| Wylie | e-texts produced with BDRC’s OCR application |
འདི་ནི་སྔོན་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་བསྒྱུར་བ་ཏཱི། འགྱུར་རྙིང་ལགས་སྐད་དོ།། ། རྒྱ་གར་སྐུད་དུ། ཀཱ་ཡ་པ་རི་ཀ་བྷ་བ་ན་ཀཱ་མ། བོད་སྐད་དུ། ལུས་ཡོངས་སུ་དཔྱད་པའི་བསྒོམ་པའི ་རིམ་པ། སངས་རྒྱས་ལ་ཕྱག་འཚལ་ལོ།། འདི་ལ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། འཇིག་རྟེན་རྣམ་པར་རྟོག་པས་བྱུང་།། རྣམ་པར་རྟོག་པས་སེམས་ལས་བྱུང་།། སེམས་ཀྱང་ལུས་ལས་བྱུང་བས་ན།། དེའི་ཕྱིར་ལུས་ལ ་དཔྱད་པར་བྱ།། ཞེས་གསུངས་ཏེ། དེས་ལུས་ལ་བརྟག་པ་ནི་སྙིང་པོ་གསུམ་དང་། ལུས་བཟུང་བདུན་དང་། སྤུའི་ཚོགས་བརྒྱད་དང་། བ་སྤུའི་ཁུང་བུ་བྱེ་བ་ཕྲག་བརྒྱད་ཅུ་དང་། སོ་སུམ་ཅུ་རྩ་གཉིས་དང་། སེན་མོ་ཉི་ཤུ་དང་། ་པགས་པའི་རིམ་པ་བདུན་དང་། བུ་ག་དགུ་དང་། འབུར་བཅུ་གཉིས་དང་། ནང་གི་དངོས་པོ་ཉི་ཤུ་རྩ་གཅིག་དང་། ཤ་སྦུར་ཚད་ལྔ་བརྒྱ་དང་། རྩ་སྟོང་ཕྱག་བདུན་ཅུ་རྩ་གཉིས་དང་། རྒྱུས་པ་བདུན་བརྒྱ་དང་། ཆུང་བཅུ་དྲུག ་དང་། སྲིན་པོའི་རིགས་བྱེ་བ་ཕྲག་བརྒྱད་ཅུ་དང་། ནད་གཞི་རྣམ་པ་བཞི་དང་། མི་གཙང་བ་ཉི་ཤུ་རྩ་གཉིས་དང་། འབྱུང་བ་ཆེན་པོ་བཞི་དང་། གང་ན་མཁའི་ཁམས་དང་། རུས་པ་སུམ་བརྒྱ་དྲུག་ཅུ་དང་ཚིག་སུམ་བརྒྱ ་དང་། གནད་བརྒྱ་རྩ་བདུན་ཆས་པ་དང་། ཡང་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། སྐྱེ་མཆེད་རྣམས་ཀྱང་འདིའི་ཆར་ཆོས་ཇི་ལྟ་བར་བརྟག་ཅིང་དཔྱང་ངོ་།། དེ་ནས་ཡང་ཇི་ལྟར ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས། རྣམ་པར་མི་རྟོག་ཡེ་ཤེས་རྡོ་རྗེ་ཡིས།། ལུས་ཀྱི་འཁྲུལ་འཁོར་ཐམས་ཅད་གཞིག་པར་བྱ།། ཞེས་བཤད་པའི་རིམ་པས་སོར་ཚིག་དང་། ནས་དང་ཤིག ་དང་། སྲོ་མ་དང་། གླང་དང་། ལུག་དང་། རི་བོང་དང་། ཉི་ཟིར་དང་། ལྕགས་དང་། ཆུ་ཡི་རྡུལ་དང་། རྡུལ་ཕྲ་མོ་དང་། ཕྲ་རབ་དག་གོང་ནས་འོག་ཏུ་བདུན་དུ་སྦྱངས་པས་དཔྱད་ནས་ཐ་མར་རྡུལ་ཕྱ་རབ་དེ་ནི་ཇི་ལྟར ་འཕགས་པ་ཡང་དག་པར་སྤྱོད་པའི་ཚུལ་ན་མཁའི་མདོག་གི་འདུལ་བའི་བཟོད་པའི་མདོ་ལས། ཇི་སྐད་དུ་གསུངས་པ་དེ་བཞིན་དུ་བསྒོམ་སྟེ། ཤིན་ཏུ་ཕྲ་བའི་རྡུལ་གཅིག་པོ་དེ་ལ་ཇི་ལྟར་ལྷག་མཐོང་ཕྲ་མོས་བརྟག་ཅེ་ན། ་རྡུལ་ཕྲ་མོ་གཅིག་པོ་དེ་ལ་ཇི་ལྟར་མཚན་ཉིད་མེད་པ་ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གྱུར་པར་རབ་ཏུ་ཤེས། བདག་མེད་པ་དང་རྣམ་པར་བྲལ་བར་རབ་ཏུ་ཤེས་སོ།། དངོས་མེད་པ་དང་དོན་དམ་པའི་ཚིག་གི་ལམ ་དང་བྲལ་བར་རབ་ཏུ་ཤེས། དམིགས་པ་མེད་པ་དང་སྒྲ་དབྱངས་ཐམས་ཅད་དང་བྲལ་བར་རབ་ཏུ་ཤེས། བདག་མེད་པ་དང་བྲལ་བ་དང་། བདུད་ཀྱི་མཚན་ཉིད་དུ་རབ་ཏུ་ཤེས། ཡི་གེ་མེད་པར་རྒྱུ་རྐྱེན་དང་བྲལ་བར ་རབ་ཏུ་ཤེས། དངོས་པོ་མེད་པ་དང་། རྒྱུ་རྐྱེན་དང་བྲལ་བར་རབ་ཏུ་ཤེས། མཚན་མ་མེད་པ་ལས་རྡུལ་ཤིན་ཏུ་བྲལ་བར་རབ་ཏུ་ཤེས་སྟེ། ཇི་ལྟར་འདུ་བྱེད་ཐམས་ཅད་རབ་ཏུ་ཞི་བ་ལ་རྣམ་པ་བརྒྱད་པོ་དེ་ངག་གི་ཤིན་ཏུ ་ཕྲ་མོ་ཞིག་ཏུ་བརྟག་གོ།། དེ་བཞིན་དུ་གཉིས་པ་དང་། དེ་བཞིན་དུ་གསུམ་པ་ནས་ནང་གི་ལུས་ཐམས་ཅད་ཀྱི་བར་དུ་གཅིག་ལ་ཡང་སོ་སོར་རྣམ་པ་བརྒྱད་པོ་འདི་དག་གི་རྡུལ་ཕྲ་མོ་ཞིག་ཏུ་བརྟག་གོ།། ནང་གི་ལུས་ཇི་ལྟ་བུ་བཞིན ་དུ་ཕྱི་རོལ་གྱི་ལུས་སའི་ཁམས་ཀྱང་རྣམ་པ་བརྒྱད་པོ་འདི་དག་གིས་སོ་སོར་རྡུལ་ཤིན་ཏུ་ཕྲ་བར་བརྟག་གོ། ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྟོན་ཏེ། དེ་ལྟར་ལུས་ལ་རྣམ་པར་དཔྱད་ན་ན་མཁའ་དང་འདྲ་བར་སྒོམ་མོ།། ་དེ་ནིས་ངག་ཀྱང་བྱུང་མ་ཐག་ཏུ་ཞིག་ཅིང་ནུ་མཁར་ཐིམ་པར་བྲེག་ཆུ་དང་འདྲ་བར་ཡུལ་ན་མི་གནས་ཤིང་། སེམས་ཀྱང་ཁ་དོག་དང་དབྱིབས་དང་སྐྱེ་གནས་དང་། སྣོད་དང་སེམས་ཅན་དུ་མི་དམིགས་པར་གྱུར་གྱི་བར་དུ ་ལྟ་སྟེ། དེའི་ཚེ་ཐམས་ཅད་ན་མཁའི་ངོ་བོར་གནས་སོ།། འདི་ཉིད་ལ་གོམས་པས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་། ཡང་དག་པ་མུ་ཡིན་པ་རྟོག་པ་ནས་ཇི་སྲིད་རྒ་ཤིའི་བར་དུ་ཇི་ལྟ་བར་ཤེས་པས་བདེ་བར་གནས ་སོ།། དེ་ནས་ནི་ཇི་ལྟར་དགའ་བའི་གཟུགས་ཀྱི་ལུས་ཀྱི་བདག་དང་གཞན་ལ་ཕན་པ་དང་བདེ་བ་སྒྱུ་མ་ལྟར་སྤྱད་དོ།། ལུས་ཡོངས་སུ་དཔྱད་པའི་སྒོམ་པའི་རིམ་པ་སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པ་རྫོག་སོ།། ། ་རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་པའོ།། ། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྒོམ་པའི་རིམ་པའི་མན་ངག་སངས་རྒྱས་དང་བྱང ་