| Wylie | e-texts produced with BDRC’s OCR application |
སྤངས་པ་ཞེས་བྱ་བ་ནཱི། ཉན་ཐོས་ལ་སོགས་པའི་ཚུལ་གྱིས་ཀུན་ཏུ་བཏགས་པའི་ངོ་བོ་ཡོད་པ་དང་། མེད་པའི་རང་བཞིན་ཡོངས་སུ་སྤངས་པ་སྟེ། རྡུལ་ཕྲ་མོ་ཚོགས་པ་འཛིན་པ་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་དང་། གཟུང ་བ་ལ་སོགས་པོ་ཕྱིའི་ཡུལ་དྲུག་དང་། བྲལ་བ་ཞེས་བྱ་བའི་དོན་གོང་ཡིན་པ་སྟེ། རྡུལ་ཕྲ་རབ་སུན་ཕྱུང་བའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ཚིག་གསུམ་པ་ཆིས་བདག་མེད་པ་མཉམ་པ་ཉིད་ཅེས་བྱ་བ་གསུངས་པ་ཡིན་ནོ། རྣམ་པར ་ཤེས་པ་ཙམ་གྱི་ཚུལ་ལ་འཇུག་པར་བྱ་བའི་ཕྱིར་རོ།། དེའི་ཕྱིར་ཚིག་བཞི་པ་རང་གི་སེམས་གཟོང་མ་ནས་མ་སྐྱེས་པ་ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་བྱས་ན་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར། སྒྱུ་མ་ལྟ་བུ་ཡིན ་ནོ།། གང་ཞིག་རྟེན་ནས་མི་སྐྱེ་ཞིང་རང་གི་ངོ་བོ་ཉིད་ལས་ཉམས་པར་མི་འགྱུར་བ་དེ་ནི་དོན་དམ་པའི་རང་བཞིན་ཞེས་བྱའོ།། དེའི་ཕྱིར་རང་བཞིན་མེད་པས་རུང་གི་སེམས་གཟོད་མ་ནས་མ་སྐྱེས་པ་ཞེས་བྱའོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ ་ཉིད་དུ་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་སྒྱུ་མ་དང་འདྲ་བ་ནི་མི་དགག་གོ། དེ་བས་ན་དོན་དམ་པར་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ཚིག་ལྔ་པ་གསུངས་པ་ཡིན་ནོ།། ཇི་ལྟར་ཀུན་རྫོབ་དུ་བརྟགས་པ་དང་། གཟུང་བ་དང་འཛིན་པའི་མཚན་ཉིད་ཀྱི་ཆོས་རྣམས ་ནི་དོན་དམ་པར་བདག་མེད་པ་ཡིན་ཏེ།། གཟོད་མྱ་ནས་མ་སྐྱེས་པའི་ཕྱིར་རོ།། མེད་པ་རྣམ་པ་བཞི་པོ་སྣ་ནས་མེད་པ་དང་། ཞིག་ནས་མེད་པ་དང་། གཅིག་ལ་གཅིག་མེད་པ་དང་། གཏན་མེད་པ་དག་ཀྱང་དངོས་པོ་ལ་བརྟེན་པ་རྣམ་པར་བཞག ་པས་ཆད་པ་ཡང་མ་ཡིན་ཏེ། སྟོང་པ་ཉིད་ཀྱང་དངོས་པོ་ལ་བརྟེན་པའི་ཕྱིར་རོ།། དངོས་པོ་ཡོད་ན་དྲིར་རྟོག་པ་ཀུན་ཏུ་འབྱུང་ན་མེད་པས་རྣམ་པར་རྟོག་པ་ཐམས་ཅད་དགག་པས་རྣམ་པར་རྟོག་པ་ཡོངས་སུ་དག་པར་བྱེད་དོ།། དེའི་ཕྱིར་རང་གི ་སེམས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་དེ་ལྟ་བུ་ཡིན་ན། ཇི་ལྟར་དེ་སྔོན་དུ་བཏང་བའི་སྨོན་པའི་བྱང་ཆུབ་ཀྱི་སེམས་དོན་དམ་པའི་ངོ་བོ་ཉིད་ལ་སྤྱོད་པའི་མཚན་ཉིད་ཤེས་རབ་དང་མཚུངས་པར་ལྡན་པ་ནི་འཇུག ་པའི་སེམས་ཞེས་བྱ་སྟེ། དེ་ཁོ་ན་ངེས་པ་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར་རོ།། གཞན་གང་ཞིག་སྤྱོད་པས་ཀུན་ནས་མ་བསླངས་པའི་སེམས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་ཁོང་དུ་ཆུད་པ་ཡང་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ ་ཤེས་པ་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་ཞེས་བྱའོ།། བྱང་ཆུབ་འིམཚ་ཉིད་ཀྱི་སེམས་ནི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བས་དེ་དང་མཚུངས་པར་ལྡན་བཱི་ཤྭེ་རབ་ཀྱང་ཤེ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ།། ཡང་ཁ་ཅིག་ལས་དེ་ཉིད་ཞི་གནས་དང་ལྷག་མཐོང་ཞེས ་བྱ་བར་ཡང་རབ་ཏུ་གྲོགས་ཏེ། དེ་ལ་ཞི་གནས་དང་མཚུངས་པར་ལྡན་པའི་ལྷག་མཐོང་ངོ་།། ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ།། བྱང་ཆུབ་ཀྱི་མཚན་ཉིད་ཀྱི་སེམས་ནི་སྟོང་པ་ཉིད་ཀྱི་དོན་ལ་བྱ་བ་ཡིན་ནོ།། གཞན་དགེ་ལས་གནས ་ཀྱི་སེམས་ཞེས་བྱ་བར་གྲགས་ཏེ། གནས་ནི་སྟོང་པ་ཉིད་ལ་སེམས་མི་གཡོ་བ་ཡིན་ནོ།། དེ་དང་མཚུངས་པར་ལྡན་པའི་སེམས་ནི་གནས་ཀྱི་སེམས་ཞེས་བྱའོ།། དེ་སྟོང་པ་ཉིད་ཀྱི་སེམས་ཀྱིས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་མོས་པའི ་དེ་ཁོ་ན་ཉིད་ཡིད་ལ་སྐྱེད་ཤེས་བྱའོ།། དེ་སྲུང་བ་ཉིད་དང་སྤྱོད་པའི་སྐྱོན་གཉིས་ཡོངས་སུ་སྦྱངས་པས་བྱའོ།། གང་གི་ཚེ་གཉིད་ཀྱི་སྨནྟ་པས་ནོན་ཏེ། དམིགས་པ་ལས་སྡིག་པར་བྱེད་པ་སེམས་ལས་སྐྱེ་བླུ་དི་རི་ཆེ། ཆོས་ལ་སྤྱོད་པའི ་མཚན་ཉིད་ལྷག་མཐོང་གི་སེམས་གཟེང་བསྟོད་ལ་སྟོང་པ་ཉིད་ལ་མཉེས་པར་བཞག་པར་བྱའོ།། འོན་ཏེ་ཡུལ་རྣམས་ཀྱི་རྣམ་པར་སྤྱོང་པོའི་རྒོད་པར་འགྱུར་ནི། དེ་ཡང་དོན་དམ་པ་ལ་སྤྱད་པས། དེ་ལ་དམིགས་པ་བོར་ཏེ་ནི་གནས་ང ་རྫུན་པ་གས་། ཆུང་འདུ་ཤས་ས་འདུ་དྷཱནན། སྤྱང་བྱུང་བ་ས་དམ་ན་ཏེ། རྒྱགནས་ཀྱིངས་སྦྱིན་པ་ས་དུས་དང་སུ་མཡིན་པ་ཅ་རློམས་སྨྲ་བྱ་བ་ཆད་མར་གྱུ ་ནུསྦྱ་ཡང་ནི་གནས་ལ་གནས་པར་བྱའོ།། གང་གི་རྒྱུ་ནི་བཉིད་ཐོབ་ནས། དེ་ལ་མངོན་པར་ཞེན་པར་གྱུར་ན། དེའི་ཚེན་པ་ཉིད་ཀྱང་ངོ་བོ་ཉིད་མེད་པའི་ཕྱིར། དེ་ལ་མངོན་པར་ཞེན་པ་བོར་ཏེ། མ་ཆགས་པ་ཁོ་ན་ལ་གནས་པར་བྱའོ།། དེ་ལྟར་མ ་ཅི་ཡོད་པ་དང་། ཇི་ལྟར་འདོད་པ་དང་། དུས་ཅུང་ཟད་ཅིག་ཏུ་ཡང་མཉམ་པར་གཞག་པའི་ཕྱིར། ཡང་དང་ཡང་དུ་རང་གི་སེམས་ལ་ཡང་དག་པ་ཇི་ལྟ་བཞིན་དུ་རང་བཞིན་བརྟགས་ནས་སེམས་དེ་ལས་བླང་བར་བྱའོ།། བསླང་ནས་ཡང་འདི་ལྟར་གལ་ཏེ། དངོས་པོ ་འདི་དག་ཐམས་ཅད་སྟོང་པ་ནམ་མཁའ་དང་འདྲ་བའི་མཚན་ཉིད་ཡིན་ཡང་། འོན་ཀྱང་དེ་ནི་སྒྱུ་མ་དང་རྨྱི་ལམ་ལ་སོགས་པ་དང་འདྲ་བར་ཐོག་མ་མེད་པའི་དུས་ནས་སོ་སོར་ངེས་པའི་རྒྱུ་དང་འབྲས་བུ་འབྲེལ་པ་ལ་རེག་ལས་པའི་རྒྱུ་དེས་ཕྱིན་ཅི་ལོག་གིས་རྣམ་པར་སྣང་བ ་ཡིན་ཏེ། ལང་ཀར་གཤེགས་པ་ལས། ཆོས་འདི་མ་སྐྱེས་འདི་དག་མེད་མིན་ཏེ།། སྒྱུ་མ་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང་།། རྨི་ལམ་ལྟ་བུ་སྤྲུལ་པ་འདྲ་བ་ཡིན།། ཞེས་གསུངས་པ་ལྟ་བུའོ།། སེམས་ཅན་རྣམས་ཀྱི་ཤེས་པ་མ་རིག་པའི་མུན་པ་ཤས་ཆེན་པོས་ཁེངས་པས ་ཆོས་ཉིད་འདི་དག་ཁོང་དུ་མ་ཆུད་པས་ཡུན་རིང་པོར་འཁྲུལ་པས་རྣམ་པར་ཉམས་པ་ཡིན་ནོ་ཞེས་ཡིད་ལ་བྱ་ཞིང་སྙིང་རྗེ་བསྐྱེད་པར་བྱའོ།། དེས་ཀྱང་དེ་གཟིར་བ་འདི་སྙམ་དུ་དེའི་ཕྱིར་བདག་གིས་ཆོས་ཉིད་འདི་དག་རང་གིས་ཀྱང་རྟོགས་པར་བྱས་ལ། སེམས ་ཅན་ཐམས་ཅད་ཀྱིས་ཀྱང་ཁོང་དུ་ཆུད་པར་བྱའོ་སྙམ་དུ་སམས་ཏྭཱ། དེ་སྒྱུར་བནོནས་པའི་རྒྱ་ཆུབ་ཏུ་སྟོན་པའི་སེམས་ཡོངས་སུ་དག་པ་ཡིན་ནོ།། དྀ་ལྟར་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཡིད་ལ་བྱེད་པ་མ་བརྗེད་པས་ལངས་ནཱ་ཡང་སེམས་ཅན་གྱི་དོན་དུ་བྱུང་ཆུ ་ལ་གནས་པར་བྱེད་ཀྱང་ཆོས་གང་ལ་ཡང་མངོན་པར་ཞེན་པ་མི་འབྱུང་ངོ་།། འདི་ནི་དེ་ལས་ལྡང་བའི་སེམས་ཞེས་བྱའོ།། དེ་ལས་གཞན་པའི་དོན་གྱིས་དམིགས་དག་མངོན་དུ་ཟིན་གྱིས་ཀྱང་རྣལ་འབྱོར་པས་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་ཡིད་ལ་བྱེད ་པ་མི་བཏང་བ་ཁོ་ནར་བྱ་སྟེ། དེས་ན་དེའི་སེམས་ནི་མྱི་དགེ་བ་ལ་ཡང་འཇུག་པར་མི་བྱེད་ལ། དེ་འགྲོ་བ་དྲང་བའི་བསམ་པ་ཉིད་ཀྱིས་གནས་པ་ན། དགེ་བ་རྣམས་ལ་ཡང་གཡོ་བ་ཐམས་ཅད་འཁོར་གསུམ་ཡོངས་སུ་དག་པས་སྒྲུབ་པར་བྱེད་དོ།། དེ་བཞིན་དུ་ཡང ་བྱམས་པ་དང་། སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་ལ་གནས་པས། རྟག་ཏུ་གནས་པར་བྱའོ།། དེས་འདི་ལྟར་ཡང་འགྲོ་བ་མ་ལུས་པ་བྱང་ཆུབ་པར་བྱ་བའི་ཐབས་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ ་མེད་པར་ཐོབ་མི་ནུས་ལ། ཚོགས་གཉིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པ་ཡིན་ཏེ། དེའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས་བཟུང་ནས། ཐམས་ཅད་རྟག་ཏུ་ཡོངས་སུ་རྫོགས་པར་བྱའོ་ཞེས་ཡིད་ལ་བྱ་སྟེ། དྲུག་པོ་རེ་རེ་ལ་ཡང་སྨོན་པར་བྱེད་དོ།། གཞན་ཡང ་དེ་འདི་ལྟར་སེམས་བསྐྱེད་པར་བྱེད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་རྣས་པ་གསུམ་སྟེ། གང་ཟོང་དང་མི་འཇིགས་པ་དང་། ཆོས་ཀྱི་སྦྱིན་པས་དབྱེབས་སོ།། དེ་ལ་ཆོས་ཀྱི་སྦྱིན་པ་ཡང་སེམས་ཅན་མ་བསྡུས་པ་རྣམས་ལ་སྦྱིན་པར་མི་ནུས་ཀྱི། དེ་ནི་བསྡུ་བ ་རྣམ་པ་བཞི་པོ་དག་གིས་སྒྲུབ་པར་ནུས་སོ།། དེའི་ཕྱིར་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པས་སེམས་ཅན་བསྡུ་བར་བྱའོ།། ཞེས་སེམས་ཅན་བསྡུ་བའི་དོན་དུ་སྨོན་ལམ་བཞི་པོ་གཞན་བསྐྱེད་པར་བྱའོ།། ཞེས་སེམས་བསྐྱེད ་པབར་བྱེད་དེ། སྦྱིན་པ་རྣམ་པ་གསུམ་གྱི་ནང་ནས། ཟང་ཟིང་དང་མི་འཇིགས་པ་སྦྱིན་པ་གཉིས་ནི་བསྡུ་བའི་ཐབས་སུ་གྱུར་པ་ཡིན་ལ། ཆོས་ཀྱི་སྦྱིན་པ་ནི་ཐེབས་དེས་བསྒྲུབས་པ་ཡིན་ནོ།། དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་ལ་སྨོན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི ་སྟེ། དེའི་ཕྱིར་སྨོན་ལམ་བཅུ་པོ་དག་ཁོ་ནས་བྱང་ཆུབ་ཆེན་པོ་ལ་སྨོན་པའི་སེམས་དེ་ལེགས་པར་བརྒྱན་ནས་མཐུ་ཅི་ཡོད་པ་དང་། ཇི་ལྟར་བསམས་པའི་དོན་སྒྲུབ་པ་ནི་སྤྲོ་བ་ཆེན་པོ་དང་ལྡན་པའི་སེམས་ཀྱིས་ལྡང་བར་བྱའོ།། ལངས་པའི་ཚུལ་ནི་ཡིན་ཏེ། མིག ་གཉིས་ཕྱེ་ནས་སྔར་རྟོག་པའི་གནས་སྐབས་བོར་ཏེ། མདུན་དུ་ལྟ་བའི་མཚན་མ་བྱས་པའི་གནས་རྣམས་ལ་ལྟ་བར་བྱ་ཞིང་། སྔ་མ་བཞིན་དུ་དེ་རྣམས་ཀྱི་མིང་ནས་བཟུང་ཞིང་ཕྱོགས་ཀྱི་མཚན་མ་བཟུང་བར་བྱའོ།། ལྕེ་རྐན་ནས་ཕབ་སྟེ་ཁ་ལ་བྱུགས་ནས ་དེའི་འོག་ཏུ་སྔོན་བཞིན་དུ་དབུགས་རྔུབ་པ་དབུགས་དབྱུང་བ་དག་བྱའོ།། དེ་ནས་དལ་བུ་ཡིས་ལུས་བསྐྱོད་དེ་སྐྱིལ་མོ་ཀྲུང་བཤིག་ནས་ངལ་བས་སྟེ། ལུས་དང་སེམས་ལས་སུ་རུང་བར་བྱས་ལ། ཅི་ནས་འཁྲུལ་པ་མེད་པར་ལྡང་བར་བྱའོ།། ལངས་ནས ་སེམས་ལེགས་པར་མཉམ་པར་བཞག་པས་མི་དམིགས་པའི་ཚུལ་གྱིས་སྦྱིན་པ་ལ་སོགས་པའི་སྤྱོད་པ་སྤྱོད་ཅིང་། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་བསམ་གཏན་གྱིས ་སྙོམས་པར་ཞུགས་ཤིང་འགྲོ་བ་ལ་གཟིགས་པ་མདུན་དུ་བསམ་པར་བྱའོ།། རྣལ་འབྱོར་སྒོམ་པའི་ལམ། འཕགས་པ་འཇམ་དཔལ་གྱི་ཞབས་ཀྱི་པད་མའི་ཟེ་འབྲུ་སྤྱི་བོས་ལེན་པ། སྡེ་སྣོད་གསུམ་ལ་མཁས་པ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད ་པ་རྫོགས་སོ།། ་