| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བྷཱ་བ་ནཱ་ཀྲ་མ། བོད་སྐད་དུ། སྒོམ་པའི་རིམ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཐེག་པ་ཆེན་པོའི་མདོ་སྡེའི་ཚུལ་གྱིས་རྗེས་སུ་འཇུག་པ་རྣམས་ཀྱི་སྒོམ་པའི་རིམ་པ་མདོར་བཤད་དོ།། འདི ་ལ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་མྱུར་དུ་ཐོབ་པར་འདོད་པ་རྟོག་པ་དང་ལྡན་པས་དེ་ཐོབ་པར་བྱེད་པའི་རྒྱུ་རྣམས་དང་རྐྱེན་རྣམས་ལ་མངོན་པར་བརྩོན་པར་བྱའོ།། འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་འདི་ནི་རྒྱུ་མེད་པ་ལས་འབྱུང་བར་མི་རུང་སྟེ། ཐམས ་ཅད་ཀྱང་དུས་ཐམས་ཅད་དུ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་ཐལ་བར་འགྱུར་བའི་ཕྱིར་རོ།། བལྟོས་པ་མེད་པར་འབྱུང་ན་ནི་གང་དུ་ཡང་ཐོགས་པར་མི་རུང་སྟེ། གང་གིས་ན་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་རོ།། ་དེ་ལྟ་བས་ན་ལ་ལྔར་བརྒྱ་ལམ་ན་འགའ་ཞིག་འབྱུང་དུ་ཟད་པས་དངོས་པོ་ཐམས་ཅད་ནི་རྒྱུ་ལ་བལྟོས་པ་ཁོ་ན་ཡིན་ནོ།། ཐམས་ཅད་མཁྱེན་པ་ཉིད་དུ་ཡང་ལ་ལར་བརྒྱ་ལམ་ན་འགའ་ཞིག་འགྱུར་ཏེ། དུས་ཐམས་ཅད་དུ་ཡང་མ་ཡིན་གནས ་ཐམས་ཅད་དུ་མ་ཡིན། ཐམས་ཅད་ཀྱང་མ་ཡིན་པས་དེའི་ཕྱིར་དེ་ནི་རྒྱུ་དང་རྐྱེན་ལ་བལྟོས་པར་ངེས་སོ།། རྒྱུ་དང་རྐྱེན་དེ་དག་གི་ནང་ནས་ཀྱང་མ་ནོར་ཅིང་མ་ཚང་བ་མེད་པ་རྣམས་བསྟེན་པར་བྱའོ།། རྒྱུ་ནོར་བ་ལ་ནན་ཏན་བྱས་ན་ནི་ཡུན་ཤིན་ཏུ ་རིང་མོ་ཞིག་གིས་ཀྱང་འདོད་པའི་འབྲས་བུ་འཐོབ་པ་མེད་དོ།། དཔེར་ན་རཾ་ལས་འོ་མ་བཞོ་པ་བཞིན་ནོ།། རྒྱུ་མཐའ་དག་མ་དཔྱད་པ་ལས་ཀྱང་འབྲས་བུ་འབྱུང་བ་མེད་དེ། ས་བོན་ལ་སོགས་པ་གང་ཡང་རུང་བ་ཞིག་མེད་ན་མྱུ་གུ་ལ་སོགས་པ ་འབྲས་བུ་མི་འབྱུང་བའི་ཕྱིར་རོ།། དེ་ལྟ་བས་ན་འབྲས་བུ་དེ་འདོད་པས་རྒྱུ་དང་རྐྱེན་མ་ནོར་བ་དང་མཐའ་དུག་ལ་བསྟེན་པར་བྱའོ།། འབྲས་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་དང་རྐྱེན་དེ་དག་གང་ཞེ་ན། ་པ། བདག་ལྟ་བུ་དམུས་ལོང་དང་འདྲ་བས་དེ་དག་བསྟན་པར་མི་ནུས་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ནུས་གདུལ་བྱ་རྣམས་ལ་ཇི་སྐད་བཤད་པ་དེ་བཞིན་དུ་བདག་གས ་བཅོམ་ལྡན་འདས་ཀྱིས་བཀའ་ཉིད་ཀྱིས་བཤད་དོ།། བཅོམ་ལྡན་འདས་ཀྱིས་དེར་བཀའ་སྩལ་པ། གསང་བྱ་པའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ་ཞེས་འབྱུང་ངོ་།། དེ་ལྟ་བས་ན་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་དང་། ཐབས་དང་གསུམ་པོ་འདི་དག་ལ་བསླབ་པར་བྱའོ།། སྙིང ་རྗེས་བསྐྱོད་ན་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་ཐམས་ཅད་མངོན་པར་གདོན་པའི་ཕྱིར་ངེས་པར་དམ་འཆའ་བར་འགྱུར་རོ།། དེ་ནས་བདག་ཉིད་ལ་ལྟ་བ་བསལ་ནས་ཤིན་ཏུ་བྱ་དཀའ་ཞིང་རྒྱུན་མི་འཆད་ལ་ཡུན་རིང་པོར ་བསྒྲུབ་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གུས་པར་འཇུག་གོ། དེ་ཞུགས་ནས་ངེས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བསྒྲུབ་བོ།། ཚོགས་རྣམས་ཡོངས་སུ་རྫོགས་ན་ཐམས་ཅད ་མཁྱེན་པ་ཉིད་ལག་མཐིལ་དུ་ཐོབ་པ་དང་འདྲ་བར་འགྱུར་རོ།། དེ་བས་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྩ་བ་ནི་སྙིང་རྗེ་ཁོ་ན་ཡིན་པས་དེ་ནི་ཐོག་མ་ཁོ་ནར་གོམས་པར་བྱའོ།། ཆོས་ཡང་དག་པར་སྡུད་པ་ལས་ཀྱང་བཀུའ་སྩལ་ཏེ། བཅོམ ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི ་ལག་མཐིལ་དུ་མཆིས་པ་ལགས་སོ།། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ་ཞེས་འབྱུང་ངོ་།། སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་རང་གི་དོན་ཕུན་སུམ་ཚོགས་པ ་མཐའ་དག་བརྙེས་ཀྱང་སེམས་ཅན་གྱི་ཁམས་མཐར་ཐུག་པའི་བར་དུ་བཞུགས་པར་མཛད་དོ།། ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཤིན་ཏུ་ཞི་བར་ཡང་འཇུག་པར་མི་མཛད་དེ། སེམས་ཅན་ལ་གཟིགས ་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཞི་བ་དེ་ལྕགས་ཀྱི་ཁྱང་པ་འབར་བ་བཞིན་དུ་ཐག་རིང་དུ་སོང་བས་བཅོམ་ལྡན་འདས་རྣམས་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་སྙིང་རྗེ་ཆེན་པོའི་དེ་ཉིད་ཡིན་ནོ།། དེ་ལ་སྙིང་རྗེ ་བསྒོམ་པའི་རིམ་པ་དེ་དང་པོ་འཇུག་པ་ནས་བརྩམས་ཏེ་བརྗོད་པར་བྱའོ།། ཐོག་མར་རེ་ཞིག་བཏང་སྙོམས་བསྒོམ་པས་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་བསལ་ཏེ། སྙོམས་པའི་སེམས་ཉིད་བསྒྲུབ ་པར་བྱའོ།། སེམས་ཅན་ཐམས་ཅད་བདེ་བ་ནི་འདོད་སྡུག་བསྔལ་བ་ནི་མི་འདོད་ལ། ཐོག་མ་མེད་པ་ཅན་གྱི་འཁོར་བ་ནས་སེམས་ཅན་གང་ལན་བརྒྱར་བདག་གི་གཉེན་དུ་མ་གྱུར་པ་དེ་གང་ཡང་མེད་དོ་སྙམ་དུ་ཡོངས་སུ་བསམ་ཞིང་། ་འདི་ལ་བྱེ་བྲག་ཅི་ཞིག་ཡོད་ན་ལ་ལ་ལ་ནི་རྗེས་སུ་ཆགས་ལ་ལ་ལ་ནི་ཁོང་ཁྲོ་བར་གྱུར། དེ་ལྟ་བས་ན་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བྱའོ་སྙམ་དུ་དེ་ལྟར་ཡིད་ལ་བྱ་ཞིང་བར་མའི་ཕྱོགས་ནས་བརྩམས་ཏེ་མཛའ ་བཤེས་དང་དགྲ་ལ་ཡང་སེམས་སྙོམས་པ་ཉིད་དུ་བསྒོམ་མོ།། དེ་ནས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བསྒྲུབས་ནས་བྱམས་པ་བསྒོམ་མོ།། བྱམས་པའི་སེམས་ཀྱིས་རྒྱུད་བརླན་ཏེ་གསེར་ཡོད་པའི་ས་གཞི་བཞིན་དུ་བྱས་ལ ་སྙིང་རྗེའི་ས་བོན་བཏབ་ན་བདེ་བླག་ཏུ་ཤིན་ཏུ་ཡོངས་སུ་རྒྱས་པར་འགྱུར་རོ།། དེ་ནས་སེམས་ཀྱི་རྒྱུད་བྱམས་པས་བསྒོས་ནས། སྙིང་རྗེ་བསྒོམ་པར་བྱའོ།། སྙིང་རྗེ་དེ་ནི་སེམས་ཅན་སྡུག་བསྔལ་བ་རྣམས་ལ་སྡུག་བསྔལ་དེ་དང་བྲལ་བར་འདོད ་པའི་རྣམ་པ་ཡིན་ནོ།། ཁམས་གསུམ་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་ཉིད་རྣམ་པ་གསུམ་གྱིས་ཅི་རིགས་པར་ཤིན་ཏུ་སྡུག་བསྔལ་བ་དག་ཡིན་པས་དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་དེ་བསྒྲིམ་པར་བྱ་སྟེ། འདི་ལྟར་རེ་ཞིག ་སེམས་ཅན་དམྱལ་བ་པའི་སེམས་ཅན་གང་དག་ཡིན་པ་དག་ནི་རྒྱུན་མི་འཆད་ཅིང་ཡུན་རིང་ལ་ཚ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱི་ཆུ་བོར་བྱིང་པ་ཁོ་ན་ཡིན་ནོ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་བཞིན་དུ་ཡི ་དགས་རྣམས་ཀྱང་ཕལ་ཆེར་ཤིན་ཏུ་མི་བཟད་པའི་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱི་མེས་སྐམས་པའི་ལུས་ཤིན་ཏུ་སྡུག་བསྔལ་མང་པོ་མྱོང་ངོ་ཞེས་བཀའ་སྩལ་ཏོ།། དུད་འགྲོ་རྣམས་ཀྱང་གཅིག་ལ་ཅིག་ཟ་བ་དང་ཁྲོ་བ་དང་། གསོད ་པ་དང་། རྣམ་པར་འཚེ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་མང་པོ་མྱོང་བ་ཁོ་ནར་སྣང་ངོ་།། མི་རྣམས་ཀྱང་འདོད་པ་ཡོངས་སུ་ཚོལ་བས་ཕོངས་པས་གཅིག་ལ་ཅིག་ཁུ་བ་དང་། གནོད་པ་དང་། སྡུག་པ་དང་བྲལ་བ་དང་། མི ་སྡུག་པ་དང་ཕྲད་པ་དང་། དབུལ་ཕོངས་ལས་གྱུར་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཉམ་སུ་མྱོང་བར་སྣང་ངོ་།། གང་དག་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཀུན་ནས་དཀྲིས་པ་སྣ་ཚོགས་ཀྱིས་སེམས་དཀྲིས ་པ་དག་དང་། གང་དག་ལྔ་བ་ངན་པ་རྣ་བ་སྣ་ཚོགས་གཟིང་གཟིང་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་སྡུག་བསྔལ་གྱི་རྒྱུ་ཡིན་པས་གད་ཀ་ན་འདུག་པ་བཞིན་དུ་ཤིན་ཏུ་སྡུག་བསྔལ་བ་ཁོ་ན་ཡིན་ནོ།། ལྷ་རྣམས་ཀྱང་ཐམས་ཅད ་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་དག་སྟེ། འདོད་པ་ན་སྤྱོད་པའི་ལྷ་གང་ཡིན་པ་དེ་དག་ནི་རྟག་ཏུ་འཆི་འཕོ་བ་དང་ལྟུང་བ་ལ་སོགས་པའི་འཇིགས་པའི་མྱ་ངན་གྱིས་སེམས་ལ་གནོད་ན་ཇི་ལྟར་བདེ། འདུ་བྱེད་ཀྱི་སྡུག ་བསྔལ་ཉིད་ནི་ལས་དང་ཉོན་མོངས་པའི་མཚན་ཉིད་ཀྱི་རྒྱུའི་གཞན་གྱི་དབང་གི་ངོ་བོ་ཉིད་དང་། སྐད་ཅིག་རེ་རེ་ལ་འཇིག་པའི་ངང་ཅན་གྱི་མཚན་ཉིད་དེ། འགྲོ་བ་ཐམས་ཅད་ལ་ཁྱབ་པ་ཡིན་ནོ།། དེ་བས་ན་འགྲོ་བ་མཐའ་དག་ནི་སྡུག་བསྔལ ་གྱི་མེ་ལྕེ་འབར་བའི་ནང་དུ་ཞུགས་པ་ཡིན་པར་བལྟས་ལ། ཇི་ལྟར་བདག་སྡུག་བསྔལ་མི་འདོད་པ་ལྟར་གཞན་ཐམས་ཅད་ཀྱང་དེ་དང་འདྲའོ།། སྙམ་དུ་བསམ་ཞིང་། ཀྱེ་མ་ཀྱི་ཧུད་བདག་ལ་སྡུག་པའི་སེམས་ཅན ་སྡུག་བསྔལ་ན་སྡུག་བསྔལ་དེ་ལས་ཇི་ལྟར་ཐར་པར་བྱ་ཞེས་བདག་ཉིད་སྡུག་བསྔལ་བ་བཞིན་དུ་བྱེད་ཅིང་དེ་དང་བྲལ་བར་འདོད་པའི་རྣམ་པའི་སྙིང་རྗེ་དེ་ཏིང་ངེ་འཛིན་ལས་ཀྱང་འདུག་ཀྱང་རུང་། སྤྱོད་ལམ་ཐམས་ཅད་དུ་ཡང་རུང་སྟེ། ་དུས་ཐམས་ཅད་དུ་ཡང་རུང་སྟེ། དུས་ཐམས་དུ་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱ་སྟེ། ཐོག་མ་ཁོ་ནར་མཛའ་བཤེས་ཀྱི་ཕྱོགས་རྣམས་ལ་ཇི་སྐད་སྨོས་པའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་མཐོང་བར་བསྒོམ ་པར་བྱའོ།། དེ་ནས་སེམས་ཅན་མཉམ་པ་ཉིད་ཀྱི་བྱེ་བྲག་མེད་པར་མཐོང་ནས་སེམས་ཅན་ཐམས་ཅད་ནི་བདག་གི་གཉེན་དུ་གྱུར་པ་ཁོ་ནའོ་སྙམ་དུ་ཡོངས་སུ་བསམ་ཞིང་བར་མའི་ཕྱོགས་རྣམས་ལ་བསྒོམ་པར་བྱའོ།། གང་གི་ཚེ ་དེ་ལ་མཛའ་བཤེས་ཀྱི་ཕྱོགས་བཞིན་དུ་སྙིང་རྗེ་དེ་མཉམ་པར་ཞུགས་པར་གྱུར་པ་དེའི་ཚེ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱའོ།། གང་གི་ཚེ་བུ་ཆུང་ངུ་སྙིང་དུ་སྡུག་པ་སྡུག་བསྔལ་བར་གྱུར་པའི་མ་བཞིན་དུ་བདག་ཉིད ་ཀྱི་ཤིན་ཏུ་སྡུག་བ་སྡུག་བསྔལ་བ་ལས་འདོན་པར་འདོད་པའི་རྣམ་པ་རང་གི་ངང་གིས་འཇུག་པའི་སྙིང་རྗེ་དེ་སེམས་ཅན་ཐམས་ཅད་ལ་མཉམ་པར་ཞུགས་པར་གྱུར་པ་དེའི་ཚེ། སྙིང་རྗེ་ཆེན་པོའི་མིང་ཡང་འཐོབ་བོ།། བྱམས་པ་བསྒོམ་པ ་ནི་མཛའ་བཤེས་ཀྱི་ཕྱོགས་ཐོག་མར་བྱས་ནས་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་སྟེ། རིམ་གྱིས་ཐ་མལ་པ་དང་ངག་ལ་ཡང་བསྒོམ་པར་བྱའོ།། དེ་ལྟར་དེ་སྙིང་རྗེ་གོམས་པར་བྱས་ནས་རིམ་གྱིས་སེམས་ཅན་མཐའ་ངག་མངོན་པར ་འདོན་པར་འདོད་པ་རང་གི་ངང་གིས་འབྱུང་བ་ཉིད་དུ་འགྱུར་རོ།། དེས་ན་རྩ་བ་སྙིང་རྗེ་གོམས་པར་བྱས་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ།། བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་། དོན་དམ་པའོ།། དེ ་ལ་ཀུན་རྫོབ་པ་ནི་སྙིང་རྗེས་སེམས་ཅན་མཐའ་དག་མངོན་པར་འདོན་པར་དམ་བཅས་ནས་འགྲོ་བ་ལ་ཕྱིན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདོད་པའི་སེམས་དང་པོ ་བསྐྱེད་པའོ།། དེ་ཡང་ཚུལ་ཁྲིམས་ཀྱི་ལེའུ་ལས་བསྟན་པའི་ཆོ་ག་བཞིན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་མཁས་པ་ཕ་རོལ་པོ་ལས་བསྐྱེད་པར་བྱའོ།། དེ་ལྟར་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སྐྱེད་ནས་དོན་དམ ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་འབད་པར་བྱའོ།། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ་སྤྲོས་པ་མཐའ་དག་དང་བྲལ་བ། ཤིན་ཏུ་གསལ་བ། དོན་དམ་པའི་སྤྱོད་ཡུལ། དྲི་མོ་མེད་པ། མི་གཡོ ་བ། རླུང་མེད་པའི་མར་མེའི་རྒྱུན་ལྟར་མི་གཡོས་པའོ།། དེ་གྲུབ་པ་ནི་རྟག་ཏུ་གུས་པར་ཡུན་རིང་དུ། ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གོམས་པར་བྱ་བ་ལས་འགྱུར་ཏེ། འཕགས་པོ་དགོངས་པ་ངེས་པར་འགྲེལ་པ་ལས ་ཇི་སྐད་དུ། བྱམས་པ་གང་ཡང་ཉན་ཐོས་རྣམས་ཀྱི་འམ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འམ། དེ་བཞིན་གཤེགས་པ་རྣམས་ཀྱིས་དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང ་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ།། ཞེས་གསུངས་པ་ལྟ་བུའོ།། དེ་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་བསྡུས་པའི་ཕྱིར་རྣལ་འབྱོར་པ་ཐམས་ཅད་ཀྱི་དུས་ཐམས་ཅད་དུ་ངེས་པར་ཞི་གནས་དང ་ལྷག་མཐོང་བསྟེན་པར་བྱ་སྟེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ངས་ཉན་ཐོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས ་ཀྱིས་ཏིང་ངེ་འཛིན་རྣམ་པ་དུ་མ་བསྟན་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ།། ཞེས་གསུངས་པ་ལྟ་བུའོ།། ཞི་གནས་ཙམ་འབའ་ཞིག་གོམས་པར་བྱས་པས་ནི་རྣལ་འབྱོར ་པ་རྣམས་ཀྱི་སྒྲིབ་པ་རྣམ་མི་སྤོངས་ཀྱི། རེ་ཞིག་ཉོན་མོངས་པ་རྣམ་པར་གནོན་པ་ཙམ་དུ་ཟད་དོ།། ཤེས་རབ་ཀྱི་སྣང་བ་འབྱུང་བ་མེད་པར་བག་ལ་ཉལ་ལེགས་པར་ཆོམས་མི་སྲིད་པའི་ཕྱིར་བག་ལ་ཉལ་ལེགས་པར ་ཆོམས་པར་མི་འགྱུར་རོ།། དེ་བས་ན་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས་བསམ་གཏན་གྱིས་ནི་ཉོན་མོངས་པ་རྣམས་རྣམ་པར་གནོན་ཏོ།། ཤེས་རབ་ཀྱིས་ནི་བག་ལ་ཉལ་ལེགས་པར་འཇོམས་པར་བྱེའོ།། ་ཞེས་བཀའ་སྩལ་ཏོ།། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། ཏིང་ངེ་འཛིན་དེ་སྒོམ་པར་བྱེད་མོད་ཀྱི།། དེ་ནི་བདག་ཏུ་འདུ་ཤེས་འཇིག་མི་བྱེད།། དེ་ནི་ཉོན་མོངས་ཕྱིར་ཞིང་རབ་ཏུ་འཁྲུགས།། ལྷག་སྤྱོད་འདི་ནི་ཏིང་ངེ་འཛིན་བསྟེ། མ ་པ་བཞིན།། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག། སོ་སོར་དེ་བརྟགས་གལ་ཏེ་བསྒོམ་པ་ནི།། དེ་ཉིད་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ།། རྒྱུ་གཞན་གང་ཡིན་ངས་ནི་ཞི་མི་འགྱུར།། ཞེས་གསུངས་སོ།། བྱང་ཆུབས་ཀྱི་རྗོ་ས་ཐགས་# ་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་འདི་མ་ཐོས། འཕགས་པའི་ཆོས་འདུལ་བ་མ་ཐོས་པར། ཏིང་ངེ་འཛིན་ཙམ་གྱིས་ཆོག་པར་འཛིན་པ་ནི།། ང་རྒྱལ་དབང་གིས་མངོན་པའི་ང་རྒྱལ་དུ་ལྟུང་ཞིང་། སྐྱེ་བ་དང་། རྒ་བོ་དང་། ན་བ་དང་། འཆི ་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་ལས་ཡོངས་སུ་མི་གྲོལ། འགྲོ་བ་དྲུག་ཏུ་འཁོར་བུ་ལས་ཡོངས་སུ་མི་གྲོལ། སྡུ་གོ་བསྔལ་གྱི་ཕུང་པོ་ལས་ཀྱང་ཡོངས་སུ ་མི་གྲོལ་ཏེ། དེ་ལ་དགོངས་ནས་དེ་བཞིན་གཤེགས་པས་འདི་སྐད་ཅེས། གཞན་ལ་རྗེས་སུ་མཐུན་པ་ཐོས་པ་ནི་རྒ་ཤི་ལས་གྲོལ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ།། ཞེས་གསུངས་སོ།། ད་ལྔ་བས་ནི་སྒྲིབ་པོ་མཐའ་དག་སྤངས་ནས ་ཡོངས་སུ་དག་པའི་ཡེ་ཤེས་འབྱུང་བར་འདོད་པ་ཞི་གནས་ལ་གནས་ཤིང་ཤེས་རབ་བསྒོམ་པར་བྱའོ།། དེ་སྐད་དུ། འཕགས་པ་དཀོན་བྱ་རྩེགས་པ་ལས་ཀྱང་བཀའ་སྩལ་ཏེ། ཚུལ་ཁྲིམས་ལ་ནི་གནས་ནས་ཏིང་ངེ་འཛིན་ཐོབ་སྟེ། ཏིང ་ངེ་འཛིན་ཐོབ་ནས་ཀྱང་ཤེས་རབ་སྒོམ་པར་བྱེད། ཤེས་རབ་ཀྱིས་ནི་ཡེ་ཤེས་རྣམ་པར་དག་པ་འཐོབ། ཡེ་ཤེས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས་ཞེས་བཀའ་སྩལ་ཏོ།། འཕགས་པ་ཐེག་པ་ཆེན་པོ ་ལཱ་དད་པ་བསྒོམ་པའི་མདོ་ལས་ཀྱང་། རིགས་ཀྱི་བུ་ཤེས་རབ་ལ་ཉེ་བོར་མི་གནས་ན་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དང་པ་ཐེག་པ་ཆེན་པོ་ལ་ཇི་ལྟར་ཡང་འབྱུང་བང་མི་སྨྲའོ།། རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང ་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་ལ་དྲད་པ་ཐེག་པ་ཆེན་པོ་ལ་འབྱུང་བ་གང་ཅི་ཡང་རུང་སྟེ་ཐམས་ཅད་ནི་རྣམ་པར་མ་ཡེངས་པའི་སེམས་ཀྱི་དོན་དང་ཆོས་ཡང་དག་པར་བསམ་པ་ལས་བྱུང་བར་རིག་པར་བྱའོ་ཞེས་བཀའ ་སྩལ་ཏོ།། ཞི་གནས་དང་བྲལ་བའི་ལྷག་མཐོང་འབའ་ཞིག་གིས་ནི་རྣལ་འབྱོར་པའི་སེམས་ཡུལ་རྣམས་ལ་རྣམ་པར་གཡེངས་པར་འགྱུར་གྱིས། རླུང་གི་ནང་ན་འདུག་པའི་མར་མེ་བཞིན་དུ་གནས་པར་མི་འགྱུར་རོ།། དེ་བས་ནཱ་ཡེ་ཤེས་ཀྱི ་སྣ་བ་ཤིན་ཏུ་གསལ་བར་མྱི་འབྱུང་སྟེ། དེ་ལྟ་བས་ན་གཉིས་ཀ་དང་འདྨ་དཱར་བསྟེན་པར་བྱའོ།། དེའི་ཕྱིར་འཕགས་པ་ཡོངས་སུ་མྱ་ངན་ལུས་འདས་པ་ཆེན་པོའི་མདོ་ལས་ཀྱང་། ཉན་ཐོས་རྣམས་ཀྱིས་ནི་དེ་བཞིན་གཤེགས་པའི་རིགས་མི ་མིམཐོང་སྟེ། ཏིང་ངེ་འཛིན་གྱི་ཤས་ཆེ་བའི་ཕྱིར་དང་། ཤེས་རབ་ཆུང་བའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་མཐོང་མོད་ཀྱི་མི་གསལ་ཏེ། ཤེས་རབ་ཀྱི་ཤས་ཆེ་བའི་ཕྱིར་དང་། ཏིང་ངེ་འཛིན་ཆུང་བའི་ཕྱིར་དང་། དེ་བཞིན ་གཤེགས་པས་ནི་ཐམས་ཅད་གཟིགས་ཏེ། ཞི་གནས་དང་ལྷག་མཐོང་མཚུངས་པར་ལྡན་པའི་ཕྱིར་རོ།། ཞེས་བཀའ་སྩལ་ཏེ། ཞི་གནས་ཀྱི་སྟོབས་ཀྱིས་ནི་མར་མེ་རླུང་གི་མ་བསྐྱོད་པ་བཞིན་དུ་རྣམ་པར་རྟོག་པའི་རླུང་རྣམས་ཀྱི་སེམས་པ་ཡོ ་བར་མི་འགྱུར་རོ།། ལྷག་མཐོང་གིས་ནི་ལྟ་བ་ངན་པའི་དྲི་མ་མཐའ་དག་སྤུངས་པས་གཞན་དག་གིས་མི་ཕྱེད་དེ། ཟླ་བ་སྒྲོན་མའི་མདོ་ལས་ཇི་སྐད་དུ། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར།། ལྷག་མཐོང་གི་ནི་རི་དང་འདྲ ་བར་འགྱུར་ཞེས་གསུངས་པ་ལྟ་བུའོ།། དེ་ལྟ་བས་ན་གཉིས་ཀ་ལ་རྣལ་འབྱོར་དུ་བྱས་པར་གནས་སོ།། དེ་ལ་ཐོག་མར་རེ་ཞིག་རྣལ་འབྱོར་པས་གང་གི་བདེ་བར་མྱུར་དུ་ཞི་གནས་དང་ལྷག་མཐོང་འགྲུབ་པར་ན་གྱུར་བ་ནི་གནྱ་དང་ལྷག་མཐོང་གི་ཚོགས་བསྙེན་པར་བྱའོ།། དེས་ནི ་གནས་ཀྱི་ཚོགས་གང་ཞེ་ན། མཐུན་པའི་ཡུལ་ན་གནས་པ་དང་། འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། བྱ་བ་མང་པོ་ཡོངས་སུ་སྤངས་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ་དང་། འདོད་པ་ལ་སོགས་པའི་རྣམ་པར་རྟོག་པ ་ཡོངས་སུ་སྤངས་པའོ།། དེ་ལ་ཡོན་ཏན་ལྔ་དག་དང་ལྡན་པ་ནི་མཐུན་པའི་ཡུལ་ཡིན་པར་ཤེས་པར་བྱ་སྟེ། གོས་དང་ཟས་ལ་སོགས་པ་ཚེགས་མེད་པར་རྙེད་པའི་ཕྱིར་རྙེད་སླ་བ་དང་། སྐྱེ་བོ་མི་སྲུན་པ་དང་དགྲ་ལ་སོགས་པ་མི ་གནས་པའི་གནས་བཟང་བ་དང་། ནད་མེད་པའི་ས་ཡིན་པས་ས་བཟང་བ་དང་། གྲོགས་ཚུལ་ཁྲིམས་དང་ལྡན་པ་མཚུངས་པ་ཡིན་པས་གྲོགས་བཟང་བ་དང་། ཉིན་མོ་སྐྱེ་བོ་མང་པོ་དག་གིས་མ་གང་བའི་ཕྱིར་དང་མཚན ་མོ་སྒྲ་ཆུང་བའི་ཕྱིར་ལེགས་པར་ལྡན་པའོ།། འདོད་པ་ཆུང་བ་གང་ཞེ་ན། ཆོས་གོས་ལ་སོགས་བཟང་པོའམ་མང་པོ་ལ་ལྷག་པར་ཆགས་པ་མེད་པའོ།། ཆོག་ཤེས་པ་གང་ཞེ་ན། ཆོས་གོས་ལ་སོགས་པ་ངན ་དོན་ཙམ་རྙེད་པས་རྟག་ཏུ་ཆོག་ཤེས་པ་གང་ཡིན་པའོ།། བྱ་བ་མང་པོ་ཡོངས་སུ་སྤངས་པ་གང་ཞེ་ན། ཉོ་ཚོང་ལ་སོགས་པ་ལས་ངན་པ་ཡོངས་སུ་སྤངས་པ་དང་། ཁྱིམ་པ་དང་རབ་ཏུ་བྱུང་བ་གང་དག་ཧ་ཅང་སྨོས་འདྲིན ་བྱེད་པ་ཡོངས་སུ་སྤང་བ་དང་། སྨན་བྱེད་པ་སྐར་མ་རྩི་བ་ལ་སོགས་པ་ཡོངས་སུ་སྤངས་པ་ཡིན་པའོ།། ཚུལ་ཁྲིམས་རྣམ་པར་དག་པ་གང་ཞེ་ན། སྡོམ་པ་གཉིས་ཀ་ལ་ཡང་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས ་པོའི་བསླབ་པའི་གཞི་མི་འདྲལ་བ་དང་། བག་མེད་པར་རལ་ན་ཡང་སྐྱེན་པ་སྐྱེན་པས་འགྱོད་པས་ཆོས་བཞིན་བྱེད་པ་དང་། ཉན་ཐོས་ཀྱི་སྡོམ་པ་ལ་ཕམ་པ་བཅོས་སུ་མི་རུང་བར་གསུངས་པ་གང་ཡིན་པ་དེ་ལ་ཡང་འགྱོད ་པ་དང་ལྡན་པ་དང་། ཕྱིས་མི་བྱ་བའི་སེམས་དང་ལྡན་པ་དང་། སེམས་གང་གིས་ལས་དེ་བྱས་པའི་སེམས་དེ་ལ་ངོ་བོ་ཉིད་མྱེད་པར་སོ་སོར་རྟོག་པའི་ཕྱིར་རམ། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གོམས་པའི་ཕྱིར་དེའི ་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཡིན་པར་བརྗོད་པར་བྱའོ།། དེ་ནི་འཕགས་པ་མ་སྐྱེས་དགྲའི་འགྱོད་པ་བསལ་བ་ལས་ཁོང་དུ་ཆུད་པར་རིག་པར་བྱའོ།། དེ་བས་ན་འགྱོད་པ་མེད་པར་བྱས་ལ། སྒོམ་པ་ལ་མངོན་པར ་བརྩོན་པར་བྱའོ།། འདོད་པ་རྣམས་ལ་ཡང་ཚེ་འདི་དང་ཚེ་ཕྱི་མཱ་ལ་ཉེས་དམིགས་རྣམ་པ་མང་པོར་འགྱུར་བར་ཡིད་ལ་བྱས་ལ་དེ་དག་ལ་རྣམ་པར་རྟོག་པ་སྤང་བར་བྱའོ།། རྣམ་པ་གཅིག་ཏུ་ན་འཁོར་བའི་དངོས་པོ་སྡུག་པ་འམ་མི ་སྡུག་པ་ཡང་རུང་སྟེ། དེ་ཐམས་ཅད་ནི་རྣམ་པར་འཇིག་པའི་ཆོས་ཅན་མི་བརྟན་པ་སྟེ། གདོན་མི་ཟ་བར་དེ་དག་ཐམས་ཅད་རིང་པོར་མི་ཐོགས་པར་འབྲལ་བར་གྱུར་ན། བདག་དེ་ལ་ཅི་ཞིག་ལྷག་པར་ཆགས་པ་ལ་སོགས ་པར་འགྱུར་སྙམ་དུ་བསྒོམས་པས་རྣམ་པར་རྟོག་པ་ཐམས་ཅད་སྤང་བར་བྱའོ།། ལྷག་མཐོང་གི་ཚོགས་གང་ཞིག་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། མང་དུ་ཐོས་པ་ཡོངས་སུ་བཙལ་བ་དང་། ཚུལ་བཞིན་སེམས་པའི ་དེ་ལ་སྐྱེས་བུ་དམ་པ་ཇི་ལྟ་བུ་བརྟེན་པར་བྱ་ཞེ་ན། གང་མང་དུ་ཐོས་པ་དང་། ཚིག་གསལ་བ་དང་། སྙིང་རྗེ་དང་ལྡན་པ་དང་། སྐྱོ་བ་བཟོད་པའོ།། དེ་ལ་མང་དུ་ཐོས་པ་ཡོངས་སུ་བཙལ་བ་གང་ཞེ་ན། གང་བཅོམ་ལྡན ་འདས་ཀྱིས་གསུང་རབ་ཡན་ལག་བཅུ་གཉིས་པོ་ངེས་པའི་དོན་དང་དྲང་དོན་ལ་གུས་པར་བྱས་ཤིང་། ཤིན་ཏུ་ཉན་པ་སྟེ། འདི་ལྟར་འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས། འཕགས་པའི་གཏམ་འདོད་པ ་བཞིན་དུ་མ་ཐོས་པ་ནི་ལྷག་མཐོང་གི་གེགས་ཡིན་ནོ་ཞེས་བཀའ་སྤྲུལ་ཏོ།། དེ་ཉིད་ལས་ལྷག་མཐོང་ནི་ཐོས་པ་དང་བསམ་པ་ལས་བྱུང་བའི་ལྟ་བ་རྣམ་པར་དག་པའི་རྒྱུ་ལས་བྱུང་བ་ཡིན་ཞེས་གསུངས་སོ།། འཕགས ་པ་སྐྱེད་མེད་ཀྱི་བུས་སུ་ཞུས་པ་ལྔས་ཀྱང་། ཐོས་པ་དང་ལྡན་པ་ནི་ཤེས་རབ་འབྱུང་བར་འགྱུར་རོ།། ཤེས་རབ་དང་ལྡན་པ་ནི་ཉོན་མོངས་པ་རབ་ཏུ་ཞི་བར་འགྱུར་ཞེས་བཀའ་སྩལ་ཏོ།། ཚུལ་བཞིན་བསམ་པ་གྲང ་ཞེ་ན། གང་ངེས་པའི་དོན་གྱི་མདོ་སྡེ་དང་དྲང་པོའི་དོན་གྱི་མདོ་སྡེ་ལ་སོགས་པ་ལེགས་པར་གཏན་ལ་འབེབས་པ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཐེ་ཚོམ་མེད་ན་སྒོམ་པ་ལ་གཅིག་ཏུ་ངེས་པར་འགྱུར་རོ།། དེ་ལྟ་མ་ཡིན་ན་ཐེ་ཚོམ་གྱིས ་འཕྱང་མོ་ཉུག་པའི་ཐེག་པ་ལ་འདུག་པ་ནི་ལམ་ཁ་དབྲག་གི་མདོར་ཕྱིན་པའི་མི་ལྟར་གང་དུ་ཡང་གཅིག་ཏུ་ངེས་པར་མི་འགྱུར་རོ།། རྣོལ་འབྱོར་པས་སྒོམ་པའི་དུས་ཐམས་ཅད་དུ་ཉ་དང་ཤ་ལ་སོགས་སྤང་ཞིང་མི་མཐུན་པ་མ་ཡིན་པ་དང་། ་ཟས་ཚོད་ཟིན་པར་བཟའ་བར་བྱའོ།། དེ་ལྟར་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་ཚོགས་མཐའ་དག་བསགས་པ་དེས་སྒོམ་པ་ལ་འཇུག་པར་བྱའོ།། དེ་ལ་རྣལ་འབྱོར་པས་སྒོམ་པའི་དུས་ན་ཐོག་མར་བྱ་བ་ཅི་ཡོད་པ ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ལ་བཤང་གཅི་བྱས་ནས་སྒྲའི་ཚེར་མ་མེད་པ་ཡིད་དུ་འོང་བའི་ཕྱོགས་སུ་བདག་གི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོ་ལ་དགོད་པར་བྱའོ་སྙམ་དུ་བསམ་ཞིང་། འགྲོ་བ་མཐའ ་དག་མངོན་པར་གདོན་པའི་བསམ་པ་ཅན་གྱི་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་བྱས་ནས་སངས་རྒྱས་དང་བྱང་ཆུབ ་སེམས་དཔའི་སྐུ་གཟུགས་རི་མོ་ལ་སོགས་པ་མདུན་དུ་གཞག་གམ་གཞན་དུ་ཡང་རུང་སྟེ། དེ་དག་ལ་ཅི་ནུས་ཀྱིས་མཆོད་པ་དང་བསྟོད་པ་བྱས་ལ་རང་གི་སྡིག་པ་བཤགས་ནས་འགྲོ་བ་མཐའ་དག་གི་བསོད་ནམས་ལ་རྗེས་སུ་ཡི་རང ་བར་བྱས་ལ། སྟན་ཤིན་ཏུ་འཇམ་པ་བདེ་བ་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུའོ།། སྐྱིལ་མོ་ཀྲུང་ཕྱེད་དུ་ཡང་རུང་སྟེ། མིག་ཧེ་ཅང་ཡུང་མི་དབྱེ། ཧ་ཅང་ཡང་མི་ཟུམ་པར་སྣའི་རྩེ་མོར་བསྟད་ཅིང་། ་ལུས་ཧ་ཅང་ཡང་མི་དགུ། ཧ་ཙང་ཡང་མི་དགྱེ་བར་དྲང་པོར་བསྲངས་ལ་དྲན་པ་ནང་དུ་བཞག་སྡེ་འདུག་པར་བྱའོ།། དེ་ནས་ཕྲག་པ་མཉམ་པར་བཞག་ལ་མགོ་མི་མཐོ་མི་དམའ་ཞིང་ཕྱོགས་གཅིག་ཏུ་མ་ཡོ་བར་གཞུག་སྔ་སྣ ་ནས་ལྟེ་བྱའི་བར་དྲང་པར་གཞག་གོ། སོ་དང་མཆུ་ཡང་ཐ་མལ་པར་བཞག་གོ། ལྕེ་ཡང་ཡས་སོའི་དྲུང་དུ་གཞོག་གོ།། དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང་། སྡུམ་པ་ཅན་དང་། དབུགས་རྒོད་པ་ཅན་དུ་མི་བཏང་གི། ཙོ་ནས ་ཀྱང་མི་ཚོར་བར་དེལ་བུས་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང་ཕྱིར་འབྱུང་བ་དེ་ལྟར་བྱའོ།། དེ་ལ་ཐཱག་མ་རེ་ཞིག་ཞི་གནས་བསྒྲུབ་པར་བྱ་སྟེ། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བཞི་ནས་ནང་དུ ་མིགས་པ་ལ་རྒྱུན་ཏུ་རང་གི་ངང་གིས་འཇུག་པ་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ན་ཞི་གནས་ཞེས་བྱའོ།། ཞི་གནས་དེ་ཉིད་ལ་དམིགས་པའི་ཚེ་དེ་ཁོ་ན་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི ་ལྷག་མཐོང་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས་ཇི་སྐད་དུ། ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ།། ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ་ཞེས་གསུངས་པ་ལྟ་བུའོ།། འཕགས་པ ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་། བཅོམ་ལྡན་འདས་ཇི་ལྟར་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང་། ལྷག་མཐོང་ལ་མཁས་པ་ལགས་བཀའ་སྩལ་པ། བྱམས་པ་དུས་ཆོས་གདགས་པ་རྣམ་པར་བཞག། ་པ་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྔོ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས ་བ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། གཏན་ལ་ཕབ་པར་བསྟན་པའི་སྡེ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་དེ་དག་བྱང་ཆུབ་སེམས་དཔས་ལེགས་པར་ཐོས།། ་ལེགས་པར་གཟུང་། ཁ་ཏོན་བྱུང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། མཐོང་བས་ཤིན་ཏུ་རྟོགས་པར་བྱས་ནས་དེ་གཅིག་པུ་དབེན་བྱར་འདུག་ཏེ་ནང་དུ་ཡང་དག་བཞག་ནས་ཇི་ལྟར་ལེགས་པར་བསྣམས ་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ།། དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པ་དེ་ལ་ལུས་ནི་ཤིན་ཏུ ་སྦྱངས་པ་འབྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ།། དེ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཡོངས་སུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས ་ཏེ། སེམས་ཀྱིས་རྣམ་པར་གཡེང་བ་སྤངས་ནས་ཇི་ལྟར་བསམ་པའི་ཆོས་དེ་དག་ཉིད་ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད་དོ།། མོས་པར་བྱེད་དོ།། དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས ་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་། ཡོངས་སུ་སྤྱོད་པ་དང་། བཟོད་པ་དང་། འདོད་པ་དང་། བྱེ་བྲག་འབྱེད་པ་དང་། ལྟ་བ་དང་། རྟོགས་པ་གང ་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའི་ལྷག་མཐོང་ལ་མཁས་པ་ཡིན་ནོ་ཞེས་གསུངས་སོ།། དེ་ལ་རྣལ་འབྱོར་པ་ཞི་གནས་མངོན་པར་སྒྲུབ་པར་འདོད་པས་ཐོག་མ་རེ་ཞིག་མདོའི་སྡེ་དང་། དབྱངས ་ཀྱིས་བརྙེད་པའི་སྡེ་ལ་སོགས་གསུངས་རབ་མཐའ་དག་ནི་དེ་བཞིན་ཉིད་ལ་གཞོལ་བ། དེ་བཞིན་ཉིད་ལ་བབ་པ། དེ་བཞིན་ཉིད་ལ་བབ་པ། དེ་བཞིན་ཉིད་ལ་བབ་པའོ་ཞེ་སྡེ་ཐམས་ཅད་སྡུས་ཏེ་དེ་ལ་སེམས་ཉེ་བར་བཞག་པར ་བྱའོ།། རྣམ་པ་ཅིག་ཏུ་ན་རྣམ་པ་ཇི་ཙམ་གྱིས་ཆོས་ཐམས་ཅད་བསྡུས་པར་འགྱུར་བ་ཕུང་པོ་ལ་སོགས་པ་དེ་ལ་སེམས་ཉེ་བར་གཞག་པར་བྱའོ།། རྣམ་པ་གཅིག་ཏུ་ན་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པའི་སངས་རྒྱས ་ཀྱི་སྐུ་གཟུགས་ལ་སེམས་བཞག་པར་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཇི་སྐད་དུ། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱི།། འཇིག་རྟེན་མགོན་པོ་ཀུན་ཏུ་མཛྙཱ་བ་སྟེ། དམིགས་པ་དེ་ལ་གང་གི་སེམས ་འཇུག་པ།། བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ་ཞེས་གསུངས་པ་ལྟ་བུའོ།། དེ་ལྟར་གང་ལ་འདོད་པའི་དམིགས་པ་དེ་ལ་སེམས་བཞག་ནིས་དེ་ཉིད་ལ་ཕྱིར་ཞིང་རྒྱུན་ཏུ་གཞག་པར་བྱའོ།། དེ་ལ་ཉེ་བར་གཞག་ནས་སེམས ་ལ་འདི་ལྟར་སྤྱད་པར་བྱ་སྟེ། ཅི་དམིགས་པ་ལེགས་པར་འཛིན་ཏམ། འོན་ཏེ་བྱིང་ངམ། འོན་ཏེ་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་འཕྱར་བས་རྣམ་པར་གཡེངས་སམ་སྙམ་དུ་བརྟག་པར་བྱའོ།། དེ་ལ་གལ་ཏེ་རྨུགས་པ་དང་གཉིད་ཀྱིས་ནོན ་ནས་སེམས་བྱིང་ངམ་བྱིང་དུ་དོགས་པ་མཐོང་བ་དེའི་ཚེ། མཆོག་ཏུ་དགའ་བའི་དངོས་པོས་སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པ་འམ་སྣང་བའི་འདུ་ཤེས་ཡིད་ལ་བྱའོ།། དེ་ནས་བྱིང་བ་ཞི་བར་བྱས་ནས་ཅི་ནས་ཀྱང་དམིགས་པ་དེ ་ཉིད་སེམས་ཀྱིས་ཤིན་ཏུ་གསལ་བར་མཐོང་བར་གྱུར་པ་དེ་ལྟར་བྱའོ།། གང་གི་ཚེ་དམུས་ལོང་ལྟ་བུའམ། མི་མུན་པར་ཞུགས་པ་ལྟ་བུ་འམ། མིག་བཙུམས་པ་ལྟ་བུའི་སེམས་ཀྱིས་དམིགས་པ་ཤིན་ཏུ་གསལ་བར་མི་མཐོང་བ་དེའི་ཚེ ་བྱིང་བར་གྱུར་པར་རིག་པར་བྱའོ།། གང་གི་ཚེ་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལ་དེ་དག་གི་ཡོན་ཏན་རྟོག་པས་བརྒྱུག་པའི་ཕྱིར་རམ། གཞན་ཡིད་ལ་བྱེད་པས་སམ། སྔོན་མྱོང་བའི་ཡུལ་ལ་འདོད་པས་སེམས་རྒོད་པ་འམ་རྒོད་དུ ་འཇུག་དོགས་པར་མཐོང་བ་དེའི་ཚེ་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པ་ཡིད་འབྱུང་བར་འགྱུར་བའི་དངོས་པོ་ཡིད་ལ་བྱའོ།། དེ་ནས་རྣམ་པར་གཡེང་བ་ཞི་བར་བྱས་ནས་རྣམ་པ་དང་ཤེས་བཞིན་གྱི་ཐག་པས ་ཡིད་ལ་གླང་པོ་ཆེ་དམིགས་པའི་སྡོང་པོ་དེ་ཉིད་ལ་གདགས་པར་བྱའོ།། གང་གི་ཚེ་བྱིང་བ་དང་རྒོད་པ་མེད་པར་འགྱུར་ཏེ། དམིགས་པ་དེ་ལ་རྣལ་དུ་འཇུག་པར་མཐོང་བ་དེའི་ཚེ་ནི་རྩོལ་བ་གློང་ལ་བཏང་སྙོམས་སུ་བྱ་ཞིང་། དེའི་ཚེ་ནམ་སྡོང ་ཀྱི་བར་དུ་འདུག་པར་བྱའོ།། དེ་ལྟར་ཞི་གནས་གོམས་པར་བྱས་པ་དེའི་ལུས་ལ་སེམས་ཤིན་ཏུ་སྦྱངས་པར་གྱུར་པ་དང་། ཇི་ལྟར་འདོད་པ་བཞིན་དུ་དམིགས་པ་དེ་ལ་སེམས་དབང་དུ་གྱུར་པ་དེའི་ཚེ་དེའི་ཞི་གནས་གྲུབ་པ་ཡིན་པར ་རིག་པར་བྱའོ།། དེ་ནས་ཞི་གནས་གྲུབ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། འདི་སྙམ་དུ་བསམ་པར་བྱའོ།། བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ལེགས་པར་གསུངས་པ་སྟེ། མངོན་སུམ་རྒྱུད་པས་དེ་ཁོ་ན་མངོན་པར ་གསལ་བར་བྱེད་པ་དང་། དེ་ཁོ་ན་ལ་གཞོལ་བ་ཉིད་དོ།། དེ་ཁོ་ན་ཤོས་ན་སྣང་བ་བྱུང་བས་མུན་པ་གསལ་བ་བཞིན་དུ་ལྟ་བའི་དྲ་བ་ཐམས་ཅད་བྲལ་བར་འགྱུར་རོ།། ཞི་གནས་ཙམ་གྱི་ནི་ཡེ་ཤེས་དག་པར་མི་འགྱུར་ཞིང་སྒྲིང ་པའི་མུན་པ་ཡང་སེལ་བར་མི་འགྱུར་གྱི། ཤེས་རབ་ཀྱི་ནི་དེ་ཁོ་ན་ལེགས་པར་བསྒོམས་ན་ཡེ་ཤེས་རྣམ་པར་དག་པར་འགྱུར། ཤེས་རབ་ཁོ་ནས་དེ་ཁོ་ན་ཉིད་རྟོགས་པར་འགྱུར། ཤེས་རབ་ཁོ་ནས་སྒྲིབ་པ་ཡང་དག ་པར་སྤོང་བར་འགྱུར་ཏེ། དེ་ལྟ་བས་ན་བདག་གི་ཞི་གནས་ལ་གནས་ཏེ་ཤེས་རབ་ཀྱི་དེ་ཁོ་ན་ཡོངས་སུ་བཙལ་བར་བྱའི། ཞི་གནས་ཙམ་གྱི་ཆོག་པར་འཛིན་པར་མི་བྱའོ་སྙམ་མོ།། དེ་ཁོ་ན་ཇི་ལྟ་བུ་ཞེ་ན། གང ་དོན་དམ་པར་དངོས་པོ་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱི་སྟོང་པ་ཉིད་དེ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྟོགས་པར་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ཕ་རོལ་ཏུ་ཕྱིན་པ་གང་གི་འཛིན་པ་ལགས། སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་འཛིན་ཏོ་ཞེས་ཇི་སྐད ་གསུངས་པ་ལྟ་བུའོ།། དེ་བས་ན་ཞི་གནས་ལ་གནས་ཏེ་ཤེས་རབ་བསྒོམ་པར་བྱའོ།། དེ་ལ་རྣལ་འབྱོར་པས་འདི་ལྟར་རྣམ་པར་སྤྱད་པར་བྱ་སྟེ། གང་ཟག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གུད་ན་མི་དམིགས་སོ།། ་གང་ཟག་ནི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། ཕུང་པོ་ལ་སོགས་པོ་དེ་དག་ནི་མི་རྟག་པ་དང་དུ་མའི་ངོ་བོ་ཡིན་པའི་ཕྱིར་དང་། གང་ཟག་ནི་རྟག་པ་དང་། གཅིག་པུའི་ངོ་བོ་ཡིན་པར་གཞན་དག་གིས་བརྟགས ་པའི་ཕྱིར་རོ།། དེ་ཉིད་དམ་གཞན་དུ་བརྗོད་དུ་མི་རུང་བའི་གང་ཟག་གི་དངོས་པོ་ཡོད་པར་མི་རུང་སྟེ། དངོས་པོ་ཡོད་པའི་རྣམ་པ་གཞན་མེད་པའི་ཕྱིར་རོ།། དེ་ལྟ་བས་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ང་དང་ངའི་ཞེས་བྱ་བ་འདི ་ནི་འཁྲུལ་པ་ཁོ་ནའོ་ཞེས་དཔྱད་པར་བྱའོ།། ཆོས་བདག་མེད་པ་ཡང་འདི་ལྟར་བསྒོམ་པར་བྱ་སྟེ། ཆོས་ཞེས་བྱ་བ་ནི་མདོར་བསྡུས་ན་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དོ།། དེ་ལ་ཕུང་པོ་དང ་མཆེད་དང་། ཁམས་གཟུགས་ཅན་གང་དག་ཡིན་པ་དེ་དག་ནི་དོན་དམ་པར་ན་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དོ།། དེ་དག་རྡུལ་ཕྲ་རབ་ཏུ་བཤིག་ལ་རྡུལ་ཕྲ་རབ་རྣམས་ཀྱང་། ཆ་ཤས་ཀྱི་ངོ་བོ་ཉིད་སོ་སོར་རྟོག་ན་ངོ ་བོ་ཉིད་ངེས་པར་བཟུང་དུ་མེད་པའི་ཕྱིར་རོ།། དེ་ལྟ་བྱས་ན་ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་ནི་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པའི་དབང་གིས་རྨི་ལམ་ན་དམིགས་པའི་གཟུགས་ལ་སོགས་པ་སྣང ་བ་བཞིན་ཏུ་བྱི་བ་རྣམས་ལ་སེམས་ཉིད་གཟུགས་ལ་སོགས་པ་ཕྱི་རོལ་ཏུ་ཆད་པ་བཞིན་དུ་སྣང་གི་དོན་དམ་པར་ན་འདི་ལ་གཟུགས་ལ་སོགས་པ་ནི་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དོ་ཞེས་དཔྱད་པར་བྱའོ།། དེ་འདི་སྙམ་དུ ་ཁམས་གསུམ་པ་དེ་ནི་སེམས་ཙམ་མོ་སྙམ་དུ་སེམས་ཤིང་། དེ་དེ་ལྟར་ཆོས་བརྟགས་པ་མཐའ་དག་ནི་སེམས་ཁོ་ན་ཡིན་པར་རྟོགས་ནས། དེ་ལ་སོ་སོར་བརྟགས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལོ་སོ་སོར་བརྟགས་པ ་ཡིན་ནོ།། ཞེས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་རྟོག་གོ། དེ་འདི་ལྟར་དཔྱོད་དོ།། དོན་དམ་པར་ན་སེམས་ཀྱང་བདེན་པར་མི་རུང་སྟེ། གང་གི་ཚེ་རྫུན་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་རྣམ་པ་འཛིན་པའི་སེམས་ཉིད་སྣ ་ཚོགས་ཀྱིས་རྣམ་པར་སྣང་བ་དེའི་ཚེ་དེ་བདེན་པ་ཉིད་དུ་གྲཝ་ལ་འགྱུར་ཇི་ལྟར་གཟུགས་ལ་སོགས་པ་བརྫུན་པ་དེ་བཞིན་དུ་སེམས་ཀྱང་དེ་ལས་གུད་ན་མེད་པས་བརྫུན་པ་ཉིད་དོ།། ཇི་ལྟར་གཟུགས་ལ་སོགས་པ་སྣ ་ཚོགས་ཀྱིས་རྣམ་པ་ཡིན་པས་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ་སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ནོ།། དེ་ལྟ་བས་ན་སེམས་ནི་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ།། ་སེམས་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ།། ཞེས་དཔྱོད་དོ།། དེས་དེ་ལྟར་ཤེས་རབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་ན་དོན་དམ་པར་སེམས་ནི་ནང་དུ་ཡང་མི་དམིགས། ཕྱི། ་རོལ་ཏུ་ཡང་མི་དམིགས། གཉིས་ཀ་མེད་པར་ཡང་མི་དམིགས། འདས་པའི་སེམས་ཀྱང་མི་དམིགས། མ་འོངས་པ་ཡང་མི་དམིགས། ད་ལྟར་བྱུང་བ་ཡང་མི་དམིགས་སོ།། སེམས་སྐྱེ་བའི་ཚེ་གང་ནས་ཀྱང་མི་འོང་། འགག་པའི ་ཚེ་གང་དུ་ཡང་མི་འགྲོ་སྟེ། སེམས་ནི་བཟུང་དུ་མེད་པ། བསྟན་དུ་མེད་པ། གཟུགས་ཅན་མ་ཡིན་པའོ།། བསྟན་དུ་མེད་ཅིང་བཟུང་དུ་མེད་ལ་གཟུགས་ཅན་མ་ཡིན་པ་གང་ཡིན་པ་དེའི་ངོ་བོ་ཉིད་ཅི་འདྲ་ཞེ་ན། འཕགས་པ་དཀོན ་མཆོག་བརྩེགས་པ་ལས་ཇི་སྐད་གསུངས་པ་ལྟ་བུ་སྟེ། འོད་སྲུངས་སེམས་ནི་ཡོངས་སུ་བཅིལ་ན་མི་རྙེད་དོ།། གང་མི་རྙེད་པ་རྔོ་མི་དམིགས་སོ།། གང་མི་དམིགས་པ་དེ་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ་ད་ལྟར་བྱུང་བ་ཡང་མ་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་ངོ་།། དེ་དེ་ལྟར་བརྟགས་ན་སེམས་ཀྱི་དང་པོ་ཡང་དག་པར་རྗེས་སུ་མི་མཐོང་། ཐ་མ་ཡང་དག་པར་རྗེས་སུ་མི་མཐོང་། བར་མ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།། ཇི་ལྟར་སེམས་ལ ་མཐའ་དང་དབུས་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་དོ།། དེས་དེ་ལྟར་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་ནས་སེམས་ཀྱི་ངོ་བོ་ཉིད་གང་ཡང་མི་དམིགས་སོ།། སེམས་གང་གི་ཡོངས ་སུ་རྟོག་པ་དེ་ཡང་སྟོང་པར་རྟོགས་སོ།། དེ་རྟོགས་པས་སེམས་ཀྱི་རྣམ་པར་བསྒྲུབ་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་།། དེས་དེ་ལྟར་ཤེས་རབ་ཀྱི་ཆོས་ཐམས་ཅད་ཀྱི ་ངོ་བོ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུགས་རྟག་གོ་ཞེ་འམ། མི་རྟག་གློ་ཞེ་འམ། སྟོང་ངོ་ཞེ་འམ། མི་སྟོང་ངོ་ཞེ་འམ། ཟག་པ་དང་བཅས་པའོ་ཞེ་འམ། ཟག་པ་མེད་པའོ་ཞེ་འམ། བྱུང་བའོ་ཞེ་འམ། མ ་བྱུང་བའོ་ཞེ་འམ། ཡོད་པའོ་ཞེ་འམ། མེད་པའོ་ཞེ་འམ། རྟོག་པར་མི་བྱེད་དམ། ཇི་ལྟར་གཟུགས་ལ་རྟོག་པར་མི་བྱེད་པ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཡང་རྟོག ་པར་མི་བྱེད་དེ། ཆོས་ཅན་མ་གྲུབ་ན་དེའི་ཕྱིར་བྱེ་བྲག་རྣམས་ཀྱང་མི་འགྲུབ་པས་དེ་ལ་རྟོག་པ་ག་ལ་འགྱུར། དེས་དེ་ལྟར་ཤེས་རབ་ཀྱི་རྣམ་པར་དཔྱད་དེ། གང་གི་ཚེ་རྣལ་འབྱོར་པས་དངོས་པོ་གང་གི་ངོ་བོ་ཉིད་དོན་དམ་པར་ངེས ་པར་མི་འཛིན་པ་དེའི་ཚེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ།། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱང་རྟོགས་སོ།། གང་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་སོ་སྦྱོར་བརྟགས་ནས་མི་བསྒོམ ་གྱི། ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ཙམ་འབའ་ཞིག་སྒོམ་པར་བྱེད་པ་དེའི་རྣམ་པར་རྟོག་པ་ནམ་ཡང་མི་རྟོག་ཅིང་ངོ་བོ་ཉིད་མེད་པ་རྟོག་པར་ཡང་མི་འགྱུར་ཏེ། ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ།། འདི་ལྟར་ཡང་དག་པར ་སོ་སོར་རྟོག་པ་ཉིད་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་མེ་བྱུང་ན་གཙུབས་ཤིང་གཙུབས་པའི་མེ་བཞིན་དུ་རྟོག་པའི་ཤིང་སྲེག་གོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་དཀོན་མཆོག་སྤྲིན་ལས་ཀྱང ་བཀའ་སྩལ་ཏེ། དེ་ལྟར་སྐྱོན་ལ་མཁས་པ་དེ་སྤྲོས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་སྟོང་པ་ཉིད་བསྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ།། དེ་སྟོང་པ་ཉིད་སྒོམ་པ་མང་བས་གནས་གང་དང་གང་དུ། སེམས་འཕྲོ་ཞིང་སེམས ་མངོན་པར་དགའ་བའི་གནས་དེ་དང་དེ་དག་གི་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ།། སེམས་གང་ཡིན་པ་དེ་ཡང་བརྟགས་ན་སྟོང་པར་རྟོགས་སོ།། སེམས་གང་གི་རྟོགས་པ་དེ་ཡང་ངོ་བོ་ཉིད་ཀུན་ཏུ་བཙལ་ན་སྟོང་པར ་རྟོགས་ཏེ། དེ་དེ་ལྟར་རྟོག་པས་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ།། ཞེས་འབྱུང་ངོ་།། འདི་ནི་ཡོངས་སུ་རྟོགས་པ་མངོན་དུ་སྟོང་པ་ཉིད་མཚན་མ་མེད་པ་ཉིད་ལ་འཇུག་པར་བསྟན་ཏེ། ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ ་ཙམ་དང་། ཤེས་རབ་ཀྱི་དངོས་པོའི་ངོ་བོ་ཉིད་མི་སྦྱོང་བུར་མི་རྟོག་པ་ཉིད་དུ་འཇུག་པ་མི་སྲིད་པར་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ།། དེ་དེ་ལྟར་ཤེས་རབ་ཀྱིས་གཟུགས་ལ་སོགས་པའི་དངོས་པོའི་ངོ་བོ་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ ་བརྟག་ནས་བསམ་གཏན་བྱེད་ཀྱི། གཟུགས་ལ་སོགས་པ་ལ་གནས་ནས་བསམ་གཏན་མི་བྱེད་ཅིང་། འཇིག་རྟེན་འདི་དང་ཕ་རོལ་གྱི་བར་ལ་གནས་ནས་བསམ་གཏན་མི་བྱེད་དོ།། གཟུགས་ལ་སོགས་པ་དེ་དག་མི་དམིགས ་པའི་ཕྱིར་རོ།། དེ་ལྟ་བས་ན་མི་གནས་པའི་བསམ་གཏན་པ་ཞེས་བྱའོ།། ཤེས་རབ་ཀྱི་དངོས་པོ་མཐའ་དག་གི་ངོ་བོ་ཉིད་ལ་སོ་སོར་བརྟགས་ནས་གང་གི་ཕྱིར་མི་དམིགས་པར་བསམ་གཏན་བྱེད་པ་དེའི་ཕྱིར་ཤེས་རབ་མཆོག ་གི་བསམ་གཏན་པ་ཞེས་བྱ་སྟེ། འཕགས་པ་ན་མཁའ་མཛོད་དང་། འཕགས་པ་གཙུག་ན་རིན་པོ་ཆེ་ལ་སོགས་པ་ལས་བསྟན་པ་བཞིན་ནོ།། དེ་ལྟར་གང་ཟག་དང་ཆོས་ལ་བདག་མེད་པའི་དེ་ཁོ་ན་ལ་ཞུགས་པ་དེ་ཡོངས་སུ ་བརྟག་པར་བྱ་བ་གཞན་མེད་པས་རྟོག་པ་དང་དཔྱོད་པ་དང་བྲལ་བ་བརྗོད་པ་མེད་པ་དང་གཅིག་ཏུ་གྱུར་པའི་ཡིད་ལ་བྱེད་པ་རང་གི་ངང་གི་འཇུག་པ་མངོན་པར་འདུ་བྱེད་པ་མེད་པ་དེ་ཁོ་ན་ཉིད་ལ་ཤིན་ཏུ་གསལ་བར་བསྒོམ་ཞིང་འདུག་པར ་བྱའོ།། དེར་གནས་ནས་སེམས་ཀྱི་རྒྱུན་རྣམ་པར་མི་གཡེང་བར་བྱའོ།། གང་གི་ཚེ་བར་སྐབས་སུ་འདོད་ཆགས་ལ་སོགས་པས་སེམས་ཕྱི་རོལ་ཏུ་རྣམ་པར་གཡེང་བ་དེའི་ཚེ་རྣམ་པར་གཡེང་བ་ཚོར་བར་བྱས་ལ་མྱུར་དུ་མི་སྡུག་པ ་བསྒོམ་པ་ལ་སོགས་པ་རྣམ་པར་གཡེང་བ་ཞི་བར་བྱས་ནས་མྱུར་དུ་དེ་བཞིན་ཉིད་ལ་སེམས་ཕྱིར་ཞིང་འཇུག་པར་བྱའོ།། གང་གི་ཚེ་དེ་ལ་སེམས་མངོན་པར་མི་དགའ་བ་མཐོང་བ་དེའི་ཚེ་ཏིང་ངེ་འཛིན་གྱིས་ཡོན་ཏན ་མཐོང་བས་དེ་ལ་མངོན་པར་དགའ་བ་བསྒོམ་པར་བྱའོ།། རྣམ་པར་གཡེང་པ་ལ་ཉེས་པ་མཐོང་བས་ཀྱང་མི་དགའ་བ་རབ་ཏུ་ཞི་བར་བྱའོ།། ཇི་སྟེ་རྨུགས་པ་དང་གཉིད་ཀྱིས་གནོན་ཏེ་རྒྱུ་བ་མི་གསལ་བས་སེམས་བྱེད་དམ་བྱིང་དུ་དོགས་པ ་དེའི་ཚེ་གོང་མ་བཞིན་དུ་མཆོག་དུ་དགའ་བའི་དངོས་པོ་ཡིད་ལ་བྱེད་པས་མྱུར་དུ་བྱིང་བ་ཞི་བར་བྱས་ལ། ཡང་དམིགས་པ་དེ་ཁོ་ན་དེ་ཉིད་ཤིན་ཏུ་དམ་པོར་གཟུང་བར་བྱའོ།། ཇི་སྟེ་གང་གི་ཚེ་སྟོན་བགད་པ་དང་། རྩེས་པ་རྗེས་སུ་དྲན་པས།། ་བར་སྐབས་སུ་སེམས་འཕྱར་བ་འམ། རྒོད་དུ་དོགས་པར་མཐོང་བ་དེའི་ཚེ་གོང་མ་བཞིན་དུ་མི་རྟག་པ་ལ་སོགས་པ་ཡིད་དུ་འབྱུང་བར་འགྱུར་བའི་དངོས་པོ་ཡིད་ལ་བྱས་པ་ལ་གཡེང་བ་ཞི་པར་བྱ་ཞིང་དེ་ཁོ་ན་ཉིད་ལ་སེམས་མངོན ་བར་འདུ་བྱེད་པ་མེད་པར་འཇུག་པར་འབད་པར་བྱའོ།། ཇི་སྟེ་གང་གི་ཚེ་བྱིང་བ་དང་རྒོད་པ་དང་བྲལ་བར་གྱུར་ནས་མཉམ་པར་ཞུགས་ཏེ། དེ་ཁོ་ན་ཉིད་ལ་སེམས་རང་གི་ངང་གིས་འཇུག་པར་འགྱུར་བ་དེའི་ཚེ་རྩོལ་བ་གློ་དེ་བཏང ་སྙོམས་སུ་བྱའོ།། གལ་ཏེ་སེམས་མཉམ་པར་ཞུགས་པ་ལ་བཙལ་བ་བྱས་ན་དེའི་ཚེ་སེམས་རྣམ་པར་གཡེང་བར་འགྱུར་རོ།། གལ་ཏེ་སེམས་བྱེང་བར་གྱུར་པ་ལ་བཙལ་བར་མ་བྱས་ནས་དེའི་ཤིན་ཏུ་བྱིང་བས་ལྷག་མཐོང་མེད ་སེམས་དམུས་ལོང་བཞིན་དུ་འགྱུར་རོ།། དེ་ལྟ་བས་ན་སེམས་བྱིང་བར་གྱུར་ན་བཙལ་བར་བྱའོ།། མཉམ་པར་གྱུར་ན་བཙལ་བར་མི་བྱའོ།། གང་གི་ཚེ་ལྷག་མཐོང་བསྒོམ་པས་ཤེས་རབ་ཤིན་ཏུ་ཤས་ཆེ་བར་འགྱུར་བ་དེའི་ཚེ་ཞི་གནས ་ཆུང་བས་མར་མེ་རླུང་ལ་གཞག་པ་དེ་བཞིན་དུ་སེམས་གཡོ་བར་འགྱུར་ཏེ། དེའི་ཕྱིར་དེ་ཁོ་ན་ཤིན་ཏུ་གསལ་བར་མཐོང་བར་མི་འགྱུར་ཏེ། དེ་བས་ནི་དེའི་ཚེ་ཞི་གནས་བསྒོམ་པར་བྱའོ།། ཞི་གནས་ཤས་ཆེ་བར་གྱུར་ན་ཡང་ཤེས ་རབ་བསྒོམ་པར་བྱའོ།། གང་གི་ཚེ་གཉིས་ཀ་མཉམ་པར་འཇུག་པའི་ཚེ་ལུས་དང་སེམས་ལ་གནོད་པ་མ་གྱུར་གྱི་བར་དུ་མངོན་པར་འདུ་བྱེད་པ་མེད་པར་གནས་པར་བྱའོ།། ལུས་ལ་སོགས་པ་གནོད་པར་གྱུར་ན་དེའི་བར་སྐབས ་སུ་འཇིག་རྟེན་མཐའ་དག་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། ཆུ་ཟླ་དང་། མིག་གཡོར་ལྟ་བུར་ལྟ་ཞིང་། འདི་སྙམ་དུ་བསམ་པར་བྱ་སྟེ། སེམས་ཅན་འདི་དག་ནི་ཆོས་ཟབ་མོ་འདི་ལྟ་བུ་ཁོང་དུ་མ་ཆུད་པས་འཁོར་བ་ནི་ཀུན ་ཏུ་ཉོན་མོངས་པར་འགྱུར་གྱི། བདག་གིས་ཅི་ནས་ཀྱང་དེ་དག་ཆོས་ཉིད་དེ་ཁོང་དུ་ཆུད་པར་གྱུར་པ་དེ་ལྟར་བྱའོ་སྙམ་དུ་བསམ་ཞིང་སྙིང་རྗེ་ཆེན་པོ་དེ་བྱང་ཆུབ་ཀྱི་སེམས་མངོན་དུ་བྱའོ།། དེ་ནས་ང་ལྔ་བསོ་ལ་ཡང་དེ་བཞིན་དུ་ཆོས ་ཐམས་ཅད་སྣང་བ་མེད་པའི་ཏིང་ངེ་འཛིན་ལ་འཇུག་པར་བྱའོ།། ཡང་སེམས་ཤིན་ཏུ་སྐྱོ་བར་གྱུར་ན་དེ་བཞིན་དུ་ངལ་བསོ་བར་བྱའོ།། འདི་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པ་འཇུག་པའི་ལམ་སྟེ་རྣམ་པར་རྟོག་པ་དང ་བཅས་པ། རྣམ་པར་མི་རྟོག་པའི་གཟུགས་བརྙན་ལ་དམིགས་པའོ།། དེ་ལྟར་རྣལ་འབྱོར་པས་རིམ་པ་འདི་ཆུ་ཚོད་ཅིག་གམྦྷ། མེལ་ཚེ་ཐུན་བྱེད་དམ། ཐུན་དྷྲྀག་གམ། ཇི་སྲིད་འདོད་ཀྱི་བུར་དུ་དེ་ཁོ་ན་བསྒོམ། ་ཞིང་འདུག་པར་བྱའོ།། འདི་ནི་དོན་རབ་ཏུ་དབྱེ་བའི་བསམ་གཏན་ཏོ།། འཕགས་པ་ལང་ཀར་གཤེགས་པ་ལས་བསྟན་ཏོ།། དེ་ནས་འདོད་ན་ཏིང་ངེ་འཛིན་ལས་ལངས་ཏེ་སྐྱིལ་མོ་ཀྲུང་མི་བཤིག་པར་འདི་སྙམ་དུ་ཆོས་འདི་འདག ་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཡིན་ཏུ་ཟིན་ཀྱང་། ཀུན་རྫོབ་ཏུ་རྣམ་པར་གནས་པ་ཉིད་དོ།། དེ་ལྟ་མ་ཡིན་ན་ལས་དང་འབྲས་བུ་འབྲེལ་པ་ལ་སོགས་པ་ཇི་ལྟར་རྣམ་པར་གནས་པར་འགྱུར། བཅོམ་ལྡན་འདས ་ཀྱིས་ཀྱང་། དངོས་པོ་སྐྱེ་བ་ཀུན་རྫོབ་ཏུ།། དམ་པའི་དོན་དུ་རང་ནི་མེད།། ཅེས་བཀའ་སྩལ་ཏོ།། སེམས་ཅན་བྱིས་པའི་བློ་ཅན་འདི་དག་ནི་ངོ་བོ་ཉིད་མེད་པའི་དངོས་པོ་རྣམས་ལ་ཡོད་པ་ལ་སོགས་པ་སྒྲོ་འདོགས་པས་བློ་ཕྱིན་ཅི་ལོག ་ཏུ་གྱུར་ཏེ། ཡུན་རིང་པོར་འཁོར་བའི་འཁོར་ལོ་ན་ཡོངས་སུ་འཁྱམས་པས་བདག་གིས་ཙྭི་ནས་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བླ་ན་མེད་པ་ཡོངས་སུ་རྫོགས་པར་བྱ་སྟེ། དེ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ ་པར་བྱས་ལ་དེ་དག་ཆོས་ཉིད་ཁོང་དུ་ཆུད་པར་བྱའོ་སྙམ་བསམས་ལ། དེ་ནས་དལ་བུས་སྐྱིལ་མོ་ཀྲུང་བཤིག་ཏེ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ལ། དེ་དག་ལ ་མཆོད་པ་དང་བསྟོད་པ་བྱས་ནས། འཕགས་པ་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེན་པོ་གདབ་བོ།། དེ་ན་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་སྦྱིན་པ་ལ་སོགས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་བསྒྲུབ ་པ་ལ་མངོན་པར་བརྩོན་པར་བྱའོ།། དེ་ལྟར་གྱུར་ན་བསམ་གཏན་དེ་རྣམས་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབ་པ་ཡིན་ཏེ། འཕགས་པ་གཙུག་ན་རིན་པོ་ཆེ་ལས་ཇི་སྐད་དུ། དེ་བྱམས་པའི་གོ་ཆ་བགོས ་ཤིང་སྙིང་རྗེ་ཆེན་པོའི་གནས་ལ་གནས་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་སྒྲུབ་པའི་བསམ་གཏན་བྱེད།། དེ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གང་ཞེ་ན། གང་སྦྱིན་པ ་དང་མ་བྲལ་བ། ཚུལ་ཁྲིམས་དང་མ་བྲལ་བ། བཟོད་པ་དང་མ་བྲལ་བ། བརྩོན་འགྲུས་དང་མ་བྲལ་བ། བསམ་གཏན་དང་མ་བྲལ་བ། ཤེས་རབ་དང་མ་བྲལ་བ། ཐབས་དང་མ་བྲལ་བ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བཀའ་སྩལ ་པ་ལྟ་བུའོ།། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང་། ཞི་དང་། ལུས་དང་། གཡོག་འཁོར་མང་པོ་ལ་སོགས་པ་ཕུན་སུམ་ཚོགས་པར་གྱུར་པའི་ཐབས་སྦྱིན་པ་ལ་སོགས་པའི་དགེ་བ་ངེས ་པར་བསྟེན་པར་བྱ་དགོས་སོ།། དེ་ལྟ་མ་ཡིན་ན་སངས་རྒྱས་ཀྱི་ཞིང་ལ་སོགས་པ་ཕུན་སུམ་ཚོགས་པ་གང་བཀའ་སྩལ་པ། དེ་གང་གི་འབྲས་བུ་ཡིན་པར་འགྱུར། དེ་ལྟ་བས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས ་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྦྱིན་པ་ལ་སོགས་པ་ཐབས་ཀྱིས་ཡོངས་སུ་རྫོགས་པར་འགྱུར་བས། བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐར་ཕྱིན་པ་ཡིན་ནོ།། ཞེས་བཀའ་སྩལ་ཏོ།། ་དེའི་ཕྱིར་བྱང་ཆུབ་སེམས་དཔས་སྦྱིན་པ་ལ་སོགས་པ་ཐབས་ལ་ཡང་བསྟེན་པར་བྱའི། སྟོང་པ་ཉིད་འབབ་ཞིག་ནི་མ་ཡིན་ནོ།། དྲི་སྐད་དུ་འཕགས་པ་ཆོས་ཐམས་ཅད་ཤིན་ཏུ་རྒྱས་པ་བསྡུས་པ་ལས་ཀྱང་བཀའ་སྩལ་ཏེ། བྱམས ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་བསྒྲུབ་པོ་འདི་ནི་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཡིན་ན། དེ་ལ་མི་བླུན་པོ་དེ་དག་འདི་སྐད་དུ། བྱང་ཆུབ་སེམས་དཔེའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཁོ་ན་ལ་བསླབ་པར་བྱའོ།། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཅི་ཞིག་བྱ་ཟེར་ཞིང་། དེ་དག་ཕ་རོལ་ཏུ་ཕྱིན་པ་གཞན་དག་ལ་ཡང་སུན་འབྱིན་པར་སེམས་སོ།། མ་ཕམ་པ་འདི་ཇི་སྙམ་དུ་སེམས། ཀ་ཤི་ཀའི་རྒྱལ་པོར་གྱུར ་པ་གང་ཡིན་པ་དེ་ཕུག་རོན་གྱི་ཕྱིར་རང་གི་ཤ་ཁཱ་ལ་སྦྱིན་པ་དེ་ཤེས་རབ་འཆལ་པ་ཡིན་ནམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་བྱང ་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་གང་དག་བསགས་པའི་དགེ་བའི་རྩ་བ་དེ་དག་གིས་གནོད་པར་གྱུར་ཏམ། བྱམས་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས ་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་ཁྱོད་ཀྱིས་ཀྱང་བསྐལ་པ་དྲུག་ཅུར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས། བསྐལ་པ་དྲུག་ཅུ་རུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་བཟོད་པའི ་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ། བསྐལ་པ་དྲུག་ཅུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་བསྒྲུབས་ན། དེ་ལ་མི་བླུན་པོ་དེ་དག ་ཚུལ་ཅིག་ཁོ་ནས་བྱང་ཆུབ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱིས་ཚུལ་གྱིས་སོ་ཞེས་ཟེར་ཏེ། དེ་དག་ནི་སྤྱོད་པ་ཡོངས་སུ་མ་དྲག་པར་འགྱུར་རོ།། ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་།། ཐབས་དང་བྲེལ་ན་བྱང་ཆུབ་སེམས་དཔའི ་ཤེས་རབ་འབའ་ཞིག་གིས་ནི་ཉན་ཐོས་ཀྱི་བཞིན་དུ་སངས་རྒྱས་ཀྱི་མཛད་པ་བྱེད་མི་ནུས་ཀྱི། ཐབས་ཀྱི་བསྟོངས་ན་ནུས་པ་འགྱུར་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་དུ། འོད་སྲུངས་འདི་ལྟ་སྟེ་དཔེར་ན། བློན ་པོས་ཟིན་པའི་རྒྱལ་པོ་རྣམས་དགོས་པ་ཐམས་ཅད་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཤེས་རབ་ཐབས་མཁས་པས་ཟིན་པ་ཡང་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ་ཞེས་གསུངས་པ་ལྟ་བུའོ།། བྱང་ཆུབ་སེམས་དཔའ ་རྣམས་ཀྱི་ལམ་གྱི་ལྟ་བ་ཡང་གཞན་མུ་སྟེགས་ཅན་དང་། ཉན་ཐོས་རྣམས་ཀྱི་ལམ་གྱི་ལྟ་བ་ཡང་གཞན་ཏེ། འདི་ལྟར་མུ་སྟེགས་ཅན་རྣམས་ཀྱིས་ལམ་གྱི་ལྟ་བ་ནི་བདག་ལ་སོགས་པ་ལ་ཕྱིན་ཅི་ལོག་དང་ལྡན་པའི་ཕྱིར་ཐམས་ཅད་ཀྱི ་ཐམས་ཅད་དུ་ཤེས་རབ་དང་བྲལ་བའི་ལམ་ཡིན་ཏེ། དེ་བས་ན་དེ་དག་ཐར་པ་མི་ཐོབ་བོ།། ཉན་ཐོས་རྣམས་ཀྱིས་ནི་སྙིང་རྗེ་ཆེན་པོ་དང་བྲལ་བས་ཐབས་དང་མི་ལྡན་པ་ཡིན་ཏེ། དེ་བས་ནི་དེ་དག་གཅིག་ཏུ་མྱ་ངན་ལས ་འདས་པ་ལ་གཞོལ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཤེས་རབ་དང་ལྡན་པར་འདོད་དེ། དེས་ན་མི་གནས་པའི་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་ཤེས ་རབ་དང་ཐབས་དང་ལྡན་པར་འདོད་དེ། དེས་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་སྟེ། ཤེས་རབ་ཀྱི་སྟོབས་ཀྱིས་འཁོར་བར་མི་ལྟུང་ལ། ཐབས་ཀྱི་སྟོབྱས་ཀྱིས་མྱ་ངན་ལས་འདས་པར་མི་ལྟུང་བའི་ཕྱིར་རོ།། དེ་བས་ན་འཕགས་པ ་ག་ཡ་གོའི་རི་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུས་ན་འདི་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། ཐབས་དང་ཤེས་རབ་པོ་ཞེས་བཀའ་སྩལ་ཏོ།། འཕགས་པ་དཔལ་མཆོག་དང་པོ་ལས་ཀྱང་། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ།། ཐབས་མཁས་པ་ནི་ཕ་ཡིན་ནོ་ཞེས་བཀའ་སྩལ་ཏོ།། འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་ནི་གང་། ཐར་པ་ནི་གང་ཞེ་ན། ཐབས ་མེད་པར་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ།། ཐབས་ཀྱིས་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་ནི་ཐར་པའོ།། ཐབས་ཀྱིས་མི་ཟིན་པའི་ཤེས་རབ་ནི་འཆིང་བའོ།། ཐབས་ཀྱིས་ཟིན་པའི་ཤེས་རབ ་ནི་ཐར་པའོ།། ཤེས་རབ་ཀྱི་མ་ཟིན་པའི་ཐབས་ནི་འཆིང་བའོ།། ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་པའོ།། ཞེས་རྒྱ་ཆེར་བཀའ་སྩལ་ཏོ།། བྱང་ཆུབ་སེམས་དཔས་ཤེས་རབ་ཙམ་བསྟེན་ན་ནི་ཉན་ཐོས་ཀྱིས་འདོད་པའི་མྱ་ངན་ལས་འདས་པར ་ལྟུང་བས་འཆིང་བ་བཞིན་ཏུ་འགྱུར་ཏེ། མི་གནས་པའི་མྱ་ངན་ལས་འདས་པས་གྲོལ་བར་མི་འགྱུར་རོ།། དེ་ལྟ་བས་ན་ཐབས་དང་བྲལ་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བའོ་ཞེས་བྱའོ།། དེ་ལྟ་བས་ན་ལྷགས་པས ་ཉོཉཉོཉན་པ་མེ་ལ་བརྟེན་པ་བཞིན་དུ་བྱང་ཆུབ་སེམས་དཔས་ཕྱིན་ཅི་ལོག་གི་ལྷགས་པ་ཙམ་སྤང་བའི་ཕྱིར་ཐབས་དང་བཅས་པའི་ཤེས་རབ་ཀྱི་སྟོང་པ་ཉིད་བསྟེན་པར་བྱའི། ཉན་ཐོས་བཞིན་དུ་མངོན་དུ་ནི་མི་བྱ་སྟེ། འཕགས་པ་ཆོས་བཅུ་པའི ་མདོ་ལས་ཇི་སྐད་དུ། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་ལ་ལ་དག་མེ་ཡོངསུ་སྤྱོད་པར་གྱུར་ཏེ། དེ་མེ་དེ་ལ་བསྟི་སྟང་བྱེད། བླ་མར་བྱེད་ཀྱང་དེ་འདི་སྙམ་དུ་བདག་གིས་མེ་དེ་ལ་བསྟི་སྟང་བྱས། བླ་མར་བྱས། རི་མོར་བྱས་ཀྱང་འདི ་ལ་ལག་པ་གཉིས་ཀྱིས་ཡོངས་སུ་བཟུང་བར་བྱའོ་སྙམ་དུ་སེམས་སོ།། དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བདག་ལ་ལུས་ཀྱི་སྡུག་བསྔལ་བ་འམ། སེམས་ཀྱི་ཡིད་མི་བདེ་བར་འགྱུར་དུ་འོང་སྙམ་པའི་ཕྱིར་རོ།། དེ་བཞིན་དུ་བྱང་ཆུབ་སེམས ་དཔའི་ཡང་མྱ་ངན་ལས་འདས་པའི་བསམ་པ་ཅན་ཡང་ཡིན་ལ་མྱ་ངན་ལས་འདས་པ་མངོན་སུམ་དུ་ཡང་མི་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བདག་བྱང་ཆུབ་ལས་ཕྱིར་ལྡོག་པར་འགྱུར་དུ་འོང་སྙམ་པའི་ཕྱིར་རོ།། ཞེས་བཀའ་སྩལ ་པ་ལྟ་བུའོ།། ཐབས་ཙམ་འབའ་ཞིག་བསྟེན་ན་ཡང་བྱང་ཆུབ་སེམས་དཔའི་སོ་སོའི་སྐྱེ་བོའི་ས་ལས་མི་འདའ་བས་ཤིན་ཏུ་བཅིངས་པ་ཁོ་ནར་འགྱུར་རོ།། དེ་ལྟ་བས་ན་ཤེས་རབ་དང་བཅས་པའི་ཐབས ་བསྟེན་པར་བྱ་སྟེ། འདི་ལྟར་སྔགས་ཀྱིས་ཡོངས་སུ་ཟིན་པའི་དུག་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་སྟོབས་ཀྱིས་བསྒོམས་ན་བདུད་རྩིར་འགྱུར་ན། རང ་བཞིན་མངོན་པར་མཐོ་བའི་འབྲས་བུ་ཅན་སྦྱིན་པ་ལ་སོགས་པ་གང་ཡིན་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས་ཇི་སྐད་དུ། འོད་སྲུངས་འདི་ལྟ་སྟེ། དཔེར་ན་སྔགས་དང་སྨན་གྱིས ་ཡོངས་སུ་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ་ཞེས་བཀའ་སྩལ་ཏོ།། དེ ་བྱས་ན་གང་གི་ཕྱིར་བྱང་ཆུབ་སེམས་དཔའི་ཐབས་ཀྱི་སྟོབས་ཀྱིས་འཁོར་བ་མི་འདོར་བ་དེའི་ཕྱིར་མྱ་ངན་ལས་འདས་པར་མི་ལྟུང་ངོ་།། གང་གི་ཕྱིར་ཤེས་རབ་ཀྱི་སྟོབས་ཀྱིས་དམིགས་པ་མཐའ་དགེ་སྤོང་བ་དེའི ་ཕྱིརའཁོར་བར་མི་ལྟུང་སྟེ། དེ་བས་ན་མི་གནས་པའི་མྱ་ངན་ལས་འདས་པ་སངས་རྒྱས་ཉིད་ཐོབ་བོ།། དེ་བས་ན་འཕགས་པ་ན་མཁའ་མཛོད་ལས་ཀྱང་།། དེ་ཤེས་རབ་ཀྱི་ཤེས་པས་ནི་ཉོན་མོངས་པ་ཐམས་ཅད ་ཡོངས་སུ་འདོར་རོ།། ཐབས་ཀྱི་ཤེས་པས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ་།། ཞེས་བཀའ་སྩལ་ཏོ།། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཀྱང་། སེམས་ཅན་གྱི་དོན་ལ་ཤིན་ཏུ་མི་ཕྱོགས་པ་དང་། ་འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་བསྟན་ཏོ།། ཞེས་བཀའ་སྩལ་ཏོ།། དེ་བས་ན་སངས་རྒྱས་ཉིད་ཐོབ་པར་འདོད་པས་ཤེས་རབ་དང་ཐབས ་གཉིས་ཀ་བསྟེན་པར་བྱའོ།། དེ་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་བསྒོམ་པའི་གནས་སྐབས་སམ། ཤིན་ཏུ་མཉམ་པར་གཞག་པའི་གནས་སྐབས་ན་སྦྱིན་པ་ལ་སོགས་པ་ཐབས་ལ་བསྟེན་པ་མི་འབྱུང་དུ་ཟིན་ཀྱང་། དེ་ལ ་སྦྱོར་བ་དང་དེའི་རྗེས་ལས་བྱུང་བའི་ཤེས་རབ་འབྱུང་བ་དེའི་ཚེ་ཐབས་ལ་བསྟེན་པ་འབྱུང་བ་དེ་ཉིད་དེ། དེའི་ཕྱིར་ཤེས་རབ་དང་ཐབས་གཉིས་ཅིག་ཅར་འཇུག་གོ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་དང་ཐབས་ཟུང ་དུ་འབྲེལ་པར་འཇུག་པའི་ལམ་ནི་འདི་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ལྟ་བའི་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་འཇིག་རྟེན་ལས་འདས་པའི་ལམ་བསྟེན་པ་དང་། ལོངས་པའི་ཐབས་ཀྱི་དུས་ན་ཡང་སྒྱུ་མ་མཁན་བཞིན་དུ ་ཕྱིན་ཅི་མ་ལོག་པ་ཁོ་ནའི་སྦྱིན་པ་ལ་སོགས་པ་ལ་བསྟེན་པ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཇི་སྐད་དུ། དེ་ལ་བྱང་ཆུབ་སེམས་དཔའི་ཐབས་ནི་གང་། ཤེས་རབ་མངོན་པར་སྒྲུབ་པ་ནི་གང་ཞེ་ན། གང་གི་ཕྱིར་མཉམ ་པར་གཞུག་པ་ན་སེམས་ཅན་ལྟ་བས་སྙིང་རྗེ་ཆེན་པོའི་དམིགས་པ་ལ་སེམས་ཉེ་བར་འཇོག་པ་དེ་ནི་དེའི་ཐབས་སོ།། གང་གི་ཕྱིར་ཞི་བ་དང་རབ་ཏུ་ཞི་བར་སྙོམས་པར་འཇུག་པ་དེ་ནི་དེའི་ཤེས་རབ་བོ།། ཞེས་རྒྱ་ཆེར་བཀའ་སྩལ་པ ་ལྟ་བུའོ།། བདུད་བཏུལ་བའི་ལེའུ་ལས་ཀྱང་བཀའ་སྩལ་ཏེ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བ་ཡང་དག་ཕུལ་ནི་ཤེས་རབ་ཀྱི་ཤེས་པས་མངོན་པར་བརྩོན་པར་ཡང་མི་བྱེད་ལ། ཐབས་ཀྱི་ཤེས་པས་དགེ་བའི་ཆོས ་མས་ཅད་སྡུད་པར་ཡང་སྦྱོར་བ་དང་། ཤེས་རབ་ཀྱི་ཤེས་པས་བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པར་ཡང་སྦྱོར་ལ། ཐབས་ཀྱི་ཤེས་པས་སེམས་ཅན་ཐམས ་ཅད་ཡོངས་སུ་སྨིན་པར་བྱེད་པར་ཡང་སྦྱོར་བ་གང་ཡིན་པའོ།། ཞེས་རྒྱ་ཆེར་འབྱུང་ངོ་།། འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་ལས་ཀྱང་། དཔེར་ན་སྒྱུ་མའི་མཁན་པོ་ཞིག། སྤྲུལ་པ་ཐར་པར་བྱ་ཕྱིར་བརྩོན།། དེ་ནི ་སྔ་ནས་དེ་ཤེས་པས།། སྤྲུལ་པ་དེ་ལ་ཆགས་པ་མེད།། སྙིང་གསུམ་སྤྲུལ་པ་འདྲ་བར་ནི།། རྫོགས་པའི་བྱང་ཆུབ་མཁས་པས་ཤེས།། འགྲོ་བའི་ཆེད་དུ་གོ་དགོས་ཏེ།། འགྲོ་བ་དེ་ལྟར་ལྡན་རཱཤེས།། ཞེས་འབྱུང་ངོ་།། བྱང་ཆུབ་སེམས་དཔའ ་རྣམས་ཀྱི་ཤེས་རབ་དང་། ཐབས་ཀྱི་ཚུལ་ཁོ་ན་སྒྲུབ་པའི་དབང་དུ་མཛད་ནས། དེའི་སྦྱོར་བ་འཁོར་བ་ན་གནས་པ་ཡང་ཡིན་པ་ལ། བསམ་པ་མྱ་ངན་ལས་འདས་པ་ལ་གནས་པ་ཡང་ཡིན་ནོ།། ཞེས་བཀའ་སྩལ་ཏོ།། དེ་ལྟར་སྟོང་པ་ཉིད ་དང་སྙིང་རྗེ་ཆེན་པོའི་སྙིང་པོ་ཅན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སྦྱིན་པ་ལ་སོགས་པའི་ཐབས་གོམས་པར་བྱས་ལ། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེད་པ་སྔ་མ་བཞིན་དུ་རྟག་པར་དུས་དུས་སུ་ཞི ་གནས་དང་ལྷག་མཐོང་གི་སྦྱོར་བ་ལ་ཅི་ནུས་སུ་བསྒོམ་པར་བྱ་སྟེ། འཕགས་པ་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕན་ཡོན་ཇི ་སྐད་དུ་བསྟན་པ་དེ་བཞིན་དུ་ཉེ་བར་གནས་པའི་དྲན་པས་དུས་ཐམས་ཅད་དུ་ཐབས་ལ་མཁས་པ་གོམས་པར་བྱའོ།། དེ་ལྟར་སྙིང་རྗེ་དང་། ཐབས་དང་། བྱང་ཆུབ་ཀྱི་སེམས་གོམས་པར་བྱས་པ་སྟེ། ཚེ་འདི་ལ་གདོན་མི་ཟ་བར ་ཁྱད་པར་དུ་འགྱུར་ཏེ། དེས་ན་རྨི་ལམ་ནུ་རྟག་ཏུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བར་འགྱུར། རྨི་ལམ་བཟང་པོ་གཞན་དག་ཀྱང་རྨི་བར་འགྱུར། ལྷ་རྣམས་ཀྱང་ཡི་རང་ནས་སྲུང་བ་བྱེད་པར་འགྱུར། སྐད་ཅིག་རེ་རེ ་ལྕེ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་སོགས་པར་འགྱུར་ཉོན་མོངས་པའི་སྒྲིབ་པ་དང་། གནས་ངན་ལེན་ཀྱང་འབྱང་བར་འགྱུར། དུས་ཐམས་ཅད་དུ་ཡང་བདེ་བ་དང་ཡིད་བདེ་བ་མང་བར་འགྱུར། སྐྱེ་བོ་མང ་པོ་ལ་སྡུག་པར་འགྱུར། ལུས་ལ་ཡང་ནད་ཀྱིས་མི་ཐབས་པར་འགྱུར། སེམས་ལས་སུ་རུང་བ་ཉིད་ཀྱི་མཆོག་ཀྱང་ཐོབ་པར་འགྱུར་ཏེ། དེས་ན་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་ཐོབ་བོ།། དེ་ནས་རྫུ་འཕྲུལ ་གྱི་སྟོབས་ཀྱི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ཏུ་སོང་ནས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་དོ།། དེ་དག་ལ་ཆོས་ཀྱང་ཉན་ཏོ།། འཆི་བའི་དུས་ཀྱི་ཚེ་ན་ཡང་གདོན་མི་ཟ་བར་སངས་རྒྱས ་དྲདུདྲུང་བྱང་ཆུབ་སེམས་དཔའ་རྣམས་མཐོང་བར་འགྱུར་རོ།། ཚེ་རབས་གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་མི་འབྲལ་བའི་ཡུལ་དང་ཁྱད་པར་དུ་འཕགས་པའི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེས་ན་འབད ་མི་དགོས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ།། ལོངས་སྤྱོད་ཆེ་བ་དང་། གཡོག་འཁོར་མང་བར་འགྱུར་རོ།། ཤེས་རབ་རྣོ་བས་སྐྱེ་མོ་མང་པོ་ཡོངས་སུ་སྨིན་པར་བྱེད་པར་འགྱུརརོ།། ་ཚེ་རབས་ཐམས་ཅང་དུ་ཚེ་རབས་དྲན་པར་འགྱུར་ཏེ། དེ་ལྟར་ཕུན་ཡོན་ཚད་མེད་པ་མདོ་གཞན་དག་ལས་འབྱུང་བ་ཁོང་དུ་ཆུད་པར་བྱའོ།། དེས་དེ་ལྟར་སྙིང་རྗེ་དང་། ཐབས་དང་། བྱང་ཆུབ་ཀྱི་སེམས་རྟག་ཏུ་གུས ་པར་ཡུན་རིང་དུ་བསྒོམས་ན་རཱིམ་གྱིས་སེམས་འདི་རྒྱུད་ཤིན་ཏུ་ཡོངས་སུ་དག་པའི་སྐད་ཅིག་འབྱུང་བས་ཡོངས་སུ་སྨིན་པར་འགྱུར་བའི་ཕྱིར་གཙུབས་ཤིང་གཙུབས་པའི་མེ་བཞིན་དུ་ཡང་དག་པའི་དོན་ལ་བསྒོམ་པ་རབ ་ཀྱི་མཐར་ཕྱིན་པར་གྱུར་ནས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྟོག་པའི་དྲ་བ་མཐའ་དག་དང་བྲལ་བ། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་ཤིན་ཏུ་གསལ་བར་རྟོགས་པ། དྲི་མ་མེད་ཅིང་མི་གཡོ་ལ་མར་མེ་རླུང་མེད་པར ་གཞག་པ་བཞིན་དུ་མི་གཡོ་བ་ཚད་མེད་པར་གྱུར་པ། ཆོས་ཐམས་ཅད་བདག་མེད་པའི་དེ་ཁོ་ན་མངོན་དུ་བྱེད་པ་མཐོང་བའི་ལམ་གྱི་བསྡུས་པ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་འབྱུང་ངོ་།། དེ་བྱུང་ནས ་དངོས་པོའི་མཐའ་ལ་དམིགས་པ་ལ་ཞུགས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ཡིན། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་པ་ཡིན། འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་ལོག་པ་ཡིན། བྱང ་ཆུབ་སེམས་དཔའི་ཆོས་ཉིད་དང་ཆོས་ཀྱི་དབྱིངས་རྟོག་པ་ལ་གནས་པ་ཡིན། བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་པ་ཡིན་ནོ།། ཞེས་ཕུན་ཡོན་དེ་རྒྱས་པར་ས་བཅུ་པ་ལ་སོགས་པ་ལས་ཁྱོད་དུ་ཆུད་པར་བྱའོ།། འདི་ནི་དེ་བཞིན ་ཉིད་ལ་དམིགས་པའི་བསམ་གཏན་ཏེ། འཕགས་པ་ལང་ཀར་གཤེགས་པ་ལས་བསྟེན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲོས་པ་མེད་པ་རྣམ་པར་མི་རྟོག་པ་ཉིད་ལ་འཇུག་པའོ།། མོས་པས་སྤྱོད་པའི་ས་ལ་ནི་མོས ་པའི་དབང་གི་འཇུག་པར་རྣམ་པར་བཞག་གི། མངོན་པར་འདུ་བྱེད་པས་ནི་མ་ཡིནོ།། ཡེ་ཤེས་དེ་བྱུང་བར་གྱུར་ན་ནི་མངོན་དུ་ཞུགས་པ་ཡིན་ཏེ། དེ་ལྟར་ས་དང་པོར་ཞུགས་པ་དེས་ཕྱིས་བསྒོམ་པའི་ལཱམ་ལ་འཇིག་རྟེན ་ལས་འདས་པ་དང་། དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་གཉིས་ཀྱིས་ཤེས་རབ་དང་། ཐབས་སྒོམ་པས་རིམ་གྱིས་བསྒོམ་པས་སྤང་བར་བྱ་བའི་སྒྲིབ་པ་བསགས་པ་ཕྲ་བ་བས་ཀྱང་ཆོས་ཕྲ་བ་བྱང་བའི་ཕྱིར་དང་། ཡོན་ཏན ་ཁྱུང་ཕྱུར་ཅན་གོང་མ་གོང་མ་ཐོ་བའི་ཕྱིར་གོང་མ་རྣམས་ཡོངས་སུ་སྦྱོང་བས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་བར་ལ་ཞུགས་ནས་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོར་འཇུག་ཅིང་དགོས་པ་ཡོངས ་སུ་འགྲུབ་པའི་དམིགས་པ་ཡང་འཐོབ་སྟེ། འདི་ལྟར་རིམ་པ་ཁོ་ནུར་སེམས་ཀྱི་རྒྱུད་ཡོངས་སུ་དག་པར་འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་བཀའ་སྩལ་ཏོ།། འཕགས་པ་དགོངས་པ་ངེས་པར་འབྲེལ་པ་ལས་ཀྱང་། ་རིམ་གྱི་གོང་མ་གོང་མ་རྣམས་སུ་གསེར་ལྟ་བུར་སེམས་རྣམ་པར་སྤྱོང་ལ་བླ་ནུ་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱའོ།། ཞེས་གསུངས་སོ།། ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱ་མཚོར ་ཞུགས་པ་ན་ཡིད་བཞིན་གྱི་ནོར་བུ་ལྟ་བུར་སེམས་ཅན་མཐའ་དག་ཉེ་བར་འཚོ་བའི་ཡོན་ཏན་གྱི་ཕུང་པོ་དང་ནི་ལྡན། སྔོན་གྱི་སྨོན་ལམ་གྱི་འབྲས་བུ་ཡོད་པར་ནི་མཛད། ཐུགས་རྗེ་ཆེན་པོའི་རང་བཞིན་དུ་ནི་འགྱུར། ལྷུན ་གྱིས་གྲུབ་པའི་ཐབས་སྣ་ཚོགས་ངག་དང་ལྡན། སྤྲུལ་པ་དཔག་ཏུ་མེད་པ་དག་གིས་འགྲོ་བ་མ་ལུས་པའི་དོན་རྣམ་པ་ཐམས་ཅད་ནི་མཛད། ཡོན་ཏན་ཕུན་སུམ་ཚོགས་པ་མ་ལུས་པ་མཐར་ཕྱིན་པར་ནི་འགྱུར། བག ་ཆགས་དང་བཅས་པའི་ཉེས་པའི་དྲི་མ་མཐའ་དག་བསིལ་ནས། སེམ་ཅན་གྱི་ཁམས་མཐའ་གཏུགས་པར་ཞུགས་པ་ཡིན་པར་རྟོགས་པ་དང་ལྡན་པས། སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་མཐའ་དག་གི་འབྱུང ་གནས་ལ་དད་པ་བསྐྱེད་ལ་ཡོན་ཏན་དེ་ཡོངས་སུ་བསྒྲུབ་པའི་ཕྱིར་བདག་ཉིད་ཐམས་ཅད་ཀྱིས་འབད་པར་བྱའོ།། དེ་བས་ན་བཅོམ་ལྡན་གྱིས་འདི་སྐད་དུ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ནི་སྙིང་རྗེའི་རྩ་བ་ལས་བྱུང་བ་ཡིན། ་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་བ་ཡིན། ཐབས་ཀྱིས་མཐར་ཕྱིན་པ་ཡིན་ནོ།། ཞེས་བཀའ་སྩལ་ཏོ།། དམ་པ་ཕྲག་དོག་ལ་སོ་དྲི་མ་ཐག་བསྲིངས་པ།། ཡོན་ཏན་རྣམས་ཀྱིས་མི་ངོམས་ཆུ་ཡི་མཚོ་འདྲ་དག། རྣམ་པར ་ཕྱི་ནས་ལེགས་པར་བཤད་རྣམས་འཛིན་བྱེད་དེ།། དྲང་པ་རབ་དགའ་ཆུ་ལས་འོ་མ་ལེན་པ་བཞིན།། དེ་ལྟ་བས་ན་མཁས་རྣམས་ཀྱིས།། ཕྱོགས་ལྷུང་དཀྲུགས་ཡིད་རིང་སྦྱོངས་ལ།། བྱིས་པ་ལས་ཀྱང་ལེགས་བཤད ་པོ།། ཐམས་ཅད་བླང་བ་ཁོ་ནར་བྱ།། དེ་ལྟར་དབུ་མའི་ལམ་བཤད་པས།། བདག་གིས་བསོད་ནམས་གང་ཐོབ་པ།། དེ་ཡི་སྐྱེ་བོ་མ་ལུས་པ།། དབུ་མའི་ལམ་ནི་ཐོབ་པར་ཤོག། བསྒོམ་པའི་རིམ་པ་ཨཱཙཨཱརྱ་ཀ་མ ་ལ་ཤྲཱི་ལས་བར་དུ་མཛད་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕག ་པའོ།། ་