CLOSE WINDOW

GT3307: sgom pa'i rim pa
Wyliee-texts produced with BDRC’s OCR application

xxx ་xxx ་འཚལ་ལོ།། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན ་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་དང་། སངས་རྒྱས་ཀྱི་ས་ཞེས་བྱ ་བ་ཡིན་ནོ།། ཅི་ལྟར་སོ་གའི་སྨིག་རྒྱུ་ནི།། གཡོ་ལ་འཁྲུལ་པའི་ཤེས་པ་ཡིས།། རི་དྭགས་ཆུ་རུ་འཛིན་པ་གང་།། དངོས་དེ་ཡོད་པ་མ ་ཡིན་ནོ།། དེ་བཞིན་རྣམ་ཤེས་ས་བོན་གང་།། གཡོ་བ་མཐོང་བའི་སྤྱོད་ཡུལ་ལ།། རབ་རིབ་མུན་པ་གང་ཡིན་པས།། བྱིས་པ་ཡི་ནི་འཛིན་པ་འབྱུང་།། གཏོང་དང་བཏང་དང་དེ་བཞིན་སྦྱིན།། སྤངས ་དང་བདེན་པར་ལྟ་བ་རྣམས།། འདི་དག་རྟོགས་པ་ཙམ་ཉིད་དུ།། ཤེས་པས་རྣལ་འབྱོར་པ་དེ་གྲོལ།། སྙིང་པོ་མེད་པའི་ཆོས་འདི་ནི།། རྟོག་པ་ལས་ནི་མ་ལུས་བྱུང་།། གང་རྟག་དེ་ཡང་སྟོང་པ ་ཉིད།། དེ་ལྟར་སྟེང་ཉིད་གྲོལ་བ་ཡིན།། ཇི་ལྟར་མཚོ་ཆེན་སྟོངས་པ་ལ།། རླབས་ནི་འབྱུང་བ་ཡོད་མ་ཡིན།། དེ་བཞིན་སྣ་ཚོགས་རྣམ་ཤེས་ནི།། དངོས་མེད་པ་ལ་འཇུག་པ་མེད།། སྟོང་ཞིང་། ་དངོས་པོ་མ་གྲུབ་པས།། སྒྱུ་མའི་དངོས་པོ་སྐྱེ་བ་མེད།། དེ་བཞིན་ཡོད་པ་མ་ཡིན་ཏེ།། དངོས་པོ་རྨི་ལམ་ལྟ་བུ་ཡན།། རང་གི་ངོ་བོ་གཅིག་མཐོང་བ། འཕགས་པའི་སྤྱོད་ཡུལ་མཐོང་བ་ཡིས།། ། ་##།། གཉིས་ཀྱི་དངོས་པོ་སྤྱོད་འགྱུར་ཏེ། འཛིན་པ་མེད་ཅིད་གཟུང་བ་མེད། བཙོངས་པ་མེད་ཅིང་འཚོང་བ་མེད།། སྒྱུས་སྒྲོག་ཏུ་འདྲ་བ་སྟེ།། གྲོ་ལ་མ་བརྗོད་པ་རབ་བ་བཞོན།། གུང་ཚོ་དེ་ཉིད་དོན་མཐོང་བ།། དྲི་ཚརྣལ་འབྱོར་མཉམ་གཞག་པས།། མི་རྟོག་བརྗོད ་པ་ཡོད་མ་ཡིན།། རང་གི་མཐོང་བ་འི་ཚོམ་མེད།། ནམ་མཁའི་ཆོས་ནི་འབའ་ཞིག་བཞིན།། གང་ལ་རྣམ་རིག་ཅུང་ཟང་མེང་།། དེ་བཞིན་ཆོས་འདི་རྣམ་ཤེས་པ།། ཅུང་ཟད་ཤེས་པ་ཡོད་མ་ཡིན།། འཐུང་བ་དང་ནི་གནས་པ་ཉིད།། བྱིས་པ་རྨོངས་པ་རྣམས་ལ་སྔ ་ཤེས་རབ་རིགས་པས་ལྟ་བ་ལ།། སྐྱེ་བ་དང་ནི་གནས་པ་མེད།། རྟག་ཏུ་མི་རྟོག་རིག་པ་སེས།། སེམས་དང་སེམས་བྱུང་རྣམ་སྤངས་ནས།། བདག་ཐཾད་ལྟ་རུ་ཤིན་ཏུ་གནས།། སྡིག་པ་ཐམས་ཅད་རྣམ་པར་སྤངས།། དེ་ལྟར་མཁྱེན་པ་རྫོགས་སངས་རྒྱས།། ་འདི་དག་སྤྲུལ་པར་ཐུགས་སུ་རྒྱུད་།། མངོན་ཤེས་སྟོབས་ལ་དབང་ཐོབ་ནས།། དེས་ནི་འགྲོ་བ་མཉམ་པར་མཁྱེན།། དང་པོ་དབུས་དང་མཐའ་ལས་གྲོལ།། དངོས་དང་དངོས་མིད་རྣམ་པར་སྤངས།། མཉམ་པ་ཉིད་ཀྱི་གོ་འཕང་བ་རྙེས།། དངོས་པོ་མེད་ལས ་སྐུ་ཚོགས་བྱུང་།། སེམས་ཀྱི་སྦྱིན་དུ་དང་འཕེལ་བྱ། ངྱས་རྣམས་འཇུག་པར་འགྱུར་བ་ཡ~ཾས། རྐྱེན་རྣམས་ལས་ནི་དྲིས་འབྱུང་བ།། དདག་ནི་སོང་བར་མཾ་སྭཱ་།། ཝཱ་མོའི་མཐོ་མན་ནེ།། སླང་ཡང་ཡོད་པ་མ་ཡིན་ནོ།། དེ་ལྟར་ངས་རྣམས་ཆེ ་ཏིད་མཐོང་བ་ཡོད་པ་མ་ཡིན་ནོ།། ལྟར་དྲི་ཟའི་གྲོང་ཁྱེར་དང་།། རི་དགས་མུ་འཛིན་པ་བཞིན།། རྟག་ཏུ་སྣང་ཞིང་དམིགས་པ་ནི།། ཤེས་རབ་ཀྱིས་ནི་ཡོད་མ་ཡིན།། བྲིས་པས་བྲིས་དང་འདྲི་བ་ཡི།། མངོན་ཤེས་ལ་དབང་དེ་དག་གི། སྒྱུམ་ལྟ་བུའི ་ཏིང་འཛིན་གྱི།། འབྲས་བུའང་སྒྱུ་མ་ལྟ་བུ་ཡིན།། སྨིག་རྒྱུ་སྒྱུ་མའི་སྟོབས་ཀྱི་ནི།། དངོས་མེད་དེ་ཉིད་འཛིན་པ་ན།། སེམས་དང་སེམས་བྱུང་བདག་མེད་པས།། འདི་ལྟར་བྱིས་པ་རྣམས་ནི་སྐྲག། གང་ན་ཅུང་ཟད་སྐྱེ་མེད་ལ།། འགལ་བའི་རྐྱེན་ནི་ཡོད་མ་ཡིན།། སྐྱེ་བ་དང་ནི ་འགག་པ་ལ།། རྐྱེན་ནི་རྟོག་པ་གཅིག་པུ་ཡིན།། རྣམ་རིག་ཙམ་དུ་འབྱུང་བ་རྣམས།། དངོས་པོའི་རང་བཞིན་ཡོད་མ་ཡིན།། རྟོག་པར་འགྱུར་བའི་རྟོག་གེ་པ།། བརྟགས་པ་ཙམ་དུ་བསྒོམ་པ་ན།། རང་བཞིན་མེད་ཅིང་རྣམ་རིག་མེད།། དངོས་པོ་མེད་ཅིང་ཀུན་གཞི་མེད།། ་འདི་དག་བྱིས་པས་རབ་ཏུ་བརྟགས།། རྟོག་གེ་ངན་པས་ཀུན་ཏུ་བསྐྱེད།། འདིར་ནི་སེམས་མེད་གཟུགས་ཡོད་མིན།། འཁྲུལ་པའི་སེམས་ལས་ལྷག་པར་མེད།། འབྱུང་བ་ཀུན་ལ་གནས་ནས་ནི།། གང་ཚེ་སེམས་ནི་རབ་འཇུག་པ།། དེ་ཚེ་མི་གནས་རྣལ་འབྱོར་པས།། ་འགྲོ་ལ་རིག་པས་ལྟ་བ་ན།། མཚན་མ་དངོས་པོ་རྣམ་རིག་དང་།། ཡིད་ཀྱིས་གཡོ་བ་ཡོད་མ་ཡིན།། བདག་མེད་དབང་པོ་གང་ཡིན་དང་།། རྣམ་པར་རྟོག་པས་འཇིག་པར་བྱེད།། ཡུལ་རྣམས་རྨི་ལམ་ལྟ་བུར་གནས།། ལས་དང་འབྲས་བུ་བྱ་བ་ཉིད།། ཐམས ་ཅད་དུའང་དམིགས་མ་ཡིན།། བསམ་གཏན་རྣམས་དང་ཚད་མེད་དང་།། གཟུགས་མེད་སྙོམས་པར་འཇུག་པ་དང་།། འདུ་ཤེས་འགོག་པ་མ་ལུས་པ།། སེམས་ཉིད་ཙམ་དུ་གནས་པ་ཡིན།། རྡོ་རྟོག་པ་ནམ་རྟོག་པ་ནར་རྟོག་པས་ཀུན་བརྟགས་པ།། ཡང་དག་ལྟ་ལ་སྟོང ་པ་ཉིད།། འཕགས་པས་འཁྲུལ་པ་མ་གཟིགས་ཤིང་།། དེ་ཉིད་དེ་ལས་གཞན་པའང་མིན།། ས་རྣམས་མེད་ཅིང་བདེན་པ་མེད།། ཞིང་དང་སྦྲུལ་སྐུ་ཡོང་མ་ཡིན།། རང་སངས་རྒྱས་དང་སངས་རྒྱས་དང་།། ཉན་ཐོས་ཀྱང་ནི་བརྟགས་པ་ཡིན།། གང་ཟག ་རྒྱུ་དང་ཕུང་པོ་དང་།། རྐྱེན་རྣམས་གནས་པ་མ་ཡིན་ནོ།། གཙོ་བོ་དབང་ཕྱུག་བྱེད་པོ་རྣམས།། སེམས་ཙམ་ལ་ནི་རྣམ་པར་བརྟགས།། ཆོས་ཀུན་ངོ་བོ་ཡོད་མ་ཡིན།། ཀུན་ནས་ཉོན་མོངས་མེད་ཅིང་གྲོལ།། ཇི་ལྟར་སྣང་བ་དེ་ལྟར ་མེད།། མེད་པ་མ་ཡིན་ཡོད་པ་མིན།། སྐྱེ་བ་མེད་པའི་ཆོས་འདི་ནི།། ཡོད་དང་མེད་པ་མ་ཡིན་ནོ།། དྲི་ཟའི་གྲོང་ཁྱེར་རྨི་ལམ་དང་།། སྒྱུ་མ་སྤྲུལ་པ་ལྟ་བུར་གནས།། གང་ཞིག་སངས་རྒྱས་ལྟ་བར་ནི།། རང་བཞིན་གྱིས་ནི་ནུས་མ་ཡིན།། དེ་ལྟ་བས་ན་ཐོབ་པ ་མེད།། རང་བཞིན་མེད་པར་ལྟ་བར་བྱ།། གང་ཞིག་རང་བཞིན་རང་བཞིན་མེད།། དེ་ནི་བརྟགས་པའི་མཚན་ཉིད་ཡིན།། ཚིག་དང་སེམས་ཀྱི་སྤྱོད་ཡུལ་བརྫུན།། བརྫུན་པའི་ཤེས་པས་རྣམས་བརྟགས་པའི།། མཐའ་གཉིས་སུ་ནི་སེམས་ལྟུང་བས།། ་དེ་ཕྱིར་མི་རྟོག་ཤེས་རབ་ཀྱིས།། ཡོད་དང་མེད་པའི་མཐའ་གཉིས་པོ།། གང་ཞིག་སེམས་ཀྱི་སྤྱོད་ཡུལ་བ།། སྤྱོད་ཡུལ་རྣམ་པར་བསལ་ནས་ནི།། ཡང་དག་སེམས་ནི་ལྡོག་པར་འགྱུར།། གཟུང་དང་འཛིན་པ་དངོས་མེད་པས།། འགག་པ་མེད་པ་མ ་ཡིན་ནོ།། ཇི་ལྟར་གནས་པའི་དངོས་པོ་ནི།། དེ་ལྟར་འཕགས་པའི་སྤྱོད་ཡུལ་ཡིན།། ཇི་ལྟར་བྱིས་ལ་མི་སྣང་བ།། དེ་ལྟར་མཁས་ལ་སྣང་བ་ཡིན།། ཇི་ལྟར་སྣང་བ་དེ་ལྟར་ནི།། སངས་རྒྱས་ཆོས་རྣམས་མཚན་ཉིད་མེད།། གང་ཞིག་མ་སྐྱེས་མི་སྐྱེ་ལ།། ་སྐྱེས་པ་ཡང་ནི་མ་ཡིན་ནོ།། རྐྱེན་གྱིས་ཡོད་དང་མེད་པ་ཡང་།། དེ་རྣམས་དེ་ལྟར་མི་གནས་སོ།། ཐེག་ཆེ་ནི་ཞེས་བྱའི་ཐེག་པ་ནི།། སྒྲ་མིན་ཡི་གེ་མ་ཡིན་ཏེ།། བདེན་པ་མེད་ཅིང་ངེས་གྲོལ་མེད།། སྣང་བ་མེད་པའི་སྤྱོད་ཡུལ་མིན།། མི་སྐྱེས་པ་ཡི། ་སྟོང་ཉིད་གཅིག། གཅིག་ནི་སྐྱེས་པ་སྟོང་པ་སྟེ།། མ་སྐྱེས་པ་ཡི་སྟོང་ཉིད་མཆོག། སྐྱེས་པའི་སྟོང་པ་འཇིག་པ་ཡིན།། དེ་བཞིན་ཉིད་སྟོང་ཡང་དག་མཐའ།། མྱ་ངན་འདས་དང་ཆོས་ཀྱི་དབྱིངས།། ལུས་སེམས་དཔེར་ནི་སྒྱུ་མ་ཉིད།། སྒྱུ་མའི་གྲངས་སུ་བསྟན ་པ་ཡིན།། གང་གི་ཅུང་ཟད་སྤྱི་མེད་ལ།། ཅུང་ཟད་འགག་པ་ཡོད་མིན་ལ།། དེ་ཡི་ཡོད་མེད་མཚུངས་པས་ན།། འགྲོ་བ་རྣམས་ཀྱིས་དབེན་པར་མཐོང་།། འདི་ན་དངོས་རྣམས་མི་དམིགས་པས།། དངོས་མེད་སྤངས་པའི་རྣལ་འབྱོར་པ།། དངོས་དང་དངོས ་མེད་མཉམ་པ་ཉིད།། འབྲས་བུ་འཕགས་པའི་སྤྱོད་ཡུལ་ཡིན།། གང་གིས་བདག་གི་སེམས་མཐོང་ན།། ཕྱི་ཡི་དོན་ནི་ཡོད་མ་ཡིན།། དེ་ལྟར་དངོས་ལ་མ་འཁྲུལ་ན།། དེ་བཞིན་ཉིད་ཀྱང་རྗེས་སུ་དམིགས།། གང་ཚེ་ཡིད་དང་སེམས་དང་ནི།། རྣམ་པར ་ཤེས་པའང་མི་འཇུག་ལ།། དེ་ཚེ་སེམས་འདིའི་འབྲས་བུ་ནི།། སངས་རྒྱས་ཀྱི་ནི་ས་ཡང་འཐོབ།། རྐྱེན་གྱི་ཚིག་དང་ཕུང་པོ་དང་།། རྣམ་པར་རིག་པ་གང་ཟག་སེམས།། ཆོས་རྣམས་འདི་དག་མཚན་ཉིད་ནི།། རྨི་ལམ་སྐྲ་ཤད་ལྟ་བུ་ཡིན།། སྣ་ཚོགས ་ཤེས་པས་འཁོར་བར་གནས།། དེ་ལས་གནས་པ་འབྱུང་བ་ཡིན།། རྩིག་པ་ཡོད་པར་རི་མོ་བཞིན།། སྣ་ཚོགས་ཤེས་པས་གནས་པ་ཡིན།། ཇི་ལྟར་དངོས་མེད་མེད་དངོས་མེད།། ནམ་མཁའི་རང་བཞིན་བཞིན་དུ་བརྗོད།། དེ་བཞིན་ཀུན་གཞིའི་འབྲས་བུ ་གྲང་།། དངོས་དང་དངོས་མེད་རྣམ་སྤངས་ཏེ།། རྒྱུད་གསུམ་རྣམ་པར་བཅད་ནས་ནི།། སེམས་ཀྱི་རྒྱུད་ནི་རྣམ་པར་སྤངས།། ལུས་ནི་མཐའ་བཞི་དག་ལས་གྲོལ།། དངོས་པོ་རྟག་ཏུ་སྒྱུ་མ་བཞིན།། ཐེག་གཅིག་ལ་ནི་ཐེག་གསུམ་དུ།། འཕགས་རྣམས་གསུང་བ་བདག ་ཅག་ནི།། བྱིས་པ་བློ་དམན་རྣམས་ལ་ཡིན།། འཕགས་པ་རྣམས་ལ་དེ་ཉིད་སྟོང་།། རྣམ་པར་རྟོག་པ་ཉིད་འཕེལ་བའི།། རྐྱེན་ལས་སྐྱེས་པའི་འཇིག་རྟེན་ནི།། སྒྱུ་མ་ལ་སོགས་རྨི་ལམ་འདྲར།། གང་གིས་རབ་མཐོང་རྣམ་པར་གྲོལ། ་སེམས་ཀྱི་གཉིས་མེད་དག་པ་ཡིས།། སེམས་ནི་འཁྲུལ་པར་འགྱུར་མ་ཡིན།། འཁྲུལ་པའི་རང་བཞིན་ཉིད་སྟོང་པས།། དེས་ན་སེམས་ནི་མཐོང་མ་ཡིན།། མཚན་ཉིད་མཚན་གཞི་ལྡན་པར་ནི།། གང་ཚེ་འདུས་བྱས་མཐོང་བ་ཡིས།། གང་གིས་འཁོར ་བ་རྣམ་བསལ་ནས།། འགྲོ་བ་རང་གི་སེམས་སུ་རྟོགས།། སེམས་ཙམ་ལ་ནི་བརྟེན་ནས་སུ།། ཕྱི་རོལ་དོན་ནི་མི་བརྟག་གོ།། དེ་བཞིན་ཉིད་དམིགས་གནས་ནས་ནི།། སེམས་ཙམ་ལས་ནི་འདའ་བར་བྱ།། སེམས་ཙམ་ལས་ནི་འདས་ནས་སུ།། སྣང ་མེད་ལས་འདའ་བར་བྱ།། སྣང་མེད་གནས་པའི་རྣལ་འབྱོར་པ།། དེ་ཡིས་ཐེག་པ་ཆེན་པོ་མཐོང་།། དེ་ལྟར་ཤེས་རབ་དག་པ་ཡིས།། རང་གི་ངོ་བོ་དོན་དམ་འདི།། ཤིན་ཏུ་ཡང་ནི་གྲུབ་པ་ན།། རྟགས་པའི་གཞན་དངོས་འབྱུང་མ་ཡིན།། འཕགས་པ་ཀླུ ་སྐུད་ཀྱི་ཞལ་སྔ་ནས་མཛད་པའི་སྒོམ་པའི་རིམ་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་པདྡྷི་ཏ་ལོ་ཏ་དང་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར། ནས་ཀྱི་ཚུལ་ས་ཚ་ལ།། ་