CLOSE WINDOW

GT331: rgyud kyi rgyal po mkha' 'gro ma rdo rje dra ba'i dka' 'grel de kho na nyid rgyas pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ནཱ་ཀཱི་ནཱི་བཛྲཱ་ཛྭ་ལི་པཉྫ་ར་ཏནྟྲ་རཱ་ཛ་སྱ་ཏཏྟྭ་བོཥྚི་ཀ་པནྟིཀྵཱ་ནཱ་མ། བོད་སྐུད་དུ། རྒྱུད་ཀྱི་རྒྱལ་པོ་མཁའ་གྲེ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ཞེས་བྱ་བ། ཐུགས། ་རྗེ་ཆེན་པོ་འཕགས་པ་སྤྱན་རྭས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། རླབས་ཚོགས་གཡོ་བའི་མཚོ་ཡི་ཆུ་ན་ཆུ་སྐྱེས་དམར་པོའི་སྟེང་གནས་ངང་པ་ཡི།། ཕྲེང་བས་བརྒྱན་ལྟར་གཱ་གི་ཕྱག་རྣམས་ཐོད་པའི་ཕྲེང་བས་ཤིན་ཏུ་མཛེས ་བྱས་ལ།། འཕྲལ་གྱི་ཚོར་སྤྲིན་ལྟ་བུར་སྔོ་ཞིང་ལྕུག་མའི་ནགས་བཞིན་བཅུ་དྲུག་ཕྱག་གིས་གནས།། མཆེ་བ་དང་བཙོས་ཞལ་དང་སྐུ་རུ་ལྡན་པའི་གར་མཛད་དེ་ལ་རབ་འདུད་ཅིང་།། ཟད་ཅིང་ཤིན་ཏུ་གཏིང་དཔག་དཀའ་ལ་དོན ་དམ་རིན་པོ་ཆེ་ཡི་གནས་སུ་གྱུར་པ་ཡི།། དམ་པའི་ཆོས་ཀྱི་གཞུང་ལུགས་རྟོགས་པར་ནུས་པའི་རྣམ་དག་བློ་དང་ལྡན་པ་གང་།། ག་ཤེས་གཉེན་དམ་པའི་ཞབས་ཀྱི་པདྨར་གུས་ཕྱག་འཚལ་ཏེ་ཡང་དག་རིག་པ་ལས།། དེ་ཁོ་ན་ཉིད ་དྲན་པར་བྱ་ཕྱིར་དེ་ཉིད་རབ་གསལ་དཀའ་འགྲེལ་བྲི་བར་བྱ།། མཁའ་དང་ཞེས་བྱ་བ་སོགས་པ་ལ། མཁའ་ཞེས་བྱ་བ་ནི་པདྨའི་རང་བཞིན་ཏེ། རིག་པ་གཞིའི་ཆོས་འབྱུང་བའི་ཕྱག་རྒྱ་ཁ་དོག་དཀར་པོ་གྲུ་གསུམ་པ་སྨད་ཞུམ ་ཞིང་སྟོང་ཡངས་པ་སྣ་ཚོགས་རྡོ་རྗེ་པདྨས་ནང་མཚན་པའོ།། བེམས་པོ་ཞེས་བྱ་བོ་ནི་སའི་དཀྱིལ་འཁོར་ཏེ། ཁ་དོག་སེར་པོ་གྲུ་བཞི་ལ་གྲཝ་ར་རྡོ་རྗེ་རྩེ་གསུམ་ས་མཚན་པ་ལཾ་ལས་བྱུང་བའོ།། དང་བ་ཞེས་བྱ་བ་ནི་ཆུའི་དཀྱིལ ་འཁོར་ཏེ་ཁ་དོག་དཀར་ལ་ཟླུམ་པ་བུམ་པས་མཚན་པ་བཾ་ལས་བྱུང་བའོ།། གོ་སྐབས་མེད་ཅེས་བྱ་བ་ནི་ཁྱབ་པར་རྒྱུ་ཞིང་སྐབས་མེད་པས་ན་རླུང་གི་དཀྱིལ་འཁོར་ཏེ། ཁ་དོག་དུང་ཁ་གཞུ་ལྟ་བུ་རྒྱལ ་མཚན་གྱིས་མཚན་པ་ཡཾ་ལས་བྱུང་བའོ།། གསལ་བ་ཞེས་བྱ་བ་ནི་བླ་ན་མེད་པའི་ཡེ་ཤེས་ཀྱི་འོད་འབར་བའི་ངོ་བོ་ཉིད་ཀྱི་ཕྱིར་མོའི་དཀྱིལ་འཁོར་ཏེ། ཁ་དོག་དམར་པོ་གྲུ་གསུམ་འབར་བས་མཚན་པ་རཾ་ལས་བྱུང་བའོ།། སྣ་ཚོགས ་ཞེས་བྱ་བ་ནི་དཀྱིལ་འཁོར་བཞིའི་འོག་ན་གནས་པའི་སྣ་ཚོགས་པདྨའོ།། རྡོ་རྗེའི་གཞི་ཞེས་བྱ་བ་ནི་རྡོ་རྗེའི་མཆོག་ཐམས་ཅད་ཀྱི་རྟེན་གྱུར་པའི་སྣ་ཚོགས་རྡོ་རྗེའོ།། གནས་ཁང་ཞེས་བྱ་བ་ནི་ཁང་བུ་བརྩེགས་པ་སྟེ། བྷྲཱུཾ་དང་འཁོར ་ལོ་ལོས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་བ་སྤུའི་བུ་ག་ནས་བྱུང་བའི་བའི་བདུད་རྩིའི་རྒྱུན་གྱིས་འབྱུང་བ་ཆེན་པོ་བཞི་ཞུ་བ་ལས་གྱུར་པའོ།། སེམས་ཅན་ཁམས་ཞེས་བྱ་བ་ནི་དེ་ཉིད་དོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོ་གས ་འཕྲོ་བས་ཡོང་སུ་གང་བའི་ཕྱིར་རོ།། ཡང་དེའི་ཉིད་ནི་ཡིད་དུ་འོང་བ་ཞེས་ཀྱང་བྱ་སྟེ་ཤིན་ཏུ་བཟང་ཞིང་གསལ་བའི་རིན་པོ་ཆེ་རྣམས་ལས་བསྒྲུབ་པའི་ཕྱིར་རོ།། ཡང་ནི་དེ་ཉིད་གཟུགས་ལ་སོགས་པའི་ཡུལ་རྣམས་ཀྱིས་ཡོངས་སུ ་གང་བས་ན་ཡིད་འོང་བའོ།། དེ་དག་གིས་ནི་འདི་སྐད་དུ་ཆོས་འབྱུང་བའི་ནང་དུ་སོན་པའི་སྣ་ཚོགས་རྡོ་རྗེ་དང་པདྨ་ལ་གནས་པ་ཁང་བུ་བརྩེགས་པ་བསྒོམ་པར་བསྟན་པའམ། གཞལ་ཡས་ཁང་ལྔའི་ནང་ངོ་།། ཁ་ཅིག་ནི་འོག་ནས ་འབྱུང་བའི་རྒྱུད་ཀྱི་རིམ་པས་བདག་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྟོན་པར་བྱེད་དོ་ཞེས་ཟེར་རོ།། མཁའ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཡང་དག་པར་སྡུད་པར་བྱེད་པའི་བདག་མེད་པའོ།། བེམས་པོ་ཞེས་བྱ་བ་ནི་སའི་ཁམས ་ཀྱི་རང་བཞིན་པུཀྐ་སཱིའོ།། དང་བ་ཞེས་བྱ་བ་ནི་ཆུའི་ཁམས་ཀྱི་རང་བཞིན་ས་པ་རཱིའོ།། གོ་སྐབས་མེད་ཅེས་བྱ་བ་ནི་རླུང་གི་ཁམས་ཀྱི་རང་བཞིན་ཌོམྦི་ནཱིའོ།། གསལ་བ་ཞེས་བྱ་བ་ནི་མེའི་ཁམས་ཀྱི་རང་བཞིན་ཙནྡ་ལཱིའོ།། སྣ་ཚོགས་ཞེས ་བྱ་བ་ནི་ལུས་དང་ལོངས་སྤྱོད་གནས་སུ་གཽ་ནང་བའི་ཀུན་གཞི་རྣམ་པར་ཤེས་པ་ཡོངསུ་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། གཟུགས་ཀྱི་རང་བཞིནི་རྡོ་རྗེ་མའོ།། རྡོ་རྗེའི་གོཞི་ཞེས་བྱ་བ་ནི། རྡོ་རྗེ་རྣམས་ཀྱི་རྟེན་ཏེ། སངས་རྒྱས་ཐམས ་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། ཚེར་བའི་རང་བཞིན་ནང་གི་གཽ་རཱི་མའོ།། གནས་ཁང་ཞེས་བྱ་བ་ནི་གཟུང་བ་གཟུགས་ལ་སོགས་པའི་རང་བཞིན་གྱི་གཉེན་པོ་རྣམ་པར་རྟོག་པ་ཐམས་ཅད་ཐིམ་པར་གྱུར་པའི་སོ་སོར་རྟོག་པའི་ཡེ ་ཤེས་དང་། འདུ་ཤེས་ཀྱི་རང་བཞིན་པ་འི་ཌཱ་ཀཱི་ནཱིའོ།། སེམས་ཅན་ཁམས་ཞེས་བྱ་བ་ནི་གདུལ་བྱའི་སེམས་ཅན་གྱི་ཁམས་སྣ་ཚོགས་གདུལ་བར་བྱེད་པའི་བྱ་བ་ནན་ཏན་གྱི་ཡེ་ཤེས་དང་འདུ་བྱེད་ཀྱི་རང་བཞིན་བཛྲ་ཌཱ་ཀཱི་ནཱིའོ།། ཡིད་འོང་བ ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཡིད་དུ་འོང་ཞིང་དགུག་པར་བྱེད་པ་སྟེ། དད་པ་དང་གཟུགས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་གཽ་རཱི་མའོ།། སེམས་ཅན་ཞེས་བྱ་བ་དེ་དག་འཇུག་པ་སྟེ། བརྩོན་འགྲུས་དང་སྒྲའི ་རྒྱ་ད་རང་དུ་ན་ཅན།། སྤྱོད་ནས་དྷ་དུ་ན་གནས་སུ་སྤྱོད་ན་། ཊཱ་པ་དང་། དཱིའི་སྦྱིམ་རྙེད་ཀྱི་རང་བཞིན་བྱེདྡྷ་མའོ།། འཛག་རྟེན་ཞེས་བྱ་བན་ངན་སྣ་ཚོགས་ལ་ལྟ་ཞིང་མཉེས་པར་བྱེད ་སྟེ། ཏིང་ངེ་འཛིན་དང་། རོའི་སྐྱེ་མཆེད་ཀྱི་རང་བཞིན་གྷསྨ་རཱིའོ།། སོ་འོག་ས་སྟེང་ས་བློ་ཞེས་བྱ་བ་ལ།། ས་འོག་ནི་རེག་བྱའི་སྐྱེ་མཆོད་ཀྱི་རང་བཞིན་ས་འོག་ན་རྒྱུ་བའོ།། ས་སྟེང་ནི་རྣམ་པར་ཤེས་པའི་ཕུང་པོའི་རང་བཞིན་ཏེ། སླར་ཡང ་བདག་མེད་མ་ཉིད་དེ་བསྟན་པའོ།། ས་བླ་ཞེས་བྱ་བ་ནི་ཆོས་ཀྱི་སྐྱེ་མཆེད་ཀྱི་རང་བཞིན་མཁའ་ལ་རྒྱུ་མའོ།། བར་ཞེས་བྱ་བ་ནི་ལོགསུ་རྒྱུ་བ་མ་ཡིན་གྱི་སྟེང་དང་འོག་ཏུ་འགྲོ་བ་ཞེས་བྱ་བའི་བར་དུའོ།། དེས་ནི་བདག་མེད་མའི་འཁོར་ལོ ་བསྟན་ཏོ།། ཡང་གོང་དུ་ཐལ་བའི་འཕྲོ་བཤད་པར་བྱ་སྟེ། སེམས་ཅན་སྣོད་ཀྱི་འཇིག་རྟེན་དང་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་གནས་གྱུར་པ་སྟེ། དེ་ལ་སྣོད་ཅེས་བྱ་བ་ནི་གནསུ་སྣང་བ་ཡོངསུ་གྱུར་པའི་ཁང་བུ་བརྩེགས ་པ་བཤད་པ་ཉིད་དོ།། སེམས་འཇིག་རྟེན་ཞེས་བྱ་བ་ནི་རྟག་པ་སྟེ། བྱང་ཆུབ་སེམས་དཔའ་ལ་སོགས་པའི་ལུས་དང་ལོངས་སྤྱོད་དུ་སྣང་བ་གནས་གྱུར་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ནོ།། ས་འོག་ས་སྟེངས་བླ་དང་ཞེས་བྱ ་བ་ནི་སྐམ་པ་མ་སྟེ། ས་འོག་དང་ས་སྟེང་དང་ས་བླ་ན་གནས་པའི་གདུག་པ་རྣམས་ཀྱི་མགྲིན་པ་འདོན་པའི་ཕྱིར་རོ།། བ་ར་དང་ཞེས་བྱ་བ་ནི་ཞགས་པ་མ་སྟེ། གདུག་པ་རྣམས་བཙལ་ནས་ནང་དུ་འཆིང་བར་བྱེད་པའི་ཕྱིར་རོ།། ཡིད ་ཅེས་བྱ་བ་ནི་འཚོད་པ་མ་སྟེ། གདུག་པ་རྣམས་བསལ་ནས་འཇིག་རྟེན་དག་པའི་ཡིད་ཀྱི་ཡང་དག་པའི་དྲ་བས་བསྡམས་པའི་ཕྱིར་རོ།། ལུས་ཞེས་བྱ་བ་ལྕགས་ཀྱུ་མ་སྟེ། གདུག་པའི་ལུས་ཕུགས་ནས་འགུགས་པའི་ཕྱིར་རོ།། ངག་ཅེས ་བྱ་བ་མེ་ཏོག་མ་སྟེ། བྱང་ཆུབ་ཀྱི་ཡན་ལག་ལ་དམ་པའི་མེ་ཏོག་གི་ཟ་མ་ཏོག་འབུལ་བའི་གསུང་རབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་མེ་ཏོག་མའོ།། གཅིག་ཅེས་བྱ་བ་ནི་བསྡུག་སྤོས་མ་སྟེ། ཆོས་ཐམས་ཅད་ཟག་པ་མེད་པའི་བདུག་པས ་གཅིག་ཏུ་སྨོན་པའི་ཕྱིར་རོ།། གཉིས་ཞེས་བྱ་བ་ནི་མར་མེ་མ་སྟེ། སྙིང་རྗེའི་སྣམ་ལས་བྱུང་བའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྒྲོན་མ་མ་སྟེ། གཉིས་ཀྱི་ར་བོ་རིབ་བཟློག་ནས་སངས་རྒྱས་ཀྱི་ཡོན་ཏན་སྣང་བར་བྱེད་པར་ཕྱིར་རོ།། མཁའ ་བདེ་ཞེས་བྱ་བ་ནི་བྱུག་པ་མ་སྟེ། ནམ་མཁའ་མ་ལུས་པར་རྒྱས་པའི་བླ་ན་མེད་པའི་དབྱིངས་ཀྱི་དྲི་ལ་དགའ་ཞིང་གྲགས་པའི་རང་བཞིན་ཡིན་པའི་ཕྱིར་རོ།། རྟག་པའི་དཀྱིལ་འཁོར་པ་རྣམ་སོ།། དྲུག་དང་ལྔ་དང་ཞེས་ས་པ་ནི། རྡོ་རྗེ་ཉི་མ ་སྟེ། ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་དྲུག་དང་། སྒྲིབ་པ་ལྔའི་གཉེན་པོ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ།། དྲུག་གཉིས་ཞེས་བྱ་བ་ནི་ལག་ན་ཉི་མ་མ་སྟེ། ཉི་མ་བཅུ་གཉིས་བསྡུས་པའི་སྣར་བས་མ ་རིག་པའི་མུན་ནག་ཟློག་པར་བྱེད་པའི་ཕྱིར་རོ།། བཞི་ཞེས་བྱ་བ་ནི་རྣལ་འབྱོར་བཞིའི་ཡེ་ཤེས་ཀྱི་སྣང་བས་རྣམ་པར་རྟོག་པའི་རབ་རིབ་སོལ་བར་བྱེད་པའི་ཕྱིར་རོ།། འགྲོ་བ་རྣམས་ཞེས་བྱ་བ་ནི་རིན་ཆེན་མ་སྒྲོན་མ་སྟེ། འགྲོ་བ་རྣམས ་ཀྱི་མུན་པའི་དྲ་བ་འཇོམས་པར་བྱེད་པའི་ཕྱིར་རོ།། ཉི་ཤུར་གཅིག་གིས་མ་ཚང་བ་ཞེས་བྱ་བ་ནི་ལག་ན་གློག་འཛིན་མ་སྟེ་ཁམས་བཅོ་བརྒྱད་དང་གང་ཟག་ཏུ་འཛིན་པ་སྟེ། རྣམ་པར་རྟོག་པ་བཅུ་དགུའི ་ཆུ་བོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བས་སེལ་བར་བྱེད་པའི་ཕྱིར་རོ།། ཁམས་གསུམ་པོ་ནི་མ་ལུས་དང་། ཞེས་བྱ་བ་ནི་སྐྲག་མོ་སྟེ། ཁམས་གསུམ་མ་ལུས་པ་ཐམས་ཅད་ལ་ཕ་རོལ་པར་སྟོན་པའི་ཕྱིར་རོ།། ཕ་ཞེས་བྱ་བ ་ནི་ཕྲེང་བ་མ་སྟེ། ཉོན་མོངས་པ་ལ་སོགས་པ་རྣམས་ཀྱི་སྒོ་བཅིང་པོ་ལས་སྒྲོལ་བའི་ཕྱིར་དང་། དོན་དམ་པའི་རིན་པོ་ཆེ་ལ་རོལ་ཅིང་འཛིན་པའི་ཕྱིར་རོ།། བུ་ག་ཞེས་བྱ་བ་ནི་གླུ་མཁན་མ་སྟེ། ཐར་པའི་གྲོང་ཁྱེར་དུ་འཇུག་པར ་མཛད་ཅིང་བླ་ན་མེད་པའི་ཆོས་སྟོན་པའི་དབྱངས་ཀྱིས་སྐྱོབ་པའི་ཕྱིར་རོ།། མ~ཾ་ཞེས་བྱ་བོ་ནི་གར་མཁན་མ་སྟེ། གར་གྱི་ཕྱག་རྒྱ་བསྐྱོབ་པ་ཡིས་བདུད་ཀྱི་རྒྱ་མཚོ་ལས་གྲོལ་བའི་ཕྱིར་རོ།། རྡོ་རྗེ་ཉི་མའི་དཀྱིལ་འཁོར་པ་རྣམས་སོ།། ་ཕྱི་རོལ་དོན་ཞེས་བྱ་བ་ནི་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་སྟེ། གཟུང་པོ་ལ་སོགས་པའི་རྣམ་པར་རྟོགས་པས་བཅིངས་ཤིང་མནན་ནས་དོན་རྣམས་ལ་གཟིགས་པའི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པའི ་ཕྱིར་རོ།། ནང་དང་ཞེས་བྱ་བ་ནི་ལག་ན་པདྨ་མ་སྟེ། སྙིང་རྗེ་ཆེན་པོའི་འདོད་ཆགས་ཆེན་པོས་ནང་ཞེས་བྱ་བ་པདྨའི་བདག་ཉིད་སྟོན་པའི་ཕྱིར་རོ།། བཙུན་མོ་ཀུན་གྱི་ཆོས་དང་ནི་ཞེས་བྱ་བ་ནི་ལག་ན་ཆོས་འབྱུང་མ་སྟེ། བདེ་བ ་ཆེན་པོ་སྤེལ་བར་བྱ་བའི་ཕྱིར་ཆོས་འབྱུང་བ་བསྣམས་པའོ།། ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ལག་ན་ལྕགས་སྒྲོག་མ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བྱམས་པས་འཆིང་བའི་ལས་བྱེད་པའི་ཕྱིར་རོ།། ་བདག་མེད་མ་ཞེས་བྱ་བ་ཀུན་ཏུ་འཁྱུད་མ་སྟེ། ཆོས་ཐམས་ཅད་བདག་མེད་པར་བསྟན་པ་དང་། སངས་རྒྱས་རྣམས་ལ་ཆགས་པས་རྗེ་སུ་འཆིང་བའི་ཕྱིར་བདག་ལ་ཀུན་ཏུ་འཁྱུད་པར་སྟོན་པའི་ཕྱིར་རོ།། འབྲས་བུ་ཞེས་བྱ་བ་ནི་གླིང ་བུ་མ་སྟེ། བུ་ག་དང་ལྡན་པའི་གླིང་བུ་འབུད་པའི་ཕྱག་རྒྱས་ཆོས་རྣམས་སྟོང་པ་ཉིད་དུ་དྲལ་སྟེ། སྟོན་པའི་ཕྱིར་རོ།། རྒྱུ་ཞེས་བྱ་བ་པི་ཝང་མ་སྟེ་སྐྱེ་བ་དང་། འགག་པ་ལ་སོགས་པའི་སྒྲས་འདོད་ཆགས་ལ་སོགས་པ་བསིལ་ཞིང ་དོར་བར་བྱ་བ་ཉིད་དུ་སྟོན་པའི་ཕྱིར་རོ།། བྱ་བར་གྲགས་ཞེས་བྱ་བ་ནི་རྫ་རྔ་མ་སྟེ། རྗེ་རྗེའི་ཁཾ་གཅིག་ལ་རྡུང་བའི་ཚུལ་གྱིས་བདག་མེད་པའི་བྱང་ཆུབ་ཏུ་བྱ་བ་སྟོན་པའི་ཕྱིར་རོ།། བསྒྲུབ་བྱ་སྒྲུབ་ཐབས་རྡོ་རྗེ་ཅན་ཞེས་བྱ་བ་ནི་རྔ་ཆེན ་མ་སྟེ་མགྲིན་པར་བཏགས་ནས་ལོག་པ་གཉིས་རྡུང་བའི་ཚུལ་གྱིས་རྒྱུ་དང་བཅས་པའི་སྐུ་གསུམ་སྣོན་པའི་ཕྱིར་རོ།། པདྨ་གར་གྱི་དབང་ཕྱུག་གོ་དཀྱིལ་འཁོར་པ་རྣམ་སོ།། འདི་ལྟར་ཀུན་གཞི་རྣམ་ཤེས་འགྱུར་ཞེས་བྱ་བ་ནི། བཅོམ ་ལྡན་འདས་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་རྟ་མཆོག་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལྟར་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་སྐུ་སྣ་ཚོགས་སྤྲུལ་ཞིང་རྣམ་པར་རྟོག་པ་བཅོམ་པའི་ཕྱིར་རོ།། ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་རྡོ་རྗེ་སྒོ ་ལྕགས་མ་སྟེ། ཟག་པ་མེད་པའི་དབྱིངས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྲུང་བར་བྱེད་པའི་ཕྱིར་རོ།། མ་བྱུང་དང་ཞེས་བྱ་བ་ནི་ལྡེ་ཀྱོག་འཛིན་མ་སྟེ། ཡེ་ཤེས་གཟུང་ནས་དེའི་སྒོ་བཅང ་པས་ཉོན་མོངས་པ་ལ་སོགས་པའི་རྟོག་པ་འཇུག་པར་མི་བྱེད་པའི་ཕྱིར་རོ།། སེམས་ཅན་ཁམས་ཞེས་བྱ་བ་ནི་རྡོ་རྗེ་སྒོ་གླེགས་མ་སྟེ། སེམས་ཅན་གྱི་ཁམས་ལྟར་ཡེ་ཤེས་སྐྱེས་པ་མི་འདོར་བ་དང་ཉེས་པ་རྣམས་ཀྱི་སྐབས་མི ་འབྱེད་པས་ཐོག་མ་དང་ཐ་མ་མེད་པའི་ཕྱིར་རོ།། ན་མཁའི་ཁམས་ཞེས་བྱ་བ་ནི་རྡོ་རྗེ་ཡོལ་བ་མ་སྟེ། རང་གི་འོད་ཀྱི་བཙུན་མོ་རབ་ཏུ་བསྲུང་བའི་ཕྱིར་ན་མཁའི་དབྱིངསུ་ཁྱབ་པའི་ཡོལ་བ་འཛིན་པའི་ཕྱིར་རོ།། བདག་མེད་ཅེས་བྱ ་བ་ནི་སངས་རྒྱས་སྤྱནཱ་མ་སྟེ། སངས་རྒྱས་ཐམས་ཅད་སེམས་ཅན་གྱི་བོངདག་ཉིད་ཀྱིས་མེ་ལོང་ལྟེ་བུའི་ཡེ་ཤེས་ཀྱི་ཆོས་ཡིན་པའི་ཕྱིར་རོ།། བོདག་ཉིད་ཐ་སྙད་ཅེས་བྱ་བ་ནི་མཱ་མ་ཀཱི་སྟེ། གཉིས་པོ་རྣམ་པར་སྤྱོད་ན། གཉིས ་མེད་པ་ནི་ཐ་སྙད་ཡིན་ལ། དེ་འདི་ལ་ཡོད་པས་ན་བདག་གི་ཐ་སྙད་ཅན་ཏེ། དེ་གཉིས་པའི་ཆོས་ཡིན་པའི་ཕྱིར་རོ།། དངོས་དང་གྲོལ་བ་ཞེས་བྱ་བ་ནི་གོས་དཀར་མོ་སྟེ། ས་ཀྱི་དངོས་པོ་རྣམས་སྟོང་བ་ཉིད་ཀྱི་རྣམ་པར་དབྱུང ་ན་རྟོག་པ་དང་བྲལ་བའི་ཆོས་ཉིད་པའི་ཕྱིར་རོ།། དངོས་མེད་པ་ཞེས་བྱ་བ་ནི་སྒྲོལ་མ་སྟེ། སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམསུ་ཆོས་སྟོན་པ་འགྲོ་ཞིང་སྒྲིབ་པའི་དངོས་པོ་དང་བྲལ་པོ ་ཆོས་ཉིད་ཡིན་པའི་ཕྱིར་རོ།། རྟ་མཆོག་གི་དཀྱིལ་འཁོར་པ་རྣམསོ།། བདེ་བ་ཞེས་བྱ་བ་ནི་གཽ་རཱི་སྟེ། བདེ་བ་ཆེན་པོའི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་ལ། དེ་དང་པས་སྲུང་ཞིང་འགུགས་པར་བྱེད་པའི་ཕྱིར་རོ།། གྲུ ་གསུམ་ལ་ཞེས་བྱ་བ་ནི་ཙཽ་རཱི་སྟེ། དེ་ལ་ཁ་ཅིག་ན་རེ་ཁམས་གསུམ་ཟིལ་གྱིས་གཽནོན་པའི་གཟུགས་སྟོན་པར་བྱེད་པ་ཞེས་ཟེར་རོ།། ཡིས་ཀྱི་དཀྱིལ་འཁོར་གྱི་གླུ་ནཱི་གཉིསུ་ངེས་པ་ཡིན་ལ། གྲུ་གཅིག་ཏུ་ངེས་པ་ཡིན་ན་ནི། ་དེ་ལ་གོམས་པར་འཛིན་པའི་ཕྱིར་རོ།། ཡང་ན་བརྩོན་འགྲུས་ཀྱི་ལུས་ལ་སོགས་པ་ལ་སྐུ་ལ་སོགས་པ་འཛུད་པའི་ཕྱིར་རོ།། རྡུལ་མེད་ཅེས་བྱ་བ་ནི་དྲན་པའི་རང་བཞིན་ནི་རོ་ལངས་མ་སྟེ། རྡུལ་ནི་དམ་ཚིག་དང་ཡེ་ཤེས་ཀྱི ་རྟོག་པ་ཡིན་ལ། གཉིས་པོ་སྟོང་པ་ཉིད་ཀྱི་དྲ་བས་ལྕགས་སྒྲོག་གིས་གཅིག་ཏུ་བྱེད་པའི་ཕྱིར་རོ།། སྐྱོན་བྲལ་ཞེས་བྱ་བ་ནི་གྷསྨ་རཱྀ་སྟེ། རྡོ་རྗེ་དྲིལ་བུའི་སྒྲས་འབེབས་པར་བྱེད་ཅིང་ཏིང་ངེ་འཛིན་གྱི་རང་བཞིན་གྱིས་རྣམ་པར ་གཡེང་བའི་སྐྱོན་ཐམས་ཅད་བསལ་བའི་ཕྱིར་རོ།། རྡུལ་བྲལ་ཞེས་བྱ་བ་ནི་པུཀྐ་སཱི་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། སྙིང་རྗེས་སེར་སྣ་དང་། སྡང་བའི་ཉེས་པ་གསོལ་བའི་ཕྱིར་ཏེ། ས་དང་པོ་རབ་ཏུ་དགའ་བ་དང་། སའི ་ཁམས་ཀྱི་རང་བཞིན་ནོ།། སྡིག་བཅོམ་ཞེས་བྱ་བ་ནི་ས་བ་རཱི་སྟེ། ཚུལ་ཁྲིམས་དང་། བྱམས་པས་ཚུལ་ཁྲིམས་འཆལ་པ་དང་། མི་བརྩེ་བའི་སྡིག་པ་བཅོམ་པའི་ཕྱིར་ཏེ། ས་དྲི་མ་མེད་པ་དང་། ཆུའི་ཁམས་ཀྱི་རང ་བཞིན་ནོ།། ཁྲོ་གཉེར་མེད་པ་ཞེས་བྱ་བ་ནི་ཙཎྜ་ལཱི་སྟེ། དགའ་བ་དང་། བཟོད་པས་རྨོངས་ཤིང་ཞུམ་པ་དང་། ཁྲོ་བའི་གཉེར་མ་བསལ་བའི་ཕྱིར་ཏེ། ས་འོང་བྱེད་པ་དང་། མེའི་ཁམས་ཀྱི་རང་བཞིནོ།། ་མཉམ་གཞག་པ་ཞེས་བྱ་བ་ནི་ཌོམྦ་ནཱི་སྟེ། བཏང་སྙོམས་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྙོམས་ལས་དང་རྣམ་པར་གཡེང་བ་བཅོམ་པའི་ཕྱིར་ཏེ། ས་འོད་འཕྲོ་བ་ཅན་དང་མངོན་པར་འདུ་བྱེད་པརྩེ་བའི་རང་བཞིན་ནོ།། ་ནུརླུང་གི་བདེ་མཆོག་རིག་པ་ཞེས་བྱ་བ་ནི་ཧེ་རུ་ཀ་སྟེ། ནང་གི་ནི་འཇིག་རྟེན་དང་འཇིག་རྟེན་ལོས་འདས་པའི་དངོས་པོ་རྣམས་ཡིན་ལ་དེའི་བདེ་བ་ནི་རབ་ཏུ་ཞི་ཞིང་མི་འགྱུར་བར་དབང་དུ་གྱུར་པའོ།། མཆོག་ནི་མཛེས་ཤིང་ཡིད་དུ ་འོང་བ་སྟེ། དེ་རིག་པའི་ངང་ཚུལ་འདི་ལ་ཡོད་པས་ན་ནང་གི་བདེ་བ་མཆོག་རིག་པའོ།། དཔལ་ཧེ་རུ་ཀའི་དཀྱིལ་འཁོར་པ་རྣམསོ།། འཁོར་ལོས་སྒྱུར་བ་ལྔ་པོ་དེ་དག་ཉིད་སླར་ཡང་བསྟན་པའི་ཕྱིར་གསང་བ་ཞེས་བྱ་བ་ལ་སོགས ་བ་སྨོས་ཏེ། གསང་བ་ཞེས་བྱ་བ་ནི་དབེན་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། སྣ་ཚོགས་འདི་དག་གཉིས་ཀྱི་སྟོང་པ་ལས་བྱུང་བའི་ཕྱིར་གསང་བ་འམ། འདོད་ཆགས་ལ་སོགསོ་པ་ཉོན་མོངས ་པའི་རྟོག་པ་བོར་ཞིང་བཏང་པོས་གསང་བ་སྟེ། དེ་ལ་གནས་པ་ཡིན་པའི་ཕྱིར་རོ།། དེ་ཉིད་ནི་ཧེ་རུ་ཀ་སྟེ། དེའི་གནས་པ་ཡང་དེ་སྐད་ཅེས་བྱའོ།། མཆོག་ཅེས་བྱ་བ་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་གཞལ་ཞིང་ཡོངས་སུ ་བཅད་ནས་ངེས་པར་བྱས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་ནི་པདྨ་གར་གྱི་དབང་ཕྱུག་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ།། དགྱེས་པ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ངེས ་མཉམ་ཉིད་དུ་རོལ་ཅིང་རྟོགས་པའི་ཕྱིར་དེ་ཉིད་ནི་རྡོ་རྗེ་ཉི་མ་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ།། ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུའི་བདག་ཉིད ་ཡིན་པའི་ཕྱིར་རོ།། དེ་ཉིད་ནི་རྡོ་རྗེ་རྟ་མཆོག་སྟེ། དེའི་གནས་ལ་ཡང་དེ་སྐད་ཅེས་བྱའོ།། དེ་རྣམས་ཀུན་ཀྱང་བདུན་པའི་དོན་གྱི་མཐའ་ཅན་བསྒྱུར་བར་བྱས་ལ། དང་པོའི་མཐའ་ཅན་དུ་རྟོགས་པར་བྱའོ།། རྟག་ཏུ་བཞུགས ་ཞེས་བྱ་བ་ནི་སྐུ་གསུམ་གྱིས་མི་གཡོ་བར་བཞུགས་པ་སྟེ། ཆོས་ཀྱི་སྐུའི་རང་བཞིན་གྱིས་རྟགས་པའོ།། ལོངས་སྤྱོད་རྫོགས་པའི་སྐུ་ནི་ཉམས་པ་མེད་པར་བཞུགས་པས་རྟགས་པའོ།། སྤྲུལ་པའི་སྐུ་ནི་རྒྱུན་མི་འཆད་པས ་རྟགས་པའོ།། སངས་རྒྱས་དངོས་ཞེས་བྱ་བ་ནི་མོ་ལོང་ལྟ་བུའི་ཡེ་ཤེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ལུས་དང་ལོངས་སྤྱོད་དང་གི་ནས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ།། དེ་ཉིད་རྟག་པ་སྟེ་དེའི་གནས་ལ་ཡང་དེ་སྐད་ཅེས ་བྱའོ།། སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་སྟེ། ཤེས་བྱའི་རང་བཞིན་གྱིས་སོ།། འདི་ནི་ཞེས་བྱ་བ་ནི་འདི་ལ་སྟེ་རྟག་ཏུ་ད་ལྟར་བྱུང་བསོ།། རང་བྱུང་ཞེས་བྱ་བ་ནི་དོན་དམ་པར་རྒྱུ་ལ་སོགས་པ་མེད་པའི་ཕྱིར་རོ།། ། ་བཅོམ་ལྡན་འདས་ཞེས་བྱ་བ་ལ་བྷ་ག་ནི་དབང་ཕྱུག་ལ་སོགས་པ་དྲུག་སྟེ། དེ་འདི་ལ་ཡོད་པས་ན་བཅོམ་ལྡན་འདས་སོ།། དེ་སྐད་དུ། དབང་ཕྱུག་དང་ནི་གཟུགས་བཟང་དང་།། དཔལ་དང་གྲགས ་དང་ཡེ་ཤེས་དང་།། བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ།། དྲུག་པོ་འདི་དག་བཅོམ་པར་བཤད་ཅེས་སོ།། གཅིག་པུ་ཞེས་བྱ་བ་ནི་གཉིས་མེད་པ་སྟེ། ཆོས་ཀྱི་སྐུའི་ཚུལ་གྱིས་སོ།། ལྷས་པའི་ལྷ་ཞེས་བྱ་བ་ནི་ལྷག་པར་གྱུར ་པའི་ལྷ་སྟེ། ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་ཚུལ་གྱི་སོ།། འབུམ་ཕྲག་ལྔ་པོ་ཧཾ་བཛྲ་ཞེས་བྱ་བ་ནི་སྔར་བཤད་པའི་རྒྱུད་རྒྱས་པའོ།། དཀྱིལ་འཁོར་ལྔ་པ་ཞེས་བྱ་བ་ནི་འབུམ་ཕྲག་ལྔ་མདོར་བསྡུས་པའི་རྒྱུད་ཀྱི་དཀྱིལ ་འཁོར་ལྔ་པོ་གཙོ་བོར་གྱུར་པས་མཁའ་འགྲོ་མ་རྡོ་རྗེ་དྲ་བ་ཞེས་བྱ་བར་བསྟན་པའོ།། དེ་ཉིད་ཀྱི་ཕྱིར་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་རྒྱུད་འདོར་མ་སྨོས་ཏེ། རྒྱུད་རྒྱས་པ་ལ་བལྟོས་པའི་ཕྱིར་རོ།། སྙིང་ཁར ་གཡོན་བཅངས་སྡིགས་མཛུབ་སྟེ།། སྣ་ཚོགས་ཁ་དོག་ཆེར་འབར་མའོ།། ཞེས་བྱ་བ་ནི་དཀར་པོ་ལ་སོགས་པའི་ཁ་དོག་དང་ལྡན་པོ་སྟེ། ཁ་དོག་དེ་དེ་ག་ཀྱང་བསྡུས་པའི་དཀྱིལ་འཁོར་ལས་སྟོན་པར་འགྱུར་རོ།། ཤིན་ཏུ ་གཏི་མུག་ཆེ་ཞེས་བྱ་བ་ལ་གཏི་མུག་ནི་བག་ཆགས་དང་བཅས་པའི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ལ། དེ་ཤིན་ཏུ་གནོན་པས་ན་ཤིན་ཏུ་སྟེ། སེམས་ཅན་གྱི་མཚན་ཉིད་ཟག་པ་མེད་པའི་དབྱིངས་ཀྱི་རང་བཞིན་མེ་ལོང ་ལྟ་བུའི་ཡེ་ཤེས་སོ།། དེ་ཉིད་ཀྱི་གཏི་མུག་དེ་གནོན་པའི་ཕྱིར་ཆེན་པོ་ཡིན་ནོ།། ཤིན་ཏུ་གཟི་བརྗིད་ཆེ་ཞེས་བྱ་བ་ལ། གཟི་བརྗིད་ནི་ང་རྒྱས་ལ་སོགས་པའི་ཉོན་མོངས་པ་དྲུག་གོ།། དེ་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས ་ཀྱིས་གནོན་པས་ན་ཤིན་ཏུ་གཟི་བརྗིད་དེ་དེ་ཉིད་ཀྱི་ཕྱིར་གཟི་བརྗིད་ཆེན་པོའོ།། ཤིན་ཏུ་འདོད་ཆགས་འདོད་ཆགས་ཆེ་ཞེས་བྱ་བ་ལ། འདོད་ཆགས་ནི་ཡུལ་རྣམས་ལ་ཞེན་པ་སྟེ། དེ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་གནོན ་པས་ན་ཤིན་ཏུ་སྟེ། དེ་ཉིད་ཕྱིར་འདོད་ཆགས་ཆེན་པོ་ཡང་ཡིན་ནོ།། ཕྲག་དོག་ཆེན་པོ་སྒྲིབ་པ་ཞེས་བྱ་བ་ལ་རང་གི་ངོ་བོ་ཉིད་རྟོགས་པའི་ཕྱིར་དང་། སྐུ་གསུང་ཐུགས་ཀྱི་སྤྲུལ་པས་འཁོར་བ་ཇི་སྲིད་པར་བཞུགས་ཤིང་མི་གནས ་པའི་མྱ་ངན་ལས་འདས་པར་གྱུར་པས་ན། ཕྲག་དོག་ཆེན་པོ་སྒྲིབ་པ་ཆེ་ཞེས་བྱ་བ་སྟེ། བྱ་བ་ནན་གྱི་ཡེ་ཤེས་སོ།། རྣམ་པར་རྟོག་པའི་རིབ་རིབ་འཕྲེག་ཅེས་བྱ་བ་ནི་བདག་ཏུ་ལྟ་བའི་རབ་རིབ་བོ།། ཐེག་པ་གཞན་ནི་རྣམ་པར ་སྤངས་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའི་མྱ་ངན་ལས་འདས་པ་ལ་བཟློག་པོའི་ཕྱིར་རོ།། མི་བསྐྱོད་ཡེ་ཤེས་ལས་བྱུང་བ་ཞེས་བྱ་བ་ལ། ཉོན་མོངས་པའི་རྟོགས་པས་མི་གཡོ་བས་ན། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི ་དབྱིངས་ཀྱི་ཡེ་ཤེས་ནི་མི་བསྐྱོད་ཡེ་ཤེས་སོ།། འབྱུང་བ་ནི་དེ་ལས་སྐྱེས་པའོ།། སྐེ་འགྲོ་མི་ཟད་དོན་གཉེན་ཕྱིར་ཞེས་བྱ་བ་ལ་འགྲོ་བ་ནི་སངས་རྒྱས་རྣམས་ཏེ་མི་ཟད་པ་ནི་འབྲི་བ་མེད་པའོ།། དེ་རྣམས་ཀྱི་ཅི་ཞིག་ཅེ་ན། འགྲོན ་དུ་གཉེར་བ་སྟེ་བསྟེན་ཅིང་རི་མོར་བྱ་བས་ན་མགྲོན་ནི་མཐར་ཕྱིན་པའི་ཤེས་རབ་ཡིན་ལ་དེ་སྤངས་པས་ན་གཉེར་བ་ནི་ཤེས་རབ་དང་སྙིང་རྗེ་ཆེན་པོའོ།། དེ་ཉིད་ནི་དོན་ཏེ་དགོས་པ་ཞེས་བྱ་བའི་བར ་དུའོ།། སྒྲིབ་པ་ལྔ་ནི་འཇོམས་པའོ་ཞེས་བྱ་བ་ནི་དོན་དང་སེམས་ཅན་དང་། བདག་དང་རྣམ་པར་རྟོག་པ་དང་། འདུ་བྱེད་དང་འཇུག་པའི་རྣམ་པར་ཤེས་པ་ལྔ་པོ་འཇོམས་པ་སྟེ། དེ་ལ་དོན་དང་སེམས་ཅན་གྱི་དོན་རྣམ་པར་རྟོག ་པ་འཇོམས་པ་ནི་མེ་ལོངས་ལྟ་བུའི་ཡེ་ཤེས་སོ།། བདག་ཏུ་ལྟ་ང་འཇོམས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་འཇོམས་པ་ནི། སོ་སོར་རྟོག་པ་ཡེ་ཤེས་སོ།། འདུ་བྱེད་ནི་སེམས ་རྣམ་པར་གཡེང་བ་ཉིད་དེ། དེ་འཇོམས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ།། འཇུག་པའི་རྣམ་པར་ཤེས་པ་རྣམ་པ་ལྔ་འཇོམས་པ་ནི། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ་འཇོམས་པ་ནི་བཅོམ་པ་ལས ་གྱུར་པའོ།། དབང་པོ་གང་དང་གང་ལམ་ནས་ཞེས་བྱ་བ་ནི། དབང་པོ་རྣམས་ཀྱི་ཡུལ་གང་དང་གང་རྙེད་པ་སྟེ་མངོན་སུམ་དུ་བྱ་བ་ཞེས་བྱ་བའི་དོན་ཏོ།། མཆོག་ཏུ་ཕན་པའི་རྣལ་འབྱོར་གྱི་ཞེས་བྱ་བ་ལ། མཆོག་ཅེས་བྱ་བ་ནི ་སངས་རྒྱས་ཐམས་ཅད་ཀྱིས་མངོན་པར་ཤེས་པའི་རང་བཞིན་གྱིསོ།། ཕན་པ་ཞེས་བྱ་བ་ནི་ལྷུན་གྱིས་གྲུབ་པར་འཇུག་པས་སོ།། རྣལ་འབྱོར་ཞེས་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་སོ།། ཅི་སྟེ་གཟུང་བ་དང ་འཛིན་པས་སྣང་བས་འཁྲུལ་པའི་རང་བཞིན་འབའ་ཞིག་ཡིན་ནོ་སྙམ་དུ་དོགས་པ་ལ། སངས་རྒྱས་ཀུན་གྱི་རང་བཞིན་འཇུག་ཅེས་བྱ་བ་སྨོས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་གཉིས་ཀྱིས་སྟོང་པ་ཉིད་ཀྱིས་གང་དང ་གང་ཉམསུ་མྱོངས་པ་དེ་དང་དེ། བརྫུན་པ་ཉིད་དུ་ཡོངསུ་གཅོད་པས་འཁྲུལ་པ་མེད་པ་ཁོ་ནའོ།། ཞེས་བྱ་བའི་དོན་ཏོ།། དངོས་པོ་གོང་དང་གང་གིས་ནི། ཞེས་བྱ་བ་ནི་རིགས་གང་དང་གང་གིས་དོན་ཞེས་བྱ་བའི་དོན་ཏོ།། ་ས་ཅན་རྣམས་ཀྱི་རིགས་འདོད་ཆགས་དང་ཞོ་སྡང་དང་། གཏི་མུག་དོང་ང་རྒྱལ་དང་ཕྲག་དོག་དག་གི་རིགས་ལྔའི་བྱེ་བྲག་གིས་སོ།། དེ་ནས་དེའི་རང་བཞིན་འགྲོ་ཞེས་བྱ་བ་ནི་དེས་བྱང་ཆུབ་ཀྱི་རིགས་ལྷོར་འགྱུར་བའོ།། ་སྣ་ཚོགས་གཟུགས་ཅན་ནོར་བུ་ཞེས་བྱ་བ་ནི་ནོར་བུ་ཤལ་སྒོང་སྟེ། མཛའ་བའི་མེ་ཏོག་ལ་སོགས་པའི་ཁ་དོག་ཉེ་བར་བསྒྱུར་ཏུ་རུང་བའི་ཕྱིར་རོ།། ཐུགས་ཀྱི་རྡོ་རྗེ་ལས་བྱུང་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཡེ་ཤེས་ལྔས་སྐྱེས་པའི ་ཕྱིར་རོ།། རང་གི་རྣམ་རྟོག་ཅེས་བྱ་བ་ནི་བདག་ཏུ་འཛིན་པ་ལ་སོགས་པའི་ལྟ་བ་སྟེ། གཉིས་བརྟགས་པའི་ཕྱིར་རོ།། རྣམ་དག་ཅེས་བྱ་བ་ནི་བློ་བུར་གྱི་དྲི་མ་རྣམ་པར་བྲལ་བའོ།། སེམས་དག་པ་ནི་བདེ་བ་ཡིན་ཞེས་བྱ་བ་ནི།། ་དྲི་མ་གསུམ་སྤངས་པ་ལས་ཟག་པ་མེད་པའི་བདེ་བ་ཆེན་པོར་འགྱུར་བའི་ཕྱིར་རོ།། ཅི་སྟེ་མདོག་དང་མཚན་མ་ལ་སོགས་པའི་སྤྲོས་པས་གྲོལ་བའི་ཐབསུ་ཅི་ལྟར་འགྱུར་སྙམ་དུ་དགོངས་ནས་གལ་ཏེ་སྟོང་ཐབས་ཡིན་ན།། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐབས་དང་བྲལ་བའི་སྟོང་པ་འབའ་ཞིག་ལམ་དུ་འདོད་ན་དེའི་ཚེ་བསྐལ་པ་བྱེ་བས་ཀྱང་སངས་རྒྱས་ཉིད་དུ་མི་འགྱུར་ཏེ། ན་མཁའ་མཐའ་ཡས་སྐྱེ ་མཆེད་ལ་སོགས་པ་ཞི་བའི་འབྲས་བུ་ཉིད་ཀྱིས་མི་ཁོམ་པ་ཐོབ་པར་འགྱུར་རོ།། འདི་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་ལས་ཀྱང་འདོད་པ་མ་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་ལྔའི་ཐབས་དང་ལྡན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་བསྒོམ་པར་བྱའོ།། ཐབས་དང་བྲལ་བའི་ཤེས་རབ་འབའ་ཞིག་གིས་ནི་མ་ཡིན་ནོ།། ཞེས་བྱ་བ་ལ་སོགས་པའོ།། ཅི་སྟེ་སྟོང་པ་དེ་ཉིད་ལམ་གྱི་གནས་སྐབས་ནི་ནི་ཐབས་ཡིན་ལ། སྨིན་པའི་གནས་སྐབས་ན་ནི་འབྲས་བུ་ཡིནོ།། ། ་སྙམ་དུ་སེམས་ན། རྒྱུ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཚེ་ལམ་དང་སྨིན་པ་གཉིས་ཀྱི་སྟོང་པ་ཉིད་ལ་བྱེ་བྲག་མེད་པའི་ཕྱིར་འབྲས་བུ་འདོད་པ་བཞིན་དུ་སྟོང་པ་ཉིད་ཐབས་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། རྒྱུ ་རྒྱུ་ནི་སྤྲོས་པའི་ངོ་བོ་ཉིད་དེ་དམིགས་པ་དང་བཅས་པའི་ཕྱིར་རོ།། འབྲས་བུ་ནི་སྤྲོས་པ་མེད་པའི་ངོ་བོ་ཉིད་དེ་དམིགས་པ་མེད་པའི་ཕྱིར་རོ།། དེའི་ཕྱིར་རྒྱུ་དང་འབྲས་བུ་ཐ་དད་པར་གྲུབ་པོ།། དེའི་ཕྱིར་ཐབས་ནི་སྟོང་པ་ཉིད་འབའ ་ཞིག་མ་ཡིན་པར་གྲུབ་པའོ།། འོ་ན་ཅིའི་ཕྱིར་སྟོང་པ་ཉིད་གསུངས་སྙམ་དུ་སེམས་ན། ཕྱིན་ཅི་ལོག་བཟློག་པས་ཐབས་ཀྱི་ཡོན་ལག་ཉིད་དུ་བསྟེན་པའི་ཕྱིར་ལྟ་བ་ལས་ནི་ལོག་པ་རྣམས་ཞེས་བྱ་བ་ཆོས་ལ་བདག་མེད་པ་ལ ་སོགས་པ་ལྟ་བ་ལོག་ཅིང་མི་མཐུན་པའོ།། བདག་ཏུ་ལྟ་བ་འཚོལ་རྣམས་ཀྱིས་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་འཚོལ་བ་སྟེ། བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་སྟེ། དེ་རྣམས་ཀྱི་བདག་ཏུ་འཛིན་པའི་ལྟ་བ་བཟློག་པའི་ཕྱིར་སྟོང་པ་ཉིད ་རྒྱལ་བས་གསུངསོ་ཞེས་བྱ་བའི་དོན་ཏོ།། ཅི་སྟེ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ཤོས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱིས་ཟིན་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་བསྐལ་པ་གྲངས་མེད་པ་གསུམ་དུ་སྤྱོད་ཅིང་མགོ་སྦྱིན་པོར་བཏང་བ་ལ ་སོགས་པ་དཀའ་བའི་སྤྱོད་པ་སྣ་ཚོགས་ཀྱིས་བྱང་ཆུབ་འགྲུབ་པར་བསྟན་པ་ཡིན་ན། དཀྱིལ་འཁོར་འཁོར་ལོ་ལ་སོགས་པའི་ཐབས་ཀྱིས་ཙོ་བྱ་ཞེ་ན། དེའི་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས།། ཐབས་ནི་བདེ་བའི་སྡོམ་པ ་སྟེ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་འཁོར་དང་བཅས་པའི་ཕ་རོལ་ཏུ་ཕྱིན་པ་ལྔ་དེ་དག་ཉིད་ལྷའི་དཀྱིལ་འཁོར་གྱི་སོ་འཁོར་ལོར་བསྡུས་པ་ཐབས་ཡིན་ཏེ། བདེ་བའི་ཐབས་ཞེས་བྱ་བ་ནི་དཀའ་བའི ་སྤྱོད་པ་མ་ཡིན་པའོ།། སྡོམ་པོ་ཞེས་བྱ་བ་ནི། བདེ་བ་ཉིད་དུ་བསྟན་པ་སྟེ། འདོད་པའི་ཉེ་བར་སྤྱོད་པ་ཐམས་ཅད་ལ་སྤྱོད་ཅིང་དབང་པོ་གཉིས་ཀྱི་བདེ་བ་ཉམསུ་མྱོང་བ་དང་ལྡན་པའོ།། སངས་རྒྱས་ང་རྒྱལ་ཞེས་བྱ་བ་ནི་ཐ ་མལ་བའི་ང་རྒྱལ་དང་བྲལ་བའོ།། མྱུར་དུ་ཞེས་བྱ་བ་ནི་ཚེ་འདི་ཉིད་ལཾ། ཅི་སྟེ་སངས་རྒྱས་ཀྱི་སྐུ་ཆོས་ཀྱི་སྐུ་རྣམ་པ་མེད་པའི་ཚུལ་གྱིས་བསྒོམ་པར་བྱ་བ་འམ་ཞེ་ན། སུམ་ཅུ་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐབས་ནི། ་སྐུ་གསུམ་གྱི་གཟུགས་ཅན་གྱི་ཏིང་ངེ་འཛིན་གསུམ་གྱི་རང་བཞིན་གྱིས་གནས་པར་བསྟན་ཏོ།། རྣམ་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ལ་སོགས་པ་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་ནི་དམ་པ ་སྟེ། སྟོང་པ་ཉིད་ཀྱི་རང་བཞིན་ནོ།། རྒྱ་ཆེ་བ་ནི་ཐབས་ཆེ་བའི་རང་བཞིན་ནོ།། ངེས་སེམས་ཅན་རྣམས་འཁོར་ལོས་སྒྱུར་བ་ལྔ་ལ་འཇུག་པས་ན་སེམས་ཅན་འཇུག་པའོ།། དེ་གསལ་བར་བྱེད་པས་ན་ལེའུ་དང་པོའོ།། མཁའ་གྲོ་མ ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་གསལ་བ་ལཱ། ལེའུ་དང་པོའི་རྣམ་པར་བཤད་པའོ།། ། དེ་ནས་ཞེས་བྱ་བ་ནི་ལྡེའུ་དང་པོའི་རྗེས་ཐོགས་ལྔའོ།། འཇིག་རྟེན་གསུམ་ཐོབ་ཅེས་བྱ་བ་ནི ་ས་གསུམ་མོ།། དེ་ལ་འདིའི་དགོངས་པ་ནི་ཕོ་བྲང་ཁང་བུ་སུམ་བརྩེགས་དང་ལྡན་པའོ།། དམ་ཚིག་མཆོད་པ་ཞེས་བྱ་བ་ནི་རང་རང་གི་འཁོར་ལོས་སྒྱུར་བའི་དབྱེ་བས་ཕྱེ་བའི་ཇི་ལྟར་རིག་པའི་མཆོད་པས་རྫས་རྣམས་ལོས་འདའ ་བར་མི་བྱའོ།། ཀུན་ཏུ་བཟང་པོའི་ས་བོན་བདག་ཅེས་བྱ་བ་ནི་ས་བོན་ཧཱུཾ་ལས་བསྐྱེད་པའོ།། བགྲང་བ་ཉིད་ཅེས་བྱ་བ་ནི་སྡིགས་མཛུབ་ཀྱིས་གསོད་པར་འཇམ་པ་སྟེ། གཡོན་པའི་སྡིགས་མཛུབ་ཅེས་པའི་དོན་ཏོ།། གཉིས ་པོ་དག་གིས་ཕྱག་རྒྱ་སྦྱོར་ཞེས་བྱ་བ་ནི་རྡོ་རྗེ་བཅིང་པ་བྱོས་ནས་སྲིན་ལ་གཉིས་སྒྲོག་ཏུ་སྦྲེལ་ལ་མཐེ་བོང་གཉིས་ཀྱིས་གུ་དེ་མཱཾ་སྠཱ་མོ་ཎྜཱི་མནན་ནུ་མཛུབ་མོ་གཉི་ཀན་ཏེ་ཅུང་ཟད་དགུག་པ་ནི་རིན་པོ་ཆེའི་ཚུལ་དུ་བྱས་ནས། སྙིང་གར་བཞག་པའོ།། ་གནོད་སྦྱིན་མོ་དང་ཀླུ་མོ་དང་ཞེས་བྱ་བ་ལ་གདོན་སྦྱིན་མོ་བསྒྲུབས་པས་གསེར་གྱི་སྟེགས་བུ་ལ་སོགས་པ་ཡི་གེ་ཁྲིམས་གི་འོད་ཟེར་གྱིས་བགུག་ལ་བཅུག་སྟེ། གནོད་སྦྱིན་མོ་མདོག་སེར་མོ་གདུགས་དཀར་པོ་ཐོགས་པ། བསྐལ ་པའི་མེ་ལྟོ་བུ་གཤིན་རྗེ་མཐར་མཛོད་ཀྱི་མགོ་བོར་མོནན་ཅིང་ཁྲིམས་གིས་སྙིང་གར་མཚན་པ་བསྒོམ་པར་བྱའོ།། ཀླུ་མོ་ལཱ་ནི་ཡི་གེ་ནམ་གིས་སོ།། སྟོབས་ཆེན་ཏིང་ངེ་འཛིན་ལ་གནས་ནས་ཞེས་བྱ་བ་ལ་སོགས་པ་ལ། པདྨ་འདབ ་མ་བརྒྱད་ཅེས་བྱ་བ་ནི་འོག་ནས་བྱུང་བའི་དྲག་ཤུལ་གྱིས་བསྒྲུབ་པའི་དོན་དུ་རླུང་དང་མེ་དང་། ཆུ་ལ་སོགས་པའི་རིམ་གྱིས་ཀླུའི་དཀྱིལ་འཁོར་བྲིས་པར་པདྨ་འདབ་མ་བརྒྱུད་པར་འདབ་མའི་མདོག་རྣམས་ཕྱོགས་ཀྱི་ཀླུ་བརྒྱད་ཀྱི ་མདོག་ལྟར་བྲིས་པའོ།། ཀླུ་བརྒྱད་ཅེས་བྱ་བ་ལ་སྩོགས་པ་ལཾ། ཤཱར་དུ་ནི་མཐའ་ཡས་ནཱག་པོ།། ལྷོར་ནི་ནོར་རྒྱས་དཀར་པོ།། ནུབ་ཏུ་འཇོག་པོ་དམར་པོ།། བྱུང་དུ་སྟོབས་ཀྱི་རྒྱུ་སྔོན་པོ།། མེ་མཚམས་དང་བདེན་བྲལ་གྱི་མཚམ་སུ་ནི ་པདྨ་དང་པདྨ་ཆེན་པོ་སེར་སྐྱའོ།། རླུང་མཚམ་སུ་ནི་དུང་སྐྱོང་སེར་པོའོ།། དབང་ལྡན་དུ་ནི་རིགས་ལྡན་ཁ་དོག་སྣ་ཚོགས་བསྒོམ་པར་བྱའོ།། རྡོ་རྗེ་མཁའ་ལྡོང་གདན་དུ་མཛད་ཅེས་བྱ་བ་ནི་དེ་རྣམས་ཀྱིས་མཇུག་མ་གང་ལས་སྐྱེས ་པའི་ཁྱུང་གི་རྐང་པ་གཡོན་བརྐྱང་བས་མནན་ཅིང་བསྐལ་པ་མེ་ལྟར་འབར་ཞིང་སྟོབས་པོ་ཆེའི་རྣལ་འབྱོར་གྱིས་དེའི་གདན་ལ་བཞུགས་པའི་ཀླུའི་བདག་པོ་ཞེས་བྱ་བ་ནི་མཐའ་ཡསོ་ལ་སོགས་པ་སྟེ། དེ་དག་ཉིད་ལག་པར ་བསམ་ལཱ། དྷཱུ་དག་དང་ནི་སྤྲུལ་པ་ཡིས།། ཡི་གེ་པུ་ཡཾ་སྔགས་བརྗོད་དྷཱ་ཞེས་བྱ་བ་ནི་ཕྲེང་སྔགས་ཀྱིས་མཐར་ཧཱུཾ་པུ་ཧཱུ~ཾ་ཕཊ་ཙས་བརྗོད་པའོ།། རབ་ཏུ་བསྒོམ་ཞེས་བྱ་བ་ནི།། ནམཁའི་ངོས ་ལ་ཁྲོ་བ་ཡིས།། འོད་ཀྱིས་རྨོངས་པར་གྱུར་པ་ཡི།། ཀླུ་རྣམས་ཀྱིས་ཆུའི་ཚོགས་འབེབས་པས་བསྒོམས་པའོ།། བསྔོ་པར་ཆར་འབེབ་བོ།། སངས་རྒྱས་ངོ་ཉིད་དབྱེ་བར་བྱ།། ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྒྱུར་གྱུར་པའི་ལམ ་གྱི་དེ་ཁོ་ན་ཉིད་དོ།། ལྷག་མ་ནི་གོ་སླའོ།། དོན་གྱི་ཁྱད་པར་གཞན་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ།། ངག་པའི་གནས་ཞེས་བྱ་བ་ནི་དམ་པ་དང་པོ་ལ་སོགས་པའི་གནས་སོ།། རྡོ་རྗེ་ལུག་གུ་རྒྱུད་ཅུ་ས་བྱི་བ་ལ་སོགས ་པས་ནི་དྲག་ཤུལ་གྱིས་བསྒྲུབ་པའི་ཕྱིར་ལས་དགུག་པ་དང་བཅིང་བ་ལ་སོགས་པ་བསྟན་པའོ།། མཁོ་འགྲོ་མ་བཞི་ཞེས་བྱ་བ་ལ་སོགས་པ་ནི་གཽ་རཱི་ལ་སོགས་པ་དེ་དག་ཉིད་དོ།། དེ་དག་གིས་ནི་འདི་སྐད་དུ་སྟོནྡོ་ཏ། བསྒོམ ་པཔ་དང་བཟླས་པ་ལ་ཞེན་པ་ལ་ཡང་སྒྲོན་རས་ཀྱིས་མི་འཚོ་ན། དེའི་ཚེ་ཟླ་བ་དྲུག་ཙམ་དུ་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ་གསན་པར་གསོལ་ཏེ། ཡང་ཟླ་བ་དྲུག་ཏུ་སྙིང་གར་ལྕགས་ཀྱུས་དགུག་བཱི་ལི་སོགས་བྱས་ནས ་ཟླ་བ་གཞན་ལ་དྲག་ཤུལ་གྱི་ཕུར་པོས་གདབ་པར་སྟོན་པར་འགྱུརརོ།། སངས་རྒྱས་གར་མཁན་ཞེས་བྱ་བ་ནི། སངས་རྒྱས་གར་མཁན་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱིས་གར་མཛད་པའིའོ།། ཅི་སྟེ་གླུ་དང་རོལ་མ ་ངག་འཁྱལ་པ་སྨྲ་དང་འདྲ་བར་སྟོན་པས་སྡིག་པ་ཉིད་ཀྱིས་ངན་སོང་དུ་ལྟུང་བར་མི་འགྱུར་རམ་ཞེ་ན། སངས་རྒྱས་གར་མཁན་རྡོ་རྗེ་ཡིས།། འདོད་ཆགས་ཅན་གྱི་བྱང་ཆུབ་སྒྲུབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་སངས ་རྒྱས་གར་གྱི་རྡོ་རྗེ་ཞེས་བྱ་བའི་ནི་ཕྱག་རྒྱ་དང་བྱིང་པ་ལ་སོགས་པའོ།། འད་ཆགས་ཅན་ཞེས་བྱ་བ་ནི་ཡུལ་ལ་ཞེན་པ་རྣམས་ཏེ་འདོད་པ་ལ་ཆགས་པ་དང་ལྡན་པའོ།། བྱང་ཆུབ་སྒྲུབ་ཅེས་བྱ་བ་ནི་སངས་རྒྱས་ཉིད་དོ།། ལག་པ ་དང་རྐང་པ་དང་ལྟ་སྟངསཽ་དང་ཕྱག་རྒྱ་རྣམས་ཀྱིས་བསོད་ནམས་ཡེ་ཤེས་བསོག་པར་མཛད་པོ་སྟེ་ཇི་ལྟར་ལྕགས་ལ་སོགས་པའི་གོང་བུ་ཆུང་ཡང་ཆུའི་ནང་དུ་འབྱིང་པ་དེ་ཉིད་སྟོང་དུ་བྱོས་ན་ཚེ་ཡང་སྟོང་དུ་འཕྱོ་བར་འགྱུར ་བ་བཞིན་ནོ།། དེ་བཞིན་དུ་ཡང་རྡོ་རྗེའི་གར་ལ་སོགས་པ་ནི་འདུས་བྱས་པའི་ཕྱག་དང་ཞབས་དང་། ཞལ་ཡིན་པའི་ཕྱིར་ཞལ་ཅིག་དང་ཕྱག་གཉིས་དང་ལྡན་པར་བྱའོ།། རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་གང་ལ་ཡཽད་བ་དེ་ནི་རྡོ་རྗེ ་འཆང་སྟེ་ཀྱེའི་རྡོ་རྗེའོ།། དེ་ལ་གཡས་ཀྱི་ཐོད་པ་རྣམས་ཉེ་བར་བསྡུས་པ་ནི་རྡོ་རྗེའོ།། ཕྱག་གཡོན་པའི་ཐོད་པ་རྣམས་ཉེ་བར་བསྡུས་པ་ནི་ཐོད་པ་དང་ཁ་ཊྭཱཾ་གེའོ།། དེ་བཞིན་དུ་བསྟན་པ་ནི་རྟོག་པའི་གཡ་སུ་ནི་འཁོར་ལོའོ།། ་ཉི་མའི་ག་ཡ་སུ་ནི་རིན་པོ་ཆེའོ།། པདྨ་གར་གྱི་དབང་ཕྱུག་གི་གཡ་སུ་ནི་པདྨའོ།། རྟ་མཚིག་གི་ག་ཡ་སུ་ནི་རལ་གྲིའོ།། གཡོན་པོ་རྣམསུ་ཁ་ཊྭཱཾ་ག་དང་ཐོད་པའོ།། ཞབས་ནི་ཕྱེད་ཀྲུང་བཅས་པའི་གར་གྱིས་བཞུགས་པའོ།། ་ཕྱག་ལ་སོགས་པ་ཇི་ལྟར་བསྡུས་པ་བཞིན་དུ་མ་མོ་ལ་སོགས་པའི་དཀྱིལ་འཁོར་བ་རྣམས་ཀྱང་བསྡུས་པར་བྱ་སྟེ། གཽ་རཱྀ་ལ་སོགས་པ་བསྡུས་པ་ནི་མཱ་མ་ཀཱིའོ།། སྙམ་པ་མ་ལ ་སོགས་པ་བསྡུས་པ་ནི་སངས་རྒྱས་སྤྱ་ནཽ་ནོ།། ཕྱག་ན་པདྨ་ཅན་ལ་སོགས་པ་བསྡུས་པ་ནི་དཀར་མོའོ།། ཕྲག་ནའི་མ་ཅན་དང་། སྒོ་ལྕགས་མ་ལ་སོགས་པ་བསྡུས་པ་ནི་སྒྲོལ་མའོ།། ཁྲོ་བོ་རྣམས་དང་སྒོ་སྐྱོང་རྣམས ་བསྡུས་པ་ནི། ཁྲོ་བོ་མི་གཡོ་བའོ།། ཁ་ཅིག་ནི་རེ་ཁྲོ་བོའི་འཁོར་ལོ་བསྡུས་པའོ་ཞེས་ཟེ་རོ།། མེ་ཏྲོག་སྙིམ་པ་རབ་སྦྱོར་བས་ཞེས་བྱ་བཱ་ལ་ལག་པ་གཉིསུ་ཨ་ལིས་ཟླ་བའི་དཀྱིལ་འཁོར་དེ་ར་ཧཱུཾ་ལས་རྡོ་རྗེ་དཀར་པོ་བསྐྱེད ་ལ་སོར་མོ་རྣམས་ཀྱང་རྡོ་རྗེའི་ཚུལ་དུ་མོས་ཏེ། མེ་ཏོག་གི་ཐལ་མོ་སྤྱི་བོར་སྦྱར་ཏེ་ཕྱག་བྱ་བ་ནི་མེ་ཏོག་གི་སྙིམ་པའོའོ།། དེ་ནས་དེ་བཞིན་གཤེགས་པ་རྣམས་ལ་པག་བྱས་ནས་བདག་ཉིད་ངེས་པར་དབུལ་བ་ནི་རབ་ཏུ ་སྦྱོར་བའོ།། དེ་ནས་འོག་ནས་འབྱུང་བ་བཞིན་དུ་སྨོན་ལམ་གདབ་པའོ།། འདུ་ཤེས་མེད་པ་ཞེས་བྱ་བ་ནི་ན་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་རྣམ་སོ།། ཧཱུཾ་ཞེས་བྱ་བ་ནི་ལུས་དང་བརྗོད་པ་དང་ཡིད་དེ། ལུས་ནི ་ཧོའོ།། བརྗོད་པ་ནི་ཨུའོ།། ཡིད་ནི་མའོ།། མིའི་སྐྲོད་པ་ཞེས་བྱ་བ་ནི་གཉིས་ཀྱི་རྣམ་པར་རྫོགས་པས་གཡོ་བའོ།། བདག་གི་སྟོབས་བཅོམ་པ་ཞེས་བྱ་བ་ནི། གཉིས་པོ་མེད་པས་སྣང་བ་ཙམ་ཡིན་པའི་ཕྱི་རོ།། ཨོཾ་ཞེས ་བྱ་བ་ནི་དོན་གྱིས་སྟོང་པ་དང་ཡིད་དེ། སེམས་ཙམ་གྱི་ངོ་བོ་ཉིད་དོ།། ཚངས་པ་ཞེས་བྱ་བ་ནི་གནས་པའི་མྱ་ངན་ལས་འདས་པའོ།། རྣམ་པར་སྣང་མཛད་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་མེ་འབར་བས་སྣང་བའི་ཕྱིར་རོ།། ཨཱ ་ཞེས་བྱ་བ་ནི་ན་མཁའ་དང་ཚུངས་པའོ།། གར་གྱི་དབང་ཕྱུག་ཅེས་བྱ་བ་ལ་སོགས་ལ། གཽར་ནི་རྣམ་པར་རོལ་པའོ།། དབང་ཕྱུག་ནི་དེའི་གཙོ་བོ་སྟེ། ཆོས་ཐམས་ཅད་སོ་སོར་རྟོག་ཅིང་རྣམ་པ་སྣ་ཚོགས་ཀྱི་འདུལ་བྱ་རྣམས ་ལ་ལོངས་སྤྱོད་པའོ།། ཏྲཾ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཉམས་སུ་མྱོང་བས། ཆགས་ཤིང་མཉམ་པ་ཉིད་དེ། སངས་རྒྱས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་ཡི་གེ་ཏའོ།། ཉམ་སུ་མྱོངས་པས་ཆགོས་པའི ་མཉམ་པ་ནི་རའོ།། ཡིད་ནི་མའོ། གདུགས་གཅིག་ཅེས་བྱ་བ་ནི་མཉམ་པར་འགེགས་པོའོ།། ཚ་བ་སེལ་བ་ཞེས་བྱ་བ་ནི་ཉོན་མོངས་པའི་གདུང་བ་སེལ་བའོ།། འཁོར་ལོའི་རྣམ་པ་ཞེས་བྱ་བ་ནི་ཉི་མ་ལྟ་བུའི་ཡེ་ཤེས་སོ།། ་ཁཾ་ཞེས་བྱ་བ་ནི་ན་མཁའ་དང་མཉམ་པའི་སྤྲུལ་པའི་ཡིད་དེ་ཁཾ། རྡོ་རྗེ་མགྱོགས་འགྲོ་ཞེས་བྱ་བ་ནི་ཆོས་ཀྱིས་མགྱོགས་འགྲོ་བ་སྟེ། དེ་དང་དེར་སྤྲུལ་པ་སྣ་ཚོགས་སྟོན་པའོ།། སྙིང་རྗེའི་ཚོང་ཞེས་བྱ་བ་ནི་གཉིས་ཀྱི་རྟོག་པ ་བཞུ་ནསཽ་རོ་གཅིག་མཉམ་པའི་རང་བཞིན་ནོ།། མཱ་མ་ཀཱི་ཞེས་བྱ་བ་ནི་གཉིས་ཀྱིས་སྒྱུ་མ་འཇོམས་པའི་ལས་ཏེ་མཱ་མ་ཀཱི་ནི་མི་བསྐྱོད་པའོ།། ཞི་བ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པ་རྣམ་པར་རྟོག་པ་ཞི་བའི་ཕྱིར ་སེམས་ཙམ་ཉིད་དོ།། ཆགས་པ་ཞེས་བྱ་བ་ནི་གཉིས་ཀྱིས་སྟོང་པའི་ཡེ་ཤེས་ཉམ་སུ་མྱོང་བར་ཡོངསུ་གཅོད་པར་གནས་པའོ།། དབང་མེ་ཚ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་སྣ ་ཚོགསུ་སྤྲུལ་པ་རྣམས་ཀྱི་རྗེ་སུ་འཛིན་པའི་རང་བཞིན་ནོ།། མིག་ཡོན་ཞེས་བྱ་བ་ནི་སྟེང་དང་འོག་ཏུ་བལྟ་བ་སྟེ། འཁོར་བ་དང་ཞི་ང་ལྟ་བའོ།། དེ་ལ་ཕྱོགས་གཅིག་ཏུ་བསྟན་པ་ནི་ཁང་པ་སུམཽ་བརྩེགས་བྱས་ནས་ཁང་པ་འོ ་མར་ནི་གར་བྱེད་པའི་གར་མཁན་རྣམས་བཞག་པའོ།། བར་མར་ནི་བཟའ་བཅའ་ལ་སོགས་པའི་ཡོ་བྱད་བཞག་གོ། སྟེང་མར་ནི་དཀྱིལ་འཁོར་འཁོར་ལོའི་ཁར་བཞག་ལ་དཀྱིལ་འཁོར་འཁོར་ལེའོ་སྒྲུབ་ཐབས་ལས་གོ ་རིམ་སྨོས་པ་བཞིན་ཏིང་ངེ་འཛིན་གསུམ་བྱ་སྟེ། སློབ་མ་བཞི་དང་རྣལ་འབྱོར་མ་བཞི་དང་བཅས་པས་རང་རང་གི་འཁོར་ལོས་བསྒྱུར་བར་བཅོས་པར་བྱ་ཞིང་། རྣལ་འབྱོར་མ་མེད་ན་སྐྱེས་པ་རྣམས་ཀྱིས་བུད་མེད་ཀྱི ་གཟུགས་གཟུང་ལ་ཁྲོ་བོ་དང་སྒོ་སྐྱོང་ཐམས་ཅད་མི་གཡོ་བར་བསྡུས་པ་དང་བཅས་པས་བདུད་ཐམས་ཅད་གཞོམ་པར་བྱའོ།། བསྡུ་བ་དེ་ཡང་ཁང་བུ་བརྩེགས་པ་རྣམས་ནི་ཁང་བུ་བརྩེགས་པ་ལའོ།། ཞལ་རྣམས་ནི་ཞལ ་ལའོ།། ཕྱག་རྣམས་ནི་ཕྱག་ལའོ།། ཞབས་རྣམས་ནི་ཞབས་ལའོ།། གླང་པོ་ཆེ་ལ་སོགས་པའི་ཐོད་པ་རྣམས་ནི་བཅོ་སོ་མའི་རྡོ་རྗེ་ལའོ།། དེ་བཞིན་དུ་རྨ་བྱའི་ཐོད་པ་རྣམས་ནི་འཁོར་ལོ་ལའོ།། སྣོད་ལ་སོགས་པའི ་བོད་པ་རྣམས་ནི་རིན་པོ་ཆེ་ལའོ།། དོམ་ལ་སོགས་པའི་ཐོད་པ་རྣམས་ནི་པདྨ་ལའོ།། ས་ལ་སོགས་པའི་སྣོད་རྣམས་ནི་རལ་གྲི་ལའོ།། དེ་བཞིན་དུ་གཡོན་པའི་མཚན་རྣམས་ནི་ཁ་ཊཱ་ག་དང་ཐོད་པ་ལ་བསྡུའོ།། དེ་ལ ་དང་པོར་ཡོལ་བས་བཅང་ལ་སློབ་དཔོན་གཅིག་པུ་མེ་ལོང་སྡེ་མདུན་དུ་བཞག་སྟེ། རང་རང་གི་ལྷའི་ཞལ་དང་། ཕྱག་དང་། བཅོས་མའི་རྡོ་རྗེ་དང་ཁ་ཊཱ་ག་དང་ཐོད་པ་དང་ལྡན་པ་ནོ། བུ་ལ་སོགས་པའི་མདོག་ཏུ་ཚོན ་གྱིས་བྱུག་ཅིང་བཅོས་མའི་མཆོད་ཕྱིར་ཐོག་པ་ལ་སོགས་པའི་རྒྱན་གྱིས་བརྒྱན་པ། རྐང་པའི་མཐིལ་དུ་ཧཱུཾ་གོས་རྡོ་རྗེ་རྩེ་གཅིག་དང་རྩེ་གསུམ་དང་རྩི་ལྔ་པ་དང་། ཨ་ཡིས་བསྐྱེད་པའི་རྡོ་རྗེ་རྒྱ་གྲམ་རྣམས་རིམ ་བཞིན་དུ་བསམས་ལ་འོག་ནས་འབྱུང་བའི་རྡོ་རྗེ་འགྲོས་རྣམས་དང་སྦྱར་བར་བྱའོ།། དེ་བཞིན་དུ་ཁྲོ་བོ་ཆེན་པོའི་ཁྲོ་གཉེར་གྱིས་སྨིན་མ་བཙུམ་པའི་ལྟ་བ་མིག་གཡོན་པར་ཊ་ལས་བྱུང་བའི་ཟླ་བ། གཡས་པར་མ་ལས ་བྱུང་བའི་ཉིས་ལ་ཧཱུཾ་ཞེས་བྱ་བ་ལ་བཀོད་ནས། འབར་བའི་ལྟ་བ་དང་། ཧ་རུ་ཀོའི་ང་རྒྱལ་གྱིས་ཧཱུ~ཾ་ཞེས་བྱ་བ་བརྗོད་ནས་འོག་ནས་འབྱུང་བའི་རྡོ་རྗེ་འགྲོས་ཀྱིས་བསྐོར་བར་བྱའོ།། དེ་ཡང་དང་པོ་ཡོལ་བ་རིམ་གྱིས་བསལ ་ཅིང་ས་རབ་ཏུ་དགའ་བོ་ལ་སོགས་པའི་སྒྲིབ་པ་བསལ་ཅིང་བསྟན་པའི་ཕྱིརརོ།། རིམ་པ་བཞིན་དུ་དབུ་རྒྱན་དང་། དཔྲལ་བ་དང་སྤྱན་དང་ཀོས་ཀོ་དང་མགྲིན་པ་དང་། ཕྲག་པ་དང་ཕྱག་དང་སྙིང་ག་དང་ལྟེ་བ་དང་རྐེང ་པ་དང་བཪྵ་དང་ཞབས་ཀྱི་བར་དུ་བསྟན་པས་རྡོ་རྗེ་ཅན་ཕྱུང་སྟེ། ཕྱེད་ཀྲུང་བཅས་ནས་གཡས་པ་མནན་ཏེ། མཉམ་པའི་འདུག་སྤངས་ཀྱིས་གནས་ལ། སཱུར་སྤྲོས་པ་བཞིན་དུ་མ ་ཏོག་གི་ཐལ་མོ་སྤྱི་བོར་གཟུང་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལོ་ཞེས་བྱ་བས་ཕྱག་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་བདག་ཉིད་དབུལ་ལོ།། ཞེས་བྱ་བས་བདག་ཉིད་ཕུལ་ནས། འདི་སྐད ་དུ་སེམས་ཅན་བསྡུ་བས་བསྡུས་པ་ཇི་སྙེད་པ་སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྨྱོས་པ་འམ་བརྫུས་ཏེ་སྐྱེས་པ་འམ། མངལ་ནས་སྐྱེས་པ་ཡང་རུང་སྟེ། གཟུགས་ཅན་ནམ་གཟུགས་ཅན་མ་ཡིན་པ་འམ། འདུ ་ཤེས་ཅན་ནམ་འདུ་ཤེས་མེད་པ་འམ། འདུ་ཤེས་ཅན་ཡོང་མ་ཡིན་འདུ་ཤེས་མེད་པ་ཡང་མ་ཡིན་པ་རྣམས་ཀྱང་རུང་སྟེ། དེ་དག་ཐམས་ཅད་བདག་གིས་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་རབ་ཏུ་བཞག་པར་བྱའོ།། ཞེས ་སྨོན་ལམ་བཏབ་ལ། སེམས་ཅན་གྱི་ཁམས་རྣམས་མུན་པ་དང་འདྲེས་པར་བལྟ་ཞིང་། ཨོཾ་པྲོ་དྷ་དྲྀཥྚི་ཧཱི། ཞེས་བྱ་བ་དང་། ཧཱུཾ་གི་མིག་འབྲས་ཀྱི་འོད་ཟེར་འཛེགས་པ་མེ་ལྟར་འབར་བས་འགྲོ་བ་གསུམ་པོ་ཐལ་བར ་བྱས་ནས་ཕྱེད་ཀྲུང་བྱས་པའི་གར་ལ་གནས་ཏེ། སླར་ཡང་རྒྱལ་མཚན་ཆེན་པོ་དང་། དྲིལ་བུའི་སྒྲས་བླངས་ལ་གོར་ཆེན་པོའི་རོལ་མོའི་བསྐོར་བར་བྱའོ།། གདམས་ངག་ལས་འོངས་པས་རྡོ་རྗེ་འགྲོས་རྣམ་པ་བཞི་སྦྱར ་བར་བྱ་སྟེ། སྐུང་མཐིལ་གྱི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པུས་ས་གཞི་ལ་གཡོག་ཅིང་རྡོ་རྗེ་དང་དྲིལ་བུ་རྐེད་པར་གཟུང་ལཱ་ཨོཾ་ཨེ་ཀ་སཱུ་ཙི་ཀ་བཛྲ་པཱ་ད་བཛྲམ་ཧཱ་ཀྲོ་དྷ། བྷཉྫ་བྷཉྩ་སརྦ་དུཥྚ་སཱུ་རཱ་ཎ་ཧཱུཾ་ཕཊ་ཅེས་བརྗོད་ནས། རྔ ་རྗེ་གཙོག་པའི་འགྲོས་ཀྱིས་བསྐོར་རོ།། དེ་ནས་དེ་བཞིན་དུ་རྡོ་རྗེ་རྩེ་གསུམ་པའི་འགྲོས་ཀྱིས་བསྐོར་ཏེ། སྔགས་ནི་ཨོཾ་ཏྲི་སཱུ་ཙི་ཀཱ་བུཛྲཱི་པཱ་ད་བཛྲཱ་མ་ཧཱ་ཀྲོ་དྷྱེ་བྷཱུནྡྷེ་བྷཱུནྡྷ་སརྦ་དུཥྚ་སཱ་རཱྀ་ཎཱ~ཾ་ཧཱུ~ཾ་ཕཊི། དེའི་འོག་ཏུ་རྡོ་རྗེ་རྩེ་ལྔ ་པའི་འགྲོས་ཀྱིས་བསྐོར་ཏེ། སྔགས་ནི་ཨོཾ་པཉྩ་སཱུ་ཙི་ཀ་བཛྲ་པཱ་དེ་བཛྲ་མ་ཧཱ་ཀྲོ་དྷ་བྷཉྫ་བྷནྡྷ་སརྦ་དུཥྚ་སྥཱ་རཱ་ཎ་ཧཱུཾ་ཕཊ་ཅེས་བྱའོ།། དེའི་འོག་ཏུ་མཐའི་དབྱངས་ཡོག་ལཾ་སཾ་སྐྱེས་པརྡོ་རྗེ་ནྱ་གྲཱམ་བསམྦ་ལ། རྡོ་དྷ་རྨྱ ་བྲམ་གྱི་འགྲོས་ཀྱིས་བསྐོར་བ་རཾ་བྱ་སྟེ། སྔགས་ནི་ཨོཾ་བི་ཤྭ་བཛྲ་པཱ་དཱ་བཛྲ་མ་ཧཱ་ཀྲོ་དྷ་བྷཉྫ་བྷཉྫ་སཽ་རྦ་དུཥྚ་སཱུ་རཱི་ཎ་ཧཱུཾ་ཕཊ། ཅེས་བྱའོ།། དེ་ནས་གཞན་ཡང་བཤད་པ་ནི།། རང་གི་ལྷག་པའི་ལྷར་དམིགས་ལ།། ལྷའི་རྒྱན་གྱིས ་བརྒྱན་པ་སྟེ།། ཡོ་བྱད་ཐམས་ཅད་དམིགས་བྱས་ལ།། ལྟོ་བའི་མེ་ལ་སྦྱིན་སྲེག་བྱ།། ཤར་དང་ནུབ་དང་བྱའང་དང་ལྷོར།། ཕྱོགསུཾ་གནས་པའི་རྣལ་འབྱོར་པ།། མཚམས་ན་གནས་པའི་ལྷ་མོ་རྣམས།། ཚེ་ཡི་མཆོག་གི་མཆོད ་པར་བྱ།། དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་སོ་སོ་རང་གི་ངོ་བོ་ཡོལ་བས་བར་དུ་བཅད་ལ་རང་རང་གིས་བསྡུ་བའི་གཟུགས་ཀྱིས་བཅོ་མ་བྱས་ནས། རི་བོ་ལྷུན་པོའི་སྟེང་དུ་གནས་པར་བསམས་ཏེ་གར་བྱའོ།། དེ་ལ ་རྟག་པ་ནི་ཤར་ཕྱོགས་ཀྱི་སྒོར་མདོག་དཀར་བ་བཅོས་མའི་འཁོར་མ་ཐོགས་ནས་སྔ་མ་བཞིན་དུ་ཐམས་ཅད་བྱ་སྟེ། ཨ་གྷུ་མིག་འབྲས་དང་ལྡན་པས་བྱམས་པའི་ལྟ་བས་བལྟ་ཞིང་བདུད ་བསིལ་བའི་འོད་ཀྱིས་ཕྲེང་བས་མེད་པའི་བརྟུལ་ཞུགས་འཛིན་པའི་ལྟ་བར་ལྟུང་བ་རྣམས་སངས་རྒྱས་ཀྱི་གཏི་མུག་མོ་གནས་པའི་མྱ་ངན་ལས་འོདས་པ་ལ་དགོད་པར་བསམ་མོ།། དེ་བཞིན་དུ་ནུབ་སྒོ་ནས་པདྨ་གར་གྱི་དབང ་ཕྱུག་མདོག་དམར་པོ་བཅོས་མའི་པདྨ་འཛིན་པ་ཧྲཱིཿའི་མིག་འབྲས་དང་ལྡན་པས། ཨོཾ་བཛྲ་དྲྀཥྚ་རུ་ཊ་མ་ཊ་ཞེས་བྱ་བ་དང་། གཡོན་ལ་བརྟེན་པའི་ལྟ་བའི་ལྕགས་ཀྱུའི་འོད་ཀྱིས་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལ་གནས་པ ་རྣམས་རྗེ་སུ་ཆགས་པས་འདོད་ཆགས་ཀྱི་བྱང་ཆུབ་ལ་དགོད་པར་བསྣམ་མོ།། དེ་བཞིན་དུ་རྟ་མཆོག་བྱང་སྒོར་མདོག་ལྗང་གུ་བཅོ་མའི་རལ་གྲི་ཐོགས་ཤིང་རྟ་གདོང་ལྗང་གུ་དང་ལྡན་པས་ཇི་ལྟ་བ་བཞིན་དུ་འབར་བའི་ལྟ་བས ་ལྕགས་ཀྱུས་ཐམས་ཅད་མཁྱེན་པའི་ལམ་ལ་བརྟེན་ནས་ཉན་ཐོས་ཀྱི་ལམ་དུ་ཞུགས་པ་རྣམས་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྲུལ་པ་སྣ་ཚོགས་ཀྱིས་བྱང་ཆུབ་ཆེན་པོའི་ལམ་དུ་ཁྱིད་པར་བསམ་མོ།། ་བཞིན་དུ་ལྷོ་ཕྱོགས་ཀྱི་སྒོར་རྡོ་རྗེ་ཉི་མདོག་སེར་པོ་བཅོས་མའི་རིན་པོ་ཆེ་དང་ལྡན་པས། ཨོཾ་དཱི་པྟ་དྲྀ་ཤྩི་ཨི་ཀུ་ཤ་ཛཿཞེས་བྱ་བ་དང་། ཉི་མོ་དང་ཟླ་བའི་མིག་པ་ཡོསུ་རྟེན་ཅིང་མྱུར་བས་ག་ཡོ་བ་ལྟ་བའི་པདྨའི་ལྕགས ་ཀྱུས་སེར་སྣ་ལ་སོགས་པའི་ཉེས་པ་བསལ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་སྦྱར་བར་བསམས་ཏེ། དེ་སྐད་དུ་ཡང་། ཤར་དང་ནུབ་དང་བྱང་ཕྱོགས་དང་།། ལྷོ་ཡི་ཕྱོགསུ་རིམ་བཞིན་སྦྱར།། ཞེས་གསུང་སོ།། དེ་དག་ཐམས་ཅད ་ཀྱང་བཅོས་མའི་སྟག་ལྤགས་ཀྱི་ན་བཟའ་དང་བཅོས་མའི་སྐྲ་ཁམ་སེར་དང་། སངས་རྒྱས་ལྔའི་ཐོད་པའི་ཅོད་པན་དང་སྤྱན་གསུམ་པ། བཙོས་མའི་སྣ་ཚོགས་པདྨ་དང་ཉི་མ་ལ་ཕྱེད་ཀྲུང་བཅོས་པའི་གར་གྱིས་བཞུགས་པ་སྟེ། ་ཁྱད་པར་དུ་རྟག་པའི་ཟླ་བའི་གདན་དང་འོད་ཅན་ནོ།། དེ་བཞིན་དུ་དབང་ལྡན་གྱི་མཚམ་སུ་སྤྱན་མ་མདོག་དཀར་མོ་བཅོ་སོ་མའི་འཁོར་ལོ་འཛིན་པས་བྱིམས་པའི་ལྟེ་བས་སེམས་ཅན་རྣམས་ཀྱི་ཉེ་བར་འཚེ་བ་ཞི་བར་མཛད་དོ།། ་དེ་བཞིན་དུ་མེའི་མཚམ་སུ་མཱ་མ་ཀཱི་མདོག་སྔོན་མོ་བཅོས་མའི་རྡོ་རྗེ་ཐོགས་ནས་རྡོ་རྗེའི་ལྟ་བས་གཞན་གྱི་དཔུང་གིས་ཉེན་པ་རྣམས་བསྲུང་བའོ།། དེ་བཞིན་དུ་བདེན་བྲལ་མཚམསུ་གོས་དཀར་མོ་བཅོས་མའི་པདྨ་འཛིན་པ་རྗེ་སུ ་ཆགས་པའི་ལྟ་བས་སྐྱེ་བོ་རྣམས་ལ་རྗེ་སུ་ཆགས་པར་མཛད་པའོ།། དེ་བཞིན་དུ་རླུང་མཚམསུ་སྒྲོལ་མ་ལྗང་ཁུ་ཨུཏྤ་ལ་བསྣམས་པ་འབར་བའི་ལྟ་བས་གདུལ་བྱ་རྣམས་འགུགས་པ་མཛད་དོ།། དེ་དག་ཀྱང་སྔ་མ་ལྟར ་བཅོས་མའི་སྐེ་ཁམ་སེར་དང་། བཅོ་ས་མའི་ཞལ་དང་བཅོས་མའི་པདྨ་དང་ཉི་མ་ལ་གཡོན་བརྐྱང་བས་བཞུགས་ཤིང་ཁཾ་དོག་ཚོན་གྱིས་བསྒྱུར་བ་གཡོན་པ་སྙིང་གར་ཁུ་ཚུར་སྡིགས་མཛུབ་བྱེད་པའོ།། དེ་བཞིན་དུ་ཁྲོ ་པོ་གཡོ་བ་རལ་གྲི་དང་སྡིགས་མཛུང་དང་ཀླུའི་ཞགས་པ་ཐོགས་པ། བཅོས་མའི་སྣ་ཚོགས་པདྨ་དང་ཉི་མ་ལ་གཡོན་བརྐྱང་ང་གནས་ཤིང་། རིན་པོ་ཆེ་ལ་སོགས་པའི་རྒྱན་སྣ་ཚོགས་དང་། ་གོས་བཟང་པོ་བགོས་ལ་འཁོར་ལོས་སྒྱུར་བ་རྣམས་དང་ལྷ་མོ་རྣམས་དང་ལོགས་ནས་བསྐོར་ཞིང་སུན་འབྱིན་པར་བྱེད་པ་སྟེང་དང་འོག་ན་བལྟས་པས་སྲིད་པ་དང་ཞི་བ་མཉམ་པར་བསམ་མོ།། ཀུན་ཀྱང་རྡོ་རྗེ་འགྲོས་ལ་སོགས ་པ་དང་པདྨའི་སྐོར་བ་ལྔ་དང་ལྡན་པས་རིམ་བཞིན་དུ་རྐངཏྲ་སྟབས་ཀྱི་ཚུལ་དགུ་བཅུ་རྩ་བརྒྱད་ཀྱི་གར་བྱ་ཞིང་གླུ་བླང་བར་བྱ་སྟེ། སྟོང་པ་གོས་མེད་མཆོག་གི་གཙེ།། རྨི་ལམ་སྒྱུ་མའི་རང་བཞིན་དུ།། ཇི་སྲིད་མ་གྲུབ་བར་དུ་ནི།། ་སེམས་ཀྱི་རང་བཞིན་བསྒོམ་པར་བྱཱ།། མཱ་མ་ཀཱིའི་ཀླུའོ།། སྲིད་མིན་མྱ་ངན་འདས་ཀྱི་ནི་གང་།། དེ་ནི་བདེ་ཆེན་རྡོ་དྷཱ་སྟེ།། གང་གྲཱྀ་ཡིད་ལཱ་བསྒོམས་མེད་པ།། དེ་ཡིས་བྱ་བ་སྒྲུབ་པ་ཡིན།། སྤྱན་མའིའོ།། སྔགས་དང་ཡི་གེ་རྣམ་སྦྱང ་ཤིང་།། ཐིག་ཁེ་སྒྲ་དང་བྲལ་བའི་སེམས།། དེ་ནི་མཚིག་ཏུ་བདེ་ཆེན་ཏཱཾ།། འདི་ལྔ་བསལ་དྲང་བཞག་པ་མེད།། གོས་དཀརཱ་མོའི་འོ།། ཇི་ལྟར་གཟུགས་བརྙན་རང་བཞིན་ཉིད།། དེ་ལྟར་དངོ་སོ་རྣམས་སྒོམ་བྱེད་པ།། སྟོང་ཉིད་གོས ་མེད་མཆོག་གི་གཙོ།། དེ་ལ་བསོད་ནམས་སྡིགས་པ་མེད།། སྒྲོལ་མོའིའོ།། ཇི་ལྟར་ཆུ་ཡི་ཟླ་བ་བཞིན།། བདེན་པ་མ་ཡིན་བརྫུན་པ་མིན།། དཀྱིལ་འཁོར་འཁོར་ལོ་མཆོག་གིས་ནི།། ལུས་ཀྱང་ངོ་བཞིན་བལྟ་བར་བྱ།། ་ཞེས་འཁོར་ཐམས་ཅད་ཀྱིས་གསུང་སོ།། ཆོས་འབྱུང་གུར་གྱི་གྲོང་ཁྱེར་དུ།། ཞེས་བྱ་བ་ནི་ཚོན་གྱི་གནས་རྗེས་འབྱུང་བར་རོ།། མཁའགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་གསལ་བ་ལས། ལེའུ་གཉིས་པའི་རྣལ ་པར་བཤད་པའོ།། །། རྡོ་རྗེ་དྲ་བའི་ཏིང་ངེ་འཛིན་གནས་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའི་ཏིང་ངེ་འཛིན་དུ་གནས་པའོ།། འབྱུང་པོ་ཆེན་པོའི་གཏོར་མ་ཞེས་བྱ་བ་ནི་འབྱུང་པོ་ཆེན་པོ་རྣམས་ཚིམ་པར ་བྱ་བའི་གཏོར་མའི་མཆོད་པ་ཉེ་བར་སྤྱད་པ་དང་བཅས་པའོ།། དེ་སྐད་དུ་ཡང་ཡན་ལག་རྒྱན་ཀུན་གྱིས་བརྒྱན་ཅིང་།། རྡོ་རྗེ་རྒྱན་གྱིས་མཛེས་བྱས་ལ་རྡོ་རྗེ་དྲིལ་བུ་གཟུང་ནསཽ།། ལམ་གྱི་བཞི་མདོར་མ་བཏང་བ།། མེ ་སྤྲོས་དང་མར་མེ་དང་།། དྲི་ཡི་དུང་སོགས་གཡསུ་གཞག། གཡོན་དུ་སྔགས་ཀྱི་མཆིང་ཡིན་སྣོད་།། སྣོད་གཞན་མདུན་དུ་བཞག་ནས་ནི།། སྔོན་དུ་ཞལ་བསིལ་ཚིག་ཡིས།། མེ་ཏོག་ལ་སོགས་རིམ་བཞིན་དབུལ།། ་མ་ཏོག་མཆོད་སོགས་བྱས་ནས་སུ།། བཟང་པོའི་སྣོད་དུ་དབུལ་བར་བྱ།། མེ་ཏོག་ཚུལ་དུ་བསྐྱོད་པ་དང་།། བདུག་པའི་ཚུལ་དུ་བསྐྱོད་པ་དང་།། མར་མོ་འདེགས་པའི་ཚུལ་དང་ནི།། དྲི་ཡི་ཚུལ་དུ་བྱུག་པར་བྱ།། རོལ་པའི ་ལག་པས་སྒེག་པ་དང་།། ཕྲེང་ཚུལ་མཁའགྲོ་ཕྲེང་བ་འམ།། ཧཱུཾ་ཞེས་བྱ་བས་གླུ་བླངས་ཞིང་།། གར་ལ་པུས་མི་དགུག་པར་བྱ།། འདི་དག་བླ་མེད་མཆོད་པ་སྟེ།། སངས་རྒྱས་རྣམས་ནི་མཉིས་མཛོད་པའོ།། ན་མཁའི ་ཁམས་ཀྱི་དབུས་གན་པར། ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སོན་པའོ།། པདྨ་ཞེས་བྱ་བ་ནི་པདྨ་དམར་པོ་འདབ་མ་བརྒྱད་པའོ།། བསྒོམ་བྱ་ཞེས་བྱ་བ་ནི་སྟོང་པ་ཉིད་བསྒོམ ་པའི་རྗེས་ལའོ།། ཧཱུཾ་ལས་ཞེས་བྱ་བ་ནི་ཧཱུཾ་རྣམས་ལ་སྟེ།། ཕྱོགས་དང་ཕྱོགས་མཚམས་ཀྱི་འདབ་མ་རྣམསུ་བརྒྱ་བྱིན་ལ་སོགས་པ་ཁོ་དོག་སྔོན་པོར་བྱའོ།། དེ་བཞིན་དུ་ཚངས་པ་ལ་སོགས་པ་རྣམས་ནི་སྟེང་དུ་ཨོཾ་དེ་རྣམས ་ལས་དེ་ཁ་དོག་དཀར་པོར་བྱའོ།། ཀླུ་ལ་སོགས་པས་ས་འོག་རྣམས་ནརྀ་ཨཱཿརྣམས་ལ་སྟེ།། ཁ་དོག་དམར་པོར་བྱའོ།། ཐམས་ཅད་རྡོ་རྗེ་དྲིལ་བུ་ཐོགས་ཤིང་རང་གི་རེག་མས་འཁྱུད་པའོ།། གཡས་བརྐྱང་བའི་ཞབས ་ཀྱི་གདན་ལ་ཞེས་བྱ་བ་ནི་སྣ་ཚོགས་པིདྨ་དང་ཉི་མ་ལའོ།། ཚངས་པ་ལ་སོགས་པ་རྟག་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ།། དབང་པོ་སོགས་རྡོ་རྗེ་ཞེས་བྱ་བ་ནི་མི་བསྐྱོད་པའོ།། ཀཪྐ་ཊ་ལ་སོགས་པ་གར་གྱི་དབང་ཕྱུག་ཅེས ་བྱ་བ་ནི་སྣང་བ་མཐོའ་ཡས་སོ།། ཐམས་ཅད་རིགས་ནི་གྷསུམ་ལས་སྐྱེས་ཞེས་བྱ་བ་ནི་གཏི་མུགོ་དང་ཞེ་སྡང་དང་འདོད་ཆགས་ཀྱི་རང་བཞིན་ཡི་གེ་གསུམ་ལོས་བྱུང་བའོ།། གཽ་རཱི་ཡིས་ནི་དགུག་པར་བྱ།། ཞེས་བྱ་བ་ནི་དམ ་ཚིག་འཁོར་ལོ་བསྐྱེད་པ་ལས་ཡེ་ཤེས་ཀྱི་འཁོར་ལོ་གཽ་རཱིའི་ལྕགས་ཀྱུས་དགུག་པའོ།། ཙི་རཱྀའི་ཞགས་པས་བཅུག་ནས་ནི།། ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ནས་མཆོད་ཡོན་ཞབས་བསིལ་ནས།། སྔགས་འདི ་ཡིས་ཚིམ་པར་བྱ་ཞེས་བྱ་བ་ལ།། མཆོད་ཡོན་དང་ཞབས་བསིལ་ནི་ཉེ་བར་མཚོན་པ་ཙམ་སྟེ།། མཆོད་པ་དང་བསྟོད་པ་བྱས་ལ།། ཨོཾ་ལ་སོགས་པའི་ཡི་གེ་གསུམ་གྱིས་སྦྱངས་པ་དང་།། བཙོ་བ་ལ་སོགས་པས་བདུད་རྩིར་བྱས།། ་ལ་ཚིམ་པར་བྱ་སྟེ་ཞི་བོ་ལ་སོགས་པ་ནི་རྡོ་རྗེ་དཀར་པོ་ལ་སོགས་པས་བརྒྱན་པའི་ཞལ་དུ་ཅུང་ཟད་ཕྱེད་པར་དབུལ་ལོ།། གསོད་པ་ལ་སོགས་པ་ལ་ནི་ཁྲོ་བོའི་རྡོ་རྗེས་བརྒྱན་པའི་ཞལ་གདེང་པར་རོ།། ལྷག་མ་ནི་གོ་སླའོ།། དེ ་ནས་ཞེས་བྱ་བ~ཾ་ལ་སོགས་པ་གཞུང་གི་ཚིག་སྣ་ཚོགས་ལ་རྡོ་རྗེའི་མིང་རྣམས་དཀྲུགས་པ་ཉིད་དུ་སྣང་སྟེ། དེ་རྣམས་འདིར་རིམ་པ་བཞིན་དུ་བསྡེབས་ལ་བརྗོད་པར་བྱའོ།། དེ་ལ་རྡོ་རྗེ་བཞད་པ་དང་། རྡོ་རྗེ་རྣམ་པར་རོལ་པ་དང་། ་རྡོ་རྗེ་འགྱིང་བ་དང་། རྡོ་རྗེ་ཨ་ལ་ལ་རྣམས་ནི་ཞེ་སྡང་གི་རིགསོ།། རྡོ་རྗེ་ཡེ་ཤེས་དང་། རྡོ་རྗེ་འབྲིབོས་པ་དང་། རྡོ་རྗེ་ཕ་རོལ་ཏུ་ཕྱིན་པ་རྣམས་ནི་གཏི་མུག་གི་རིགས་ཀྱིའོ།། རྡོ་རྗེ་མྱུ་གུ་དང་། རྡོ་རྗེ་པདྨ་དང་། རྡོ་རྗེ་པདྨའི་མྱུ་གུ་དང་། ་རྡོ་རྗེ་ཀུན་ཏུ་གཟིགས་པ་དང་། རྡོ་རྗེ་འདོད་ཆགས་རྣམས་ནི་འདོད་ཆགས་རིགས་ཀྱིའོ།། རྡོ་རྗེ་ཡིད་བཞིན་ནོར་བུ་དང་། རྡོ་རྗེ་ཡོན་ལག་མེད་པ་དང་། རྡོ་རྗེ་མཆོག་ཏུ་དགའ་བ་དང་། རྡོ་རྗེ་དགའ་བོའི་བདེ་བ་དང་། རྡོ་རྗེ་དགའ ་བ་རྣམས་ནི་རིན་པོ་ཆེའི་རིགས་ཀྱིའོ།། རྡོ་རྗེ་ཤེས་རབ་དང་རྡོ་རྗེ་ཤེས་རབ་མྱུ་གུ་དང་། རྡོ་རྗེ་སྙིང་རྗེ་མྱུ་གུ་དང་། རྡོ་རྗེ་ན་མཁའ་རྣམས་ནི་དམ་ཚིག་གི་རིགསོ།། མཁའ་གྲོ་མ་རྣམས་ཀྱི་བརྗོད་པར་བྱ་སྟེ། རྡོ་རྗེ་སྙིང་པོ་དང་རྡོ་རྗེ ་མཚོན་ཆ་དང་། རྡོ་རྗེ་ཨེ་མ་བདྲེ་བ་དང་། རྡོ་རྗེ་བདག་མེད་མ་དང་། རྡོ་རྗེ་བདག་མེད་པ་དང་། རྡོ་རྗེ་ལག་པ་རྣམས་ནི་ཞེ་སྡང་གི་རིགས་ཀྱིའོ།། རྡོ་རྗེ་སྤྱན་མ་དང་། རྡོ་རྗེ་མཁའ་གྲོ་མ ་དཱདང་། རྡོ་རྗེ་སེར་སྒྱུ་མ་དང་། རྡོ་རྗེ་སྒྱུ་འཕྲུལ་རྣམས་ནི་གཏཱི་མུག་གི་རིགས་ཀྱིའོ།། རྡོ་རྗེ་འབར་མ་དང་། རྡོ་རྗེ་ལྕུག་མ་དང་། རྡོ་རྗེ་འབེབས་མ་དང་། རྡོ་རྗེ་རོ་ལངས་མ་དང་། རྡོ་རྗེ་ལྕགས་ཀྱུ་མཱ་དང་། རྡོ་རྗེ་ཕྲེང་བ་རྣམས ་ནི་རིན་པོ་ཆེའི་རིགས་ཀྱིའོ།། རྫི་ཙིནྡེ་ཕྲེང་བུ་མ་དང་། རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་བཞང་མེ་དང་། རྡོ་རྗེ་ཀུན་ཏུའི་ཁྲུང་མ་དང་། རྡོ་རྗེ་རྒྱས་མ་དང་། རྡོ་རྗེ་པདྨ་དང་། རྡོ་རྗེ་ཆགས་པ་མ་རྣམས་ནི་འདོད་ཆགས་ཀྱི་རིགས་ཀྱིལ ་རྡོ་རྗེ་འབྱུང་མ་དང་། རྡོ་རྗེ་རྒོད་མ་དང་། རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་རྣམ་པར་རོལ་མ་དང་། རྡོ་རྗེ་བློ་གྲོས་དང་། རྡོ་ཊཱི་ཀིང་ཀ་མཱ་དང་། རྡོ་ཙཱ་ཁ་ཆུ་མ་དང་། རྡོ་རྗེ་དབུགས་དབྱུང་མ་རྣམས་ནི་དམ་ཚིག་གི་རིགས་ཀྱིའོ།། འདོད ་ཆགས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ནི་སྙིང་རྗེ་ཆེན་པོའོ།། ཞེ་སྡང་ནི་གཉིས་མི་ཟད་པའོ།། གྲཏི་མུག་ནི་གཉིསུ་མི་ཤེས་པའོ།། ཀུན་ཏུ་དམ་ཚིག་ཅེས་བྱ་བ་ནི་ཀུན་ཏུ་རྣམ་པར་སྤྲུལ་པའོ།། སེམས་དཔའ་ཞེས ་བྱ་བ་ནི་དངོས་པོ་གསུམ་གཅིག་ཏུ་གྱུར་པ་སྟེ། ཤིན་ཏུ་རྣམ་པར་དག་པའི་དབྱིངསོ།། ནོར་བུ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་ཁྱད་པར་དུ་འཕགས་པའོ།། དེས་ནི་རི་གས་དྲུག་གོ།། རིགས་ལྔ་དང ་གཅིག་སྟེ། གཞན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་ལྔའོ།། འདོད་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ལྡན་པའི་སེམསོ།། མཁའགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིས་རྒྱས་པ་ལས། ལེའུ ་གསུམ་པའི་རྣམ་པར་བཤད་པའོ།། ། རྡོ་རྗེ་སྙིང་པོ་མངོན་བྱང་ཆུབ།། བརྟག་པའི་རྒྱལ་པོ་དང་པོ་ཉིད་ཅེས་བྱ་བ་ལ་སོགས་པ་གོ་སླའོ།། སྐུ་ཡི་ལག་པའི་ཕྱག་རྒྱ་ཞེས་བྱ་བ་ལ། སྐུའི་ཞི་ག་པ་ནི་སྟུ་བྱ་སོ།། ཕྱག ་རྒྱ་ཞེས་བྱ་བ་ནི་འདའ་བར་མི་བྱ་བ་སྟེ། ཧཱུཾ་གི་རྡོ་རྗེ་སྦྱངས་པའི་ལག་པའི་སོར་མོ་རྣམས་ཀྱི་རྡོ་རྗེ་དང་འཁོར་ལོ་ལ་སོགས་པ་བཅའ་བའོ།། དེ་བཞིན་དུ་རྐང་པ་བསྐྱོད་པ་དང་། ལྟ་བའི་ཕྱག་རྒྱ་ལ་སོགས་པ་ཡང་གཟུང་བར་བྱའོ།། ་ངག་གི་ཕྱག་རྒྱ་ཞེས་བྱ་བ་ནི་ངག་གི་བྱ་བ་སྟེ། ཧཱུཾ་ལྀས་སྐྱེས་པའི་རྡོ་རྗེ་དཀར་པོས་མཚན་པའི་ལྕེས་ཁྲོ་བོ་ལ་སོགས་པའི་སྔགས་བཟླས་པའོ།། སེམས་ཀྱི་ཕྱག་རྒྱ་མཚན་མ་ཡིན་ཞེས་བྱ་བ་ལ་སོགས་སེམས་ཀྱི་སྒྲུབ་པའི་ཕྱག ་རྒྱུ་ནི་བརྩོམས་པའི་སྐུ་གཟུགས་དང་ཐང་ཀ་ལ་སོགས་པོ་མཚན་མ་སྐམ་པ་མཱ་ལ་སོགས་པའོ།། ལུང་ཁ་ཅིག་ལས་ནི་རི་མོའི་མཚན་མ་ནི་ཕྱག་རྒྱ་ཡིན་ཞེས་འབྱུང་སྟེ། རི་མོ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་རོ།། ཕྱག་རྒྱ ་ནི་དེར་བྲི་བའི་གསེར་ལ་སོགས་པ་ལས་བྱས་པའི་མཚན་མ་བྲི་བར་བྱའོ།། དེ་ཉིད་བསམ་གཏན་དཀྱིལ་འཁོར་ལའོ་ཞེས་བྱ་བ་ནི་བསམ་གཏོན་གྱི་ལྷའི་མཚན་མེ་སྟེ། ཐུགས་ཀྱི་མཚན་མའོ།། དེ་ཡང་སྐམ་པ་ལ་སོགས་པ ་དངོས་སུ་སྨོས་པ་རྣམས་ཏེ། དེ་བས་པུཀྐ་སཱི་ལ་སོགས་པའི་རི་མོའི་དཀྱིལ་འཁོར་གྱི་རྗེསུ་འབྲངས་ནས་སེང་གེ་ལ་སོགས་པ་བྲི་བར་ཤེས་པར་བྱའོ།། གཡས་ཀྱི་ལག་ན་ཞགས་པ་སྟེ་ཞེས་བྱ ་བ་ནཱི་གོ་སླའོ།། ས་པ་ཀུ་ཏུ་རྨྨཱ་བྱུ་གནས་ག་ནི་ཙཱར་ཀྱི་ཡེ་ཤེསོ།། མཁའ་གྲོ་མའི་རྒྱུད་ཅེས་བྱ་བ་ནི་རྒྱུའི་རྒྱུད་དང་། འབྲས་བུའི་རྒྱུ་དེ་དང་། ཐབས་ཀྱི་རྒྱུད་དོ།། དེ་ལ་ཕན་ཞིང་འབྲས་བུའི་ངོ་བོར་འགྲོ་བས་ན་རྒྱུ་སྟེ། ཆོས་ཐམས་ཅད ་དམིགས་པ་ཐེག་མ་དང་ཐ་མ་མེད་པའི་དབྱིངས་ཀྱི་རང་བཞིན་ནོ།། དེའི་ཕྱིར་རྒྱས་འབྲས་བུ་བསྡུ་བ་མེད་པའི་ཕྱིར་འབྲས་བུའོ།། བསྡུ་བར་བྱ་བའི་རྟོག་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ།། ཐབས་ཀྱི་རྒྱུད་ཅེས་བྱ་བ་ནི་སྔགས་དང་ཕྱག ་རྒྱ་དང་དཀྱིལ་འཁོར་འཁོར་ལོ་ལ་སོགས་པ་རྣམསོ།། རྒྱུད་རྣམས་ཀུན་གྱི་བླ་མ་སྟེ། ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་བླ་ན་མང་པོ་སྟེ། བྱ་བ་དང་སྤྱོད་པའི་རྒྱུད་ལ་སོགས་པའི་བླ་མར་གྱུར་པའི་ཕྱིར་རོ།། ཡངས་ཤིང་གཏོང ་དཔག་དཀའ་བ་སྟེ། ཞེས་བྱ་བ་ལ། ཡུངས་པ་ནི་ཐབས་ཀྱི་རྒྱུད་དོ།། གཏིང་དཔག་དཀའ་བོ་ནི་འབྲས་བུའི་རྒྱུད་དོ།། དེ་རྣམས་སངས་རྒྱས་རྣམས་རིགས་ལྕིའི་ཡེ་ཤེས་གཞན་གྱི་སྤྱོད་ཡུལ་མ་ཡིན་པར་ཕྱིར་རོ།། དེས་ན ་རིགས་དང་གཞན་གྱིས་མི་རིག་པ་ཉིད་དོ་ཞེས་བྱ་བ་གསུངས་པ་ནི་ལྷག་མ་གོ་སླ་བས་བཤད་པ་མ་བྱས་སོ།། ཏིང་འཛིན་མཆོག་ལ་དགའ་གནས་ཏེ། ཞེས་བྱ་བ་ནི་མན་ངག་ཇི་ལྟ་བ་བཞིན་དུ། མཆོད་པའི་ཡོ་བྱད་སྣ ་ཚོགས་ཀྱི་དཀྱིལ་འཁོར་སྒྲུབ་པ་ལ་སོགས་པ་བྱས་ནས། སློབ་མ་དཀྱིལ་འཁོར་དུ་འཇུག་པའི་ཆོ་གས་དང་པོར་རང་ཉིད་ཞུགས་ནས། ཆུ་ལ་སོགས་པ་རྗེསུ་གནང་བའི་མཐར་ཐུག་པའི་དབང་འཁོར་ལོའི་བདག་པོ་ལ་མནོས་ནས། ་བདེན་པའི་བྱིན་རླབས་བསྒྲགས་པ་ལ་སོགས་པའི་མཐར་བགེགས་དགྲས་བཟས་པའི་རས་ཀྱི་གདོང་གཡོགས་དང་སྟོད་གཡོགས་བྱས་ལ། སྙིང་གར་མཆོག་ཏུ་དགའ་བའི་རང་བཞིན་ཏེ་ཧེ་རུ་ཀའི་ཐུགས་ཀར་ཨའི་འོད་ཟེར་གྱིས་རྡུལ ་ཕྲ་རབ་ཀྱིས་ལུས་ཐམས་ཅད་བཀང་བའི་ཏིང་ངེ་འཛིན་ལ་གནས་པའོ།། རིག་པའི་དབང་ཞེས་བྱ་བ་ནི། མ་རིག་པ་བཟློག་པ་སྟེ། དེ་ཉིད་ནི་འཁྲུ་བས་ན་དབང་ངོ་།། དེ་ལ་དེ་ཁོ་ན་ཉིད་ཀྱི་སྒྲིབ་པ་དང་དོན་དང་སེམས་ཅན་དང་བདག་དང་། རྣས ་པར་རྟོག་པ་དང་། འདུ་བྱེད་དང་། འཇུག་པའི་རྣམ་པར་ཤེས་པ་རྣམས་གོ་རིམས་བཞིན་འཁྲུ་བར་བྱེད་པའི་དབང་རྣམ་པ་དྲུག་གོ། དེ་ཡང་འདི་ཉིད་ལས། ཆུ་ཡི་དབང་ནི་དང་པོ་སྟེ།། དབུ་རྒྱན་དབང་ནི་གཉིས་པའོ།། རྡོ་རྗེའི་དབང ་ནི་གསུམ་པ་སྟེ།། རང་གི་བདག་པོ་བཞི་པ་ཡིན།། མིང་གི་དབང་བསྐུར་ལྔ་པ་ཡིན།། སངས་རྒྱས་ཉིད་ནི་དྲུག་པ་སྟེ།། བུམ་བིའི་དབང་ནི་བདུན་པ་ཡིན།། གསང་བའི་དབང་བསྐུར་བརྒྱད་པ་སྟེ།། ཤེས་རབ་ཡེ་ཤེས་དགུ་པའོ།། ་ཞེས་གསུངས་སོ།། གསུམ་ནི་འོག་ནས་འཆད་དོ།། ཅི་སྟེ་རྫོགས་པའི་སངས་རྒྱས་ཀྱི། དབང་དང་པོར་བསྐུར་བ་ཡིན་ན། ཇི་ལྟར་དྲུག་པར་འཇོག་ཅེ་ན། རིམ་པ་ལ་དང་པོ་ཡིན་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ ་ཡེ་ཤེས་ལྔ་རྣམ་པར་དག་པ་ལ་བལྟོས་ནས། ཤེས་བྱ་རྣམ་པར་དག་པ་ཡིན་པའི་ཕྱིར་དྲུག་པར་བཞག་གོ།། དེ་ལ་དཀྱིལ་འཁོར་དུ་ཞུགས་པའི་རྗེས་ལ། པྲཱ་ཏཱིཙྪ་བཛྲ་ཧོཿཞེས་བྱ་བས་དཀྱིལ ་འཁོར་དུ་མེ་ཏོག་གི་ཕྲེང་བ་བྱོར་ལ། མཚན་མ་གང་དང་གང་གི་དྲུང་དུ་ལྟུང་བ་དེ་དང་དེའི་སྔགས་དང་། པྲ་ཏི་གྲྀཧྞ་སྭ་མོ་མཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བས་སློབ་མའི་མགོར་མེ་ཏོག་གི་ཕྲེང་བ་བཅིང་བ་ནི་སངས་རྒྱས་ཉིད་དུ་ཁས ་ལེན་པའི་ཕྱིར། རྫོགས་པའི་སངས་རྒྱས་ཀྱི་དབང་སྟེ་མེ་ཏོག་ཕྲེང་བའི་དེ་བང་ངོ་།། ཐོག་མཐའ་མེད་པའི་ཆོས་ཉིད་རྣམ་པར་དག་པའི་རང་བཞིན་ནོ།། རང་རིག་སྐྱེས་བུའི་ཆུ་དང་ནི། ཀུན་ནས་བུམ་པ་བརྒྱད་པོར་བཅས།། ཞེས ་བྱ་བ་ལ། རང་རིག་སྐྱེས་བུའི་ཆུ་ཞེས་བྱ་བ་ནི་རིག་པ་དང་བཅས་པའི་འཁོར་ལོའི་བདག་པོར་སྙོམས་པར་འཇུག་པ་ལས་སྐྱེས་པའི་བྱང་ཆུབ་སེམས་ཀྱི་ཆུས་གང་པོ་སྟེ། རྣམ་པར་རྒྱལ་བའི་བུམ་པའོ།། ཡང་ན་སྙོམས་པར་འཇུག ་པའི་མཆོད་པ་ལས་བྱུང་བའི་ཆུས་བུམ~ཾ་པ་བརྒྱད་པོ་ཡང་དག་པར་བྱའོ།། དེ་དང་བཅས་པས་དྲོན་གཅིག་པོར་གོ་བར་བྱའོ།། ཀུན་ནོས་ཞེས་བྱ་བ་ནི་ཕྱོགས་བརྒྱད་ན་གནས་པ་སྟེ། སྒོ་བཞི་དང་མཚམས་ན་གནས་པའི་ལྷ་མོ ་བརྒྱད་ཀྱི་མཚན་མ་རྣམས་ཀྱིས་མཚན་ཅིང་ནང་དུ་ཡང་དེ་དག་གིས་བཀང་པའོ།། བཅུ་པ་ནི་བགེགས་དགྲའི་མཚན་མོས་མཚན་པ་སྟེ། བུམ་པ་བཅུ་ལས་ཉུང་བར་མི་བྱའོ།། ཞེས་གསུངས་པའི་ཕྱིར་རོ།། མཉེས་པར་བྱ་ཞེས་བྱ ་བ་ནི་བཀྲུ་བར་བྱའོ།། གང་ལ་ཞེ་ན། རྡོ་རྗེ་ཅན་བསམས་ཞེས་བྱ་བ་སྨོས་ཏེ། སློབ་མ་ཧེ་རུ་ཀར་བསྒོམས་པ་ལའོ།། རྡོ་རྗེ་སེམསུ་རབ་བསྒོམས་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་ཤེས་གནས་གྱུར་པའི། མེ་ལོང་ལྟ་བུའི་ཡེ་ཤེས་སུ ་བསྒོམས་པའོ།། ཡང་ན་རྡོ་རྗེ་སེམས་ཞེས་བྱ་བ་ནི་དེ་བཞིན་གཽཤེགས་པ་རྣམས་སོ།། རབ་བསྒོམས་པ་ཞེས་བྱ་བ་ནི་ཅོད་པན་ལ་དེ་རྣམས་ཀྱིས་བྱས་ཤིང་མཚན་པའོ།། རྡོ་རྗེ་ཉི་མ་རབ་བསྒོམ་བྱ་ཞེས་བྱ་བ་ནི་སློབ་མའོ།། དབང་གིས ་ནི་དེ་གྱུར་པ་ལས་དབུ་རྒྱན་ནོ།། རྡོ་རྗེའི་ཚོག་ནི་རབ་ཏུ་སྦྱར་ཞེས་བྱ་བ་ནི་དབང་བསྐུར་བ་དེ་གཉི་ག་ལ་ཡང་བཛྲ་ཨ་བྷི་ཥཉྩ་ཞེས་བརྗོད་པར་བྱའོ།། རྩེ་དགུ་པ་ཞེས་བྱ་བ་ནི་རྩེ་མོ་ལྔ་པ་ཉིད་དོ།། ཇི་ལྟར་སྦྱར་སྙམ་པ་ལ། འོག་གི ་དེས་ཀྱི་རྩེ་མོ་བཞི་ནི་སྒོ་སྐྱོང་བ་རྣམས་ཀྱི་རང་བཞིན་ནོ།། སྟེང་གི་ངོས་ཀྱི་རྩེ་མོ་བཞི་ནི་མཚམས་ཀྱི་ལྷ་མོ་བཞིའི་རང་བཞིན་ནི།། སྟེང་འོག་གི་དོབུ་མའི་རྩེ་མོ་གཉིས་ནི་དཀྱིལ་འཁོར་གྱི་བདག་པོ་དང་དེའི་རིག་པའི་རང་བཞིན་ནོ།། དེ ་ལྟར་ཡང་སློབ་དཔོན་ཀུན་དགའ་སྙིང་པོའི་ཞལ་སྔ་ནས་སངས་རྒྱས་མཉམ་སྦྱོར་གྱི་ཊཱི་ཀཱ་ལས། ངོས་ཀྱི་རྩེ་མོ་བཞིན་ནོ།། སྣང་བ་མོ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་རྣམ་པར་དག་པ་ཡིན་ལ། གཞན་བཞི་ནི་མྱུར་འགྲོ་མ་ལ ་སོགས་པའི་འོ་ཞེས་གསུངསོ།། དབུ་མ་ནི་རྡོ་རྗེ་སེམས་དཔའི་རང་བཞིན་ཏེ་དབུ་མ་ལ་དབྱེ་བ་མེད་པས་ལྔ་ཡང་གྲངས་དགུར་འགྱུར་རོ།། དེ་ལྟར་ཡང་རྡོ་རྗེ་གདན་བཞི་ལས་གསུངས་པ། ཀུན་གྱི་དབུ་མ་རྣམ་སྣང་མཛད། ཅེས ་བྱ་བའི་རུ་དབུས་མ་ནི་རྣམ་སྣང་ངོ་བོ་སྟེ། སྟེང་འོག་གཉིས་ཀའི་ངོ་བོ་ཡང་དེ་བཞིན་གོ་བར་བྱའོ།། རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་ས་སོར་རྟོག་པའི་ཡེ་ཤེས་ཀྱི་པདྨ་གར་དབང་གི་རང་བཞིན་པས ་སོ།། སྙིང་གར་ཞེ་བྱ་བ་ནི་གཟུང་བ་བྱ་བ་བྱེ་བྱ་བ་ནི་ལྷན་མ་།། སློབ་མ་ལ་འཇིག་རྟེན་དབང་བྱ་ཞིང་། ཞེས་བྱ་ནི་སློབ་མ་པདྨ་གར་དབང་གི་རྣམ་པོར་བྱའོ།། དེ་རིང་ཁྱོད་དབང་བསྐུར་ཞེས་པ་ནི་དེར་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས ་ཀྱིས་སོ།། འདི་དེ་སངས་རྒྱས་ཐམས་ཅད་ཉིད་ཅེས་བྱ་བ་ནི་བྱང་ཆུབ་ཐམས་ཅད་བསྐྱེད་པའོ།། སློབ་མ་རྟ་མཆོག་ལྷ་མོ་ནི་ཞེས་བྱ་བ་ནི་རྡོ་རྗེ་རྟ་མཆོག་གོ།། སྒྲོལ་མས་འཁྱུད་པ་བསམ་པར་བྱ་ཞེས་བྱ་བ་ནི་སྒྲོལ་མ་དང་སྙོམས་པར ་ཞུགས་པའོ།། རྡོ་རྗེ་བདག་པོ་ཞེས་བྱ་བ་ནི་རྡོ་རྗེ་རྣམས་ཀྱི་བདག་པོ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་གདུལ་བྱ་རྣམ་པར་དག་པས་གདུལ་བའི་ཕྱིར་རོ།། ལག་པས་རྡོ་ཙཱ་དྲིལ་བུ་འཁྲོལ། ཞེས་བྱ་བ་ནི་རྡོ་རྗེ་དང་དྲིལ་བུ་དང་ལྡན་པས ་སྒྲོལ་མ་ལ་འཁྱུད་དེ་ཕྱི་ནས་དྲིལ་བུ་འཁྲོལ་བའོ།། སློབ་མ་རྣམ་སྣང་བྱས་ནས་ནི། རྟག་པའི་གཟུགསུ་བསྐྱེད་ལ། མིང་གི་དབང་བསྐུར་བ་ཞེས་བྱ་བ་ནི་སློབ་མའི་སྤྱི་བོར་ལག་པ་བཞག་ནས་མིང་གདགས་པས་དབང་བསྐུར ་བ་སྟེ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་ནོ།། དབང་དྲུག་པོ་དག་ཉེ་བར་བསྡུ་བ་གསུངས་པ། གང་གང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གང་སྣང་བ་ཞེས་བྱ་བ་ནི་ཆུ་ལ་སོགས་པ་སྣང་བ་རྣམས་སོ།། ་ཀུན་གྱི་རང་གཙོ་ཞེས་བྱ་བ་ནི་དེ་ཉིད་ཐམས་ཅད་ཀྱི་བདག་ཉིད་དོ།། གཙོ་བོ་ནི་བདག་པོའོ།། ཧེ་རུ་ཀ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་པ་སྟེ། སོ་སོར་རང་གི་འཁོར་ལོས་སྒྱུར་བའི་བདག་པོར་བལྟ་བར་བྱའོ།། གང་རྗེ་བ་ནི་གང་གི་ཕྱིར་བྱེ་བྱ་བའི་ངོ་ཧོ།། 8ད་བ་ནི་དག་པའི་བྱབ ་ནི་འཁྲུ་བ་སྟེ། དབང་བསྐུར་བ་རྣམསོ།། དྲི་མེད་ཅེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ།། ཆོས་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་ཆོས་སོ།། དེ་ཉིད་ཅི་ཞིག་ཅེ་ན། སངས་རྒྱས་ཡེ་ཤེས་ཞེས་བྱ་བ་སྨོས་ཏེ་ཡེ་ཤེས ་ལྔ་ཆོས་ཉིད་རྣམ་པར་དགེ་པའི་དབྱིངས་དང་དྲུག་གོ། དེ་དག་ཏུ་ཟད་དམ་ཅེ་ན། མ་ཡིན་ཏེ་བརྟུལ་ཞུགས་དང་ལྡ་ནཽ་ལུང་བསྟན་པར་ཡང་བྱའོ།། དེ་ཉིད་གསུངས་པ། འདི་ཞེས་བྱ་བ་ལ་སོགས་པ་ལ། སརྦ་ཏ་ཐཱ་ག་ཏཱ་སིདྡྷྱ་བཛྲ་ཞེས ་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ།། ས་མ་ཡ་ཏིཥྛ་ཞེས་བྱ་བ་ལ་ཡེ་ཤེས་ཀུན་ཏུ་འགྲོ་བ་ཐོབ་པས་ནི། དམ་ཚིག་སྟེ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ།། ཏིཥྛ་ནི་དེ་གནས་པའོ།། དེ་ཉིད་ཡི་གེ་དྲུག་གིས་འི་བསྟན ་ཏི། དེ་ལ་ཧི་ཞེས་བྱ་བ་ནི་དོན་དང་སེམས་ཅན་གྱི་ཉེས་རྡུལ་དང་བྲལ་བ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། ཧི་ཧི་ཧི་ཧི་ཞེས་བྱ་བ་ནི་བདག་ཏུ་འཛིན་པ་ལ་སོགས་པོའི་དྲི་མ་དང་བྲལ་བ་སྟེ། མཉམ་པ་ཉིད་དང་། སོ་སྡེར་རྟོག་པ་དང་། བྱ ་བ་ནན་ཏན་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་སོ།། ཧཱུཾ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའི་དྲི་མ་དང་བྲལ་བའི་ཆོས་ཉིད་རྣམ་པར་དག་པའོ།། སྒྲུབ་ཐབས་ཀུན་གྱི་ཆོ་ག་ཡིས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཡོ ་བྱང་རྣམསོ།། ཆོ་ག་ནི་ཇི་ལྟ་བ་བཞིན་དུ་འབུལ་བ་སྟེ། སྒྱུ་མ་ལ་སོགས་པ་དང་མཚུངས་པར་མོས་པའོ།། མཆོད་པ་བླ་མེད་ཀུན་ཅེས་བྱ་བ་ནི་ཕྱི་དང་གསང་བ་དང་དེ་ཁོ་ན་ཉིད ་ཀྱི་མཆོད་པ་རྣམ་སོ།། བརྟུལ་ཞུགས་ཞེས་བྱ་ནི་མི་ཕྱེད་པའི་དམ་བཅའོ།། དེ་ནས་རྡོ་རྗེ་ལ་སཱ་ལག་ཅེས་བྱ་བ་ནི་ཚིས་སུ་བཅུད་པ་བརྗོད་ཀྱི་འོག་ཏུ་སློབ་དཔོན་གྱི་ལག་ནོས་སློབ་མའི་ལག་ཏུ་སྦྱིན་པའོ།། ་འདྲ་ཞེ་ན། ཐོག་མཐའ་མེད་ཅེས་བྱ་བ་ལ་སོགས་བསྒོག་ཏེ། ཐོག་མཐའ་མེད་པ་ཞེས་བྱ་བ་ནི་ཆོས་ཉིད་རྣམ་པའི་དག་པའི་ཆོས་ཀྱི་སྐུའོ།། སེམས་དཔའ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རོ་གཙིགས་།། རྡོ་རྗེ་སེམས ་དཔའི་ཞེས་བྱ་བ་ནི་མི་བསྐྱོད་པའི་རང་བཞིན་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། དགའ་བ་ཆེ་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། ཀུན་ཏུ་བཟང་པོ་ཞེས་བྱ་བ་ནི་ཀུན་ནས་དག་པ་སྔ་སྣང་བ་མཐའ ་ཡས་དང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ནོ།། ཀུན་གྱི་བདག་ཅེས་བྱ་བ་ནི་བྱ་བ་ནན་ཏོན་གྱི་ཡེ་ཤེས་རང་འི་དོ་ན་ཡོད་གྲུང་པའི་རང་བཞིན་ནོ།། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས ་དང་། རྣམ་པར་སྣང་མཛད་ཀྱི་ཚུལ་གྱིས་སོ།། གཙོ་བོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གཙོ་བོ་ཡིན་པའི་ཕྱིར་རོ།། ཤེས་རབ་དབྱངས་ཏེ་རྗེས་འགྲོ་བ་ཞེས་བྱ་བ་ནི་གདུལ་བའི་རྒྱུད་ཐམས་ཅད་ཀྱི་སོ་སོའི་བསམ ་པ་དང་མཐུན་པར་ཆོས་ཉིད་རྟོགས་པར་བྱེད་པའི་ཕྱིར་རོ།། དབུགས་དབྱུང་ཐམས་ཅད་བྱིན་ནས་སུ་ཞེས་བྱ་བ་ནི་མཐོང་བ་དང་བཅོད་པ་ཡིས་ཞེས་བྱ་ལ་སོགས་པའི་ཚིག་གིས་སོ།། རང་ཉིད་ཤཱཀྱ་ཐུབ་འགྱུར་ཏེ། ཞེས་བྱ་བ ་ནི། གཡོན་པའི་ཁུ་ཚུར་གྱིས་སྙིང་ག་རོ་ཆོས་གོསཽ་གཟུང་ལ། གཡོན་པ་མཆོད་སྦྱིན་གྱི་ཕྱག་རྒྱ་བཅས་ནས་མཉམ་པའི་རྐང་སྟབས་ལ་གནས་ཏེ། དེ་བཞིན་གཤེགས་པ་རྣམས་དང་ལྷན་ཅིག་ཁུང་བསྟན་པར་བྱའོ།། སྲིད ་པ་ཤིན་ཏུ་སྒྲུབ་པའི་ཕྱིར་ཞེས་བྱ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའི་བྱ་བའི་ཕྱིར་རོ།། བྷུར་བྷུ་བ་སྭ་ཞེས་བྱ་བ་ནི་འཇིག་རྟེན་རིག་པའི་དབང་ཐོབ་པས། ཏིང་ངེ་འཛིན་གསུམ་བསྒོམ་མོ་ཞེས་བསྟན་པོའི་ཕྱིར་དེ ་ནས་ཞེས་བྱ་བཱི་ལ་སོགས་པ་སྨོས་ཏེ། རྡོ་རྗེ་ཏིང་ངེ་འཛིན་ཞེས་བྱ་བ་ནི་སྦྱོར་བ་དང་པོ་དང་དཀྱིལ་འཁོར་རྒྱལ་མེཆོག་དང་ལྔས་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ།། རྡོ་རྗེ་དམ་ཚིག་ཕྱུང་ནས་ནི། རང་གི་སྙིང་ཁར་ཟླ་བ་འམོ་ཉི་མ ་ལལ་རང་གི་ས་བོན་བསམས་ལ་དེའི་འོད་ཟེར་ཕྱུང་སྟེ། རང་གི་འཁོར་ལོས་སྒྱུར་བ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དམིགས་ནས་དཀོན་མཆོག་གསུམི་ལ་སྐབསུ་འཆི། ཞེས་བྱ་བ་ལ་སོགས་པ ་བརྗོད་པར་བྱའོ།། བླ་མ་རྡོ་རྗེ་ཅན་ཞེས་བྱ་བ་ནི་ཉེ་བར་མཚོན་པའོ།། མཆོད་པ་ཞེས་བྱ་བ་ནི། རང་གི་སྙིང་གའི་འོདི་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པའོ།། བདུན་པོ་རྣམ་པར་དག་པར་བྱ་བ་ཞེས ་བྱ་བ་ནི་སྡིག་པ་བཤགས་པ་དང་། བསོད་ནམས་ཀྱི་རྗེ་སུ་ཡི་རང་བ་དང་བསོད་ནམས་ཡོངསུ་བསྔོ་བ་དང་། གསུམ་ལ་སྐྱབསུ་འགྲོ་བ་དང་། ཞུ་བ་དང་གསོལ་བ་གདབ་པ་དང་ལམ་བསྟེན ་པར་བྱ་བ་རྣམསོ།། བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཞེས་བྱ་བ་ནི། དོན་དམ་པ་དང་། རྗེས་ལས་སྐྱེས་པ་དག་འཇིག་རྟེན་པའི་ཡེ་ཤེས་ལས་བྱུང་བས་སྲུང་བའི་འཁོར་ལོ་ལ་སོགས་པའོ།། ཆོས་ཀྱི་འབྱུང་གནས་རྣམ་པར ་བསྒོམ་ཞེས་བྱ་བ་སྔོན་དུ་བསྲུང་བའི་འཁོར་ལོ་བསྒོམ་ནས། དེར་མོས་པ་སྤྱོད་པའི་ས་དང་བཙས་པའི་ས་བཅུ་གསུམ་པའི་རང་བཞིན་ཆོས་འབྱུང་བའི་ཕྱག་རྒྱ་ཞབས་ཕྲ་བ་སྟེང་ཡངས་པ་དཀར་པོ་རྡོ་རྗེ་འཛིན་པའི་བདག ་ཉིད་བསྒོམ་པའོ།། དིར་ནི་སངས་རྒྱས་གནས་ཁང་བསྒོམ་ཞེས་བྱ་བ་ནི་དེའི་ནང་རྡོ་ཎཱཾ་པདྨའི་སྟེང་དུ་འབྱུང་བ་ཆེན་པོ་བཞི་དང་། བྷྲཱུཾ་དང་འཁོར་ལོ་ལ་སོགས་པར་སྣང་མཛད་ཡོངསུ་གྱུར་པ་ལས་ཁང་བུ་བརྩེགས་པ་བསྒོམ ་པའོ།། རྣམ་པ་ལྔ་པོ་བསྒོམ་པར་བྱ་ཞེས་བྱ་བ་ནི་ཨ་ལ་སོགས་པའི་དབྱངས་ཡིག་བཅོ་ལྔ་ལས་ཟླ་བ། ཀ་ལ་སོགས་པའི་གསལ་བྱེད་སུམ་ཅུ་རྩ་བཞི་ལས་ཉི་མ་དེའི་འོད་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་བཀུག ་སྟེ་སྐར་མ་ལྟ་བུར་བཙུང་ནས་དེ་དག་ཕན་ཚུན་དུ་གཟུགས་བརྙན་ལྟ་བུར་བལྟ་བར་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ།། དེའི་སྟེང་དུ་ཧཱུཾ་དང་ཨི་ཡོངསུ་གྱུར་པ་ལས་རིམ་བཞིན་དུ་སྣ་ཚོགས་རྡོ་རྗེས་མཚན་པའི་ཐོད་པ་དང་། ་ཀྲྀ་གུག་ལྟེ་བར་ཉི་མ་ལ་ས་བོན་གྱིས་མཚན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ།། དེའི་འོད་ཟེར་ལས་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་གྱི་འཁོར་ལོ་འཕྲོས་ཏེ་འགྲོ་བའི་དོན་བྱེད་པ་ནི་བྱ་བ་ནཱན་ཏན་གྱི་ཡེ་ཤེས་སོ།། བསྡུས ་ནས་ས་བོན་དང་། ཕྱག་མཚན་དང་ཟླ་བ་ཉི་མ་དེ་དག་ཐམས་ཅད་ཡོངསུ་གྱུར་པ་ལས་བྱུང་བའི་དང་པོའི་སྐྱེས་བུ་ཞེས་བྱ་བ་ཀུན་ཏུ་བཟང་པོ་ཕྱག་བཅུ་དྲུག་པ་ཞལ་བརྒྱད་པ་ཞབས་བཞི་པ་འོག་ནས་འབྱུང་བའི་མདོག་དང ་མཚན་མར་ལྡན་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཏེ། མངོན་པར་བྱང་ཆུབ་པ་ལྔའོ།། བསྒོམ་པར་བྱ་ཞེས་བཤད་དོ།། མཁའ་གྲོ་མོའི་འཁོར་ལོ་སྤྲོ་ཞེས་བྱ་བ་ནི། དེ་ནས་རྡོ་རྗེ་ཆགས་ཆེན་ཏེ་ཞེས་བྱ་བའི་མཐ ་སྦྱར་བར་བྱའོ།། དྲི་ཟ་བཞིན་དུ་ཞུགས་ནས་ནི། ལྟུང་སྟེ་ཞུ་བ་རྗེས་དྲན་བྱ་ཞེས་བྱ་བ་ལཾ། སྐྱེ་བཞིན་པའི་ལྷའི་རྣམ་པ་ལྟར། ཧཱུཾ་ཨཾ་ཞེས་བྱ་བ་ཧོཿདམར་པོ་གཉིས་ཀྱིས་དབུས་སུ་བཅུག་སྟེ། ཡི་གེ་བཞི་རང་གི་ཞལ་ནས ་ཞུགས་ཏེ། པདྨའི་སྙིང་པོར་བསམས་ཏེ། འདོད་ཆགས་ཆེན་པོ་ཞུ་བར་བལྟསཱ་ལ། དེའི་འོད་ཀྱི་མཐུས་དང་པོའི་སྐྱེས་བུ་རིག་པ་དང་བཅས་པ་ཡང་མེ་ལྕེ་འབར་བ་དང་འདྲ་བར་འོད་འབར་བ་དང་ཞུ་བའི་གཟུགས་སུ ་གྱུར་པར་བསྒོམ་པའོ།། མཚམས་ཀྱི་ལྷ་མོས་བསྐུལ་བར་བྱ།། ཞེས་བྱ་བ་ནི་ཞུ་བའི་འོད་ལས་བྱུང་བའི་མཁའ་འགྲོ་མེ་རྣམ་པ་བཞིས། ཁྱོད་ནི་ཞེ་སྡང་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་གླུས་བསྐྱང་བར་བྱའོ།། ་འཁོར་ལོའི་འདྲེན་པ་བསྐུལ་ནས་ནཾ། ཞེས་པ་ནི་གླུས་བསྐུལ་བའི་འོག་ཏུ་ལྷ་མོ་བཞི་ཞུ་བའི་གཟུགསུ་བསྡུས་ནས་ས་བོན་དང་མཚན་མ་ཡོངསུ་གྱུར་པ་ལས་ཞལ་ལ་སོགས་པའི་འོག ་ནས་འབྱུང་བ་དང་ལྡན་པའི་སྐུར་བཞེངས་པའོ།། མིག་སོགས་རྣམས་ལ་གཏི་མུག་སོགས། ཞེས་བྱ་བ་ལ། མྲིག་དག་ལ་ནི་གཏི་མུག་རྡོ་རྗེའོ།། ཟླ་བ་དག་ལ་ནི་ཞེ་སྡང་རྡོ་རྗེའོ།། སྣེ་དག་ལ་ནི་སེར་སྣ་རྡོ་རྗེའོ།། ལྕེ་དག ་ལ་ནི་འདོད་ཆགས་རྡོ་རྗེའོ།། ལུས་ལ་ནི་ཕྲག་དོག་རྡོ་རྗེའོ།། ཡིད་ལ་ནི་བདག་མེད་མཁའ་གྲོ་བ་མ་སྟེ། དེ་རྣམས་ཀྱི་མདོག་ལ་སོགས་པ་ནི་འོག་ནས་སྟོན་པར་འགྱུརརོ།། རྡོ་རྗེ་གསུམ་པི་གནས་གསུམ་དགོད། ཅེས་བྱ་བ་ནི ་སྙིང་ག་དང་། མགྲིན་པ་དང་། སྤྱི་བོའི་གན་སུ་མཁའ་ལ་སྤྱོད་མ་དང་། ས་སྤྱོད་མ་དང་། ས་འོག་ན་སྤྱོད་པ་རྣམ་པ་གསུམ་དགོད་དོ།། དེ་དག་གི་ཐུགས་ཀྱི་ལྟ་བས་ཧཱ་ཨཾ། ཨཾ་ཞེས་བྱ་བ་རྣམས་སྔོན་པོ་དང་། དམར་པོ ་དང་། དཀར་པོའི་མདོག་ཏུ་རིམ་བཞིན་དུ་བསམ་པར་བྱའོ།། དེའི་འོག་ཏུ་དབང་བསྐུར་བར་གསོལ་བས་དབང་བསྐུར་བསྟན་པའི་ཕྱིར་རིག་མ་བརྒྱད་ཀྱིས་དབང་བསྐུར་བྱ་ཞེས་བྱ་བོ་སྨོས་ཏེ། རང་གི་སྙིང་གར་ཉི་མ་ལ ་གནས་པའི་ཐོད་པ་དང་། ཟངས་གྲིའི་ས་བོན་ལས་བྱུང་བའི་འོད་ཀྱིས་བསྐུལ་བའོ།། ལྷ་མོ་བརྒྱད་ཀྱི་ཕྱག་གི་པདྨ་བདུད་རྩིས་གང་བའི་བུམ་པས་བརྒྱན་པས་སྤྱི་བོར་བཀྲུ་བར་བསྒོམ་པའོ།། དེ་ནས་རྡོ་རྗེ་རྗེས་ཆགས་ཏེ། ་ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམསོ།། དེ་རྣམས་ཀྱི་རྗེ་སུ་ཆགས་པ་ནི་རྡོ་རྗེ་པདྨ་སྦྱངས་ནས། མཉམ་པར་སྦྱོར་བའི་སྒྱུ་མའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་བདག་ལ་བཙུང་སྟེ། ཨོཾ་སརྦ་ཏ་ཐཱ ་ག་ཏ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་བྱ་བས་བདེ་བ་ཆེན་པོ་ལ་ལོངས་སྤྱོད་པའོ།། དེ་དག་ནོ་རིང་བཞིན་གྱི་སྐུའི་བདག་ཉིད་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏོ།། དེ་ནས་པདྨའི་ནང་དུ་སོ་སོའི་ས་བོན་ཡོངསུ་གྱུར ་པ་ལས་སོ་སོའི་ཡི་གེ་བརྗོད་ནསོ་སྒོ་དང་། མཚམས་ཀྱི་ལྷ་མོ་རྣམས་དེ་དང་དེར་སྤྲོ་ཞིང་དགོད་པར་བྱའོ།། ཡེ་ཤེས་འཁོར་ལོ་གཞུག་པར་བྱ་ཞེས་བྱ་བ་ནི་ས་བོན་དེ་དག་ལས་བྱུང་བའི་འོད་ཀྱི་ཡེ་ཤེས་ཀྱི་འཁོར་ལོ ་ག་ནས། སླར་ཡང་བགེགས་བསལ་བ་དང་། མཆོད་པ་བྱས་དགུག་པ་དང་། གཞུག་པ་དང་། བཅིང་པ་དང་། དབང་དུ་བྱ་བར་བསླབ་པའོ།། དེ་ནས་བདུད་རྩི་མྱང་བར་བྱ་ཞེས་བྱ་བ་ནི་འཁོར་ལོའི་གཙོ་བོ་ལ་བསྟོད ་པར་བྱ་ཞེས་བྱ་བའི་འོག་ཏུ་སྦྱར་བར་བྱའོ།། ལྷ་མོ་བརྒྱད་ཀྱིས་མཆོད་ནས་ནི་ཞེས་བྱ་བ་ནི་སྙིང་གའི་ས་བོན་ལས་སྤྲོས་པའི་རིག་མོ་བརྒྱད་ཀྱིས་མཆོད་པའོ།། འཁོར་ལོའི་གཙོ་བོ་བསྟོད་པར་བྱ་ཞེས་བྱ་བ་ནི། འོག་ནས ་འབྱུང་བའི་གླུ་དང་སྦྱར་རོ།། དེ་ནས་ཡོན་ལག་དྲུག་པོ་བསྒོམ་ཞེས་བྱ་བ་ནི་ཁ་དོག་རྣམ་པ་དྲུག་པ་བསྒོམ་ཞེས་བྱ་བ་ན་ཁ་དག་རྣམ་པ་དྲུག་འཁོར་ལོ་སྒྱུ་བ་དྲུག་གི་རང་བཞིན་གྱི་གན་སུ་སྟོན་པོ་སྟེ། དེ་ལ་ནག་པོ་དང་། ་དམར་པོ་དང་། སེར་པོ་དང་། ལྟུང་གླུ་དང་། སྔོན་པོ་དང་། དཀར་པོའི་རིམས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བ་ཙམ་གྱི་བདག་ཉིད་དུ་འཁོར་ལའི་བདག་པོ་རྣམས་བསྒོམ་པར་བྱའོ།། ་ངག་ནི་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དཀྱིལ་འཁོར་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཏེ་གཉིས་པའོ།། བདག་བྱིན་བརླབས་པས་བྱིན་གྱིས་བརླབ་ཅེས་བྱ་བ་ལ། བདག་བྱིན་གྱིས་བརླབ་པ་ནི་རང་གི་ཡེ་ཤེས་ཏེ། ་དེས་གཞན་དག་བྱིན་གྱིས་བརླབ་པ་ནི་རང་གི་ཡེ་ཤེསུ་སྦྱར་བའོ།། དེ་དག་གི་སྤྲུལ་པའི་སྐུའི་བདག་ཉིད་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ།། ཆོ་ག་དེ་ཡང་སྒྲུབ་ཐབསུ་ཤེས་པར་བྱ་སྟེ། རྒྱུད་ཀྱི ་ཚུལ་ལས་འབྱུང་བ་རེ་ཞིག་འདིར་སྦྱར་བར་བྱ་སྟེ། བདག་བྱིན་གྱིས་བརླབས་པ་ནི་མཚན་མུ་རྣམ་པ་ལྔ་སྟོན་པར་ལེའུ་བཅུ་བཞི་པ་ལས་གསུངས་ཏེ། བདག་བྱིན་བརླབས་ནས་བྱིན་པརླབ་པ། མདོར་བསྡུསོ་ནས་ནི་བཤད ་པར་བྱ།། སྙིང་གའི་དབུས་གྱུར་ཟླ་བོ་སྟེ།། ཟླ་བའི་གཟུགསོ་ལ་མི་ཤིགས་པ།། འོད་ཟེར་སྣ་ཚོགས་ཀུན་ཏུ་འཕྲོ།། དེ་ཡིས་རྡོ་རྗེ་རྣམ་པར་བསྒོམ།། རྡོ་རྗེས་བདག་མེང་རྣལ་འབྱོར་མ།། བསྒོམས་ཏེ་ཆོ་གས་བསྐུལ་ནས་སུ།། ་མཁའ་གྲོའི་སྣ་རྩེ་ནང་གནས་པར།། ཡུངས་ཀར་ཞེས་བྱ་བ་རྣམ་པར་བསྒོམ།། ཁམས་གསུམ་རྒྱ་དང་མི་རྒྱུ་བ།། འགྲོ་བ་མ་ལུས་དེར་བསྒོམ་བྱ།། འདི་ལྟར་རྟག་ཏུ་བསྒོམ་པ་ཡིས།། བདག་བྱིན་བརླབ་པ་འགྲུབ་པར ་འགྱུར་ཞེས་བྱ་བ་སྨོས་ཏེ།། དེ་ལ་མདོར་བསྡུས་ཞེས་བྱ་བ་ནི་ཀཽ་རིམས་བཞིན་དུའོ།། སྙིང་གི་དབུས་གྱུར་ཞེས་བྱ་བ་ནི་ཤེས་རབ་ཀྱི་པདྨ་ནང་དུའོ།། ཟླ་བ་ནི་ཟླ་བའི་དཀྱིལ་འཁོར་རོ།། མཱི་ཤིགས་པ་ཞེས་བྱ་བ་ནི་ཐིག་ལེ་དང་། ་ཆོས་དང་། དབྱངས་ཡིག་དྲུག་པས་བརྒྱན་པའི་ཡི་གེ་ཧའོ།། འོད་ཟེར་སྣ་ཚོགས་ཀུན་ཏུ་འཕྲོ་ཞེས་བྱ་བ་ནི་འོད་ཟེར་སཱ་ལྷ་དང་ལྡན་པའོ།། དེ་ཡིས་རྡོ་རྗེ་རྣམ་པར་བསྒོམ་ཞེས་བྱ་བ་ནི་ཧཱུཾ་ཡོངསུ་གྱུར་པཽ་ལས་བྱུང་བའི ་རྡོ་རྗེ་སྔོན་པོ་ནས་འབྲུ་ཙམ་བསམ་པའོ།། རྡོ་རྗེས་བདག་མེད་མཁའགྲོ་མ། བསྒོམས་ནས་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་དོན་ཏོ།། ཆོ་གས་བསྐུལ་ན་སུ་ཞེས་བྱ་བ་ནི་དབང་པོ་གཉིས་ཀྱི་སྦྱོར་བས་བས་དབང་པོའོ།། ་མཁའ་གྲོ་མ་ཡི་སྣ་རྩེར་གནས་ཞེས་བྱ་བ་ནི་གཉི་གའི་སྣའི་རྩེ་མོའི་མཚམས་སུའོ།། ཁམས་གསུམ་རྒྱུ་དང་མི་རྒྱུ་བ་ཞེས་བྱ་བ་ནི་རྟེན་དང་རྟེན་པོའི་དཀྱིལ་འཁོར་རོ།། དེར་ཞེས་བྱ་བ་ནི་རྡོ་རྗེ་ལྟོ་བའི་ནང་དུའོ།། ཡང་ན་སྙིང ་གའི་དབུས་གྱུར་པ་ཞེས་བྱ་བ་ནི་རང་གཽ་སྙིང་གར་རོ།། ཟླ་བ་དང་མི་ཤིགས་པ་ནི་བཤད་ཟིན་ཏོ།། ཕྲ་མོ་ཞེས་བྱ་བ་ནི་རྡོ་རྗེ་ཡོངསུ་གྱུར་པའི་ཐིག་ལེ་སྟེ། མཁ་འགྲོ་བདག་མེད་མོ་ཞེས་བྱ་བ་ནི་བདང་མེད་མ་ཉིད་སྟོན་པའོ།། ། ་ཆོ་གས་བསྐུལ་ན་སུ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་དུ་སྙིང་ག་ནས་བསྐུལ་བའོ།། གང་དུ་ཞེ་ན། མཁའ་གྲོ་མ་ཡི་སྣ་རྩེར་གནས་ཞེས་བྱ་བ་སྟེ། པདྨའི་སྣའི་རྩེ་མོར་རོ།། ལྷག་མ་ནི་སྔར་བཤད་པ་བཞིན་དུ་སྦྱར་རོ།། ་ཆོ་གའི་གོ་རིམས་རིམ་པ་ཡིས།། དེ་ནས་མཚན་མ་མཚོན་པར་བྱ་ཞེས་བྱ་བ་ལ།། ཆོ་གའི་གོ་རིམས་ནི་གོམས་པ་ཕུལ་དུ་བྱུང་བའོ།། རིམ་པ་ཞེས་བྱ་བ་ནི་མཚན་མ་རྣམས་རིམ་གྱིས ་སྐྱེ་བའོ།། གཞན་དག་ན་རེ་རིམ་པའི་མཚན་ཉིད་ཐ་དད་པ་སྟེ་དུས་གཅིག་ཏུ་སྐྱེ་བར་འགྱུར་ཞེས་ཟེར་རོ།། དང་པོ་སྤྲིན་གྱི་རྣམ་པ་སྟེ་ཞེས་བྱ་བ་ནི་ཕྲ་མོའི་འོད་ཟེར་དང་པོ་སྤྲིན་དང་འདྲ་བར་མཐུག་པ་སྟེ། ཧེ་རུ་ཀའི་འོ།། གཉིས་པ་དུ ་བོཔོ་ལྟ་བུ་ཡིན་ཞེས་བྱ་བ་ནི་འོད་ཟར་གཉིས་པ་ནམཁའ་ལ་ཆགས་པའི་དུད་སྤྲིན་ལྟར་སྟེང་བ་སྟེ་རྟག་པའི་འོ།། གསུམ་པ་སྲིན་དུ་མེ་ཁྱེར་འདྲ་ཞེས་བྱ་བ་ལ་མཁའ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་སོ།། ཨུ་འདོད་ལྷ་ཞེས་བྱ་བ་ནི་ཤར ་ཅིང་སྐྱེས་པ་སྟེ། སངས་རྒྱས་ཀྱི་སྐུ་ཡིན་ལ། དེ་ལྟར་སྣང་བའི་འོད་ནི་གསུམ་པ་སྟེ། ཉི་མའི་ཡིན་ནོ།། བཞི་པ་མར་མེ་ལྟ་བུ་རོ་འབར།། ཞེས་བྱ་བ་ནི་མར་མེའི་རྩེ་མོ་ལྟར་འབ་ར་བཱ་སྟེ། པདྨའི་ཡིན་ནོ།། ལྔ་པ་རྟག་ཏུ ་སྣང་པོ་ནི། སྤྲིན་མེད་ན་མཁའ་ལྟ་བུའོ་ཞེས་བྱ་བ་ནི་སྣང་བྲི་གང་ན་མཁའི་རྣམ་པ་ལྔར་རྒྱུན་ཏུ་གསལ་བར་སྣང་བ་སྟེ། རྟ་མཆོག་གོ།། ཐམས་ཅད་མཁྱེན་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་ཏཱིང་ངེ་འཛིན་རྙེད་པའོ།། ཕྱི་ནས་སྒྱུ ་མའི་ཚུལ་དུ་ཞེས་བྱ་བ་ནི་ཏིང་ངེ་འཛིན་རྙེད་ནས་མཚན་མའི་དཀྱིལ་འཁོར་ལ་བསྡུ་ཞི་ངོ་རྨི་ལམ་ལྟར་བརྫུན་པ་ཉིད་ཀྱིས་ནི་ཉི་མ་དང་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་ཕྲ་བའི་རྣམས་བདག་མེད་པ་ཉིད་དུ་བསྡུ་བར་བྱའོ།། ་འདིས་གཉིས་པ་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ནས་གནས་པ་སྟེ་མོས་པས་སྤྱོད་པའི་སས་བྱིན་གྱིས་བརླབས་པའོ།། སྐད་ཅིག་འགྱུར་ཞེས་བྱ་བ་ནི་ཡིད་ལྷག་པར་དགའ་བ་སྟེ། སྔར་མ་རྟོགས་པའི་ཆོས་ཉིད་རྟོགས་པའི་ཕྱིརརོ།། ། ་དེ་ཡང་ཆོས་ཀྱི་དབྱིངས་ཀུན་ཏུ་འགྲོ་བའི་དོན་དུ་རྟོགས་པས་བདག་དང་གཞན་གྱི་འཁོར་ལོ་གསུམ་པོ་མཉམ་ཞིང་གཟུགས་བརྙན་གྱི་རྣམ་པ་ལྟ་བུའི་སྐུ་སྣང་བ་སྟེ། རབ་ཏུ་དགའ་བའི་སས་བྱིན་གྱིས་བརླབས་པའོ།། ཁམས ་གསུམ་རྒྱུ་དང་མི་རྒྱུ་བ་ཞེས་བྱ་བ་ལ་རྒྱུ་བ་ནི་སེམས་ཅན་ནོ།། མི་རྒྱུ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ།། མ་ལུས་ལུས་པ་མེད་ན་ནི་ཞེས་པ་ནི་འདོད་པ་དང་གཟུགས་མེད་པའི་ཁམས་མཐའ་དག་གོ། འགྲུབ་ཅེས་བྱ་བ་ནི་གནས་གསུམ་ཡོངས ་སུ་གྱུར་པའི་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བའོ།། རྡོ་རྗེའི་ལུས་ཅན་ཞེས་བྱ་བ་ནི་ས་མི་གཡོ་བ་ལ་སོགས་པར་འཇུག་པའོ།། དེ་ཅི་ཞིག་ཅེ་ན། གོང་དུ་ཐལ་བའི་སྐུ་ནི་ཡེ་ཤེས་ཀྱི་ཕུང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡེ ་ས་ཕུང་པོ་ཞེས་བྱ་བ་ནི། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་རང་བཞིན་ཡིན་པའི་ཕྱིར་རོ།། བློ་ལྡན་ཞེས་བྱ་བ ་ནི་སྤྲུལ་པའི་སྐུ་སྟེ། འགྲོ་བ་མཐའ་དག་གི་ཡིད་དང་འཚམས་པའི་ཕྱིར་རོ།། ཡང་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་རྣམ་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་མཁྱེན་པ་སྟེ། མཁས་པ་ཞེས་བྱ་བའི་དོན་ཏོ།། ཁམས་གསུམ ་ལམ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པའི་རང་བཞིན་ཏེ་ཁང་བུ་བརྩེགས་པའོ།། གསལ་བ་ཞེས་བྱ་བ་ནི་ཤིན་ཏུ་འབར་བའི་རིན་པོ་ཆེ་བདུན་ལས་བསྒྲུབས་པའི་ཕྱིརརོ།། ཇི་སྲིད་སྐྱེ་གནས ་ལས་འབྱུང་གནས། ཞེས་བྱ་བ་ནི། སྐྱེ་གནས་གཞིས་མངལ་སྐྱེ་སྒོང་སྐྱེ་དྲོང་ཤེར་སྐྱེ་བརྫུས་ཏེ་སྐྱེ་བས་བསྡུས་པའི་སྐྱེ་བོ་རྣམ་སོ།། ཕྱག་རྒྱ་ཆེན་པོ་ཛྙཱ་སུ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་སྐྱེ་བོ་ཁྱད་པར་ཅན་རྣམས་ཕྱག་རྒྱ་ཆེན་པོ ་ལ་འཐོབ་པའི་འཁོར་དུ་འགྱུར་བའོ།། དེ་དག་ཀུན་ལ་ཉེ་བར་སྤྱོད་ཅེས་བྱ་བ་ནི་བླ་ན་མོང་བའི་ཆོས་ཀྱི་ལོངས་སྤྱོད་ལ་སྤྱོད་པའོ།། ཞལ་བརྒྱད་ཅེས་བྱ་བ་ནི་སྒྲ་ཇི་བཞིན་པ་སྟེ་རྣམ་པར་ཐར་པའི་སྒོ་བརྒྱད་རྣམ་པར་དག་པས་སོ།། ཨིནྡྲནྟི ་ལ་མཚུངས་པའི་འོད་ཅེས་བྱ་བ་ནི་སྐུའི་ཁ་དོག་སྟེ། བྱམས་པའི་སེམས་དང་ལྡན་པས་སོ།། ཞབས་བཞི་པ་ཞེས་བྱ་བ་ནི་བདུད་བཞི་རྣམ་པར་དག་པས་སོ།། དང་པོའི་ཞལ་ནི་ནག་པོ་སྟེ་ཞེས་བྱ་བ་ནི་མཚན་མ་མེད་པའི་སྒོ་དག་བས ་སོ།། དཀར་པོ་དམར་པོ་སཽ་རྣམ་པར་བརྒྱན་ཅེས་བྱ་བ་ལ། སྟོང་པ་ཉིད་ཀྱི་སྒོ་སྦྱངས་པས་ན་དཀར་པོའོ།། སྨོན་པ་མེད་པའི་སྒོ་མ་ཆགས་པས་དམར་པོའོ།། བདུད་བཞི་མཉམ་པར་མིནན་པ་སྟེ་ཞེསྭཱ་པ་ནི་ཕུང་པོ་དང་ཉོན་མོང ་པ་དང་འཆི་བདག་དང་ལྔའི་བུའི་བདུད་དོ།། སྤྱི་བོར་རྡོ་རྗེ་འཛིན་པཾ་ཞེས་བྱ་བ་ནི་མི་བསྐྱོད་པའོ།། སྣ་ཚོགས་གཟུགས་ཅན་བཙུན་མོ་རྣམས་ཞེས་བྱ་བ་ལ། གཏི་མུག་རྡོ་རྗེ་ནི་དཀར་མོའོ།། ཞེ་སྡང་རྡོ་རྗེ་ནི་སྔོན་མོའོ།། སེར་སྣ་རྡོ་རྗེ ་ནི་སེར་མོའོ།། འདོད་ཆགས་རྡོ་རྗེ་ནི་དམར་མོའོ།། ཕྲག་དོག་རྡོ་རྗེ་ནི་ལྗང་གུའོ།། བདག་མེད་རྣལ་འབྱོར་མ་ནི་ནག་མོའོ།། གྲི་གུག་ཐོད་པ་ཕྱག་ན་བསྣམས་ཞེས་བྱ་བ་ལ། གྲི་གུག་ནི་གཡས་ནའོ།། ཐོད་པ་ནི་གཡོན་ནའོ།། སྲོག ་དང་བྲལ་བ་སྟེངས་དུ་གནས་ཞེས་བྱ་བ་ནི་རོའི་སྙིང་གར་ཉི་མ་གཡོན་བརྐྱང་པས་གནས་པའོ།། མཁའི་སྤྱོད་ཅེས་བྱ་བ་ནི་སྙིང་གར་མདོག་སྔོན་མོའོ།། སི་སྤྱོད་ཅེས་བྱ་བ་ནི་མགྲིན་པོ་སྟེ་ཁ་དོག་དམར་མོའོ།། ས་འོག་སྤྱོད་པ་ཞེས་བྱ་བ་ནི ་སྤྱི་བོར་ཏེ་ཁ་དོག་དཀར་བའོ།། རྒྱུད་འདིར་ཉི་མའི་འོད་དང་གདན་ཅན་ཡིན་པས་ཉི་མའི་དཀྱིལ་འཁོརོ་ལ་བསྒོམ་མོ།། གཟུགས་དཀར་མོ་ཞེས་གསུངས་པའོ།། ལྷག་མ་གོ་སླའོ།། བྱང་ཆུབ་སེམས་ཀྱི་བུམ་པ་ནོ།། མེ་ཡི་ཐོབ་ཏུ ་རྒྱལ་མཚན་ཆེ། ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་གྱི་མཚམས་ན་གནས་པའི་ལྷ་མོ་རྣམས་ཀྱི་མཚན་མའོ།། དེ་དག་སྒོ་སྐྱོང་རྣམས་ནི་གོ་རིམས་ཇི་ལྟ་བཞིན་ནོ།། ཡང་ན་ནི་མཚན་མ་འབའ་ཞིག་བསྒོམ་མ།། འཁོར་ལོས ་སྦྱར་བ་ལྔའི་སྒྲུབ་ཐབས་ནི་མངོན་པར་འབྱུང་བ་བསྡུས་པ་ལས་ཤེས་པར་བྱའོ།། ཟངས་གྲི་དང་ནི་ཆུ་སྐྱེས་དང་།། ཁ་ཊྭཱཾ་ག་བསྣམོས་བདག་མེད་མ།། བདུད་དུ་དེ་ཡི་སྒྲུབ་ཐབས་ནི།། རིམ་པ་བཞིན་དུ་བྲི་བར་བྱ།། དེ་ལ་སྔགས་པ ་སྟོང་པ་ལ་སོགས་པའི་ཡོན་ཏན་དང་ལྡན་ཞིང་། བྱམས་པ་ལ་སོགས་པོ་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་ཡིད་ཅན། དཔལ་མཁའགྲོ་མ་རྡོ་རྗེ་དྲ་བའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་རྗེ་སུ་གནང་བ་ཟབ་མོ་ལ་ལྷག་པར ་མོས་པ་དེ་ཁོ་ན་ཉིད་བཅུ་ཤེས་ཤིང་དམ་ཚིག་དང་སྡོམ་པ་ལ་གནས་ནས་རང་གི་སྔགས་མཉེས་པར་བྱེད་པ་ལ་བརྩོན་པས། ར་བོ་ལ་སོགས་པ་གནས་ཡིད་དུ་འོང་བ་ལ་ལར། བསམ་གཏན ་ཁང་པ་ཙན་ངན་ལ་སོགས་པ་དྲི་ཞིམ་པོས་གྲུ་བཞི་པར་བྱུགས་ནས་བདེ་བའི་སྨན་ལ་རྡོ་རྗེ་སྒྲོལ་ཀྲུང་གིས་འདུག་སྟེ། ཕྱག་གི་ལོ་མ་ཏིང་ངེ་འཛིན་གྱི་ཕྱག་རྒྱར་བྱས་ལ་རང་གི་སྙིང་གར་ཉི་མ་ལ་ཡི་གེ་ཨཾ་བཀོད་ནས་གདོང་བཀྲུ ་བ་ལ་སོགས་པ་བྱ་སྟེ། ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཞེས་བྱ་བའི་སྔགས་ཀྱིས་གནས་དང་བདག་བསུང་དེ་བྱས་ཤིང་རང་གི་སྙིང་གེའི་ས་བོན་གྱི་འོད་ཀྱིས་དཀྱིལ་འཁྲོ་བྱི་འཁོར་ལོ་མདུན་དུ་དམིགས་ལ་ཕྱག་བྱས་ནས་མཆོད ་པར་བྱ་སྟེ། དེ་ལོ་གཽ་རཱི་རཱི་བོང་ཅན་གྱི་སྙིང་རྫོགས་པ་དང་། ཙ་རཱྀ་ཉི་མའི་སྣོད་ཐེགས་པ་དང་། བེདྷ་ལཱི་ཚུབ་སྣོད་རྫོགས་པ་དང་། གྷསྟྲ་རཱི་སྨན་ཐོགས་པ་དང་། པུཀྐ་སཱི་རྡོ་རྗེ་སྣོད་ཐོགས་པ་དང་། ས་བ་རཱི་རོའི་སྣོད་ཐོགས་པ་རྣམས ་ཀྱིས་མཆོད་ནས། ཙཎྜ་ལཱི་རྡེའུ་ཆུང་བརྡུང་ཞིང་། ཌོམྦི་ནཱིས་མགྲིན་པ་ནས་འཁྱུད་དེ་མཉེས་པར་བྱའོ།། དེའི་རྗེས་ལ་དཀོན་མཆོག་གསུམ་ལ་སྐྱབསུ་མཆི་ཞེས་བྱ་བ་ནས། འགྲོ་བ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ་བྱ་བའི་བར་དུ་བརྗོད་ནས། བདེ་བོར་གཤེགས་པའི་ཚོགས་ཀྱི་སྤྱན་སྔར་སྡིག་པའི་ཕུང་པོ་དག་ནི་བཤགས་པར་བགྱིའོ།། ཞེས་བྱ་བ་དང་། བདེ་གཤེགས་ཐོབ་པ་རྣམས་དང་། སྲིད་པ་གསུམ་གྱི་སྐྱེ་བོ་དམ་པ་རྣམས ་ཀྱི་བསོད་ནམས་ཀྱི་ཚོགས་ཀྱི་དཔལ་ལ་དང་བས་རྗེསུ་ཡི་རང་བར་བགྱིའོ།། ཞེས་བྱ་བ་དང་། ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ་རྟོག་པ་ཡོངསུ་བཅོམ་པའི་རྒྱལ་བ་སངས་རྒྱས་རྣམས་ལ་སྐྱབསུ་མཆི་ཞེས་བྱ་བ ་དང་། དེ་བཞིན་ཐེག་པ་ཆེན་པོའི་ཆོས་ཀྱི་མཆོག་ལ་སྐབསུ་མཆིའོ་ཞེས་བྱ་བ་དང་། དེ་བཞིན་དུ་ཕྱིར་མི་ལྡོག་པའི་ཚོགས་ཀྱི་བྱང་ཆུབ་སེམས་དཔའི་དགེ་འདུན་ལ་སྐྱབསུ་མཆིའོ་ཞེས་བྱ་བ་དང་། མཁ་འགྲོ་མ་རྡོ་རྗེ་དྲ ་བའི་དེ་ཁོ་ན་ཉིད་ཀྱི་རྒྱལ་པོ་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་བསྟེན་པར་བྱའོ་ཞེས་བརྗོད་ནས། སྐྱེ་བ་མེད་པའི་སྦྱོར་བ་ཡིས།། སྐྱེ་བ་འདི་ནི་རབ་ཏུ་གྲགས། ཞེས་བྱ་བའི་ཚུལ་གྱིས་དངོས་པོ་ཐམས་ཅད་རྣམ་པར་དཔྱད ་ན་མེད་ཅིང་། སྟོན་ཀའི་ན་མཁའི་དཀྱིལ་ལྟར་སྣང་བ་མེད་ལ་སྤྲོས་པ་མེད་པ་ཉིད་དུ་བསྒོམས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ར་ཧཾ་ཞེས་བྱ་བས་བྱིན་གྱིས་བརླབས་པའོ།། དེ་ནས་མདུན་དུ་རཾ་ལས་ཉི་མའི ་དཀྱིལ་འཁོར་ཏེ། ཉི་མ་དེར་ནི་ཧཱུཾ་བྱུང་རྡོ་རྗེ་བསམ།། རྡོ་རྗེ་དེ་ཉིད་ཀྱིས་ནཱི་རྣམ་པར་བསྒོམས་བྱ་བ།། ར་བ་དང་ནི་དྲྀ་བུཾ་རབ་ཏུ་བཅིང་བར་བྱ།། ཞེས་བྱ་བ་ལ་སོགས་མངོན་དུ་བྱས་ལ། དེའི་དབུས་སུ་བྷྲཱུཾ་ལཱས་འཁོར་ལོ ་སེར་པོ་རྩིབས་བཅུ་ལ་མི་གཡོ་བ་ལྟ་བུར་འཁོར་བ། ཧཱུཾ་བཅུ་ཡིས་ནི་སྦྱོར་བ་ཡིས།། ཁྲོ་བོ་བཅུ་ནི་རྣམ་པར་བསྒོམ།། ཞེས་བྱ་བ་འདིས་ཁྲོ་བོ་བཅུ་བསམས་ཏེ། དེ་ལ་ཤོར་ལ་སོགས་པའི་རྩིབས་ལ་ནི་གཤིན་རྗེ་མཐར ་བྱེད་སྔོན་པོའོ།། ལྷོ་ཕྱོགསུ་ནི་ཤེས་རབ་མཐར་བྱེད་དཀར་པོའོ།། ནུབ་ཕྱོགསུ་ནི་པདྨ་མཐར་བྱེད་དམར་པོའོ།། བྱང་ཕྱོགསུ་ནི་བགེགས་མཐར་བྱེད་སྔོན་པོ་སྟེ། རིམ་པ ་བཞིན་དུ་ཐོ་བ་དང་། དབྱུག་པ་དང་། པདྨ་དང་། རྡོ་རྗེ་གདེང་པོ་ཐོགས་པ་ཐུང་ཞིང་གསུས་པ་ཆེ་བ། སྦྲུལ་བརྒྱད་ཀྱི་རྒྱན་གྱིས་ཀླུབས་པ། སྐྲ་ཁམ་པ་གྱོན་དུ་བརྫེས་ཤིང་མིག་དམར་ལ་ཟླུམ་པ། རྣམ་པར་སྣང ་མཛད་དང་མཱི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པའི་དབུ་རྒྱན་དང་། སྟག་ལྤགས་ཀྱི་ཤམ་ཐབས་བགོས་པའོ།། མཚམས་ཀྱི་ཁྲོ་བོ་ནི་ནེག་པོ་སྟེ། གནོད་མཛེས་དང་། གཙུག་ཏོར་འཁོ ་ལོས་སྒྱུར་བའི་བར་དུ་གཙུག་ཏོ་རཱི་དང་། ལྕགས་ཀྱུ་དང་། མདུང་རྩེ་གསུམ་པ་དང་། རལ་གྲི་དང་། གཏུན་ཤིང་རྣམས་ཐོགས་པ་སྟེ། དེ་ལ་མེ་མཚམ་སུ་ཊཀྐི་རིན་པོ་ཆེས་བརྒྱན་པ་དང་། ལྷའི་ནི་བཟའ ་བསྣམས་པའོ།། བ་དན་བྲལ་དུ་ནི་དབྱུག་པ་སྔོན་པོའོ།། རླུང་མཚམ་སུ་ནི་སྟོབས་པོ་ཆེ་སྟེ། དེ་དག་ནི་གཤིན་རྗེ་གཤེད་ལ་སོགས་པ་དང་འདྲའོ།། དབང་ལྡན་དུ་ནི་མི་གཡོ་བ་སྟེ་ཊཀྐི་ལྟ་བུའོ།། སྟེང་དུ་གཙུག ་ཏོར་སེར་པོའོ།། འོག་ཏུ་གནོད་མཛེས་ནག་པོ་སྟེ། རྒྱན་ལ་སོགས་པ་ཊེ་ཀྲི་ལྟེ་བུའོ།། ཐམས་ཅད་ཀྱང་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་གཡོན་བརྐྱང་བས་གནས་པའོ།། ལག་པ་གཡོན་པ་རྣམས་ཀྱིས ་ཀླུའི་ཞགས་པ་དང་། སྡིགས་མཛུབ་ཐོགས་པ། མི་བསྐྱོད་པ་དང་ནོར་བུའི་དབུ་རྒྱན་ཅན། དབུས་ན་དཀྱིལ་འཁོར་ལྔ་ལ་ཁྲོ་བོ་གཞན་ཡང་ལྡན་པའོ།། དེ་ནས་འབར་བའི་ཚོགས་པདྨ་དང་ཕྱོགས་བཅིང་བ་ལ་སོགས་པ ་བྱས་ནས། དེའི་དབུསུ་ཆོས་འབྱུང་བ་ཞེས་པའི་ཕྱག་རྒྱ་གྲུ་གསུམ་པ་ནང་ན་མཁའི་རང་བཞིན་ལ། སྣ་ཚོགས་རྡོ་རྗེ་དང་པདྨའི་སྟེང་དུ། ཡཾ་རཾ་བཾ་ལཾ་གིས་ས་བོན་རྣམས་ལས་བྱུང་བ་རླུང་དང་མེ་དང་ཆུ་དང་དབང་ཆེན་གྱི ་དཀྱིལ་འཁོར་རྣམས་དུང་ཀ་དང་དམར་པོ་དང་དཀར་པོ་དང་། སེར་པོའི་ཁ་དོག་ཅན་ནོ།། དེར་བྷྲཱུཾ་དང་འཁོར་ལོ་ལུས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་བ་སྤུའི་བུ་ག་ལས་བདུད་རྩིའི་ཆུ་རྒྱུན་འཛག་པས་འབྱུང་བ་བཞི ་ཞུ་བ་ལས་བྱུང་བའི་ཁང་བུ་བརྩེགས་པ་བཞི་པ་ཁ་ཁྱེར་བཞི་དང་ལྡན་པ་རྟ་བབས་བཞིས་བརྒྱན་པ་མེ་ཏོག་གི་ཕྲེང་བས་བརྒྱན་པ་ལ། ལྷ་བཅཝ་ལྔའི་གན་སུ་སྣ་ཚོགས་པདྨ་ལ་རོའི་གདན་ལ་སྙིང་ཁར་ཉི་མའི་འཁོར ་དཀྱིལ་འཁོར་གྱིས་བརྒྱན་པ་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནཱི་ལེ་ཡ་བཛྲ་སྭཱ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཞེས་བརྗོད་པར་བྱའོ།། དེ་ནས་གདན་དབུས་མའི་སྟེང་དུ་སྒྲ་ཡིག་བཅོ་ལྔ་ལས་བྱུང་བའི་ཟླ་བ་དང་། ཀ་ལ་སོགས ་པའི་གསལ་བྱེད་སུམ་ཅུ་རྩ་བཞི་ལས་བྱུང་བའི་ཉི་མ་བསམས་ལ། དེའི་འོད་ཀྱིས་དེ་དང་འདྲ་བར་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམས་བཅུད་དེ་རྒྱས་པར་བྱའོ།། དེའི་སྟེང་དུ་དབྱངས་ཡིག་དང་པོ་ཐིག་ལེ་དང་བཅས ་བར་གྱུར་པ་ལྟས་ས་ཟན་དུ་ཉི་བུས་མནྡནྟ་ཡྀ་ཟུངས་སྒྲ་དུརྔན་རྒྱ་སྒྲ་ལས་རྣམ་འབྱོར་མ་བཅཝ་ལྔའི་འཁར་མ་སྨྲ་བ་དང་བསྡུ་བའི་རིམ་པས་བདག་ཉིད་བདག་མེད་མར་བསྒོམ་པར་བྱ་།། ་རོའི་སྙིང་གཱའི་སྟེང་གི་ཉི་མ་ལ་ཕྱེད་ཀྲུང་བཅིས་པའི་གར་གྱིས་རོལ་ཅིང་། མགོ་བོའི་ཕྱོགསུ་འཇིག་པའི་དུས་ཀྱི་འབར་བའི་སྐུ་དམར་སེར་གྱེན་དུ་འབར་བ་བརྗེས་པ། རྒྱལ་བ་མཆོག་གི་རྡུལ་རབ་ལྔས་བསྒྲུབས་པའི་སྐུ། དམར ་ལ་ཟླུམ་པའི་སྤྱན་གསུམ་པ་ཉི་མ་ཕྱེ་བ་ལྟ་བུའི་འོད་ཀྱིས་བདུད་སྲེག་པར་མཛད་པ། མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བས་ནམ་ཚང་གི་ཕྱོགསུ་བརྒྱན་པ། ཕྱག་རྒྱ་ལྔའི་སྤྲས་པ། སྲིད་པ་དང་ཞི་བ་ལ་མི་གནས་པའི་ཆོས་ཀྱི་དབྱིངས ་ཀྱི་རང་བཞིན་དུ་བསམས་ནས། ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་པ་ཨཱཏྨ་ཀོ&ཧཾ་ཞེས་བྱ་བས་ང་རྒྱལ་བྱའོ།། ཕྱག་གཡས་ཀྱིས་ཟངས་གྲི་འཕྱར་ཞིང་ཕྱག་གཡོན་པས་ལྷ་དང་ལཱ་མ་ཡིན་ལ་སོགས་པའི་ཁྲག་གིས་བཀང་བའི་ཐོད་པ་དང་ཁ་ཊྭཱཾ་གོ་མཆོད ་ཕྱིར་ཐོགས་ཀྱི་ཚུལ་དུ་བསྣམས་པ་སྟེ། མིག་གཉིས་གཏི་མུག་རྡོ་རྗེ་མའོ།། རྣཾ་བ་དོག་ལ་ནི་ཞེ་སྡང་རྡོ་རྗེ་མའོ།། སྣ་ལ་སོར་སྣ་རྡོ་རྗེ་མའོ།། ལྕེ་ལ་འདོད་ཆགས་རྡོ་རྗེ་མའོ།། ལུས་ལ་ཕྲག་དོག་རྡོ་རྗེ་མའོ།། ཡིད་ལ་བདག་མེད་རྣལ ་འབྱོར་མའོ།། ཡང་གཟུགས་ཀྱི་ཕུང་པོ་དང་། གཏི་མུག་ལ་ནི་རྡོ་རྗེ་མའོ།། ཚོར་བ་དང་ང་རྒྱལ་ལ་ནི་རྡོ་རྗེ་གོ་རཱི་མའོ།། འདུ་ཤེས་དང་འདོད་ཆགས་ལ་ནི་ཆུ་མའོ།། རྣམ་པར་ཤེས་པ་དང་ཞེ་སྡང་ལ་ནི་བདག་མེད་མའོ།། དེ་བཞིན་དུ ་སའི་ཁམས་དང་བྱམས་པཱ་ནི་པུཀྐ་སའོ།། དེ་བཞིན་དུ་ཆུ་དང་སྙིང་རྗེ་ནི་ས་བ་ནཱིའོ།། མེ་དགའ་བ་ནི་ཙཎྜ་ལཱིའོ།། རླུང་དང་བཏང་སྙོམས་ན་ཌཱནྡྷ་ནཱིའོ།། དེ་དག་གིས་རིམ་པ་བཞིན་ནང་དུ་གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་སྦྱང་ཞིང་། རེག ་བྱཱབྱ་དང་ཆོས་ཀྱི་ཁམས་ལ་ནི་ས་འོག་དང་། གནས་པ་དང་མཁའ་སྤྱོང་མར་བསམ་མོ།། དེ་ལྷག་པར་བསམས་ནིས་སྙིང་གའི་ཟླ་བའི་ཧཱུཾ་གིས་མཁའ་སྤྱོད་མ་སྔོན་མོའོ།། མགྲིན་པར་ཟླ་བར་ནི་ཨ་ཡོས་ས་སྤྱོད་མ་དམར་མོའོ།། མགོ་བོའི ་ཟླ་བར་ནི་ཨོཾ་གྱིས་ས་འོག་ན་གནས་པ་དཀར་མོ་བསྐྱེད་ལ། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཁེ་ཙ་རི་བཛྲ་སྭ་བྷཱ་ང་ཨཱཏྨ་ཀོ&ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་བྷུ་ཙ་རི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ཏ་ལ་བ་སི་ནི་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཞེས ་བྱ་བས་ང་རྒྱལ་བྱས་ལ། རང་གི་སྙིང་གའི་ཉི་མའི་ཟིངས་གྲིའི་ལྟེ་བའི་ཨཾ་ལས་བྱུང་བའི་འོད་ཀྱིས་དེ་བཞི་ནི་གཤེགས་པ་རྣམས་བཀུག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་རབ་ཏུ་སྩོལ་ཞེས་བྱ་བས་དེ ་རྣམས་ཧེ་རུ་ཀའི་གཟུགསུ་གྱུར་ནས། མེ་ཏོག་གི་ཆར་དང་རྔ་སྒྲ་དང་བཅས་པར་སྤྱན་མ་ལ་སོགས་པས་གླུ་ལེན་ཅིང་། གཟུགས་རྡོ་རྗེ་ལ་སོགས་པས་བསྟོད་ཅིང་མཆོད་ནས་དབང་བསྐུར་རོ།། དབང་བསྐུར་ནས་སྤྲོ་བོར་མི་བསྐྱོད་པ་བསྒོམས ་ཏཾ། ཨོཾ་སརྦ་ཏ་ཐཱ་པ་ཏེ་ཨ་བྷི་ཥེ་ཀ་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧ~ཾ། ཞེས་ང་རྒྱལ་བྱེ་སྟེ། འདི་ནི་ངོ་བོ་ཉིད་ཀྱི་སྐུའི་རང་བཞིན་སྦྱོར་བ་དང་པོའི་ཏིང་ངེ་འཛིན། དེ་ནས་རང་གི་སྙིང་གའི་མི་བོན་ལ་གནས་བཻ་ཅུ་བཞི་རོ་རོའི་སྙིང་གར་ཟླ་བ་དང་། ་ཉི་མ་ལ་སོ་སོའི་ས་བོན་སྤྲོས་ནུས། ས་བོན་དང་ཟངས་གཱི་ཡོངསུ་གྱུར་པ་ལས་སྔ་མ་བཞིན་ལྷ་མོ་རྣམས་བསྒོམ་པར་བྱའོ།། ཨཱཾ་ཨི་ཨཱིཾ་ཨུཾ་རྣམས་ནི་བཛྲ་དང་གཽ་རཱྀ་དང་། བ་རི་དང་། བཛྲ་ཌཱ་ཀི་ནི ་རྣམསོ།། ཨཱུ་རཾ་རཱི་ལྀ་ནི་པུཀྐ་སཱི་དང་ས་ད་རཱི་དང་ཙཎྜ་ལཱི་དང་། ཌོམྦི་ནཱིའོ།། ལཱཾ་ཨཻ་ཨཻ་ནཾ་གོ་རཱི་དང་། ནརྀ་རཱི་དང་། བེཏྟཱ་ལཱི་དང་གྷསྨ་རཱིའོ།། ཨོཾ་ནི་ས་སྐྱོང་མའི་འོ།། ཨོཾ་ནི་མཁའ་སྦྱོང་མ་སྟེ། རིམ་པ་བཞིན་དུ་བསྐྱེད་ལཱ་ཐ་མ་སྭཱ་ཅུང ་ཀྱང་མདོག་དང་མཚན་མ་ལ་སོགས་པ་བདག་མེད་མ་དང་མཚུངས་པར། རོའི་སྙིང་གར་གར་སྟབས་ཀྱིས་བསྒོམ་མོ།། གནས་གང་དང་གང་དུ་ཞེ་ནོ། རྒྱུད་གཞན་ལས་གསུངས་པ། དབང་པོར་རྡོ་རྗེ་གཤིན་གཽ་རཱི། ཆུའི་ཕྱོག ་ཆུ་ཡི་རྣལ་འབྱོར་མ།། གནོད་སྦྱིན་རྡོ་རྗེ་མཁའ་གྲོ་མ།། དབུས་སུ་བདག་མེད་རྣལ་འབྱོར་མ།། དབང་ལྡན་པུཀྐ་སཱི་ཡིན་ཏེ། སྲེག་བྱེད་མཚམསུ་ཤ་བ་རཱི།། སྲིན་པོའི་མཚམ་སུ་ཙཎྜ་ལཱི།། ཌོམྦི་རྟག་ཏུ་རླུང་དུ་གནས།། ཤྭར་གྱི ་སྠིར་ནི་གཽ་རཱ་སྟེ།། ལྷོར་ནི་ཙཽ་རིའི་གཟུགས་ཅན་ནི།། ནུབ་ཏུ་བཻཏྟཱ་ལཱྀ་ཡིན་ཏེ།། དེ་བཞིན་བྱང་དུ་གྷཱསྟཱ་རཱི།། འོག་ཏུ་ས་སྦྱོང་མ་ཡིན་ཏོ།། སྟེང་དུ་མཁའ་ལ་སྤྱོད་མར་འདོད།། ཅེས་བྱ་བའོ།། དེ་ལྟར་དཀྱིལ་འཁོར་ཡོངསུ་རྫོགས ་པབར་བལྟས་ནས། ཐམས་ཅད་ཀྱི་སྙིང་ཁ་ནས་བྱུང་བའི་འོད་ཀྱི་ལྕགས་ཀྱུས་ཐུབ་པའི་དབང་པོ་རྣམས། རྣལ་འབྱོར་མ་བཅོ་ལྔའི་ཚུལ་དུ་དྲངས་ལ། སྒོ་སྐྱོང་མ་རྣམས་ཀྱིས་བགེགས་བསྐྲད་ཅིང་། གཽ་རཱི་ལ་སོགས་པ ་རྣམས་ཀྱིས་མཆོད་དོ།། ཨོཾ་བཛྲ་གཽ་རཱི་ཨཱཪྵ་ཡ་ཛཿོཾ་བཛྲ་ཙཽ་རཱི་པྲ་བེ་ཤ་ཡ་ཧཱུཾ། ཨོཾ་བཛྲ་བེཏྟཱ་ལཱི་བནྡྷ་ཡ་བཾ། ཨོཾ་བཛྲ་གྷསྨ་རཱི་བེ་ཤྱཾ་ཀུ་རུ་ཧོཿཞེས་བྱ་བ་རྣམས་ཀྱིས་དགུག་པ་ལ་སོགས་པ་བྱས་ནས། སྔ་མ་བཞིན་མིག་ལ ་སོགས་པ་བྱིན་གྱིས་བརླབས་ཏེ། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས་དབང་བསྐུར་ལི་རིགས་ཀྱི་བདག་པོ་དབུ་ལ་བསྒོམ་པར་བྱ་སྟེ། དེ་ལ་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱི་ནི་རྣམ་པར་སྣང་མཛད་དང་། རིན་ཆེན ་དབང་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམསོ།། མཚམས་ན་གནས་པ་དང་། སྒོ་སྐྱོང་མ་རྣམས་ཀྱི་ནི། སེམས་ཀྱི་ནི་དབང་དང་། རྟག་པ་དང་རིན་ཆེན་དབང་དང་། སྣང་བ་མཐའ་ཡས་རྣམསོ།། སཱ་ལ་སྦྱོང་མ་ནི ་རྣམ་པར་སྣང་མཛད་དོ།། མཁའ་སྤྱོད་མ་ནི་སྣང་བ་མཐའ་ཡས་སོ།། དེ་ནས་གཽ་རཱི་ལ་སོགས་པས་རང་གི་མཆོད་རྫས་རྣམས་ཀྱིས་ཐོད་པ་ཡོངསུ་གང་བས་བཅོམ་ལྡན་འདས་བདུད་རྩིས་ཡོངསུ་མཆོད་ལ། དཀྱིལ་འཁོར་བ ་གཞན་དག་གིས་ཀྱང་ལོངས་སྤྱད་ནོས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་མྲྀ་ཏ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཙཎྜ་ལཱི་ཡིས་རྔེའུ་ཆུང་རྡུང་ཤིང་ཌོཾ་བིས་སྐུ་ལ་འཁྱུད་པར་བྱའོ།། དེ་ནས་གསང་བའི་པདྨར་བསྐྱེད་པའི་རྡོ་རྗེ་དང་རྗེ་སུ་ཆགས་པས།། ་ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཞེས་བྱ་བས་མཆོད་ལ། ཁྱོད་ནི་རྣལ་འབྱོར་མ་རྣམས་ཡོངསུ་བསྐོར། ཞེས་བྱ་བ་ལ་སོགས་པས་བསྟོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་ཏི་པུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཞེས ་བྱ་བས་བསྟོད་དོ།། སཱཪྵ་ཡང་ཨོཾ་པདྨ་སུ་ཁ་དྷཱ་ར་མ་ཧཱ་རཱ་ག་སུ་ཁཾ་དང་ཙ་ཏུནྡྷནྟ་དྷ་ག་བ་ཤྭརྡྷ་ནཱ་ཧཱུཾ་ཀཱ་རཱ་ཡ་ཀུ་རུ་ཥ་མ། ཨོཾ་བཛྲ་མ་ཧཱ་དྭེ་ཥཱ་ཙ་ཏུརྨཱནྟ་དྲཱ་ཡ་ཀ། ཁ་ག་མུ་ཁེ་ཀ་ཪྵཱ་སོནྣ་ཐ་ཧཱུཾ་ཧཱུཾ་ཀཱ་རཿ ་ཀུ་རུ་ཥ་མེ་ཞེས་བྱ་བས་རྡོ་རྗེ་དང་ཆགས་པ་སྦྱང་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ། ཞེས་བྱ་བ་ནི་ལོངས་སྤྱོང་རྫོགས་པའི་སྐུའི་བདག་ཉིད། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་ཏོ།། དེ ་ནས་ལྟེ་བར་འདབ་མ་དྲུག་ཅུ་རྩ་བཞི་པའི་དབུསུ་ཨཾ། སྙིང་གར་འདབ་མ་བརྒྱད་པའི་དབུས་སུཾ་ཧཱུཾ། མགྲིན་པར་འདབ་མ་བཅུ་དྲུག་པའི་དབུས་སུ་ཨོཾ། མགོ་བོར་འདབ་མ་སུམ་ཅུ་རྩ་གཉིས་པའི་དབུ་སུ་ཧཾ་ཞེས་བྱ་བ་བཀོད ་ལྟེ་བར་གཏུམ་མོ་སྦར་བ་ཡིས།། དེ་བཞིན་གཤགས་པ་ལྔ་བསྲེགས་ཏེ།། སྤྱན་ལ་སོགས་པའང་བསྲེགས་པར་བྱ།། བསྲེགས་པས་ཧཾ་ལས་ཟླ་འཛག་འགྱུར།། ཞེས་བྱ་བ་ལ་སོགས་གཏུམ་མོ་བསྒོམ་པར་བྱའོ།། དེའི ་འོག་ཏུ་རང་རང་གི་ས་བོན་གྱི་འོད་ལས་རང་རང་གི་སྤྲུལ་པ་ཕྱུང་སྟེ། རང་རང་གི་ཡིས་ལ་ས་ན་ནརྀ་བཀོད་ནས་དཀྱིལ་འཁོར་བསྡུས་ལ། དཀྱིལ་འཁོར་གྱི་བདག་པོ་རྡོ་རྗེ་འཛིན་ཆེན་པོའི་གོ་འཕང་ལ་གནས་ནས་བསྒོམ་པསོ་དུབ་ན་འོག ་འགོག་པའི་ཚིག་གིས། ཨོཾ་ཨ་ཨཱ་ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལཾ་ལཱཾ། ཨེ་ཨཾ། ཨོཾ་ཨཽ་ཨ་ཨཿསྭཱ་ཧཱ། ཞེས་བཟླས་པར་བྱའོ།། ཁྲུས་བྱེད་པ་ནི་དབང་བསྐུར་བའི་ཚོགས་སོ།། ཁ་ཟས་ལ་ལོངས་སྤྱོད་པ་ལ་ནི་བདུད་རྩི་མྱང ་བའི་ཆོ་གས་སོ།། དགའ་བ་ལ་སྤྱོད་ན་རྗེསུ་ཆགས་པའི་ཆོ་གས་སོ།། ངལ་དུབ་ལ་ནི་སྤྱི་བོར་ཨོཾ་ལས་བདུད་རྩི་འཛག་པས་ལུས་རྟུ་ལ་བ་སྔོན་བཏང་ལ་སྔགས་བཟླས་པ་བྱའོ།། ཇི་སྐད་དུ་བསྟན་པའི་དམ་ཚིག་ཉམས་པ་ལ། ་དམ་ཚིག་ཅེས་བྱ་བ་ལ་སོགས་པའི་ཚུལ་གྱིས་དཔལ་རྟ་མཆོག་གི་ཏིང་ངེ་འཛིན་ལ་གནས་ནས། སྣ་ཚོགས་རྡོ་རྗེ་དང་ཡི་གེ་ཁཾ་གི་ས་བོན་གྱི་འོད་ཀྱིས་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ།། བདུད་གཞོམ་པ་ལ་ནི་བགེ ་དགྲའི་འཁོར་ལྀ་ལ་གནས་པར་བྱ་སྟེ། འདི་དག་ནི་སྤྲུལ་པའི་སྐུའི་རང་བཞིན་ལས་རྒྱས་མཆོག་གི་ཏིང་ངེ་འཛིན་ཏོ།། མཁའ་གྲོ་མ་ཡིས་འཁོར་ལོ་ནི། བྲིས་ལ་དག་པ་གང་སྙེད་པ།། དེས་ནི་སྐྱེ་འགྲོ་སྲོང་མཚེ་ལས།། བརྒལ ་ནཱས་རྒྱལ་མཆོག་ཉིད་གྱུར་ཅིག། བདག་མེད་མའི་སྒྲུབ་ཐབས་རྫོག་སོ།། །། འོག་ནས་འབྱུང་བའི་ལྷ་རྣམས་ཀྱི་སྒྲུབ་ཐབས་གཞན་དག་ཀྱང་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། འདིར ་རིམ་པ་བཞིན་དུ་བྲི་བར་བྱ་སྟེ། དེ་ལ་སྔ་མ་དང་འདྲ་བར་སྙིང་གར་ཟླ་བ་ལ་བསམས་པའི་ཏཱཾ་གི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་མདུན་དུ་དམིགས་ལ་ཕྱག་བྱ་བ་དང་། མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས ་དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་ལ། བསྲུང་བྱ་བ་སྟེ། ཆོས་འབྱུང་བའི་ནང་དུ་ཁང་བུ་བརྩེགས་པའི་འོག་ཏུ་ཉམ་སུ་བླང་ནས། མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་འམ། ཟླ་བ་དང་རྡོ་རྗེ་རིམས་ཀྱིས་ཀྱང་རུང་སྟེ། ་ཡི་གེ་ཏཱཾ་དང་ཨུཏྤ་ལ་ལ་སོགས་སུ་གྱུར་པ་ལས་སྤྲོ་བ་དང་། བསྡུ་བའི་རིམ་པ་སྔོན་དུ་འགྲོ་བས། རྡོ་རྗེ་སྒྲོལ་མ་བསྐྱེད་པར་བྱ་སྟེ། དེ་ཡང་གསུངས་པ། མ་མོའི་དཀྱིལ་འཁོར་དབུས་གནས ་པར། ལྷ་མོ་སྒྲོལ་མ་བསྒོམ་བྱ་སྟེ།། ཞལ་བཞི་པ་ལ་ཕྱག་བརྒྱད་པ།། རྒྱན་རྣཾས་ཀུན་གྱི་རྣམ་པར་ཀླུབས།། གསེར་གྱི་མདོག་ཏུ་རྣམ་པར་བསྒོམ།། གཞོན་ནུ་མ་ཡཽ་མཚན་གྱིས་འབར།། རྡོ་རྗེ་ཉི་མས་དབང་བསྐུར་ཏེ།། སངས ་རྒྱས་བཞི་ཡིས་ཅོད་པན་ཚེ།། ན་ཆུང་གཞོན་ནུ་མདངསཽ་བཟང་ཞིང་།། གསེར་གྱི་རྣོ་ཆ་གཡོ་བ་ཅནི།། སྣ་ཚོགས་པདྨར་བཞུགས་ནས་ནི།། འོད་ཟེར་དམར་པོས་རྣམ་པར་ཀླུབས།། རྡོ་རྗེ་ཞགས་པ་རལ་གྲི་དང་།། དེ་བཞིན་གཡས ་ན་མངའ་ནི་བསྣམས།། རྡོ་རྗེ་ལྕགས་ཀྱུ་ཨུཏྤ་ལ།། གཞུ་དང་སྡིགས་མཛུབ་གཡོན་པས་འཛིན། ཞེས་པས་སོ།། དེའི་འོག་ཏུ་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བའི་མཐར་ཐུག་པ་སྔ་མ་བཞིན་དུ ་ཉམ་སུ་བྷཱུང་བཱར་བྱ་སྟེ། འདི་ནི་སྦྱོར་བ་དང་པོའི་ཏིང་ངེ་འཛིན་ཏོ།། གཞན་དག་ཀྱང་གསུངས་པ། རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ཡིས།། ས་གསུམྦེ་པོ་ནི་བསྒྲུབ་པར་བྱ།། ཞེས་བྱ་བ་ལ་སོགས་པ་སྟེ། ཐམས་ཅད་ཀྱང་སྣ་ཚོགས་པའི ་སྟན་ལ་རྡོ་རྗེ་སྐྱིལ་ཀྲུང་གི་བཞུགོས་ཤིང་། འོད་ཟེར་དམར་པོས་བརྒྱན་པའོ།། དེ་དག་ཀྱང་གང་ཞེ་ན། ཤར་དུ་མེ་ཏོག་སྒྲོལ་མ་སྟེ།། ཡི་གེ་ཨོཾ་གྱིས་བསྐྱོད་པའོ།། ཁ~ཾ་དོག་དམར་པོ་ཡིད་དགའ་མ།། ཕྱག་ན་མེ་ཏོག་ཕྲེང་བ ་བསྣམས།། ཞལ་གཉིག་པ་ལ་ཕྱག་གཉིས་པ།། རྒྱན་རྣམས་ཀུན་གྱིས་རྣམ་པར་ཀླུབས། ཞེས་བྱ་བ་ནི་ཐམས་ཅད་ཀྱིའོ།། ལྷོ་རུ་སྤོས་ཀྱི་སྒྲོལ་མ་སྟེ།། ཡི་གེ་ཏཱཾ་གིས་བསྐྱེད་པའོ།། ཁ་དོག་སྔོན་མོ་ཡིད་འོང་མ།། ཕྱག་དུ་བདུག ་པའི་ཕོར་བ་བསྣམས།། ནུབ་ཏུ་མིར་མེའི་སྒྲོལ་མཱ་སྟེ།། ཡི་གེ་རེ་ཡི་བསྐྱེད་པ་ཡིས།། ཁ་དོགཽ་སེར་མོ་རྣམ་བརྒྱན་གཡོན།། མར་མེའོ་ཀོང་བུ་ཕྱག་ན་བསྣམས།། བྱང་དུ་དྲི་ཡི་སྒྲོལ་མ་ཏེ།། ཡི་གེ་ཏུས་བསྐྱེད་ཁ་དོག་དམར ་དྲི་ཡི་དུང་ཆོས་ཕྱག་ན་བསྣམས།། སྙིང་པོའི་དཀྱིལ་འཁོར་བསྒོམ་པར་བྱ།། ཞེས་བྱ་བ་ལ་སོགས་པ་སྟེ། ཤར་ལ་སོགས་པའི་སྒོ་རྣམསུ་ནཽ་ཡི་གེ་ཏཱ་ཡིས་ལྤགས་ཀྱུ་སྒྲོལ་མའོ།། རེ་ཡིས་ཞགས་པ་སྒྲོལ་མའོ།། ཏུ་ཡིས ་ལྕགས་སྒྲོག་སྒྲོལ་མའོ།། རེ་ཡིས་འགེབས་པའི་སྒྲོལ་མ་སྟེ། རིམ་བཞིན་དུ་ཁ་དོག་དཀར་པོ་དང་སེར་པོ་དང་། དམར་པོ་དང་ལྗང་གུ་སྟེ། ལྕགས་ཀྱུ་དང་ཞགས་པ་དང་། ལྕགས་སྒྲོག་དང་དྲིལ་བུ་བསྣམས་པའོ།། འོག ་ཏུ་ཡི་གེ་ས་ཡིས་ངེས་འདུལ་སྒྲོལ་མ་སྟེ། ཁ་དོག་སྔོན་མོ་ཕྱག་ན་ཀླུའི་ཞགས་པ་བསྣམས་པའོ།། སྟང་དུ་ཡི་ག་ཧ་ཡས་བསྐྱེད་པའི་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲོལ་མ་ཁྭ་དོག་སེར་མོ་ཕྱག་ན་འཁོར་ལོ་བསྣམས ་པའོ།། ཁ་ཅིག་ནི་བཅོམ་ལྡན་འདས་མའི་ཐུགས་ཀར་ལྷ་མོ་རྣམས་བསྒོམ་པར་བྱའོ།། ཞེས་ཟེར་རོ།། ཁ་ཅིག་གདན་ལ་བསྐྱོད་པར་འདོད་དོ།། དེ་ནས་སྔོན་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་ལ་མཆོད་པ་དང་བསྟོད ་བ་དང་། བདུད་རྩི་མྱུང་བའི་མཐར་ཐུག་པ་ཉམ་སུ་བླངས་ནས་སྤྲོ་བ་དང་བསྡུ་བསྡུ་འགྲོ་བའི་དོན་བྱེད་ཅིང་། ཇི་སྲིད་འདོད་པས་བསྒོམས་ལ། ཨོཾ་ཏྟཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཞེས ་བྱཱབྱ་བ་བཟླས་ཤིང་། ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་བོ་དྷི་སཏྭཱ་ཡ་མ་ཧཱ་སཏྭཱ་ཡ་མ་ཧཱ་ཀྲཱུ་རུ་ཎི་ཀཱ་ཡ། ཏདྱ་ཐཱི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རཽ་སརྦ་དུཥྚཱ་ན་པྲ་དུཥྚ་མ་མ་ཀྲྀ་ཏེ་ཛ~ཾ་བྷ་ཡ་སྟམྦྷ་ཡ་མ~ཾ་ཧ་ཡ་བནྡྷ་ཡ་ཧཱུཾ་ཧཱུ~ཾ་ཧཱུ~ཾ་ཕ ་ཕཊ་ཕཊ་སརྦ་དུཥྚཱནྟ་སྟ~ཾ་བྷ་ནཱི་ཏཱི་རི་སྭཱ་ཧཱ། ཞེས་བྱ་བས་ཀྱང་བསྒྲུབ་པར་བྱ་སྟེ། རྡོ་རྗེ་སྒྲིལ་མའི་སྒྲུབ་ཐབ་སོ།། རྡོ་རྗེ་བཞིའི་རིམ་གྱིས་སྟེ་མ་ལྟར་སྐྱོང་གར་ཉི་མ་ལ་ཧཱུ~ཾཿབྱས་མས་ལ། མཚོ་དཱ་བ་ནི་མོ་སྡིག ་པ་བཤགས་པ་དང་སྟོང་པ་ཉིད་དང་བསྲུང་བའི་འཁོར་ལོ་དང་། ཆོས་འབྱུང་བའི་བར་དུ་བསྒོམས་ནསཾ་དེར་དུར་ཁྲོད་བརྒྱད་ཀྱིས་དབུསུ་ཧྲཱིཿལས་བསྐྱེད་པའི་པདྨ་དམར་པོ་འདབ་མ་བརྒྱད་དང་ཉི་མའི་དབུས་སུ་མངོན ་བར་བྱང་ཆུབ་པ་རྣམ་པ་ལྔའི་རིམ་གྱིས་ཧྲཱིཿུཏྤ་ལ་ལས་སྒྲོ་ངསྤུའི་སྦྱོར་བས་ཀུ་རུ་ཀུལླེ་བསྐྱེད་པར་བྱ་སྟེ། སྒྲ་ཁམ་སེར་གྱེན་དུ་བཛྲེ་སཾ་ཤིང་སྟག་གི་པགས་པའི་ཤམྲ་ཐབས་ཅན་ཕྱག་རྒྱ་རྣམ་པ་ལྔ་དང་མགོ ་བོའི་ཕྲེང་བས་བརྒྱན་ཅིང་། དམར་ལ་ཟླུམ་པའི་སྤྱན་གསུམ་པ། ཞལ་གཅིག་ཕྱག་བཞི་པ་ལ།། ཕྱོག་དང་པོ་གཉིས་ན་ཨུཏྤ་ལ་ཁ་ཟུམ་པའི་མདའ་དང་མེ་ཏོག་རྒྱས་པའི་གཞུ་བསྣམས་པ། གཞན་གཉིས་ཀྱིས ་ལྕགས་ཀྱུ་དང་ཨུཏྤ་ལའི་ཞགས་པ་བསྣམས་ཤིང་ཁ་དོག་དམར་བ།། རོའི་སྙིང་གའི་ཉི་མ་མཾ་ལ་ཕྱེད་ཀྲུང་བཅས་པའི་ཉི་མར་གར་གྱིས་བཞུགས་པར་དུར་ཁྲོད་བརྒྱད་ཀྱི་དབུསུ་བསམས་ནས། རྡོ་རྗེ་སེ་གོལ་གྱི་ཕྱག ་རྒྱ་བཅས་ཏེ། ཨོཾ་བཛྲ་སྭ་མཱ་ཛཿཞེས་བྱི་བས་ཡེ་ཤེས་སེམས་དཔའ་བཀུག་ལ་སྔ་མ་བཞིན་དུ་དབང་བསྒྱུར་ནས། སྣང་བ་མཐའ་ཡས་དབུ་རྒྱན་དུ་བསམས་ཏེ། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱས་ལ་སྒོ ་བ་དང་བསྡུ་བས་འགྲོ་བའི་དོན་བྱེད་ཅིང་། ཇི་སྲིད་འདོད་ཀྱི་བར་དུ་བསྒོམས་ནས། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་བཟླས་པར་བྱའོ།། བུད་མེད་ངམ་སྐྱེས་པ་དབང་དུ་བྱ་བར་འདོད་པས་ཟླ་བ་ཡེར་ངོའི་ཚེས་གཅིག་ནས ་བརྩམས་ཏེ། གོས་དམར་པོ་བགོས་ནས། ལྷ་མོ་བསྒོམ་ཞིང་ཉིན་རེ་དུས་གསུམ་དུ་ཁྲི་ཕྲག་བཟླས་ལ། དེ་ནས་ཉའི་ནུབོ་མོ་སྙིང་གའི་ཧཱུ~ཾཿལོས་གྱུར་པའི་པདྨོ་དམར་པོ་འདབ་མ་བརྒྱད་པ་སྡོང་བུ་གསང་བའི ་གནསུ་ཟུག་པ་བསྣམས་ལ། དེའི་འདབ་མ་རྣཾས་ལ་དབྱངས་ཡིག་རིང་པོ་བརྒྱད་ལས་བྱུང་བའི་བུང་བ་ཁ་དོག་དམར་པོ་ཁྲོ་ཞིང་རྒྱགས་པས་མྱོས་པ་བརྒྱུད་བསམས་ལ། དབུགས་ཀྱི་རླུང་གི་སྣ་སྒོ་གཡོན་པ་ནས ་སྦྱར་ཏེ། བསྒྲུབ་བྱའི་སྣ་སྒོ་གཡས་པ་ནས་སྙིང་གར་ཞུགས་ནས་དེའི་སྙིང་ག་ན་གནས་པའི་དབྱངས་ཡིག་ཐུང་ངུ་བརྒྱད་ལ་མྱོས་པས་འཇིབ་ཙོང་ཕྱེ་མར་བྱེད་པར་བསམ་མོ།། དེ་ནས་རྣལ་འབྱོར་པས་མེ་ཏོག་གི་གཞུ ་དང་ཨུཏྤ་ལའི་མདའ་རྣ་དྲུང་དུ་བཀང་སྟེ། ལྟེ་བ་ཆང་པ་ལ་གཏད་ནས་བསྒྲུབ་བྱའི་སྙིང་གའི་པདྨའི་ལྟེ་བར་བསྣུན་པས་བུང་བ་དེ་རྣམས་དེའི་རང་གི་དམ་ཚིག་གིས་བསྐུལ་ནས། སོ ་སོར་དབྱངས་ཡིག་རྣམས་གཟུང་སྟེ། སྣ་སྒོ་གཡོན་ནས་བྱུང་སྟེ། རྣལ་འབྱོར་པའི་སྣ་སྒོ་གཡོས་པར་ཞུགས་ནས། རང་གི་དམི་ཚི་གས་ཡེ་ཤེས་པ་དང་། གཉི་སུ་མེད་པར་བསམས་ཏེ། དེ་ནས་ཨུཏྤ་ལའི་སྡོང ་བུའི་ཞགས་པས་མགྲིན་པ་མགྲིན་པ་བཅིངས་ལ། ལྗགས་ཀྱུས་སྙིང་ག་གཟར་ཏེ། སྣ་སྒོ་གཡོན་ནས་བྱུང་སྟེ། འོད་ཟེར་འབར་བས་འཁྲུགས་ཤིང་མགལ་མེའི་འཁོར་ལོ་ལྟར་སྔགས་ཀྱི་ཕྲེང་བ་བསམས་ནས། ་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་ག་མོ་བ་ཤྱཾ་མཱ་ན་ཡ་ཧྲཱིཿསྭཱ་ཧཱ། ཞེས་བྱ་བ་མཚན་ཐོག་ཐག་ཏུ་བཟླས་ན་ཐོ་རངས་ཀྱི་དུས་སུ་བུ་མོ་ལ་སོགས་པ་མྱོས་ཤིང་གོས་དང་བྲལ་བཞིན་དུ་གདོན་མི་ཟླ་བར་འོང་བར་འགྱུ་རོ།། ཀུ་རུ་ཀུ ་ཀློའི་སྒྲུབ་ཐབས་རྫོགས་སོ།། ། སྔ་མོ་བཞིན་དུ་སྙིང་གར་ཟླ་བ་ལ་ཡི་གེ་ཧཾ་བསྣམས་ནས། མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྟོང་པ་ཉིད་དུ་བསྒོམས་ལ། ་མངོན་པར་བྱང་ཆུབ་པ་ལྔའི་རིམ་གྱིས་ས་བོན་དང་རལ་གྲིའི་མཚན་མ་ཡོངསུ་གྱུར་པ་ལས། རྡོ་རྗེ་ལུས་མེད་ཞལ་གཅིག་ཕྱག་བཞི་པ་འམ། ཕྱག་དྲུག་པར་བསྒོམས་པར་བྱ་སྟེ། ཁ་དོག་སེར་པོ་སྐྲག་ཅིང ་རལ་པའི་ཕོར་ཚུགས་ཅན་ལོ་བཅུ་དྲུག་ལོན་པ་གཞོན་ནུའི་རྒྱན་ཅན། ཕྱག་གཡས་ན་མདའ་དང་རཱལ་གྲི་དང་མེ་ལོངས་བསྣམས་ཤིང་། གཡོན་ནཱ་གཞུ་དང་ཨུཏྤ་ལ་དང་ཨཱ་ཤཱ་ཀའི་འདབ་མ་བསྣམས་པ། གྲཝཡོན ་བརྐྱང་བས་བཞུགས་པར་བསམས་ལ། སྔ་མ་ལྟར་ཡེ་ཤེས་སེམས་དཔའ་བཅུག་ནས། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འགྲོ་བའི་དོན་བྱེད་བཞིན་པར་བསམས་ལ། ཨོཾ་མཉྫུ་གོ་ཥ་ཡ་ཧྲཱིཿཛཿཞེས་བྱ་བའི་སྔགས ་མང་དུ་བཟླས་པར་བྱའོ།། དེ་ནས་བུ་མོའི་སྙིང་གར་ཡང་ལུས་མེད་རྡོ་རྗེ་བསམས་ལ། མངས་ནུ་མ་དགུག་པ་དང་ཨ་ཤཱ་ཀའི་འདྲ་བ་མ་སྙིང་གར་གདབ་རལ་གྲིས་བསྡིགས་ནས་མི་ལོང་བསྟན་ལ། རྐང་པ་གཞུ་ཡིས ་བཅིངས་ཏྭེ་ཨུཏྤ་ལའི་ཞགས་པས་དྲངས་ནས་སྨྲས་པར་བསྒོམས་ན། གདོན་མི་ཟ་བར་འགུགས་པར་འགྱུར་ཏེ་ལུས་མེད་རྡོ་རྗེའི་སྒྲུབ་ཐབས་རྫོགས་སོ།། ། རྡོ་རྗེ་བཞི་ཡིས་རིམ་གྱིས ་སྔ་མ་བཞིན་དུ་བསྒྲུབ་པར་བྱ་སྟེ། སྙིང་གར་ཟླ་བ་ལ་ཡི་གེ་ཨོཾ་བསམས་ནས། མཆོད་པ་ལ་སོགས་པ། སྟོང་པའི་བྱང་ཆུབ་ཀྱི་བར་དུ་ཉམས་བླང་ལ། པཾ་ལས་བསྐྱེད་པའི་པདྨ་དཀར་པོ་དང་། ཟླ་བ་ལ་ཡི་གེ་ཨ ་སྤྲོས་པ་དང་བསྡུ་བའི་སྦྱོར་བས་ཡོངསུ་གྱུར་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཞལ་གཅིག་ཕྱག་གཉིས། ཡིད་དུ་འོང་ཞིང་སྐུ་མདོག་དཀར་མོ་རྒྱན་ཐམས་ཅད་ཀྱིས་ཀླུབས་པ་ཕྱག་གཡས་ན་པདྨ་དམར་པོ ་བསྣམས་ཤིང་གཡོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་བསྣམས་པ། རྡོ་རྗེ་སྐྱིལ་ཀྲུངསུ་བཞུགས་པར་བསམས་ལ། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་། ཨོཾ་བཛྲ་སྭ་མཱ་ཛ་ཛཿ། ་ཞེས་བྱ་བའི་སྔགས་ཀྱིས་ཡེ་ཤེས་སེམས་དཔའ་དགུག་པ་ལ་སོགས་པ་བྱ་སྟེ། དེའི་སྙིང་གར་ཟླ་བ་ལ་ཨོཾ་བསམས་ནསོ། དེ་ལ་སྔགས་ཀྱི་ཕྲེང་བ་ཁ་ནས་བྱུང་ཞིང་ལྟེ་བའི་གནསུ་འཇུག་པས་མགལ་མེ་ལྟར ་བསྒོམས་ལ། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི་ཛྭ་ལ་ཛྭ་ལ་མེ་དྷ་བརྡྷ་ནི། དྷི་རི་དྷི་རི་ཤུདྡྷི་བརྟྟི་སྟྭཾ་ཧཱ། ཞེས་བཟླས་པར་བྱའོ།། ཆོ་ག་འདི་ནི་གཞན་དག་ཏུ་ཡང་སྦྱར་བར་བྱ་སྟེ། དེ་སྐད་དུ་ཡང་གསུངས་པ། དང་པོ་སྟེང་པའི ་བྱང་ཆུབ་གཉིས་པ་ལ་ནི་སི་བོ་ནི་བསྡུ།། གསུཾ་པ་ལ་ནི་གཟུགས་རྫོགས་ཏེ།། བཞི་པ་ལ་ནི་ཡི་གེ་དགོད་ཅེས་སོ།། ལཾ་གི་ཡི་གེ་ལས་སྐྱེས་པ།། འཇིག་རྟེན་དབཔ་ཕྱག་ཐུབ་པ་ཆེ།། ཞལ་གཅིག་པ་ལ་ཕྱག ་གཉིས་པ།། པདྨ་དཀར་པོས་རྣམ་པར་ཀླུབས།། དབུ་རྒྱན་རྡོ་རྗེ་ཆོས་ཀྱིས་བརྒྱན།། པདྨའི་གདན་ལ་བཞུགས་པར་བསྒོམས།། ཨོཾ་མ་ཎཱི་པདྨ་ཧཱུཾ། སྔོན་བཞིན་དུ་རྡོ་རྗེ་བཞིའི་རིམ་པས་ཐམས་ཅད་དུ་བལྟ་བར་བྱའོ།། ་མེ་གི་ས་བོན་ལས་བྱུང་།། ། འཇམ་པའི་དབྱངས་ནི་སེར་པོ་སྟེ།། ཕྱག་ན་མེ་ཏོག་མཆོད་སྦྱིན་བརྒྱན།། མི་སྐྱོད་རྡོ་རྗེ་སྤྱི་བོར་འཛིན།། ཨོཾ་མཉྫུ་བཛྲ་མྲྀ་སྭཱ་ཧཱ། ཡ་གི་ཡི་གེ་ལས་སྐྱེས་པ།། རྡོ་རྗེ་ཐོ་བོ་སྡིགས་མཛུབ ་བསྣམས།། མདོག་སྔོན་མ་ཧེའི་རྒྱབ་ཏུ་ནི།། གཡོན་བརྐྱང་བཞུགས་པའི་གཤིན་རྗེ་གཤེད།། ཁྲོ་བོའི་གཟུགས་ཅན་སྐྲག་བྱེད་པ།། དབུ་རྒྱན་རྣམ་པར་སྣང་མཛད་བཞུགས།། ཨོཾ་ཧྲཱིཿཥྚྲྀཿབི་ཀྲཱྀ་ཏཱ་ནཱ་ན་ཧཱུཾ་ཧཱུཾ་ཕཊ ་ཕཊ་སྭཱ་ཧཱ། ཧཱུཾ་གི་ཡི་གེ་ལས་བསྐྱེད་པ།། རྡོ་རྗེ་ཧཱུཾ་མཛད་རྡོ་རྗེ་ཅན།། རྡོ་རྗེ་དྲིལ་བུ་སྦྱོར་བ་ཡིས།། ཕྱག་གཉིས་ཕྱག་རྒྱར་བཙོངས་པ་སྟེ།། གཡོན་བརྐྱང་ཞིབས་ཀྱི་སྦྱོར་བ་ཡིས།། འཛུགས་བྱེད་ཀྱི་ནི་སྙིང་གི་རི ་བཞུགས།། སྤྱི་བོར་རྡོ་རྗེ་རིགས་ཀྱིས་བརྒྱན།། ཁམས་གསུམ་རྣམ་རྒྱལ་བསྒོམ་པར་བྱ།། ཨོཾ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཏཱཾ་གི་ཡི་གེ་ལས་བྱུང་བ།། ལྷ་མོ་ཁ་དོག་སྔོ་བསཛེས་མ།། མཆོག་སྦྱིན་དང་ནི་ཨུཏྤལ་བསྣམས།། ་སྣ་ཚོགས་པདྨའོ་སྟན་ལ་ནི།། རྟག་ཏུ་བཟང་པོའི་སྟངས་ཀྱིས་གནས།། སྤྱི་བོར་དོན་ཡོད་གྲུབ་པས་བརྒྱན།། སྐལ་བཟངས་ཤིན་ཏུ་འགེགས་མ་ཡི།། སྒྲོལ་མའི་གཟུགསུ་བསྒོམ་པར་བྱ།། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ ་རེ་སྭཱ་ཧཱ། ཡི་གི་མཾ་ལས་བྱུང་བ་ཨི།། མཆོག་སྦྱིན་མྱ་ངན་མེད་ཤིང་བསྒོམས།། ཉི་མ་འཆར་ཀ་ལྟ་བུའི་མདོག། རྣམ་པར་སྣང་མཛད་དབུ་རྒྱན་ཅན།། རྟ་བདུན་ལྡན་པའི་ཤིང་རྟ་ལ།། གཡས་བརྐྱང་བ ་ཡི་སྦྱོར་བ་ཡིས།། སྒེག་ཅིང་ཡན་ལག་བརྒྱན་པ་ཡི།། བརྟུལ་ཞུགས་ཅན་གྱི་འོད་ཟེར་བསྒོམ།། ཨི་མཱ་རི་ཙྱཻ་སྭཱ་ཧཱ།། ཡི་གེ་ཙུམ་ལས་བྱུང་བ་ཡི།། སྟོན་ཀའི་ཟླ་བ་ལྟ་བུའི་མདོག། རིན་ཆེན་སྙིམ་པ་སྙིང ་གུར་འཛིན།། སྣ་ཚོགས་པདྨའི་སྟན་ལ་ནི།། རོལ་པའི་སྟབས་ཀྱིས་ཡང་དག་བཞུགས།། རྣམ་པར་སྣང་མཛད་སྤྱི་བོར་བརྒྱན།། བྱང་ཆུབ་སེམས་ནི་འཇུག་ཅིང་འབབ།། མྱོས ་དང་བཅས་པའི་སྐུལ་བྱེད་བསྒོམ།། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། ཡི་གེ་བཾ་ལས་བྱུང་བ་ཡི།། ལྷ་མེ་ནོར་རྒྱུན་ཁ་དོག་སེ་རཾ།། མཆོག་སྦྱིན་སྟེ་མི་ཕྱག་ན་བསྣམས།། རིན་ཆེན་པདྨའི་སྟན་ལ་ནི།། རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བས ་བཞུགས།། རིན་ཆེན་དབང་པོ་དབུ་རྒྱན་ཅན།། ཨོཾ་བཱ་སུ་དྷི་རཱི་བ་སུ་བྷིཥྚི་པཱ་ཏཱ་ཡཽ་བ་སུ་སྭཱ་ཧཱ།། ཡི་གེ་ཛཾ་ལས་བྱུང་བ་ཡི།། གནོད་གྲོན་སུ་ནི་བསྒོམ་བྱ་སྟེ།། མདོག་སྲེར་རྒྱན་ཀུན་གྱིས་བརྒྱན་ཅིང་།། གཡས་ཀྱིས་སྒྱུར ་རྩི་ཤིང་ཐོག་བསྣམས།། གཡོན་ན་རིན་པོ་ཚ་ཡི་ཁྲིའུ།། རིན་ཆེན་དབང་པོ་ཅོད་པན་ཅན།། ཨོཾ་ཛ་དྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ།། ཡི་གེ་བ་ལས་བྱུང་བ་ཡི།། འཁོར་ལོ་དང་ནི་རལ་གྲི་བསྣམས།། རྣམ་པར་སྣང་མཛོད ་ཅོད་པན་ཅན།། ཟླུམ་པོ་ཡི་ནི་སྟབས་གནསཱ་ནས།། གཞོན་ནུ་གཟུགས་ནི་སྐྱེ་དང་ལྡན།། སོ་སྥོརྱ་ཎཱཾ་སུ་འབྲང་བ་བསྒོམ།། ཨོཾ་མུ་ཎི་དྷ་རཱི་བཛྲི་ཎི་མ་ཧཱ་པྲ་ཏི་སྭ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཧཱུ~ཾ་གི་ཡི་གེ་ལས་བྱུང་བའི།། ་ནག་པོ་ཆེན་པོ་ཕྱག་གཉིས་པ།། ཞལ་གཅིག་མདོག་སྔོན་ཚོར་འབར་ཞིང་།། ཟངས་གྲི་དང་ནི་ཐོད་པ་བསྣམས།། མགོ་བོའི་ཕྲེང་བའི་དོ་ཤལ་བྱསོ།། མཆ་བ་གཙིགས་ཞིང་འཛི་ཀསུ་རུང་།། བོངས་ཐུང་གཟི ་བརྗིད་ཆེན་པོ་སྟེ།། ཁ་ནས་ཁྲག་ནི་འཛག་པར་བསྒོམ།། སློབ་དཔོན་ལ་རྟག་སྣང་བ་དང་།། གང་ཞིག་དཀོན་མཆོག་གསུམ་ལ་གནོད།། སེམས་ཅན་སྣ་ཚོགས་གསོད་པ་རྣམས།། ནག་པོ་ཆེན་པོས་ཟ་བར་བྱེད།། ཨོཾ་མ ་ཧྭཱཧཱ་ཀཱ་ལ་ཤཱ་ཤ་ནཱ་པ་ཧཱ་རི་རཱི་ཥོ་པ་ཤྩི་མ་ཀཱ་ལོ་ཡཾ་བི་དནྟ་དཱི་རཏྣ་ཏཱུ་ཡཱ་པ་ཀ་རི་ཎཱིནྱ་དི་པྲ་ཏི་དྷྭཾ་སྨཱ་ར་སི་ཏཱ་དཱ་ཨི་དཾ་དུཥྚ་ཁ་ཁ་ཁཱ་ཧི་ཁཱ་ཧི་མཱ་ར་མཱ་ར་གྲྀཧྞ་གྲྀཧྞ་བནྡྷ་བནྡྷ། ཧ་ན་ཧ་ནཱ། ད་ཧཱ་ད་ཧཱ། པ་ཙ་པཱ་ཙ། དི་ན་མེ་ཀེ་ན་ཧཱུཾ་ཕཊ། ་ཧཱུཾ་ལེས་བྱུང་བ་ཞེས་བྱ་བ་ནི་ཧཱུཾ་ཡོངསུ་གྱུར་པ་ལས་བསྐྱེད་པའོ།། རྟག་ཏུ་ཞེ་སྡང་ཕ་རོལ་སོན།། ཞེས་བྱ་བ་ནི་གཉིས་པོ་ཟད་པའི་མཐེར་ཐུག་པའོ།། ས~ཾམ་ས་ནི་ནང་དུ་ཁྲོས་པ་སྟེ། ཞེས་བྱ་བ་ནི་ཁྲོས་པས་ཁེངས་པའི ་ཡིད་དང་ལྡན་པ་ཞེས་བྱ་བའི་དོན་ཏོ།། ན་མཿས་མན་ཏ་ཞེས་བྱ་བ་ནི་སྒོ་ཀུན་ན་སེ་ཕྱག་འཚལ་བ་སྟེ་དབྱེ་བཱི་མེད་དོ།། ཙནྡྲ་ཞེས་བྱ་བ་ལ་སོགས་པ་ལ།། ཙནྣ་མ་དྷ་ལ་ཞེས་བྱ་བ་ནི་གཤིན་རྗེ་དང་སྲིན་མོ་ལ་སོགས་པའོ།། ་ཨོཾ་ཀྵེ་པ་ཞེས་བྱ་བ་ནི་ཁྱད་དུ་གསོད་པའོ།། དེ་བྱེད་པས་ནི་ཙནྡྲ་མནྟ་ལ་ཀྵེ་པ་བྱེད་པའོ།། ཧཱུཾ་ཞེས་བྱ་ད་ནི་གཟུང་བ་ལཿ་སོགས་པས། སྟོང་པའི་སྒྲའི་རྐྱེན་མེད་པའོ་ཡིད་དོ།། ཕཊ་ཅེས་བྱ་བ་ནི་གདུག་པ་རྣམས ་ལྷུང་བར་བྱེད་པའོ།། མི་མོའི་པདྨ་གས་ཆགས་མོད་ཅེས་བྱ་བ་འི་ནི་མི་མོའི་ཉེ་བར་མཚོན་པོ་སྟེ། སྐྱེས་པ་ཡི་ཡང་གཟུང་བར་བྱའོ།། པདྨ་ནི་ཐོད་པའོ།། གས་ཆག་མེད་པ་ནི་ཟག་རྡོལ་མེད་པའོ།། དེ་ལྟར་ཡང ་གསུངས་པ།། ཟླ་བུ་གླང་གདོང་པདྨ་འདྲ།། གཞན་ཡང་གསེར་གྱི་སྒྲོ་དང་ལྡན།། བྲམ་ཟེ་ལ་སོགས་ཟོད་པ་དང་།། སྨད་པའི་རིགས་བྱུང་ཐོད་པ་དང་།། དུམ་དུ་གཅིག་དང་ལྡན ་པ་ཡི།། མི་ཡི་ཐོད་པས་ཤེས་པར་བྱའོ།། རྩཝ་ལྷག་གི་ནི་བུ་ག་དང་།། ལྷག་པ་ཡི་ནི་བུ་གར་ལྡན།། མ་མའི་མཛེས་ཤིང་གས་ཆག་མེད།། ཡེ་ཤེས་ཅན་གྱི་ཤེས་པར་བྱ།། དཔྲལ་བ་འམ་རྣ་བའི་སྟེང་དུ་ནི།། མུ་ཏིག། ་ཕྲེང་བའི་རི་མོ་ཡོད།། དུམ་གཅིག་དུམ་གཉིས་དུམ་གསུམ་བཞི།། བཅུ་གཉིས་པ་དང་བཅུ་དྲུག་པར།། དེ་བཞིན་དུ་ནི་གས་ཆག་མེད།། ཟླ་བ་ལྟ་བུར་ཤེས་པར་བྱ།། ཅུང་ཟད་རིང་ཞིང་ཤིན་ཏུ་མཛེས།། དམར་ཞིང་སེར ་བ་བ་ལང་གདོང་།། པདྨ་འདྲ་བ་པདྨ་སྟེ།། དམར་སེར་དང་ནི་དཀར་པོ་ཡིན།། ཐོད་པ་དེ་དག་བསྔགས་པ་སྟེ།། དེ་ལ་ལྷག་མ་སྤང་བར་བྱ།། གས་དང་ཟགས་པ་ལ་སོགས་པའི།། ཐོད་པ་ཤིན་ཏུ་གཟུང་མིན་ཡིན།། རིག ་མ་བཞི་ཡི་རབ་སྦྱོར་གྱིས།། ཞེས་བྱ་བ་ལ། རབ་ཏུ་སྦྱོར་བ་ནི་དགུག་པ་ལ་སོགས་པའི་ལས་སོ།། རིག་མ་བཞི་ལས་དེ་དག་ལས།། རིམ་པ་བཞིན་དུ་སྤྱན་ལ་སོགས་པའི་ལྷ་མོ་རྣམས་ཀྱི་དགུག་པཱ་ལ་སོགས་པ་བྱའོ།། ་སངས་རྒྱས་ཀུན་གྱིས་དགང་བར་བྱ་ཞེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་ལྷའི་རང་བཞིན་གྱི་ཞལ་གྱིས་བཀང་སྟེ་སངས་རྒྱས་ཀྱི་རྡུལ་ཕྲ་རབ་ཀྱིསོ།། ཡང་ན་རིག་པ་བཞིའི་རབ་སྦྱོར་གྱིས།། ཞེས ་བྱ་བ་ནི། སྙིང་ག་རྡོ་རྗེ་ལྕགས་ཀྱུས་དབུག་པ་དང་། མགྲིན་པ་ཞགས་པས་བཅིངས་ནས་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ། བཀུག་ལ་སྤྱི་བོར་ལྷ་མོ་རྣམས་ཀྱི་བདུད་རྩིའི་བུམ་པས་ཁྲུས་གསོལ་པའོ།། རྐང་རྗེས་ནི་སྙིང་གའི ་ས་བོན་ནོ།། རྡུལ་ནི་དེའི་འོད་ཟེར་རོ།། ཆོ་ག་ནི་དེ་ལས་སྤྲོས་པའི་ལྕགས་ཀྱུ་དང་ཞགས་པ་ཐོགས་པའི་ལྷའོ།། ཡང་ན་རྐང་རྗེས་ཀྱི་རྡུ་ལོ་ནི་རྐང་པ་བོར་པའི་སའོ།། ཆོ་ག་ནི་ཆུ་འགྲམ་གཉིས་ཀྱི་ས་དང་། རྐང་རྗེས་ཀྱི་རྡུལ་བསྲེས ་པའི་ས་ལས་གཟུགས་བརྙན་བྱ་བའོ།། རྐང་པས་མནན་ཏེ་བཟླས་པ་བྱ་ཞེས་བྱ་བ་ལ།། བུ་མོ་དགུག་པ་ལ་ནི་གཡོན་བརྐྱང་བས་མནན་པར་བྱས་ལ། སྐྱེས་པ་ལ་ནི་གཡས་བརྐྱང་བས་མནན་པར་བྱ་སྟེ། སྔགས་ཐོད་པ ་ལ་བྲིས་ལ་ཞེས་བྱ་བ་ནི་ལྷག་མོའོ།། དེ་ཞེས་བྱ་བ་ནི་གཤིན་རྗེའི་མཐར་བྱེད་དོ།། བཟླས་པ་ཞེས་བྱ་བ་ནི་བསྐུལ་ཚིག་དང་བཅས་པའི་སྔགས་འདོན་པའོ།། འདིའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། བུད་མེད་འགུགས་པར ་འདོད་པས་བུ་མཾའི་ཐོད་པ་མཚན་དང་ལྡན་པོ་བླངས་ལ་གུར་གུམ་དང་གཽ་རོ་ཙ་ན་དང་། སྲིན་ལག་གི་ཁྲག་གིས་ཐོད་པའི་རྒྱབ་དུ་ལྟེ་བ་དང་། བཅས་པའི་པདྨ་འདྲབ་མ་བརྒྱད་བྲིས་ལྔ་ལྟེ་བར་བསྒྲུབ་བྱ་སྤྱན་མོ་ལ་སོགས ་པའི་གཟུགས་སུ་བྲིས་ནས་དེའི་སྙིང་གར་ཕྲེང་བའི་སྔགས་ཆེ་གེ་མོ་ཨཱ་ཀར་ཥ་ཡ་ཛཱཿཞེས་བྱ་བ་མཐར་ཐུག་པ་བྲི་བ་འམ། ཡང་ན་པདྨའི་ལྟེ་བར་རྐང་རྗེས་ཀྱི་རྡུལ་ལས་བྱུང་བའི་གཟུགས་བརྙན་གྱི་སྙིང་གར་གྲོག ་ལ་སོགས་པ་ལ་བྲིས་པའི་སྔགས་བཅུག་ནས་རྐང་མཐིལ་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས་མཚན་པས་གཟུགས་བརྙན་གྱི་སྙིང་ག་རྐང་པ་གཡོན་བརྐྱང་བ་ལྕགས་ཀྱུའི་ཚུལ་ཅན ་གྱིས་མནན་ནས་ཕྲེང་སྔགས་བསྐུལ་ཚིག་དང་བཅས་པ་བཟླས་པས་བསྒྲུབ་པར་བྱའོ།། བསྒྲུབ་བྱ་ཡ་ལ་ས་བསྐྱེད་པའི་རླུང་གི་དཀྱིལ་འཁོར་ལ་ཡ~ཾ་ག་ཛེ་འོད་ཀྱིས་བླངས་ནས་བསྐྱོན་ཏེ། དེས་བསྐུལ་བཞིན་པ་རང་གི ་སྙིང་ག་ན་སཱ་ལྕགས་ཀྱུ་དང་ཞགས་བུ་ཐོགས་པའི་ཁྲོ་བོ་སྤྲོས་ནས་དེ་ལ་བཀའ་བསྒོ་སྟེ་ངོ་སོ་ཛཾ་ལྟ་བ་བཞིན་དུ་དྲངས་ཏེ། རླུང་གིས་བཏེག་ནས་འོངས་པ་དང་། ཁྲོ་བོ་ལ་སོགས་པོ་དེ་དག་ལ་ཙནྡེ་དན་གྱི་ཆུའི་ཨརྒྷ་ལ ་སོགས་པ་སྦྱིན་པར་བྱ་སྟེ། དེས་གནོད་སྦྱིན་མོ་དང་མི་ལ་སོགས་པ་འགུགས་པར་འགྱུར་རོ།། སྐྱེས་པ་དགུག་པ་ལ་ནི་སྐྱེས་པའི་ཐོད་པ་དང་། གཡས་བརྐྱང་བས་མནན་པར་བྱའོ།། སྐུ་གསུམ་སྐྱེ་གནས་བསྒོམས་པ ་ཡིས་ཞེས་བྱ་བ་ནི། གདུན་དང་། ས་བོནརྀ་དང་། མཚན་མ་རྣམས་ཀྱིས་ལྷའི་གཟུགས་བསྐྱེད་པོར་བྱའོ།། སི་ཏ་དྷནྟ་རོ་ཞེས་བྱ་བ་ནི་རྡོ་རྗེ་བྱུག་པ་དཀར་པོ་དང་པདྨ་ཐོགས་པའོ།། བི་བཾ་ད་སུ་རཱ་སཽ་ར་མཱ་ར་ད་ཡ་ཏི་ཞེས ་བྱ་བ་ནི་ལྷ་དང་ལྷ་མ་ཡིན་སྣ་ཚོགས་འཇོམས་པའོ།། བུ་ད་ནི་མཐེ་ཞེས་བྱ་བ་ནི་འབྱུང་པོ་དང་ཡི་དགས་དང་ཤ་ཟི་དང་གནོད་སྦྱིན་ལ་སོགས་རྣམས་གཏོགས་པར་བྱེད་པའོ།། ལྷག་མ་གོང་བཞིན་ནོ།། འབྱུང ་པོ་ཡོ་དགས་ཤ་ཟ་དང་།། མཁའ་གྲོ་མ་ཡི་འཁྲུགས་ནས་སུ།། རྒྱས་བཏབ་ཧཱུཾ་གིས་བསྒྱིངས་པར་བྱ། ཞེས་བྱ་བས་འབྱུང་པོ་ལ་སོགས་པ་ཟབ་ཅིང་རྒྱས་བཏབ་པ་ལ་ཧཱུཾ་ཞེས་འདོན་ཅིང་ཁྲོ་བོ་དང་བཅས་པའི་ཁྲོ་གྷཉེར ་བསྐོར་བ་སྨིན་མ་བཅུམ་པ་དང་བཅས་པས་བསྒྱིངས་ཤིང་བལྟའོ།། རྡོ་རྗེས་གཟིར་པོས་བདེ་བར་འགྱུར་ཞེས་བྱ་བ་ལ།། རྡོ་རྗེས་གཟིར་བ་ཞེས་བྱ་བ་ནི་རྣལ་འབྱོར་མོའི་ལག་པ་གཉིས་དང་། རྐང་མཐིལ་གཉིས་ཧཱུཾ ་བྱུང་བའི་རྡོ་བསམྦ་ལ། དྲིལ་ཞིང་མཉེ་བ་དང་། ཧཱུཾ་ལས་བསྐྱེད་བཱི་རྡོ་འབར་བཱ་བསྐྱེད་པའི་ཡུ་ཀར་གྷི་བརྡེག་པའོ།། བདཾ་བཱ་འགྱུར་ཀྵེ་བྱ་བ་སྔ་མ་བཞིན་དུ་འགྱུར་བའོ།། འདིའི་དོན་ཡཱ་གཞན་གྷྲྀ་མི་ཐུབ་པའི་རྣལ་འབྱོར་ལ་གནྡ་ཏེ། བསྲུང་བ་བྱས་ནརྀ་ལག་མཐིལ་གཉི་དང་ནང་མཐིལ་གཉིསུ་ཧཱུཾ་ཝ་བྱུང་བཱི་རྡོ་འབྲ་བབས་མྦ་ལ་ཡཱི་གྷི་བསྒྲུབ་བྱའི་ལུས་ཝ་སྲིན་པོ་ལ་སོ་ཌི་སཱི་ཀྱི་དྲེ་ན་ལ་ཀ་མཱི། ་ཥྚིཀྐི་ཛྲིཾ་ཨཱ་གྲེ་ལ། ཨཱན་མྦུ་ཧཱུ~ཾ་ལུག་རྦྷེ་ཏི་ཥྛ་ཙིག་པྡ་གྀ་རྠ། ཨུ་ཀ་རཱ་ཀྵ་ས་ཨ་ཏི་བྷྱོ་མོ་ཛ་ཡེང་ཞེས་བསྐུལ་ཚིག་དང་བཅས་པར་སྔགས་བཟླས་པ་འམ། ཡང་ན་བསྒྲུབ་བྱའི་ལུས་ཀྱི་སྟེང་དུ་གནས་ཏེ། སྲིན་པོ་ལག་སོགས་པ་དེ་དག ་ཉིད་ཡིན་པར་དམིགས་ནས་བཅིང་བར་བྱས་ན། བསྒྲུབ་བྱ་དབུགས་ཆད་པར་འགྱུར་བར་བསམས་ཏེ། དེ་ནས་བསྒྲུབ་བྱའི་རྩིབ་ལྕོགས་གཉིསུ་རྡོ་རྗེ་དང་བཅས་པའི་ལག་པ་གཉིས་ཀྱིས་གཟིར་ལ་བསྒྲུབ་བྱའི་སྙིང ་ག་དང་། མགྲིན་པར་ཡང་། ཧཱུཾ་གིས་བསྐྱེད་པའི་རྡོ་རྗེ་འབོར་བས་བསྲེག་ཅིང་། ཡུངས་ཀར་གྱི་རྒྱལ་པོ་ཧཱུཾ་གིས་རྡོ་རྗེ་འབོར་བར་བསྐྱེད་ལ། སྔགས་བརྒྱ་བརྒྱད་བཟླས་ཏེ་དེའི་འོག་ཏུ་ཡུངས་ཀར་རེ་རེ་ལི་སྔགས ་ལནྡ་རེ་བཟླས་པས་བསྣུན་པས་ཕྱེ་མར་གྱུར་པར་བལྟའོ།། དེས་ནི་སྲིན་པོ་ལ་སོགས་པ་སྙིང་རྗེ་དང་བཅས་ཤིང་གདུང་བར་འགྱུར་ཏེ། ཇི་སྲིད་དུ་ཤིང་གི་ཡལ་ག་ཆག་པར་གྱུར ་པའི་མནའ་བོར་ན་བཏང་བར་བྱ་བ་ཡིན་ནོ།། ཡང་ན་རྡོ་རྗེས་གཟིར་བ་ཞེས་བྱ་བ་ནི། སྲིན་པོ་ལ་སོགས་པ་གཟུང་བར་བྱ་བ་སྟེ། གདུལ་བྱ་རྣམས་འདུན་པར་བྱ་བའི་ཕྱིར་སྲིན་པོ་ལ་སོགས་པ་གཟུང་བས་ཆེར ་བཅད་པའོ།། བདེ་བར་འགྱུར་ཞེས་བྱ་བ་ནི། ཚར་བཅད་ནས་བྱང་ཆུབ་ཀྱི་ལམ་དུ་བཅུག་པ་སྟེ། ལྟུང་བའི་གནས་ནས་བླང་བར་བྱའོ།། རྡོ་རྗེ་རིམ་པ་ཡང་འདི་ཡིན་ཏོ། བདག་ཉིད་གཞན་གྱིས་མ་ཐུབ་པའི་རྣལ ་འབྱོར་དུ་གནས་ལ། ཟླ་བ་མར་ངོའི་ཚུས་དང་སྐུར་མཱ་དྲག་པོ་ལ་མདུང་གིས་གསོད་པ་དང་། བསྒེགས་ནས་གསང་པ་འམ། མཚོན་གྱིས་གསང་པ་གཞན་ཡང་རུང་སྟེ། དེའི་ཐོད་པ་བླངས་ཏེ། དུར་ཁྲོད་ཀྱི་སོ ་བཱས་ཧཱུཾ་ལས་བསྐྱེད་པའི་མཆེ་བ་གཙིགས་ཤིང་འཇིགསུ་རུང་བ་སྐྲ་གྱེན་དུ་བརྗེས་ཤིང་ཐོད་པས་བཅིངས་ལ་ལག་པ་གཡས་པ་རོ་ལངས་ཀྱི་ཟངས་གྲི་འཕྱང་ཞིང་གཡོན་པར་སྡིག་མཛུབ་བྱེད་པའི་དོན ་བྲིས་ལ་དེའི་སྙིང་གདུག་དང་རུས་ཕྱེ་དང་། མཛུབ་མོའི་ཁྲག་ཏུ་བཅས་པས། ཆེ་གེ་མོ་གྲྀཧྞ་ཞེས་བྱ་བཱི་སྐུལ་བའི་ཚིག་དང་བཅས་པའི་སྔགས་བྲིས་ལ། ཡང་ཐོད་པ་གཉིས་པ་བསྒྲུབ་བྱའོ་རྐང་རྗེས་ཀྱི ་རྡུལ་དང་། དུར་ཁྲོད་ཀྱི་ཐལ་བ་དང་སོལ་བར་བཅས་པའི་རྡོ་རྗེས་སྦྲུལ་ལ། གཟུགས་བརྙན་ཏྭེ་ཏ་ལའི་འདབ་མ་ལ་དུག་དང་མཛུབ་ཚྭ་ཁྲག་ཏུ་བཅཝ་ཏྲ་བསྐུལ་ཚིག་དང་བཅས་པའི་སྔགས་བྲིས་ལ་སྙིང་གར་བཅུག་ནས་དུག་དང་ལན ་ཆ་དང་སྐེ་ཚེས་བྱུག་གོ།། དེ་ནས་སྙིང་ཡང་དགུག་པ་ལ་སོགས་པ་བྱས་ནས་གདོན་གྱི་ཐོད་པ་སྟེང་དུ་གདོན་ཞིང་ཁ་སྦྱར་ལ་དུར་ཁྲོད་ལ་སོགས་པའི་གན་སུ་དེས་དེ་གཟུང་བསམས་ཏེ། མཚན་ཕྱེད་ན་སྡོག་པས ་མནན་ལ་བསྒྱིངས་པ་དང་བཅས་པས་སྔགས་བཟླས་ན་གདོན་མི་ཟ་བར་གདོན་གྱིས་ཟིན་པར་འགྱུར་རོ།། རིམས་ལ་སོགས་པས་འཛིན་པའི་ཆོ་ག་ཡང་དེ་ཉིད་དོ།། ཧུ་ལུ་ཧུ་ལུ་ཞེས་བྱ་བ་ནི་མཛེ་དོ་ཅིག་མཇེད ་ཅིག་པའོ།། མ་ཧཱ་པདྨ་ཞེས་བྱ་བ་ནི་དྲན་པ་རྣམ་པར་དག་པ་ཡིན་པའི་ཕྱིར་ན་པདྨ་འདྲ་བར་ཉེས་པས་མ་དགོས་པའོ།། ཨ་མྲྀ་ཏཾ་ཀུ་རུ་ད་ཞེས་བྱ་བ་ནི་གཅིག་དང་བྲལ་བའི་ཕྱིར་རང་བཞིན་མྱ་ངན་ལས ་འདས་པ་ཉམས་བླངས་པའོ།། པྲི་ཤ་ན་ཨ་ཞེས་བྱ་བ་ནི་རྣམ་པར་རྟོག་པོའོ།། ཨཱ་ལཱ་ལ་ཞེས་བྱ་བ་ནི་རང་བཞིན་གྱིས་སྐྱེ་བ་མེད་པཱ་སྟེ་དེས་ན་དངོས་པོ་རྣམ་པར་རྟོག་པ་ཉིད་ཀྱིས་བཅོམ་པ་ཉིད་དུ་སྟོན་ཏོ།། ་དུག་ཆེན་པོའི་ནོ་འགུགས་པར་བྱེད་ཅེས་པ་ནི། སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་ཁམས་གསུམ་ནི་གནས་པའི་དུག་རྣམས་འགུགས་པའི་ཕྱིར་རོ།། དེ་བཞིན་བརྒྱལ་ལས་སློང་བར ་བྱེད་ཅེས་བྱ་བ་ནི་བྱ་ཁྱུང་གི་བསྟན་བཅོས་ལས་འབྱུང་བ་བཞིན་སྲོག་དང་དྲན་པ་ཉམས་པ་རྣམས་སད་པར་བྱེད་པ་སྟེ། དེ་ཡང་རྟ་མགྲིན་གྱི་རྣལ་འབྱོར་བྱ་ཁྱུང་གི་རྒྱབ་ཏུ་ཉི་མ་ལ་གནས་པ ་བསྒོམས་ལ་བསྒྲུབ་བྱའི་སྙིང་གར་ཧཱུཾ་ལས་བྱུང་བའི་ཉི་མ་ལ་ཡི་གེ་ཧཱུཾ་བཀོད་དེ། དུག་ལྡང་བར་བྱ་བའི་ཕྱིར་ཧཱུཾ་གི་འོད་ཟེར་གྱིས་ཡན་ལག་ཀུན་ལ་གནས་པའི་དུག་འབར་བར་བྱའོ།། དེ་ནས་ལག་པ་གཡོན་པའི་མཐིལ་བཾ་ལས ་བྱུང་བའི་པདྨ་དཀར་བློ་འདབ་མ་བརྒྱད་པ་བསམས་ལྔ། དེར་ཧཱུཾ་དཀར་པོ་འོད་དང་བཅས་ཤིང་བདུད་རྩི་འཛག་པར་དགོད་པ་འམ། ཡང་ན་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧ་འམོ། ཨོཾ་ཧྲཱི་ཧ་ཧཱུཾ་ཛ་ཕུ་ཞེས་བྱ་བ་དྲུག་བཀོད་ཀྱང་རུང ་སྟེ། ལག་པ་དེས་མགོ་བོ་ནས་བརྩམས་ནས་རྐང་པའི་བར་དུ་བྱས་ལ། ཡི་གེའི་འོད་ཀྱི་བདུད་རྩིའི་རྒྱན་གྱིས་ཡན་ལག་ཀུན་གྱི་དུག་དྲངས་ནས་རྐང་པའི་རྩེ་མོ་ནས་མདོག་ནག་པོ་དྲངས་པར་བསྒོམས་ལ། སྔགས་ཀྱི་ཕྲེང་བ ་བཟླ་ཞིང་སྔགས་ཀྱི་འོད་ཟེར་དཀར་པོས་ལུས་ཐམས་ཅད་དག་པོར་བྱའོ།། ཡང་ན་བསྒྲུབ་བྱའི་མགོར་ཧྲཱིཿདཀར་པོ་དཀོད་ལ། དེའི་བདུད་རྩིའི་རྒྱུན་གྱིས་སྔ་མ་བཞིན་དུག་རྣམས་རྐང་པའི་རྩེ་མོ་ནས་མར་གཟིགས་ལ་བསྒྲུབ་བྱའི ་ལུས་ཁ་དོག་དཀར་པོར་བསམས་ལ་ཡང་དང་ཡང་དུ་བྱས་ལ་ཕྲེང་བའི་སྔགས་བཟླའོ།། གཉི་ག་ལྟར་ན་ཡང་ངེས་པར་དུག་མེད་པར་འགྱུར་རོ།། ཡང་སྤང་ལེབ་དཀར་དཀར་པོ་དང་བསྒྲུབ་བྱའི་མིང་གི་ཡི་གེ་རེ་རེ་ཧཾ་དང་སྤེལ ་ལ་དཀར་པོར་བྲིས་ནས་སྦྱོར་བ་དེ་ཉིད་ཀྱིས་ཕྲེང་བའི་སྔགས་བཟླས་པ་འམ། བསྒྲུབ་བྱའི་གཟུགས་བྲིས་ལ།། ཡང་སྤྱི་བོར་ཧྲཱིཿདཀར་པོ་དཀོད་དེ། དེའི་བདུད་རྩིའི་རྒྱུན་གྱིས་དུག་གི་མདོག་ནག་པོ་བཀྲུས་བཱ་བས་མཱ་མྦ་ཡཱ་དུག་མྨེ་པར་འགྱུརརོ།། སྨན་དུག ་གིས་ཟིན་པའི་ཧཱུཾས་མིང་དང་། བསྒྲུབ་བྱའི་མིང་དུ་ཡི་གེ་རེ་རེ་ཞིང་སྤེལ་བ་དེ་སྤོང་ལེ་བ་ལ་བྲིས་ལ། ཡི་ག་ཐ་དང་ཨཾ་གྱིས་བསྐོར་ཏེ་ཧ་དང་མིའི་ས་བོན་གྱིས་ཆོ་ག་བཞིན་དུ་སྦྱར་ན་དུ་བའི་མདོག་ལྟ་བུས་འདྲེན་པོར་བྱེད་དོ།། དཀར ་པོས་ནི་ཉེ་བར་ཞི་བར་འགྱུར་རོ།། སེར་པོས་ནི་འཆིང་བར་བྱེད།། བཛྲ་ས་དོ་ཧ་དར་པ་ཡ་ཞེས་བྱ་བས་ནི། བཛྲ་ནི་ཁྲོས་པའོ།། ངར་པ་ཡ་ནི་དྲེགས་པའོ།། ཨ་མྲྀ་ཏ་ཀུཎྜ་ལྀ་ཞེས་བྱ་བ་ནི་བདེ་བའོ།། རླུང་སྤུར་ཞེས་བྱ་བ་ནི་རླུང་གིས ་སྤུར་ཞིང་ཁྱེར་བའོ།། བསྒྲུབ་བྱའི་མིང་གཟུང་ན་སུ་ཞེས་བྱ་བ་ནི་མིང་དང་སྦྲེལ་བའི་སྔགས་བྱི་བའོ།། ཚེགས་བདག་རྐང་པའི་འོག་ཏུ་དགོད་ཅེས་བྱ་བ་ལ་ཚོགས་ནི་ཨོཾ་མྲྀ་ཏ་ཀུཎྜ་ལི་ར་ཞེས་བྱ་བའི་ཚིག་གི། རྐང་པའི་འོག་ཏུ ་དགོད་ཅེས་བྱ་བ་ནི་རྐང་པའི་མཐིལ་དུ་བྲི་བ་འམ་ཚིག་གི་མཐར་བཟླ་བའོ།། ཧཱུཾ་དང་ཕཊ་ཀྱིས་བསྒྱིངས་པར་ཞེས་བྱ་བ་ནི་གསང་མཐོན་པོར་བཟླ་བའོ།། ཧཱུཾ་གིས་བདུད་རྩིའི་ཏིང་འཛིན་བྱ་ཞེས་བྱ་བ་ནི་ཧཱུཾ་བསྐྱེད་པའི་བདུད་རྩི ་འཁྱིལ་པར་བསྒོམ་པའོ།། ཁྲོ་བོའི་སྔགས་ཀྱི་རབ་སྦྱོར་གྱི་ཞེས་བྱ་བ་ནི། རབ་ཏུ་སྦྱོར་བ་ནི་འདི་ཡིན་ཏེ། ཕ་མོས་ཀྱི་ནགསུ་ཤིང་བསྙོན་བྱེད་བསྲེགས་པའི་སོལ་བ་དང་། བ་བླ་དང་ནིམ་པོའི་ལོ་མོའི་ཁུ་བ་དང་རྐང་པ ་གཡོན་པའི་སྲིན་ལག་གི་ཁྲག་ཏུ་བསྲེས་ཏེ་རླུང་གིས་སྦུར་བའི་གོས་ལ་སོགས་པ་ལ་བྱ་རོག་ཆེན་པོའི་སྒྲོ་རྩའི་སྨྱུག་གུས་རླུང་གི་དཀྱིལ་འཁོར་ལ་གནས་པའི་རལ་གྲིའི་འཁོར་ལོ ་ལྟེ་བ་ཡངས་པར་བྲིས་ལ། ལྟེ་བར་བསྒྲུབ་བྱའི་གཟུགས་བྲིས་ཏེ། དེའི་སྙིང་གོར་མིང་དང་སྤེལ་བའི་སྔགས་ཀྱི་ཕྲེང་བ་བྲིས་ནས། རྫ་མཁན་གྱི་འཁོར་ལོ་ལས་བྱུང་བའི་འཇིམ་པ་དང་རྐང་རྗེས་ཀྱི་རྡུལ་དང་། ་ལམ་གྱི་བཞི་མདོའི་ས་རྣམས་ལས་གཟུགས་བརྙན་བྱས་ལ། རས་མ་རྙིང་གར་བཅུག་སྟེ། ཐོད་པ་ཁ་སྦྱར་གྱིས་ནང་དུ་གཞག་ནས། དགུག་པ་སྔོན་དུ་འགྲོ་བ་ན། ནཱ་མཿས་མན་ཏ་བུདྡྷེ་བྷྱོ་ན་བཛྲ་ཀྲོ་དྷ་ཡ་མ་ཧཱ ་དཾཥྚོད་ཀ་ཊ་བྷཻ་ར་བཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཨ་མྲྀ་ཀཾ་ཨུཙྪ་ཊཱ་ཡ་ཧཱུཾ་ཕཊ། ཞེས་བྱ་བའི་ཕྲེང་བའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ། མ་མོའི་ཁྱིམ་མ་མ་ལམ་གྱི་བཞི་མདོ་འམ་དུ་ཁྲོད་དུ་སྠོའོ།། བསྒྲུད་བྱ་ཡང ་རླུང་གིས་བཏེག་པའི་རྔ་མོ་ལ་བསྐྱེན་ཏོ། ལོག་ན་དབྱུག་པ་ཐེགས་པའི་ཁྲོ་བོ་དྲག་པོས་པོ་རྡེག་ཅིང་ལྷོ་ཕྱོགསུ་ཁྲིད་པར་བསམས་ན་གདོན་མི་ཟ་བཱ་འཁྲོད་པར་འགྱུར་རོ།། ལྷག་མ་ནི་གོ་སླའོ།། ཡ་མི་ནི་གཤིན་རྗེ་ལ་སོགས ་པའོ།། དྲརྦྷ་ནི་དྭེ་རྣམས་གསོད་ཅིང་ཆད་པ་གཅོད་པའོ།། ནཱི་ལ་ཡ་ཞེས་བྱ་བ་ནི་ལུས་ཀྱི་ཁ་དོག་གོ། ནཱི་ལ་ཡ་ཞེས་བྱ་བ་ནི་དབྱུག་པའི་ཁ་དོག་སྟེ། མིང་ནས་བོད་པའོ།། ཏུ་རུ་ཏུ་རུ་ཞེས་བྱ་བ་ནི་རིངས་པར་རོ།། མུ་རུ ་མུ་རུ་ཞེས་བྱ་བ་ནི་མཛོད་གཅིག་མཛོད་གཅིག་པའོ།། སརྦ་དུཉྫན་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་སྡང་བ་རྣམསོ།། སྦྱོར་བའི་ཆོ་གས་བསྒྲུབ་པར་བྱ་བ་ལ། སྦྱོར་བའི་ཆོ་ག་ནི་འདི་ཡིན་ཏེ། འཕགས་པ་དབྱུག་སྔོན་གྱི ་རྣལ་འབྱོར་དང་ལྡན་པས་དུར་ཁྲོད་ཀྱི་སེལ་བ་དང་། གྲོག་མཁར་གྱི་སོ་དང་། ཕུབ་མ་དང་། ཤ་ཚན་དང་། རྐང་རྗེས་ཀྱི་རྡུལ་རྣམས་ལས་གཟུགས་བརྙན་བྱས་ལ་དུག་དང་ཁྲག་དང་རམས་དང་བཅས་པའི་ཚ་བ་གསུམ ་དང་། ནཻམྦའི་ལོ་མའི་ཁུ་བས། དུར་ཁྱོད་ཀྱི་རུས་ལ་མི་རུས་ཀྱི་སྨྱུ་གུ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་དེའི་དུབུ་སུ་བསྒྲུབ་བྱའི་མིང་དང་སྤེལ་བའི་ཕྲེང་སྔགས་བྲིས་ནས་གཟུགས་བརྙན་གྱི་སྣང ་གར་བཅུག་སྟེ། དགུག་པ་སྔོན་དུ་འགྲོ་བས་ཐོད་པ་གཉིས་ཀྱི་ན་སོང་དུ་བཅུག་ལ། དེ་གསོང་བྱེད་ཀྱི་ཁྲོ་བོ་གཏུམ་པོར་བདག་ཉིད་བསྒོམས་ནས་མཚན་ཕྱེད་ངལ་ཉི་མའི་གུང་ལ་རྐང་པའི་རུས་པ་དང་ནི་ནིམྦུའི་ལོ་མའི་བར ་བསྡད་ཅིང་། སྡིག་པ་གཡོན་པས་མནན་ལ། ཆེ་གེ་མོ་མཱ་ར་ཡ་ཕཊ་ཙས་བྱ་བ་དང་སྤེལ་བའི་ཕྲེང་སྔགས་ཁྲོ་བོའི་ཚིག་གིས་བཟླས་ན་ཉི་མ་བདུན་གྱིས་འཆི་བར་འགྱུ་རོ།། དེས་ཀྱང་མ་གྲུབ་ན་དུར་ཁྲོད་དུ་སོང་སྟེ། ་ནིམྦའི་ཤིང་ལ་མེ་སྦར་ཡ། དེའི་དབུསུ་ཁྲོ་བོའི་རྒྱལ་པོ་སྤྱན་དྲངས་ཏེ། ཞལ་ཤིན་ཏུ་གདངས་པར་བསམས་ཏེ། མཚོན་རྣོན་པོས་གཟུགས་བརྙན་གྱི་རྐང་པ་གཡོན་པའི་མཐེའུ་ཆུང་ནས་སྦམས་ཏེ། གཏུབས་ནས ་བསྐུལ་བའི་ཚིག་དང་བཅས་པའི་ཕྲེང་སྔགས་ཟློས་ཤིང་ཤིན་ཏུ་ཁྲོས་པས་སྦྱིན་སྲེག་ཏུ་ཕུལ་ན། གདོན་མི་ཟ་བར་དེའི་མཚན་མོ་འཆི་བར་འགྱུར་རོ།། ཨུ་ཙུ་ཤྨ་ཀྲོ་དྷ་རཱ་ཛ་ཞེས་བྱ་བ་ནི ་མིང་སྟེ་ཤིན་ཏུ་གསལ་བའི་ལུས་དང་ལྡན་པའི་ཕྱིར་རོ།། ན་མཿསརྦ་ནཱ་ག་ནཱཾ་ཞེས་བྱ་བ་ནི་མཐའ་ཡས་ལ་སོགས་པའི་ཀླུ་བརྒྱད་དོ།། ཧྲི་ད་ཡ་པི་ལ་ཏ་ཞེས་བྱ་བ་ནི་ཆར་དབབ་པའི་ཕྱིར་སྙིང་གཟེར་བའོ།། དེ་ལ་དབྱེར་ཟླ ་ཐ་ཆུང་ལ་ནི་ཀཪྻོ་ཊས་སོ།། སྟོན་ཟླ་ར་བ་ལ་ནི་ཤཽ་ཀ་པཱ་ལས་སོ།། སྟོན་ཟླ་འབྲིང་པོ་ལ་ནི་ཏ་ཀྵ་ཀ་སོ།། སྟོན་ཟླ་ཐ་ཆུང་ལ་ནེ་བི་སུ་ཏས་སོ།། དེ་བཞིན་དུ་དཔྱིང་ཟླ་འབྲིང་པོ་ལ་སོགས་པ་རྣམས་ལ་ཡང་རིམ་བཞིན་དུ་ཆར ་འབེབས་པར་ཤེས་པར་བྱའོ།། སྔར་བསྟན་མོད་ཀྱི་འདིར་བཤད་པར་བྱ་སྟེ། སྔར་བསྟན་པ་བཞིན་སྟོབས་པ་ཆེའི་རྡོ་རྗེའི་ཏིང་ངེ་འཛིན་ཞལ་བཞི་ཕྱག་བརྒྱད་པ་འམ། ཞལ་གཅིག་ཕྱ་གཉིས་པ་སྟེ། དེ་ལ་གནས་ནི་ས ་ཁམ་པོར་སོ་མ་བཏང་བ་ལ་རམས་ཀྱི་ཁུ་བས་རལ་གྲི་ལྕེ་བརྒྱད་པའི་འཁོར་ལོའི་དབུསུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཤུ་ལོ་ནིའི་སྔགས་དང་སྤེལ་བའི་སྔགས་ཀླུ་རྣམས་ཀྱི་སྙིང་པོ་བྲིས་ནས། ཁཾ་ཕོར་ཁ་སྦྱར་ཏེ། ་སྐུད་པ་སྔོན་པོས་དཀྲིས་ལ་ཤུ་ལོ་ནི་དང་། ཀླུ་རྣམས་བཀུག་སྟེ། མཆོད་ནས་བཀའ་བསྒོ་བ་སྟེ། ཀླུ་རྣམས་བསྐུལ་བའི་ཁཾ་ཕོར་ཁ་སྦྱར་ཏེ། ཀླུ་གནས་པའི་རྫིང་བུ་ལ་སོགས་པར་གཞུག་གོ། ཡང་ན་ཏླྀ་ལའི་འདབ ་མ་ལ་སྣ་ཚོགས་རྡོ་རྗེ་རྩེ་ལྔ་པའི་སྔགས་ཀྱི་ཚིགས་དང་བཅས་པ་སྣག་ཚས་བྲིས་ལ། དེ་ཉིད་མེ་ལྕེ་འབར་བ་དང་འདྲ་བར་བསམ་ནས། དེ་ལས་གྱུར་པའི་ལྷ་མོ་རལ་གཅིག་མ་ཞལ་གཅིག་ཕྱག་གཉིས་པ་གཟངས་གྲི་དང་ཐོད ་པ་བསྣམས་ཤིང་མདོག་སྔོ་བ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་ཐོབ་པ་གསུམ་གྱིས་བཅིངས་པ་བསྒོམས་ལ། མཆོད་དེ་བཀའ་བསྒོ་བས་ཏཱ་ལའི་འདབ་མ་ཀླུའི་མཆོར་པོརརྭ། དེ་ནས་དབེན་པའི་ས་གཞན་དུ་མེའི་དཀྱིལ ་འཁོར་ལ་རླུང་གི་དཀྱིལ་འཁོར་དབུ་སུ་ཆུའི་དཀྱིལ་འཁོར་ལ་པདྨ་འདབ་བརྒྱད་བྲིས་ལ། དེའི་ལྟེ་བར་ཆུའི་ལྷ་སྐྲ་སྟོང་སྐྱེས་བུའི་གཟུགས་ཅན་གདེངས་ཀ་བདུན་དང་ལྡན་ཞང་མདོག་དཀར་བ་ཕྱག་གཉིས་ནི་སྦྲུལ་ཞགས ་ཐོགས་པ་བྲིའོ།། ཤར་ལ་སོགས་པའི་ཕྱོགས་རྣམསུ་ནི་ཨཱ་ནནྣ་སྡེ་བསངས་དང་། བ་སུ་ཀ་དཀར་པོ་དང་། ཏཱཀྵ་ཀཻ་དམ་རོ་པོ་དང་། ཀ་ཊ་སྔོན་པོའོ།། མེ་དང་བདེན་བྲལ་གྱི་མཚམསུ་པདྨ་དང་པདྨ་ཆེན་པོ་སྐྱ་བོ་འོ།། རླུང ་མཚམ་སུ་ནི་ཤཾ་ཀ་པ་ལ་སེར་པོའོ།། དབང་ལྡན་དུ་ནི་ཀུ་ལི་ཤྲཱི་སྣ་ཚོགས་ཀྱི་མདོག་གོ།། དེ་ནས་ཀླུ་ཐམས་ཅད་ཡི་གེ་རྣམས་ལས་བསྐྱེད་པ་ལ་སོགས་པ་བྱས་ལ། པུ་རམ་དང་འོ་མ་ལ་སོགས་པའི་ཀླུ་རྣམས་དགའ་བའི ་ལྷ་བཤོས་ཡི་གེ་པུ་བཟླས་ལ་དབུལ་ཞིང་། མེ་ཏོག་སྔོན་པོ་དང་དྲི་དང་བ་དན་སྔོན་པོ་དབུལ་ཞིང་། སྤོས་དང་། རྒྱ་སྤོས་དང་། ཀུནྡུ་རུ་དང་། སེན་མོ་དང་། ཡུངས་དཀར་དང་། ན་ག་གེ་སར་རྣམས་ཀྱི་ཕྱེ་དང་། ནཱ་ག་གེ་སར ་རྣམས་ཀྱི་ཕྱེ་མ་ཤ་ཀ་ར་དང་བཅས་པའི་བདུག་པ་དང་། མར་ལས་བྱུང་བའི་མར་མེ་རྣམས་མངོན་པར་བསྔགས་ལ་དབུལོ།། དེ་བཞིན་དུ་བུམ་པ་སྔོན་པོ་ཆུ་སྔོན་པོས་བཀང་བ་ཡང་དབུལ་ཏེ། ཡི་གེ ་ཕུ་དང་ནང་དུ་སྤེལ་བའི་སྔགས་ཀྱིས་དགུག་ཅིང་བཅུག་ལ། ཨརྒྷ་སྦྱིན་པ་སྔོན་དུ་འགྲོ་བས་དེ་ལྟར་མཆོད་ནས། བཅོམ་ལྡན་འདས་ཀྱི་བཀས་ཀླུ་ཁྱེད་རྣམས་བདག་ལ་དགའ་བཞིན་དུ་ཆར་ཕོ་བ་ཅིག་ཅེས་བརྗོད་ལ་ཀླུ་རྣམས་ནམ ་མཁའ་ལ་ཆར་འབེབས་པར་བསམས་ནས། ཨོཾ་ཤུ་ལ་པཱ་ནི་བཻཪྻཱ་ཡ་ཤྲཱི་གྷྲཾ་ཨོཾ་ཛྱོ་ཏི་ནི་ར་ན་ད་བཪྴ་པ་ཡ་ཤཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པའི་སྔགས་བཟླས་ན་འབབ་པར་འགྱུར་རོ།། དེ་ནས་ཀྱང་མི་འབབ་ན་ཧོ་ཁུང་ཟླུམ་པོ ་བྱས་ལ། དེ་ཉིད་དུ་ཀླུའི་དཀྱིལ་འཁོར་བྲིས་ཏེ། སྤྱན་དྲང་བ་ལ་ཡི་གེ་ནི་ལྷོ་ལ་བསམས་ལ། ཨརྒྷ་ལ་སོགས་མཆོད་པ་སྔོན་དུ་འགྲོ་བས་བུ་ཌམ་དང་བཅས་པའི་མར་གྱི་དགང་བླུགས་གསུམ་ཕུལ་ལ་བུ་རམ་དང་བཅས་པའི་འོ་མ ་ལ་སོགས་པའི་སྦྱིན་སྲེག་བླུགས་ཤིང་། ཨོཾ་ཨ་ནན་ཞེས་བྱ་བས་བྱིན་གྱིས་བརླབས་པ་ཕུལ་ན། ཚིམ་ནས་ཆར་འབེབས་པར་འགྱུར་རོ།། དེ་ནས་ཡང་འབབ་པར་མ་གྱུར་ན། ཆང་པས་བཅད་པར་བྱ་སྟེ། རླུང་དང་མེ་ལ་སོགས ་པའི་རིམ་གྱིས་དཀྱིལ་འཁོར་བྲིས་ལ། དེའི་དབུས་སུ་སྟོབས་པོ་ཆེའི་ཏིང་ངེ་འཛིན་བྱ་ཁྱུང་གིས་ཀླུ་རྣམས་ཀྱི་མཇུག་མ་བརྫིས་པའི་སྟེང་དུ་མེ་དཔུང་འབར་བ་འདྲ་བའི་ཕྱག་བརྒྱད་ཀྱིས་ཀླུ་རྣམས་གཟིར་པོར་བསྒོམས་ལ། ཨོཾ་ཞེས་བྱ ་པ་དང་། སྤེལ་བའི་ནང་དང་བཅས་པའི་སྔགས་འདི་ཉིད། བཪྻ་ཡཱ་ཤཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པས་བསྒྱིངས་ཏེ་ཟློས་ཤིང་བསྡིགས་ན་ཀླུ་རྣམས་ཁྲོ་བོས་སྐྲག་ན་ཀླུ་རྣམས་ཁྲོ་བོས་སྐྲག་ནས་མྱོས་བཞིན་དུ་ནམ ་མཁའ་ལ་ཆར་འབེབས་པར་བསམས་ན། འབབ་པར་གྱུར་རོ།། ཅི་སྟེ་ངོས་འབབ་པར་མ་གྱུར་ན་དེའི་ཆ་ཆུང་ངུ་དང་འབྲིང་པོ་དང་། ཆེན་པོའི་བྱེ་བྲག་གིས་ཀླུ་རྣམས་ལ་མངོན་སྤྱོད་བྱ་སྟེ། དེའི་རིམ་པ་ཡང་འདི་ཡིན་ནོ།། མཚོན ་གྱིས་བསད་པའི་སས་སམ་དུར་ཁྲོད་ཀྱིས་རས་ལ་དུག་དང་སྐེ་ཚེ་དང་། ལན་ཚ་དང་། མར་ནག་དང་། ཆེ་བ་རྣམས་ཀྱིསཱ་རལ་གཱིའི་འཀྐོ་ལོའི་ལཱྀ་བ་ལཤྭ་འདབ་བརྒྱད་བྲིས་ཏེ། འདབ་མོ་རྣམས་ལ་ཀླུ་རྣམས་ཀྱི་སྙིང་པོ་དང་། ལྟེ་བར ་པཾ་ལས་ཞེས་བྱ་བ་ཧཱུཾ་དང་སྤེལ་བ་བྲིས་ལ། ཆུ་འགྲམ་གཞོ་ཀྱིས་དུར་ཁྲོད་ཀྱི་སད་ཐལ་བ་དང་གྲོག་མཁར་གྱི་ས་དང་། ཤིང་གཅིག་པའི་དྲུང་གི་ས་རྣམས་བཤད་གཅི་དང་བཅས་པ་རྣམས་ལས་ཀླུའི་གཟུགས་བརྙན་བྱས་ལ་སྙིང ་གར་རས་མ་བཅུག་སྟེ། དགུག་པ་སྔོན་དུ་འགྲོ་བས་ཚ་བ་གསུམ་དང་། སྐད་ཆེ་བྱུགས་ལ། ཧོ་ཁུང་གྲུ་གསུམ་དུར་ཁྲོད་ཀྱི་ཤིང་བུ་ལས་མྱེ་སྦར་ཏེ། གཟུགས་བརྙན་མེ་ལ་གདུང་ཞིང་སྔགས་བརྒྱ་རྩ་བརྒྱད་བཟླས་ནཱཾ ་འབབ་པར་འགྱུར་ཏེ། ཆུང་ངུའོ།། འབྲིང་པོ་ནི་དེས་ཀྱང་མ་ཕེབས་ན། ས་གཞི་འདི་ཉིད་དུ་ཀླུའི་དཀྱིལ་འཁོར་བྲིས་ལ། གོས་སྔོན་པོ་དང་ཅོད་པན་སྔོན་པོ་བཅིངས་པ་འམ་གཅེར་བུ་ཡང་རུང་སྟེ། ཉི་མ་ལ་གནས་པའི ་རྡོ་རྗེ་འབར་བས་མཚན་པའི་རྐང་པ་གཡོན་པས་གཟུགས་བརྙན་གན་རྐྱལ་དུ་བཞག་སྟེ་མནན་ལ་བསྒྱིངས་པ་དང་བཅས་པའི་ཕཊ་ཅེས་བྱ་བས་སྤྱི་བོར་བྲལ་ལ་ན་མཁའ་ལ་ཁྲག་གི་ཆར ་འབབ་པར་བསམས་ནས་སྔ་མ་ལྟར་ནཾ་བརྒྱད་དང་སྤེལ་ཞིང་། བཪྴ་པ་ཡ་ཤཱིགྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པའི་སྔགས་བསྒྱིངས་ཤིང་ཁྲོ་བོའི་ཚིག་བཟླས་ན་འབབ་པོར་འགྱུར་རོ།། ཆེན་པོ་ནི་དེས་ཀྱང་འབབ ་པར་མ་གྱུར་ན། དུག་དང་ལན་ཚ་དང་། སྐེ་ཆེ་དང་། ད་དུ་ར་རྣམས་ལས་ཀླུའི་གཟུགས་བརྙན་བྱས་ལ། སེང་ལྡེང་གི་ཕུར་བུ་སོར་དགུ་པ་སྙིང་གར་བཏབ་སྟེ། ཧོ་ཁུང་གྲུ་གསུམ་པར་ཤན་པའི་མེ་འམ། དུར་ཁྲོད ་ཀྱི་མེ་པུཿཞེས་བྱ་བ་སྦར་ལ། མེའི་ནང་དུ་སྟོབས་པོ་ཆེ་སྤྱན་དྲངས་ཏེ་བསྒོམས་ནས། ལུས་བཤ་མོ་གཅིས་བྱུག་ཅིང་ཁ་ལྷོར་བལྟས་ལ་སྟོབས་པོ་ཆེ་ཁྲོ་བོའི་ཞལ་གདངས་ཤིང་ལྕེ་ལ་ཧཱུཾ་གིས་བྱིན་གྱིས་བརླབས་ལ ་གཟུགས་བརྙན་གྱི་མཇུག་མ་ནས་བརྩམས་ཏེ་མཚོན་རྣོན་པོས་གཏུངས་ནས་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་ཞིང་སྔགས་ལུགས་ལས་བཟློག་སྟེ་བཟླས་ན་འབབ་པོ།། ཅི་སྟེ་ལན་གསུམ་གྱིས་འབབ་པར་མ་གྱུར་ན ་དེའི་ཚེ་སྟོབས་པོ་ཆེ་ཉིད་ཀྱིས་ཉེས་པ་དུག་དང་། སྐེ་ཚེ་དང་ད་དུ་རར་བཅས་པ་ལས་སྟོབས་པོ་ཆེའི་གཟུགས་བརྙན་བྱས་ལ་བཀུག་ནས་བདག་ཉིད་གནོད་མཛེསུ་བསྒོམས་ཏེ། ཉི་མ་ལ་གནས་པའི་རྡོ་རྗེས་མཚན་པའི ་རྐང་པས་གཟུགས་བརྙན་གན་རྒྱལ་དུ་མནན་ཏེ། བ་རུ་པ་ཡ་ཤཱི་གྷྲཾ་ཞེས་བྱ་བའི་བསྐུལ་ཚིག་དང་བཅས་པའི་ཧཱུཾ་བཞི་སྔགས་ལན་བཞི་ཁྲིར་བཟླས་ནས། སྟོབས་པོ་ཆེས་ཆར་འབེབ་སུ་འཛུད་དོ།། དེས་ཀྱང་མ་ཕེབས་ན་དེའི་ཚེ ་མངོན་སྤྱོད་ཀྱི་ཐབ་ཁུང་དུ་གནོད་མཛེས་རྒྱལ་པོ་སྤྱན་དྲངས་ཏེ། ཧཱུཾ་གིས་མཚན་པོའི་ཞལ་གདངས་པར་བདག་ཉིད་གནོད་མཛེ་སུ་བསྒོམས་ནས། གཟུགས་བརྙན་སྔ་མ་ཉིད་ཚིནྡ་ཚིནྡ་ཞེས་ཚིག་དང་བཅས་པའི་ཧཱུཾ་བཞི་པའི ་སྔགས་ཀྱིས་གཏུབ་ཅིང་ལན་ཁྲིར་སྦྱིན་སྲེག་བྱས་ན་གདོན་མི་ཟ་བར་སྟོངས་པོ་ཆེ་ཉིད་ཀྱིས་ཆར་འབེབ་སོ་ཞེས་སྦྱོར་བ་ཐམས་ཅད་ལ་གྲགསོ།། ཆར་བབ་ནས་ཀླུ་རྣམས་དང་སྟོབས་བོ་ཆེ་དབུགས་དབྱུང་བའི་ཕྱིར། ཧ~ཾ ་ཁུང་དཀར་པོ་ཟླུམ་པོར་རྣམ་པར་སྣང་མཛད་ལ་སོགས་པའི་ཞལ་དུ་དེའི་སྔགས་ཉིད་ཀྱིས་མར་དང་འོ་མ་ལ་སོགས་པའི་སྦྱིན་སྲེག་ཁྲི་བྱས་ན་གདོན་མི་ཟ་བར་ཞི་བར་འགྱུ་རོ།། ཆར་ཤིན་ཏུ་ཆེས་པ་ལ་ནི་སྡེར་བསྟན་པའི ་མངོན་སྤྱོད་ཀྱི་ཐོབ་ཁུང་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕུལ་བའི་མེ་ཏོག་སྙིང་པ་དང་རས་བལ་གྱི་སྦྱིན་སྲེག་ལན་བརྒྱ་ཕུལ་ན་འཆད་པར་འགྱུར་རོ།། ཨ་ཙ་ལཾ་ནི་དེ་ཁོ་ན་ཉིད་ཀྱི་དོན་ཏོ།། ཀ་ནི་ཞེས་བྱ་བ་ནི་དེ་ལ་བློས་བལྟ་བའོ།། ་ཙེ་ཏ་ཙེ་ཏོ་ཞེས་བྱ་བ་ནི་ཕོ་ཉ་ལྟར་བཀའ་བསྒོ་བ་ཐམས་ཅད་འགུག་པའི་ཕྱིར་རོ།། མོ་ཏ་མོ་ཏ་ཞེས་བྱ་བ་ནི་ལག་པའི་ཤུགས་ཀྱིས་རི་བོ་ཞེས་བྱ་བ་དང་སྦྱར་རོ།། ཏུ་ཏ་ཏུ་ཏ་ཞེས་བྱ་བ་ནི་དཾ་ཁོ་ན་ཉིད་མཐོང་བའི་མཚོན་ཆས་མ་རིག ་པའི་སྐུད་པ་རིང་པོརྭ་ཞེས་སྦྱར་རོ།། འདིར་སྦྱོར་བ་ནི་འདི་ཡིན་ཏེ།། སྐྱེས་པའི་ཐོད་པ་ལ་རྐང་པ་གཡས་པའི་མཛུབ་མོ་ཁྲག་དང་། ལན་ཚ་དང་། མར་ནཱ་ག་དང་། ཚ་བ་རྣམ་པ་གསུམ ་གྱིས་ལྷ་ཆེན་པོ་ལ་སོགས་པའི་ཆུང་མ་དང་བཅས་པའི་གཟུགས་བྲིས་ལ་རྡོ་མི་གཡོ་བའི་རྣལ་འབྱོར་གྱིས་དེ་ཉིད་ཀྱི་སྔགས་ཟློས་ཤིང་དགུག་པའོ།། རླུང་གི་དཀྱིལ་འཁོར་སྦྱོར་བ་ཡིས།། སེང་གེས་བསྐྱོན་པའི་ཚེ ་ག་བྱ།། ཞེས་བྱ་བ་ནི་ཡཾ་ལས་བསྐྱེད་པའི་རླུང་ལས་སི་མ་ལས་བསྐྱེད་པའི་སེངྒེའི་རྒྱབ་ཏུ་བསྐྱེད་དེ་ལྷགས་ཀྱུ་དང་། ཞགས་པ་ཐོགས་པའི་ལྷ་དགུག་པར་བསམི་པའོ།། སུམྦྷ་ནི་སུམྦྷ་ཞེས་བྱ་བ་ནི་བོད་པ་སྟེ། སྒྲིབ་པ་ཐམས་ཅད ་འཇོམས་པས་ནི་སུམྦྷའོ།། གྲྀཧྞ་གྲྀཧྞ་ཞེས་བྱ་བ་ནི་རང་གིས་ཟུང་ཞིག་པ། གྲྀཧྞཱ་པ་ཡ་ཞེས་བྱ་བ་གཉིས་ནི་གཞན་འཛིན་དུ་ཆུག་ཅིག་པའོ།། ཨ་ན་ཡ་ཧོ་ཞེས་བྱ་བ་ནི་དེ་ཉིད་ཁྲིད་ལ་ནཽག་ཅིག་པའོ།། ཧོ་ཞེས་བྱ་བ་ནཱི་གུས ་པ་དང་བཅས་པའི་བདྲ་པའོ།། ཧཱུཾ་པཊ་ཅེས་བྱ་བ་ནི་བསད་པའི་ཕྱིར་བོད་པའོ།། ཡང་ན་ཧཱུ~ཾ་བཞིའི་བཀའ་བསྒོ་བའོ།། ཕཊ་ཅེས་བྱ་བ་ནི་འགོག་པར་བྱེད་པའོ།། ཊཀྐི་ཧཱུཾ་ཞེས་བྱ་བ་ལ་ཊཀྐི་ནི་འདོད་པའོ།། ཧཱུཾ་ཞེས་བྱ་བ་ནི་ཁྲོ ་པོའོ།། ཛཿཞེས་བྱ་བ་ནི་འགུགས་པ་སྟེ། ཇི་སྐད་དུ་བདེ་མཆོག་བླ་མ་ལས། ཊ་ནི་རྟག་ཏུ་འདོད་པར་གསུངས། ཧྲཾ་ཞེས་བྱ་བ་ཁྲོ་བོར་བརྗོད།། ཛཿནི་འདྲེན་པར་རབ་ཏུ་བཤང་།། ཅེས་སོ།། ཨོཾ་སོད་ཏ་པ་ཏྲ་ཞེས་བྱ་བ་ཆོས་ཀྱི ་དབྱིངས་རྣམ་པར་དག་པའོ།། བི་མཱ་ཞེས་བྱ་བ་ནི་ཉོན་མོངས་པའི་མཚན་མའི་དྲི་མ་དང་བྲལ་བའོ།། ཤཱཾ་ཀར་ཞེས་བྱ་བ་ནི་ཆོས་ཀྱི་ལོངས་སྤྱོད་ཀྱིས་དགེ་བའི་འབྱུང་གནསུ་གྱུར་པའི་ཕྱིརོ།། ཙིནྡ་རཱིནྡ་ཝེ་བྱ་བ་ནི་གཞན་གྱི་རྫ་ལྔ་ཊ་ད་སྱཱ་།། ནྡྲ་བྷིནྡ་ལླེ་བྱ་བའི་བྱ ་རྒྱུ་ཐམ་ཅད་དང་སྦྱ་རོ།། ཙཽ་རི་ཙི་རི་ཞེས་བྱ་བ་རྩ་བ་ལས་གསོད་པའི་དོན་རྣམས་དང་སྦྱ་རོ།། གི་རི་གི་རི་ནི་སྨོན་པར་བྱེད་པའོ།། མཱ་ར་ཡ་མཱ་ར་ཡ་ཞེས་བྱ་བ་ནི་མེ་སྣང་བར་གྱིས་ཤིག་པ་སྟེ། གཟུང་བ་དང་འཛིན་པ་སྟོང་པ་ཉིད ་ཀྱིས་བདུད་རྣམས་ན་མཁའ་དང་མཉམ་པའོ།། དེ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ལ། ཡུལ་དང་ཡུལ་ཅན་མེད་པའི་ཕྱིར་ཧཱུཾ་བཅུ་སྨོས་སོ།། གནས་གསུམ་ལྟུང་བའི་ཕྱིར་ཕཊ་གསུམ་སྨོས་སོ།། བདག་ཉིད་ཅེས་བྱ་བ་ལ་སོགས ་པ་ལ་བདག་ཉིད་བསྲུང་ནུ་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྣལ་འབྱོར་གྱིས་བསྲུང་བའི་འཁོར་ལོའི་དབུསུ་གནས་ནས། རང་གི་སྙིང་གའི་འཁོར་ལོའི་ལྟེ་བར་ཧཱུཾ་གི་ཐིག་ལེ་རང་གི་གཟུགས་སམ་གཞན་བསམས་ནས ་འཁོར་ལོ་གཡོན་དུ་བསྐོར་བར་བསམས་ན་བསྲུངབར་འགྱུར་ཏེ། གཞན་ལ་ཡང་དེ་བཞིན་ནོ།། དཔུང་པར་རིག་པ་གཟུང་ནས་ནི་ཞེས་བྱ་བ་འཁོར་ལོ་རྩིབས་བཅུ་པའི་རྩིབས་རྣམས་ལ། ཧཱུཾ་བྲིས་ཤིང་ལྟེ་བ་ལ་མིང ་བྲིས་ནས་མུ་ཁྱུད་ལ་ཕྲེང་བའི་སྔགས་མན་ངག་ཇི་ལྟ་བ་བཞིན་བྲིས་ཏེ། དཔུང་པར་གདགས་པར་བྱའོ།། ཁྲོ་བོ་ཆེན་པོ་ཞེས་བྱ་བ་ལ་སོ་གོས་པ་ལ། སྙིང་པོ་ཞེས་བྱ་བ་ནི་དམ་པའི་དོན་ཏོ།། ཅི་ཞིག་ཅེ་ན། སྔགས ་རྣམས་ཏེ། ལེའུ་གང་དུ་དེ་དག་ལ་འཇུག་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ།། མཁའགྲོ་མ་རྡོ་རྗེ་དྲ་བའི་བཀའ་འགྱེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བཞི་པའི་རྣམ་པར་བཤད་པའོ།། ་དེ་ནས་བཅོམ་ལྡན་རྡོ་རྗེ་ཅན།། རྡོ་རྗེ་སེམས་དཔའི་སྙིང་ལ་ཞུགས།། ཞེས་བྱ་བ་ནི་སྔགས་ཀྱི་ལྷ་ཐམས་ཅད་ལ་བྱ་བའི་དོན་ཏོ།། སངས་རྒྱས་སྐུ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་ལྔས་རྡོ་རྗེ་སེམས་པའི་སྐུ་རྫོགས་པའོ།། རྡོ་རྗེ ་སེམས་དཔའ་ཞེས་བྱ་བ་ནི་དཔལ་ཧེ་རུ་ཀའོ།། གཞན་ལ་ཡང་དེ་ལྟར་བལྟའོ།། སངས་རྒྱས་གཟུགས་ལས་བྱུང་བའི་དཀྱིལ་འཁོར། ཞེས་བྱ་པེ་ནི་བསྔོས་པའི་དཀྱིལ་འཁོར་ལ། རྟག་པ་ལ་སོགས་པའི་དཀྱིལ་འཁོར་བ་རྣམས ་ཀྱི་གཙོ་བོ་སྟེ་བདག་པོའོ།། སྔགས་རྣམས་ཞེས་བྱ་བ་ནི་སྔགས་ཀྱི་ལྷ་རྣམསོ།། སྙིང་གར་ཡེ་ཤེས་དམ་ཚིག་བཞུགས་ཞེས་བྱ་བ་ནི་ཨོཾ་ཤེས་སེམས་དཔའ་ས་བོན་དང་། མཚན་མའི་ཚུལ་གྱིས་སྙིང་གར་དགོད་པའོ།། ་ཡེ་ཤེས་སེམས་དཔའི་རབ་སྦྱོར་བས།། ཞེས་བྱ་བ་ནི་དམ་ཚིགི་དཀྱོར་དང་ཡས་ཀྱི་དཀྱོར་གཅིག་ཏུ་སྦྱོར་ཞིང་བསྲེག་པའོ།། སྒྲ་ལ་རྣམ་གསུམ་ཞེས་བྱ་བ་ནས། ཞེས་བྱ་བ་ནི་འདོད་ཆགས་ཞེ་སྡང་དང་གཏི་མུག་སྐྱེད་པར་བྱེད་པའི ་བདེ་བ་སྡུག་བསྔལ་དང་བཏང་སྙོམས་ཀྱི་ཡུལ་རྣམསོ།། བསྲུང་བའི་ངམ་ཚིག་དབུས་གནས་པ། ཞེས་བྱ་བ་ནི་བྷྲཱུཾ་ལས་བསྐྱེད་པའི་འཁོར་ལྀ་སེར་པོ་རྩིབསོ་བཅུ་གནས་པའི་དབུས་སུའོ།། དཀྱིལ་འཁོར་ལྔ་ཞེས་བྱ་བ ་ནི་བསྡུས་པའི་དཀྱིལ་འཁོར་རོ།། ཉི་ཤུ་རྩ་ལྔར་ཕྱེ་བ་ཡི། རྡུལ་ཚོན་གྱིས་ཀྱང་ཞེས་བྱ་བ་ནི་སྐུད་པ་བསྡུ་བར་བྱའོ།། ཉི་ཤུ་རྩ་ལྔ་ནི་རྣམ་པ་ཉི་ཤུ་རྩ་ལྔ་སྟེ། རྟག་པ་ལ་ནི་སྔོན་པོ་དང་སེར་པོ་དང་དམར་མོ་དང་ལྗང་ཁུ་དང་དཀར ་པོའོ།། ཉི་མ་ལ་ནི་དཀར་པོ་དང་། སྟོན་པོ་དང་། དམར་པོ་དང་། ལྗང་ཁུ་དང་། སོར་པོའོ།། གར་གྱི་དབང་ཕྱུག་ལ་ནི་དཀར་པོ་དང་། སེར་པོ་དང་། སྔོན་པོ་དང་། ལྗང་ཁུ་དང་། དམར་པོའོ།། རྟ་མཆོག་ལ་ནི་དཀར་པོ་དང་། ་སེར་པོ་དང་། དམར་པོ་དང་། སྔོན་པོ་དང་། ལྗང་ཁུའོ།། ཧེ་རུ་ཀ་ལ་ནི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུ་དང་། ནག་པོ་སྟེ། འདིར་ནི་སངས་རྒྱས་མགོན་པོ་རྣམས། གང་ཞིག་དབུས་གནས་དཀྱིལ ་འཁོར་ཡིན་ཞེས་སྨོས་པསོ།། འདིར་སེམས་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར།། བསྡུས་པའི་དཀྱིལ་འཁོར་གཙོ་བོ་ཧེ་བཛྲ་ཉིད་ཡིན་པར་བསྟན་མོད་ཀྱི། གཞན་དག་ཀྱང་དགག་པ་མ་ཡིན་ཏེ། གནས་འཕོ་བ་དང་། ་བསྟན་པའི་རིམ་གྱིས་ཇི་ལྟར་འདོད་པ་བཞིན་གཟུང་བར་བྱའོ།། དེ་ཉིད་ཀྱིས་ནཱ་གཙོ་བའི་བྲག་གིས་སའི་ཆུའི་ཁ་དོག་གཟུང་ངོ་།། དཀྱིལ་འཁོར་རེ་རེ་བསྒོམས་པ་འམ། ཞེས་བྱ་བ་ནི་དཀྱིལ་འཁོར་སོ་སོའི་རིམ་པས ་བསྒོམས་པའོ།། ཡང་ན་བསྡུས་པའི་དཀྱིལ་འཁོར་ཏེ་ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་ཏེ། འཁོར་ལོས་སྒྱུར་བ་ལྔ་དབུསུ་གྱུར་པའི་དཀྱིལ་འཁོར་ལྔ་བསྒོམས་པའོ།། བརྒྱད་བརྒྱད་ཀྱི་ནི་དབུས་ཞུགས་པའམ། ཞེས ་བྱ་བ་དེ་ཉིད་ཀྱི་བཤད་པ་སྟེ། མ་མོ་བརྒྱད་བརྒྱད་ཀྱིས་བསྐོར་བའི་འཁར་ལས་སྦྱར་བ་ལྔ་རྣམས་བསྡུས་པའོ།། གེ་སློང་མ་རྣམས་སྦྱོར་དགོད་པ།། དེ་ཚེ་བསྡུས་པའི་དཀྱིལ་འཁོར་ཡིན།། ་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་ལག་ན་ལྕགས་ཀྱུ་ཐོགས་པ་ལ་སོགས་པའི་ལྷ་མོ་རྣམས་སྒོར་དགོད་དོ།། ཞེས་བྱ་བའི་དོན་ཏོ།། ཉ་དང་རྒྱལ་པོ་ཞེས་བྱ་བ་ལ། ཉ་ནི་ར་ཧི་ཏའི་ཉའོ།། རྒྱལ་པོ་ནི་སྦྲུལ་གྱི་རྒྱལ་པོའོ།། ་འགྲོ་བོ་རྣམས་ཀྱི་རབ་མཆོག་ནི།། མི་རྣམས་ཀྱི་འགྲོ་བ་སྟེ། ཞེས་བྱ་བ་ནི་མི་རྣམས་ཀྱི་འགྲོ་བ་ལ་བརྟེན་ནས་ངེས་པའི་རིགས་ཅན་རྣམས་ཀྱིས་མངོན་དུ་དང་རིམ་གྱིས་ཀྱང་། བྱང་ཆུབ་པ་རྣམ་པ་གསུམ་པ་པར་འགྱུར ་འགྲོ་བ་གཞན་གྱིས་ནི་མ་ཡིན་ཏེ། དེ་རྣམས་སྐྱེ་གནས་དང་ཤེས་རབ་དམན་པའི་ཕྱིར་རོ།། དེ་ཉིད་ཀྱིས་ན་མི་རྣམས་ཀྱི་འགྲོ་བ་གྱ་ནོམ་པ་ཉིད་དོ།། གླང་པོ་ལ་སོགས་ནད་རྣམས་བསྣམས་ཞེས་བྱ་བ་ནི་ཕྱག་གཡས་ཀྱི ་ཐོད་པ་ན་བསྣམས་པ་རྣམས་ནི་ནང་ཡིན་ལ། དོན་གྱིས་ན་གཡོན་པ་ན་བསྣམས་པོ་རྣམས་ནི་སྨན་ཡིནོ་ཞེས་བྱ་བའི་དོན་ཏོ།། ནད་ཐམས་ཅད་དབུགས་དབྱུང་ཞིང་རབ་ཏུ་ཞི་བ་རྡོ་རྗེ་ཞེས་བྱ་བ་ལོ་ནང་ཐམས་ཅད་རབ་ཏུ ་ཞི་བ་དེ་ལས་དབུགས་དབྱུང་བ་གང་དུ་སྟོན་པ་དེ་ལ་དེ་སྐད་ཅེས་བྱའོ།། མཁ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དོ་ཁོ་ན་ཉིད་རྒྱས་པ་ལས།། ལེའུ་ལྔའི་བཤད་པའོ།། ། ལུས་རྣམས་ཐམས་ཅད ་འཛིན་པ་པོ།། ཞེས་བྱ་བ་ནི་སྔགས་ཀྱི་ལྷ་ཐམས་ཅད་འཛིན་པའོ།། སེམས་ནི་རྗེས་དྲན་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་སྤྲོ་བའི་དུས་དང་མཚན་མ་ལྷ་ཐོབ་ནས་རྡོ་ཊྭཱཾ་ཕྲ་མོ་སྤྲོ་བའི་རིམ་གྱིས་ཎྱེ་སུ་དྲན་པ ་བསྟན་པའོ།། རྡོ་རྗེ་སེམས་དཔའ་རྣམས་བསྒོམས་ནས་ཞེས་བྱ་བ་ནི་དགྱེས་པ་རྡོ་རྗེ་བསྒོམ་པོའོ།། ཕྱག་རྒྱ་བཞི་ཡེ་རྒྱས་གདབ་པ། ཞེས་པ་དེ་ནི་སྐུ་གསུང་ཐུགས་དང་། ས་བོན་དང་མཚན་མའི་ཚུལ་གྱི་ཡེ་ཤེས་སེམས ་དཔས་སོ།། ཡང་ན་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། མགོ་བོའི་རྣམ་སུ་དྲུག་ཅུ་རྩ་བཞི་དང་། བརྒྱ་དང་། བཅུ་དྲུག་དང་། སུམ་ཅུ་རྩ་གཉིས་ཀྱི་འདབ་མ་ཅན་གྱི་པདྨ། སྤྲུལ་པ་དང་། ཆོས་དང་། ལོངས་སྤྱོད ་དང་། བདེ་བ་ཆེན་པོའི་འཁོར་ལོ་ལ་རིམ་བཞིན་དུ། ཨཱཾ་དང་ཧཱུཾ་དང་ཨོཾ་དང་ཧཾ་གི་ས་བྱིན་གྱིས་བརླབས་པའོ།། རྟ་ལ་སཾ་གྲྀ་པ་ལ་ཡང་དེ་བཞིན་ནོ།། ཞེ་སྡང་རྒྱལ་པོ་ཆེ་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའོ།། ཞེ་སྡང་ཐམ་སོ ་ཅད་ཟད་མཛད་པ།། ཞེས་བྱ་བ་ནི་གཉིས་དང་བྲལ་བའི་རང་བཞིན་ནོ།། སྤྲོ་བོའི་སྦྱོར་བ་བསྒོམ་བྱ་ཤིང་།། རབ་ཏུ་བསྡུ་བ་བསྟན་པ་སྟེ། ཞེས་བྱ་བ་ནི། རང་གི་སྐུའི་སྤྲིན་མཚན་ལའི་སྤྲིན་སྔགས་ཀྱི་ཐིག་ལེ་ལས ་སྤྲོ་ཞིང་བསྡུ་བ་སྟེ། ཐིག་ལེ་ཕྲ་མོ་དང་རྗེ་སུ་དྲན་པ་རྣམས་བསྡུ་བའོ།། རྡོ་རྗེ་སེམས་ལ་མོ་ཕྱེད་པ། ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེ་སྣ་ཚོགས་རྡོ་རྗེ་དབུ་རྒྱན་བྱ་བའོ།། དེ་བཞིན་དེ་རྟག་པ་ལ་ནི་ཆོས་ཀྱི་འཁོར་ལོའོ།། ཉི་མ ་ལ་ནི་རིན་ཆེན་ནོ།། གར་གྱི་དབང་ཕྱུག་ལ་ནི་པདྨའོ།། རྟ་མཆོག་ལ་ནི་རལ་གྲིའི་དབུ་རྒྱན་དུ་ཤེས་པར་བྱའོ།། དཔག་ཚད་བྱ་བ་ཞེས་བྱ་བ་ནི་གྲངས་མེད་པར་མཚོན་པའོ།། སངས་རྒྱས་པ ་རྒྱལ་ལ་ནི་དམིགས་བྱ་ཞེས་བྱ་བ་ནི། བདག་ཉིད་སངས་རྒྱས་ཀྱི་རང་བཞིན་དུ་མོས་པའོ།། ཆོས་ཀྱི་དབྱིངས་ནི་འོད་གསལ་བར།། གང་ཕྱིར་བསྒོམས་པ་དེ་ཡིས་ནི།། སེམས་ཅན་སངས་རྒྱས་དང་མཉམ་འགྲོ།། ཞེས་བྱ་བ་ནི ་སངས་རྒྱས་ཀྱི་སྐུ་འོད་གསལ་ཞིང་སྒྱུ་མ་ལྟར་བསྒོམས་པས་སངས་རྒྱས་ཉིད་དུ་འགྱུར་བས་སོ།། བདེནི་མིན་རྟོགས་པའི་རྣམ་རྟོག་གིས།། སེམས་ནི་དྲི་མ་ཅན་དུ་བྱས། ཞེས་བྱ་བ་ལ། བདེན་མིན་རྟག་པ་ནི་བདག་དང་བདག་གི ་གཟུང་བ་དང་འཛིན་པར་ཞེན་པའོ།། དེ་ཉིད་ནི་རྣམ་པར་རྟོག་པ་སྣ་ཚོག་སུ་ཞེན་པའི་བློ།། གཞན་གྱི་དབང་གི་ངོ་བོ་ཉིད་དེ། དེས་སེམས་ཀྱི་རིན་པོ་ཆེ་སྦགས་པའོ།། ཇི་ལྟར་ན་མཁའ་ཞེས་བྱ་བ་ནི་ན་མཁའ་ཁུག་རྣ་ལ་སོགས་པ ་དང་བྲལ་བ་ལྟར་བློ་བུར་གྱི་དྲི་མ་དང་བྲལ་བའོ།། འཇིག་མེད་པ་ལ་ཞེས་བྱ་བ་ནི་རང་བཞིན་གྱིས་བརྟན་པས་བརྟགས་པའོ།། སེམས་ཀྱི་རིན་ཆེན་རབ་ཏུ་བསྐུལ་ཞེས་བྱ་བ་ནི་བདེན་པའི་དོན་བསྒོམས་པའོ།། ཅི་སྟེ་ཕྱི་རོལ་གྱི་ཀ་བ ་དང་བུམ་པ་ལ་སོགས་པ་སྣང་བ་ཉིད་དམིགས་པ་ཡིན་ཏེ། གང་ན་སེངྒེ་གནས་པ་དེར་སེངྒེར་སྣང་བ་སྐྱེའི། མེད་པའི་ཕྱོགསུ་ནི་མ་ཡིནོ་ཞེ་ན། འཁྲུལ་པ་བསྟན་པའི་རིན་པོ་ཆེ་སེམས་ཞེས་བྱ་བ་སྨོས་ཏེ། འདིའི་དོན་ནི་རྨི ་ལམ་ལ་སོགས་པ་དང་འདྲ་བར་དོན་མེད་བཞིན་དུ་ཡང་སེམས་འབའ་ཞིག་དོན་དུ་སྣང་གི་གཉིས་ཡོད་ནས་སྣང་བ་ནི་མ་ཡིན་ནོ།། ཞེས་བྱ་བ་ཡིནོ།། ཁམས་གསུམ་གྱི་ནི་རྒྱལ་སྲིད་ཆེ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པ་དང ་སྤྲུལ་པའི་སྐུའི་ཁམས་གསུམ་གྱི་བདག་པོར་གྱུར་པའོ།། རྡོ་རྗེ་སེམས་དཔའི་སྙིང་པོ་རབ་ཏུ་གསལ་བ་ཞེས་བྱ་བ་ནི་ཆོས་ཐམས་ཅད་བདྲག་མེད་པའོ།། མཁའ་གྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲོལ་དེ་ཁོ་ན་ཉི་ང་རྒྱས་པ་ལས། ་ལེའུ་དྲུག་པའི་རྣམ་པར་བཤད་པའོ།། ། དེ་ནས་རྡོ་རྗེ་ཞེས་བྱ་བ་ནི་ན་མཁའ་ལྟ་བུའི་ཆོས་ཀྱི་སྐུའི་བདག་ཉིད་དོ།། རྣམ་པ་ལྔ་པོ་བསྒོམ་པར་བྱ་ཞེས་བྱ་བ་ནི། ཨཱ་ལི་བཅོ་ལྔ་ལས་བྱུང་བའི ་ཟླ་བ་དང་། ཀཱ་ལི་སུམ་ཅུ་རྩ་བཞི་ལས་བྱུང་བའི་ཉི་མ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་སྐོར་མ་ལྟ་བུ། ཞུགས་པ་དང་ཨོཾ་དང་ཧཱུཾ་ལཾས་བྱུང་བའི་ཟངས་གྲི་དང་། ཐོད་པ་དང་། རྣལ་འབྱོར་མ་རྣམས་ཀྱི་འཁོར་ལོ་སྒྲ ་བ་དང་བསྡུ་བ་དང་། རྡོ་རྗེ་འཛིན་པའི་གཟུགསུ་བསྐྱེད་པ་དག་བསྒོམས་པའོ།། དཀྱིལ་འཁོར་ཇི་ལྟ་བའི་ཚུལ་བཞིན་དུ་དགོད་ཅེས་བྱ་བ་ནི་རང་ལྷག་པའི་ལྷའི་སྐུ་ལས་དཀྱིལ་འཁོར་པ་རྣམས་སྤྲོ་ཞིང་བསྡུ་བའོ།། འབྱུང་བཞིའི ་དཀྱིལ་འཁོར་ཞེས་བྱ་བ་ནི་ས་ལ་སོགས་པའི་དཀྱིལ་འཁོར་རོ།། དེ་སྟེངས་སངས་རྒྱས་བསམས་ན་སུ་ཞེས་བྱ་བ་ནི་བྲུཾ་ལས་རྣམ་པར་སྣང་མཛད་བསྐྱེད་པའོ།། མི་ཕྱེད་པ་ཞེས་བྱ་བ་ནི་ཡེ་ཤེས་ཐམས་ཅད་མི་ཕྱེད་ཅིང་རང ་བཞིན་དབྱེར་མེད་པ་སྟེ། འདིས་ནི་ཕྲེང་བ་དང་ཆུའི་དབང་བསྐུང་བའི་རྣམ་པར་དག་པ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་དང་མེ་ལོང་ལྟ་བུ་ཡེ་ཤེས་ཀྱི་ཆུས་མི་ཤེས་པའི་དྲི་མ ་འཁྲུ་བར་བཤད་པའོ།། སྐྱེ་བ་མེད་ཅིང་འཇིག་པ་མཽད་ཅེས་བྱ་བ་ནི་རྟག་ཆད་དང་བྲལ་བ་སྟེ། འདིས་ནི་མིང་གི་དབང་གི་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རྣམ་པར་དག་པའི་ཡེ་ཤེསུ་བསྟན་ཏོ།། རིན་ཆེན་ཞེས་བྱ་བ་ནི་སངས ་རྒྱས་རྣམསོ།། བླ་མའི་བླ་ཞེས་བྱ་བ་ནི་ང་རྒྱལ་ཆེན་པོ་བླ་ན་མེད་པའི་ཕྱིར་རོ།། འདིས་ནི་རང་གི་བདག་པོས་མཚན་པའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་དབང་མཉམ་པ་ཉིད་ཀྱི་ཡེ་ཤེསུ་རྣམ་པར་བསྟན་ཏོ།། འདོད་ཆགས་ལ ་སོགས་མཚན་ཉིད་འཛིན་པའི་ཕྱིར་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་ཆོས་རྣམས་ཀྱི་ཆོས་ཉིད་ལ་ཆགས་ཤིང་། རྡོ་རྗེ་འཛིན་པའོ།། འདིས་ནི་རྡོ་རྗེའི་དབང་བསྐུར་བ་རྣམ་པར་དག་པ་བསྟན་ཏོ།། དངོས་གྲུབ་འབྲས ་བ་སྟེར་བ། ཞེས་བྱ་བ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་དོན་ཡོད་པའི་འབྲས་བུ་སྟེ་བ་སྟེ། ཤེས་རབ་ཀྱི་དབྱངས་ཀྱིས་འཇིག་རྟེན་གྱི་ཁམས་མ་ལུས་པར་ཁྱབ་པའོ།། འོདིས་ནི་བདག་པོའི་དབང་གི་རྣམ་པར་དག་པ་བསྟན ་རིག་པའི་ཚིག་རྡོ་རྗེ་ཞེས་བྱ་བ་ནི་དེ་དག་མ་རིག་པ་བཟློག་པའི་རང་བཞིན་ཅན་ནོ།། བུམ་པའི་དབང་ནི་དང་པོ་སྟེ་ཞེས་བྱ་བ་ལ་སོགས་པ་གསང་བ་གསུམ་གྱི་རང་བཞིན་ཅན་ནོ།། དེ་ནས་དེ་ལྟར་དེ་བཞིན་མིན་ཞེས་བྱ་བ་ནི། ་མཚོན་པར་བྱ་བའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཇི་ལྟ་བ་བཞིན་དུ་མཚོན་པར་བྱ་བ་ཡེ་ཤེས་མ་ཡིན་པ་སྟེ། དེ་ནི་རྒྱ་ཆེ་བ་དང་། ཟག་པ་མེད་པ་དང་། རྒྱུན་དུ་འབྱུང་བའི་ཕྱིར་རོ།། རྡོ་རྗེ་ས་བོན་ཞེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ ་རྣམསོ།། ས་བོན་ནི་ཞུ་བའི་གཟུགསུ་གྱུར་པའོ།། རིགས་ཀྱི་མིང་ཞེས་བྱ་བ་ནི་སོ་སོའི་རིགས་ཀྱི་སྔགས་འདོན་པའོ།། མཁའགྲོ་མ་རྡོ་རྗེ་དྲ་བའི་བཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བདུན་པའི་རྣམ་པར་བཤད་པའོ།། ། ་ཞེ་སྡང་རྡོ་རྗེ་ཁྱོད་ཅེས་བྱ་བ་ནི་གཉིས་ཟད་པའི་རང་བཞིན་ཅན་ཏེ། འཇོམས་པས་ན་ཞེ་སྡང་ངོ་།། རྣམ་ངག་ཐུགས་ཞེས་བྱ་བ་ནི། སྒྲིབ་པ་ཐམས་ཅད་ཟད་པའི་ཕྱིརོ།། གཏི་མུག་རྡོ་རྗེ་ཞེས་བྱ་བ་ནི་གཉིསུ་མི་ཤེས་པའི་ཕྱིར་རོ།། དག ་པའི་སྒྲ་ཞེས་བྱ་བ་ནི་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ཕྱིར་རོ།། དམ་པའི་སོ་སོར་རྟོག་པ་ཞེས་བྱ་བ་ལ། དམ་པ་ནི་སངས་རྒྱས་རྣམསོ།། སོ་སོར་རྟོག་པའི་རྣམ་པ་ཐམས་ཅད ་མཁྱེན་པའི་ཡེ་ཤེསོ།། སངས་རྒྱས་ཀུན་གྱི་གཟུགས་ཀྱིས་ཞེས་བྱ་བ་ནི་ལུས་མེད་པའི་གཟུགས་ཀྱིས་སྤྲུལ་བའི་སྐུ་སྟོན་པར་བྱེད་པསོ།། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། ཅི་སྟེ་རང་གི་རང་བཞིན་གྱིས་མ་དག་པ་འགའ ་ཡང་ཡོད་པ་མ་ཡིན་ན། གང་ཞིག་གང་གིས་དག་པར་བྱེད། ཇི་ལྟར་དག་པར་བྱེད་སྙམ་པ་ལ། གང་གི་ཚེ་འགལ་བའི་དངོས་པོ་ཡོད་མིན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འགལ་བའི་དངོས་པོ་ནི་མ་དག་པའི་དངོས་པོའོ།། ། ་གང་ཆེ་ཞེས་བྱ་བ་ནི་དོན་དམ་པའི་དབང་དུ་བྱས་པའོ།། དེའི་ཚེ་ན་སྦྱང་བར་བྱ་སྟེ་ཞེས་བྱ་བ་ནི། ཀུན་རྗེབ་ཀྱི་བདེན་པའི་དབང་དུ་བྱས་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་ཆུའི་རྙོག་པ་དང་ནོར་བུ་ལྟར ་མསྦྱོང་བ་ལ་སོགས་པ་སྲིད་དོ།། ཞེས་བྱ་བའི་དོན་ཏོ།། འཁོར་ལོ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྟ་ལམ་གྱི་བདེན་པའོ།། འོ་ན་ཇི་ལྟར་དོན་དམ་པའི་བདེན་པ་གཟུང་ཞེ་ན། ཆོས་ཉིད་རང་བཞིན་ཙམ་དུ་རྣམ་པར ་བསྒོམ་ཞེས་བྱ་བ་ནི་ཆོས་ཉིད་རང་གི་ལྷའི་སྐུ་རང་བཞིན་བསྒོམ་པ་སྟེ་ལུས་གཅིག་ཏུ་བསྒོམས་པའོ།། རྣམ་པར་དཔྱད་ན་ཆོས་ཉིད་དངོས་པོ་བདེན་པ་མིན་ཞེས་བྱ་བ་ནི་བདེན་པ་ནི་དེ་ཁོ་ན་ཉིད་ཀྱི་དངོས་པོའོ།། རྣམ་པར་དཔྱད ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པའི་མཚན་ཉིད་བསམས་ནིའོ།། ཡོད་མ་ཞེས་བྱ་བ་ནི་གཉིས་རྣམ་པར་སྤྱད་ནའོ།། འཇིག་རྟེན་འགྲོ་བ་བསམ་པརོ་ནུས་མ་ཡིན་ཞེས་བྱ་བ་ལ་འཇིག་རྟེན་ནི་སངས་རྒྱས་རྣམས་སོ།། ་འགྲོ་བ་ནི་ཡེ་ཤེས་ཏེ། བསམ་པར་མི་ནུས་པ་ནི་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཡིན་པའི་ཕྱིརརོ།། མ་མོའི་དཀྱིལ་འཁོར་ཞེས་བྱ་བ་ནི་རྣལ་འབྱོར་གྱི་འཁོར་ལོའོ།། ཞལ་བཞི་ཞེས་བྱ་བ་ནི་ཞལ་དབུས་མ་ནི་སེར་པོའོ།། ་དེ་ནས་སྒོ་སྐྱོང་མ་རྣམས་དགོད་ཅེས་བྱ་བ་ནི་ལྕགས་ཀྱུ་དང་ལྕགས་སྒྲོག་མ་ལ་སོགས་པ་དགོད་པའོ།། འོག་ཏུ་གནོད་མཛེས་རབ་བསྒོམ་ཞེས་བྱ་བོ་ནི་ཁ་དོག་སྔོན་མོར་རོ།། གཙུག་ཏོ་རོ་རྣམ་པར་རྒྱལ་མ་ཞེས་བྱ་བ་ནི་ཁ ་དོག་སེར་མོའོ།། ཏཱ་རེ་ཞེས་བྱ་བ་ལ། ཏུཏྟཱ་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་དུ་གཅིག་ཤོས་ཕྱིན་ཞེས་ཁྱོད་ཅེས་བྱ་བར་འགྱུར་ལ། ཏཱ་རེ་ནི་སྒྲོལ་མའོ།། ཏུ་རེ་ཞེས་བྱ་བ་ནི་ཐམས་ཅད་ལ་ལོངས་སྤྱོད་པས་ཚིམ་པར་བྱེད་པའོ།། ་གཏུམ་པོའི་ས་བོན་ཞེས་བྱ་བ་ནི་སྐེ་ཚེའི་སོ་བོན་ནོ།། རྡོ་རྗེ་ཆུ་ཞེས་བྱ་བ་ནི་ཁུ་བའོ།། རྡོ་རྗེ་ཉི་མ་ཞེས་བྱ་བ་ནི་ཟླ་མཚན་ནོ།། རྟ་མཆོག་ཅེས་བྱ་བ་ནི་ཤ་ཆེན་པོའོ།། པི་ཙུ་པི་ཙུ་ཞེས་བྱ་བ་ནི་ཤིན་ཏུ་བར་གཡེང་བ་སྟེ། རས་བལ་དང་ཆོས ་མཐུན་པས་ན་ཕྲ་མོ་འབུགས་པའི་ཤེས་རབ་བོ།། ཛྭ་ལ་ཛྭ་ལ་ཞེས་བྱ་བ་ནི་དེ་ཉིད་སེམས་འོད་གསལ་བའི་ཕྱིར་རོ།། དེ་རི་དི་རི་ཞེས་བྱ་བ་ནི་བརྟན་པ་སྟེ་དྲན་པ་མ་ཉམས་པའོ།། འཇིག་རྟེན་སྤྱོད་པའི་ལུགས་ཀྱི་ཞེས་བྱ་བ་ལ་ལུགས ་ནི་གནས་པ་སྟེ། ཐ་མལ་པའི་ཚུལ་གྱིས་ཉེ་བར་གནས་པའོ།། མཆོག་ཅེས་བྱ་བ་ནི་དམ་པའོ།། བྱང་ཆུབ་ཡན་ལག་དེ་དང་བཙོས་ཞེས་བྱ་བ་ལ། བྱང་ཆུབ་ཡན་ལག་ནི་བུ་མོ་རྣམས་སོ།། ཧཱུཾ་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས ་བྱ་བ་དང་ཉིད་ཅེས་བྱ་བར་ཡང་འགྱུར་ཏེ། སྒེག་མོ་ལ་སོགས་པའི་ཕྱག་རྒྱ་དང་བཅས་པའི་བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱིས་མཆོད་པ་ནི་ངོམ་པ་སྟེ། དེ་ཁོ་ན་ཉིད་སྟོན་པའི་ཕྱིར་རོ།། ཚངས་པའི་ཐིག་ལོས་ཆ་གཉིས་པོར་ཞེས ་བྱ་བ་ནི་སྒོའི་ཕྱེད་སྤོངས་པའོ།། མེ་དྲུག་ཅེས་བྱ་བ་ནི་ཆ་དྲུག་གོ།། སྒོའི་ཆ་གཉིས་བོར་ཞེས་བྱ་བ་ནི་སྒོའི་ཚང་གཉིས་ཞེས་བྱ་བའི་དོན་ཏོ།། ཆ་བརྒྱད་ཀྱིས་སྒོ་གཉིས་ལྡང་ནོ་དགུ་ཅི་སྨོས་ཞེས་བྱ་བ་ལ་བསྡུའི་དཀྱིལ་འཁོར་དུ ་སྒོ་གཉིས་ཀྱི་བར་བཅད་པའི་དོན་དུ་ཆ་དགུ་སྨོས་པའོ།། ཆ་དགུ་ཞེས་བྱ་བ་ནི་ཆ་དགུ་པའོ།། མཁའ་གྲོ་མ་རྡོ་རྗེ་དྲ་བའི་བཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས།། ལེའུ་བརྒྱང་བའི་རྣམ་པར་བཤད་པའོ།། །། ་རིག་པ་འཛིན་པ་ཞེས་བྱ་བ་ནི་གཟའ་དང་ཐོར་ཚུགས་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ།། གཡོས་བརྐྱང་ཐབས་ཀྱི་སྦྱོར་བ་ཡིས་ནི་ཞེས་བྱ་བ་ནི་དང་པོ་སྟེ། ཕྱི་ནས་ཅི་བདེ་བར་བྱ་བའོ།། རྡོ་རྗེ་སཽ་གོལ་སྦྱོར་བ་ཡིས།། ཞེས་བྱ་བ་ནི ་ལག་པ་གཉིས་དཔུང་མགོར་བཅིངས་པ་བྱས་ལ། བཛྲ་ས་མཱ་ཛཿཛཿཞེས་བྱ་བ་བརྗོད་ཅིང་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བཀུག་ནས་མཐེ་བོང་དང་། གུང་མོ་སཽ་གོལ་བདེབས་པོའི་འོ།། རྡོ་ཙཱ་ཡི་གེ་ཞེས་བྱ་བ་ནི་ཡཾ་གི་ས་བོན་གང ་ཡིན་ཡང་ངོ་།། རྡོ་རྗེ་དཀྱིལ་འཁོར་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་རོ།། རྡོ་རྗེ་སྲུངས་པ་ཞེས་བྱ་བ་ནི་སྭ་བོནྡ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་རོ།། རྡོ་རྗེ་སྨིན་པ་ཞེས་བྱ་བ་ནི་ཉི་མ་ལ་གནས་པའི་ཧཱུཾ་ཡི་ག་གིས་བསྐྱེད་པའི་རྡོ་རྗེ ་ཨི་གིས་མཚན་པའི་བདུད་རྩི་སྨིན་པར་བྱའོ།། ན་མཁའ་དབྱིངས་ཀྱི་དབུས་གནསེ་པ་ཞེས་བྱ་བ་ནི་ན་མཁའི་ཁོངསུ་ཆུད་པར་གནས་པའོ།། ཆོས་འབྱུང་གྲོང་ཁྱེར་ཞེས་བྱ་བ་ནི། རང་གི་འོད་ཀྱི་རི་གེ་མའི་པདྨར་མོའི་དཀྱིལ ་འཁོར་ལ་གནས་པའོ།། རྡོ་རྗེ་སེར་མོ་ཞེས་བྱ་བ་ནི་རང་གི་ཁྲོ་བོའི་རྡོ་རྗེའོ།། ལྷག་མ་ནི་བླ་མོའི་ཁ་ལས་ཤེས་པར་བྱའོ།། དུར་དུ་ར་ཞེས་བྱ་བ་ནི་བྲོད་ཅིག་བྲིད་ཙོག་པའོ།། ཚིནྡ་ཚིནྡ་ཞེས་བྱ་བ་ནི་དེ་ཉིད་གསལ་བར་བྱེད་པའོ།། ཧཱུཾ ་ཞེས་བྱ་བ་ནི་ངེས་པར་འཇོམས་པའོ།། ད་ར་ཞེས་བྱ་བ་ནི་བསྟན་པའོ།། དཱ་ར་ཡ་ཞེས་བྱ་བ་ནི་བཤད་པའོ།། དུཥྚ་ནཾ་མཱ་ར་དུ་ཡ་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བས་མི་སྣང་བར་གྱིས་ཤིག་པའོ།། བཛྲཱ་དྷྲྀཀ་ཅེས་བྱ་བ་ནི་གཉིས་མེད ་པའི་ཡེ་ཤེས་དེའི་རང་བཞིན་གྱིས་འཛིན་པ་སྟེ། དེ་ཡང་གསང་བ་འདུས་པ་ལས། རྒྱུ་ལཱྀ་དག་ཏུ་རིག་པ་ནི། རྡོ་རྗེ་ཞེས་བྱར་བརྗོད་པ་སྟེ།། དྷྲྀཀ་ཅེས་བྱ་བ་འཛིན་པར་བཤད།། རྣམ་ཤེས་རྡོ་རྗེ་འཛིན་པར་འདོད་ཅེས ་གསུང་སོ།། དེ་ལ་རྒྱུ་ཞེས་བྱ་བ་ནི་གཟུང་བ་རྣམསོ།། རིག་པ་ཞེས་བྱ་བ་ནི་འཛིན་པ་རྣམསོ།། ལྔ་ཞེས་བྱ་བ་ནི་ལྷ་ལྔ་སྟེ་བཅུའོ།། རྡོ་རྗེ་ཞེས་བྱ་བ་ན་དེ་དག་བསྡུས་ནས་སེམས་ཀྱི་རང་བཞིན་དུ་གཅིག་པའོ།། འཛིན་པ་ཞེས་བྱ ་བ་ནི་གཉིསུ་མེད་པའི་ཡེ་ཤེས་དེའི་རང་བཞིན་གྱིས་འཛིན་པའོ།། རྣམ་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། སྤངས་རྒྱསོ་རྣམས་ཀྱི་ཟག་བྲི་མེད་པའི་རྣམ་པར་ཤེས་པའི་ཚེགསོ།། བཛྲ་ནཱ་མྲ་ཞེས་བྱ་བ་ནི ་མིང་ཡིན་ལ། དེའི་ས་མ་ཡ་ནི་གདུལ་བྱའི་སེམས་ཅན་ཐམས་ཅད་ལ་རྗེ་སུ་ཆགས་པས་ལྟ་བའོ།། ཧུ་ལུ་ཧུ་ལུ་ཞེས་བྱ་བ་ནི་འགྲོ་བའོ།། བླ་ན་མེད་པའི་ལམ་དུ་ཞུགས་པའོ།། ཨཱ་རོ་ལཾ་ཀ་ཅེས་བྱ་བ་ནི་འདི་ཡང ་གསང་བ་འདུས་པ་དེ་ཉིད་ལས། ཐམས་ཅད་ནས་ནི་ཐམས་ཅད་ཀུན།། མཚོན་ཆའི་མཚན་ཉིད་མཚོན་པས་ན།། རོལ་པ་པོ་ལ་སོགས་པ་ཀུན།། ཨཱ་རོ་ལྀཀ་ཅེས་བྱ་བར་བཤད། ཅེས་གསུངས་ཏེ། དེ་ལ་ཐམས ་ཅད་ཅེས་བྱ་བ་ནི་རོལ་པ་པོ་སྟེ་འདུ་ཤེས་སོ།། ཐམས་ཅད་ཀྱི་ཞེས་བྱ་བ་ནི་རོལ་པར་བྱ་བ་སྟེ། མཚོན་བྱའི་དངོས་པོ་རྣམསོ།། ཀུན་ཞེས་བྱ་བ་ནི་མཚན་ཉིད་དེ་འདུ་ཤེས་ཀྱི་ཁོངསུ་ཆུད་པའོ།། ་འདུ་ཤེས་ཅི་འདྲ་ཞེ་ན། མཚན་མེད་པར་ཁོངསུ་ཆུད་པར་བསྟན་པའི་ཕྱིར། ཨཱ་རོ་ལྀཀ་ཅེས་བྱ་བ་སྨོསཽ་ཏེ། ངེས་པའི་ཚིག་གི་ཚུལ་དུ་ནི་ཨཱ་ཞེས་བྱ་བ་ནི་བདག་སྟེ། རོལ་པོ་པོའོ།། རོ་ཞེས་བྱ་བ་ནི་མཚོན་པར་བྱེད་པའོ།། ལྀ ་ཅེས་བྱ་བ་ནི་མཚན་ཉིད་ཁོངསུ་ཆུད་པའོ།། ཤ་ཤྭ་ཏ་ཞེས་བྱ་བ་ནི་མིང་ངོ་།། པ་ར་མ་ཤ་ཤ་ཏ་ཞེས་བྱ་བ་ནི་མཆོག་ཏུ་རྟག་པ་སྟེ། ལོངསོ་སྤྱོད་པའི་སྐུར་ཁོ་མོར་འཇུག་པའོ།། ཨེ་ཏ་ཧ་ཞེས་བྱ་བ་ནི་ཚུལ་སྤྱོན་ཅིག་པོའོ།། ཛི་ན ་ཛིག་ཙོས་བྱ་བ་ནི་ཡང་གསང་པ་འདུས་པའི་བཤད་པ་ལས་ཡོད་མེད་ཀྱི་དབུས་ལས་འདས་པ་སྟེ། འབྱུང་དང་འབྱུང་ལས་གྱུར་ལས་འབྱུང་།། སེམས་ཅན་ཀུན་གྱི་ལུས་རྣམས་ནི།། བསྐྱེད་ལས་རྒྱལ་བ་ཛི་ནཱ་ཏྲི་ཀ། རྗེས ་སུངས་ཏེ། དེ་ལ་ཡོད་པ་ཞེས་བྱ་བ་ནི་སེམས་ཅན་ཕྱི་རོལག་ཏུ་གྱུར་པའི་དོན་དང་སྐྱེ་བའོ།། མེད་པ་ཞེས་བྱ་བ་ནི་ནང་འཛིན་པ་དང་འགག་པའོ།། དབུས་ཞེས་བྱ་བ་ནི་བར་དང་གནས་པ་སྟེ། དེ་དག་དང་བྲལ་བའོ།། ཅི་ཞིག་ཅེ ་ན། འབྱུང་དང་འབྱུང་ལས་གྱུར་ལས་བྱུང་། ཞེས་བྱ་བ་སྟེ། ཟག་པ་མེད་པའི་གཟུགས་ཀྱི་ཕུང་པོའོ།། སེམས་ཅན་ཀུན་ཞེས་བྱ་བ་ནི་སངས་རྒྱས་རྣམསོ།། ལུས་ཞེས་བྱ་བ་ནི་གསང་བའི་སྐུའོ།། སྐྱེད་པ་ཞེས་བྱ་བ་ནི་སྐྱེ ་བའོ།། རྒྱལ་བ་ཞེས་བྱ་བ་ནི་ངེས་པར་བསྟན་པ་སྟེ། ངེས་པའི་ཚིག་གི་ཚུལ་གྱིས་ནི་ཛི་ན་ཏྲི་ཀ་གོ། བཛྲ་སཱུརྱ་ཞེས་བྱ་བ་ནི་མིང་ངོ་།། ཏོ་མོ་བི་ད་ཡ་ན་ཞེས་བྱ་བ་ནི་ང་རྒྱལ་གྱི་དབྱེ་བ་རྣམ་དྲུག་གི་མུན་པ་སེལ་བར་བྱེད་པའོ།། ས་མ ་ཡ་སྟྭཾ་ཧཾ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཀྱི་བདག་ཉིད་ཅན་ནོ།། རཏྣ་དྷྲྀཀ་ཅེས་བྱ་བ་ནི་ཡོང་གས་བ་འདུས་པའི་བཤད་པ་ལས། དོན་རྣམས་ཐམས་ཅད་འབྱུང་བས་ན། སེམས་ནི་རིན་ཆེན་ཞེས་བྱར་བཤད། ་རིག་པ་པོས་ངེས་རིག་པས་ན།། ཚོར་བ་རིན་ཚན་འཛིན་པར་འདོད།། ཅེས་གསུངས་ཏེ། དེ་ལ་སེམས་ཞེས་བྱ་བ་ནི་སེམས་ཉིད་དོ།། ཅི་འདྲ་ཞེ་ན། དོན་རྣམས་ཐམས་ཅད་འབྱུང་བས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི ་ཡོན་ཏན་རོ་གཅིག་པར་འབྱུང་བའོ།། དེ་ཉིད་ནི་རིག་པ་སྟེ། དེ་ཁོ་ན་ཉིད་ཀྱི་རིག་པ་པོའོ།། ངེས་པ་ནི་གདོན་མི་ཟ་བའོ།། རིགས་ནི་ཉམ་སུ་མྱོང་བ་སྟེ།། སེམས་ཀྱི་རང་བཞིན་ཚོར་བའི་ཡུལོ།། ཚོར་བ་ནི་མཉམ་པ་ཉིད་རིག་པའི ་རང་བཞིན་ཏེ། ངེས་པའི་ཚིག་གི་ཚུལ་གྱིས་ན་རཏྣ་དྷྲྀཀ་གོ། ཕུ་པུ་ཕུ་ཧི་ཧི་ཧི་ཞེས་བྱ་བ་ནི་རང་བཞིན་གྱིས་རྟའི་སྐད་དོ།། ཡང་ན་པུ་ཞེས་བྱ་བ་ན་སྒྲ་ཤིང་འཕུར་པའོ།། ཧི་ཞེས་བྱ་བ་ནི་རྟ་ལྟར་འགྲོ་བ་སྟེ་སྦལ་པའི་སྐུ་ཐམས ་ཅད་དུ་འགྲོ་བའོ།། པྲཛྙཱ་དྷྲྀཀ་ཅེས་བྱ་བ་ནི་ཡང་བ་འདུས་པའི་བཤད་པ་ལས། རབ་ཏུ་གསལ་བས་རྣམ་ཤེས་ནི། པྲཛྙཱ་ཞེས་བྱར་བརྗོད་པ་ཡིན།། སེམས་ནི་འདུ་བྱེད་ཀྱིས་འཛིན་པས།། ཤེས་རབ་འཛིནི་པ་ཞེས་བྱར ་བརྗོད་ཅེས་གསུངས་ཏེ། དེ་ལ་རབ་ཏུ་གསལ་བ་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བའོ།། ཅི་ཞིག་ཅེ་ན། རྣམ་ཤེས་ཏེ། ངེས་པའི་ཚིག་གིས་ནི། ཛྙཱ་ཞེས་བྱ་བ་ནི་རྣམ་ཤེས་ཡིན ་ལ། པྲ་ཞེས་བྱ་བ་ནི་འོད་གསལ་བའོ།། འདུ་བྱེད་ཅེས་བྱ་བ་ནི་འདུ་བྱེད་ཀྱི་ཕུང་པོ་སྟེ། ཅི་འདྲི་བ་ཞིག་ཅེ་ན། སངས་རྒྱས་རྣམས་ཀྱིས་བརྩོན་འགྲུས་ཀྱིས་གུས་པར་དེ་ཁོ་ན་ཉིད་སེམས་པའོ།། མཁ་འགྲོ་མོ་རྡོ་རྗེ་དྲ་བའི་དཀའ ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས། ལེའུ་དགུ་པའི་རྣམ་པར་བཤད་པའོ།། ། རྡོ་རྗེའི་མིག་གིས་ཞེས་བྱ་བ་ནི་ཐོགས་པ་མེད་པའི་སྤྱན་གྱིསོ།། རྫུ་འཕྲུལ་སྣ་ཚོགས་དྲ་བ་ཡིས་ཞེས་བྱ་བ་ནི་ལྷག་པར ་མོས་པ་དང་། མངོན་དུ་ཕྱོགས་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་། ལྷའི་རྫུ་འཕྲུལ་ལོ།། དེ་ལ་ལྷག་པར་མོས་པ་ནི་སེམས་ཅན་རྣམས་སངས་རྒྱས་ཀྱི་གཟུགས་དང་། སངས་རྒྱས་རྣམས་ཀྱང་སེམས་ཅན་གྱི་ལུས ་དང་དབྱེར་མེད་པར་མོས་པའོ།། མངོན་དུ་ཕྱོགས་པ་ཞེས་བྱ་བ་ནི་ན་མཁའ་ལས་བང་མཛོད་ལ་སོགས་པ་སྟོན་པའོ།། མངོན་པར་འདུ་བྱེད་པ་མེད་པ་ནི་སྐྱེ་བ་དང་། བྱང་ཆུབ་པ་ཞེས་བྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ ་ལ་སོགས་པ་ལྷུན་གྱིས་གྲུབ་པར་སྟོན་པོའོ།། མཁའགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བཅུ་པའི་རྣམ་པར་བཤད་པའོ།། ། ཞི་བའི་སེམས་ཞེས་བྱ་བ་ནི་རབ་ཏུ་དང་བའི ་སེམསོ།། དབང་བསྐུར་བ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཁྭ་དོག་དཀར་པོ་ལྷའི་རྣལ་འབྱོར་ལ་གནས་ནས། སྤྲེའུ་དང་འདྲ་བ་ལ་སོགས་པ་ནི་ནད་བཅོམ་སྟེ། རང་གི་སྙིང་ག་འམ་ཤེས་རབ་ཀྱི་པདྨར་སྒྲུབ་པར་བྱ ་བ་ཆུའི་དཀྱིལ་འཁོར་ལ་བཞག་སྟེ། བུམ་པ་དཀར་པོ་ཐོགས་པའི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ནས། སངས་རྒྱས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱིས་བསྒྲུབས་པའི་ལྷའི་སྐུར་བལྟའོ།། རྒྱས་པའི་སེམས་ཞེས་བྱ་བ་ཡོ་།། ་འདིར་ཡང་རྡོ་རྗེ་ཉི་མའི་རྣལ་འབྱོར་གྱིས་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས་པར་བྱ་བའི་བསྒྲུབ་པར་བྱ་བ་ལ་བུམ་པ་སེར་པོའི་ཆུ་རྒྱུན་གྱིས་དབང་བསྐུར་བཾ་སྔ་མ་བཞིནོ།། རྗེ་སུ་ཆགས་པའི་སེམས་ཞེས་བྱ་བ་ནི་ཞེན་པའི ་སེམས་ཏེ། གར་གྱི་དབང་ཕྱུག་ལ་སོགས་པའི་རྣལ་འབྱོར་ལ་གནས་ནས་བུམ་པ་དམར་པོའི་ཆུ་རྒྱུན་གྱིས་དབང་བསྐུར་བ་སྔ་མ་བཞི་ནོ།། གདུག་པའི་སེམས་ཞེས་བྱ་བ་ནི་གདུག་པ་མི་གདུག་པ་མི་བཟོད་པ་སྟེ། མི་བཟང ་པའི་སེམསོ།། མེའི་སྤྲིན་ཚོགས་ཀྱི་ཆར་པས་གསོད་པར་བྱེད་པའོ།། མཁའགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལྡེའུ་བཅུ་གཅིག་པའི་རྣམ་པོར་བཤད་པའོ།། ། རི་སུལ་ཚང་ཚིང ་ཞེས་བྱ་བ་ནི་འདབ་ན་གནས་པའི་བཀད་སའོ།། ཡང་ན་བྱང་ཆུབ་སེམས་མྱང་བ་ལས་མི་གེཡོ་བའི་ཕྱིར་རི་སུལ་ནི་ཤོས་རབ་པོ།། ཚང་ཚིང་ཕུག་ནི་དེའི་ཆོས་འབྱུང་བའི་ནང་དུ་ཆུད་པའི་པདྨའོ།། མེ་ཏོག་འབྲས་བུ་ལ ་སོགས་བརྒྱན་ཞེས་བྱ་བ་ལ་མེ་ཏོག་གི་སྔོན་གྱི་ལས་སོ།། འབྲས་བུ་ནི་དེའི་ཚེ་འདིའི་ལུས་ཏེ། རྣམ་པར་སྨིན་པ་ཡིན་པའི་ཕྱིར་རོ།། ཡང་ན་མེ་ཏོག་གི་རྡུལ་ལོ།། སོགས་ཀྱིས་ནི་ནས ་སོགས་པ་གཟུང་བར་བྱའོ།། བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པ་ལ་ཅི་སྟེ་གཟུང་བ་དང་འཛིན་པ་ལ་སོགས་པའི་དངོས་པོ་བརྟག་པ་ཉིད་ཀྱིས་ཇི་ལྟར་དོན་དམ་པ་བྱང་ཆུབ་ཀྱི་སེམསུ་གྱུར་སྙམ་ནས། དངོས་པོ་བདེན་བརྫུན ་རྣམ་དཔྱད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་པས་རྣམ་པར་དཔྱད་ན། གཟུང་བ་དང་། འཛིན་པའི་དངོས་པོ་ཉིད་དུ་མི་རུང་བས། མི་བདེན་ཞིང་སེམས་འབའ་ཞིག་རྣམ་པར་གནསོ།། ཞེས་བྱ་བའི་དོན་ཏོ།། ཅི་སྟེ་གཟུང ་བ་ལ་སོགས་པའི་ཕྱི་རོལ་གྱི་དངོས་པོར་མི་རུང་ཡང་རྣམ་པར་ཤེས་པ་ཉིད་དུ་རྫསུ་ཡོད་ངོ་ཟེར་ན། སྐྱེ་བ་མེད་པའི་སྦྱོར་བ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་དང་དུ་མ་ལ་སོགས་པའི་སྦྱོར་བ་འདིས་ཇི་ལྟར་ཕྱི ་རོལ་གྱི་དོན་ལ་གནོད་པ་ལྟར་རྣམ་པར་ཤེས་པ་ལ་ཡང་གནོད་པར་བྱེད་པོ་ཡིན་ཏེ། འདིར་བཏང་སྙོམ་སུ་བཞག་པ་འམ་དངོས་པོ་དོན་དམ་པཱ་ལས་འགའ་ཡང་ཡོད་པ་མ་ཡིན་ནོ།། སྐྱེ་བ་འདི་ནོ་ཞེས་བྱ་བ་ནི་སྟོང་པོ ་སྟེ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བྱུང་བའོ།། ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་ཞེས་བྱ་བ་ནི་དོན་འདིའོ།། ཤཱུནྱ་ཏ་ཛྙཱ་ན་སྟེ་རབ་ཏུ་གསལ་ཙམ་ཡིན་པའི་ཕྱིར་རོ།། བཛྲ་ཞེས་བྱ་བ་ནི་བདག་ཉིད་མི་ཕྱེད་པའི་ཕྱིར་སྒྲིབ་པ་ཐམས ་ཅད་འཇོམས་པའི་ཕྱིར་རོ།། ཡང་ན་སྟོང་པ་ཉིད་ཀྱི་དོན་ཅན་གྱི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་ཨོཾ་ནས་བྱའོ།། མཉམ་པ་ཉིད་ཀྱི་ཡ་ཤས་ནི་ཤཱུནྡྷམ་སར་རྟོག་པའི་ཡེ་ཤེས་ནི་ཛྙཱ་ནཱའོ།། བྱཱ་བཱ་ནན་ཏན་གྷེ་ཡེ་ཤེས་ནི་བཛྲཱ་སྟེ། སྦྲུལ ་སྐུ་ན་མཁའ་ཇི་སྲིད་བར་གནས་པའི་ཕྱིར་རོ།། ཤིན་ཏུ་རྣམ་པར་དྲག་པོའི་ཡེ་ཤེས་ནཱི་སྭ་བྷཱ་བཱ་ཨཱཏྨ་ཀེ&ཧཾ་།། མི་འཆི་སྦྱོར་བ་ཞེས་བྱ་བ་ནི། བསྲུང་བའི་འཁོར་ལོ་ལ་བགླེགས་དོགའི་རྣལ་འབྱོར་དུ་གནས་པའོ།། རྡོ་རྗེ་དཀྱི ་འཁོར་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་རོ།། འོད་ཀྱི་དཀྱིལ་འཁོར་ནི་མེ་ལོང་གི་དཀྱིལ་འཁོར་རོ།། མཁའ་འགྲོའི་དཀྱིལ་འཁོར་ནི་དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་རོ།། སའི་ཆ་ཞེས་བྱ་བ་ནི་བྱ་བོ་ནི་བདག་མེད་མའི་དཀྱིལ་འཁོར ་མཁ་འགྲོ་མོ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལྔས་ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། །། བྱ་བའི་རྒྱུད་ཅེས་བྱ་བ་ནི་ཕྱི་རོལ་ཏུ་ཟ་མ་ལྀ་སོགས་པའི་ལྷར་དམིགས་པ་དང་། ་གཙང་སྦྲ་དང་མི་སྨྲ་བ་ལ་སོགས་པ་ལྷུར་སྤྱོད་པའོ།། བྱ་བའི་སྦྱོར་བ་ཞེས་བྱ་བ་ནི། བདག་ལས་ཕྱི་རོལ་ཏུ་དམིགས་པའོ།། རྣལ་འབྱོར་ཞེས་བྱ་བ་ནི་རང་གི་འཁོར་ལོས་སྒྱུར་བའི་ཡེ་ཤེས་དང་བདག་ཉིད་རོ་གཅིག་ཏུ་དམིགས ་པའོ།། རྣལ་འབྱོར་བླ་མ་ཞེས་བྱ་བ་ནི་རང་གི་རིག་པ་དང་འཁྱུད་པ་ལས་བྱུང་བའི་དགའ་བ་མཆོག་གི་གསང་ཆེན་ལ་སྤྱོད་པའོ།། རྣལ་འབྱོར་བླ་ན་མེད་པ་ཞེས་བྱ་བ་ནི། རང་གི་ལྷའི་རྡོ་རྗེ་པདྨ་སྦྱོར་བ་ལས་སྐྱེས་པའི ་བདེ་བ་མཆོག་ལ་དམིགས་པའོ།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་ཞེས་བྱ་བ་ལ་སྟེང་པ་ཉིད་ནི་གཉིས་པ་གཏན་མེད་པའི་མཚན་ཉིད་དེ་ཡང་དག་པའི་མཐའོ།། དེ་ཉིད་དོན་དམ་པ་དང་། དེ་བཞིན་ཉིད ་ཅེས་བྱ་བ་ལ་སོགས་པའི་རྣམ་གྲངསོ།། སྙིང་རྗེ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་བསྡུས་པར་འགྱུར་བའི་ལྷའི་དཀྱིལ་འཁོར་ཏེ། དེ་དང་དཀར་མེད་པའི་རོ་གཅིག་ཏུ་གྱུར་པའོ།། དེ་ལ་རྒྱུ་རྡོ་རྗེ་འཛིན་པའི་ཧོ་གཉིས་དང་སྤེལ་བའི་ཡི་གེ་གཉིས ་ཞུགས་པ་འམ། སྐུ་གཉིས་ཞུགས་ཀྱང་རུང་སྟེ། ལྟེ་བའི་པདྨར་འདོད་ཆགས་ཀྱི་མེ་འབྲར་བས་བཞུ་བ་ལས་སྐུ་གཉིས་ཞུ་བར་གྱུར་བའི་བདག་ཉིད་ནི་སྟོང་པ་ཉིད་དོ།། དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་འགྲོ་བ་རྣམས་ཀྱིས ་འགྲོ་བ་རྣམས་ལ་ཕནི་འདོགས་པ་ནི་སྙིང་རྗེ་སྟེ་དེ་དང་དབྱེར་མེད་པའི་ལྷའི་སྐུའི་རང་བཞིནོ།། མཁའ་གྲོ་མ་རྡོ་རྗེ་དྲཝ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས་ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། ་བཟང་པོའི་སྤྱོད་ཡུལ་ཞེས་བྱ་བ་ལ་བཟང་པོ་ནི་རི་ལུ་ལ་སོགས་པའི་དངོས་གྲུབ་རྣམསོ།། སྤྱོད་ཡུལ་ནི་སྤྱོད་པ་སྟེ་སྒྲུབ་པའི་ཐབས་ཞེས་བྱ་བའི་བར་དུའོ།། རྡོ་རྗེ་ཞེས་བྱ་བ་ནི་དགྱེས་པའི་རྡོ་རྗེའོ།། ལུགས་གསུམ་ཞེས་བྱ་བ་ནི ་གཞན་ལས་གསུངས་པའི་ངེས་པ་འདིར་སྦྱར་ཏེ། མངངས་བཟངས་རི་ཁོང་ཅན་དང་འོད་བྱེདེ་རྣམས། གསུམ་བཞི་རིགས་བྱང་གྲངས་ཀྱི་མན་ཆ་དང་།། ཐུབ་པའི་ཡོན་ཏན་མངའ་ཡི་གྲངས་བཞིན་དུ།། ར་ཏིར་བབས་པས ་རི་ལུ་བཀྲི་བར་བྱ།། ཡང་ན་གཞན་ནས་གསུངས་པ། གསེར་དང་དངུལ་དང་དེ་བཞིན་ཟངས་མ་རྣམས།། མེ་དང་མདའ་དང་ཟུང་གི་མན་ཆ་དང་། བཅུ་དྲུག་གསུམ་དང་དྲུག་སྟེ་རིམ་བཞིན་དུའོ།། རི་ལུ་མཐུག་པོར་བཀྲི་ཞེས ་གསུངས་པ་དེ་བཞིན་དུའོ།། ཀླུའི་རྒྱལ་པོ་ཞེས་བྱ་བ་ནི་སྦྲུལ་མགོ་གཉིས་པའོ།། ས་བོན་ཞེས་བྱ་བ་ནི་ཁུ་བའོ།། རྡོ་རྗེ་སོར་མོ་ཞེས་བྱ་བ་ནི་སོར་མོ་གླང་པོ་ཆེའི་སྣ་ལྟ་བུ་ལ་སོགས་པའོ།། རྡོ་རྗེ་ལཱྀ་ཞེས་བྱ་བ་ནི་ཧཱུཾ་དང་རྡོ་རྗེས་མཚན ་པའི་ལྕེའོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རང་གི་མཆིན་ནོ།། རྡོ་རྗེ་འཁྱུད་བ་ཞེས་བྱ་བ་ནི་མགྲིན་པར་དམ་པོར་བསྡམས་པོའོ།། རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་མི་ཕྱེད་པའི་བདེ་བའོ།། པདྨ་ཆགས་པ་ཞེས་བྱ་བ་ནི་རྡོ་རྗེ་དང ་ལྡན་པའོ།། རྡོ་རྗེའི་བདག་ཉིད་འགུག་པར་བྱ་ཞེས་བྱ་བ་ནི་ཁ་སྦྱོར་བྱེད་པ་སྟེ། བླ་མའི་བཀའ་ལས་ཤེས་པར་བྱ་སྟེ། རྡོ་རྗེ་ཅན་གྱི་སར་འགྲོ་འགྱུར་ཞེས་བྱ་བ་ནི་ལུག་གི་ཤིང་རྟའི་སྟེང་དུ་རཾ་ལས་ཉི་མའི་དཀྱིལ་འཁོར ་གཞག་ལ་དེར་ཧཱུཾ་ལ་རྡོ་རྗེ་ཅན་གྱི་གཟུགས་བསྐྱེད་ནས་མིག་ལོ་སོགས་པ་བྱིན་གྱིས་བརླབས་ཏེ། བསྲུང་ཞིང་ཁ་སྦྱོར་ལ་སོགས་པའི་གན་སུ་བཀྲི་ཞིང་བཞུགས་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། བདག་བྱིན་བརླབ ་པའི་རྣལ་འབྱོར་ཞེས་བྱ་བ་ནི་རྫོགས་པའི་རིམོ་པའི་རྣལ་འབྱོར་རོ།། སྙིང་གའི་དབུས་འགྱུར་ཞེས་བྱ་བ་ནི་ནོར་བུ་གཉིས་བཅིང་བའི་མཚམས་སུའོ།། རྡོ་རྗེ་བདག་མེདོ་མཁའ་གྲོ་མོ་ཞེས་བྱ་བ་ནི་རྡོ་རྗེ་ཡོངསུ་གྱུར་པ ་ལས་བདག་མེད་མའི་རང་བཞིན་གྱིས་ཡུངས་ཀར་ཕྲ་མོ་རིན་པོ་ཆེས་བསམ་པའོ།། བརྟན་པ་དང་གཡོ་བ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་འཁོར་ལོའོ།། ཁ་ཅིག་ནི་བྱང་ཆུབ་ཀྱི་སེམས་འཛག་པའོ།། ་ཞེས་ཟེར་རོ།། རྣམ་པར་དག་མཐའ་ཞེས་བྱ་བ་ནི་རྣམ་པར་དག་པའི་མཐའ་སྟེ་དབུ་མར་གྱུར་པའོ།། རྟོག་པའི་དྲ་བ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་རྣམསོ།། བེམས་པོ་མིན་ཞེས་བྱ་བ་ནི། རབ་ཏུ་གསལ་བ་ཙམ་ཡིན་པའི་ཕྱིར ་རོ།། བརྫུན་པ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའོ།། བདག་ཉིད་ཅེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་གཟུགས་ཀྱི་སོ།། སྒྲིབ་པ་ལྔ་ཞེས་བྱ་བ་ནི་འདུན་པ་དང་གནོད་སེམས་དང་། སྙོམས་ལས་དང་། གཉིད་དང་། ཐེ་ཚོམ་ཟོ་བ ་རྣམསོ།། རྣམ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ལ་མཁས་པའོ།། འབྲས་བུ་དང་རྗེ་སུ་མི་མཐུན་པའི་རྒྱུ་ལས་འགྲུབ་པ་དགག་པར་བྱ་བའི་ཕྱིར། འདི་ལྟར་མཚན་སུམ་ཅུ་རྩ་གཉིས་དང་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། འདིའི་དོན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྗེསུ་གཟུང་བའི་ཕ་རོལ་ཏུ་ཕྱིན་པ་ལྔ་བསྡུས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཉིད་ཐབས་ཡོན་གྱི་ཚུལ་གཞན་དང་སྟོང་པ་ཉིད་འབའ་ཞིག་ནི་ན་མཁའི་མཐའ་ཡས ་སྐྱེ་མཆེད་ལ་སོགས་པ་ལྟར་ཞི་བ་ཉིད་ཀྱིས་མི་ཁོམ་པ་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ།། བདེ་ནི་བ་མ་ཡིན་ཞེས་བྱ་བ་ནི་གཅིག་དང་དུ་མས་དཔྱད་ན་སྣང་བ་ཙམ་ཡིན་པའི་ཕྱིར་རོ།། བརྫུན་པ་ཡང་མ་ཡིན་ཞེས་བྱ་བ་ནི ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་སྣ་ཚོག་སུ་སྟོན་པའི་ཕྱིར་རོ།། དོར་བར་བྱ་བ་མ་ཡིན་ཞེས་བྱ་བ་ནི་སྤང་བར་བྱ་བའི་སྒྲིབ་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ།། བླང་བར་བྱ་བ་མ་ཡིན་ཞེས་བྱ་བ་ནི་སྟོན་མེད་པ་སྐྱེད་པར་བྱེད་པའི། ་ཕྱིར་རོ།། ཁུ་ཚུར་ཞེས་བྱ་བ་ནི་སོར་མོ་ཐམས་ཅད་བསྐུམ་པའོ།། སེངྒེའི་རྣ་བ་ཞེས་བྱ་བ་ནི་མཛུབ་མོ་དང་ཅུང་ཟད་བསྐུམ་པའོ།། འདོད་པ་ཞེས་བྱ་བ་ནི་པྲི་ཡང་ཀུའོ།། བཽ་ལ་ཞེས་བྱ་བ་ནི་གཽནྟ་རི་སའོ།། སཱ་ལི་ཛ་ཞེས་བྱ་བ་ནི ་ཁོན་དུ་སའོ།། ཀྭ་ཙོ་རཱ་ཞེས་བྱ་བ་ནི་ཤྲ་ཏིའོ།། འདི་ནི་ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ལ། འདི་ཞེས་བྱ་ང་རྒྱུ་མཚན་ཏེ། བསོད་ནམས་ཀྱི་བསག་པའི་ཕྱིར་རོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་ཧཱུཾ་གི་སྭ་བསྐྱེད་པཱའོ།། ་དེ་རུ་ཞེས་བྱ་བ་ནི་པདྨའི་སྣ་རྩེ་སྟེ་པདྨའི་ནོར་བུའོ།། དབྱངས་ཞེས་བྱ་བ་ནི་དག་སྟེ། ནོར་བུར་དེར་སངས་རྒྱས་ཀྱི་གསུང་ནི་རང་བཞིན་ཨ་དགོད་པའོ།། ཡིད་བཞིན་ནོར་བུ་ཞེས་བྱ་བ་ནི་རྡོ་རྗེ་ནོར་བུའོ།། ནོ་ར་བུའི་སྥོ་རུ་ཡི་གེ ་ཕཊ་ཅེས་བྱ་བ་ནི་ཕཊ་སེར་པོའོ།། སྤྱན་གྱི་ལག་པ་ཞེས་བྱ་བ་ནི་མཛུབ་མོའི་རྒྱབ་ནས་གུང་མོས་འཛུབ་མོའི་རྩེ་མོ་སྟེ་བ་སྟེ། མིག་ལྟར་བྱས་པ་རྣ་བའི་སྟེང་དུ་གཞུག་པའོ།། ཉན་པའི་ལག་པ་ཞེས་བྱ་བ་ནི་བ་དན་ལྕེ་གཉིས ་པའི་ཚུལ་དུ་བྱས་ནས་ཀུན་ཏུ་བསྐོར་པོའོ།། གཡོན་པས་ནི་བསྐོར་བར་བྱ་བ་ནི་ལག་པ་གཡོན་པ་ཁ་སྦུབ་པའོ།། སྟེང་དུ་གཡས་པ་ཁུ་ཚུར་བཅངས་ནས་མཐེ་བོ་བསྐྱེད་པའོ།། རྡོ་རྗེ་སྟོབས་ཞེས་བྱ་བ་ནི་རྡོ་རྗེ་རྩེ་གཅིག་པ ་དང་། རྩེ་གསུམ་པ་དང་། རྩེ་ལྔ་པ་དང་། སྣ་ཚོགས་རྡོ་རྗེའི་འགྲོསོ།། ཁ་བཅུ་པའི་ཚུལ་ཞེས་བྱ་བ་ནི། སོར་མོ་བཅུ་ཆར་བསྐྱོད་ལ་རྩེ་མོར་བྱས་པའི་ཚུལ་ཏེ། དེ་ཡང་སེངྒེ་འགྲོས་ཀྱི་ཚུལ་དང་། སེངྒེ ་བསྒྱིངས་པའི་ཚུལ་དང་། རྡོ་རྗེ་འཇིགས་བྱེད་ཀྱི་ཚུལ་དང་། སྦྲུལ་མགོའི་ཚུལ་ཏེ་རྣམ་པ་བཞིའོ།། དབྱུག་པ་བཀྲ་བོ་ཞེས་བྱ་བོ་ནི་དབྱུག་པ་དང་བཀྲ་བོ་ཞེས་བྱ་བར་སྦྱར་ཏཱཾ། ཐ་མལ་པའི་སྒྲ་འབྱིན་པའོ།། དེ་ཡང་སྐྱེ་བ་ལ་སོགས ་པའི་ཚུལ་རྣམ་པ་བདུན་ཏེ། པི་ཝང་ལྀ་སོགས་པའི་སྒྲ་བྱེད་པའི་ཚུལ་རྣམ་པ་བདུན་ནོ།། དབྱུག་པའི་ཚུལ་ཞེས་བྱ་བ་ནི་མཐེ་བོ་དབྱུག་པ་བསྒྲེང་བ་སྟེ། སངས་རྒྱས་ལ་སོགས་པ་རྣམ་པ་བཅུ་གཉིས་སོ།། བཱ་དན་གཉིས་པ་ཞེས་བྱ་བ ་མཛུབ་མོ་མཐེ་བོ་སྐམ་པ་ལྟར་འཛིན་པའོ།། བ་དན་གསུམ་པ་ཞེས་བྱ་བཱ་ནི་མཐེ་བོང་དང་གུང་མོ་གཉིས་དེ་བཞིན་དུ་བྱེད་པའོ།། མཁ་འགྲོ་མ་རྡོ་རྗེ་དྲ་དྷའི་དཀའ་འགྲོལ་དེ་ཁོ་ན་ཉིད་རྒྱས་པ་ལས། ལེའུ་བཅུ་བཞི་པའི་རྣམ་པར་བཤོད་པའོ།། ་ཀུ་རུ་ཀུ་ལླེ་ཞེས་བྱ་བ་ནི་ལྷ་མྱོ་ཀུ་རུ་ཀུ་ལྡེ་སྟེ། དྲི་ཡང་ཕྱེད་ཀྲུང་བཙ་སོ་པའི་གུར་གྱིས་བཞུགས་ཤིང་མི་རུས་ཀྱི་རྒྱན་ལྀ་སོགས་པས་ཀླུབས་ནས་དུར་ཁྲོད་བརྒྱད་ཀྱི་དབུས་ན་བཞུག་སོ།། ཞེས་མན་དྲུག་ལས་བཤད་དོ།། མ་ནི་ཞེས་བྱ་བ་ནི ་ཤིན་ཏུ་རིན་ཐང་མེད་པའི་ནོར་བུ་དང་འདྲེ་བའི་སོ་སོར་རྟོག་པའི་ཡེ་ཤེས་སོ།། ཅི་སྟེ་ཡེ་ཤེས་སོ་སོར་རྟོག་པ་ཡིན་ན། རྟོག་པ་དང་བཅས་པར་མི་འགྱུར་རམ་ཞེ་ན། པདྨ་ཞེས་བྱ་བ་སྨོས་ཏེ། ཅི་ལྟར་པདྨ་འདམ་གྱིས་མ་གོས་ལྟར ་ཡེ་ཤེས་དེ་སྐྱོན་གྱིས་གོས་པ་མེད་དོ།། ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་ཧཱུཾ་ཕ་ཞེས་བྱ་བ་སྨོས་ཏེ། ཧཱུཾ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པས་སྟོང་པའི་ཡིད་དོ།། ཕཊ་ཅེས་བྱ་བ་ནི་རྣམ་པར་རྟོག་པ་འདྲལ་བའོ།། མ་ཛུ་བཛྲ་ཡ ་ཞེས་བྱ་བ་ནི་མིང་ངོ་།། མུ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡིད་ཀྱི་མཆོག་སྟེ། ཧྲཱིཿཞེས་བྱ་བ་ནི་བདུད་ཐམས་ཅད་གན་རྒྱལ་དུ་བསྒྱེལ་བའོ།། ཧཱི་ཞེས་བྱ་བ་ནི་འཚོ་བ་གཅིག་པ་ཡི་དགས་དང་། དམྱལ་བ་ལ་སོགས་པ ་སྣསྡང་བ་རྣམས་འདུལ་བའོ།། བཱི་ཀྲཱྀ་ཏ་ཨ་ནནྣ་ཞེས་བྱ་བ་ནི་ཞལ་རྣམ་པར་འགྱུར་བས་འཇིག་སུ་རུང་པོའོ།། ཧཱུཾ་ཕཊ་ཅེས་བྱ་བ་གཉིས་ནི་རྒ་བ་དང་འཆི་བ་སྤེལ་བར་བྱ་བའོ།། མ་རི་ཙི་ཞེས་བྱ་བ་ལ་མ་ཞེས་བྱ་བ་ནི་བདུད་དོ།། ་ལ་མ་ཞེས་བྱ་བ་ནི་བདུད་དོ།། ཅི་ཞེས་བྱ་བ་ནི་གནོན་པ་སྟེ། བདུད་རྣམས་གནོན་པས་མ་རི་ཙིའོ།། བ་སུ་ཏ་རེ་ཞེས་བྱ་བས་ནི་སྤྱན་དྲང་བའོ།། བ་སུ་བིཥྚི་ནི་བ་ད་ནོ་ཞེས་བྱ་བ་ལ། བ་སུ་ནི་རིན་པོ་ཆེ་ལ་སོགས་པའི་ནོར་རྣམསོ།། བཥྚི་ནི ་དེར་ཆར་རེ།། ཛམྦྷ་ལ་ཞེས་བྱ་བ་མིང་ངོ་།། ཛ་ལེནྡྲ་ཞེ་བྱ་ནི་ཆུ་བྱིན་པྲ་དང་དྲུག་སྟེ་ལོ།། ཎྜི་སྩུ་ནི་སྐྱེས་པ་དཔེ་རིན་པོ་ཆེ་མངལ་དུ་འཛིན་པའི་ཕྱི་ར་རོ།། བཛྲི་ཞེས་བྱ་བ་ནི་ངན་འགྲོ་འཇོམས་པ་འཇིགས་པ་རྣམས་རྡོ་རྗེ་ས་འདྲེན་པའོ།། མ་ཧཱ་པྲ་ཏི་སཱ་ར ་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པ་སྡུག་བསྔལ་ཆེན་པོར་ཞུགས་པ་རྣམས་འཇོམས་ཤིང་སྣང་བ་མེད་པར་བྱེད་པའོ།། ཧཱུ~ཾ་ཕཊ་ཅེས་བྱ་བ་ནི་འཇོམས་ཤིང་ལྷུང་བར་བྱེད་པའོ།། མ་ཧཱ་ཀཱ་ལ་ཡ་ཞེས་བྱ་བ་མིང་ངོ་།། ཤ་ཤེ་ན་ཨ ་ཧ་རི་ཨ་པ་ཞེས་བྱ་བ་ནི། བསྟན་པ་གནོད་བྱེད་རྣམས་གནོད་པ་བསྐྱེད་པའོ།། ཡ་ཏི་པྲ་ཏི་ཛྙཱ་ན་སྨ་ར་སི་ཞེས་བྱ་བ་ནི་ཁྱོད་ཀྱིས་དམ་བཅསོ་ཞེས་པའི་དོན་ཏོ།། ཁ་ཁ་ནི་བསྟབ་པའོ།། ཁཱ་ཧི་ཁཱ་ཧི་སྟེར་བར་བཤད ་པའོ།། གྲྀཧྞ་གྲྀཧྞ་ཞེས་བྱ་བ་རིམས་ལ་སོགས་པ་ཞེས་བྱ་བ་དང་སྦྱར་རོ།། བནྡྷ་བྲནྡྷ་ཞེས་བྱ་བ་ནི་མགྲིན་པ་ཞུགས་པ་ཞེས་བྱ་བཱ་དེའི་སྦྱར་རོ།། དཽ་ཧ་ད་ཧཱ་ཞེས་བྱ་བ་འབར་བ་རྣོན་པོར་བྱ་བ་དང་སྦྱ་རོ།། པ་ཙ་པཱ་ཙ་ཞེས་བྱ་བ་ནི་དེ་ཉིད་དེ་སྔར ་གྱི་སྔོན་སྤྱོད་ཀྱི་འཁོརོ་ལོ་རིམ་པ་གསུམ་པར་བྱ་ཞེས་པའི་དོན་ཏོ།། སྐད་ཅི་ག་ཅེས་པ་ནི་ཀུན་ཏུ་གྱི་དགའ་བའོ།། རྒྱུའི་སྐད་ཅིག་ཅེས་བྱ་བ་ནི་ཁྱད་པར་གྱི་དགའ་བའོ།། རང་བཞིན་ཞེས་པ་ནི་ལྷན་ཅིག་སྐྱེས་པའི་རང་བཞིན་ཏོ། ་དེ་ཉིད་ནི་བདེན་པ་ཆེན་པོ་ནི་ཟག་པ་མེད་པའི་བདེ་བ་ཡང་ཡིན་ཏོ།། ཁྱད་པར་དགའ་བ་ནི་ལྷག། མཆོག་ཏུ་དགའ་བ་ནི་མཐའོ།། དངོས་པོ་ཞེས་བྱ་བ་ལ་སོགས་པ་ལ། དྲུག་པོ་རྡོ་རྗེ་སེམས་དཔའོ།། རྫོགས་པའི་སངས་རྒྱས་ཞེས་བྱ་བ ་ནི་དང་པོ་དང་སྦྱར་རོ།། ཆོས་ཞེས་བྱ་བ་ནི་བདག་མེད་པའི་ལྟ་བའོ་རྩ་སྦྱིན་པ་ལ་སོགས་པ་དག་པའི་རྒྱུ་མཚནོ།། དམ་ཚིག་ནི་བསྲུང་བ་དང་བཟའ་བོའོ།། དེ་ལ་བསྲུང་བ་ནི། དཀོན་མཆོག་གསུམ་ལ་གནོད་པ་ལ་སོགས་པའོ།། བཟའ་བོ་ནི ་བདུད་རྩི་ལྔ་དང་བཟའ་བ་ལྔའོ།། དཀྱིལ་འཁོར་བྲི་བར་བྱ་ཞེས་བྱ་བ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ཚེགས་ཀྱི་འཁོར་ལོ་དང་། ཏིང་འཛིན་གསུམ་གྱི་རྣལ་འབྱོར་རྟག་ཏུ་བྱའོ།། ཕྱག་རྒྱ་བཅིང་བ་སྤང་བར་བྱ་ཞེས་བྱ་བ་ནི་རྫོགས ་པའི་རིམ་པའི་རྣལ་འབྱོར་པ་ཕྱག་རྒྱ་ཆེན་པོའི་བདེ་བ་མྱོང་བ་རྣམས་ཀྱི་སྟེ། ལས་དང་པོ་པ་རྣམས་ཀྱི་ནི་མ་ཡིན་ནོ།། དེ་དག་གི་ཕྱག་རྒྱ་བཅིང་པ་སྤང་བ་ཉིད་སྡིག་པར་འགྱུར་རོ།། དཀྱིལ་འཁོར་སོགས་ཞེས་བྱ་བ་ནི་སོགས་པའི ་སྒྲས་ནི་ལུས་རྣམ་པར་གཡོ་བོ་གཞན་བསྡུའོ།། ལུས་ཀྱི་ལས་ནི་མི་བྱ་ཞེས་བྱ་བ་ནི་རྣལ་འབྱོར་རྣམ་པ་གསུམ་གྱི་ལས་སྤྱད་པ་སྟྭ~ཾ། དེ་ལ་ཡེ་ཤེས་ཅུང་ཟད་ལ་དབང་ཐོབ་པ་རྣམས་ཀྱིས་ནི། ཁྱིའུ་དང་བུ་མོ་ལ་པྲཱ་པ་བཱ་ནས ་དཀྱིལ་འཁོར་ལ་སོགས་པ་བྱེད་དུ་གཞུག་གོ། ཡེ་ཤེས་ཀུན་ལ་དབང་ཐོབ་པོ་རྣམས་ཀྱིས་ནི་སེམས་ཀྱི་དཀྱིལ་འཁོར་སྤྲོ་བ་དང་བསྡུ་བ་བྱ་བའོ།། ཡང་དག་པའི་ཡེ་ཤེས་ཀུན་དབང་དུ་འདུས་པ་རྣམས་ཀྱིས་ནི་སྤྲོ་བའི་དཀྱིལ ་འཁོར་དེ་ཉིད་གཟུགས་བརྙན་ལ་སོགས་པ་དང་འདྲ་བར་བསྟན་པར་བྱའོ།། སློབ་དཔོན་མ་ཡིན་ཕྱག་མི་བྱ་ཞེས་པ་ནི་རྙེད་པ་ལ་སོགས་པའི་དབང་གིས་རྒྱལ་པོ་ལ་སོགས་ལ་མི་འདུད་པའོ།། བླ་མ་ཞེས་བྱ་བ་ནི་སྔགས་ལ་སོགས ་པ་སྟོན་པར་བྱེད་པའོ།། རྒན་པོ་ཞེས་བྱ་བ་ནི་སློབ་དཔོན་རྒན་རབས་སོ།། ལྷག་མ་ནི་ལས་དང་པོ་པ་སྟེ་གོ་སླའོ།། དཔལ་རྡོ་རྗེ་འཛིན་པས་དབང་བསྐུར་ཞེས་བྱ་བ་ལ་སོགས་པ་ལ་དེ་ཁོ་ན་ཉིད་བཅུ་ཤེས་ཤིང་དཀྱིལ ་འཁོར་བྲི་བོའོ་ལས་ལ་མཁས་ལ། དམ་ཚིག་དང་སྡོམ་པ་ལ་གནས་པ་རྟག་ཏུ་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་དང་ལྡན་ཞིང་། གཞན་ཡང་ཇི་སྐད་སྨོས་པའི་ཡོན་ཏན་དང་ལྡན་པའི་སློབ་དཔོན་ནི་རྡོ་རྗེ ་འཛིན་པའོ།། དེས་དབང་བསྐུར་བའི་ཆོ་ག་ཇི་ལྟ་བ་བཞིན་དུ་སྦྱང་བ་སྟེ། གཞན་གྱིས་ནི་མ་ཡིན་ནོ།། འཆི་བ་ཞེས་བྱ་བ་ལ་སོགས་པ་ལྔ་འཆི་བ་ཞེས་བྱ་བ་ནི་ཡང་དག་པ་ཉིད་མ་ཡིན ་པ་སྟེ། ནགས་ཚལ་ནས་ནགས་ཚལ་དུ་མཆོད་སྦྱིན་ལ་འགྲོ་བ་ལྟ་བུའོ།། མཁ་འགྲོ་སྤྱོད་གནས་ཞེས་བྱ་བ་ནི། ཡང་དག་པའི་ཡེ་ཤེས་དབང་དུ་ཐོབ་པ་རྣམས་ཀྱིས་ཏེ། ཡེ་ཤེས་ལ་དབང་བ་ནི་གོ་འཕང་བརྙེས ་པའོ།། བདེ་བ་ཅན་ཞེས་བྱ་བ་ནི་མཆོག་ཏུ་དགའ་བའི་འཇིག་རྟེན་གྱི་ཁམས་ཏེ། སོ་བཅུའི་དབང་ཕྱུག་ཐོབ་པའོ།། འདོད་ན་ཞེས་བྱ་བ་ནི་ཡེ་ཤེས་ཅུང་ཟད་ལ་དབང་ཐོབ་པ་རྣམས་ཀྱི་སྟེ། སྐྱེ་བ་ལ་དབང་ཐོབ་པ ་གང་དུ་འདོད་པ་དེར་སྐྱེ་བར་འགྱུར་རོ།། ལས་དང་པོ་པ་རྣམས་ཀྱི་ཡང་གལ་ཏེ་ལས་ཀྱི་དབང་གིས་ང་ནི་འགྲོར་འགྲོ་བ་ན་ཡང་སྭ། ས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོ་ག་སྣ་ཚོགས་ཀྱིས་ཛྷ་སཱ་སུ་འཛིན་པར ་མཛད་དོ།། རྗེས་སུ་མཐུན་པའི་སྨོན་པ་དང་དབང་ཐོབ་པའི་ཕྱིར་རོ།། རྡོ་རྗེ་དྲིལ་བུ་ལག་ཏུ་སྦྱིན་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དེ་བཞིན་དུ་གཞན་དག་ཀྱང་སྦྱར་བར་བྱའོ།། དེ་ལ་དེ་དག་གི་དོན་ནི་འདི་ཡིན་ཏེ། ་རང་གི་འདོད་པའི་ལྷའི་གཟུགསུ་བསྐྱེད་པ་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་སྔོན་དུ་འགྲོ་བས་མིགོ་ལ་སོགས་པ་བྱིན་གྱིས་བརླབས་ནས་སྔགས་ཀྱི་ཕྲེང་བ་ལ་ནི་མང་དུ་བཟླས་པར་བྱ་བ་ཡིན་ནོ།། ་རྗེ་ཟབ་ཁུང་སྦྱོར་བ་ཡིས་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲིས་ལ། དཀྱིལ་འཁོར་གྱི་སྒྲུབ་ཐབས་ལ་སོགས་པ་སྔོན་དུ་འགྲོ་བས། ཆུ་དང་དབུ་རྒྱན་དང་རྡོ་རྗེ་དང་། བདག་པོ་དང་མིང་དང་བུམ་པའི་དབང ་རྣམས་ཀྱིས་མངོན་པར་དབང་པོསྐུར་ཏེ། མཆོད་པ་དང་བསྟོད་པ་དང་། བདུད་རྩི་མྱང་བ་བྱས་ནས། སྔགས་དུ་མར་བཟླས་ཏེ། དེའི་སྙིང་གར་རྡོ་རྗེ་སེམས་དཔའ་འམ། རང་གི་ལྷག་པའི་ལྷའི་དཀྱིལ་འཁོར་པ ་དང་བཅས་པ་བསྐྱེད་ནས། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་གཅིག་བསྲེས་ལ། མཉམོ་པ་ཉིད་དུ་གཤིག་སུ་གསོལ་བར་དམིགས་ཏེ། ཞི་བ་སྦྱིན་སྲེག་གི་གནསུ་བསྲེག་ཅིང་མངོན་པར་སྦྱང་བར་བྱའོ།། གལ ་ཏེ་དེ་ལྟར་མ་བྱས་ནི། མཆོད་རྟེན་བཤིག་པ་ཉིད་དུ་འགྱུར་རོ།། མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ལས། ལེའུ་བཻནྡེ་ལྔ་པའི་བཤད་པའོ།། ། ་བླ་མའི་ཞབསཽ་བཅས་ལས་ཐོབ་པ་ཡི་གདམས་ངག་གང་ཡིན་ངེས། རྒྱུད་རྒྱལ་རྟོག་དཀའ་རྒྱ་ཆེན་འདི་ནི་རིམ་བཞིན་དཀྲོལ་བ་ལས། ཐོབ་པའི་དགེ་བ་དྲི་མེད་ཕུན་ཚོགས་གང་ཡིན་དེ་ཡིས་ནི། འགྲོ་བའི ་ཚོགས་རྣམས་སྡུག་བསྔལ་མེད་པའི་ལམ་དུ་འགྲོ་བར་ཤོག། མཁའ་འགྲོ་མ་རྡོ་རྗེ་དྲ་བའི་དཀའ་འགྲེལ་དེ་ཁོ་ན་ཉིད་རྒྱས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ལྷའི་རིག་བློ་གྲོས་ཆེན་པོ།། ཞེས་བྱ་བས ་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཆེན་པོ་ག་ཡ་དྷ་ར་དང་། ་བོད་ཀྱི་ལོ་ཙཱ་བ་འགོས་ལྷས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ་