CLOSE WINDOW

GT3310: kun rdzob byang chub kyi sems bsgom pa'i man ngag yi ger bris pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སཾ་བྲྀ་ཏི་བོ་དྷི་ཙིཏྟ་བྷཱ་བ་ནོ་བ་དེ་ཤཱ་ཝརྞ་སཾ་ཀྲུ་ཧ། དོད་སྐད་དུ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་ཡི་གེར་བྲིས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ་ཀུན་རྫོབ་བྱུབ་ཀྱི་སེམས་བསྒོམ་པའི་ཡི་གེ་པདྨ་སྤུངས་པ་ཞེས་བྱ་བ་ཅུང་ཟད་བྲི་བར་བྱའོ།། ཤེས་རབ་སྙིང་རྗེ་ལྡན་པའི་མོས།། འགྲོ་བ་མགོན་མེད་རྣམས་ཀྱི་ཕྱིར།། དག་པར་བྱེད་ཅིང་སྡིག་སེལ་བ།། བྱང་ཆུབ་སེམས་མཆོག་རབ་བསྐྱོད་ནས།། བྱང ་ཆུབ་སྤྱད་པའི་འགྲོས་ཆེན་གྱིས།། ངེས་འབྱུང་ལམ་ནི་མཐར་ཕྱིན་ན།། ཕ་དང་མ་ལ་རབ་གུས་ཤིང་།། རྒན་ལ་སྲི་ཞུ་བྱེད་པ་དང་།། མི་ཡི་ཆོས་ལུགས་ལེགས་སྲུང་བ།། འདི་ནི་ཡི་རབས་སྤྱོད་པ་ཡིན།། མི་འཚེ་བ་དང་བདེན་པ་དང་།། བྱིན་ནས་ལེན་དང་ཚངས ་པར་སྤྱོད་།། འཛིན་པ་ཐམས་ཅད་བཏང་བ་ནི།། འདི་ནི་བདེ་འགྲོའི་སྤྱོད་པ་ཡིན།། འཁོར་བའི་སྡུག་བསྔལ་ཡོངས་མཐོང་ནས།། སྤང་ཕྱིར་བདེན་པའི་ལམ་བསྒོམ་ཞིང་།། ཁ་ན་མ་ཐོ་གཉིས་སྤོང་བ།། འདི་ནི་ཞི་བའི་སྤྱོད་པ་ཡིན།། འདི་དག་ཀུན་ཀྱང ་བླང་བྱོ་སྟེ།། ངེས་འབྱུང་ལམ་གྱི་ཡན་ལག་ཡིན།། ཆོས་ཀུན་སྟོང་པ་ཉིད་རྟོགས་པས།། འགྲོ་ལ་སྙིང་རྗེའི་ཆུ་རྒྱུན་འབྱུང་།། ཐབས་མཁས་སྤྱོད་པ་མཐའ་ཡས་པ། ངེས་འབྱུང་མཆོག་གི་སྤྱོད་པ་ཡིན།། དེ་ཡང་ཐོག་མར་འདི་ལྟ་སྟེ།། དོན་མེད ་རྣམ་པར་བསླུ་བ་ཡིན།། འཇིག་རྟེན་ཆོས་ལ་མ་ཆགས་པར།། ནགས་ཚལ་ལ་སོགས་དབེན་པར་བསྡད།། སེམས་ཉིད་གདོད་ནས་མ་སྐྱེད་པ།། རང་བྱུང་དགོན་པ་ཡིན་མོས་ཀྱི།། ལས་དང་པོ་པའི་སེམས་ཅན་གྱིས།། ཕྱི་རོལ་དགོན་པ ་ཐོག་མར་བསྟན།། དབ་འག་སེམས་ཉིད་དགོན་པ་བཅུམ།། བྱང་ཆུབ་སྟོང་པོའི་ས་བོན་ལ།། བརྟེན་ནས་དོན་ཚོན་འདི་ལྟར་བསྒྲུབ།། དེ་ཡང་ཐོག་མར་ཆད་མེད་བློ།། བཏང་སྙོམས་ས་གཞི་ལེག་བདལ་ལ།། བྱམས ་པའི་ཆུ་བོས་རྣམ་བཅུས་ལ།། རབ་ཏུ་དགའ་བའི་རྣལ་འབྱོར་པས།། སྙིང་རྗེའི་ས་བོན་ལེགས་པར་གདབ།། ལྟ་བའི་ནམ་མཁའ་གོ་ཕྱེ་ལ།། བྱང་སེམས་མྱུ་གུ་ཐབས་ཀྱིས་བསྐྱེད།། དངོས་གྲུབ་ལེ་ཏོག་རབ་བཙལ་ལ།། མ་ཆགས་བློ ་ཡིས་ཀུན་ལ་སྐྱེ།། སྦྱིན་པའི་གཡབ་མོས་ལེགས་བོས་ལ།། སྙན་པར་སྨྲ་བས་གཏམ་བྱས་ཏེ།། དོན་མཐུན་པ་ཡིས་བག་ཕབ་ཅིང་།། དོན་སྐྱོང་གྲོས་ཆེན་ངེས་པར་གདུབ།། དད་པའི་ཆུ་བུམ་རབ་ཐོགས་ལ།། བདག་གཞན་སྡིག་པ ་རྣམ་པར་བཀྲུ། དྲན་པོའི་ཕྲེང་བ་མཆོག་ཐོགས་ཏེ།། ཡང་དག་གདམས་ངག་གཟུངས་སུ་བཟུང་།། ཤེས་བཞིན་མར་མེ་ལག་ཐོགས་ཏེ།། བག་ཡོད་གོམ་པ་ལེགས་པར་བོར།། ནད་མེད་སྦྱིན་པའི་ལུས་ལ་ནི།། ཚུལ་ཁྲིམས་གཙང་མའི ་གོས་བགོས་ཤིང་།། བཟོད་པའི་མདངས་ཆེན་རབ་ཕྱུང་སྟེ།། བརྩོན་འགྲུས་ཡན་ལག་ལེགས་བསྐྱོད་ལ།། ཏིང་ངེ་འཛིན་གྱི་ཁང་པ་རུ།། བསམ་གཏན་ཁ་ཟས་ལེགས་སྦྱར་ཞིང་།། ཤེས་རབ་སྣང་བས་སྒོ་ཕྱེ་སྟེ།། སྟོང་ཉིད་ཡེ་ཤེས ་ཁང་ཆེན་ལ།། ཁམས་གསུམ་སྐྱེ་བོ་མགྲོན་པོའི་ཚོགས།། སྨོན་ལམ་སྙིང་རྗེས་བོས་ནས་སུ།། ཐབས་མཁས་པ་ཡི་གོ་རིམ་བཞིན།། དམ་ཆོས་སྟོབས་ཀྱིས་དགའ་སྟོན་བྱ།། དད་པའི་འཁོར་ལོ་རིན་པོ་ཆེས།། ཉིན་མཚན ་དགེ་བའི་ལམ་སྣ་དྲང་།། ཚུལ་ཁྲིམས་བཙུན་མོ་རིན་པོ་ཆེས།། རབ་ཏུ་མཛེས་པའི་རྒྱུན་འཕྲེང་གདགས།། གཏོང་བའི་བློན་པོ་རིན་པོ་ཆེས།། བསོད་ནམས་ཡེ་ཤེས་འཕྲུལ་ཆེན་དབྱུང་།། ཐོས་པ་དམག་དཔོན་རིན་པོ་ཆེས།། ལོག ་རྟོག་དགྲ་ཡི་གཡུལ་ངོ་གཞོམ།། ངོ་ཚ་ཤེས་པའི་རྟ་མཆོག་གིས།། ཉོན་མོངས་བདག་མེད་སྦུབས་སུ་སྦ།། ཁྲེལ་ཡོད་སྟོབས་ཀྱི་གླང་པོ་ཆེས།། ཕྱིན་ཅི་ལོག་གི་ལས་རྣམས་སྤང་།། ཤེས་རབ་ནོར་བུ་རིན་པོ་ཆེས།། བདག་དང་གཞན ་གྱི་རེ་བ་བསྐང་།། ཡོན་ཏན་མཐའ་ཡས་འཕགས་པའི་ནོར།། ནོར་གཞན་ཕལ་པ་སྡུག་བསྔལ་རྒྱུ།། ཐོག་མར་དགེ་བ་ཤེས་བསྟེན་པ་ཡིས།། ཕྱི་ནང་ཆོས་ཀུན་སློབ་དཔོན་ཡིན།། ནགས་སོགས་དུས་ཀྱིས་འགྱུར་བ་ཡིས།། འདུས་བྱས ་མི་རྟག་སྟོང་པར་སྟོན།། ནག་སོགས་རྒྱུ་འབྲས་སོ་སོ་ཡིས།། ཀུན་རྫོབ་སླུ་བ་མེད་པར་སྟོན།། རོ་དང་རུས་པ་ཆུ་ཤིང་སོགས།། ཕྱི་ནང་ཆོས་ཀུན་བདག་མེད་སྔོན།། ཀུན་ལ་ཁྱབ་པའི་ནམ་མཁའ་ཡིན།། དོན་དམ་སྤྲོས་བྲལ་ལ་སོགས་སྟོན།། ་རང་བཞིན་ཡོངས་སུ་ཤེས་པའི་བློས།། ཆགས་མེད་མིག་གིས་ཕྱོགས་སུ་ལྟ།། དེ་ཚེ་ཡུལ་ན་ཅི་སྣང་ཡང་།། སྒྱུ་མ་བཞིན་དུ་གོས་པ་མེད།། དོན་གྱི་ཆོས་ནི་རྟོགས་གྱུར་ན།། ཐ་སྙད་དག་གིས་ཅི་ཞིག་བྱ།། གྲོགས་མཆོག་རྙེད་ན་ཤིན་ཏུ་ལེགས།། ། ་དེ་ལྷ་མིན་ནའང་གཅིག་པུར་གནས།། བུང་བ་རྒྱགས་ལྡིང་གླུ་ལེན་ཅིང་།། ལྗོན་ཤིང་ཡལ་ག་གར་བྱེད་ཅིང་།། བྱ་རྣམས་སྙན་པའི་སྐད་ཀྱང་འབྱིན།། བསིལ་ཡབ་དང་འཇམ་ཕྱོགས་ན་གཡོ།། ཕུ་ཆུ་ལྷུང་རྒྱན་སྒྲ་ཡང་སྒྲོགས།། མཛེས་པའི ་རི་དྭགས་བརྒྱུག་ཅིང་བསྐོར།། མེ་ཏོག་ཚོགས་ནི་རྒོད་པ་འདྲ།། ཙན་ངན་སྤོས་སོགས་དྲི་དང་ལྡང་།། དགོན་པའི་ཡོན་ཏན་འདི་ལྟ་བུས།། རང་བཞིན་དག་ལ་ཕན་འདོགས་ཤིང་།། ལན་ལ་ཅུང་ཟད་མི་རེ་སྟེ།། གྲོགས་མང ་རྣལ་འབྱོར་ཅི་ཕྱིར་སྐྱོ།། འཇིག་རྟེན་ཕལ་པ་དེ་ལྟ་མིན།། ཇི་ལྟར་ནགས་ཀྱི་རི་དྭགས་བཞིན།། རྩ་བ་སྡོང་བུ་ལ་སོགས་བཟའ།། ཡང་ན་བུང་བས་མེ་ཏོག་བཞིན།། ཡང་དག་འཚོ་བ་གཙང་མ་བླང་།། ཡང་ན་ཐབས་མཁས་བྱ་བཞིན་དུ།། ་སྡིག་མེད་གསོག་འཇོག་ཅུང་ཟད་བྱ།། ཇི་ལྟར་ནགས་ཀྱི་དོམ་བུ་བཞིན།། དྲོ་བའི་སྐྱབས་ལ་བརྟེན་པར་བྱ།། ཡང་ན་དམན་ཞིང་མི་མཁོའི་གོས།། ཡང་ན་བསོད་ནམས་སྟོབས་དང་སྦྱར།། ཇི་ལྟར་རི་དགས་ཕྱོགས་སུ་བདས།། བག་ཕེབས ་ནས་ནི་ཉལ་བ་བཞིན།། དེ་ལྟར་བླ་མས་བསྟན་པ་ཡི།། ཡང་དག་དོན་ལ་རྣལ་འབྱོར་བྱ།། བྱིང་རྒོད་དབང་དུ་མི་གཏང་བར།། ཞི་གནས་ལྷག་མཐོང་ཆ་མཉམ་མོ།། ནང་གི་ཞི་གནས་མ་རྙེད་ཀྱང་།། ཕྱི་ཡི་ཞི་གནས་ལ་བརྟེན་ཏེ།། ཅི་ནུས་པ་ཡི་ཆོས ་སྤྱོད་ནི།། ཉེན་མཚན་གཡེལ་བ་མེད་པར་བྱ།། དེ་ལྟར་བསོད་ནམས་ཚོགས་ཀྱིས་ནི།། རང་རྒྱུད་མེ་ལོང་དག་པར་འགྱུར།། དེ་ལ་དཀའ་བ་མེད་པར་ནི།། ཤེས་རབ་ཡེ་ཤེས་འཆར་བར་འགྱུར།། ཐེ་ཚོམ་མེད་ཅིང་དང་ལྡན་པས།། ་ཆོས་གཅིག་ནན་ཏན་བྱས་པ་ཡིས།། ཡོན་ཏན་མཐའ་ཡས་རབ་སྣང་བ།། ལོ་རྒྱུས་བཟང་དང་གཞུང་ཉིད་མཐོང་།། དེ་ལྟ་བས་ན་ཡོན་ཏན་གྱི་སྐབས་ནས་ཀྱང་།། བྱང་ཆུབ་སེམས་དཔའི་སྤྱོད་པའི་འབྱུང་ཁུངས་སོ་ཞེས་པ་དང་། ་བྱུང་བ་དང་དོར་བུའི་དངོས་པོའི་བྱེ་བྲག་ཕྱེད་པའི་ཤེས་རབ་ཉིད་དོ་ཞེས་པ་དང་། མིང་ཡང་དག་པར་བརྗོད་པ་འདི་ནི། སངས་རྒྱས་ཀྱི་ཆོས་ཡང་དག་པའི་བར་དུ་ཡང་ཡོངས་སུ་རྫོགས་པར་བྱའོ་ཞེས་པས་བསྟན་ཏོ།། ་བློ་ཡངས་རྒྱ་མཚོ་ལྟ་བུ་ལ།། སྤྱོད་པ་མཐའ་ཡས་པད་མ་གསལ།། བློ་དམན་རྫིང་བུ་ལྟ་བུའི་ཕྱིར།། པད་མ་སྤུངས་པ་ཙམ་འདི་བྲིས།། ཀུན་རྫོབས་བྱང་ཆུབ་ཀྱི་སེམས་བསྒོམ་པའི་ཡི་གེ་པད་མ་སྤུངས་པ་ཞེས ་བྱེ་བ་སློབ་དཔོན་མཁས་པ་ཆེན་པོ་རྟ་དབྱངས་ཀྱིས་ཞལ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པདྨ་ཀ་རི་བརྨ་དང ་ཞུ་ཆེན་གྱི་ལོ་ཙཱ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ་