གསུངས་པ། རྣལ་འབྱོར་བསྒྲུབ་བྱ་ཞེས ་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སྙིང་པོ་ཁྱོད་དེ་བཞིན་དུ་གོ་རིམས་ཇི་ལྟ་བ་དེ་ཁོ་ན་ཉིད་འཆད་བཞིན་པ་དེ་ཉོན་ཞེས་སྦྱར་རོ།། དེ་ཡང་རྣམ་པ་དང་བཅས་པའི་སྒོམ་པ་ཉིད་ཀྱིས་ཡེ་ཤེས་མཁའ་འགྲོ་མའི་གཟུགསུ་བསྐྱོད་དེ། དེས་ནི་རྣལ ་འབྱོར་པ་བདག་ཉིད་ཀྱི་གཟུགས་འཆང་བཞིན་པ་ལས་དཀྱིལ་འཁོར་གྱི་འཁོར་ལོ་བཤད་དེ། དེ་ཡང་སྔོན་དུ་གསུངས་པའི་རྟོག་པ་གསུམ་པའི་རབ་ཏུ་བྱེད་པ་གཉིས་པ་དེར་ཤེས་པར་བའོ།། དེ་ལྟར་གསུངས་པའི་མཚན་ཉིད ་ཐམས་ཅད་སྔོན་བཞིན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འོན་ཀྱང་དེ་རྣམས་ཀྱི་ས་བོན་བརྒྱད་ཅེས་བྱ་བ་ལ་སོགས་པཱ་ལ། ཨཱ་ལི་ཀཱ་ལི་ཞེས་པ་ནི་རྟོག་པ་བདུན་པའི་རབ་ཏུ་བྱེད་པ་གསུམ་པརོ་བརྩེགས་པའི་ཡི་གེ་བརྒྱད་ཇི་ལྟར་བསྡུས ་པ་དེའི་ས་བོནི་རྣམས་དགོད་ཅེས་དགོང་སོ།། དེ་བཞིན་དུ་ཕྱིའི་བསྒོམ་པ་འདིར་དེ་བཞིན་དུ་ཡེ་ཤེས་མཁའ་འགྲོ་མའི་ཡི་གེ་ནང་གི་དོན་གསུང་པ། དེའི་དོན་གྱི་དབང་དུ་བྱས་པ་གསུངས་པ་ཆུ་ཤིང་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ནི་འདིར་རྣལ ་འབྱོར་ལ་བསྒྲུབ་བུའི་བྷི་རྱ་གང་ཆུ་ཤིང་གི་མེ་ཏོག་ལྟ་བུ་འཕྱང་བཞིན་པ་འོག་ཏུ་བཟླས་པའི་ཕྱིར་རོ།། རྩཝ་དྷུ་ཞེས་པ་ནི་མཱུང་ཅན་དེ་བཞིན་དུ་བརྟན་པའི་སྦྱོར་བླ་ཡིས་ལྟ་བུའི་ཚིག་ཕྱིས་བྲས་མུ་ཤིང ་གི་མེ་ཏོག་གོ།། དེ་ཡང་མི་ཤིགསུ་པ་ཞེས་པའི་ཐིག་ལྕེའོ།། དེའི་དབུས་སུ་པདྨ་ཞེས་བྱ་ནི་བདེ་བ་ཆེན་པོ་མི་གསལྟ་བའོ།། དེའི་དབུསུ་སྟོང་གི་ཞེས་པ་ནི་ཆོས་ཀྱི་དབྱིངས་བྷ་གའི་རྣམ་པ་བརྗོད་དོ།། དེའི་དབུས་གང་སྐྱེས་ཞེས་པ་ནི་རྡོ་རྗེ་ལྟ་བུའི ་སྲོག་གི་རླུང་།། བཞག་ཅེས་པ་ནི་མི་སྡུད་པའི་ཏིངེ་འཛིན་ཏེ། མི་གཡོ་བའི་སྦྱོར་བ་སྲོག་གི་རླུང་བསྟན་པའོ།། དེའི་དབུས་ཞེས་བྱ་བ་ལ་སོགས་པ་ལ། ཡེ་ཤེས་རྣམ་ཤེས་ཅེས་པ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་དང་སྟོང་པ་དང་སྙིང་རྗེ ་ལྷ་གཅིག་པ་ཞེས་པ་ནི་མི་ཕྱེད་པས་སོ།། ནཱའི་སྒྲ་ནི་ངེས་པར་གཟུང་བའི་ཕྱིར་རོ།། དེ་བཞིན་དུ་དངོས་པོ་ཞེས་པ་ནི་དངོས་པོ་ཞེས་པ་ནི་དངོས་པོ་ཐམས་ཅད་ཀྱི་དང་པོར་གྱུར་པ་སྟོང་པ་དང་སྙིང་རྗེའོ།། དེ་ཡང་དངོས་པོ་ཞེས་པ་ནི་ཡེ་ཤེས་དང་། ་རྣམ་པར་ཤེས་པ་སྟེ། སྲོགཽ་ལ་བརྟེན་པའི་ཕྱིར་རོ།། དེས་ན་མི་ག་བཱིའི་ནི་ཆོས་ཀྱི་སྐུ་རོ་གཅིག་པར་འོད་གསལ་བའི་ཡེ་ཤེས་སོ།། ཉེ་བར་འཚེ་མེད་པ་ཞེས་པ་ནི་རྡོ་རྗེ་འཛིན་ཆེན་པོའི་ས་ཐོབ་ནས་འཚེ་བ་མེད་པའོ།། དེས་ན་ཕ་རོལ་ཏུ ་ཞེས་བྱ་བ་ལ་སོགས་པ་ནི་འདིར་དང་པོ་གོམས་པོའི་དུསུ་གསུངས་པའི་རིམ་པས་ནང་གི་རྣལ་འབྱོར་གྱི་བསྒོམ་པ་བྱས་པ་དེའི་ཚེ་དེ་ཉིད་ལས་མོས་པས་ཕྱིའི་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་གཟུགས་བསྒོམ་པར་བྱ་ཞེས་སྦྱར་རོ།། ་འདིར་གཉིས་ཞེས་པ་ནི་སྔོན་དུ་མོས་པའི་ཕྱིར་ཡེ་ཤེས་དང་རྣམ་པར་ཤེས་པ་དྲག་ལས་རིང་པོ་ལས་རིང་བར་འགྲོ་བའི་ཕྱིར་འོད་ཟེར་རྣམ་པ་གཉིས་ཀྱི་ཕྱིར་རོ།། འོད་ཟེར་གཅིག་ནི་ཉི་མ་བཞིན་ཁ་དོག་སྣ་ཚོགས་པས་སྤྲས་པའི་འོད་ཟེར་དེ་རྣམས ་ལས་སྤྲོས་པ་རྣམས་ཀྱིས་གནས་ཐམས་ཅད་བསྲུངས་པར་འགྱུར་རོ།། གཉིས་པ་ནི་དེ་རྣམས་ཀྱིས་གནས་ཅེས་པ་ནི་འབྱུང་བ་ཆེན་པོའི་ཁམས་སའི་ཡོན་ཏན་སྐྱེ་བའོ།། དེའི་ཕྱིར་ནང་དུ་ཐིམ་པས་རང་གི་སེམས་ཀྱི་ཆུ་ལས་འབྱུང་བ་ཕྱེམ ་ལེབ་མར་མེ་ལ་ཐིམ་པ་བཞིན་ནོ།། དེ་ལྟར་གཉིས་ཀ་བསམ་པ་ལས་ཞེས་པ་ནི་ཡེ་ཤེས་དང་རྣམ་པར་ཤེས་པ་ལས།། ཡང་གནས་གཉིས་ཀྱི་དངོས་པོའི་ཕྱིར་ས་དང་ཚྭའི་རང་བཞིན་མོ་དང་ཉི་མའི་དཀྱིལ་འཁོར་དུ་འགྱུར།། དེ་ཡང་བསམ ་ཞེས་པ་ནི་ཡེ་ཤེས་དང་རྣམ་པར་ཤེས་པའི་གཟུགས་སྐྱུ་རུ་སྤྲོ་བར་བྱའོ།། ཇི་ལྟར་ཅིའི་རང་བཞིན་སྤྲོས་ཤེ་ན། གསུངས་པ། སླར་ཡང་རླུང་གི་དཀྱིལ་འཁོར་ཞེས་པ་ནི་སྔོན་དུ་སྒོང་སྐྱེས་བཞིན་རླུང་གི་འཁོར་ལོ་བསྒོམ་པར་བྱའོ།། བས ་པར་བྱ་ཞེས་པ་ནི་དེའི་རྣམ་པར་སེམས་ཉེ་བར་དགོད་ཅིང་དེའི་དབུ་སུ་མོ་པས་མོ།། དེ་བཞིན་དུ་ཡང་། སྔོན་དུ་གསུངས་པའི་ཕྱིར་སྙིང་གི་རང་བཞིན་ཆོས་ཀྱི་དབྱིངས་དེ་ལས་སྤྲོས་པར་བྱའོ།། དེ་ནས་མེའི་དབུ་སུ་ཉྩི་མ་ཞེས་པ་ནི་སྔོན་དུ་གསུངས ་པའི་པདྨའི་བདེ་བ་ཆེན་པོ་ལས་སྤྲོ་བར་བྱའོ།། དེ་བཞིན་དུ་ཉི་མའི་དབུས་སུ་ཨཱ་ལི་དང་ཀཱ་ལི་སྔོན་དུ་ཐིག་ལེའི་མཚན་ཉིད་ཀྱི་རྣལ་འབྱོར་བསྟན་པའི་ཕྱིར་ཏེ་དབུགས་དབྱུང་བ་དང་འཇུག་པ་མི་གཡོ་བའི་ཕྱིར་ཞེས་པའི་དོན་ཏོ།། དེ་ཉིད་རྣལ ་འབྱོར་པའི་ཡེ་ཤེས་ཀྱི་སྐུའོ།། དེ་དང་ལྡན་པའི་སྐུ་བོན་པ་ཞུས་པ་ནི་སྔོན་དུ་གསུངས་པའི་མི་ཤྲཱི་གསྟྲ་པ་ཆུ་ཤིང་གི་མེ་ཏོག་ལྟ་བུ་ཡིའོ།། དེ་ཉིད་ཀྱི་དམར་པོ་ཞེས་པ་ནི་ཡེ་ཤེས་ཀྱི་སྐུ་ལས་སྙིང་རྗེ་རྐྱེན། ་པོའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུ་ཆོས་དང་གཉིས་མེད་པའོ།། དེ་ལྟར་ཧཱུཾ་ཞེས་པའི་ཡི་གེ་ལྔ་ཡི་དོན་ཏོ།། དེའི་ཕྱི་རོལ་ཏུ་སྤྲུལ་པའི་སྐུའི་བཟླས་པ་གསུངས་པ་རྣལ་འབྱོར་པ་ཞེས་བྱ་བ་ལ་སོགས་པ་ནི་འདིར་གསུངས་པའི་སྤྲོ་པ ་དང་བསྡུས་པའི་མཚན་བྱ་འམ། ཡེ་ཤེས་ཀྱི་ས་བོན་གཉིས་མེད་པར་སོན་པའམ། དེའི་དབུགས་དང་སེམས་དོག་དེའི་ཚེ་སླར་མང་ཡང་རྩ་གཉིས་པ་རྣམས་ལ་འཕོ་བོའི་དུས་སུ་འབྱུང་བ་ལ་སོགས་པར་འགྱུར་རོ།། དེ་ཇི་ལྟར ་ཞེ་ན་གསུངས་པ། པུལླཱི་ར་ལ་སོགས་པ་གནས་ཉི་ཤུ་རྩ་བཞི་རྣམསུ་ཞེས་གསུངས་པའི་ཕྱིར་རོ།། དེའི་ཕྱིར་རྩ་རེ་རེ་རྣམས་ལ་འཕྲོ་བའི་དུསུ་དེ་ལྟར་གསུངས་པར་འགྱུར་ཏེ། རྣལ་འབྱོར་པ་རྣམས་ཀྱིས་ཁྱད་པར་དུ་ཞེས་གསུངས ་པའི་ཕྱིར་རོ།། དེའི་ཚེ་དེའི་དུསུ་རྩ་གཅིག་གཉིས་མེད་པའི་ཕྱིར་དང་། རྣལ་འབྱོར་ལཱ་གོམ་སྔོ་པའི་ཕྱིར་གཉིས་པ་ལས་འབྱུང་བའི་དུསུ་འབྱུང་བས་འབྱུང་བ་སྟེ། དྲལ་ཞིང་ངལ་བས་རླུང་རྣམས་འབྱུང་བའོ།། འཇུག་པ་ཞེས་པ་ནི་ཡང ་བསྡུས་པ་ན་འབྱུང་དང་འཇུག་པའོ།། དེ་བཞིན་དུ་ཡེ་ཤེས་སོ་བོན་ཞེས་པ་ནི་སྔོན་བཞིན་དུ་མི་ཤི་གོས་པ་ཞེས་པ་གཉིས་མེད་པའོ།། དེའི་དབུསུ་འབྱུང་བས་བསྣུན་བཞིན་པ་ཞེས་པ་ནི་འབྱུང་བས་འཇུག་པའི་སྐད་ཅིག་ལས་དབུསུ་གནས ་པའི་ཡེ་ཤེས་ཀྱི་ས་བོན་གྱི་ཏིང་ངེ་འཛིན་དེ་ལ་བསྣུན་ཏེ་སྒྲོག་ཕྲ་མོས་བསྐུལ་བ་དེ་དབུས་ཇི་ལྟར་ཞེ་ན། གསུངས་པ་སྙིང་གི་ཞེས་བྱ་བ་ལ་སོགས་པ་འདིར་སྙིང་གི་ཡེ་ཤེས་སྔོན་ནས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཏེ། དེའི་སྤྲོ་བའི་དོན་དུ ་བསྣུན་བཞིན་པ་དང་སྤྲོ་བ་དེ་ཡང་ཅི་ཞེ་ན། གསུངས་པ། མེ་ཏོག་བཞིན་ཞེས་པ་ནི་ཇི་ལྟར་པདྨ་དང་ཨུཏྤ་ལའི་འདབ་མ་ལ་སོགས་པའི་གནས་སྐབས་གཅིག་ལ་གཅིག་རྒྱས་པ་དེ་ལྟར་འདྲིར་རྒྱུ་དང་མྱི་རྒྱུ་བ་དེ་རྣམས་གསལ་བཞིན་པ ་དེའི་རང་བཞིན་བདག་ཉིད་ཀྱིས་ལྟ་བ་ནི་ཡེ་ཤེས་ཀྱི་བདག་ཉིད་འོད་གསལ་བར་འགྱུར་དེ་བཞིན་དུ་འབྱུང་བ་ལ་འབྱུང་བས་ཞེས་པ་ནི་དབུགས་དབྱུང་བ་སྡུད་པས་ཡེ་ཤེས་ཀྱི་ས་བོན་བཟླསོ།། འབྱུང་བའི་སྐད་ཅིག་ལས ་བྱུང་ཞིང་དེ་ཡང་སྡུད་པའོ།། དེ་བཞིན་དུ་འཇུག་པའི་སྐད་ཅིག་ལས་འཇུག་པའོ།། དེ་ཡང་འཇུག་པ་འོག་གི་ཆ་ལས་འབྱུང་བའོ།། དེ་ལྟར་སྐད་ཅིག་བཞི་བཟླས་པའི་ཁྱད་པར་ལས་སོ།། དེ་འབྱུང་དང་འཇུག་པའི་ཞེས་པ་ནི་དེ་ལྟར་སྲོག ་གི་རང་བཞིན་གྱི་སྐད་ཅིག་རྣམས་ལས་བདག་ཉིད་ཕྱི་རོལ་ཏུ་བྱས་ཏེ། སྐད་ཅིག་ཉི་ཤུ་རྩ་བཞི་ལ་ཡང་བདག་ཐམས་ཅད་དུ་ཡེ་ཤེས་ཀྱི་ས་བོན་གྱི་རང་བཞིན་ཞེས་དགོངསོ།། གལ་ཏེ་རེ་ཞིག་སྐད་ཅིག་ཉི་ཤུ་རྩ་བཞི་ལ་ཡེ་ཤེས་ཀྱི ་ས་བོན་གཟུང་ན་དེའི་ཚེ་འབྱུང་བ་དང་འཇུག་པ་དག་གིས་ཅི་ཞིག་བྱ་ཞེ་ན། གསུངས་པ། འབྱུང་བའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་ནི་འདིར་རྣལ་འབྱོར་པ་དུས་ཐམས་ཅད་དུ་མྱ་ངན་ལས་མི་འདའ་སྟེ། སེམས་ཅན་ལ་ཕན་པའི་རྒྱུ ་ཡིས་སོ།། དེས་ན་ཡང་བེམས་པོའི་ཏིང་ངེ་འཛིན་སྤངས་པ་བེམས་པོ་མ་ཡིན་པའི་ཏིང་འཛིན་ལྷུན་གྱིས་གྲུབ་པའི་རྒྱུན་གྱིས་བདེ་བ་ཆེན་པོའི་རང་བཞིན་ཏེ། དེའི་ཚེ་ཇི་ལྟར་འདི་འབྱུང་བ་ལ་སོགས་པ་མཚན་ཉིད ་ཀྱིས་གསུངས་པའི་རང་བཞིན་གྱི་ཡེ་ཤེས་དང་རྣམ་པར་ཤེས་པའི་ས་བོན་བསྒྲུབས་པ་དེ་ལྟར་དེ་ཉིད་ཀྱིས་ན་འབྱུང་བ་ལ་སོགས་དང་འཇུག་པར་བརྗོད་པས་ཀྱང་མཚོན་བྱ་མཚོན་པས་རྣལ་འབྱོར་པས་བྱ་ཞེས་ཤེས་པར་བྱའོ།། དེ་ལྟར ་ཅིག་ཅར་ཡེ་ཤེས་ལ་སོགས་པའི་ས་བོན་དག་གིས་འབྱུང་བ་ལ་སོགས་པ་ལ་འཇུག་པས་ཅིར་འགྱུར་ཞེ་ན། གསུངས་པ། འབྱུང་བ་དང་འཇུག་པའི་སྦྱོར་བས་ཞེས་བྱ་བ་ལ་སོགས་པ་ནི་དེ་ལྟར་འབྱུང་བ་དང་འཇུག་པ་དང་ཡེ་ཤོས་ཀྱི་ས་བོན ་གཉིས་ཀའི་ཏིང་ངེ་འཛིན་ལ་གནས་ནས་སོ།། མཉམ་ཉིད་དེ་ཁོ་ན་བསྒོམ་པ་ཞེས་པ་ལ་ཁོ་ནའི་སྒྲས་ནི་ཕུང་པོ་ལ་སོགས་པ་གཟུང་ངོ་།། དེ་རྣམས་ལ་ཕན་པ་མི་འཆི་བར་བྱེད་པ་མཉམ་པ་ཉིད་ཀྱི་བདེ་བའི་རང་བཞིན་དུས་ཐམས་ཅད་དུ་ཉམ་སུ ་མྱོང་བར་འགྱུར་ཏེ། ཕུང་པོ་ལ་སོགས་པའི་སྒོམ་པའི་དེ་ཁོ་ན་ཉིད་ཀྱི་དྲང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེས་ཀྱང་རབ་ཏུ་སོན་པའི་མཐར་ཐུག་པས་ཐམས་ཅད་མི་དམིགས་པར་བྱ་ཞེས་པའོ།། དེའི་ཕྱིར་རྣལ་འབྱོར་པ་རྣམ ་ཀྱང་འོད་གསལ་བའི་དེ་ཁོ་ན་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་ཞུགས་པས་མཆོག་ཏུ་མྱ་ངན་འདའོ་བ་དེའི་དོན་གྱིས་དབང་དུ་བྱས་ཏེ། གསུངས་པ། མཉམ་བཞག་ཅེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་མཉམ་པར་བཞག་པས ་མཆོག་ཏུ་མྱ་ངན་ལས་འདུས་པའི་མཚན་ཉིད་ཀྱི་འོད་གསལ་བའི་དེས་ཐོབ་པར་འགྱུར་རོ།། དེ་བཞིན་དུ་དངོས་པོ་བསྒོམས་པས་ཞེས་པ་ནི་སྔོན་དུ་གསུངས་པའི་བསྒོམས་པ་ཉིད་རང་གི་དྲོ་བོ་ལ་སོ་སོར་བརྟགས་པས་དངོས་པོ་ཞེས་པ་སྟེ། ་ཡང་དག་པའི་ཡེ་ཤེས་ཀྱི་སྐུར་རྣལ་འབྱོར་པ་རྣམས་ཀྱིས་བྱའོ།། དེས་ན་འགྲུབ་འགྱུར་ཞེས་བྱ་བ་ལ་སོགས་པ་འབྲས་བུ་ཐོབ་པ་གཞན་དུ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ནས་ཡང་ཅི་ཞིག་བྱ་ཞེ་ན་གསུངས་པ། དེ་ནས་བསྒྲུབ་པ་པོ་ཞེས ་བྱ་བ་ལ་སོགས་པ་ནི་གྲུབ་ནས་རྣལ་འབྱོར་པའི་སྤྲུལ་པའི་སྐུས་བླ་ན་མེད་པའི་རྫུ་འཕྲུལ་དང་། ཆོ་འཕྲུལ་ལ་སོགས་པ་བསྟན་པའི་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་རྣམས་རྟོགས་པར་འགྱུར་ཏེ། ་གཞན་ནི་གློ་སླའོ།། དེ་ལྟར་ཡང་གསུངས་པ། རྣལ་འབྱོར་པ་གང་ཡེ་ཤེས་ཀྱི། ཤེས་བྱ་ཆེན་པོ་རྟག་བྱེད་པ།། དེ་འཇུག་སྲིད་པའི་ཕ་རོལ་འགྲོ།། བསྡམ་མི་ཁྱབ་པའི་གོ་འཕང་ཐོབ།། དེ་ཡིས་ཀྱང་ནི་དམས་ཀྱི་རྒྱུད།། ཀུན་ནཱས་མ་ཚུང ་མེད་ཐར་པའི་ཕྱིར།། མྱ་ངན་འདས་པར་དེ་ཤེས་བྱ།། ཀྱེ་མོ་སྙིང་རྗེ་རྙེད་དཀའ་ཉིད།། ད་ནི་མུ~ཾ་སྟེགས་རྣམས་དང་ཉན་ཐོས་པ་རྣམས་ཀྱི་ཤེས་པ་ངན་པའི་ལྟ་བ་གཞོམ་པར་བྱ་བ་དང་། ཡང་དག་པའི་ཤེས་པའི་ལྟ་བ་བཞག་པའི་ཕྱིར།། ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡེ་ཤེས་གཟུགས་ཞེས་པ་ནི་རྣལ་འབྱོར་པ་རྣམས་འཁོར་བར་གནས་ཏེ་སེམས་ཅན་གྱི་དོན་ཡུན་རིང་པོར་བྱ་བ་དང་། དེའི་ཚེ་མྱོ་ངན་ལས་འདས་པ་ལ་ཕྱོགས་པ་དེ་རྣམས་ཀྱིས་འདི་བྱའོ།། ། ་འདིར་སྔོན་དུ་ཏིང་ངེ་འཛིན་ཐོབ་པའི་ཕྱིར། དེ་སྐར་ཞེས་པ་ནི་ཡང་ངོ་།། མ་རཱ་མེ་ལྟ་བུ་ཞེས་པུ་ནི། མར་མེས་མེ་ལོང་ལ་གཟུགས་བརྙན་སྣང་བ་དེ་བཞིན་དུ་རྣམ་པར་བརྟེན་པར་བྱའོ།། སེམས་ཀྱིས ་ནི་ཞེས་པ་ནི་ཞེས་པ་ནི་དེའི་ཕྱིར་ལས་བྱ་ཞེས་པ་སྟེ། སྔོན་བཞིན་ཚོགས་ཀྱི་ཚུལ་གྱིས་གནས་སྣང་བཞིན་བྱ་ཞེས་པའི་དོན་ཏོ།། གཞན་ཡང་དེ་ལྟར་བྱས་ནས་མར་མའི་རྣམ་པའི་ཏིང་ངེ་འཛིན་ལ་བརྟེན་པ་དེ་ནི་གསལ ་བར་འགྱུར་ཏེ། དེའི་དོན་དུ་རྡོ་རྗེ་སྙིང་པོས་ཞེས་ཞུས་པ་གསུངས་པ། ཉན་ཐོས་བྱ་བ་ལ་སོགས་པ་ནི་འདིར་གལ་ཏེ། རེ་ཞིག་བཅོམ་ལྡན་འདས་ཀྱིས་མར་མོའི་རྣམ་པའི་ཡེ་ཤེས་དེ་ལ་ཉན་ཐོས་རྣམས་ལ་ཕན་པའི་ཕྱིར་གསུངས་པ ་ཡིན་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟེན་པ་རྣམས་ལ་གསུངས་པ་ནི་མི་ཡིན་ནོ།། དེས་ན་འགལ་ཏེ། གང་གི་ཕྱིར་ཉན་ཐོས་རྣམས་ཀྱིས་ཀུན་ཏུ་བརྟགས་པ་མར་མེ་བཞིན་མྱ་ངན་ལས་འདའ་བ་ཞེས་པ་ནི་ཆུའོ།། དེ་བཞིན་དུ ་ཡང་ཉན་ཐོས་ཀྱི་ལུང་རྣམས་ཀྱི་ནང་དུ་ལེགས་པར་བཤད་པ་གསུང་སཱ་པཱ་ཡིན་ཞེས་གསུངས་པའི་ཕྱིར་རོ།། དེ་ལྟར་རྡོ་རྗེ་སྙིང་པོ་ཞེས་པའི་ཚིག་མེད་དོ།། ནི་ཞེས་པ་ནི་ངེས་པར་གཟུང་བར་ཤེས་པར་བྱའོ།། དེ་ལྟར་སོགས་པའི་སྒྲས ་ནི་འཆང་བཞིན་པའི་མུ་སྟེགསྒྲ་རྣམས་ཀྱི་ཡེ་ཤེས་བསྐྱེད་པ་བསྡུའོ།། དེའི་ཕྱིར་འདི་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་རབ་གསུངས་པ། སེམས་ནི་ཤེལ་བྱ་བ་ལ་སོགས་པ་ནི་འདིར་དང་པོ་ཉིད་དུ་རིགས་ཀྱི་སོ་བུའི་ཤོལ་ལྟ་བུའི་སེམས་བརྟན ་པར་བྱའོ།། དེ་ཡང་སྔོན་དུ་ཏིང་ངེ་འཛིན་བྱ་བའོ།། རྗེ་སུ་གང་དག་སྔོན་གྱི་ཐ་མལ་པའི་གནས་སྐབས་ཀྱི་དུསུ་ལུས་དང་ངག་དང་སེམས་རྣམས་ཀྱིས་བྱས་པའི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྣ་ཚོགས་པའི་ལས་དེ་རྣམས་མར་མེའི ་རྣམ་པོ་ཞེས་པ་ནི་མེ་ལོང་ལ་མར་མེ་བསྟོན་པས་གསལ་སྣང་དམིགས་སོ།། དེ་ལྟར་ཡང་སེམས་འདི་བརྟན་པར་བྱས་ནས་སོ།། བསམ་པར་བྱ་ཞེས་པ་ནི་སེམས་ལས་བྱུང་བའི་དངོས་པོ་གསལ་བར་འགྱུར། སྔམས་དང་སེམས་ལས་བྱུང ་བདག་ནི་མེ་ལོང་དྲང་མར་མེ་བཞིན་ནོ།། དེའི་ཕྱིར་སྤྲོས་པ་ཀུན་ཞེས་པ་ནི་སེམས་དང་སེམས་ལས་བྱུང་བའི་དངོས་པོ་དག་གིས་ལས་སྤྲོས་པ་དེ། འདིར་དེ་ཐམས་ཅད་ནི་བརྫུན་པ་བརྟགས་པའོ།། དེས་ན་ལས་ཀྱི་ཚོགས་ཕྱིན་ཅི་ལོག་གོ།། ་དེས་ན་དེ་ལྟར་དམིགས་ནས་ཞེས་པ་ནི་ལུས་ཀྱི་ཚོགས་རེ་རེའི་དུས་རྣམས་ལ་ཏིང་ངེ་འཛིན་རེ་རེ་གསུངས་པ། སྤྲོས་པ་སྤྲོས་པ་མེད་པ་ཉིད་ཅེས་པ་ནི་སེམས་ཏིང་ངེ་འཛིན་ལ་ཞུགས་པས་སོ།། དེ་ཡང་ལས་ནི་མེད་ཅིང་བྱེད་པ་མེད།། ཡིད་ལ ་འཁྲུལ་ཅིང་རྣམ་པར་འཁྲུལ།། གང་གི་ཕྱིར་སྤྲོས་པ་མེད་པའི་སེམས་ཡང་དག་པའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་སྒྲིབ་པ་ཉིད་ལས་ཀྱི་སྒྲིབ་པ་ཟད་ཅེས་པའི་དོན་ཏོ།། དེ་ཉིད་ཀྱིས་ན་རང་བཞིན་རྣལ་འབྱོར་ཞེས་ཀྱི་བ་ལ་སོགས་པ་དེ་ལ ་དེ་སྐད་ཅེས་བྱའོ།། དེའི་ཕྱིར་ཉན་ཐོས་ལ་སོགས་པ་རྣམས་ལ་ཡོད་པ་མ་ཡིན་ཞེས་སྦྱར་རོ།། འདིར་གང་དེ་ལྟར་བྱས་པས་སྤྲོས་པ་ཐམས་ཅད་རྣམ་པར་མི་རྟོག་པ་དེའི་ཚེ་ཡེ་ཤེས་ཀྱི་སྒྲ་དོན་མེད་དེ་ཞེ་ན། དེའི་ཚེ་རྣལ་འབྱོར་མས་ཞུས་པ། ་ཀྱེ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་ཅེས་པ་ནི་རྒྱུ་གང་གིས་ཤེས་པའོ།། ཁྱད་པར་ཕྱེ་ཞེས་པ་ནི་འཇིག་རྟེན་ལས་གྲགས་པ་ཉིད་དོ།། དེ་ཡང་མུ་སྟེགས་པ་ལ་སོགས་པ་རྣམས་ལ་སྣང ་བའོ།། ཞེ་ན་གསུངས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་འདི་ནི་ལན་ཏེ། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ།། འདིར་ཡེ་ཤེས་ཀྱི་སྒྲ་ནི་སེམས་ཅན་ཐམས་ཅད་ཀྱི་འགྲོ་བ་ལྟར་སྐྱེས་པའོ།། དེ་ཡང་ཡེ་ཤེས་སྔོན་དུ་འགྲོ་བའི ་སེམས་ཀྱི་རྣམ་པར་རྟོགས་པ་ལས་བྱུང་བའི་དངོས་པོ་འབྱུང་བའོ།། དེ་བཞིན་དུ་རྣམ་པ་ལྔ་ཞེས་པ་ནི་ཡེ་ཤེས་རྣམ་པ་ལྔ་འཆང་བཞིན་པ་ལས་སྟོན་པའི་ཕྱིར་རོ།། དེའི་ཕྱིར་སེམས་ཅན་ཐམས་ཅད་ལས་ཡེ་ཤེས་ཀྱི་རང་བཞིན་ལས་བྱུང ་ཞིང་དེ་རྣམ་ཀྱང་རང་བཞིན་ལས་འབྱུང་ངོ་དེར་དཔེ་གསུངས་པ་ལྷ་ཡི་ཡེ་ཤེས་གསང་བར་བསྟན། ཅེས་པ་ནི་ཇི་ལྟར་མེ་ལོང་ལ་གདོང་ལ་སོགས་པའི་ཆ་ཤས་ཤེས་པོའི་སྣང་བ་བརྫུན་པའི་ཕྱིར་ཞེས་པ་ནི་ངེས་པའོ།། འདི་ནི་གསུང ་གཅིག་གོ།། དེ་བཞིན་དུ་གཞན་ནི་ཡེ་ཤེས་གསང་བར་བསྟན་ཅེས་པ་ནི་སྔོན་བཞིན་དུ་མར་མེ་དང་མེ་ལོང་དག་གིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་ཐོབ་པའོ།། དེས་ནུ་དང་ཞེས་བསྡུ་བའི་ཕྱིར་རོ།། དེ་ལྟར་ལྷ་ལ་སོགས་པ ་གསང་བའི་ཡེ་ཤེས་ལས་བྱུང་ཞིང་དེ་ཉིད་ཀྱིས་འཇོམས་ཏེ། ཡང་སྡིག་པའི་ལས་ཀྱིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ཉམསུ་མྱོང་བར་འགྱུར་རོ།། དེ་བཞིན་དུ་དམན་པས་ཞེས་པ་ནི་སེམས་ཅན་དབུལ་པོ་སེམས་དམན་པ་ནོར་ལ་འདོད་པ ་ཡི་དྭགས་ཀྱི་ཡིད་ཤེས་ཀྱིས་ཡི་དག་སུ་སྐྱེའོ།། དེ་བཞིན་དུ་སེམས་ཅན་གྱི་སེམས་བསྐྱེད་པ་དང་འཇིགས་པ་ལས་དུ་བར་འགྱུར་དུ་དེ་ལ་དེ་སྐད་ཅེས་བྱའོ།། བྱོལ་སོང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་བཞིན་དུ་རྣམ་པ་ལྔ་ཞེས་པ ་རྣམ་ལྔས་ནི་ཞེས་པ་ནི་རང་གི་སེམས་ལས་འགྲོ་བ་ལྔ་འབྱུང་བར་འགྱུར་ཏེ། འདྲིས་ནི་དབང་ཕྱུག་ལ་སོགས་པའི་ལྷ་རྣམསུ་སྔོན་གྱི་བག་ཆགས་དང་། ཁྲོ་བོ་ལ་སོགས་པའི་ཡེ་ཤེས་ཀྱི་བསྐྱེད་ནས། སླར་ཡང་འཁོར་བ་རྣམསུ་དམྱལ་བ ་ཤེས་པའི་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་རོ།། བེམས་པོ་ལྐུག་པ་ལྟ་བུའི་ཡེ་ཤེས་དེའི་ཚེ་ཡེ་ཤེས་ཅན་དེས་གྲོལ་བར་མི་འགྱུར་རོ།། ཅིའི་ཕྱིར་ཞེ་ན། སེམས་གཅིག་དང་དུ་མའི་རང་བཞོན་གྱི་ཕྱིར་ཏེ། སེམས་ཅན་གྱི་རྒྱུད་སེམས་དང་། ་སེམས་ལས་བྱུང་བ་ཡང་སྣ་ཚོགས་པའི་ཕྱིར།། ཡང་ནུ་ཐོག་མ་མེད་པ་ནས་བེམས་པོའི་ཡེ་ཤེས་ཀྱི་རྒྱུད་དེ་ལས་པང་བེམས་པོའི་ཁམས་འབྱུང་སྟེ། སེམས་མེད་ཅེས་བྱ་བ་ལ་སོགས་པའི་ཕྱིར་རོ།། དེའི་ཕྱིར་དབང་ཕྱུག་ལ་སོགས་པའི་ལྷ ་བ་རྣམས་ལ་བལྟ་བས་ཐམས་ཅད་འགྲོ་བ་ལྔ་ཡིན་ན། དེའི་ཚེ་ཇི་ལྟར་དེ་རྣམས་ཡེ་ཤེས་གང་གང་གིས་གྲོལ་ཞེ་ན། གསུངས་པ་ཡེ་ཤེས་དེ་ཉིད་ཀྱི་བྱེ་བྲག་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཅེས་པོ་ནི་བག་ཚོགས་དང་བཅས་པའི ་ཉེས་པས་ཞེ་སྡང་ལ་སོགས་པའི་ཡེ་ཤེསུ་འགྱུ་རོ།། དེ་རྣམས་ལ་དེ་ཉིད་བྱེ་བྲག་ཅེས་པ་ནི་རྣལ་འབྱོར་པ་གོམས་པ་ལས་ཏེ། དེ་ཡང་སྙིང་རྗེའི་ཁྱད་པར་བས་སོ།། དེས་ན་རྣལ་འབྱོར་བསྟན་པ་ཆོས་ཁྱད་པར་ཉིད་ཅེས་པ་ནི་རྣལ་འབྱོར་པའི ་གཞུང་ལུགས་ཀྱི་ཚུལ་ལས་ཏེ་མདོར་བསྟན་པ་ཉིད་དོ།། དེའི་ཕྱིར་སངས་རྒྱས་པའི་ཡེ་ཤེས་མེད་པར་གྲོལ་བ་མེད་དོ།། དེ་ཅི་ཞེ་ན། འདིར་ནི་གང་གི་ཕྱིར་སྟོང་པ་ཉིད་ལ་སོ་སོའི་དབྱེ་བ་ཡོད་དེ། དེ་ཡང་ལུང་རྣམས ་ཀྱི་ནང་དུ་གྲག་སོ།། འདིར་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ་ཆོས་རྣམས་ཐམས་ཅད་ཀྱི་དང་པོར་འབྱུང་བ་དང་། དེ་བཞིན་ཡང་དག་པའི་མཐའ་ཆོས་ཀྱི་སྐུ་ལ་སོགས་པའོ།། ཡང་ན་རྣལ་འབྱོར་བསྟན་བཙོས་ཞེས་པ་ནི་གང་གསུངས་པའི ་རྣལ་འབྱོར་སྤྱོད་པ་དེ་ནི་ཐུན་མོང་གི་ཚིག་གོ།། འོན་ཀྱང་དེའི་ཁྱད་པར་གྱི་ཚིག་གིས་རྣལ་འབྱོར་བསྟན་བཅོས་ཞེས་པ་ནི་སྔགས་ཀྱི་ཐེག་པ་ཆེན་པོའོ།། དེས་ན་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་ལ་ངའི་ཞེས་པ་ནི་ཐམས་ཅད་མཁྱེན་པའི་ཡེ ་ཤེས་མོ་གཏོགས་པར་ཇི་སྲིད་དུ་སེམས་ཅན་རྣམས་མ་བསྐུལ་བ་དེ་སྲིད་དུ་དེ་རྣམས་གྲོལ་བར་མི་འགྱུར་ཏེ། སྐྱེ་བ་བྱ་བ་སྟོང་ཕྲག་ཏུ་ཞེས་པ་དང་སྦྱར་རོ།། དེ་བས་རྣལ་འབྱོར་པ་བསྟན་བཅོས་ལ་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་མཁྱེན ་པའི་ཡེ་ཤེས་གྲུབ་པའོ།། དེའི་ཕནྡ་ཡོན་གཞན་ཡང་གསུངས་པ་གང་གི་ཕྱིར་དེ་མ་གྲོལ་བ་མེདོ།། དེའི་ཕྱིར་ཕྱིའི་བསྟན་བཅོས་རིང་པོར་ཡོངསུ་སྤངས་པར་བྱའོ།། གྲོར་ཞེས་པ་ནི་སྐད་ཅིག་མའོ།། གཞན་ནི་གོ་སླའོ།། དེ་ལྟར་ཡང ་གསུངས་པ། མུ་སྟེགས་བྱིས་པ་མི་ཤེས་པ། ཤེས་པ་ངན་པས་རྟག་ཏུ་བསྒྲུབས།། བདག་ཀྱང་དེའི་ཕུང་བྱེད་ཅིང་།། གཞན་ཡང་ཕུང་བར་བྱེད་པ་ཡིན།། དེ་རྣམས་ཉིད་ཀྱིས་ཐབས་རྟག་ཏུ།། རྣལ་འབྱོར་སྙིང་རྗེ་མངོན་དུ་བྱ།། ཡེ་ཤེས ་འཆང་བས་བསྣུན་པ་ཡིན།། རྒྱ་ལ་པོ་ལ་སོགས་ཆུད་པས་མིན།། བསམ་གཏན་སྔགས་སོགས་ལས་ཀྱིས་ནི།། ནུས་པ་རྣམས་ནི་འགྲུབ་པ་ཉིད།། མུ་སྟེགས་ལ་སོགས་གཞོམ་པའི་ཕྱིར།། ཇི་སྐད་གསུངས་སོགས་ལས་ནི་བྱ།། ཞེས་པ ་སྟེ་ངེས་པའོ།། ཁོ་སྦྱོར་ཐིག་ལྔའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བརྒྱད་པའི་རབ་ཏུ་བྱེད་པ་གསུམ་པ་གོང་དུ་འཕོ་བ་ལ་སོགས་པ་དང་མི་སྟེགས་པའི་ཡེ་ཤེས་ངན་པའི་གསལ་ཞིང་། དེ་རྣམས་སངས་རྒྱས་པའི་ཡེ་ཤེས་ལ་བཞག ་རྒྱ་ཆེར་འགྲེལ་ཡང་དྲོག་ལྦུ་བའི་དྲན་པའི་སྣང་བ་ཞེས་བྱ་མདོར་བསྟན་པ་སྟེ་གསུམ་པའོ།། ། ད་ནི་སྔོན་དུ་གསུངས་པའི་སྒྲུབ་ཐབས་ཐམས་ཅད་ཀྱི་ལས་བྱ་བའི་ཕྱིར་སྔགས་བཟླས་པ་ཡང་རྣལ་འབྱོར་པ་རྣམས་ཀྱིས ་ཤིན་ཏུ་རྙེ་སླ་བ་དེ་ཉིད་ཀྱིས་ཅི་སྡེ་ཡང་སྔགས་བསྡུས་པར་ཅུང་ཟད་གསུངས་མོད་དེ་ལྟ་ན་ཡང་འདི་བསྡུས་ཏེ། གསུངས་པ་ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ལ། རྗེ་གཙོ་བོ་རྒྱལ་བི་ནྡེ་པ་ནི་ཡེས་ཅན་ཙམཱ་ཝཱ་པ་ནི་ཡོས་ཅན་རྣམས་ཀྱི་གཙོ་བོ་དང ་པོསྟེ། མཛེས་པས་ན་རྒྱལ་པོའོ།། རྡོ་རྗེ་སྙིང་པོ་ཞུ་བ་པོ་ཉིད་ལ་བོས་ནས། འཆང་བཞིན་བའི་རྣམས་ཀྱི་མཚན་ཉིད་ཉིན་ཞེས་སྦྱར་རོ།། དེ་ལ་ཨོཾ་བཛྲ་ཨ་མྲི་ཏ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔགས་ཐམས་ཅད་ཀྱི་མན་དྲུག་དེ་ནི་བླ ་མའི་ཁ་ལས་ཉེ་བར་མཚོན་པར་བྱའོ།། དེ་བཞིན་དུ་རྟོག་པ་རྫོགས་པའི་མཐར་ཐུགས་པ་ནི་གོ་སླའོ།། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བརྒྱད་པ་ལས་མདོར་བསྟན་པ་གསུམ་གྱི་མཐར་སྔགས་སླར་བཤད་པའི་རྒྱ་ཆེར ་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་མདོར་བསྟན་པ་དེ་བཞི་པའོ།། ། ད་ནི་སྤྲུལ་པའི་སྐུ་མཉམ་པར་བཞག་པའི་རྣལ་འབྱོར་པར་སྤྱོད་པའི་གནས་ངེས་པར་གསུངས་པའི ་བྱ་བ་བྱེད་པ་བསྟན་པའི་ཕྱིར་རོ།། དེ་ནས་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་རྟོག་པ་བརྒྱད་པའི་ཎྱེ་སུ་རྙོག་པ་དགུ་པ་ལ་འཇུག་པ་སྟེ། དེ་ཡང་རྡོ་རྗེ་སྙིང་པོ་ལ་སོགས་པ་ནི་སྒྲ་ཇི་བཞིན་ནོ།། དེ་བཞིན་དུ་དཔའོ་ཞེ ་པ་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་གཡུལ་ལས་རྒྱལ་བའི་ཕྱིར་རོ།། དེ་ཉིད་ཡེ་ཤེས་དང་རྣམ་པར་ཤེས་པའི་རང་བཞིནོ་ཞེས་དགོང་སོ།། དེ་ཉིད་ཀྱིས་ན་ཆ་ནི་མེད་ཅེས་བྱ་བ་ལ་སོགས་པ་ལ། ཨཱ་ལི་བུང་བ་ཞེས་བྱ་བ་ལ་སོགས་པ་ནི་སྤྲུལ་པའི ་རྫུ་འཕྲུལ་གྱི་ལ་ལར་ཞེས་པའི་ཚིག་གིས་གང་གི་ཚེ་དེ་རྣམས་ཀྱི་དེའི་ཚེ། ཨཱ་ལཱི་ཞེས་པ་ནི་ཡི་གེ་ཐམས་ཅད་ཉིད་སྒྲའི་རང་བཞིན་དུ་བརྗོད་དོ།། དེས་ན་ཆོས་ཐམས་ཅད་བསམ་དུ་མེད་པ་ཉིད་དུ་ཤེས་སོ།། དེའི་ཚེ་བུང་བ་ཞེས་པ་ནི་བུང་བ་བནྡྷ ་འཁོར་བཞིན་པ་ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་སྤངས་རྒྱས་ཀྱི་སྤྲུལ་པའི་སེམས།། དེ་ཡང་བུང་བ་རྡོ་རྗེ་འཇིགས་བྱེད་ཅེས་པ་ནི་དགོངས་པས་བཤད་པས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཞབས་བཅུ་དྲུག་གིས་འཕྲོ ་བཅུ་དྲུག་གོ།། ཕྱག་ཉི་ཤུ་རྩ་བཞི་ཡིས་ལུས་ཀྱི་ཁམས་ཉི་ཤུ་རྩ་བཞི་དང་ཟླ་བ་བཅུ་གཉིས་ཀྱི་ཟླ་ཕྱེད་ཉི་ཤུ་རྩ་བཞིའོ།། ཞལ་དགུས་ནི་ལུས་ཀྱི་སྒོ་དགུ་སྟེ། དེ་ལ་སོགས་པ་དཔག་ཏུ་མེད་པའི་མཐར་ཐུག་པའོ།། འཇིགས་བྱེད་ནི་རྡོ་རྗེའི་རླུང་།། ་མི་ཕྱེད་པས་རྡོ་རྗེའོ།། དེ་ཉིད་ཀྱིས་ན་ཨ་ལི་ན་མཁའི་ཞེས་བྱ་བ་ལ་སོགས་པ་ནི་བདུད་རྩི་ལྔའི་ཆོ་གའི་ཁྱད་པར་གྱིས། བདུད་རྩིའི་རང་བཞིན་རྡོ་རྗེ་འཇིགས་བྱེད་ལྷན་ཅིག་སྐྱེས་པའི་དུས་ཞེས་པའི་དོན་ཏོ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཕྱིརརོ།། ་མ་ལུས་པནྡེ་བ་ནི་སངས་རྒྱས་རང་བྱང་ཆུབ་སེམས་དཔབ་ལ་སོགོས་པས་གསུངས་པའི་རིམ་པས་སོ།། ལུས་ལས་ཞེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་ཀྱི་ལུས་ལས་དེ་དགུ་འབྱུང་ཞེས་པའི་དོན་ཏོ།། གསང་འཛིན་པ་ངྒེ་ནི་རྫི་སྙིང་པོ་ཉིད་ཙོས་པའི ་དོན་ཏོ།། དེ་མེ་ཞེས་པ་བཞིན་དུ་ཕུང་པོ་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པ་གསུངས་པའི་སླར་བཤད་པའོ།། རྩ་བའི་དབུསུ་ཞེས་པ་ནི་དབུ་མ་ཨ་བ་དྷཱུ་ཏིའོ།། དེའི་རྩ་བ་སྟེ་མགོ་དེའི་དབུསུ་ཐིམ་པ་དེ་ལ་དེ་སྐད་ཅེས་བྱའོ།། རླུང་དང་མེ་ཞེས་པ་ལ ་རླུང་ཞེས་པ་ནི་ཡའོ།། མེ་ལྟེ་བ་ནཱི་ར། དེ་གཉིས་གཞི་པའོ།། ངོས་པོ་ནི་རླུང་དང་མའོ།། དེའི་ཕྱིར་བཅུ་བདུན་ཞེས་པ་ནི་ཧཱའོ།། རྡོ་རྗེ་མའི་སྔ་བོན་ཞེས་པ་ནི་ཨུའོ།། དེ་ཡང་གྱ་གྱུ་ཕྱག་རྒྱ་རྡོ་རྗེ་ཞེས་གསུངས་པའི་ཕྱིར་རོ།། ཐིག་ལེ་སྒྲ་ཞེས་པོ་ནི་ཟླ་བ་ཕྱེད་པའི་ཆ་བྱད་དང་། ་རིརོ་མོ་སྟེ། ཐིག་ལེས་མནན་པ་དེའི་སྟེང་དུ་དགོད་པའོ།། དེ་ལྟར་ཆར་པའི་རྒྱུན་ཞེས་པོ་ནི་ཧཱུཾ་བདུད་རྩི་འཛག་པའི་རང་བཞིན་གྱི་ཕྱིར་རོ།། དབྱངས་ཡིག་དང་པོ་ཞེས་པ་ནི་ཨོཾའི་པདྨའི་དབུསུ་ཟླ་ག་ཟླ་བའི་དེའི་དབུསུ་ཧཱུཾ་ཞེས་པ་གཟུང་བར་བྱའོ།། དེ་ལྟར་ཡི་གེ ་དྲུག་ནི་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་ཁམས་དྲུག་གོ།། དེའི་ཀཱ་ལིའི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལ་ཀཱ་ལི་ནི་ཀུ་མུ་ཏ་དང་ཨུཏྤ་ལ་སོགས་པའི་མེ་ཏོག་སྟེ། ཤེས་རབ་གང་ལ་རྣམ་པར་བཞག་པ་དེ་ནི་ལུས་ཀྱི་མེ་ཏོག་རྒྱས་པ་རྡོ་རྗེ་འཆང་བརྗོད་དུ་མེད་པའི་ཡང ་བརྗོད་དུ་མེད་པ་སྤྲུལ་པའི་སྐུའི་ཆོ་གས་སོ།། དེའི་ཕྱིར་འཁོར་བསྐྱེད་དོ།། ཐམས་ཅད་ཀྱི་ནི་མ་ཡིན་ཞེས་པ་ནི་རྡོ་རྗེ་འཆང་གི་རང་བཞིན་གྱི་ཡེ་ཤེས་ལ་བུད་མེད་ཀྱི་སྒྱུ་མའི་གཟུགས་འབྱུང་ངོ་།། དེ་བཞིན་དུ་རྣལ་འབྱོར་མ་ཐམས ་ཅད་ཀྱི་བྷ་གྲ་རྣམསུ་སོང་བས་བརྒྱན་པ་ཞེས་དགོངསོ།། དེ་བཞིན་དུ་རྡོ་རྗེ་འཆང་གི་དངོས་པོ་ལས་སྐྱེས་པས་ཡེ་ཤེས་ཀྱི་རྒྱ་མཚོ་མང་པོ་ཉིད་རྣམ་པར་བཞག་པ་གསུངས་པ་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ནི་དང་པོ་ཕ་དང་མ་སྦྱོར་བའི་དུས་སུ་ཀུན་གཞི ་རྣམ་པར་ཤེས་པ་འཇུག་པའི་ཚེ་ཁུ་བ་དང་ཁྲག་འདྲེས་པའི་དུས་དེར་ཡེ་ཤེས་ཀྱི་ཆུ་དེ་ཉིད་ཀྱི་རང་བཞིན་གྱི་ཕྱིར་རོ།། དེའི་ཕྱིར་ཡེ་ཤེས་ཆུའི་རྒྱ་མཚོའོ།། དེ་བཞིན་དུ་ཤེས་རབ་དེ་ཉིད་དངོས་པོ་སྣ་ཚོགས་པའི་ཕྱིར་ཆུ་སྲིན་དང་ཉིའི་མིང་ངོ་།། དེ་ཉིད་དུ་བརྒྱལ ་ར་གྱུར་པའི་ཕྱིར་གཉིས་མེད་པའོ།། ཇི་ལྟར་རྒྱ་མཚོའི་ནང་དུ་འདམ་ཅེས་པ་ནི་གཉིས་པའི་མིང་ངོ་།། དེ་བཞིན་དུ་དེར་ཐམས་ཅད་ནི་ཟླ་བའི་མེ་ཏོག་གོ།། ཇི་ལྟར་རྒྱ་མཚོའི་འགྲམ་གྱི་ཆུའི་ནང་དུ་ལྕུག་མ་སྣ་ཚོགས་པའི་མྱུ་གུ་བཞིན་ནོ།། བནྡ་ཞེས་པ་ནི་བནྡུ་ཀའི ་མེ་ཏོག་བཞིན་སྙིང་རྗེས་སེམས་ཅན་སྣ་ཚོགས་པའི་རྒྱུད་ལ་ཆགས་པའི་སེམསུ་འགྱུར་བའོ།། ཁ་བྱ་ཞེས་པ་ནི་རྣལ་འབྱོར་མའི་པདྨ་རྒྱས་པའོ།། དེ་བཞིན་དུ་རྒྱ་མཚོའི་ནང་དུ་གྲུ་འོག་གི་ཚྭ་ཞུམ་པའི་རྣམ་པ་ལ་སྟེང་གི་ཆ་ཡངས་པར་འགྱུར་རོ།། སྒྲ ་ཞེས་པ་ནི་མངལ་དུ་ཟླ་བ་གཅིག་སྦྲང་རྩིའི་རྣམ་པར་འགྱུར་རོ།། ཀཱ་ལི་ཞེས་ནི་པ་ནི་བདུད་རྩིའི་ཉིད་ལ་རང་འབྱུང་ཐིམ་པའོ།། མེ་ཏོག་ཆུ་ཞེས་པ་ནི་སྡོང་བུའི་མེ་ཏོག་སྟེ། ཀུ་མུ་ཏ་དང་ཨུཏྤལ་བཞིན་རྩ་ཐམས་ཅད་ཀྱི་རང་བཞིན་སྐྱེས་པའོ།། དེ་བཞིན་དུ་ནང་གི་དོན ་ཐམས་ཅད་རྣལ་འབྱོར་པས་བླ་མའི་མན་ངག་ལས་ཤེས་པར་བྱའོ།། ང་ནི་སྔོན་དུ་སྐྱེས་པ་དེ་ཉིད་ཀྱི་རྒྱུའི་ཕྱིར་འབྲས་བུ་གསུངས་པ། གཉིས་ལས་སྐྱེས་པ་ལ་སོགས་པ་ནི་འདིར་ཤེས་རབ་དང་ཐབས་དག་ལས་ཆོ་ག་སྔོན་དུ་འགྲོ་བས་གཉིས་མེད་པ ་འབྱུང་བའོ།། བདུད་རྩིའི་ཆུའི་ཆོ་ག་མཆོག་ཅེས་པ་ནི་ལྔ་པའི་དོན་ལ་དང་པོ་སྟེ། ཆོ་གའི་མཆོག་ལ་ཤེས་པ་ཡེ་ཤེས་གཉིས་མེད་པ་ལས་སོ།། དེ་བཞིན་དུ་དང་པོ་རྡོ་རྗེ་བདུད་རྩི་ཞེས་པ་ནས་སྣང་བ་ཡིན་ཏེ། ཞེས་པའི་མཐར་ཐུག་པ་ནི་འབྱུང་བ ་ཆེན་པོའི་ཡེ་ཤེས་སོ།། དེ་བཞིན་དུ་ཡེ་ཤེས་བདུད་རྩི་བྱིན་གྱིས་བརླབས་ཅེས་པ་ནི་ཨ་པ་དྷཱུ་ཏཱི་རུ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་རྣམ་པ་གནས་ཅེས་པའོ།། དེ་བཞིན་དུ་ཡང་མ་ལུས་ཆུའི་དབྱིབས་གནས་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་རྣམ་པ ་ལས་ཡེ་ཤེས་ལྔའི་རྣམ་པ་འབྱུང་ཞིང་། འབྱུང་བ་ལྔ་ལས་བྱུང་བ་ལས་གྱུར་པ་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་སླར་ཡང་ཆུ་ལ་སོགས་པ་ཁམས་བཞི་དེར་ཐིམ་པས་དངོས་པོ་རྣམས་ཟད་པར་འགྱུར་ཏེ། མི་རྟག་པའི་རང་བཞིན་གྱི་ཕྱིར་རོ་ཞེ ་པ་སྟེ་ངེས་པའོ།། ས་ནི་དབང་པོའི་གཟུགས་ཅན་ཡིན་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་གཉིས་མེད་པའི་སྦྱོར་བས་སྐུ་བཞི་སྤངས་ཞེས་པའི་དོན་དོ།། དེ་ཉིད་ཀྱི་དོན་བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཆེན་པོར་ཞུགས་ནས། ཧཱུཾ་གི་གླུ་ཞེས་པོ་ལ་སོགས། ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་རྣལ་འབྱོར་མ་རྣམས་ཀྱི་གླུས་སད་པར་བྱེད་དོ།། དེས་མཉེས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་བཅོམ་ལྡན་འདས་ཀྱང་དུས་ཐམས་ཅད་དུ་བཞུགས་པའི་དོན་ཏོ།། དེ་བཞིན་དུ་གླུ་གསུངས་པ ་བཛྲ་ཧཱུཾ་སུ་ར་ཨ་པ་ཧཱུཾ་ཞེས་པ་དེ་ལ་སོགས་པ་ནི་ཀྱེ་མཆོག་ཏུ་དགའ་བའི་གཙོ་བོ་ཤིན་ཏུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དོར་ཅིག་པའོ།། ལོ་ཡ་ཎ་དཾ་ཤཱ་ཎཱ་ཡི་ཞེས་པ་ནི་གྲང་གི་ཕྱིར་ཁྱོད་སྟོང་པ་མེད་པར་འཇིག ་རྟེན་ཐམས་ཅད་ཀྱང་སྟོང་པའོ།། དེའི་ཕྱིར་འཇིག་རྟེན་ཐམས་ཅད་ཀྱང་སྟོང་པའོ།། དེའི་ཕྱིར་འཇིག་རྟེན་པ་དེ་རྣམས་ཀྱི་མཐོང་བར་བྱ་བའི་ཕྱིར་བཞེངས་ཤིག་པའོ།། ཨ་ཁ་རུ་བྷ་རུ་ས་ཧཱ་ཧཱུཾ་ཞེས་པ་ནི་ལྷན་ཅིག་སྐྱེས་པའྀ་ཡེ་ཤེས་རང་བཞིན་གྱིས་མི ་འགྱུར་བ་ཁྱོད་གོམས་ཤིག་པའོ།། པུ་ཎ་པི་ལཱི་ས་ཎ་ཡེ་ཞེས་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་སྦྱོར་རོ།། བྷཱུ་བཱ་བྷ་བ་བི་ཛ་ཨ་ཞེས་པ་ནི་ལྷོན་ཅིག་སྐྱེས་པ་ཉིད་གཉིས་མེད་པའི་གཉིས་པ་གྱིས་ཤིག་པའོ།། དེའི་ཕྱིརརོ་དེར་ཅིག་ཅེས་དགོངསོ།། དེས་ན་མ ་ཛ་བི་ཛ་ཎ་ཨཻ་ཨེ་ཞེས་པ་ནི་དབུ་མའི་ཚུལ་གྱིས་ལྷན་ཅིག་སྐྱེས་པ་རྫོགས་པ་བྱང་ཆུབ་ཀྱི་རིམ་པ་ཤེས་པའོ།། དེར་ཡང་བརྗོད་དུ་མེད་པའི་ཕྱིར་གསུངས་པ། བྷ་ཎ་ཛི་ཨ་ཨ་ཁ་རུས་བུ་ཞེས་པ་ནི་ཨཱིཾ་ལི་ཀཱ་ལིའི་ཡི་གེ་ཐམས་ཅད་དག་ཏུ ་བཟླས་པ་དེ་ཆོམས་ཤིག་པའོ།། གང་གཞོམ་ཞེ་ན་གསུངས་པ། ཤྲེ་ཤེ་བི་ཙིཏྟཾ་ཨ་ཡཻ་ཞེས་པ་ནི་ཡི་གེ་ལྔ་བཅུ་རྣམས་ཀྱི་མགོ་བོ་ཚ་ཅིག་པའོ།། དཱནྟ་ལིངྒི་ཎ་ཛེ་ཨུ་ཞེས་པ་ནི་གཉིས་གཉིས་འཁྱུད་པའི་སྦྱོར་བས་བདག་གི་རྣལ་འབྱོར་མ ་རྣམས་དང་ལྷན་ཅིག་རྣམ་པར་སྤྱོད་པ་སྟེ། སྒྲོལ་མ་ལ་སོགས་པའི་ལྷ་མོ་བརྒྱད་ལ་འདོད་པ་སྤྱོད་ཅིག་པའོ།། ས་ལི་ལཱ་ཀ་ཛི་མ་ཡེ་ཞེས་པ་ནི་རོལ་པའི་རྒྱུད་འདོད་པ་སྤྱོད་ཅེས་པའོ།། དྷ་མ་ཨ་དྱེ་དྱ་སུ་བཱ་བི་ཨ་ཡི། ཞེས་པ་ནི་སྐྱེ་གཙོ་བོ་བདག ་བོཔོ་སྤྱོད་པའི་ཕྱིར་ཆོས་གཉིས་མེད་པར་བྱང་ཆུབ་ཀྱི་སེམས་བྱུད་རླིག་པའོ།། གླང་གཱི། ཀྵེ་ན་མུ་ཁཱ་བི་བཱ་བི་ཨ་སཾ་ཞེས་པ་ནི་བདག་ཅག་རྣལ་འབྱོར་མས་ཐར་པ་ཐོབ་པའོ།། བསྲུབ་པ་དང་བསྲུབ་པས་ཐུ་མལ་པའི་འདོད་ཆགས་སྐྱེས་པའི་བྱང ་ཆུབ་སེམས་ནི་མ་ཡིན་ནོ།། དེའི་དོན་གསུངས་པ། སུ་ཧ་སཾ་སཱ་ར་བཱི་མཱཾ་ཏཱི་ཨེ་ཞེས་པ་ནི་ཐ་མྱལ་པའི་བདེ་བས་འཁོར་བ་ཐམས་ཅད་རྨོངས་པོའོ།། མུ་ཁ་བི་བ་ཛཾ་ཨ་ཡེ་ཞེས་པ་ནི་མུ་སྟེགས་པ་ལ་སོགས་པ་དང་སོགས་པ་དང་སངས་རྒྱས ་པ་ཆགས་པ་ཅན་གྱི་སེམས་ཅན་དེ་རྣམས་ཀྱིས་ཐར་པ་སྤངས་པའི་ཕྱིར་རོ།། དམྱལ་བ་ལ་སོགས་པ་སྡུག་བསྔལ་ཉམ་སུ་མྱོང་བར་འགྱུར་རོ།། ས་པ་སུ་ཎ་ས་ཧཱ་བོ་ཛེ་ཡི་ཎི་ཞེས་པ་ནི་ཐམས་ཅད་སྟོང་པའི་རང་བཞིན་གྱིས་རྣལ་འབྱོར་པས་སོ།། ་མཱདྦྷ་བི་ན་ཙི་ཨ་ཡེ་ཞེས་པ་ནི་རྣལ་འབྱོར་མའི་གཞུང་ལུགས་ཀྱིས་ལྗོན་ཅིག་སྨྱོས་པའི་ཡེ་ཤེས་གཅིག་གི་སྐུ་ཇི་སྲིད་ན་མཁའི་མི་འགྱུར་བ་སྒེག་པར་བྱ་བ་སྟེ། སྦྱོར་བ་འདིས་སྤྱོད་པ་བྱ་ཞེས་སྦྱར་རོ།། པཉྫ་བི་ཛྲེ་ཨི་ནི་བྷུ་དྷ་ཏཛྙོ་ཞེས་པ་ནཱི ་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པ་རྣལ་འབྱོར་མ་ལྔ་སངས་རྒྱས་ལྔའི་རང་བཞིན་ཞེས་པའོ།། ཏཏྟ་ཞེས་པ་ནི་ཡེ་ཤེས་ལྔའི་བདག་ཉིད་དོ།། དེས་ནི་ཨ་ལ་ཁ~ཾ་ཨ་ཡེ་ཞེས་པོ་ནི་སེམས་ཅན་ཐམས་ཅད་དེའི་རང་བཞིན་ཏེ་དེ་རྣམས་ཀྱི ་གཟུགས་སུ་ཡིད་ལ་གནས་པ་ཞེས་པའོ།། དེ་རྣམས་ཀྱང་ས་བྷ་མཱ་ཡེ་བ་ཧཱུཾ་བི་ཧ་རུ་ཡ་ཞེས་པ་ནི་རྣམ་པ་མང་པོ་རྣམས་ཀྱི་སྒྱུ་མ་ཉིད་རྣམ་པ་མང་པོའི་གཟུགས་དེའི་རྣམ་པས་སོ།། སཏྟ་བི་བཱ་ཙི་ཨ་ཡེ་ཞེས་པ་ནི་སེམས་ཅན་རྣམ་པར་སྨིན་པར ་བྱ་བའོ།། བཛྲ་པུ་སཱ་རི་ཡ་ག་ཛུ་ཞེས་པ་ནི་སེམས་ཅན་རྣམས་ཀྱི་འཁོར་བའི་ཉེས་པ་རྡོ་རྗེས་གཞོམ་པར་བྱ་བའོ།། ཅིའི་ཕྱིར་ཞེ་ན། གསུངས་པ། བྱ་བ་མ་ཡིན་པ་བྱེད་པ་སྱེ། དྷ་མཱ་བི་མོ་ཧི་ཨ་ཡེ་ཞེས་པ ་ནི་བྱ་བ་མ་ཡིན་པའི་ཆོས་ཞེ་སྡང་ལ་སོགས་པས་ལྡོངས་པ་རྣམས་བསད་པར་བྱ་བའོ།། དེ་རྣམས་ལ་ཆོས་བསྟན་པ་གསུངས་པ། ན་མཿཏ་སྥུ་སྥཱ་རུ་དྷ་མུ་ཞེ་སྔོ་པ་ནི་ཤིན་ཏུ་སྙིང་པོའི་ཆོས་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་སངས་རྒྱུས ་ཀྱི་ཆོས་དེ་ལ་ཡང་ཕྱག་འཚོལ་ཅིག་པའོ།། ཇོ་ཨི་ནི་མུ་ཁེ་ཨ་ཡེ་ཞེས་པ་ནི་སྦྱོར་བ་གང་གིས་ཐར་པར་འགྲོ་བ་འཐོབ་པས་དབང་ཕྱུག་ལྔ་སོགས་པ་ཀླ་ཀློའི་ཆོས་རྣམས་དོར་ཅིག་ཅེས་དགོངསོ།། དེ་ཉིད་ཀྱིས་ན་བཅོམ་ལྡན་འདས་ཀྱིས ་གསུངས་པ། རིགས་ཀྱི་ཟུག་འདི་ཞེས་བྱ་བ་ལ་སོགས་པ་ནི་གོ་སྦལ།། བཅོམ་ལྡན་འདས་ཅེས་བྱ་བ་ལ་སོགས་པ་ནི་སྣད་པ་པོ་བདག་ཉིད་ཀྱིས་བྱས་པོའི་ཉེས་པ་བླངས་པའི་དོན་ཏོ།། འདོ་གསྦྱངས་པ། དེ་ལྟར་རྒྱལ་པའི་གནས་སྐུ ་སེམས་ཅན་རྣམས་ཀྱི་རྒྱུ་རུ་བྱ།། དབང་ཕྱུག་ལ་སོགས་མུ་སྟེགས་ཀྱིས་ཀླ་ཀླྀའི་ཆོས་རྣམས་ལོ་ཞེན་པའི།། མུ་སྟེགས་པ་དང་ལྷན་ཅིག་རྐྱོ་།། སྙིང་རྗེ་ནྡན་གྱི་རྟག་ཏུ་བྱ།། མངོན་ཤེས་ཐོབ་པ་རྣལ་འབྱོར་པས།། ཆོ་སནྣི་གནྟ ་པའི་རྒྱ་རུ་བྱ།། གལ་ཏེ་མངོན་ཤེས་མེད་ན་ནི།། དེས་ནི་ལུང་གི་རྗེས་འབྱུང་བྱ།། དེས་ན་ལེགས་བསྒྲུབ་རྣལ་འབྱོར་དབང་།། ཕྱི་མོ་བསྟན་ཆོས་མཛེས་པའི་ཕྱིར།། ནི་ས་ཐ་སྟེ་ངེས་པའོ།། ། ཁ་སྦྱོར་ཐིག་ལོ། ་ཀྱི་རྒྱལ་པོའི་རྟོག་པ་དགུ་པའི་རབ་ཏུ་བྱེད་པ་དང་པོ་དེ་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་མདོར་བསྟན་པ་སྟེ་དང་པོའོ།། །། ད་ནི་ཕྱི་དང་ནང་གི ་གཏེར་མ་དེ་ཉིད་བརྗོད་པའི་ཕྱིར། ཉོན་ཙོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་བཞིན་ཞེས་པ་ན་རྒྱས་པ་རོ།། དྲི་དམར་ཞེས་པ་ནི་ཙཱན་དམར་པོ་ལ་སོགས་པས་མཎྜལ་བྱས་ནས། ཕྱི་རོལ་དཀར་པོ་ཞེས་པ་ནི་ཙཱན་དཀ ་པོ་ལྔ་སོགས་པས་བྱ་བའོ།། དེ་བཞིན་དུ་མཆོད་ཡིན་ཞེས་བྱ་བ་ལ་སོགས་པ་ཀྱེ་བཅོམ་ལྡན་འདས་ཅེས་པའི་མཐར་ཐུག་པ་ནི་ཕྱི་རུ་སྒྲ་ཇི་བཞིན་ནོ།། འོན་ཀྱང་ནང་དུ་བལྟོས་པས་ཀྱང་བྱོས་ཏེ། དེ་ཉིད་ཀྱིས་ནཱ་ཡེ་ཤེསྟེ་ལྕགས ་ཀྱུའི་བྱེ་བྲག་ཉིད་ཅེས་པས་སྟོན་ཏེ། དེའི་ཚེ་ཀྱེ་ཞུས་པ་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་དང་པོ་ཞེས་བྱ་བ་ལ་སོགས་པའོ།། འདིར་འཇིག་རྟོན་པ་ལ་གྲགས་པ་རིགས་ལྔའི་རང ་བཞིན་ལྕགས་ཀྱུ་ལྔ་ཤ་ལྔ་ནི་དེ་བཞིན་གཤེགས་པ་སྟེ། དྲོའི་རང་བཞིན་མར་མེ་ལྔ་ནི་ལྕགས་ཀྱུ་ཤེས་པར་བྱའོ།། དེ་ལ་སྐྱེ་དགུའི་བདག་པོ་ཞེས་པོ་ནི་རྟ་བདུན་པ་ཉི་མ་དེའི་རང་བཞིན་རྟའི་ཤ་འོད་དཔག་མེད་དོ།། གཉིས་པ ་སྒྲོལ་མ་ཞེས་པ་ནི་དོན་ཡོད་གྲུབ་པའི་རང་བཞིན་པ་ལང་གི་ཤའོ།། གསུམ་པ་ཆེན་པོ་རུ་ནི་འདོད་པ་ཞེས་པ་ནི་མོའི་ཤ་རྣམ་པོར་སྣང་མཛད་ཀྱི་རང་བཞིན་ཤ་ཆེན་ནོ།། དེ་བཞིན་དུ་བཞི་པ་མང་པོ་ལས་སྐྱེས་ཞེས་པ་ནི་མི ་བསྐྱོད་པའི་རང་བཞིན་གླང་པོ་ཆེའི་ཤའོ།། ལྔ་པ་བྱིས་པ་ཞེས་པ་ནི་རིན་ཆེན་གཙོ་བོའི་རང་བཞིན་ཁྱིའི་ཤ་ཞེས་པ་སྟེ་ཡི་གི་དོན་ཏོ།། ངེས་པའི་དོན་དུ་སྐྱེ་དགུའི་བདག་པོ་ནི་ཁུ་བའོ།། སྒྲོལ་མ་ནི་དེ་ཉིད ་ཀྱིས་རླུང་གྲི་རང་བཞིན་གྱི་འོག་དང་སྟེང་དུ་འབབ་པའོ།། ཆེན་པོ་ནི་རྣམ་པར་སྣང་མཛོད་དེ་ཧ་མི་ཤཱིགས་པའོ།། མང་པོ་ནི་མི་བསྐྱོད་པོ་རྣམ་པར་ཤེས་པའི་བདག་ཉིད་སྲེག་བརྟན་པར་སྦྱོར་བའི་ཕྱིར་རོ།། བྱིས་པ་ནི་རིན་ཆེན་འབྱུང་ལྡན་རྡོ་རྗེ ་རིན་པོ་ཆེའི་རྩ་ནས་མི་འཛག་པའི་ས་བོན་འགུགས་བཞིན་པའོ།། དེ་དག་ཅེས་བྱ་བ་ལ་སོགས་པ་ནི་རིགས་ལྔའི་དབྱེ་བས་བདུད་རྩི་ལྔ་རྣམསོ།། ཡེ་ཤེས་ཆེན་པོ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའོ།། དེ་ལྟ་བུའི་སྦྱོར་བ་ལ ་བརྟེན་པས་རྣལ་འབྱོར་པ་ཐམས་ཅད་ཚིམ་པར་བྱའོ།། དེའི་ཕྱི་རུ་སེམས་ཅན་གྱི་དོན་ཕྱིར་ཞེས་བྱ་བ་ལ་སོགས་པས་མཆོད་པ་ཐམས་ཅད་ལ་སོགས་པ་བྱའོ།། དེ་བཞིན་དུ་ནང་གི་བདག་ཉིད་ཀྱིས་ལྷ་ཐམས་ཅད་ཚིམ་པར་བྱ་ཞེས་པ ་དེའི་ཚེ་ཇི་ལྟར་སྣང་པོ་གང་གིས་ནི།། འདིར་གསུངས། དབྱངས་ཡིག་ཅེས་བྱ་བ་ལ་སོགས་པ་ལ་དབྱངས་ཡིག་བཅུ་གསུམ་པ་ཨོཾ་ཞེས་པ་འཇུག་པའི་ཕྱིར། ཟླ་བ་བྱང་ཆུབ་སེམས་ཐིག་ལེ་འབྱུང་བའི་ཕྱིར་རོ།། དེ་ཡང་ཨཱ་ལི་ཀཱ་ལིའི་རབ ་སྦྱོར་བས་ཅེས་པ་ནི་དབུག་དབྱུང་བ་དང་འཇུག་པ་རྣམ་པར་གཟུང་བའི་ཕྱིར་འཇུག་པའི་རིམ་པས་སྔོན་དུ་གསུངས་པ་དང་། འཆང་བཞིན་པོའི་ལྷ་ཐམས་ཅད་ཚིམ་པར་བྱའོ།། སླར་ཡང་བདུད་རྩི་ལྔའི་སྒྲུབ་ཐབས་ཀྱི་སྦྱོར་བ་གསུང་པ། ་སྦར་བས་ཞེས་བྱ་བ་ལ་སོགས་པ་ལ་སྦར་བས་ཞེས་པ་ནི་དགུག་པའི་སྦྱོར་བས་འོག་དང་སྟེང་གི་མཉམ་པའི་དུས་སུ་སྐྱོག་དང་ཐུར་སེལ་དག་ལྟེ་བའི་གནས་ཕྲད་པར་བྱའོ།། དེ་ན་ཅུང་ཟད་མེའི་དུ་བ་འཐུལ་ཏེ། དེས་ནི་ཡེ་ཤེས་ཀྱི་སྣང་བཅུང ་ཟད་ཉམ་སུ་མྱོང་བར་འགྱུར་རོ།། དེ་ནས་རབ་ཏུ་སོན་པའི་ཕྱིར་འབར་པ་ཉིད་དོ།། འབར་བ་ལས་ཚོགས་ཐམས་ཅད་དྲོ་བར་འགྱུར་རོ།། དེ་ལྟར་བདུད་རྩི་རྫོགས་ནས་ངོས་ཚིམ་པར་བྱའོ།། དེ་བཞིན་དུ་ཤེལ་ཞེས་པ་ནི་དག་པའི་སྦྱོར་བའི་ཕྱིར ་རང་བཞིན་ཐམས་ཅད་དང་རྩ་རྣམས་ཀྱང་ཤེས་བཞིན་དུ་ཉེ་བར་དམིགས་པར་བྱ་བ་ཞེས་པ་སྟེ་ངེས་པའོ།། དེའི་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་རྩའི་སྦྱོར་བར་ཨ་བ་དྷཱུ་ཏཱིའི་དབུསུ་མྱོང་པོར་བྱ་ཞེས་པའོ།། ཡོ་བྱད་ཅེས་བྱ་བ་ལ་སོགས་པ་ལ། ཨོཾ ་བྱད་ཀུན་ཞེས་པ་ནི་ཕྱི་རོལ་ཏུ་བཟའ་བ་དང་བཟའ་བ་མ་ཡིན་པ་ཆོ་ག་ཇི་ལྟ་བ་བཞིན་སྦྱིན་པའོ།། ལྷག་མ་ཞེས་པ་ནི་ཕྱོགས་སྐྱོང་ལ་སོགས་པའི་འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་པའོ།། དེ་ཉིད་ཀྱིས་ནཱ་ཕྱིའི་དཀྱིལ་འཁོར་ཞེས ་པོ་ནི་རྣམ་པ་གཉིས་ཏེ། རྡུལ་ཆེན་གྱི་དཀྱིལ་འཁོར་དང་། གཉིས་པ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་གི་འཁོར་ལོ་ཉིད་དུསུ་ཚིམོ་པར་བྱའོ།། གཡོན་གྱི་ཞེས་བྱ་བ་ལ་སོགས་པ་གོ་སླའོ།། དེ་ལྟར་ཕྱིའི་དཀྱིལ་འཁོར་ཙན་དན་དམར་པོ་ལ ་སོགས་པའི་རྡུལ་ཚོན་ནི་ཉེ་བར་མཚོན་པའོ།། དེའི་དབུས་སུ་ནག་པོ་དྲག་པོ་ལ་སོགས་པ་དང་མཆེ་བ་གཙིགས་མའི་མཐར་ཐུག་པའི་ལྷ་ད་ལྷ་མོ་སུམ་ཅུ་རྩ་གཉིས་ཡང་དག་པར་མཆོད་པར་བྱའོ།། དེ་བཞིན་དུ་ནང་དུ་སྔོན་དུ་གསུངས་པའི་རྩ ་སུམ་ཅུ་རྩ་གཉིས་ཡང་དག་པར་མཆོད་པར་བྱའོ།། དེ་བཞིན་དུ་ནང་དུ་མངོན་དུ་གསུངས་པའི་རྩ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱི་ནང་དུ་ཚིམ་པར་བྱའོ།། དེ་དག་ནི་བསྡུས་པའོ།། ན་མཁའ་འགྲོ་མ་ལྔ་ཞེས ་བྱ་བ་ལ་སོགས་པ་ནི་དེ་རྣམས་བསྡུས་ན་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་དཀྱིལ་འཁོར་ལྔ་རྒྱུ་བའོ།། དེ་བཞིན་དུ་དེ་ཉིད་ཅེས་པ་ནི་དཀྱིལ་འཁོར་ལྔའི་རང་བཞིན་རྩ་ཐམས་ཅད་།། དེས་ན་ལས་ཀུན་ཞེས་པ་ནི་ཞི་བ་ལ་སོགས་པ་བྱ་ཞེ ་བཽ་སྟེ་ངེས་པའོ།། སྦྱོར་བའི་དཀྱིལ་འཁོར་ཞེས་པ་ནི། ལུས་དང་ངག་དང་སེམས་ཀྱི་བདག་ཉིད་རྩ་ཐམས་ཅད་དེ། དེ་རྣམས་ཀྱི་གཅིག་ཏུ་སྦྱོར་བ་ནི་ཨ་བ་དྷཱ་ཏཱིར་གཞུག་པའོ།། དཀྱིལ་འཁོར་དང་དེར་དེའི་ཕྱིར་སྦྱོར་བའི་དཀྱིལ་འཁོ ་ཐམས་ཅད་ཀྱི་རང་བཞིན་ནོ།། དེས་ན་རྒྱལ་ཆེན་མོ་ནི་བདག་མེད་མཱའི་གཟུགས་ཀྱི་ཤེས་རབ་པོ།། རྡོ་རྗེའི་དབང་ཕྱུག་ནི་ཡེ་ཤེས་ཀྱི་ཁམས།། གཙོ་བོ་ཞེས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། དབང་ཕྱུག་མི་འཛག་པའི་ཕྱིར་ཞེས་དགོངསོ།། ་གཞན་ནི་གོ་སླའོ།། འདིར་སྤྱོན་ཅིག་ཅེས་པ་ནི་སྤྱན་དྲང་བ་སྟེ། ཨོཾ་ཀྲཀྐ་ཞེས་པ་ལ་སོགས་པའོ།། དེའི་ངེས་པར་གསུངས་པ་བརྗོད་པ།། ཨོཾ་ཞེས་པ་ཡི་དབྱངས་རྣམས་པ།། འདིར་ནི་ལུས་ལ་དམིགས་པར་བྱ།། ཀ་གཉིས་ཀྱིས་ནི ་བསྣུན་པ་ཡིས།། བྱང་ཆུབ་སེམས་ནི་དྲང་བ་ཡིན།། པ་གཉིས་ཤེས་པ་སྟེང་འོག་ཏུ།། སྣལ་མའི་དབུས་སུ་རྒྱུ་བར་བྱ།། རྡོ་རྗེའི་ལམ་དང་རྐན་དབུས་སུ།། བདེ་བ་ཡི་ནི་ས་བོན་བཅིངས།། ཁ་ཞེས་བྱ་བ་གཉིས་ནི་དེར།། འདི་ལྟ་བུའི་རྟོག་པ ་བཟའ།། དེ་ཉིད་བདེ་བ་ཀུན་མཁྱེན་གྱིས།། དབང་པོ་རྣམས་ཀྱི་གདུག་པ་བཟའ།། ཧ་ན་ཧ་ན་སྔོན་འགྲོ་བ།། ལྷན་ཅིག་སྐྱེས་སྤྲོར་རྟོག་པའི་ཕྱིར།། གྷ་གཉིས་ཤེས་པའི་མིང་གིས་ནི།། འབྱུང་དང་འཇུག་པའི་ལས་བྱེད་པའོ།། གྷ་ཧཱ་ཡ་ནི་སྟོང ་པའི་སེམས།། ཨ་མུ་སེམས་ཅན་གྲངས་མེད་པ། ཤ་ཏིང་འཁོར་བ་བཟུང་བའི་ཕྱིར།། ཀུ་རེ་སྙིང་རྗེ་རྟོགས་པའོ།། ཧཱུ~ཾགོས་པ་ནི་གཉིས་མེད་སེམས།། སེམས་ལས་བྱུང་པའང་དེར་ཐིམ་པ།། ཕཊ་ཅེས་པ་ནི་དེ་བཞིན་དུ།། གཉིས་མེང་མཛེས་པ ་ལས་ནི་སད།། ཛཿཞེས་པས་ནི་འདིར་ཀུན་ཏུ།། མཁའ་འགྲོ་མཁའ་འཀྲ་མ་ནི་དགུག། ས་ཧ་ཞེས་པ་བདེ་བ་ཉིད།། ཕུང་པོ་ལ་སོགས་ལྷ་ཐམས་ཅད་།། དེ་ཕྱིར་བདུད་རྩིའི་ཞེས་བྱ་བ་ལ་སོགས་པ་ལ།། བསམ་གཏན་ཞེས་པ་ནི་སྔོན་དུ་གསུང ་པའོ།། དེས་ན་བདུད་རྩིས་ཁ་བཀང་ཞེས་པ་ནི།། ཏིང་ངེ་འཛིན་རྫོགས་པར་རབ་ཏུ་སོན་པར་བྱས་པ་དེའི་ཆ་གལ་ཏོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླུའོ།། དེ་བཞིན་དུ་གཏོར་མ་སྦྱིན་པའི་ཚིག་གསུངས་པ།། ལྟོས་ཤིག་ཅེས་བྱ་བ་ལ ་སོགས་པ་ལ། ལྟོས་ཤིག་དག་པ་ཡིས་ནི་ཆོས་ཞེས་པ་ནི་རབ་ཏུ་དགའ་བའི་ཆོས་འདྲི་ལ་རྟོགས་ཤིག་པའོ།། གང་དག་ཡེ་ལ་མི་བཟང་པོ་ལ་མངོན་པར་ཕྱོགས་པ་དེ་དག་གི་དུས་ཐད་དུ་ཡུལ་དང་ཡུལ་ཅན་ལ་སོགས་པ་འདུས་པའོ།། དེས་ནི་འདི་ལ ་རྣམ་རྟོག་ཡོད་མ་ཡིན་ཞེས་པ་ནི་དུས་ཐམས་ཅད་དུ་མི་འཛག་པར་སྦྱོར་བའོ།། དེའི་ཕྱིར་ཡུལ་ལ་སོགས་པ་རྣམས་ལ་རེས་འགའ་ཡང་འཁོར་བར་སྦྱོར་བ་མ་ཡིན་ནོ།། དེས་ན་བྲམ་ཟེ་ཞེས་པ་ནི་གཏི་མུག་གོ།། ཁྱི་ཞེས་པ་ཕྲག་དོག་གོ།། གདོལ ་པ་ཞེས་པ་ནི་ཞེ་སྡང་ངོ་དོ།། རླུང་བཞིན་གཅིག་པས་ཞེས་པ་ནི་ལྷན་ཅིག་སྐྱེས་པ་སྣ་གཅིག་གིས་རང་བཞིན་གྱིསོ།། ལྷན་ཅིག་བཟླའ་ཞེས་བྱ་ནི་གཏི་མུག་ལ་སོགས་པ་བཟའ་བའོ།། ཕྱིའི་དོན་ནི་སྒྲ་ཇི་བ། ་ནོ།། གླཞན་ཡ་བྷཱི་རྱཱ་དྷཱཌཱི་སྣོར་བ་ལ་སྟེགས་སྦྱིན་གོ་སྨྲ།། དེ་རྱ་ཡང་གསུངས་པ་སོད་གི་ང་རླུང་གི་ན།། དེ་ཞིན་གཏི་མ་ང་།། དེ་འདི་ཉོན་ནི་མི་མངས་ང་།། སྙིང་པའི་རྒྱུམ་ཆོས་ག་མྦྷ ་རྣལ་འབྱོར་མ་མཆོགྲོ་སྟེར།། ཞིང་སྐྱོང་བདག་ཉིད་ཆེ་སོགས་ཀྱིས།། སྒྲུབ་པོ་གང་དུ་གནས་ཀྱང་རུང་།། རྟོག་ཏུ་དེ་ལ་སྲུང་བར་བྱེད།། དངོས་གྲུབ་བརྒྱད་ནི་གྲུབ་པ་ཡིས།། སྐྱེ་བ་གཞན་དུ་ཀུན་དབང་འགྱུར།། དེར་ནི་སྟོངས་དང་གྲོགས་བྱེད་པར།། ་སྒྲུབ་པོ་པ་ལ་སྙོམ་ཉི་མྱེད། ཁ་སྦྱོར་ཐིག་ཡོའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་དགུ་པའི་རབ་ཏུ་བྱེད་པ་། པ་བླ་ན་མེད་པའི་གཏིར་མ་སྨིན་པ་ཆེ་འཕེལྔ་བ་ཡང་དག་པའི་ལྟ་བརྫུན་པའི་སྣང་བ་ཞེས་པོ་མེད་པ ་བསྟན་པཱ་སྟེ་གཉིས་པའོ།། །། དཱ་ནི་བྲིས?་སྐུ་དང་གླེགས་བུ་མ་རྣམས་ཀྱི་བྱ་བ་ལ་འཇུག་པའི་འབྲེལ་པ་བྲྀསྟན་པའི་ཕྱིར། གསང་བྷའི་པྲཱདྨཱ་བདེ་བཱ་ཙ་ན་ཞེས་བྱ་བཱ་ལ་སོགས་པ་གསུངས་ཏེ། ཤེས་ཉན་ཅན་ཞེས་ནི་བློ་བྱང་བའོ།། ་དཔའ་བོའི་རས་ཞེས་པ་ནི་གཡུལ་དུ་བསད་པའི་རས་སོ།། བུད་མེད་མེ་ཏོག་ཅེས་པ་ནི་རོང་བྱུང་མེ་ཏོག་གིས་པའི་རསོ།། ཁྲག་ཆེན་པོ་ཞེས་པ་ནི་མིའི་ཁྲག་གི་བྱུག་པའོ།། སི་ཧཱ་ཞེས་པ་ནི་བུད་མེད་ཀྱི་མེ་ཏོག་གོ།། ག་པུར་ཞེས་པ་ནི་བྱང་ཆུབ ་སེམས་བསྲེས་པས་སོ།། སོགས་པའི་སྒྲས་ནི་བཤང་བ་དང་གཅི་བ་བསྡུའོ།། ཁ་ལུག་མ་བཤལ་ཞེས་པ་ནི་རྟག་ཏུ་གཙང་སྦྲ་མེད་པ་དེ་ཉིད་གཙང་སྦྲའོ།། གཞན་ནི་གོ་སླའོ།། འདིར་གསུངས་པ། རང་བྱིན་བརླབས་པས་བྲིས་སྐུ་བཱ།། ཡན ་ལྷག་དྲུག་གི་བྲི་བའི་ལས།། འཇུག་པ་དེ་ནི་བཅོམ་ལྡན་འདས།། རང་སྣང་གིས་ནི་ཚོན་གྱིས་བྲིས།། དེར་ནི་རི་མོ་བྱེད་པ་ཡང་།། ཤེས་བྱའི་རྣམ་པ་རང་སེམས་ཉིད།། ཡེ་ཤེས་རང་བཞིན་བཅོམ་ལྡན་འདས།། ཤེས་བྱའི་མཚན་ཉིད་མཐོང། ་ཕྱིར་རོ།། དེ་ཉིད་གླེགས་བམ་དུ་ནི་གསུངས།། སོར་མོ་བཅུ་གཉིས་འགོག་པའི་ཕྱིར།། སྲོག་ནི་གླེགས་བམ་མིང་ཅན་ནི།། ཡེ་ཤེས་སྐུ་ནི་རྟོག་བྱེད་པའོ།། །། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་སྤ་དགུ་པའི་རབ་ཏུ་བྱེད་པ ་གསུམ་པ་བྲིས་སྐུ་ལ་སོགས་པ་གཏན་ལྔ་འབེབས་པའི་རྒྱ་ཆེར་འགྲེལ་པ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་མདོར་བསྙེན་པ་སྟེ་གསུམ་པའོ།། །། ད་ནི་ཕྱིའི་ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་བདེ་པོ་གཟུང ་རོལ་མོ་སྣ་ཚོགས་པའི་སྔགས་ཀྱི་ཡི་ག་རྣམས་བསྟན་པའི་ཕྱིར། ཁ་སྦྱོར་ཞེས་བྱ་བ་ལ་སྩོགས་པ་གསུངས་ཏེ་བྲིས་སྐུ་གླགས་བམ་ལ་སོགས་པའི་རབ་ཏུ་བྱེད་པ་མདོར་བསྟན་པ་གསུམ་གྱི་མཐར་སླར་བཤད་པ་བརྗོད་པར་བྱའོ།། དེ ་ཡང་ཁ་སྦྱོར་ཞེས་པ་ནི་དབང་པོ་གཉིསུ་འདུས་པས་དེའི་ཚེ་མཚན་ཉིད་མི་འཇིགས་པོར་བྱ་བའི་ཕྱིར་རོ།། སྔགས་ཀྱང་ཨ་ར་རེ་ཞེས་བྱ་བ་ལ་སོགས་པའི་སྒྲས་དེ་གཟུང་བར་བྱའོ།། ལྷག་མ་ནི་བྷྲ་མཱི་མན་ངག་ཝ་ཤེས་པར་བྱའོ།། སླར་ཡང་སྔགས་དེ་ཉིད ་ཀྱི་ཅང་ཏེའུ་བརྡུང་བ་དེའི་མཚན་ཉིད་གསུངས་པ། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། འདིར་མཚན་ཉིད་ཅེས་པ་ནི་གང་གིས་འཆང་བཞིན་པའི་ཅང་ཏེའུའི་མཚན་ཉིད་ངེས་བསྒྲུབས་པས་མཁའ་འགྲོ་མ་ཐམས ་ཅད་འགུག་པར་བྱེད་པའོ།། དེ་བཞིན་དུ་རྡོ་རྗེ་ཅན་དུ་ཞེས་པ་ནི་ཤཱི་རི་ཥ་སྐམ་པོའི་རྩ་བའོ།། མ་ལ་ཡར་སྐྱེས་ཙན་དམར།། ཞེ་བ་ནི་ཙྪནཱ་དམར་པོ་ལྔ་བྱངའོ།། གཞན་ཞེས་པ་ནི་ཐོད་པ་ལས་ཅང་ཏེའུ་བྱ་བའོ།། བརྡུང་ཞེས་པ་ནི་ཅང་ཏེའུ་བརྡུང་བ་དང་ལྡན་པསོ།། ་གཞན་ནི་གོ་སླའོ།། དེ་བཞིན་དུ་བྱིའི་ཁ་སྦྱོར་བྱ་བའི་ཕྱིར། ཀམ་པོ་ཛ་ལ་སོགས་པའི་རྣལ་འབྱོར་མ་རྣམས་བཀུག་ནས་འདོད་པ་སྤྱད་པར་བྱའོ།། དེ་བཞིན་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སློབ་དཔོན་ཁྲོས་པས་ཞེས་པ་ནི། སློབ་དཔོན་གྱི་ཁྲོ ་བའི་ལྷ་སྟངས་སྦྱར་བ་དེའི་ཚེ་རྣལ་འབྱོར་མོ་མོག་ལས་མཆི་མ་འཛག་ཅིང་ངུ་བར་འགྱུར་རོ།། དེས་ནི་ཚིག་འདི་བརྗོད་དོ།། ཁྲོ་བོ་སྔོན་པོ་མཛེས་པ་ཁྱོད་ཅེས་པ་ནི་ཁྱོད་ཀྱི་ཁྲོ་བོ་མཛེས་པ་དང་དཔྲལ་བར་ཁྲོ་གཉེར་གྱིས་བརྒྱན་པ་ཞེས་རྟོགས ་པར་བྱེད་པའོ།། དམ་ཚིག་སྒྲུབ་པ་ཞོས་པ་ནི་བདག་ཅག་ཐམས་ཅད་ཁྱོད་ཀྱི་དམ་ཚིག་གྲུབ་པའོ།། མཆིལ་ལྷམ་ཟུང་ཞེས་པ་འདྲི་བདག་མཆིལ་ལྷམ་བཞིན་དུ་ཟུང་ཞིག་པའོ།། ཆད་པ་འདི་ཞེས་པ་ནི་བདག་ཅག་གིས་ཆད་པ་འདིའོ།། མི་གཡོ ་བབར་ནོ་མ་བཞུགས་ཤིག་ཅེས་པོ་ནི་ལན་གཉིསུ་བཟླས་པའི་ཚིག་སྟེ་བདག་ལ་ཤིན་ཏུ་ཁྲོ་བ་བར་ཅིག་པའོ།། དེས་ནི་མི་གཡོ་བར་སྡང་མིག་ཉིད་དོར་ཅིག་པའོ།། དཔའ་བོ་ཁྱོད་ནི་ལྟོས་ཞེས་པ་ནི་དཔའ་བོ་ཁྱོད་གདུལ་བྱ་ལ་གཟིགས་ཤིག་པའོ།། འདུས ་པས་འཁོར་བས་ལས་ནི་སྒྲོལ།། ཞེས་པ་ནི་དད་པ་པོ་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་བའི་ཕྱིར་འདུས་པ་མཛོད་ཅིག་པའོ།། བསམ་གཏན་བཟློག་ཅེས་པ་ནི་ཁྲོ་བོའི་བསམ་གཏན་ཟློག་ལ་ཞི་བར་མཛོད་ཅིག་པའོ།། ། ་ལུས་འདུས་པ་རྣལ་འབྱོར་མའི་དབུས་སུ་མཛོད་ཅེས་པ་ནི་ཚོགས་ཀྱི་འཁོར་ལོའི་དབུསུ་རྣལ་འབྱོར་མ་དང་ལྷན་ཅིག་ལུས་འདུས་པ་གྱིས་ཤིག་པའོ།། དེ་བཞིན་དུ་ཚོགས་ལ་འདུས་པའི་གནས་སྣ་ཚོགས་པའི་དོན་དུ་བཤད་པ་གསུངས་པ། ་ཉོན་ཅིག་ལྷ་མོ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་ཆང་ཞེས་པ་ནི་རྣལ་འབྱོར་མ་རྣམས་འདུས་པའི་དུསུ་དགོངས་པས་བཤད་པ་ཉིད་ལ་རྣམ་པར་སྦྱང་བར་བྱའོ།། སྒེག་མོ་ཞེས་གསུངས་པ་ནི་ཆང་དུ་ཤེས་པར་བྱའོ།། ལྷག་མ་ནི་སྔོན ་བཞིན་དུ་རྟོགས་པར་བྱའོ།། གླུ་འདི་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྲོག་དང་སེམས་དག་རོ་གཅིག་པའི་རང་བཞིན་གྱི་དུསུ་གཡོན་དང་གཡས་ཀྱི་དཀྱིལ་འཁོར་རྒྱུ་བའི་དུས་དང་དཀྱིལ་འཁོར་རེ་རེ་འཕོ་བ་རེ་རེའི་དུས་རྣམསུ་ཡང་ཀ་ལ་སོགས ་པའི་སྔགས་ཀྱི་ཡི་གེ་རྣམས་བརྗོད་དེ། འཕོ་བ་བཅུ་དྲུག་འགོག་པར་འགྱུར་བ་དེ་སྲིད་དུ་རང་བཞིན་གྱི་ཡི་གེ་ཐམས་ཅད་བརྗོད་པར་ཤེས་པར་བྱའོ།། དེ་ལྟ་བུ་གང་དུ་བརྗོད་ཅེ་ན། གསུངས་པ་ཨ་བ་དྷཱུ་ཏཱི་ཀཱ་ཀླེའི་བརྡས་གསུངས་པའི་ཕྱིར་རོ།། དེ་བཞི ་དུ་ཧེ་རུ་ཀའི་གར་ཞེས་པ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ་ལ་སོགས་པས་སོ།། ཕྱག་རྒྱ་ཞེས་པ་ནི་སྣ་ཚོགས་བརྗོད་པའི་ལས་སོ།། ཕྱི་རུ་ཡཱ་གཱ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ། དེ་ལ་དེ་སྐད་ཅེས་བྱའོ།། ལྷག་མ་ནི་གོ་སླའོ།། དེ་ལྟར་དེ ་ཁོ་ན་ཉིད་ཀྱི་བྱ་བ་ཐམས་ཅད་རྣལ་འབྱོར་མ་ཐམས་ཐར་པའི་རྒྱུ་རུ་བྱའོ།། དེ་ཡང་གལ་ཏེ་རྟག་ཏུ་ཕྱུག་རྒྱ་ཆེན་པོ་ཉིད་ལ་མངོན་པར་བགྲོད་ནའོ།། ། ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱ་། ་རྟོག་པ་དགུ་པའི་མདོར་བསྟན་པ་གསུམ་པ་མཐར་སླར་བཤད་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པ་སྣང་བ་ཞེས་པ་སླར་བཤད་པ་སྟེ་བཞི་པའོ།། ད་ནི་རྟོག་པ་བཅུ་པ་ནས་བརྩ་མོས་ནས་རྡོ་རྗེ་སློབ་དཔོན་གྱིས ་དངོས་གྲུབ་ཀྱི་རྒྱུར་སྒྲུབ་ཐབས་བསྟན་པའི་ཕྱིར། རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ཅེས་པ་ནི་སྒྲུབས་པའི་ཐབ་སོ།། དེ་ཡང་དང་པོ་ཞེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་ཆེན་པོ་ཞེས་པ་ནི་སྔོན་དུ་གསུངས་པའི ་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་ཉིད་དང་པོ་སྙིང་གི་གནསུ་རྣམ་པར་བསམ་པར་བྱའོ།། ཕྱི་རུ་ནི་དཀྱིལ་འཁོར་བྲི་བར་བྱའོ།། དེ་བཞིན་དུ་ཐོག་མ་ཞེས་བྱ་བ་ལ་སོགས་པ་ནི་དབང་བསྐུར་བའི་ཆོ་གས་རྣམས་ཅད་བྱ་ཞེས་པའོ།། སྙིང་པོ་ཞེས་པ ་ནིསྔོན་དུ་གསུངས་པའི་སྔག་སོ།། འོན་ཀྱང་སློབ་དཔོན་གྱིས་ལས་ཐམས་ཅད་ཀུན་རྫོབ་ཏུ་བྱ་ཞེས་པ་སྟེ་ངེས་པའོ།། གཽཞན་ཡང་རབ་ཏུ་བྱེད་པ་འདིའི་དོན་ནི་གྲོ་སླ་བ་སྟེ། སྒྲ་ཇི་བཞིན་ནོ།། དེས་ན་བདག་གིས་མ་བཤོད་དོ།། ་ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཅུ་པའི་རབ་ཏུ་བྱེད་པ་དང་པོ་རྡོ་རྗེ་སློབ་དཔོན་གྱིས་སྒྲུབ་ཐབས་ཀྱི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་མདོར་བསྡུས་པ་སྟེ་དང་པོའོ།། ། ད་ནི་བདེ་བ ་ཆེན་པོ་ཐབས་ཏེ། དེས་གྲུབ་པའི་རྣལ་འབྱོར་པ་ནུས་པ་ཅན་ཕྱག་རྒྱ་དང་ལྷན་ཅིག་མཆོད་པ་སྣ་ཚོགས་པ་དང་བཀུར་སྟི་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་གསུངས་ཏེ། རིག་པ་འཛིན་པ་ཞེས་པ་ནི་ཤེས་རབ་དང་། ་ཐབས་ཉིད་ལ་ཆོག་ཏུ་མི་འགྱུར་བྱའི་རྣལ་འབྱོར་མི་འཛག་པའི་ཕྱིར་དེ་རྣམས་རྣལ་འབྱོར་དུ་འགྲུབ་པ་དེ་ཉིད་ཀྱི་འབྲས་བུ་ཕུན་སུམ་ཚོགས་པར་བྱ་བ་གསུངས་པ། དེར་ས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་ཞེས་པ་ནི ་ཕུན་སུམ་ཚོགས་པ་ཐམས་ཅད་དོ།། རྣམ་པ་དྲུག་ཏུ་གཡོས་ཨོཾསྭ་པཱ་ནི་གལ་ཏེ་རྣལ་འབྱོར་གྱི་དབང་ཕྱུག་སའི་སྟེང་དུ་འཁོར་བ་དེའི་ཚེ་རྣམ་པོ་དྲུག་ཅེས་པ་ནི་གླལ་ཏེ་ཡེ་ཤེས་ཀྱི་དགོའ་བས་རྣལ་འབྱོར་པ་གར་བྱེད་བཞིན ་པ་དེའི་ཚེ། དྲུག་སྐྱེས་ལ་སོགས་པ་གྲོང་གི་གླུ་དཀྱུགས་ཀྱི་སྒྲ་སྣའི་ཕྱོགས་ནས་གྲགསོ་པར་འགྱུར་རོ།། དེ་བཞིན་དུ་དགའ་བ་ཞེས་པ་ནི་གལ་ཏེ་དེ་ཉིད་ས་གཞི་ལ་ཞབས་དྲག་ཏུ་མནན་པས་གར་བྱེད་བཞིན་པོ་དང་ཐུགས ་དགྱེས་བཞིན་པོའི་ཕྱིར་དེའི་ཚེ་ཆ་ལང་ལྟ་བུ་ཞེས་པ་ནི་ཆ་ལང་གི་སྤྲོ་ཤིན་ཏུ་དྲག་པ་ལྟ་བུ་འམ་གློག་འཁྱུག་པ་ལྟ་བུའི་སྒྲ་ཆེན་པོའི་སྒྲ་གྲག་པར་འགྱུར་རོ།། དེ་བཞིན་དུ་རྐང་གདུབ་ལས་བསྐལ་པའི་མེ་ལྟ་བུའི་སྒྲ་འབྱུང་བ་དེ ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན་དུ་རྒྱ་མཚོ་འཁྲུག་པ་དང་། ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་གེ་སློའོ།། ། ཁ་སྦྱར་ལིག་ལོའི་རྒྱུད་ཀྱི་རྒྱལ་པོ་རྟག་པ་བཅུ་པའི་རབ་ཏུ་བྱེད་པ་གཉིས་པ་བསྒྲུབ་པའི ་རྣལ་འབྱོར་པ་རྣམས་ཀྱི་མཆོད་པ་དང་བསྐུར་སྤྱི་བསྟན་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་སྟེ་མདོར་བསྟན་པ་གཉིས་པའོ།། ་ད་ནི་ཚེ་འདི་ལ་རྣལ་འབྱོར་པར་གྲུབ་ནས་སངས་རྒྱས་ཀྱི་རང་བཞིན་ཉིད་རྣམ་པར་སྤྱོད་པ་བརྗོད་པའི་ཕྱིར། རིག་པའི་སྐྱེས་བུ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་རྒྱལ་བའི་སྤྱོད་ཡུལ་ཡིན་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པའི་རྣམ་པ་མངོན་དུ་ཡོན་ཏན་གྱི་གནས་སོ།། དེ་བཞིན་དུ་ཡང་ཚིག་སྣ་ཚོགས་པས་སྒྱུ་མོའི་མཚན་ཉིད་མཚོན་ཅིང་ཟུང་དུ་འཇོག་པའི་ཏིང་འཛིན་ལ་གནས་པའི་རྣལ་འབྱོར་པ་དེ། སངས་རྒྱས་བཅོམ་ལྡན་འདས་ཡིན་གྱི ་གཞན་ནི་མ་ཡིན་ནོ།། དེ་ལྟར་ཡང་གཞུང་འདི་ཉུང་ངུའི་ཕྱིར་གཞན་ལས་རྗེས་སུ་རྟོགས་པར་བྱ་ཞེས་པ་སྟེ་ངེས་པའོ།། ལྐོག་མོ་གཞན་ནི་གོ་སླའོ།། ཁ་སྦྱོར་ཐིག་ལོའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཅུ་པོའི་རབ་ཏུ་བྱེད ་གསུམ་པའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པ་མདོར་བསྟན་པ་སྟེ་གསུམ་པའོ།། །། ད་ནི་མདོར་བསྟན་པ་གསུམ་གྱི་མཐར་སླར་བཤད་པ་གཏནཱ་ལྀ་དབབ ་པ་བརྗོད་པའི་ཕྱིར་ལྷ་ཁྱོད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་ལ་ཞུས་པ་དང་ལན་བཏབ་པ་ནི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་ངོ་།། ལྷག་མ་ནི་གོ་སླའོ།། འདི་ཡང་གསུངས་པ། ཁ་སྦྱོར་དོན་ནི་གསལ ་བྱེད་ཅིང་།། རྣལ་འབྱོརལ་ཐར་སྟེར་བྱེད།། རྒྱ་ཆེར་འགྲེལ་ཚིག་ལ་ཝར་ནི།། སྦྲུས་ཤིང་གསལ་བར་རབ་རྫོགས་པ།། བླ་མ་རྡོ་རྗེ་འཛིན་དགའ་ཡིས།། སེམས་ཅན་རྒྱུ་རུ་འདུད་པ་ཡིན།། སྣ་ཚོགས་ལུང་གི ་དགོངས་པ་ཉིད།། རང་གིས་བརྟགས་ནས་བྱས་པ་མིན།། སངས་རྒྱས་རྡོ་རྗེ་འཆང་ལ་སོགས།། ཞིང་བརྒྱད་ལྷན་སྐྱེས་རྣལ་འབྱོར་མ།། བླ་མའི་སྔོན་འགྲོ་ཐམས་ཅད་ནི།། བདག་ལ་བཟོད་པ་མཛད ་པར་འོས།། རྣལ་འབྱོར་དབང་པོ་བྱང་ཆུབོ་སྲས།། གང་གཞན་དེ་ཉིད་ཕ་རོལ་འགྲོ།། ཡི་གེ་ལྷག་གམ་ཆད་པོའི་ཕྱིར།། དེ་དག་ཐམས་ཅད་བཟང་བར་འོས།། གལ་ཏེ་སངས་རྒྱུས་དོན་སྤྱོད ་ཡུལ།། ལུང་གི་དོན་ལ་དཔྱོད་པོ་ནི།། དེ་ཚེ་ཀུན་ཏུ་རྒྱུ་ཆེན་གྱི།། ལེགས་པའི་ཚིག་ནི་བདྲག་ལ་སྩོལ།། ། དཔལ་ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱ ་པོ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ལས། རྟོག་པོ་བཅུ་པོའི་དཔལ་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་ལས་མདོར་བསྟན་པ་སླར་བཤད་པ་སྟེ་བཞི་པའོ།། ་སློབ་དཔོན་ཨིནྡྲ་བོ་དྷི་ནི།། ཞེས་བྱས་རྒྱལ་བའི་ལམ་འདི་བྱས། བདེ་ཆེན་བཟང་པོ་དཔལ་ནི་ཉིད།། བསོད་ནམས་བྱང་ཆུབ་ཐོབ་དེ་བཞིན།། ཡེ་ཤེས་ཐོབ་ནས་དེ་ཉིད་ནི།། སེམས་ཅན ་རྣམས་ནི་རྟག་ཏུ་སྤྱོད།། རྒྱལ་བ་ཡིས་ནི་ལམ་ཐོབ་ནས།། དེ་ཀུན་གྱིས་ཀྱང་སེམས་ཅན་གྱི།། དོན་ནི་ནམ་མཁའི་མཐར་ཐུག་བྱེད། ་དཔལ་ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོའི་རྟོག་པ་བཅུའི་བདག་ཉིད་ཀྱི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ཞེས་པའི་གཞུང་རྫོགས་སོ།། ་བྱཱག་རྦྷ་ཚོ་བརྒྱས་པདྨ་ཨོཾནྡྲནྡྲ་བཱིཥྚི། རློམ་བརྒྱུད་རྒྱུ་ལཱ~ཾ་པ~ཾ་ཨིནྡྲ་བ~ཾ་དྷི་། གཱ་ཀླུང་ལགས་དག་ཝཱ་བཱདྷྭན་སྱཱད་དེ། འབྲད་དེ་བསྒྱུར་བྱས་བསྟོད་རྣམས་གང་ཐོབ་དེས།། འགྲོག ་གཉིས་མེད་ཡེ་ཤེས་གནས་ཐོབ་ཤོག། རྒྱ་གར་གྱི་མཁན་པོ་ཤྲཱི་བཛྲ་བོ་དྷི་དང་། བོད་ཀྱི་ལོ་ཙཱ་བ་ཆེན་པོ་གྱི་ཙོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལྔ་ཕབ་པའོ།། ་བསོད་ནམས་སྟོབས་རྒྱས་ཀྱིས་མཚན་མར་གྱུར་པ་ཡིས།། ཚེ་རབས་དུ་སར་བསགས་པའི་སྡིག་སྒྲིབ་མ་ལུས་ཀུན།། དགེ་འདིས་དུག་ལྔའི་མེ་ལྕེ་ཆུ་ཡིས་བཅིལ་པོ་བཞིན།། རིང་མིན་བྱང་ཆུ་སྙིང་པོའི་གོ་འཕང་མྱུར་ཐོབ་ཤོག། ཅེས་མི་དབང་པོ་ལྔ ་