| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བྷཱ་བ་ནཱ་ཀྲ་མ་ན། བོད་སྐད་དུ། སྒོམ་པའི་རིམྦྷ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཐེག་པ་ཆེན་པོའི་མདོ་སྡེའི་ཚུལ་ལ་ཞུགས་པ་རྣམས་ཀྱི་ཕྱིར་སྒོམ་པའི་རིམ་པ་མདོར་བརྗོད ་པར་བྱའོ།། དེ་ལ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་ཐ་དད་པ་ཚད་མེད་པ་དཔག་ཏུ་མེད་པ་ལ་སོགས་པ་བསྟན་དུ་ཟིན་ཀྱང་། ཞི་གནས་དང་ལྷག་མཐོང་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་ལ་ཁྱབ ་པས་ན་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་འཇུག་པའི་ལམ་དེ་ཉིད་བརྗོད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་བ་པོ་ཡི་ལྷག་མཐོང་དང་། ཞི་གནས་གོམས་པར་བྱས་ན་ནི།། གནས་ངན་ལེན་གྱི་འཆང ་བ་དང་།། མཚན་མའི་འཆིང་བ་རྣམ་གྲོལ་འགྱུར་ཞེས་སོ།། དེ་ལྟ་བས་ན་སྒྲིབ་པ་སྤོང་བར་འདོད་པས་ཞི་གནས་དང་ལྷག་མཐོང་བསྒོམ་པར་བྱའོ།། ཞི་གནས་ཀྱི་སྟོབས་ཀྱིས་ནི་མར་མེ་རླུང་མེད་པ་ན་གནས་པ་བཞིན་དུ་དམིགས ་པ་ལས་སེམས་མི་གཡོ་བར་འགྱུར་རོ།། ལྷག་མཐོང་གིས་ནི་མུན་པ་ཉི་མ་ཤྭར་བ་བཞིན་དུ་ཆོས་ཀྱི་དེ་ཁོ་ན་ཇི་ལྟ་བ་བཞིན་དུ་རབ་ཏུ་རྟོག་པས་ཡང་དག་པའི་ཤེས་རབ་ཀྱི་སྣང་བ་འབྱུང་སྟེ། སྒྲིབ་པ་མཐའ་དག་སྤོང་བར ་འགྱུར་རོ།། དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི་དམིགས་པའི་དེ་དྲེ་པོ་བཞི་བསྟན་ཏེ། རྣམ་པ་མི་རྟོག་པའི་གཟུགས་བརྙན་དང་། རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་། དངོས ་པོའི་མཐའ་དང་། དགོས་པ་ཡོངས་སུ་གྲུབ་པའོ།། དེ་ལ་ཞི་གནས་ཀྱིས་ནི་ཆོས་ཐམས་ཅད་ཀྱི་གཟུགས་བརྙན་གང་ཡིན་པ་དང་། སངས་རྒྱས་ཀྱི་གཟུགས་ལ་སོགས་པ་ལ་མོས་པས་དམིགས་པ་སྟེ། ་དེ་ནི་རྣམ་པར་མི་རྟོག་པའི་གཟུགས་བརྙན་ཞེས་བྱའོ།། དེ་ལ་ཡང་དག་པའི་དོན་ལ་རྣམ་པར་རྟོག་པ་མེད་པས་ན་དེ་ལ་རྣམ་པར་མི་རྟོག་པ་ཞེས་བྱའོ།། ཇི་ལྟར་ཐོས་པ་དང་ཇི་ལྟར་ཟིན་པའི་ཆོས་རྣམས་ཀྱི་གཟུགས་བརྙན་ལྔ ་མོས་ཏེ་དམིགས་པས་ན་གཟུགས་བརྙན་ཞེས་བྱའོ།། རྣལ་འབྱོར་པས་དེ་ཁོ་ནའི་དོན་རྟོགས་པར་བྱ་བའི་ཕྱིར་གང་གི་ཚེ་ལྷག་མཐོང་གི་གཟུགས་བརྙན་དེ་ཉིད་ལ་སྤྱོད་པའི་ཚེ་ལྷག་མཐོང་གི་མཚན་ཉིད་དེ་ཁོ་ན་ལ་རྟོག་པའི ་རྣམ་པར་རྟོག་པ་དེ་ན་ཡོད་པས་ན་རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་ཞེས་བྱའོ།། རྣལ་འབྱོར་པ་གཟུགས་བརྙན་དེ་ཉིད་ཀྱི་ངོ་བོ་ཉིད་ལ་རྟོག་པས་ཆོས་ཐམས་ཅད་ངོ་བོ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་དེ། བདག ་གི་གཞན་གྱིས་གཟུགས་བརྙན་མེ་ལོང་གི་ནང་དུ་བྱུང་བ་ལ་བརྟགས་ན་བདག་གི་བཞིན་ལ་མི་སྡུག་པ་ལ་སོགས་པ་མངོན་པ་བཞིན་ནོ།། གང་གི་ཚེ་དངོས་པོའི་མཐའི་མཚན་ཉིད་ཀྱི་དེ་བཞིན་ཉིད་རྟོགས་པར་གྱུར་པ ་དེའི་ཚེ་དངོས་པོའི་མཐའ་ཁོང་དུ་ཆུད་པས་ན་ས་དང་པོ་ལ་དངོས་པོའི་མཐའ་ལ་དམིགས་པ་ཞེས་བྱའོ།། དེ་ནས་སྨན་བཅུད་གྱི་ལེན་ཟ་བ་བཞིན་དུ་བསྒོམ་པའི་ལམ་གྱིས་ལྷག་མ་རྣམས་སུ་རིམ་གྱིས་ཤིན་ཏུ་རབ་ཏུ ་རྣམ་པར་དག་པའི་སྐད་ཅིག་བྱུང་བས་གནས་གྱུར་ནས། གང་གི་ཚེ་སྒྲིབ་པ་མ་ལུས་པ་སྦྲང་བུའི་མཚན་ཉིད་དགོས་པ་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ་སངས་རྒྱས་ཀྱི་ཡེ་ཤེས་དེ་ཉིད་དགོས་པ་ཡོངས་སུ་གྲུབ་པ་ལ ་དམིགས་པ་ཞེས་བྱའོ།། དེ་ལྟ་བུ་འདིས་ཅི་བསྟན་པ་ཡིན་ཞེ་ན། ཞི་གནས་དང་ལྷག་མཐོང་གོམས་པར་བྱས་པས་དངོས་པོའི་མཐའ་རྟོགས་པར་འགྱུར་ཏེ། དེ་སྒྲིབ་པ་མཐའ་དག་སྤོང་བའི་མཚན་ཉིད་དགོས་པ ་ཡོངས་སུ་གྲུབ་པ་ཐོབ་བོ།། དེ་ཉིད་སངས་རྒྱས་ཉིད་ཡིན་ཏེ། དེ་བས་ན་སངས་རྒྱས་ཉིད་ཐོབ་པར་འདོད་པ་ཞི་གནས་དང་ལྷག་མཐོང་ལ་བསྒོམ་པར་བྱའོ།། གང་དེ་ཉིད་ལ་མི་སྒོམ་པ་དེ་དག་ནི་དངོས་པོའི་མཐའ་ཡང་མི ་རྟོག། དགོས་པ་ཡོངས་སུ་སྒྲུབ་པརྱ་ཡང་མི་འགྱུར་རོ།། ཞེས་བསྟན་པར་འགྱུར་རོ།། དེ་ལ་མདོར་ན་ཞི་གནས་ནི་སེམས་རྩེ་གཅིགས་པ་ཉིད་དོ།། ལྐོག་མཐོང་ནི་ཡང་དག་པ་ལ་རྟོག་པའོ་ཞེས་བཅོམ་ལྡན་འདས་ཀྱིས ་འཕགས་པ་དཀོན་མཆོག་སྦྱིན་ལ་སོགས་པ་ལས་ཞི་གནས་དང་ལྷག་མཐོང་གི་མཚན་ཉིད་བཀའ་སྩལ་ཏོ།། དེ་ལ་རྣལ་འབྱོར་པས་ཞི་གནས་དང་ལྷག་མཐོང་གི་ཚོགས་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་ངེས ་སེམས་ཅན་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། བྱང་ཆུབ་ཏུ་སེམས་སྐྱེད་ནས་ཐོས་པ་དང་བསམ་པ་དང་སྒོམ་པ་ལ་སྦྱར་བར་བྱའོ།། དེ་ལ་རྣལ་འབྱོར་པས་སྒོམ་པའི་དུས་ན་ཐོག་མར་བྱ་བ་ཅི་ཡོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ ་བཤང་གཅི་བྱས་ལ་སྒྲའི་ཚེར་མ་མེད་པ་ཡིད་དུ་འོང་བའི་ཕྱོགས་སུ་བདག་གི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ།། སྙམ་དུ་ཡོངས་སུ་བསམ་ཞིང་འགྲོ་བ་མཐའ་དག་གདོན ་པའི་བསམ་པ་ཅན་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་བྱས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས ་རི་མོ་ལ་སོགས་པ་མདུན་དུ་གཞག་གམ་གཞོན་དུ་ཡང་རུང་སྟེ། དེ་དག་ལ་ཅི་ནུས་ཀྱི་མཆོད་པ་དང་བསྟོང་པཾ་བྱས་ལ། རང་གི་སྡིག་པ་བཤགས་ནས་འགྲོ་བ་མཐའ་དག་གི་བསོད་ནམས་རྗེས་སུ་ཡི་རང་བར་བྱས་ལ ་སྟན་ཤིན་ཏུ་འཇམ་པ་བདེ་བ་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུ་འམ་སྐྱིལ་མོ་ཀྲུང་ཕྱེད་དུ་ཡང་རུང་ཏེ། མིག་ཧེ་ཅང་མི་དབྱེ་ཧ་ཅང་མི་འཛུམ་པར་སྣའི་རྩེ་མོར་བསྟད་ཅིང་། ལུས་ཧ་ཅང་ཡང་མི་དགུ ་ཧ་ཅང་ཡང་མི་དགྱེ་བར་དྲང་པོར་བསྲངས་ལ་དྲན་པ་ནང་དུ་བཞག་སྟེ་འདུག་པར་བྱའོ།། དེ་ནས་ཕྲག་པ་མཉམ་པར་གཞག་ལ་མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མི་གཡོ་བར་བཞག་སྟེ་སྣ་དང་ལྟེ་བ་དྲང་པོར ་གཞག་གོ།། སོ་དང་མཆུ་ཡང་ཐ་མལ་བར་བཞག་གོ།། ལྕེ་ཡང་ཡས་སོའི་དྲུང་དུ་གཞག་གོ། དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང་། རྔམ་པ་དང་། དབུགས་རྒོད་པ་ཅན་དུ་མི་བཏང་གི། ཅི་ནས་ཀྱང་མི་ཚོར་བར ་དལ་བུ་ངལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བར་འགྱུར་བ་དེ་ལྟར་བྱའོ།། དེ་ལ་རྣལ་འབྱོར་པས་ཐོག་མར་དེ་བཞིན་གཤེགས་པའི་སྐུ་གཟུགས་ཇི་ལྟར་མཐོང་བ་དང་ཇི་ལྟར ་ཟློས་པ་ལ་སེམས་གནག་ནས་དྡྷི་གནས་སྒྲུབ་པར་བྱ། དེ་བཞིན་གཤེགས་པའི་སྐུ་གདུགས་དེ་ཡང་གོསེར་བཙོམ་བཞིན་དུ་སྟེར་ལ་མཚན་དང་དཔེ་བྱང་བཟང་པོས་བླརྒྱན་པ་འཁོར་གྱི་དཀྱིལ་འཁོར་གྱི་ནང་ན ་བཞུགས་ཤིང་ཐབས་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་མཛད་པ་རྒྱུན་ཏུ་ཡིད་ལ་བྱེད་པས་དེའི་ཡོན་ཏན་ལ་འདོད་པ་བསྐྱེད་ཅིང་བྱིང་བ་དང་རྒོད་པ་ཞི་བར་བྱས་ལ། ཇི་སྲིད་དུ་དེ་མདུན་དུ་བཞུགས་བཞིན་དུ་གསལ ་བར་མཐོང་བར་གྱུར་པ་ཇི་སྲིད་དུ་བསམ་གཏན་བྱའོ།། དེ་ནས་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་བྱོན་པ་དང་བཞུད་པ་ལ་རྟོག་པས་ལྷག་མཐོང་བསྒོམ་པར་བྱའོ།། དེ་ནས་འདི་སྙམ་དུ་དྲསམྦ་པར་བྱ་སྟེ། ་ཇི་ལྟར་དེ་བཞིན་གཤེགས་པའི་སྐུའི་གཟུགས་བརྙན་འདི་གང་ནས་ཀྱང་མ་གཤེགས། གར་ཡང་མི་བཞུད། བཞུགས་བཞིན་དུ་ཡང་ངོ་བོ་ཉིད་ཀྱིས་སྟོང་ལ། བདག་དང་བདག་གི་དང་བྲལ་པོ་དེ་བཞིན་དུ་ཆོས་ཐམས ་ཅད་ཀྱང་ངོ་བོ་ཉིད་ཀྱི་སྟོང་ཞིང་འོང་བ་དང་། འགྲོ་བ་དང་བྲལ་བ་གཟུགས་བརྙན་ལྟ་བུ་སྟེ། ཡོད་པ་ལ་སོགས་པའི་ངོ་བོ་དང་བྲལ་བའོ།། ཞེས་དཔྱད་ནས་རྣམ་པར་རྟོགས་པ་མེད་ཅིང་བརྗོད་པ་མེད་པར་དང་གཅིག་ཏུ་གྱུར་པའི ་ཡིད་ཀྱིས་དེ་ཁོ་ན་བསྒོམ་ཞིང་ཇི་སྲིད་འདོད་པར་འདུག་པར་བྱའོ།། ཏིང་ངེ་འཛིན་འདི་ནི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་བསྟན་ཏེ། ཏིང་ངེ་འཛིན་འདིའི་ཕན་ཡོན ་ཞིབ་ཏུ་ནི་མདོ་སྡེ་དེ་ཉིད་ལས་རིག་པར་བྱའོ།། རྣམ་པ་གཅིག་ཏུ་རྣམ་པ་ཇི་སྙེད་ཀྱིས་ཆོས་ཐམས་ཅད་བསྡུས་པར་གྱུར་པ་དཱི་ལ་སེམས་གཞག་ཏེ་བྱིང་བ་དང་། རྒོད་པ་ལ་སོགས་པ་རབ་ཏུ་ཞི་བ.རཱ་ཞི་གནས་བསྒྲུབ་པར་བྱའོ།། ་མདོར་ན་ཆོས་ཐད་ནི་གཟུག་ཅན་དང་གཟུགས་ཅན་མ་ཡིན་པའི་བྱེ་བྲག་གིས་བསྡུས་ཏེ། དེ་ལ་གཟུགས་ཅན་རྣམས་ནི་གཟུགས་ཀྱི་ཕུང་པོར་འདུས་སོ།། ཚོར་བཱ་ལ་སོགས་ཕུང་པོ་ནི་གཟུགས་ཅན་མ་ཡིན་པའི་ངོ་བོ་ཉིད་དོ།། ་འདི་ལ་བྱིས་པ་དག་ཡོད་པ་ལ་སོགས་པར་འཛིན་པ་ལ་ཞེན་པའི་ཕྱིར་བློ་ཕྱིན་ཅི་ལོག་ཏུ་གྱུར་ནས་འཁོར་བ་ན་ཡོངས་སུ་འཁྱམས་ཏེ། དེ་དག་གི་ཕྱིན་ཅི་ལོག་བསལ་བའི་ཕྱིར་དེ་དག་ལ་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ ་རྣལ་འབྱོར་པའི་ཞི་གནས་གྲུབ་ནས་དེ་ཁོ་ན་རྟོག་པར་བྱ་བའི་ཕྱིར་དེ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། ཡང་དག་པར་སོ་སོར་རྟོག་པ་ནི་ལྷག་མཐོང་ཞེས་བྱའོ།། ཡང་དག་པ་ནི་གང་ཟག་དང་། ཆོས་ལ་བདག་མེད་པའོ།། དེ ་ལ་གང་ཟག་ལ་བདག་མེད་པ་ནི་གང་ཕུང་པོ་རྣམ་བདག་མེད་པ་ཉིད་དོ།། ཆོས་ལ་བདག་མེད་པ་ནི་གང་དེ་དག་ཉིད་སྒྱུ་མ་ལྟ་བུ་ཉིད་དོ།། དེ་ལ་རྣལ་འབྱོར་པས་འདི་ལྟར་བརྟག་པར་བྱ་སྟེ། གང་ཟག་ནི་གཟུགས་ལ་སོགས་པ ་ལས་གུད་ན་མེད་དོ།། དེ་ནི་སྣང་བའི་ཕྱིར་དང་། གཟུགས་ལ་སོགས་པ་ཉིད་ལ་ངའོ་སྙམ་པའི་ཤེས་པ་འབྱུང་བའི་ཕྱིར་རོ།། གང་ཟག་དེ་ནི་གཟུགས་ལ་སོགས་པའི་ཕུང་པོའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། གཟུགས་ལ་སོགས་པ་དེ ་ངག་མི་རྟག་ལ་དུ་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། གང་ཟག་ནི་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་ཡིན་པར་གཞན་དག་གིས་རྟགས་པའི་ཕྱིར་རོ།། དེ་ཉིད་དམ་གཞན་ཉིད་དུ་བརྗོད་དུ་མི་རུང་བའི་གང་ཟག་གི་དངོས་པོ་ཡོད་པ་ནི་མི་རུང་སྟེ། དངོས ་པོ་ལ་ཡོད་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ་སྙམ་དུ་བརྟག་པར་བྱའོ།། དེ་ལྟ་བས་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ང་དང་ང་ཡི་ཞེས་བྱ་བ་ནི་རྫུན་ཏེ་འཁྲུལ་པ་ཁོ་ན་ཡིན་པར་ངེས་པར་རིག་ནས། དེ་ནས་ཆོས་ལ་བདག་མེད་པ་རྟོགས ་པར་བྱ་བའི་ཕྱིར་ཆོས་གཟུགས་ཅན་རྣམས་ལ་ཡང་ཅི་འདི་དག་སེམས་ལས་གུད་ན་དོན་དམ་པར་ཡོད་དེ་འདུག་པ་ཞིག་གམ། འོན་ཏེ་སེམས་ཉིད་གཟུགས་ལ་སོགས་པར་སྣང་སྟེ། རྨི་ལམ་གྱི་གནས་སྐབས་ན་སྣང་བ་དང་འདྲ་བ་ཞིག ་ཡིན་ཞེས་སྤྱད་པར་བྱའོ།། དེས་དེ་དག་ལ་རྡུལ་ཕྲ་རབ་ཏུ་རྟོག་ཅིང་རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱིས་སོ་སོར་བརྟགས་ན་མི་དམིགས་ཏེ། དེ་ལྟར་མ་དམིགས་ན་དེ་ཡོད་པ་འམ་མེད་པ་ཉིད་དུ་རྣམ་པར་རྟོག་པ་ཟློག་པ་བྱེད་དོ།། ཁམས ་གསུམ་པ་ཡང་སེམས་ཅན་དུ་རྟོགས་ཀྱི་གཞན་དུ་མ་ཡིན་ནོ།། དེ་སྐད་ལང་ཀར་གཤེགས་པ་ལས་ཀྱང་བཀའ་སྩལ་ཏེ། རྫས་ནི་རྡུལ་དུ་རྣམ་བཤིག་ཅིང་།། གཟུགས་ལ་རྣམ་པར་མ་རྟོགས་ཤིག། སེམས་ཙོམ་རྣམ་པར་བཞག ་པ་ནི།། ལྟ་བ་ངན་པས་མི་རྟོགས་སོ།། ཞེས་འབྱུང་ངོ་།། དེ་འདི་སྙམ་དུ་སེམས་ཏེ། སེམས་ཉིད་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པའི་དབང་གི་རྨི་ལམ་ན་དམིགས ་པའི་གཟུགས་ལ་སོགས་པ་སྣང་བ་བཞིན་དུ་བྱིས་པ་རྣམས་ལ་གཟུགས་ལ་སོགས་ཕྱི་རོལ་ཏུ་ཆད་པ་བཞིན་དུ་སྣང་སྟེ། དེ་ལྟ་བས་ན་ཁམས་གསུམ་པ་ནི་སེམས་ཙམ་ཁོ་ན་ཡིན་ནོ།། དེས་དེ་ལྟར་ཆོས་སུ་གདགས་པ་མཐའ་དག་ནི་སེམས ་ཁོ་ན་ཡིན་པར་རྟོག་ནས་དེ་ལ་སོ་སོར་བརྟགས་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་པ་ཡིན་ནོ་སྙམ་ནས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་རྟོག་གོ།། དེ་འདི་ལྟར་དཔྱོད་དེ། དོན་དམ་པར་ན་སེམས་ཀྱང་སྒྱུ་མ་བཞིན་དུ་མ་སྐྱེས་པ ་སྟེ། གང་གི་ཚེ་རྫུན་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་རྣམ་པ་འཛིན་པར་སེམས་ཉིད་སྣ་ཚོགས་ཀྱི་རྣམ་པར་སྣང་བ་དེའི་ཚེ་དེ་ལས་གུད་ན་མེད་པའི་ཕྱིར་དེ་ཉིད་ཀྱང་གློཟུགས་ལ་སོགས་པ་བཞིན་དུ་བདེ་བ་ཉིད་དུ་ག་ལ་འགྱུར། ་ཇི་ལྟར་གཟུགས་ལ་སོགས་པ་སྣ་ཚོགས་ཀྱི་རྣམ་པ་ཡིན་པས་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ་སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ནོ།། སེམས་སྐྱེ་བའི་ཚེ་ཡང་གང་ནས ་ཀྱང་མི་འོང་། འགག་པའི་ཚེ་གང་དུ་ཡང་མི་འགྲོ་སྟེ། དོན་དམ་པར་ན་བདག་དང་གཞན་དང་གཉིས་ཀ་ལ་སྐྱེ་བར་མི་རིགས་སོ།། དེ་ལྟ་བས་ན་སེམས་ཀྱང་སྒྱུ་མ་བཞིན་ཏེ། སེམས་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ ་བུ་སྟེ། དོན་དམ་པར་ནམ་སྐྱེས་པའོ་སྙམ་དུ་བརྟག་པར་བྱའོ།། རྣལ་འབྱོར་པ་དེ་སེམས་གང་གི་ཚེ་སོ་སོར་རྟོག་པ་ལ་བརྟགས་ན་དེའི་ངོ་བོ་ཉིད་ཀྱང་མི་དམིགས་ཏེ། དེ་ལྟར་རྣལ་འབྱོར་བྱས་དམིགས་པ་གང་དང་གང་ལ་སེམས་འཕྲོ ་བ་དེ་དང་དེའི་ངོ་བོ་ཉིད་ལ་ཡོངས་སུ་བརྟགས་པ་དེའི་ངོ་བོ་ཉིད་ཀྱང་མི་དམིགས་ཏེ། དེ་གང་གི་ཚེ་དམིགས་པ་དེའི་ཚེ་དངོས་པོ་ཐམས་ཅད་བརྟགས་ཤིང་ཆུ་ཤིང་གི་སྡོང་བུ་བཞིན་དུ་སྙིང་པོ་མེད་པར་རྟོགས་ནས་དེ་ལ་སེམས་ཟློག་པར ་བྱེད་དོ།། དེ་ནས་ཡོད་པ་ལ་སོགས་པ་རྣམ་པར་རྟོག་པ་མེད་པར་གྱུར་ནས་སྤྲོས་པ་ཐམས་ཅད་དང་བྲལ་བ་མཚན་མ་མེད་པའི་རྣལ་འབྱོར་འཐོབ་བོ།། དེ་སྐད་འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང་བཀའ་སྩལ་ཏེ། དེ་ལྟར་སྐྱོན ་ལ་མཁས་པ་དེས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་སྟོང་པ་ཉིད་བསྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ།། དེ་སྟོང་པ་ཉིད་བསྒོམ་པ་མང་བས་གནས་གང་དང་གང་དུ་སེམས་འཕྲོ་ཞིང་སེམས་མངོན་པར་དགའ་བའི་གནས་དེ་དག ་གི་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོག་སོ།། སེམས་གང་ཡིན་པ་དེ་ཡང་བརྟག་ན་སྟོང་པར་རྟོགས་སོ།། སེམས་གང་གིས་རྟོགས་པ་དེ་ཡང་ངོ་བོ་ཉིད་ཀུན་ཏུ་བཅིལ་ན་སྟོང་པར་རྟོགས་ཏེ། དེ་དེ་ལྟར་རྟོགས་པས་མཚན་མ་མེད ་པའི་རྣལ་འབྱོར་ལ་འཇུག་གོ་ཞེས་འབྱུང་ངོ་འདི་ནི། འདི་སྐད་དུ་གང་ཉེ་བར་མི་རྟོག་པ་དེ་ནི་མཚན་མ་མེད་པ་ལ་འཇུག་པར་མི་འགྱུར་ཞེས་བསྟན་པ་ཡིན་ནོ།། དེ་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་ལ་ཉེ་བར་རྟོགས་པ་ན་གང་གི་ཚེ་མ ་དམིགས་པ་དེའི་ཚེ་ཡོད་པར་མི་རྟོག་གོ།། མེད་པར་ཡང་མི་རྟོག་སྟེ། གང་མེད་པར་བརྟགས་པ་དེ་ཡང་དེའི་བློ་ལ་དུས་ཐམས་ཅད་དུ་མི་སྣང་བའི་ཕྱིར་རོ།། གལ་ཏེ་དངོས་པོ་ཞིག་མཐོང་བར་གྱུར་ན་ནི་དེའི་ཚེ་འགག ་པའི་ཕྱིར་མེད་དོ་ཞེས་བརྟག་པར་བྱ་ན། གང་གི་ཚེ་རྣལ་འབྱོར་པའི་ཤེས་རབ་ཀྱིས་བརྟགས་ན་དུས་གསུམ་དུ་དངོས་པོ་མི་དམིགས་པ་དེའི་གང་འགག་པའི་ཕྱིར་མེད་ཅེས་རྣམ་པར་བརྟག་པར་བྱ། དངོས་པོ་དང་དངོས་པོ་མེད་པར ་རྟོག་པ་གཉིས་ཀྱི་རྟོག་པ་ཐམས་ཅད་ལ་ཁྱབ་པའི་ཕྱིར་དེའི་ཚེ་དེ་ལྟར་དེ་ལ་རྟོག་པ་གཞན་དག་ཀྱང་མི་འབྱུང་སྟེ། ཁྱབ་པར་བྱེད་པ་ན་ཁྱབ་པར་བྱ་བ་ཡང་མེད་པའི་ཕྱིར་རོ།། དེ་ལྟར་གྱུར་ན་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པ་ཉིད་ལ ་ཞུགས་པ་ཡིན་ནོ།། གཟུགས་ལ་སོགས་པ་ལ་ཡང་མི་གནས་པ་ཡིན་ནོ།། ཤེས་རབ་ཀྱི་བརྟགས་ན་དངོས་པོ་མཐའ་དོག་གི་ངོ་བོ་ཉིད་མ་དམིགས་པའི་ཕྱིར། ཤེས་རབ་མཆོག་གི་བསམ་གཏན་ལ་ཡང་ཡིན་ནོ།། དེ་དེ་ལྟར ་གང་ཟག་དང་ཆོས་ལ་བདག་མེད་པའི་དེ་ཁོ་ན་ལ་ཞུགས་པས་བལྟ་བར་བྱ་བ་དང་། བརྟག་པར་བྱ་བ་གཞན་མེད་པའི་ཕྱིར་སྤྱོད་པ་མེད་ཅིང་བརྗོད་པར་དང་གཅིག་ཏུ་གྱུར་པའི་ཡིད་རང་གི་ངང་གིས་འཇུག་པས་མངོན་པར་འདུ་བྱེད་པ་མེད ་པའི་ཕྱིར་རྣལ་འབྱོར་པས་དེ་ཁོ་ན་དེ་ཤིན་ཏུ་གསལ་བར་ངེས་པར་བཟུང་ཞིང་འདུག་པར་བྱའོ།། དེ་ལྟར་གནས་ཀྱང་སེམས་ཀྱི་རྒྱུད་རྣམ་པར་མི་གཡོ་བར་བྱའོ།། གང་གི་ཚེ་བར་སྐབས་སུ་སེམས་ཕྱི་རོལ་ཏུ་རྣམ་པར་གཡེང་བར་མཐོང ་བ་དེའི་ཚེ་དེའི་ངོ་བོ་ཉིད་ལ་བརྟག་ནས་རྣམ་པར་གཡེང་བ་ཞི་བར་བྱས་ལྔ་ཡང་དེ་ཉིད་དུ་སེམས་གཞག་པར་བྱའོ།། གང་གི་ཚེ་དེ་ལ་སེམས་མངོན་པར་མི་དགའ་བར་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བའི་ཕྱིར་དེ་ལ་དགའ ་བབ་བསྒོམ་པར་བྱའོ།། རྣམ་པར་གཡེང་པ་ལ་ཉེས་པར་མཐོང་བྱའི་ཕྱིར་མི་དགའ་བོ་རབ་ཏུ་ཞི་བར་བྱའོ།། ཅི་སྟེ་རྨུགས་པ་དང་གཉིད་ཀྱིས་ནོན་པས་རྒྱུ་བ་མི་གསལ་བའི་ཕྱིར་སེམས་བྱིང་བ་འམ་བྱིང་དུ་དོགས་པར་གྱུར་པ་དེའི ་ཆེ་མཆོག་ཏུ་དགོའ་བའི་དངོས་པོ་སངས་རྒྱས་ཀྱི་གཟུགས་ལ་སོགས་པ་འམ། སྣང་བའི་འདུ་ཤེས་ཡིད་ལ་བྱས་ནས་བྱིང་བ་ཞི་བར་བྱས་ལ་དེ་ཁོ་ན་ཉིད་ཤིན་ཏུ་བརྟན་པོར་གཟུང་བར་བྱའོ།། གོང་གི་ཚེ་རྣལ་འབྱོར་པ་དམུས་ལོང ་འདྲ་བ་འམ། མུན་པར་ཞུགས་པའི་མི་དང་འདྲ་བ་འམ། མིག་གཙུམས་པ་དང་འདྲི་བར་དེ་ཁོ་ན་ཤིན་ཏུ་གསལ་བར་མི་འཛིན་པ་དེའི་ཚེ་བྱིང་བ་དང་ལྷག་མཐོང་མེད་པར་རིག་པར་བྱའོ།། ཅི་སྔོ་གང་གི་ཚེ་སྔོན་མྱོང་བའི་ཡུལ་ལ་འདོད་པས ་བར་སྐབས་སུ་སེམས་རྒོད་པ་འམ་རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་མི་རྟག་པ་ལ་སོགས་པས་སྐྱོ་བའི་དངོས་པོ་ཡིད་ལ་བྱས་ལ་རྒོད་པ་ཞི་བར་བྱའོ།། དེ་ནས་ཡང་དེ་ཁོ་ན་ཉིད་ལ་སེམས་མངོན་པར་འདུ་བྱེད་པ་མེད་པར་འཇུག་པ ་ལ་འབད་པར་བྱའོ།། གང་གི་ཚེ་རྣམ་པར་གཡེང་བའི་མི་ལྟ་བུའམ། སྤྲེའུ་བཞིན་དུ་སེམས་མི་གནས་པར་གྱུར་པ་ན་རྒོད་པོ་དང་ཞི་གནས་མེད་པ་ཡིན་པར་རིག་པར་བྱའོ།། ཅི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་ལས་དབེན་པའི་ཕྱིར་མཉམ ་པར་ཞུགས་ཤིང་རང་གི་ངང་གིས་འཇུག་པས་དེ་ཉིད་ལ་སེམས་ཤིན་ཏུ་གསལ་བར་གྱུར་པ་དེའི་ཚེ་རྩོལ་བ་གློད་པས་བཏང་སྙོམས་སུ་བྱ་སྟེ། དེའི་ཚེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ ་གྲུབ་པ་ཡིན་པར་རིག་པར་བྱའོ།། དེ་ཡང་གང་གི་ཚེ་ལྷག་མཐོང་བསྒོམ་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་གྱུར་པ་དེའི་ཚེ་ཞི་གནས་ཆུང་བའི་པིར་མར་མེ་རླུང་ལ་གཞག་པ་བཞིན་དུ་སེམས་གཡོ་བས་དེ་ཁོ་ན་ཤིན་ཏུ་གསལ་བར་མི ་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ།། ཞི་གནས་ཀྱི་ཤས་ཆེན་ཡང་གཉིད་ཀྱིས་ལོག་པའི་མི་བཞིན་དུ་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་ལྟ་བས་ན་དེའི་ཚེ་ཡང་ཤེས་རབ་བསྒོམ་པར ་བྱའོ།། གང་གི་ཚེ་གླང་གཉིས་ཟུང་དུ་འབྲེལ་ཏེ་མཉམ་དུ་ཞུགས་པ་བཞིན་དུ་གཉིས་ཀ་མཉམ་དུ་ཞུགས་པར་གྱུར་པ་དེའི་ཚེ་ཇི་སྲིད་དུ་ལུས་དང་སེམས་ལ་གནོད་པར་མ་གྱུར་པ་དེ་སྲིད་དུ་མངོན་པར་འདུ་བྱ་བ་མེད་པར་གནས་པར ་བྱའོ།། མདོར་ན་ཏིང་ངེ་འཛིན་ཐམས་ཅད་ལ་ཉེས་པ་དྲུག་ཡོད་དེ། ལ་ལྀ་དང་དམིགས་པ་བརྗོད་པ་དང་། བྱིང་བ་དང་། རྒོད་པ་དང་། མི་རྩོལ་བ་དང་། རྩོལ་བའོ།། དེ་དག་གི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་སྒོམ ་པར་བྱ་སྟེ། འདི་ལྟ་སྟེ། དད་པ་དང་། འདུན་པ་དང་། རྩོལ་བ་དང་། ཤིན་ཏུ་སྦྱངས་པ་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་པ་དང་། བཏང་སྙོམས་སོ།། དེ་ལ་དང་པོ་བཞི་ནི་ལེ་ལོའི་གཉེན་པོ་ཏེ། འདི ་ལྟར་ཏིང་ངེ་འཛིན་གྱི་ཡོན་ཏན་རྣམས་ལ་མངོན་པར་ཡིད་ཆེས་པའི་མཚན་ཉིད་ཀྱིས་དང་པས་རྣལ་འབྱོར་པ་འདོད་པ་སྐྱེ་བར་འགྱུར་རོ།། དེ་ནས་འདོད་པར་འགྱུར་པས་བརྩོན་འགྲུས་རྩོམ་མོ།། དེ་ནས་བརྩོན་འགྲུས་ལ་བརྟེན ་པས་ལུས་དང་སེམས་ལས་སུ་རུང་བ་ཉིད་དུ་བྱེད་དོ་དེ་ནས་ལུས་དང་སེམས་ཤིན་ཏུ་སྦྱངས་པས་ལེ་ལོ་ཟློག་པར་འགྱུར་རོ།། དེ་བས་དད་པ་ལ་སོགས་པས་ལ་ལོ་སྤོང་བར་འགྱུར་ཏེ། དེའི་ཕྱིར་དེ་དག་བསྒོམ་པར་བྱའོ།། ་དྲན་པ་ནི་དམིགས་པ་བརྗེད་པའི་གཉེན་པོའོ།། ཤེས་བཞིན་ནི་བྱིང་བ་དང་རྒོད་པ་གཉིས་རྟོགས་ནས་སྤོང་བའི་ཕྱིར་རོ།། བྱིང་བ་དང་རྒོད་པ་ཞི་བའི་དུས་ན་མི་རྩོལ་བ་ཉེས་པ་ཏེ་དེའི་ཕྱིར་དེའི་གཉེན་པོར་སེམས་པ་བསྒོམ་པར ་བྱའོ།། གང་གི་ཚེ་བྱིང་བ་དང་རྒོད་པ་རབ་ཏུ་ཞི་སྟེ་སེམས་རྣལ་དུ་འཇུག་པ་དེའི་ཚེ་རྩོལ་བ་ཉེས་པ་ཏེ། དེའི་ཚེ་དོའི་གཉེན་པོར་བཏང་སྙོམས་སྒོམ་པར་བྱའོ།། སེམས་མཉམ་པར་ཞུགས་པའི་ཚེ། གལ་ཏེ་རྩོལ་བ་བྱས་ན་དེའི ་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ།། སེམས་བྱིང་བར་གྱུར་པ་ལ་གལ་ཏེ་རྩོལ་བ་མ་བྱས་ན་དེའི་ཚེ་ལྷག་མཐོང་མེད་པའི་ཕྱིར་མི་ལོང་བ་བཞིན་དུ་སེམས་བྱིང་བར་འགྱུར་རོ།། དེ་ལྟ་བྱས་ན་སེམས་ཞུམ་པ་བསལ་ཞིང ་རྒོད་པ་ཞི་བར་བྱས་ལ་མཉམ་པར་གྱུར་པས་བཏང་སྙོམས་སུ་བྱའོ།། དེ་ནས་རྣལ་འབྱོར་པ་ཇི་སྲིད་དུ་དགའ་བ་དེ་སྲིད་དུ་མངོན་པར་འདུ་བྱེད་པ་མེད་པ་ཁོ་ནར་དེ་ཁོ་ན་བསྒོམ་ཞིང་འདུག་པར་བྱའོ།། ལུས་དང་སེམས་ལ་གནོད་པར ་བྱུར་ན་སྐབས་སྐབས་སུ་འཇིག་རྟེན་མཐའ་དག་ལ་བལྟས་ལ་སྒྱུ་མ་དང་། རྨི་ལམ་དང་། ཆུ་ཟླ་ལྟ་བུ་དང་། མིག་ཡོར་ལྟ་བུར་རྟོག་པར་བྱའོ།། དེ་སྐད་རྣམ་པར་མི་རྟག་པར་བྱའི།། དེ་སྐད ་རྣམ་པར་མི་རྟོག་པར་འཇུག་པ་ལས་ཀྱང་བཀའ་སྩལ་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ན་མཁའི་དཀྱིལ་དང་འདྲ་བར་མཉམ་པར་མཐོང་ངོ་།། དེའི་རྗེས་ལ་ཐོབ་པ་ནི་སྒྱུ་མུ་དང ་སྨིག་རྒྱུ་དང་། ཆུ་ཟླ་བཞིན་དུ་མཐོང་ངོ་ཞེས་འབྱུང་ངོ་།། དེ་ལྟར་འགྲོ་བ་སྒྱུ་མ་ལྟ་བུར་རྟོགས་ན་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་མངོན་དུ་བྱས་པ་འདི་སྙམ་དུ་བསམ་པར་བྱ་སྟེ། བྱིས་པའི་བློ་ཅན་དེ ་xxx ་དེའི་ཕྱིར་འཁོར་བར་ཡོངས་སུ་འཁྱམས་པས་ན་བདག་གིས་ཅི་ནུས་ཀྱང་འདི་དག་ཆོས་ཟབ་མོ་འདི་ལྟ་བུ་ཁོང་དུ་ཆུད་པར་བྱའོ།། སྙམ་དུ་བསམ་པར་བྱའོ།། དེ་ནས་ངལ་བསོ་སྟེ་ཡང་དེ་བཞིན་དུ་ཆོས ་ཐམས་ཅད་མི་སྣང་བའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ།། ཡང་སེམས་སྐྱོ་བར་གྱུར་ན་ཡང་ངལ་བསོ་ཏེ། དེ་བཞིན་དུ་འཇུག་པར་བྱའོ།། དེ་ལྟ་བུའི་རིམ་པ་འདིས་ཆུ་ཚོད་གཅིག་གམ། མེལ་ཚེ་ཐུན་ཕྱེད་དམ། ་ཐུན་ཅིག་གམ་ཇི་སྲིད་ནུས་པ་ང་སྲིད་དུ་འདུག་པར་བྱའོ།། དེ་ནས་ཏིང་ངེ་འཛིན་ལས་ལྡང་བར་འདོད་ན་སྐྱིལ་མོ་ཀྲུང་མ་བཤིག་པར་འདི་སྙམ་དུ་བསམ་པར་བྱ་སྟེ། ཆོས་འདི་དག་ཐམས་ཅད་དོན་དེ་པར་ན་མ་སྐྱེས་པ་ཡིན་ཡང་སྒྱུ་མ ་བཞིན་དུ་རྒྱུ་དང་རྐྱེན་སོ་སྔོར་ངེས་པ་སྣ་ཚོགས་འདུས་པའི་དབང་གིས་མ་བརྟགས་ནི་ཉམས་དགའ་བ་སྣ་ཚོགས་ཁོ་ན་དག་འབྱུང་སྟེ། དེས་ན་ཆད་པར་ལྟ་བར་ཡང་མི་འགྱུར་རོ།། སྒྲོ་འདོགས་པའི་མཐར་ཡང་མི་འགྱུར། ་ཏེ། འདི་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་ན་མི་དམིགས་ཏེ། དེས་ནུ་སྟོང་པ་ཉིད་དང་སྒྲོ་འདོགས་པའི་མཐར་ཡང་མི་འགྱུར་རོ།། དེ་ལ་གླང་དག་ཤེས་རབ་ཀྱི་མིག་དང་བྲལ་བས་ཕྱིན་ཅི་ལྕོག་གི་བློ་ཅན་དུ་གྱུར་ཅིང་བདག་ཏུ ་མངོན་པར་ཞེན་ནས་ལས་རྣམ་པ་སྐུ་ཚོགས་བྱེད་པ་དེ་དག་ནི་འཁོར་བ་ན་ཡོངས་སུ་འཁྱམོ།། གང་དག་འཁོར་བ་ལ་གཅིག་ཏུ་མི་ཕྱོགས་ཤིང་སྙིང་རྗེ་ཆེན་པོ་དང་བྲལ་བ་དང་། སེམས་ཅན་གྱི་དོན་ཏུ་སྦྱིན་པ་ལ་སོགས་པ་པ ་རོལ་ཏུ་ཕྱིན་པ་རྫོགས་པར་མི་བྱེད་ཀྱི། བདག་འདུལ་བ་འབའ་ཞིག་བྱེད་པའི་སེམས་ཅན་དེ་དག་ནི་ཐབས་མེད་པའི་ཕྱིར་ཉན་ཐོས་སམ་རང་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལྟུང་ངོ་།། གང་དག་འགྲོ་བ་ངོ་བོ་ཉིད་མེད་པར་ཁོང་དུ་ཆུད ་ནས་ཀྱང་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་འགྲོ་བ་མཐའ་དག་གདོན་པར་དམ་བཅས་ནས། སྒྱུ་མ་མཁན་བཞིན་དུ་བློ་ཕྱིན་ཅི་ལོག་ཏུ་མ་གྱུར་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་ཡོངསུ་སྒྲུབ་པ་དེ་དག་ནི་དེ་བཞིན ་གཤེགས་པའི་གོ་འཕང་བརྙེས་ནས་འཁོར་བ་ན་འགྲོ་བ་མ་ལུས་པ་ལ་ཕན་པ་དང་བདེ་བའི་རྣམ་པ་ཐམས་ཅད་ཡང་དག་པར་སྒྲུབ་ཅིང་བཞུགས་སོ།། དེ་དག་ཀྱང་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་ཉོན་མོངས ་པ་མཐའ་དག་སྤངས་པས་འཁོར་བར་ཡང་མི་ལྟུང་ལ། སེམས་ཅན་ལ་ལྟ་བས་བསོད་ནམས་ཀྱི་ཚོགས་རྒྱ་ཆེ་ཞིང་ཚད་མེད་པ་བསགས་པའི་དབང་གིས་ན་མྱ་ངན་ལས་འདས་པར་ཡང་མི་ལྟུང་ངོ་།། སེམས་ཅན་ཐམས་ཅད་ཀྱི་ཉེ་བར ་འཚོ་བར་ཡང་འགྱུར་རོ།། དེ་ལྟ་བས་ན་སེམས་ཅན་མཐའ་དག་ལ་ཕན་པ་དང་བདེ་བ་སྐྱེད་པར་འདོད་པ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་དག་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་སྒྲུབ་པ་ལ་དུས ་ཐམས་ཅད་དུ་མངོན་པར་བརྩོན་པར་བྱའོ།། དེ་སྐད་དུ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས་ཀྱང་བཀའ་སྩལ་ཏེ། ཡེ་ཤེས་ཀྱི་ཚོགས་ནི་ཉོན་མོངས་པ་མཐའ་དག་སྤོང་བར་འགྱུར་ལགས་སོ།། བསོད་ནམས་ཀྱི་ཚོགས ་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་ལགསོ།། བཅོམ་ལྡན་འདས་དེ་ལྟ་ལགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པར་བགྱིའོ།། ཞེས ་འབྱུང་ངོ་འཕགས་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བའི་མདོ་ལས་ཀྱང་བཀའ་སྩལ་ཏེ། གང་དེ་བཞིན་གཤེགས་པ་རྣམས་འབྱུང་བ་དེ་ནི་རྒྱུ་གཅིག་དུ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས་དེ་བཞིན ་གཤེགས་པ་རྣམས་ནི་ཡང་དག་པར་འགྲུབ་པའི་རྒྱུ་ཚད་མེད་པ་འབུམ་ཕྱུག་བཅུས་ཡང་དག་པར་འགྲུབ་ཏེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པས་མི་ངོམས་པ་ཡང་དག་པར་གྲུབ ་པའི་རྒྱུ་དང་ཞེས་བྱ་བ་ལ་སོགས་པ་རྒྱས་པར་འབྱུང་ངོ་།། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་བཀའ་སྩལ་ཧཾ། ཀྱེ་གྲོགས་པོ་དག་དེ་བཞིན་གཤེགས་པའི་སྐུ་ནི་བསོད་ནམས་བརྒྱ་ལས་ངེས་པར་སྐྱེས ་པའོ།། དགེ་བའི་ལས་ཚད་མེད་པ་ལས་ངེས་པར་སྐྱེས་པའོ།། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ་།། དེ་ལྟར་བྱས་ན་དལ་གྱིས་སྐྱིལ་མོ་ཀྲུང་བཤིག་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས ་དཔའ་ཐམས་ཅད་ལ་ཕྱག་བཙལ་ནས་དེ་དག་ལ་མ་ཆོད་པ་དང་བསྟོད་པ་བྱས་ལ། འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་ཆེན་པོ་གདབ་བོ།། དེ་ནས་སྟོང་པ་ཉིད་དང་སྙིང་རྗེའི་སྙིང་པོ་ཅནརྀ་བླ་ན་མེད་པའི ་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་ཚོགས་སྒྲུབ་པ་ལ་མངོན་པར་བརྩོན་པར་བྱའོ།། གང་ཞིག་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པའི་དགེ་བ་དང་མི་དགེ་བའི་ལས་ཀྱི་དབང་གིས་སེམས ་ཅན་རྣམས་མཐོ་རིས་ལ་སོགས་པའི་འབྲས་བུ་མྱོང་ཞིང་འཁོར་བ་ན་འཁོར་རོ།། གང་དག་ཅི་ཡང་མི་སེམས་ཅི་ཡང་མི་བྱེད་པ་དེ་དག་ནི་འཁོར་བ་ལས་ཡོངས་སུ་ཐར་པར་འགྱུར་རོ།། དེ་ལྟ་བས་ན་ཅི་ཡང་མི་བསམ་མོ།། སྦྱིན ་པ་ལ་སོགས་པ་དགེ་བ་སྤྱད་པར་ཡང་མི་བྱའོ།། སྦྱིན་པ་ལ་སོགས་པ་སྤྱོད་པ་ནི་སྐྱེ་བོ་བླུན་པོའི་དབང་དུ་མཛད་ནས་བསྟན་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་ནིང་དེ་སྐད་ཀྱང་སྨྲ་བུ་དེ་ནི་ཐེག་པ་ཆེན་པོ་མཐུའ་དག ་སྤངས་པ་ཡིན་ནོ།། ཐེག་པ་ཐམས་ཅད་ཀྱི་རྣ་བ་ནི་ཐེག་པ་ཆེན་པོ་ཡིན་པས་དེ་སྤྱད་ན་ཐེག་པ་ཐམས་ཅད་སྤངས་པར་འགྱུར་རོ།། འདི་ལྟར་ཅི་ཡང་མི་བསམ་མོ་ཞེས་སྨྲ་བ་ནི་ཡང་དག་པར་སོ་སོར་རྟོག་པའི་མཚན་ཉིད་ཀྱི ་རབ་སྤངས་པར་འགྱུར་རོ།། ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་ནི་ཡང་དག་པར་སོ་སོར་རྟོག་པ་ཡིན་པས་ན་རྩ་བ་བཅད་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཤེས་རབ་སྦྱངས་པར་འགྱུར་རོ།། སྦྱིན་པ་ལ་སོགས་པ་དགེ ་བསྤྱད་པར་མི་བྱའོ།། ཞེས་སྨྲས་པས་ཀྱང་སྦྱིན་པ་ལ་སོགས་པ་ཐབས་ཤིན་ཏུ་ཟུར་ཕྱིན་པར་སྤང་བ་ཡིན་ནོ།། མདོར་ན་འདི་ལྟ་སྟེ། ཐབས་དང་ཤེས་རང་ནི་ཐེག་པ་ཆེན་པོའོ།། དེ་སྐད་འཕགས་པ་ག་ཡ་གོའི ་རི་ལོས་ཀྱང་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུས་ནི་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཐབས་དང་ཤྲིསྣ་རབ་བོ་ཞེའོ།། འཕགས་པ་དེ་བཞིན་གཤེགས་པའི་མདོ་ལས ་ཀྱང་བཀའ་སྩལ་ཏེ། ཐབས་དང་ཤེས་རབ་འདི་གཉིས་ཀྱིས་བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་བསྡུས་པར་འགྱུར་རོ།། ཞེས་འབྱུང་སྟེ། དེའི་ཕྱིར་ཐེག་པ་ཆེན་པོ་སྤོང་བ་ནི་ལས་ཀྱི་སྒྲིབ་པ་ཆེན་པོ་བྱས་པར ་འགྱུར་རོ།། དེ་ལྟ་བས་ན་ཐེག་པ་ཆེན་པོ་སྤོང་བ། ཐོས་པ་ཉུང་བ། བདག་གི་ལྟ་བ་ལ་མཆོག་ཏུ་འཛིན་པ། སྐྱེ་བོ་མཁས་པ་ལ་བསྙེན་བཀུར་མ་བྱས་པ། དེ་བཞིན་གཤེགས་པའི་གསུང་རབ་ཀྱི་ཚུལ་མ་རྟོགས་པ། བདག ་ཕུང་བར་བྱས་ནས་གཞན་ཡང་ཕུང་བར་བྱེད་པ་རིགས་པ་དང་ལུང་དང་འགལ་བའི་དུག་གིས་བཏབ་པའི་ཚིག་ནི་མཁས་པ་བདག་ལ་ལེགས་སུ་འདོད་པས་ཟས་དུག་ཅན་བཞིན་དུ་རྒྱང་རིང་དུ་ཡོངས་སུ་སྦྱང་བར་བྱའོ།། ་འདི་ལྟར་དེས་ཡང་དག་པར་སོ་སོར་རྟོག་པ་སྤངས་ན་ཆོས་ཤིན་ཏུ་རྣམ་པར་འབྱེད་པ་ཞེས་བྱ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དམ་པ་ཁོ་ན་ཡང་སྤངས་པར་འགྱུརརོ།། ཡང་དག་པར་སོ་སོར་རྟོག་པ་མེད་པར ་རྣལ་འབྱོར་པས་ཐབས་གང་གིས་ཐོག་མ་མེད་པའི་དུས་གཟུགས་ལོ་སོགས་པའི་དངོས་པོ་ལ་མངོན་པར་ཞེན་ཅིང་གོམ་པའི་སེམས་རྣམ་པར་མི་རྟོག་པ་ཉིད་ལ་བཞག་པར་བྱའོ།། གལ་ཏེ་ཆོས་ཐམས་ཅད་ལ ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པས་འཇུག་གོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཡང་དག་པར་སོ་སོར་རྟོག་པ་མེད་པར་ནི་ཉམས་སུ་མྱོང་བའི་ཆོས་ཐམས་ཅད་མི་དྲན་པར་བྱ་བ་དང་། ཡིད་ལ ་མི་བྱ་བར་བྱེད་མི་ནུས་སོ།། གལ་ཏེ་བདག་གི་ཆོས་འདི་དག་དྲན་པར་མི་བྱའོ།། ཡིད་ལ་མི་བྱའོ་སྙམ་དུ་དེ་ལྟར་བསྒོམ་ཞིང་དེ་དག་ལ་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་སྒོམ་པ་ནི་དེའི་ཚེ་ངེས་དེ་དག་ཤིན ་ཏུ་དྲན་པ་དང་། ཤིན་ཏུ་ཡིད་ལ་བྱས་པར་འགྱུར་རོ།། ཅི་སྟེ་དྲན་པ་དང་། ཡིད་ལ་བྱེད་པ་མེད་པ་ཙམ་ལ། དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་སྐད་དུ་བྱ་ན། དེའི་ཚེ་དེ་གཉིས ་རྣམ་པ་གང་གིས་མེད་པར་འགྱུར་བ་དེ་ཉིད་དཔྱང་དགོས་ཏེ། མེད་པ་ནི་རྒྱུ་རུང་བ་ཡང་མི་འགྱུར་ཏེ། གང་གི་མཚན་མ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་ལ་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར། དེ་ཙམ་གྱི་ཕྱིར ་རྣམ་པར་མི་རྟོག་པར་འགྱུར་དུ་ཟིན་ན་ནི་རྒྱལ་བ་ཡང་དྲན་པ་དང་། ཡིད་ལ་བྱེད་པ་མེད་པས་རྣམ་པར་མི་རྟོག་པ་ཉིད་དུ་འཇུག་པར་འགྱུར་རོ།། ཡང་དག་པར་སོ་སོར་རྟོག་པ་མེད་པར་རྣམ་པ་གཞན་གྱི་དྲན་པ ་མྱེམེད་ཅིང་ཡིད་ལ་བྱེད་པ་མེད་པ་བྱེ་བའི་ཐབས་གཞན་མེད་དོ།། དྲན་པ་མེད་པ་དང་། ཡིད་ལ་བྱེད་པར་གྱུར་དུ་ཟིན་ཀྱང་ཡང་དག་པར་སོ་སོར་རྟོག་པ་མེད་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པ་ལ་འཇུག་པ་ཇི་ལྟར་འགྱུར ་ཆོས་རྣམས་ངོ་བོ་ཉིད་ཀྱིས་སྟོང་པར་གནས་པ་ཁོ་ན་ཡིན་དུ་ཟིན་ཀྱང་སོ་སོར་རྟོག་པ་མེད་ན་དེ་དག་སྟོང་པར་རྟོག་པར་མི་འགྱུར་རོ།། སྟོང་པ་ཉིད་རྟོགས་པ་མེད་པས་ནི་སྒྲིབ་པ་སྤོང་བར་མི་འགྱུར་རོ།། དེ་ལྟར་གྱུར་དུ་ཟིན་ནི ་ཐམས་ཅད་དུས་ཐམས་ཅད་དུ་རང་ཐར་བར་འགྱུར་རོ།། ཡང་རྣལ་འབྱོར་པ་དེ་གལ་ཏེ་ཆོས་ཐམས་ཅད་ལ་དྲན་པ་འམ། རྨོངས་པས་དྲན་པ་དང་། ཡིད་ལ་བྱེད་པ་མི་འཇུག་ན་ནི་དེའི་ཚེ་ཤིན་ཏུ་རྨོངས་པ་ཡིན་པས ་དེ་རྣལ་འབྱོར་པས་ཇི་ལྟར་འགྱུར། ཡང་དག་པར་སོ་སོར་རྟོག་པ་མེད་པར་ཇི་ལྟར་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་གོམས་པར་བྱས་པས་གླེན་པ་ཉིད་གོམས་པར་བྱས་པ་ཡིན་ནོ།། དེའི་ཕྱིར་ཡང་དག ་པའི་ཡེ་ཤེས་ཀྱི་སྣང་བ་རྒྱང་རིང་དུ་བསྲིངས་པར་འགྱུར་རོ།། ཅི་སྟེ་དེ་དྲན་པ་ཉམས་པ་ཡང་མ་ཡིན། གླེན་པ་ཡང་མ་ཡིན་ན་ནི་དེའི་ཚེ་ཡང་དག་པར་སོ་སོར་རྟོག་པ་མེད་པར་ཇི་ལྟར་དྲན་པ་མེད་པ་དང་། ཡིད་ལ ་བྱེད་པ་མེད་པར་བྱེད་ནུས་པར་འགྱུར། དྲན་བཞིན་དུ་ཡང་མི་དྲན། མཐོང་བཞིན་དུ་ཡང་མི་མཐོང་ངོ་ཞེས་བྱར་མི་རུང་ངོ་།། དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་གོམས་པར་བྱས་ནས་ཇི་ལྟར་སྔོན་གྱི་གནས ་རྗེས་སུ་དྲན་པ་ལ་སོགས་པ་དང་། སངས་རྒྱས་ཀྱི་ཆོས་ལ་སོགས་པར་འགྱུར་ཏེ། འགལ་བའི་ཕྱིར་དྲོ་བ་དང་འགལ་བ་གྲང་བ་སྟེན་པའི་ཚེ་དྲོ་བ་རེག་པའི་ཚོར་བ་མི་འབྱུང་བ་བཞིནོ།། ཡང་རྣལ་འབྱོར་པ་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ན་དེའི་ཚེ་དེས་གདོན་མི་ཟ་བྱར་ཅི་ཞིག་ལ་དམིགས་དགོས་ཏེ། སོ་སོའི་སྐྱེ་བོ་རྣམས་ཀྱི་ཤེས་པ་ནི་གློ་བུར་དུ་དམིགས་པ་མེད་པར་མི ་འགྱུར་རོ།། ཅི་སྟེ་མེད་ནི་ནི་དེའི་ཚེ་ཇི་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་པར་རྟོགས་པར་འགྱུར་གཉེན་པོ་གང་གིས་ནི་ཉོན་མོངས་པ་སྤོང་བར་འགྱུར། བསམ་གཏན་བཞི་པ་མ་ཐོབ་པའི་སོ་སོའི་སེམས་ནི་འགོག ་པར་འགྱུར་མི་སྲིད་དོ།། དེ་ལྟ་བས་ན་དམ་པའི་ཆོས་ལས་དྲན་པ་མེད་པ་དང་ཡིད་ལ་བྱེད་པ་མེད་པ་འབྱུང་བ་དེ་ཡང་ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་པར་ལྟ་བར་བྱ་སྟེ། གང་གི་ཕྱིར་ཡང ་དག་པར་སོ་སོར་རྟོག་པ་ཉིད་ཀྱིས་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པར་བྱེད་ནུས་ཀྱི་གཞན་དུ་མ་ཡིན་ཏེ། འདི་ལྟར་རྣལ་འབྱོར་པ་གང་གི་ཚེ་ཡང་དག་པའི་ཤེས་རབ་ཀྱིས་བརྟགས་ན་དོན་དམ་པར་ནུ་དུས་སུམ་དུ ་ཆོས་སྐྱེས་པ་གང་ཡང་མ་མཐོང་བ་དེའི་ཚེ་ཇི་ལྟར་ན་དྲན་པ་དང་། ཡིད་ལ་བྱེད་པར་བྱ། དོན་དམ་པར་དུས་སུ་མེད་པའི་ཕྱིར་མྱོང་བུ་མེད་པ་དེ་ཇི་ལྟར་དྲན་པར་བྱ། ཡིད་ལ་བྱེད་པར་བྱ། དེའི་ཕྱིར་དེས་སྤྲོས་པ་ཐམས ་ཅད་ཉེ་བར་ཞི་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཞུགས་པ་ཡིན་ནོ།། དེ་ལ་ཞུགས་པས་སྟོང་པ་ཉིད་རྟོགས་པར་འགྱུར་རོ།། དེ་རྟོགས་པས་ལྟ་བ་ངན་པའི་དྲོ་བ་མཐའ་དག་སྤངས་པ་ཡིནོ།། ཐབས་དང་ལྡན་པའི ་ཤེས་རབ་བསྟེན་པས་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལ་ཡང་དག་པར་མཁས་པ་ཡིན་ནོ།། དེ་བས་ནུ་སྒྲིབ་པ་མྱེད་པའི་ཡེ་ཤེས་ཐོབ་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ།། དེ་ལྟ་བས ་ན་ཡང་དག་པར་སོ་སོར་རྟོག་པ་མེད་ན་ཡང་དག་པའི་ཡེ་ཤེས་འབྱུང་བར་ཡང་མི་འགྱུར། ཉོན་མོངས་པའི་སྒྲིབ་པ་སྤོང་བར་ཡང་མི་འགྱུར་རོ།། འཕགས་པ་འཇམ་དཔལ་རྣམ་རོལ་པའི་མདོ་ལས་ཀྱང་བཀའ་སྩལ ་ཏོ།། བུ་མོ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཡུལ་ལས་རྣམ་པར་རྒྱལ་བ་ཡིན། གསོལ་པ། འཇམ་དཔལ་རྣམ་པར་བརྟགས་ན་ཆོས་ཐམས་ཅད་མི་དམིགས་པ་གང་ལགས་པའོ་ཞེས་འབྱུང་ངོ་།། དེ་ལྟ་བས་ན་རྣལ ་འབྱོར་པས་ཡེ་ཤེས་ཀྱི་མིག་ཕྱེ་ལ་ཤེས་རབ་ཀྱིས་མཚན་གྱི་ཉོན་མོངས་པའི་དགྲ་རྣམས་ཕམ་པར་བྱ་སྟེ། འཇིགས་པ་མེད་པར་གནས་པུ་བྱ། མི་སྔར་མ་བཞིན་དུ་མིག་འཛུམས་པར་མི་བྱའོ།། འཕགས་པ་ཏིང ་དེངེ་འཛིན་གྱི་རྒྱལ་པོའི་མདོ་ལས་ཀྱང་བཀའ་སྩལ་ཏེ། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག། སོ་སོར་དེ་བརྟག་གལ་ཏེ་བསྒོམ་པ་ནི།། དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ།། རྒྱུ་གཞན་གང་ཡིན་དེ་ནི་ཞི་མི་འགྱུར། ་ཞེས་འབྱུང་ངོ་།། མུདོ་ཀུན་ལས་བཏུས་པ་ལས་ཀྱང་འབྱུང་ཏེ། བདག་ལྷག་མཐོང་གི་སྦྱོར་བ་ལ་ཞུགས་པར་གནས་ཀྱང་གཞན་ལྷག་མཐོང་གི་སྦྱོར་བ་ལ་འཇུག་ན་བདུད་ཀྱི་ལས་སོ་ཞེས་འབྱུང་ངོ་།། ལྷག་མཐོང ་གི་ཡང་དག་པར་སོ་སོར་རྟོག་པའི་ངོ་བོ་ཉིད་ཡིན་པར་འཕགས་པ་དཀོན་མཆོག་སྤྲིན་དང་། དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་བཀའ་སྩོལ་ཏོ།། འཕགས་པ་དཀོན་མཆོག་སྦྱིན་ལས་ཀྱང་བཀའ་སྩལ་པ ་ལྷག་མཐོང་གི་བརྟགས་ནས་ངོ་བོ་ཉིད་མེད་པར་རྟོགས་པ་ནི་མཚན་མ་མེད་པ་ལ་འཇུག་པའོ་ཞེས་འབྱུང་ངོ་།། འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་། བློ་གྲོས་ཆེན་པོ་གང་གི་ཕྱིར་བློས་བརྟགས་ནི་རང་དང ་སྤྱིའི་མཚན་ཉིད་མི་རྟོགས་ཏེ། དེས་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱའོ།། ཞེས་བཀའ་སྩལ་ཏོ།། གལ་ཏེ་ཡང་དག་པར་སོ་སོར་རྟོག་པ་ལ་མི་བྱ་ན། དེ་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ ་དག་ལས་ཡང་དག་པར་སོ་སོར་རྟོག་པ་རྣམ་པ་དུ་མ་བཀའ་སྩལ་པ་དེ་དང་ཡང་འགལ་བར་འགྱུར་རོ།། དེ་ལྟ་བས་ན་བདག་ནི་ཤེས་རབ་ཆུང་ངུ། བརྩོན་འགྲུས་ཆུང་ངུ་སྟེ། མང་དུ་ཐོས་པ་ཡོངས་སུ་ཚོལ་མི་ནུས་སོ་ཞེས་དེ་སྐད་བྱ་བའི ་རིགས་ཀྱི། བཅོམ་ལྡན་འདས་ཀྱི་མང་དུ་ཐོས་པ་བསྔགས་པོའི་ཕྱིར་དུས་ཐམས་ཅད་དུ་ཡང་སྤང་བར་ནི་མི་རིགས་སོ།། ཚངས་པས་ཞུས་པ་ལས་ཀྱང་བཀའ་སྩལ་ཏེ། གང་དག་བསམ་གྱིས་མི་ཁྱབ་པའི་ཆོས་རྣམས་ལ་སེམས ་ཞུགས་པ་དེ་དག་ནི་ཚུལ་བཞིན་མ་ཡིན་པའོ་ཞེས་འབྱུང་ངོ་།། དེ་ལ་གང་དག་དོན་དམ་པར་མ་སྐྱེས་པའི་ཆོས་རྣམས་ལ་སྐྱེ་བར་ཡོངས་སུ་བརྟགས་ཏེ། ཉན་ཐོས་ལ་སོགས་པ་བཞིན་དུ་དེ་དག་ལ་མི་རྟག་པ་དང་སྡུག་བསྔལ་གྱི ་ཚུལ་དུ་སེམས་པར་བྱེད་པ་དེ་དག་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་དེ་དག་སེམས་པ་འཇུག་པས་ཚུལ་བཞིན་མ་ཡིན་པར་འགྱུར་ཏེ། དེ་དགག་པའི་ཕྱིར་དེ་སྐད་བཀའ་སྩལ་གྱི། ཡང་དག་པར་སོ་སོར་རྟོག་པ ་དེ་དགག་པར་ནི་མ་ཡིན་ཏེ། དེ་ནི་མདོ་སྡེ་ཀུན་ལས་ཀྱང་བཀའ་སྩལ་པའི་ཕྱིར་རོ།། དེ་སྐད་ཚངས་པས་ཞུས་པ་དེ་ཉིད་ལས་ཀྱང་བཀའ་སྩལ་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ། གང་ཆོས་ཐམས་ཅད་ལ་སེམས ་ཀྱིས་སེམས་ཀྱང་དེར་མ་སྨིས་པ་ནི་མ་ཡིན་ཏེ། དེ་ནི་མདོ་སྡེ་ཀུན་ལས་ཀྱང་བྱང་ཆུབ་སེམས་དཔའ་ཞེས་བགྱི་ཞེས་འབྱུང་ངོ་།། ཡང་དེ་ཉིད་ལས་ཇི་ལྟར་ན་བརྩོན་འགྲུས་དང་ལྡན་པ་ལགས། བཀའ་སྩལ་པ། གང་གི་ཚེ་ཐམས་ཅད ་ཅད་མཁྱེན་པའི་ཡེ་ཤེས་ལ་བརྟགས་ནས་མ་དམིགས་པའོ་ཞེས་གསུངསོ།། ཡང་དེ་ཉིད་ལས་ཚུལ་བཞིན་དུ་ཆོས་ལ་སོ་སོར་རྟོག་པ་དེ་དག་ནི་བློ་གྲོས་དང་ལྡན་པ་ཡིན་ནོ་ཞེས་གསུངས་སོ།། ཡང་དེ་ཉིད་ལས་དེ་དག་གི་ཆོས ་རྣམས་ལ་སྒྱུ་མ་དང་། སྨིག་རྒྱུ་ཇི་ལྟ་བ་བཞིན་དུ་རབ་ཏུ་རྣམ་པར་འབྱེད་དོ་ཞེས་གསུངས་སོ།། དེ་ལྟར་གང་དང་གང་དུ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའི་ཚིག་ཐོས་ན་དེ་དང་དེར་ཐོས་པ་དང་བསམ་པ་ཙམ་ཁོ་ནས་དེ་ཁོ་ན ་རྟོགས་པར་གང་དག་སེམས་པ་དེ་དག་གི་མངོན་པའི་ང་རྒྱལ་དགག་པའི་ཕྱིར་ཆོས་རྣམས་སོ་སོ་རང་གིས་རིག་པར་བྱེ་བ་ཉིད་དུ་བསྟན་པར་བྱེད་དོ།། ཚུལ་བཞིན་མ་ཡིན་པའི་སེམས་པ་དགག་པར་བྱེད་པར་ཁོང་དུ་ཆུད་པར ་བྱའི། ཡང་དག་པར་སོ་སོར་རྟོག་པ་དེ་དགག་པར་ནི་མ་ཡིན་ནོ།། དེ་ལྟ་མོ་ཡིན་ན་རིགས་པ་དང་ལུང་ཤིན་ཏུ་མང་པོ་དང་འགལ་བར་འགྱུར་རོ།། ཞེས་སྔར་བཤད་པ་བཞིན་ནོ།། ཡང་ཐོས་པ་དང་བསམྱ་པ་ལས་བྱུང་བའི ་ཤེས་རབ་ཀྱི་རྟོགས་པ་གང་ཡིན་པ་དེ་ཉིད་བསྒོམ་པ་ལས་བྱུང་བའི་ཤེས་རབ་ཀྱིས་སྒོམ་པར་བྱའི། གཞན་དུ་ནི་མ་ཡིན་ཏེ། རྟ་དཀྱུས་ས་བསྟན་ནས་བརྒྱུག་པ་བཞིན་ནོ།། དེ་ལྟ་བས་ན་ཡང་དག་པར་སོ་སོར་བརྟག་པར ་བྱའོ།། དེ་རྣམ་པར་རྟོག་པའི་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་བས་ན། ཡེ་ཤེས་དེ ་འདོད་པས་དེ་ལ་བསྟེན་པར་བྱའོ།། རྣམ་པར་མི་རྟོག་པའི་ཡང་དག་པའི་ཡེ་ཤེས་ཀྱི་མི་བྱུང་ན་ཤིང་གཉིས་དྲུང་པ་ལས་མེ་བྱུང་བས་ཤིང་དེ་གཉིས་སྲེགས་པ་བཞིན་དུ་དེ་ཡང་ཕྱིས་དེ་གཉིས་ཀྱིས་སྲེག་པར་འགྱུར་རོ།། ་ཞེས་འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཀྱང་བཀའ་སྩལ་ཏོ།། ཡང་དགེ་བ་ལ་སོགས་པའི་ལས་ཅི་ཡང་མི་བྱའོ།། ཞེས་ཟེར་བྱ་དེ་ནི་དེ་སྐད་སྨྲ་བས་ལས་ཟད་ནས་གྲོལ་བར་འགྱུར་རོ།། ཞེས་མུ་སྟེགས ་ཅན་ཀུན་ཏུ་ཚོལ་བའི་སྨྲ་བ་ཁས་བླང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱི་གསུང་རབ་ལ་ཉོན་མོངས་པ་ཟད་ནས་གྲོལ་པོར་འགྱུར་བ་མེད་དོ།། ཐོག་མ་མེད་པ་ནས་བསགས་པའི་ལས་ཟད་པར་བྱ་བར་མི་ནུས་ཏེ། ་དེ་ནི་མཐའ་ཡས་པའི་ཕྱིར་རོ།། དྲན་སོང་ལ་སོགས་པ་ཡང་དེའི་འབྲས་བུ་ལ་སྤྱོད་པའི་ཚེ་ལས་གཞན་དག་ཀྱང་འབྱུང་སྟེ། ཉོན་མོངས་པ་མེད་པར་འགྱུར་ཏེ་དེ་རྒྱུར་གནས་ན་ལས་དགག་པར་མི་ནུས་པའི་ཕྱིར་མར ་མེ་འགག་ནས་དེའི་འོད་མི་དགག་པ་བཞིན་ནོ།། ལྷག་མཐོང་ལ་སྐུར་པ་འདེབས་པ་དེའི་ཉོན་མོངས་པ་ཟད་པར་འགྱུར་མི་སྲིད་དོ།། ཞེས་སྔར་བཤད་པ་བཞིན་ནོ།། ཅི་སྟེ་ཉོན་མོངས་པ་ཟད་པར་བྱ་བའི་ཕྱིར་ལྐོག་མཐོང ་ལ་བསྟེན་པར་བྱའོ་སྙམ་དུ་སེམས་ན་དེའི་ཚེ་ཉོན་མོངས་པ་ཟད་པ་ཉིད་ཀྱིས་གྲོལ་བར་འགྲུབ་སྟེ། ལས་ཟད་པར་བྱ་བའི་ཚིག་དོན་མེད་པར་འགྱུར་རོ།། མྱི་དགེ་བའི་ལས་མི་བྱའོ་ཞེས་ཟེར་བ་དེ་ནི་རིགས་ན། དགེ་བ་ཅི་སྟེ་དགུག། ་གལ་ཏེ་འཁོར་བར་བྱེད་པས་དགག་པ་སྐད་དུ་བྱས་ན་ཡང་མི་རུང་སྟེ། བདག་ལ་སོགས་པར་ཕྱིན་ཅི་ལོག་གི་ཀུན་ནས་སླང་བའི་དགེ་བ་དེ་ཉིད་འཁོར་བར་བྱེད་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་སྙིང ་རྗེཆེན་པོས་ཀུན་ནས་སློང་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསུ་བསྔོས་པ་ཡང་འཁོར་བར་བྱེད་པ་མ་ཡིན་ནོ།། དེ་སྐད་དུ་འཕགས་པ་སོ་བཅུ་པ་ལཱ་ཏྲང་བཀའ་སྩལ་ཏེ། དགེ་བ་བཅུའི་ལས་ཀྱི་ལམ ་དེ་དག་ཉིད་སྔོ་བ་ལ་སོགས་པ་ཡོངས་སུ་སྦྱང་བ་བྱས་པའི་བྱེ་བྲག་གིས་ནི་ཉན་ཐོས་དྲང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཉིད་སྒྲུབ་པར་བྱེད་དོ་ཞེས་འབྱུང་ངོ་།། འཕགས་པ་དཀོན་མཆོག ་རྩེགས་པ་ལས་ཀྱང་། ཆུ་ཀླུང་ཆེན་པོ་ཐམས་ཅད་རྒྱ་མཚོ་ཆེན་པོར་ཞུགས་པའི་ཆུའི་ཕུང་པོ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་སྒོ་སྣ་ཚོགས་ནས་དགེ་བ་བསོགས་པ་ཡང་ཐམས་ཅད་མཁྱེན་པ་ཉིད ་དུ་རོ་གཅིག་པ་ཉིད་དུ་འགྱུརརོ།། ཞེས་གསུངས་སོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཟུགས་ཀྱི་སྐུ་དང་། ཞིང་ཡོངས་སུ་དག་པ་དང་། འོད་དང་། འཁོར་དང་། ལོངས་སྤྱོད་ཆེན་པོ་ལ་སོགས་པ ་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ཀྱི་འབྲས་བུ་འདི་ཉིད་ཡིན་པར་མདོ་སྡེ་དང་དེ་དག་ཏུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་དང་ཡང་འགལ་བར་འགྱུར ་རོ།། དགེ་བ་སྤྱོད་པ་བཀག་པས་ནི་སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ཡང་བཀག་པར་འགྱུར་ཏེ། དེའི་ཕྱིར་དེའི་མགོ་བོ་དང་ཁ་སྤུ་བྲེགས་པ་དང་གོས་ངུར་སྨྲིག་བཅང་པ་ལ་སོགས་པ་ཡང་དོན་མེད་པར་འགྱུར་རོ།། དགེ ་བའི་ལས་མངོན་པར་འདུ་བྱ་བ་ལ་མི་ཕྱོགས་པར་གྱུར་ན་འཁོར་བ་ལ་མི་ཕྱོགས་པ་དང་། སེམས་ཅན་གྱི་དྲན་ལ་མ་ཕྱགས་པ་དང་། སེམས་ཅན་གྱི་དོན་ལ་མི་ཕྱོགས་པ་ཀུན་ཏུ་བསྟེན་པར་འགྱུར་ཏེ། དེའི་ཕྱིར་དེའི ་བྱང་ཆུབ་ཀྱང་རྒྱང་སྲིང་བར་འགྱུར་རོ།། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་བཀའ་སྩལ་ཏེ། སེམས་ཅན་གྱི་དོན་བྱ་བ་ལ་ཤིན་ཏུ་མི་ཕྱོགས་པ་དང་། འདུ་བྱེད་པ་མངོན་པར་འདུ་བྱ་བ་ལོ་མངོན་དུ ་ཕྱོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དུས་མ་བསྟན་ཏོ་ཞེས་བཀའ་སྩ་ལྔ་ཏོ།། འཕགས་པ་ཉེ་བ་འཁོར་གྱིས་ཞུས་པ་ལས་ཀྱང་། འཁོར་བ་ལ་མི་ཕྱོགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས ་ཀྱི་འཆལ་པའི་ཚུལ་ཁྲིམས་མཆོག་ཡིན་ནོ་ཞེས་སྟན་ཏོ།། འཁོར་བ་ཡོངསུ་འཛིན་པ་ནི་ཚུལ་ཁྲིམས་མཆོག་ཡིན་ནོ།། ཞེས་གསུངས་སོ།། འཕགས་པ་དྲི་མ་མེད་པར་གྲོགས་པས་བསྟེན་པ་ལས་ཀྱང་། ཐབས ་ཀྱིས་ཟིན་པའི་འཁོར་བར་འགྲོ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐར་པའོ།། ཐབས་ཀྱིས་བྲལ་བའི་ཤེས་རབ་ནི་འཆིང་བའོ།། ཤེས་རབ་དང་བྲལ་བའི་ཐབས་ཀྱང་འཆིང་བའོ།། ཤཱ་དང་བཅཝ་འི་སྡེརས་ཀྱང་ཐར་པའོ།། བས་དང་འདྲ་བའི་ཤཱ ་ཀྱང་ཐར་པའོ།། ཞེས་བཀའ་སྩལ་ཏོ།། འཕགས་པ་ན་མཁའི་མཛོད་ལས་ཀྱང་། འཁོར་བས་ཡོངས་སུ་སྐྱོ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཀྱི་ལས་སོ།། ཞེས་གསུངས་སོ།། མདོ་ཀུན་ལས་བཏུས་པ་ལྔ་ཀྱང་འདུས ་བྱས་ལ་ཡང་སོ་སོར་རྟོགས་ལ་འདུས་བྱས་ཀྱི་དགེ་བས་ཀྱང་ཡོངས་སུ་སྐྱོ་བ་ནི་བདུད་ཀྱི་ལས་སོ།། བྱང་ཆུབ་ཀྱི་ལམ་ཡང་རབ་ཏུ་ཤེས་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་ཡང་ཡོངས་སུ་མི་ཚོལ་བ་ནི་བདུད་ཀྱི་ལས་སོ།། ཞེས ་བསྟན་ཏོ།། ཡང་དེ་ཉིད་ལས། སྦྱིན་པཱ་ལ་སེམས་མངོན་བུར་ཞེ་ན་པ་ནས་ཤེས་རབ་ཀྱི་བར་ལ་སེམས་མངོན་པར་ཞེན་པ་ནུ་བདུད་ཀྱི་ལས་སོ།། ཞེས་བཤད་པ་དེ་ལ་སྦྱིན་པ་ལ་སོགས་པ་བསྟེན་པ་དགག་པ་ནི་མ ་ཡིན་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་སེམས་མངོན་པར་ཞེན་པ། གཟུང་བྱ་དང་འཛིན་པ་ལ་སེམས་མངོན་པར་ཞེན་པ། དམིགས་པ་ཅན་གྱི་སྦྱིན་པ་ལ་སོགས་པ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པ་གང་ཡིན ་པ་དེ་དགག་པ་སྟེ། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ཀུན་ནས་སླང་བའི་སྦྱིན་པ་ལ་སོགས་པ་ཡོངས་སུ་དག་པར་མི་འགྱུར་ཏེ་བདུད་ཀྱི་ལས་སོ་ཞེས་བཤད་དོ།། དེ་ལྟ་མ་ཡིན་ན་བསམ་གཏན་ཡང་བསྟེན་པར་བྱ་བ་མ ་ཡིན་པར་འགྱུར་རོ།། དེ་ལྷུར་གྱུར་ན་ཐར་པར་ཡང་ཇི་ལྟར་འགྱུར། དེའི་ཕྱིར་ན་དམིགས་པ་ཅན་སྣ་ཚོགས་སུ་འདུ་ཤེས་པས་སྦྱིན་པ་བྱིན་པ་ལ་སོགས་པ་གང་ཡིན་པ་དེ་ནི་ཡོངས་སུ་དག་པ་མ ་ཡིན་པར་བསྟན་པའི་ཕྱིར་འཕགས་པ་ན་མཁའ་མཛོད་ལས་ཀྱང་སེམས་ཅན་སྣ་ཚོགས་ལ་སོགས་པའི་འདུ་ཤེས་ཅན་གྱི་སྦྱིན་པ་ལ་སོགས་པ་ནི་བདུད་ཀྱི་ལས་སོ་ཞེས་བཤད་དོ།། ཕུང་པོ་གསུམ་པའི་ཡོངས་སུ ་བསྔོས་པ་ལས་ཀྱང་བཀའ་སྩལ་པ། གང་བདག་གི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་མཉམ་པ་ཉིད་དུ་མ་འཚལ་ནས་དམིགས་པར་ལྟུང ་བས་སྦྱིན་པ་ལ་སྩལ་པ་དང་། ཚུལ་ཁྲིམས་མཆོག་ཏུ་འཛིན་པས་ཚུལ་ཁྲིམས་སྲུང་བ་དང་། བདག་དང་གཞན་དུ་འདུ་ཤེས་པས་བཟོད་པ་སྒོམ་པ་ལ་སོགས་པ་གང་ལགས་པ་དེ་དག་ཐམས་ཅད་སོ་སོར་བཤོགས ་པར་བགྱིའོ་ཞེས་འབྱུང་བ་གང་ཡིན་པ་དེ་ལ་ཡང་དམིགས་པ་ཅན་སྣ་ཚོགས་སུ་འདུ་ཤེས་པ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པས་ཀུན་ནས་སླང་བའི་ཕྱིར་སྦྱིན་པ་ལ་སོགས་པ་ཡོངས་སུ་དག་པ་མ་ཡིན་པ་ཙམ་གྱི་ཕྱིར ་བཤགས་ཀྱིས། དུས་ཐམས་ཅད་དུ་སྦྱིན་པ་ལ་སོགས་པ་ལ་བསྟེན་པ་དགག་པ་ནི་མ་ཡིན་ནོ།། དེ་ལྟ་མ་ཡིན་ན་དམིགས་པ་ཅན་ཕྱིན་ཅི་ལོག་ཏུ་གྱུར་པ་འབའ་ཞིག་གི་མ་ཡིན་ན། སྦྱིན་པ་ལ་སོགས་པ་ཐམས་ཅད་བྱེ་བྲག ་མེད་པར་དགག་པར་འགྱུར་རོ།། ཚངས་པས་ཞུས་པ་ལས། སྤྱོད་པ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་ཡོངས་སུ་རྟོག་པའོ།། ཡོངས་སུ་མྱི་རྟོག་པ་ནི་བྱང་ཆུབ་བོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ལ་ཡང་སྐྱེ ་བ་ལ་སོགས་པས་རྣམ་པར་རྟོག་པའི་སྐབས་ཡིན་པས་དེ་ནི་ཡོངས་སུ་རྟོག་པ་ཉིད་དུ་བཤད་ཀྱིས། མཚན་མ་མེད་པར་གནས་ཤིང་མངོན་པར་འདུ་བྱ་བ་མེད་པར་འཇུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ལུང ་བསྟན་པ་ཡིན་ཏེ་གཞན་དུ་མ་ཡིན་ནོ་ཞེས་དེ་ཙམ་དུ་བསྟན་ཏེ། སྦྱིན་པ་ལ་སོགས་པས་ཐམས་ཅད་ལ་དོན་དམ་པར་ན་མ་སྐྱེས་པར་ཡོངས་སུ་བསྟན་གྱི། སྤྱོད་པ་མི་བྱ་བ་ནི་བཀའ་མ་སྩལ་ཏོ།། དེ་ལྷ་མ་ཡིན་ན་མར་མེ ་མཛད་ཀྱི་སྔ་ལོགས་ན་སངས་རྒྱས་གང་དག་ལ་བཅོམ་ལྡན་འདས་ཀྱིས་སྙེན་བཀུར་མཛད་པ་དེ་དག་གི་མཚན་བཅོམ་ལྡན་འདས་ཀྱིས་བསྐལ་པར་ཡང་མི་སྤྱོད་པ་དེ་དག་གིས་ཀྱང་བཅོམ་ལྡན་འདས་བྱང་ཆུབ་སེམས ་དཔའི་གནས་སྐབས་ན་བཞུགས་པའི་སྤྱོད་པ་ཅིའི་ཕྱིར་དགུག་པ་མ་མཛད། མར་མེ་མཛད་ཀྱིས་ཀྱང་དེའི་ཚེ་བཅོམ་ལྡན་འདས་ཀྱིས་སྤྱོད་པ་དགག་པར་མཛད་པ་ཁོ་ན་སྟེ། གང་གི་ཆོས་བརྒྱད་པ་ལ་གནས་ཤིང་ཞི་བྱ ་མཚན་མ་མེད་པ་ལ་གནས་པ་དེ་གཟིགས་ནས་དེའི་ཚེ་བཅོམ་ལྡན་འདས་ལུང་བསྟན་གྱི། དེ་ན་དེའི་སྤྱོད་པ་བཀག་པ་ནི་མ་ཡིན་ནོ།། ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་མ་མེད་པར་གནས་པ་མཆོག ་དེ་ནི་དེ་དག་ཉིད་དུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་དུ་འོང་ངོ་།། ཞེས་ས་བཅུ་ལས་སངས་རྒྱས་རྣམས་ཀྱིས་དགག་པ་མཛད་དོ།། གལ་ཏེ་རྣམ་པ་ཐམས་ཅད་དུ་སྦྱོད་པ་དེ་མི་བྱ་བར་གྱུར་ན་ནི ་སྔར་བརྗོད་པ་ཐམས་ཅད་དང་ཡང་འགལ་བར་འགྱུར་རོ།། ཡང་ཚངས་པས་ཞུས་པ་དེ་ཉིད་ལས་གསུངས་པ། སྦྱིན་པ་ཡང་བྱིན་ལ་དེའི་རྣམ་པར་སྨིན་པ་དེ་ལ་ཡང་མི་རེ་ལ། ཚུལ་ཁྲིམས་ཀྱང་བསྲུང་བ་དེ་སྒྲོ་འདོགས་པས ་མ་ཡིན་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་།། ཚངས་པ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་པ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་ཡིན་ནོ།། བཞི་པོ་དེ་དག་གང་ཞེ་ན། འཁོར་བ་དཔོག་ཏུ་མེད་པ་ཡོངསུ ་འཛིན་པ་དང་། སངས་རྒྱས་དཔག་ཏུ་མེད་པ་ལ་རིམ་གྲོ་དང་མཆོད་པ་དཔག་ཏུ་མེད་པ་བྱེད་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཐམས་ཅད་དང་འགལ་ལོ།། དབང་པོ་རྟུལ་པོ་ཁོ་ནས་སྤྱོད་པ་བྱའི། དབང་པོ་རྣོན་པོས་མི་བྱའོ་ཞེས ་བརྗོད་པར་མི་རུང་སྟེ། འདི་ལྟར་ས་དང་པོ་ནས་གཟུང་སྟེ་ས་བཅུ་པའི་བར་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ལ་སོགས་པའི་སྤྱོད་པ་རྣམས་འབྱུང་ཞིང་ལྷག་མ་རྣམས་ཀྱང་ཀུན་ཏུ་མི་སྤྱོད་པ་ནི་མ་ཡིན་ནོ།། ་ཞེས་གསུངས་པའི་ཕྱིར་རོ།། སར་ཆུད་པ་རྣམས་དབང་པོ་རྟུལ་པོ་ཞེས་བྱ་བར་ཡང་མི་རུང་སྟེ། འཕགས་པ་ཉེ་བར་འཁོར་གྱིས་ཞུས་པ་ལས་ཀྱང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་གནས་པ་ཉིད་ཀྱིས་གཏོང་བ་དང་། གཏོང་བ ་ཆེན་པོ་དང་། རབ་ཏུ་གཏོང་བ་དག་བྱའོ་ཞེས་བཀའ་སྩལ་ཏེ། མདོ་ཀུན་ལས་བཏུས་པ་ལས་ཀྱང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་སྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དེ་བཞིན་གཤེགས་པའི་རྫུ་འཕྲུལ ་གྱི་འགྲོ་བ་ཡིན་ནོ་ཞེས་སྔགས་ཏེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་འགྲོ་བ་ལྔས་མགྱོགས་པ་ནི་གཞན་མེད་དོ།། ཕ་རོལ་ཕྱིན་པ་དྲུག་དང་། ས་བཅུ་མ་རྟོག་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤིན་ཏུ་མྱུར་བྱེར ་འཇུག་པའི་ལམ་གཞན་ནི་མེད་དོ།། དེ་སེམས་ཀྱི་རྒྱུད་གསེར་དག་པ་བཞིན་དུ་རིམ་གྱིས་འདག་པར་འགྱུར་རོ།། ཞེས་མདོ་སྡེ་ལས་ཀྱང་བཀའ་སྩལ་ཏོ།། འཕགས་པ་ལང་ཀར་གཤེགས་པ་དང་། ས་བཅུ་པ་ལ་སོགས ་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་གང་གི་ཚེ་དེ་བཞིན་ཉིད་ལ་གནས་པར་གྱུར་པ་དེའི་ཚེ་ས་དང་པོར་ཆུད་པ་ཡིན་ཏེ། དེ་ནས་རིམ་གྱིས་ས་གོང་མ་རྣམས་ཡོངས་སུ་སྦྱངས་ནས་དེ་བཞིན་གཤེགས་པའི་ས་ལ་འཇུག ་གོ་ཞེས་བཀའ་སྩལ་ཏེ། དེའི་ཕྱིར་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་མ་གཏོགས་པར་སངས་རྒྱས་ཉིད་ཀྱིས་གྲོང་ཁྱེར་དུ་ཅིག་ཅར་འཇུག་པའི་སྒོ་གཞན་ནི་མེད་དོ།། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་ལ་སོགས་པ་གང་ནས ་ཀྱང་བཀའ་མ་སྩལ་ཏོ།། གལ་ཏེ་བསམ་གཏན་ཉིད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་པས་ན་དེ་བསྟེན་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྟེན་པར་འགྱུར་ཏེ། དེའི་ཕྱིར་སྦྱིན་པ་ལ་སོགས་པ་གཞན་སོ་སོར་བསྟེན་མི་དགོས ་པ་སྐད་དུ་བྱ་ན་ཡང་། དེ་མི་རུང་སྟེ་དེ་ལྟར་གྱུར་དུ་ཟིན་ན་སངས་རྒྱས་ལ་བ་ལང་གི་ལྕི་བའི་དཀྱིལ་འཁོར་བྱས་པའི་ནང་དུ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་འདུས་པས་ན་དཀྱིལ་འཁོར་འབའ ་ཞིག་བྱའི། བསམ་གཏན་ལ་སོགས་པ་མི་བྱ་བར་འགྱུར་རོ།། ཉན་ཐོས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་ལ་ཡང་མཚན་མ་ལ་སོགས་པ་ཀུན་ཏུ་མི་འབྱུང་བའི་ཕྱིར་དེ་ལྟར ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་ཏེ། དེའི་ཕྱིར་ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའི་རྣམས་བྱེ་བྲག་མེད་པར་བསྟན་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་གནས ་སྐབས་ཐམས་ཅད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བར་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རེ་རེ་ཡང་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པར་བཀའ་སྩལ་གྱི ་ཕ་རོལ་ཏུ་ཕྱིན་པ་གཅིག་ཁོ་ན་ཞིག་བསྟེན་པར་ནི་མ་གསུངས་སོ།། དེ་སྐད་འཕགས་པ་ཆོས་ཐམས་ཅད་ཤིན་ཏུ་རྒྱས་པ་ལས་ཀྱང་བཀའ་སྩལ་ཏེ། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབ་པ་འདི་ནི་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཡིན་ན། དེ་ལ་ཡང་མི་བླུན་པོ་ངག་འདི་སྐད་དུ་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱའི། ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང་། དེ་དག་ཕ་རོལ་ཏུ་ཕྱིན་པ་གཞན་ལ་སུན་འབྱིན་པར་སེམས་སོ།། མ་ཕམ་པ་འདི་ཇི་སྙམ་དུ་སེམས། ཀླ་ཤིའི་རྒྱལ་པོར་གྱུར་པ་གང་ཡིན་པ་དེས། ཕུག ་རོན་གྱི་ཕྱིར་རང་གི་ཤ་ཁྲེ་ལ་བྱིན་པ་དེ་ཤེས་རབ་འཆལ་པ་ཡིན་ནམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་ང་བྱང་ཆུབ ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་གང་དག་བསགས་པའི་དགེ་བའི་རྩ་བ་དེ་དག་གིས་གནོད་པར་གྱུར་ཏེ་མ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི ་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་ཁྱོད་ཀྱིས་ཀྱང་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས། དེ་བཞིན་དུ་བསྐལ་པ་དྲུག་ཅུར་ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་བར་དུ་ཡང་དག་པར་བསྒྲུབས་ན། དེ་ལ་མི་བླུན་པོ་དག་འདི་སྐད་ཅེས་ཚུལ་གཅིག་ཁོ་ནས་བྱང་ཆུབ་ཏེ། འདི་ལྟ་སྟེ། སྟོང་པ་ཉིད་གྱི་ཚུལ་གྱིས་སོ་ཞུས་ཟེར་ཏེ། དེ་དག་ན་སྤྱོད་པ་ཡོངས ་སུ་མ་དག་པར་འགྱུར་རོ།། ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་།། སྟོང་པ་ཉིད་འབའ་ཞིག་སྟོན་ན་ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པའི་མཐར་ལྟུང་བར་འགྱུར་རོ།། དེའི་ཕྱིར་ན་ཐབས་དང་བཅས་པའི་ཤེས ་རབ་བསྟེན་པར་བྱའོ།། དེ་ལྟ་བས་ན་སློབ་དཔོན་ཀླ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་མདོ་ཀུན་ལས་བཏུས་པ་ལས་བཤད་པ། ཐབས་མཁས་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་ཆོས་ཟབ་མོ་ཉིད་ལ ་མངོན་པར་བརྩོན་པར་མི་བྱའོ།། ཞེས་འབྱུང་ངོ་།། འདིར་ཡང་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལ་སོགས་ཁུངས་བསྟན་ཅིང་བཤད་ཀྱིས། དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་བཀའ་ནི་མ་ཡིན ་ནོ།། རིགས་པ་དང་ལུང་དུ་བསྟན་པ་དང་། བཅོམ་ལྡན་འདས་ཀྱི་གསུང་རབ་བཏང་ལ། མཁས་པ་རྟོག་པ་དང་ལྡན་པས་འགྲོ་བ་བླུན་པོ་གཞན་གྱིས་ཚིག་གཟུང་བ་མི་རིགསོ།། འཕགས་པ་གཙུག་ནི་རིན་པོ་ཆེ་ལས་ཀྱང་། ་སྦྱིན་པ་ལ་སོགས་པ་དགེ་བ་མཐའ་དག་དང་ལྡན་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་བསྒོམ་པར་བྱའོ།། ཞེས་གསུངས་སྟེ། སྟོང་པ་ཉིད་འབའ་ཞིག་ནི་མ་ཡིན་ནོ།། འཕགས་པ ་དཀོན་མཆོག་རྩེགས་ལས་ཀྱང་བཀའ་སྩལ་ཏེ། འོད་སྲུངས་འདི་ལྟ་སྟེ་དཔེར་ན། བློན་པས་ཟིན་པའི་རྒྱལ་པོ་རྣམས་དགོས་པ་ཐམས་ཅད་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཐབས་མཁས ་པས་ཡང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ་ཞེས་འབྱུང་ངོ་།། དེ་བས་ན་སྟོང་པ་ཉིད་འབའ་ཞིག་བསྟེན་ནས་མྱ་ངན་ལས་འདས་པ་ལ་འཇུག་པར་འགྱུར་དུ་འོང་ངོ་ཞེས་བཅོམ་ལྡན་འདས་ཀྱི་འཕགས་པ ་དེ་བཞིན་གཤེགས་པའི་གསང་པའི་མདོ་ལས། གཅིག་ཏུ་སེམས་དམིགས་པ་མེད་པར་མི་བྱའི་ཐབས་ལ་མཁས་པ་ལ་ཡང་བསྟེན་པར་བྱའོ།། ཞེས་གསུངས་སྟེ། དེ་བསྟན་པའི་ཕྱིར། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར ་ན་མེ་ནི་རྒྱུ་ལས་འབར་ཏེ། རྒྱུ་མེད་ན་ཞི་བུར་འགྱུར་ཏེ། དེ་བཞིན་དུ་དམིགས་པ་ལ་སོགས་པ་ལ་སེམས་འབར་གྱི། དམིགས་པ་མེད་ན་སེམས་ཞི་བར་འགྱུར་རོ།། དེ་ལ་ཐབས་ལ་མཁས་པའི་བྱང་ཆུབ་སེམས ་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་དམིགས་པ་ཉེ་བར་ཞི་བར་ཡང་ཤེས་ལུ་དགེ་བའི་རྩ་བ་ལ་དམིགས་པ་ཡང་ཞི་བར་མི་བྱེད། ཉོན་མོངས་པ་ལ་དམིགས་པ་ཡང་འབྱུང་བར་མི་བྱེད ་ལ། ཕ་རོལ་ཏུ་ཕྱིན་པའི་དམིགས་པ་ལ་ཡང་འཇིག་པར་བྱེད། སྟོང་པ་ཉིད་དུ་དམིགས་པ་ལ་སོ་སོར་རྟོག་ལ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་དམིགས་པ་ལ་ཡང་ལྟའོ།། རིགས་ཀྱི་བུ་དེ་ལྟར་ན ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་པས་དམིགས་པ་ལྔ་དབང་པོ་ཐོབ་བོ་ཞེས་རྒྱ་ཆེར་གསུངས་ནས་ཡང་བཀའ་སྩལ་པ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་དམིགས ་པོ་གང་ཅི་ཡང་རུང་སྟེ། ཐམས་ཅད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་བསྒྲུབ་པའི་ཕྱིར་མི་གནས་པ་མེད་དོ།། བྱང་ཆུབ་སེམས་དཔའ་གང་དམིགས་པ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ ་ན་བྱང་ཆུབ་སྙོམ་སྤ་པའི་ཐབས་ལམ་ངས་བྱ་སྟེ། ཆོས་ཐམས་ཅད་བྱུང་ཆུབ་ཀྱི་རྗེས་སུ་སོང་བར་མཐོང་ངོ་།། རིགས་ཀྱི་བུ་འདི་ལྔ་དཔེར་ན། སྣོད་གསུམ་གྱི་སྣོང་ཆེན་པོའི་འདོག་རྟེན་རྒྱ ་ཁམས་ན་སེམས་ཅན་རྣ་མྱོས་ཀྱི་ལོངས་སྤྱོད་དུ་མི་འགྱུར་བ་དེ་མེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པ་ཡང་དམིགས་པ་གླང་ཅི་ཡང་རིང་བྱང་ཆུབ་ལ་ཕན་འདོགས་པ ་འགྱུར་བ་མ་ཡིན་པར་མཐོང་བ་མེད་དོ་ཞེས་རྨྱི་རྒྱུར་འབྱུང་ངོ་།། དེ་བཞིན་དུ་མདོ་སྡེ་མཐའ་ཡས་པཾ་ལས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་དང་ཤེས་རབ་ཀྱི་ཚུལ་སྒྲུབ་པ་བསྟན་ཏེ།། དེ་ལ་བདག་ཉིད་སྦྱིན ་པ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་ལ་བརྩོན་འགྲུས་རྩོམ་མི་ནུས་སུ་བྱིན་ཀྱང་། གཞན་དག་ལ་དེ་སྐད་དུ་བསྟན་པ་ནི་མི་རིགས་སོ།། དེ་ལྟར་བྱས་ན་བདག་དང་གཞན་ལ་ཁུ་བོ་བྱས་པར་འགྱུར་རོ།། དེ་ལྟར ་བྱང་ཆུབ་སེམས་དཔའ་ཅི་ནས་ཀྱང་ཡང་དག་པར་སོ་སོར་བརྟག་པར་བྱ་ཞིང་སྦྱིན་པ་ལ་སོགས་པ་བསོད་ནམས་ཀྱི་ཚིགས་མཐའ་དག་བསྒྲུབ་པར་བྱའོ་ཞེས་རིགས་པ་དང་ལུང་གིས་སྟོན་པ་ཡིན་ནོ།། དེའི་ཕྱིར ་རྟོག་པ་དང་ལྡན་པར་ཐོས་པ་ཉུང་བ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་ཚིག་དུག་བཞིན་དུ་སྤངས་ལ། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་སྐྱེ་བོ་མཁས་པའི་ཚིག་བདུད་རྩིའི་རྗེས་སུ་འཇུག་པས་སེམས་ཅན་མཐའ ་དངག་ལ་སྙིང་རྗེ་ཆེན་པོ་བསྐྱེད་ན་སྒྱུ་མ་མཁྱེན་བཞིན་དུ་ཕྱིན་ཅི་ལོག་ཏུ་མ་གྱུར་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པའི་དགེ་བའི་སྤྱོད་པ་མཐའ་དག་དང་། འགྲོ་བ ་མ་ལུས་པ་གདོན་པ་ལ་མངོན་པར་བརྩོན་པར་བྱ་སྟེ། ཇི་སྐད་དུ་འཕགས་པ་ཆོས་ཡང་དག་པར་སྡུད་པ་ལས། དཔེར་ན་སྒྱུ་མུའི་མཁན་པོ་ཞིག། སྤྲུལ་པ་ཐར་བར་བྱ་ཕྱིར་རྩོན།། དེས་ནི་སྔ་ནས་དེ་ཤེས་པས།། ་སྤྲུལ་པ་དེ་ལ་ཆགས་པ་མེད།། སྲིད་གསུམ་སྤྲུལ་པ་འདྲ་བར་ནི།། རྫོགས་པའི་བྱང་ཆུབ་མཁས་པས་ཤེས།། འགྲོ་བུའི་ཆེད་དུ་གོ་བགོས་ཏེ། འགྲོ་བ་དེ་ལྟར་སྔ་ནས་ཤེས།། ཞེས་འབྱུང་བ་ལྟ་བུའོ།། དེ་ལྟར་ཐབས་དང ་ཤེས་རབ་རྟག་ཏུ་གུས་པར་བྱ་སྟེ། གོམས་པར་བྱས་པ་དེའི་སེམས་ཀྱི་རྒྱུད་རིམོ་གྱིས་ཡོངས་སུ་སྨིན་པ་ན་གོང་ནས་གོང་དུ་ཤིན་ཏུ་རྣམ་པར་དག་པའི་སྐད་ཅིག་འབྱུང་བས་ཡང་དག་པའི་དོན་ལ་སྒོམ་པ་ཤེས་རབ་ཀྱི་མཐར ་ཕྱིན་པར་མ་གྱུར་ན་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྟོག་པའི་དྲ་བ་མཐའ་དག་དང་བྲལ་བ། ཆོས་ཀྱི་དབྱིངས་ཤིན་ཏུ་གསལ་བ་རྟོགས་པ། དྲི་མ་མེད་ཅིང་མི་གེ་ཡོ་བ་རླུང་མེད་པའི་མར་མེ་དང་འདྲ་བ་འབྱུང་སྟེ། དེའི ་ཚེ་དངོས་པོའི་མཐའ་ལ་དམིགས་པ་ཐོབ་པར་འགྱུར་རོ།། ས་དང་པོ་ཡང་ཐོབ་པ་ཡིན་ནོ།། མཐོང་བའི་ལམ་ལ་ཡང་ཞུགས་པ་ཡིན་ནོ།། དེ་དེའི་གོང་མའི་ས་རྣམས་ཡོངས་སུ་སྦྱངས་ནས་རིམ་གྱིས་གསེར་བཞིན་དུ་སྒྲིབ ་པ་བསགས་པ་མ་ལུས་པར་མེད་པར་གྱུར་ལ། ཆགས་པ་མེད་པ་དང་། ཐོགས་པ་མེད་པའི་ཡེ་ཤེས་ཐོབ་ནས་ཡོན་ཏན་མ་ལུས་པའི་གཞི་སངས་རྒྱས་ཀྱི་ས་ཐོབ་པར་འགྱུར་ཏེ། དགོས་པ་ཡོངས་སུ ་གྲུབ་པ་ལ་དམིགས་པ་ཡང་ཐོབ་པ་ཡིན་ནོ།། དེ་ལྟ་བྱས་ན་སངས་རྒྱས་ཐོབ་པར་འདོད་པ་དབུ་མའི་ལམ་ལ་མངོན་པར་བརྩོན་པར་བྱའོ།། དེ་ལྟར་དབུ་མའི་ལུམ་བཤད་པས།། བདག་གི་བསོད་ནམས་གང་ཐོབ་པ།། དེ་ཡིས ་སྐྱེ་བོ་མ་ལུས་པ།། དབུ་མའི་ལམ་ནི་ཐོབ་པར་ཤོག། དམ་པོ་ཕྲག་དོག་ལ་སོགས་དྲི་མ་མཐའ་སྤྲིངས་པ།། ཡོན་ཏན་རྣམས་ཀྱིས་མི་ངོམསྣ་ཆུ་ཡི་མཚོ་འདྲ་དག། རྣམ་པར་བྱེ་ནས་ལེགས་པར་བཤང་རྣམས་འཛིན ་བྱེཁྱོད་དེ།། ངང་པ་རབ་དགའ་ཆུ་ལས་འོ་མ་ལེན་པ་བཞིན།། དེ་ལྟ་བས་ན་མཁས་རྣམས་ཀྱིས།། ཕྱོགས་རླུང་དཀྲུགས་ཡིད་རིང་སྤོང་ལ།། བྱིས་པ་ལས་ཀྱང་ལེགས་བཤད་པོ།། ཐམས་ཅད་བླང་བ་ཁོ་ནར་བྱ།། སྒོམ ་པའི་རིམ་པ་སློབ་དཔོན་ཨཱ་ཙརྱ་ཀ་མ་ལ་ཤཱི་ལས་ཐ་མར་མཛད་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་པྲདྡྷ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས ་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་