| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བྷཱ་བ་ནུ་ཡོ་གཱ་བ་ཏཱ་རཱ། བོད་སྐད་དུ། རྣལ་འབྱོར་སྒོམ་པ་ལ་འཇུག་པ། འཇམ་དཔལ་གཞོན་ནུར་པ་ལ་ཕྱག་འཆིལ་ལ།། གང་གིས་སྒྲིབ་པ་མཐའ་དག་མུ་ལུས་པར་བསལ་ཏེ། ཆོས ་ཀྱི་སྐུ་ཐོབ་པར་འདོད་པ་དེས། འདི་ལྟར་བྱང་ཆུབ་ཏུ་སེམས་སྐྱེད་པ་དང་། ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་འབད་ཏེ། དེ་ལྟ་མ་ཡིན་ན་རྒྱུ་མེད་པ་ལ་སོགས་པ་ལས་འབྲས་བུ་ཆོས་ཀྱི་སྐུ་མི་ཐོབ་ཏེ། དེའི་ཕྱིར་དེ་རྣམས་ལ་འབད་པར ་བྱའོ།། དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པའི་གཞི་ནི་བྱང་ཆུབ་ཏུ་སེམས་སྐྱེད་པ་ཡིན་ཏེ། དེ་བསོད་ནམས་ཆེ་བར་བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། དེ་ལ་གལ་ཏེ་གཟུགས་མཆིས་ནི།། ནམ་མཁའི་ཁམས་ནི ་ཀུན་གང་ཏེ།། དེ་ནི་དེ་བས་ལྷག་པར་འགྱུར་ཞེས་གསུངས་སོ།། དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་ཏེ། དེ་ལ་ཡང་གཉིས་སྟེ། ཀུན་རྫོབ་དང་དོན་དམ་པའོ།། དེ་ལ་ཀུན་རྫོབ་ནི་ཚད་མེད་པས་སེམས་ཅན་སྡུག་བསྔལ ་ལ་དགྲོལ་བར་ངམ་བཅས་སྟེ། དེ་དག་ལོ་ཕན་པའི་ཕྱིར་བདག་སངས་རྒྱས་སུ་གྱུར་ཅིག། སྙམ་དུ་དང་པོ་སེམས་བསྐྱེད་པའོ།། དེ་ཡང་ཚིག་བཞིན་དུ་གཞན་ལས་ནོད་པར་བྱའོ།། དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་བརྗོད ་དུ་མེད་པ། དྲི་མ་མེད་པ། མཐའ་མེད་པ། སྤྲོས་པ་མེད་པ། གཡོ་བ་མེད་པ། སྣང་བ་དང་། མི་སྣང་བ་ཐམས་ཅད་དང་བྲལ་བའོ།། དེ་ནས་ཏིང་ངེ་འཛིན་མཐའ་དག་གི་ངོ་བོ་ཉིད་ཞི་གནས་སྒྲུབ་པར་བྱ་སྟེ། ཇི་སྐད་དུ་གསེར ་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི།། འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་ཏེ།། དམིགས་པ་དེ་ལ་གང་གི་སེམས་འཇོག་པ།། བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ།། ཞེས་གསུངས་པ་ལྟ། ་བུ་ཏེ། སངས་རྒྱས་ཀྱི་སྐུ་དེ་ནི་གསེར་བཙོ་མ་དང་འདྲ་བར་སེར་བ། མཚན་དང་དཔེ་བྱས་ཀྱིས་བརྒྱན་པ། འོད་ཟེར་དང་བཅས་པ་དེ་ལ་འདོད་པ་སྐྱེད་དེ། འདུན་པ་དང་སེམས་ཀྱིས་གནོད་པ་སྤངས་ཏེ། ལུས་དྲང་པོར ་བསྲུངས་ལ། སྐུ་དེ་ལྷུ་བུ་ལུགས་མ་འམ་རི་མོར་བྲིས་པ་མདུན་དུ་བཞུགས་སྟེ། རྒྱུན་ཏུ་ཡིད་ལ་བྱས་ལ། དེ་ཉིད་དམ་གཞན་ཡན་ལག་ལ་སོགས་པ་ནས་རྫོགས་པར་མངོན་སུམ་དུ་མཐོ་བར་འགྱུར་རོ།། གང་གི་ཚེ ་དམིགས་པར་གྱུར་པ་དེའི་ཚེ་ཉིན་མཚན་བྱང་བར་མ་ཡེངས་པར་བརྟན་པར་བྱའོ།། སེམས་བྱིང་བ་འམ་རྒོད་པ་ལ་སོགས་པར་གྱུར་པ་འམ། དོགས་ན་སངས་རྒྱས་ཀྱི་ཡོན་ཏན་ལ་འདོད་པས་སྤྲོ་བར་བྱ་སྟེ། དེ་བཞིན་དུ ་བརྟན་པར་བྱའོ།། དེས་འགྲུབ་པར་འགྱུརརོ།། དེ་ནས་ཤེས་རབ་མཐའ་དག་གི་ངོ་བོ་ལྷག་ནུ་ཐོང་བསྒྲུབ་པར་བྱ་སྟེ། དེ་ཡང་ཐོས་པ་མང་དུ་བྱས་སྟེ། ཇི་ལྟར་ཞེ་ན། ལྷག་མཐོང་གི་ཐོས་པ་དང་། བསམ་པ་ལས་བྱུང་བའི་ལྷ ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ཞེས་གསུངས་པ་དེ་ལྟ་བས་ན། སངས་རྒྱས་ཀྱི་ཆོས་ངེས་པའི་དོན་དང་། དྲང་བའི་དོན་ལ་གུས་པོས་མང་དུ་མཉེན་ཏེ། བསམ་པས་ངེས་པར་ཡིད་ཆེས་པས་ཐེ་ཚོམ་མེང་བར་བྱའོ།། ་དེ་ལྟ་མ་ཡིན་ན་ཐེ་ཚོམ་གྱི་དྲ་བས་བཅིངས་པ་དེས་ནི་ལམ་ཁ་དཔག་གི་མདོར་ཕྱིན་པའི་འདྲོན་པོ་ལྟར་གང་དུའང་ངེས་པར་མི་ཤེས་ཏེ། དེ་བས་ན་མང་དུ་ཐོས་པར་བྱའོ།། དེ་ནས་གནས་མཆོག་ཏུ་བསྔགས་པར་བྱ་བ་ཅི་ཡོད ་པ་ཐམས་ཅད་བྱས་ལ། ཟས་ཚོད་ཟིན་པ་དང་རིགས་པར་ཟོས་ནས། བཤང་གཅི་དོར་ཞིང་འཆིལ་ལམ་སྣབས་དོར་ལ། སྙིང་རྗེ་ཆེན་པོས་སེམས་ཅན་མོ་ལུས་པ་བྱང་ཆུབ་ལ་དགོད་དོ་སྙམ་དུ་བསམས་ལ། ཕྱོགས ་བཅུ་དང་དུས་སུམ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་སྒོ་གསུམ་གྱིས་ཕྱག་བྱས་སྟེ། བདེ་བའི་སྟན་ལ་གླིང་ལ་འདུག་ནས། དབུགས་རྔམ་པ་མེད་པར་བྱས་ལ། གོས་རན་པར་བྱས་སྟེ། ལུས ་མི་དགྣེ་མི་དགུ་པ་དང་། མིག་ཟུམ་ཟིམ་དུ་བྱས་ནས། སོ་དང་མཆུ་དང་ལྕེ་ཡང་ཐ་མལ་བར་བྱས་པ་འམ། ཡང་ན་སྤྱོད་ལམ་ཇི་ལྟར་གནས་ཀྱང་རུང་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་ཞུགས ་པར་དམིགས་ཏེ། དེ་དག་ལ་མཆོད་པ་དང་བསྟོད་པ་ལ་སོགས་པ་ཅི་ནུས་སུ་བྱའོ།། དེ་ནས་གོང་གི་སྐུ་དེ་ཉིད་ཤིན་ཏུ་གསལ་བར་དྲན་པ་ནང་དུ་བཞག་ནས་དམིགས་སོ།། དེ་གསལ་བར་གྱུར་པ་དང་། སྐུ་དེ་གང་ནས་བྱོན ་གང་དུ་བཞུད། གང་གི་བཞུགས། ཇི་ལྟར་བཞུགས་པར་བརྟག་གོ།། དེ་ནས་གང་ནས་ཀྱང་མ་བྱོན་པ་ལ་སོགས་པ་ཤེས་པར་བྱའོ།། སྐུ་དེ་ནི་རང་བཞིན་སྟོང་པ། ཡོད་མེད་ལས་འདས་པ། སྤྲོས་པ་རྣམས་དང་བྲལ ་བར་འདུག་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་རང་གི་དང་གི་བློས་བརྟག་པ་ལས་གུད་ན་མེད་པར་ཁོང་དུ་ཆུད་པར་བྱའོ།། དེའི་ཕྱིར་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པར་བྱསམ་མོ།། རང་བཞིན ་གང་ཡང་མེད་དོ།། སྙམ་པ་དེ་ཡང་ཡང་དག་པའི་ཤེས་རབ་ཀྱིས་སྤངས་ཏེ། ཡོད་མེད་ལས་འདས་པའི་ཡུལ་དེ་ལྟ་བུ་ལ། ཤེས་པ་ཡང་ཡོད་མེད་དང་བྲལ་བ་དེ་ལྟ་བུས་དམིགས་པ་མེད་པར་བསྒོམ་པར་བྱའོ།། དེ ་ལྟ་བས་ན་བར་བར་དུ་སེམས་ཀྱིས་སེམས་ལ་བརྟགས་ཏེ། དམིགས་པ་ལ་སེམས་འཇུག་ན། ཡང་དེ་བཞིན་དུ་ངང་གི་འཇུག་པ་མངོན་པར་འདུ་བྱ་བ་མེད་པ་དེ་ཁོ་ན་ཉིད་ལ་ཤིན་ཏུ་གསལ་བར་གནས་པར་བྱའོ།། དེ་སེམས ་ཀྱི་རྒྱུད་མི་གཡེང་བར་བྱའོ།། ཅི་སྟེ་སེམས་ཡེངས་པར་གྱུར་ན། འདི་ལྟར་དངོས་པོ་ཀུནྡ་ནི་བཟུང་བ་འཛིན་པ་སྟེ། བཟུང་བའི་དངོས་པོ་རྡུལ་ཕྲ་རབ་རབ་ཏུ་བློས་ཤིག་ཏྱེ། དེ་ཉིད་ཀྱང་སོ་སོར་ཕྱེ་ན། དངོས་པོ་མེད་དོ།། ་འཛིན་པ་ཡང་དེ་ལས་གུད་ན་མེད་དེ། དེའི་རྣམ་པར་རྟོག་པའི་ཕྱིར་རོ།། དེ་གཡེང་བ་ཞི་བར་བྱས་ལ་གོང་མ་ཉིད་ལ་གནས་པར་བྱའོ།། ཡང་སེམས་མི་དགའ་བར་མཐོང་ན། ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པར་བྱས ་ནས། དེ་ལ་དགའ་བ་བསྒོམ་པར་བྱའོ།། གཡེངས་པ་ལ་ཉོས་པ་བསམས་ལ་མི་དགའ་བ་ཞི་བར་བྱའོ།། ཡང་རྨུགས་པ་དང་གཉིད་ཀྱི་བྱིང་བ་འམ་ནོད་པར་དོགས་ན་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་འམ་མཛད ་པ་བཅུ་གཉིས་ལ་སོགས་པ་བསམས་ལ་བྱིང་བ་ཞི་བར་བྱའོ།། ཡང་སྔོན་མྱོང་བའི་ཡུལ་ལ་སེམས་རྒོད་པ་འམ། དོགས་ན་འདུ་བྱེད་ཐམས་ཅད་མི་རྟག་པ་ལ་སོགས་པ་དང་། རང་ལ་མི་གཙང་བ་ལ་སོགས་པ་དང ་གཞན་ལ་མྱུར་དུ་བྲལ་བ་ལ་སོགས་པ་བསམས་ལ་རྒོད་པ་ཞི་བར་བྱས་གོང་ལམ་ཉིད་ལ་བཏང་སྙོམས་བྱའོ།། དེ་ལྟ་བུས་གནས་པ་ལས་ཤིན་ཏུ་སྐྱོ་བར་གྱུར་ན། དེ་ལས་ལངས་ལ་སྐྱིལ་མོ་ཀྲུང་མ་བཤིག ་པར་འདི་ལྟར་བསེམས་ཏེ། ཆོས་ཐམས་ཅད་དོན་དམ་པ་ཇི་ལྟ་བ་མི་དམིགས་ན། ཀུན་རྫོབ་ཏུ་རྒྱུ་རྐྱེན་ལས་སྐྱེ་བ། སྒྱུ་མ་ལ་སོགས་པོ་སྣང་བ་ཡོད་སྙམ་དུ་བསམ་ལ་སྐྱིལ་མོ་ཀྲུང་བཤིག་ཏེ ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མདུན་དུ་བྱས་ཏེ། བདུན་ཤིན་ཏུ་རྣམ་པར་དག་པར་བྱའོ།། དེའི་རིམ་པས་བརྟག་པརརཾ་དུས་དྲུག་ཏུ་བྱའོ།། དེ་ནས་སེ་མོས་མཉམ་པར་འགྱུར་ཏེ། ་དོ་གྱུར་ན་གནས་ཡིད་དུ་འོང་བ་བརྒྱན་ཏེ་ཤིན་ཏུ་དགའ་བར་བྱས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་སེམས་དེ་ཤིན་ཏུ་འཕེལ་བར་བྱའོ།། སྤྱོད་ལམ་གྱི་སྣང་བ་ཀུན་སྒྱུ་མ་ལ་སོགས་པ་ལས་མི་མཉམ་པར་གནས།། ་པར་བྱའོ།། དེ་དག་གི་ཐབས་དང་ཡིད་ཆེས་པ་ཡོད་དེ། མངས་གིས་དོགས་ནས་མ་བྲིས་ཏེ་གཞན་དུ་ལྟའོ།། བདེ་བར་གཤེགས་པའི་ཐུགས་ཀྱི་ཡང་སྙིང་འདི།། བརྗོད་དུ་མེད་ཀྱང་བདག་གཞན་དོན་དུ ་བརྗོད།། དེ་ཡི་དགེ་བ་ཅུང་ཟད་ནི་ཡོད་པས།། འགྲོ་བ་ཐམས་ཅད་བདེ་གཤེགས་འདྲ་བར་ཤོག། ཆོས་དོན་ཟབ་ཅིང་བདག་བློ་དམན།། དེ་ཕྱིར་ཤིན་ཏུ་རྟོགས་དཀའ་ཡང་།། ཐོས་ཉུང་བློ ་དམན་དགའ་ཕྱིར་བྱས།། དེ་ལ་མཁས་མང་བཟོད་པ་མཛོད།། མི་རྟོག་ཡེ་ཤེས་མི་བསྒྲུབ་ན།། ཚིག་གིས་སངས་རྒྱས་གྲུབ་པ་མེད།། འོན་ཀྱང་འགྲོ་བ་འདོན་པས་ན།། མཁས་པ་རྣམས་ཀྱིས་བཤད་པར་རིགས།། ་རྣལ་འབྱོར་སྒོམ་པ་ལ་འཇུག་པ།། སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལའི་ཞལ་སྔ་ནས་མཛད་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་ཆེན་པོ་པྲཛྙཱ་ཝརྨྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། @#། རྒྱ་གར་སྐད་དུ། ཨཱརྱ་པཱུདྡྷ་པཱུ་ར་མི་ཏཱ་ཨུ་པ་དྭེ་ཤྲ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི ་