CLOSE WINDOW

GT3306: theg pa thams cad snang bar byed pa'i bye brag tu bshad pa zhes bya ba
Wyliee-texts produced with BDRC’s OCR application

ག་པ་ཐམས་ཅད་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་བྲམ་ཟེའི་བཙུན་པ་རབ་འབྱོར་བྱངས་ཀྱིས་མཛད་པ་བཞུག་སོ།། @#། རྒྱ་གར་སྐད་དུ། སརྦ་ཡཱ་ནཱ་ལོ་ཀ་པྲ་བོ་བྷཱུ་ཥྱཾ་ནཱ་མ། བོད་སྐད་དུ། ཐེག་པ་ཐམས་ཅད་སྣང་བར་བྱེད་པའི་སྐྱེ ་བླག་ཏུ་བཤད་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། སྐྱེ་མེད་རྟོགས་ལ་གུས་བཏུད་ནས།། བདག་མེད་གཉིས་དང་ལྡན་པ་ཡི།། བདེན་པ་གཉིས་པོ་རྟོགས་བྱའི་ཕྱིར།། ལྟ་བའི་བྱེ་བྲག་བཤད་པར་བྱ། ་ཕྱི་པ་དང་ནི་རང་གི་སྡེ།། ལྟེ་པ་རྣམ་པ་གཉི་སུ་བསྟན།། བདག་མེད་པ་གཉིས་ནི་དཀྱིལ་ལམ་སྙིང་པོ་སྟེ།། དེ་ལས་ཕྱི་རོལ་དུ་གྱུར་པ་ནི་མུ་སྟེགས་པའོ།། དོན་མ་ནོར་བར་ལྟ་བ་ནི་རང་གི་སྡེ་པའོ།། དེ་གཉི་སུ་ཡང་དག་པར་རྫོགས ་པའི་སངས་རྒྱས་ཀྱིས་བཤད་དོ།། སྤྱོད་པ་དང་བྱེ་བྲག་པ།། གཅེར་བུ་པ་དང་གྲངས་ཅན་དང་།། རིགས་པ་ཅན་རྣམས་འདོད་པའོ།། དེའང་འདི་སྐད་སྟོན་ཏེ། སྤྱོད་པ་ནི་འཇིག་རྟེན་རྒྱང་བེན་པ་སྟེ། དེ་ཁོ་ན་ཉིད་བཞིར་འདོད་དེ། ས ་དང་། ཆུ་དང་། མེ་དང་། རླུང་ངོ་།། གཉིས་པ་ནི་དེ་ཁོ་ན་ཉིད་དྲུག་ཏུ་འདོད་དེ། རྫས་དང་། ཡོན་ཏནུ་དང་། ལས་དང་། སྤྱི་དང་། བྱེ་བྲག་དང་། འདུ་བའོ།། རྫས་ནི་དགུ་སྟེ། ས་དང་། ཆུ་དང་། མེ་དང་། རླུང་དང་། བདག་དང་། ་དུས་དང་། ཕྱོགས་དང་། ཡང་དང་། ན་མཁའོ།། ཡོན་ཏན་ནི་ཉི་ཤུ་རྩ་བཞི་སྟེ། གཟུགས་དང་། སྐྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། མིག་གི་བློ་དང་། རྣ་བའི་བློ་དང་། སྣའི་བློ་དང་། ལྕེའི་བློ་དང་། ལུས་ཀྱི་བློ་དང་། གྲངས་དང་། ་ཚད་དང་། སཽ་སོ་པ་དང་། ཕྲད་པ་དང་། དབྱེ་བ་དང་། གཞན་དང་། གཞན་མ་ཡིན་པ་དང་། བདེ་བ་དང་། སྡུག་བསྔལ་དང་། འདོད་པ་དང་། སྡུང་བ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། འདུས་བྱས་པའི་ཤུགས་དང་། འབད་པའོ།། ། ་ལྔས་ནི་ལྔ་སྟེ། འདེགས་པ་དང་། འཇོག་པ་དང་། བརྐྱང་བ་དང་། བསྐུམ་པ་དང་། འགྲོ་བའོ།། འདུ་བ་ནི། དེ་དང་དེར་འདུ་བ་དང་། དེའི་བདག་ཉིད་དུ་འདུ་བའོ།། སྨྱེ་ནི་སྤྱི་ཆེན་པོ་དང་། སྤྱི་ཉི་ཚེ་བའོ།། བྱེ་བྲག་ནི་རྟག་པ་ལ་བརྟེན་པ་དང་། ་མི་རྟག་པ་ལི་བརྟེན་པའོ།། གཅེར་བུ་པའི་ཚིག་དོན་དགུར་འདོད་པ་ནི། སྲོག་དང་། གང་ཟག་དང་། སྡོམ་པ་དང་། ངེས་པར་དག་པ་དང་། འཆིང་བ་དང་། ལས་དང་། སྡིག་པ་དང་། བསོད་ནམས་དང་། ཐར་པ་ཞེས་བྱ་བ་དག་གོ།། གྲངས ་ཅན་ནི། དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་འདོད་པ་ནི། སྙིང་སྟོབས་དང་། རྡུལ་དང་། མུན་པ་གསུམ་ཆ་མཉམ་པར་གྱུར་པ་ལས་གཙོ་བོ་ཞེས་བྱའོ།། གཙོ་བོ་རྟག་པ་མེད་པ་མི་གསལ་བ་དེ་ལས་ཆེན་པོ་ཅུང་ཟད་ཙམ་སྐྱེའོ།། ཆེན་པོ་ལས་ང ་རྒྱལ་ཅུང་ཟད་ཙམ་ཤིན་ཏུ་གསལ་བར་སྐྱེའོ།། ང་རྒྱལ་གསུམ་སྐྱེ་སྟེ། རྣམ་པར་འགྱུར་བ་ལས་གྱུར་པ་དང་། རྡུལ་ལས་གྱུར་པ་དང་། འབྱུང་བ་ལས་གྱུར་པའོ།། རྣམ་པར་འགྱུར་བ་ལས་གྱུར་པའི་ང་རྒྱལ་སྙིང་སྟོབས་ཤས་ཆེ་བ་ལྔ ་ནི་དབང་པོ་བནྡྷ་གཅིག་སྟྭ~ཾ། མིག་དང་ནཱ་བ~ཾ་དང་། སྱཱ་དང་ལཱུ་དང་། ལུས་དང་། ཡིད་དང་། ངག་དང་། རྐང་པ་དང་། ལག་པ་དང་། རྐུ་བ་དང་། འཇོམས་དང་ངོ་།། འབྱུང་བ་ལས་གྱུར་དུའི་ང་རྒྱལ་ཤས་ཆེ་ལས་ནི་དེ་ཙམ་ལྔ་སྟེ། སྐ་དེ་ཙམ ་རེག་དེ་ཙམ། རོ་དེ་ཙམ། གཟུགས་དེ་ཙམ། དྲི་དེ་ཙིམ་མོ།། སྙིང་སྟོབས་ལས་གྱུར་པའི་ང་རྒྱལ་ཤས་ཆེ་བ་ལས་ནི་གཉིས་ཀ་སྐྱེ་བའི་བདག་ཉིད་ཡིནོ།། སྒྲ་དེ་ཙམ་ལས་ན་མཁའ་སྐྱེ། རེག་དེ་ཙམ་ལས་རླུང་སྐྱེ། རོ་དེ་ཙམ་ལྔས་ཆུ་སྐྱེ། གངྒཱ ་དེ་ཙམ་ལས་མེ་སྐྱེ། དྲི་དེ་ཙམ་ལས་ས་སྐྱེའོ།། གཙོ་བོ་ནི་རང་བཞིན་ཁོ་ན་ལས་གྱུར་པ་མ་ཡིན་ཏེ། གཙོ་བོ་གང་ལས་ཀྱང་མི་སྐྱོ་བས་སོ།། ཆེ་བ་དང་། ང་རྒྱལ་དང་། དེ་ཙམ་རྣམས་ནི་རང་བཞིན་ཡང་ཡིན་ལོ་གྱུར་པའང་ཡིན།། སྐྱེས་བུ་ནི། ་རང་བཞིན་མ་ཡིན་པ་ལས་གྱུར་པ་ཡང་ཡིན་ནོ།། འབྱུང་བ་ལྔ་དང་དབང་པོ་བཅུ་གཅིག་ནི་འགྱུར་བ་ཁ་ན་ཡིནོ།། དེ་ལྟར་གཙོ་བོ་དང་ཆེན་པོ་དང་། ང་རྒྱལ་དང་། དབང་པོ་བཅུ་གཅིག་དང་། དེ་ཙམ་ལྔ་དང་། འབྱུང་བ་ལྔ་དང་། སྐྱེས་བུ་དོང་བ ་པ་ནི་དེ་ཁོ་ན་ཉིད་ཉི་ཤུ་རྩ་ལྔ་ཡིན་ནོ།། རིགས་པ་ཅན་ནི་ཚི་གེ་དོན་བཅུ་དྲུག་སྟེ། ཚད་མ་དང་། གཞལ་བྱ་དང་། ཐེ་ཚོམ་དང་། དགོས་པ་དང་། དཔེ་དང་། གྲུབ་པའི་མཐའ་དང་། ཆ་ཤས་དང་། རྟོག་གེ་དང་། གཏན་ལ་དབབ་པ་དང་། རྩོད་པ་དང་། ་བརྗོད་པ་དང་། སུན་འབྱིན་དུ་རྒོལ་བ་དང་། རྒྱུ་ལྟར་སྣང་བ་དང་། ཚིག་དོར་དང་། ལྕུག་ཆོད་དང་། ཆད་པའི་གནསོ།། དེའང་ཡོད་པར་མི་རུང་སྟེ།། རིགས་པའི་ངོ་བོ་ཐམས་ཅད་ལ།། ཇི་ལྟ་བུར་ཡང་མི་སྣང་སྟེ།། རྟག་པས་དོན ་བྱེད་ཉམས་ཕྱིརརོ།། ཇི་སྐད་སྟོན་ཏེ་རྟོག་གི་ངན་པས་བརྟགས་པའི་འདོད་པ་ནི་ཡོད་པ་མ་ཡིན་ཏེ། མངོན་སུམ་དང་རྗེསུ་དཔག་པ་ལ་མི་སྣང་སྟེ། མེད་པའི་ཕྱིར་རོ།། གལ་ཏེ་ཡོད་པར་འདོད་ན་མི་རུང་སྟེ། རྟག་ནི་འཆི་འཕོ་དང་སྐྱེ་བ ་མེམོད་པར་འགྱུར་རོ།། ཁྱབ་ནུ་ཀུན་ཀྱང་བདེ་སྡུག་མཚུངས་པར་འགྱུར་ལ། རྟག་པས་དོན་བྱེད་པའང་མི་འཐད་དེ། དུས་གཅིག་གི་བྱེད་ན་དུས་གསུམ་མེདོ།། གལ་ཏེ་ཡོན་ཏན་རིམ་པ་ཅན་དུ་ཐལ་ལོ།། རིམ་པར་བྱེད་ན་རྟག་པ་ཉམས་པ ་ཁོ་ནའོ།། བར་སྐབས་ཀྱི་ཚིགསུ་བཅད་པའོ།། དེ་ལྟར་ཕྱི་པ་སུན་ཕྱུང་ནས་རང་གི་སྡེ་པའི་དབྱེ་བ་བསྟན་པའི་ཕྱིར།། བྱེ་བྲག་སྨྲ་དང་མདོ་སྡེ་པ།། ཡང་ན་སྡེ་པ་བཅོ་བརྒྱད་དེ།། སོ་སོ་རང་རང་གྲུབ་མཐའ་འཛིན།། བྱེ་བྲག་སྨྲ་བས་ནི་འཇོམ ་པས་འཇིག་པ་དང་། བློས་འཇིག་པ་ནི་ཀུན་རྫོབ་ཀྱི་བདེན་པར་བྱེད་དེ་གཉིས་ཀྱིས་གཞིག་ཏུ་མི་བཏུབ་པ་ནི་ཙོག་ཤོས་སོ།། གཞི་ཐམས་ཅད་ཡོད་པར་སྨྲ་བས་ནི་གཞི་ལྔ་རྫ་སུ་ཡོད་པར་འདོད་དེ། གཟུགས་དང་སེམས་དང་སེམས ་ལས་བྱུང་བ་དང་། མི་ལྡན་པའི་འདུ་བྱེད་དང་འདུས་མ་བྱསོ།། གཟུགས་ནི་རྡུལ་ཕྲ་རབ་འདུས་པ་རྫ་སུ་འདོད་།། རྡུལ་ཡང་བསྐོར་བ་བར་དང་བཅས་པ་འདུས་པ་ལ་སོགས་པར་གྲུབ་པའོ།། དེ་བསགས་པའི་གཟུགས་ནི་ཡང་གི་སྐྱེ་མན ་ཀྱི་གཟུགས་རིག་པ་མ་ཡིན་པ་ལ་སོགས་པ་ལ་རྫ་སུ་གྲུབ་པའོ།། སེམས་ནི་ཚོར་དྲུག་ཐ་དད་པའོ།། སེམས་ལས་བྱུང་བ་ཡང་ཐ་དད་པའོ།། སེམས་དང་སེམས་ལས་བྱུང་བ་བདེ་བ་དང་ཡུལ་གྱི་རྣམ་པ་མེད་པར་ཡུལ་དངོསུ་འཛིན་པའོ།། མི ་ལྡན་པའི་དུ་བྱེད་ནི་གཟུགས་དང་སེམས་དང་སེམས་ལས་བྱུང་བ་ལས་རྫས་ལོགསུ་གྲུབ་པར་འདོད་དོ།། འདུས་མ་བྱས་ནི་ནམ་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། རྟག་མིན་གསུམ་རྟག་པའི་རྫསུ་གྲུབ་པའོ།། དེ་ལས ་གཞན་པའི་འདོད་བའི་གང་ཟག་གི་བདག་ཀུན་རྫོབ་ཀྱི་བདེན་པ་ལ། གཟུང་བ་དང་འཛིན་པ་དོན་དམ་པའོ།། དེ་ལ་གཟུང་བ་གཟུགས་ཀྱི་གཞི་ཀུན་རྫོབ་ལ། རྡུལ་ཕྲ་རབ་དོན་དམ་པར་འདོད་ཅིང་འབྱར་ལ་མ་རིག་པར་འདོད་དེ།། ཆོས་ཀྱི་སྐྱེ་མཆེད ་ཀྱི་གཟུགས་རིག་བྱེད་མ་ཡིན་པ་ལ་སོགས་པ་བཏགས་པར་འདོད་ཀྱི་གཟུགསུ་མ་གྲུབ་པའོ།། སེམས་ཚེགས་དྲུག་གོ།། སེམས་ལས་བྱུང་བ་རྣམས་རྫས་ཐ་དད་པའོ།། སེམས་དང་སེམས་ལས་བྱུང་བས་ཡུལ་གྱི་རྣམ་པ་དང་བཅྡོཾས་པ ་ཡིན་གྱི་དངོས་ཡུལ་འཛིན་པར་ནི་མྦྷི་འདོད་དོ།། ཐོབ་པ་ལ་སྩོགས་པའི་མོང་རྣམས་ནི་རྫ་སུ་གྲུབ་པ་མ་ཡིན་གྱི། བཏགས་པ་ཙམ་དུ་གྲུབ་པའོ།། འདུས་མ་བྱས་རྞྞ་སུ་ནཱི་མ་གྲུབ་ལ་མེད་པ་དགག་པཱ་ཙམ་དུ་འདོད་དོ།། མདོ་སྡེ་པའི་སྐབསོ།། ་ཡང་ན་སྡེ་པ་བཅོ་བརྒྱད་དུ་གྱེས་པ་ནི། དེ་ལ་རྩ་བའི་སྡེ་བཞི་ནི། དགེ་འདུན་ཕལ་ཆེན་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། གནས་བརྟན་པ་དང་། ལོག་དཔོན་པའི་སྡེའོ།། ཕལ་ཆེན་པ་ལྔ། ཤར་གྱི་རི་བོ་སྡེ་དང་། ནུབ་ཀྱི་རི་བོ་སྡེ་དང་། ་གངས་ཀྱི་རི་བོ་དང་། འཇིག་རྟེན་སྨྲ་བའི་སྡེ་དང་། རྟག་པར་སྨྲ་བའི་ཞེས་བྱའོ།། ཐམས་ཅད་ཡོད་པར་སྨྲ་བ་ལ་བདུན། འོད་སྲུངས་པ་དང་། མང་པོ་སྟོན་པའི་སྡེ་དང་། ཆོས་སྲུང་སྡེ་དང་། མང་དུ་ཐོས་པའི་སྡེ་དང་། གོས་པ ་ཅན་གྱི་སྡེ་དང་། རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེའོ།། གནས་བརྟན་པ་ལ་གསུམ་སྟེ། རྒྱལ་བྱེད་ཚལ་གནས་སྡེ་དང་། འཇིགས་མེད་རིགས་གནས་སྡེ་དང་། གཙུག་ལག་ཁང་ཚེན་སྟེའོ།། ལེག་དཔོན་ལ་གསུམ་དུ་གྱེས་པ་ལས། ས་གྲོག་རིགས་ཀྱི་སྡེ་དང ་ས་སྲུང་རིགས་ཀྱི་སྡེ་དང་། གནས་མ་བུའི་སྡེའོ།། གྲུབ་པར་འགྱུར་བ་མ་ཡིན་ཏེ། གཟུང་བ་དངོས་པོ་མེད་པ་དང་། འཛིན་པ་རང་བཞིན་མེད་པའི་ཕྱིར།། རང་གིས་བརྟགས་བཞིན་ཁོ་ནར་ཟད།། དོན་དུ་གྱུར་པ་མ་ཡིན་པས་གཟུང་བའི་ཡུལ་ནི་ཤེས ་པ་ལས་ཐ་དད་པའང་མེདདོ།། གལ་ཏེ་ཐ་དད་ན་སྣང་དུ་ཡང་མི་རུང་སྟེ། འབྲེལ་པ་མེད་པའི་ཕྱིརརོ།། དཔེར་ན་རྣ་བ་ལ་གཟུགས་མི་སྣང་བ་བཞིན་ནོ།། དམིགས་པའི་རྐྱེན་དུའང་མི་རུང་སྟེ། འདས་པ་དང་འབྲས་བུ་ཡང་འགགས། མ་འོངས་པ་རྒྱུ་ཡང་མེད ་པས་སོ།། ང་ལྟ་བ་དུས་གཅིག་པ་ལ་ཕན་གདགས་པ་མེད་པས་རྐྱེན་དུ་མི་རུང་ངོ་།། གཞོན་ཡང་གཅིག་དང་དུ་མས་ཀྱང་གནོད་ལ། རང་སྣང་དང་སྐྱེད་བྱེད་གཉིས་འགལ་བའི་ཕྱིར་རོ།། ཤེས་པ་ཡང་ཡོང་དུ་མི་རུང་སྟེ། ཡུལ་མེད་པའི་ཕྱིརརོ།། ་དཔེར་ན་སྒྲ་མེད་ན་རྣ་བའི་རྣམ་ཤེས་མི་སྐྱེ་བ་བཞི་ནོ།། དེ་བས་ན་མུ་སྟེགས་ཀྱིས་བརྟགས་པའི་བདག་བཞིན་དུ་མེད་ཀྱང་བློས་བཞག་པར་ཟད་ངོ་།། བར་སྐབས་ཀྱི་དོན་ནོ།། རྣམ་པར་བདེན་བརྫུན་ལ་སོགས་པ་དངོས་པོར་སྨྲ་བའི་འདོད་པ ་བསྟན་པའི་ཕྱིར། རྣམ་རྟེན་སྣ་ཚོགས་གཉིས་མེད་དེ། ཤེས་པ་གཅིག་གི་ངོ་བོར་བདེན།། དོན་ནི་འདི་ཡིན་ཏེ། རྒྱུ་གཅིག་ལ་དུས་གཅིག་ཏུ་སྣང་བ་སྣ་ཚོགས་གསལ་བ་འདི་ཤེས་པ་གཅིག་གི་བདག་ཉིད་དུ་དོན་དམ་པར་གྲུབ་ལ་ཤེས་པའི་རང ་བཞིན་དུ་འདོད་དེ། དེ་ནི་འཐད་པ་མ་ཡིན་ཏེ། གཅིག་དང་དུ་མ་འགལ་སོགས་ཀྱིས།། ཤེས་པ་གཅིག་དང་ཐ་ད་མེད་ན་རྣམ་པ་མང་པོའདི་གཅིག་ཉིད་དུ་འགྱུར་ལ། རྣམ་པ་དུ་མ་དང་གཅིག་པས་ཤེས་པས་ཡང་དེ་ཉིད་དུ་ཐལ་ལོ།། གལ་ཏེ ་དུ་མུ་དང་དངོས་སུ་མ་གྲུབ་པས་ཤེས་པ་དུ་མར་ཐུལ་བའོ།། གཏན་ཚིགས་མ་གྲུབ་བོ་ཞེ་ན། མ་ཡིན་ཏེ། དུ་མ་མ་འཁྲུལ་པ་ལ་སྣང་ན་དངོས་པོར་འགྱུར་ལ། ཡང་བདེན་པ་མཐོང་བར་ཡང་འགྱུར་རོ།། འོན་ཏེ་འཁྲུལ་པ་ལ་སྣང་བར་ཁས་ལེན ་ན་ནི་རྣམ་པར་བདེན་པོ་ཉམས་པ་ཁོ་ནའོ།། སྣ་ཚོགས་པའི་སྣང་བ་གཅིག་པུ་བདེན་པ་ན། དེ་ཉིད་དུ་མར་འགྱུར་ལ། བརྫུན་ན་སྟོང་པར་འགྱུ་རོ།། གཞན་ཡང་རྣམ་པར་དཀུར་དམར་གཅིག་ན། ཚོར་བ་བདེ་སྡུག་ཀྱང་གཅིག་ཏུ་འགྱུརོ།། བདེ་སྡུག ་དཀར་དམར་ཐ་དད་པ་ཡིན་པས་གཅིག་མ་ཡིན་ནོ་ཞེ་ན། འོ་ན་ནི་དཀར་དམར་ཐ་དད་པ་ཡིན་པས་གཅིག་མ་ཡིན་ནོ།། དཀ་ར་དམར་ཐ་དད་པ་ལྟ་བུ་ཡིན་པས་མི་འགུལ་ལོ་ཞེ་ན་བདེ་སྡུག་ཀྱང་ཐ་དད་པ་ལྟ་བུ་ཡིན་པས་མི་འགའོ།། བདེ་སྡུག་གྷ། ་བུར་མི་འགྲུབ་སྟེ་ཉམ་སུ་མྱོང་བའི་ཕྱིར་རོ་ཞེ་ན། དཀར་དམར་ཉམསུ་མྱོང་བའི་ཕྱིར་ལྟ་བུ་མི་འགྲུབ་པའོ།། མྱོང་བའི་དཀར་དམར་ལྟ་བུ་མ་ཡིན་ཡང་ཉན་ཐོས་ཀྱི་དཀར་དམར་གྱི་ཕྱི་རོལ་ཏུ་བརྟགས་པ་མི་འཐད་པ་ལྟ་བུ་ཡིནོ་ཞེ་ནི། འོ་། ་མྱོང་བ་ཡང་བདེ་སྡུག་ལྟ་བུ་མ་ཡིན་ཡང་མུ་སྟེགས་ཀྱི་བདེ་སྡུག་ཕྱི་རོལ་ཏུ་བརྟགས་པ་མི་འཐད་པ་ལྟ་བུ་ཡི་ནོ།། དེ་ལྟར་བསྒྲེ་བའི་ཚུལ་གྱི་ཐ་དད་པར་སྣང་བ་ལ་དོན་དམ་པར་གཅིག་མ་གྲུབ།། དེ་མ་གྲུབ་པས་དུ་མ་ཡང ་མི་འགྲུབ་པའོ།། གཞན་ཡང་གཅིག་དང་དུ་མ་དངོས་པོ་འགལ་ལམ་མི་འགལ་ཞེ་ན། དེས་ཅི་ཞིག་བྱ། འགལ་ན་ཕྱོགས་ཆོས་མི་གྲུབ་ལ། མི་འགལ་ནི་ཁྱབ་པ་མ་གྲུབ་སྟེ། དངོས་པོ་ལ་གཅིག་དང་དུ་མ་གཉིས་མ་ཁྱབ་པའི་ཕྱིར་རློན ་ནན། མ་ཡིན་ཏེ་དངོས་པོ་ལྔ་གཅིག་དང་དུ་མས་ཁྱབ་སྟེ། དངོས་པོ་ལ་གཅིག་དང་དུ་མ་དངོས་འགལ་ཡིན་པའི་ཕྱིར་རོ།། སྤྱིར་གཅིག་དང་དུ་མ་དངོས་འགལ་ཡིན་པས་ཕྱོགས་ཆོས་གྲུབ་བོ།། དངོས་པོ་མི་གྲུབ་པ་ལ་གཅིག་དང་དུ་མའི ་བརྟག་པ་མི་འཇུག་པའི་ཕྱིར་རོ།། གཞན་ཡང་གཅིག་དང་དུ་མ་དངོས་པོ་ལ་ཁྱབ་པ་ཚད་མས་གྲུབ་བམ་མ་གྲུབ་ཅེ་ན། དེས་ཅི་ཞིག་བྱ། གྲུབ་ན་དངོས་པོ་ཡང་དག་པར་འགྱུར་ལ། མ་གྲུབ་མ་ཁྱད་མ་གྲུབ་པོ་ཞེ་ན། སྣང་བ་ལ་བརྟེན ་ནས་སྤྱིར་དངོས་པོ་ཙམ་གཅིག་དང་དུ་མ་ཙམ་ཁྱབ་པ་གྲུབ་པས་ཁྱབ་པ་མ་གྲུབ་པའི་ཉེས་པ་ཡང་མེད་ལ། ཡང་དག་པའི་གཅིག་དང་དུ་མ་ཡང་དག་པའི་དངོས་པོ་ཁྱབ་པ་ཆེ་དུ་མས་མ་གྲུབ་པས་ཡང་དག་ཚད་མས་གྲུབ་པར་ཡང་མི ་འགྱུར་རོ།། འོ་ན་སྤྱིར་གཅིག་ནི་ཁྱབ་པ་གྲུབ་པ་ཡོད་ལ། ཕྱོགས་ཆོས་མེད་ལ། བྱེ་བྲག་ཏུ་ཡང་ངག་གི་གཅིག་དང་དུ་མ་དང་བྲལ་བའི་ཕྱོགས་ཆོས་གྲུབ་པ་ལ་ཁྱབ་པ་གྲུབ་མེད་ཅེ་ན། མ་ཡིན་ཏེ། སྤྱིར་གང་ཞིག་གང་དུ་ཡོད་པ་དེ་ལ ་དེའི་གཅིག་དང་དུ་མས་ཁྱབ་པ་གྲུབ་ལ། རིགས་པས་གཅིག་དང་དུ་མ་ཙམ་པོ་སྤྱིར་མ་དམིགས་པས་ཁྱབ་པ་གྲུབ་པ་ལ་ཕྱོགས་གྲུབ་པོ།། ཤེས་པ་རྣམ་པའི་གྲངས་བཞིན་ཡིན། རྣམ་པ་དུ་མར་སྣང་བ་བཞིན་དུ་ཤེས་པ་ཡང་དེ་བཞིན་དུ ་སྐྱེ་སྟེ་ཤེས་པ་ཉིད་ཡིན་པའི་ཕྱིར་རོ།། དཔེར་ན་ཆུ་བུརྱ་ལ་དམིགས་པའི་ཤེས་པ་བཞི་ནོ།། དེ་ནི་འཐད་པ་མ་ཡིན་ཏེ། གཅིག་སྣང་འོན་ཏེ་རྒྱུ་མེད་འགྱུར།། དེ་ཡང་རུང་བ་མ་ཡིན་ཏེ། དངོས་པོ་གཅིག་ཁོ་ན་སྣང་བར་འགྱུར་ཏེ། དེའི་རྒྱུན་སྐད ་རྡོག་ཏུ་གནས་པའི་ཕྱིར་གཞན་སྣང་བར་མི་འགྱུར་རོ།། གལ་ཏེ་གཞན་སྣང་བ་ན་དང་པོ་སྣང་བ་དེ་མེད་པར་འགྱུར་ཏེ་དེའི་རྒྱུན་འཆིད་པའི་ཕྱིར་རོ།། དེ་ལྟ་ན་དངོས་པོ་གཅིག་ཁོ་ན་སྣང་བར་འགྱུར་རོ།། དུས་གཅིག་ལ་རྣམ་པའི་གྲངས་བཞིན ་སྐྱེ་ན་ནི་གང་ཟག་གི་རྒྱུད་ཀྱང་ཐ་དད་པར་འགྱུར་ཏེ། དེ་མི་རིགསསོ།། རྣམ་པ་ཤེས་པ་འགྲན་ཐུབ་སྟེ།། སེམས་དང་རྣམ་པ་ལྷན་ཅིག་དམིགས།། རྣམ་པ་མེད་པའི་ཤེས་པ་སྐྱེ་བ་དང་།། ཤེས་པ་མེད་པའི་རྣམ་པ་མི་སྣང་བའི་ཕྱིར་མཚུངས་པའོ། ་གོཟུང་ཆ་དང་འཛིན་ཆ་ལྟ་བུ་སྣང་བའོ།། དེ་ཡང་རུང་བ་མ་ཡིན་ཏེ། བེམ་རིག་སོ་སོ་ཡིན་ཕྱིར་རོ།། རིག་པ་བེམས་པོ་ལ་ལྟོས་པ་དང་། བེམས་པོ་རིག་པ་ལ་སྣང་བ་ལ་འབྲེལ་པ་ཡང་མེད་ལ། གཟུང་འཛིན་དང་བཅས་པར་ཡང་ཐལ། ་འོན་ཏེ་རྣམ་པ་ཉིད་ཤེས་པའི་ངོ་བོ་ཡིན་ན་བེམ་པོ་ཡང་རིག་པ་དང་བཅས་པར་འགྱུར་རོ།། འོན་ཏེ་ཤེས་པ་ཉིད་སྣང་ངོ་ཞེ་ན། འོ་ན་ལྷན་ཅིག་དམིགས་པ་ཡང་ཉམས་ལ་འགྲན་ཐུབ་པ་ཡང་མེད་དེ་ཤིན་ཏུ་བདག་ཉིད་གཅིག་པའི་ཕྱིར ་དེ་ལྟར་རྣམ་པ་དང་བཅས་པ་བསྟན་ནས། རྣམ་པ་བརྫུན་པ་བསྟན་པའི་ཕྱིར། རྣམ་པ་ཡོད་པ་མ་ཡིན་ཏེ། རྒྱུ་འབྲས་དོན་དུ་མ་གྲུང་ཕྱིར།། མྱོང་བ་མངོན་སུམ་གྱིས་གྲུབ་ལ། ཚད་མས་གྲུབ་ལ་གནོད་པ་གཞན་མེད་པའི ་ཕྱིར་ཞེས་པ་ནི་བདེན།། རྣམ་པ་ནི་གཟུགས་ཅན་ལ་བརྟག་པ་བས་པ་དང་། མཚུངས་པས་དཔྱོད་ན་མ་གྲུབ་ལ། རྒྱུ་དང་འབྲས་བུ་ལ་ཡང་སྒྲུབ་བྱེད་མེད་པའི་ཕྱིར།། དེ་ནི་མི་རིགས་ཏེ། རྣམ་པ་ཉམསུ་མྱོང་ཕྱིརརོ།། རྒྱུ་འབྲས་དོན་དུ་མེད་ན་མྱོང་བ ་ཡང་མེད་པར་ཐལ་བའི་ཕྱིར་རོ།། མྱོང་བ་མངོན་སུམ་དུ་གྲུབ་པས་མེད་པ་མ་ཡིན་ཞེ་ན། འོ་ནི་རྒྱུ་འབྲས་ཀྱང་མངོན་སུམ་དུ་གྲུབ་པས་ཡོད་པར་འགྱུར་རོ།། རྒྱུ་འབྲས་དུས་གསུམ་དུ་སྐྱེ་བ་མི་འཐད་པས་མདོ་ངོ་ཞེ་ན། མྱོང་བ་ཡང་དུས་གསུམ ་དུ་མྱོང་བ་མེད་པས་འཐོད་པ་མ་ཡིནོ།། དུས་གསུམ་མེད་པས་མྱོང་བ་མེད་པར་མི་འགྱུར་ཏེ་ཁྱབ་པ་མ་གྲུབ་པའི་ཕྱིརརོ་ཞེ་ན། འོ་ན་དུས་གསུམ་མ་གྲུབ་པས་སྐྱེ་བ་མེད་ཅེས་བྱ་བ་ཡང་ཁྱབ་པ་མ་གྲུབ་པོ།། སྐྱེ་བའི་མཚན་ཉིད་སྔ་མ་ལ ་ལྟོས་པ་ལ་བརྗོད་ལ་སྔ་ཕྱིའི་དུས་མ་གྲུབ་པ་ལ་མི་འགྲུབ་པ་སྔོ་ཁྱབ་པ་གྲུབ་པོ་ཞེ་ན། མྱོང་བའི་མཚན་ཉིད་ནི་བེམས་པོ་ལས་ལོག་པ་ཡིན་ལ། དེ་ཡང་སྔ་ཕྱིའི་དངོས་པོ་ཡིན་པས་དེ་སྔ་ཕྱི་མ་གྲུབ་པར་མི་འགྲུབ་པས་ཁྱབ་པ་གྲུབ ་པ་ཡིན་ནོ།། མེད་པ་མ་ཡིན་ཡང་ཐེ་ཚོམ་ཟའོ་ཞེ་ན། དེ་ནི་མི་འཐད་དེ། ངེས་དང་མ་ངེས་གཉིས་མེད་པ།། དངོས་པོ་གཅིག་ལ་མི་སྲིད་དོ།། དངོས་པོ་སྣང་བ་ལ་སོགས་པ་ལས་ཡང་ན་ངེས་པ་ཡིན་ལ་ཡང་ན་མ་ངེས་པ་ལས་མྱོང་བ་གཞན ་མི་སྲིད་པའོ།། གཞན་ཡང་མྱོང་བ་མངོན་ལ་རྒྱུ་འབྲས་དམིགས་ན་བདེན་པར་འགྲུབ་ལ། མ་དམིགས་པ་སྣང་དུ་རུང་ན། འོ་ན་མཐར་ཐུག་གི་མྱོང་བ་ལ་གཏང་ནས་དྲིས་པས་ན་སྣང་དུ་རུང་བ་མི་དམིགས་པ་ཡིནོ།། རྒྱུ་འབྲས་ཁས ་མི་ལེན་ནོ་ཞེས་ཟེར་བ་འགལ་བ་འདུ་བ་ཁས་ལེན་པ་འཐུང་ངམ་ཞེས་དཔྱོད་ཅིག། དེ་ལྟར་མ་ཡིན་ན་ཐ་སྙད་དུ་བུམ་པ་ཕྱོགས་ན་སྣང་དུ་མ་དམིགས་པ་ཡིན། མེད་པ་ནི་མ་ཡིན་ཞེས་བྱ་བར་ཡང་འགྱུར་རོ།། རྒྱུ་འབྲས་ཁྲིས་ལེན་པ་ཡང ་མི་རིགས་པར་བསྟན་པའི་ཕྱིར། རང་དང་གཞན་དང་གཉིས་ཀ་དང་།། རྒྱུ་མེད་པ་ལས་མི་སྐྱེ་ཕྱིར།། རང་མ་གྲུབ་ན་རྒྱུ་ཡང་མེད་ལ། གྲུབ་ན་སྐྱེས་ཟིན་པའི་ཕྱི་རོ།། གཞན་ལ་ཡང་རྟག་པ་དང་མི་རྟག་པས་དཔྱང་ན་སྐྱེ་བ་མི་འཐད་།། གཉིས ་པ་ལས་ནི་འགལ་བ་འདུ་བའོ།། རྒྱུ་མེད་པ་ནི་ཡོད་པ་དང་མེད་པ་ཞེས་རྟག་ཏུ་འབར་བར་འགྱུར་རོ།། གལ་ཏེ་ཕྱོགས་གཞན་མི་འཐད་ཀྱང་རྒྱུ་ཡོད་པ་གཞན་མི་རྟག་པ་པར་མ་ཆོད་པ་ལས་འབྲས་བུ་སྐྱེ་བོ་ཞེ་ན། ཕྱོགས་ཐད་ཀྱིས་མ་ཆོད ་ན་དུས་མཉམ་པར་འགྱུར་ཏེ། བ་ལིང་གི་རྭ་གཡས་པ་དང་གཡོན་པ་བཞི་ནོ།། གལ་ཏེ་རང་དུ་ས་ཀྱིས་བར་མོ་ཆེད་པའི་ཕྱིར་ཟེར་བ་ནི་གཏན་ཚིགས་མ་གྲུབ་ལྔ། གཞན་དུས་ཀྱིས་བར་མ་ཆེད་ཟེར་ན་ཁྱབ་པ་མ་གྲུབ་པོ་ཞེ་ན། འོ་ན་ནི ་དབུས་ན་གནས་པའི་རྡུལ་ཡུལ་མཐའ་དག་གིས་བར་མ་ཆོད་པའི་ཕྱིར་ཡུལ་གཅིག་ཏུ་འགྱུརརོ་ཞེས་བྱ་བ་ལའང་མཚུངས་ཏེ། རང་ཡུལ་གྱིས་བར་མཆོད་པའི་ཕྱིར་ཞེ་ན། གཏན་ཚིགས་མ་གྲུབ་ལ། གཞན་གྱི་ཡུལ་གྱིས་བར་མཆོད་བློ། ་ཕྱིར་ཞེ་ན། ཁྱབ་པ་མ་གྲུབ་པོ།། གལ་ཏྲེ་སྦྱར་བྱ་གཅིག་ལས་མེད་ན་སྦྱོར་བྱེད་ལྷག་མ་རྣམས་ཀྱང་དུས་གཅིག་པར་འགྱུར་ལ། སྦྱོར་བྱེད་ཡུལ་ཐ་དད་ན་སྦྱར་བྱ་དབུས་ཀྱི་རྡུལ་ཀྱང་ཐ་དད་པར་འགྱུར་རོ།། འོ་ན་སྦྱར་བྱ་དུས ་གཅིག་ལས་མེད་ན་སྦྱོར་བྱེད་དུས་ལྷག་མ་རྣམས་དུས་གཅིག་པར་འགྱུར་ལ་སྦྱོར་བྱེད་དུས་ཐ་དད་ན་སྦྱར་བཱ་དབུས་ཀྱི་དུས་ཐ་དད་པར་འགྱུ་རོ།། རྒྱུ་མི་འགགས་པའི་དུསུ་འབྲས་བུ་མེད་ལ། འབྲས་བུ་སྐྱེས་པའི་དུསུ་རྒྱུ་འགགོས་པས། ་ཕྱོགས་གཅིག་དང་མཐའ་དག་གི་བརྟག་པ་མི་འཇུག་ཞེ་ན། འོ་ན་དབུས་རྡུལ་གྱི་ཡུལ་ལ་མེད་པ་དང་གཅིག་ཅེ་ན། འོ་ན་རྫ་མཁན་གྱི་ཁྱིམ་གྱི་བུམ་པ་ཕྱོགས་འདིར་མེད་ཅེས་བཀག་པས་ཀྱང་རྫ་མཁན་གྱི་བུམ་པ་དགག་བྱར་ཐལ་ལོ།། ་གལ་ཏེ་ཕྱོགས་འདི་ན་བུམ་པ་མེད་པ་དང་། རྫུ་མཁན་གྱི་བུམ་པ་ཡོད་པ་ནི་འགལ་བས་དེ་དགག་བྱ་མ་ཡིནོ་ཞེ་ན། དེ་བཞིན་དུ་རིག་པའི་ངོ་བོ་ན་སྣང་བ་མེད་པ་དང་། ཐ་སྙད་པའི་ངོ་བོ་ལ་སྣང་བ་མི་འགལོ།། ཐ་སྙད་པའི་སྣོང་བྱ་རིགས ་པའི་ངོ་བོར་མེད་པ་སྣ་བཀླག་པས་ཐ་སྙད་པའི་སྣང་བ་བཀག་པ་མ་ཡི་ནོ།། འོ་ན་གླང་རྣམ་པར་གཅོད་ཅེ་ན། རིག་ངོར་ཐ་སྙད་ཤེས་མི་གནས། ཡོད་ན་དེ་ནི་དགག་བྱ་ཡིན། ཡོད་དོ་ཞེ་ནི་རིག་དོ་ན། གནས་པ་དགག་བྱ་ཡི་ནོ།། དེ་མེད ་པས་དགག་ཏུ་མེད་ཀྱི། མི་མཁས་པའི་རིག་པའི་དོ་ན་གནས་པར་ཞེན་པས་དེའི་ཡུལ་བཟློག་གོ།། དེ་རྒྱལ་བ་བྱམས་པས། འདི་ལ་དགག་པ་ཅི་ཡང་མེད།། བསྣན་པར་བྱ་བ་ཅུང་ཞིག་མེད།། ཡང་དག་ཉིད་ལ་ཡང་དག་ལྟ།། ཡང་དག ་མཐོང་བས་རྣམ་པར་གྲོལ་ཞེས་བཤད་དོ།། དེ་ལྟར་རྣམ་པར་གྲོལ་བ་འམ་དོན་དམ་པར་འགྱུར་ཏེ། རིགས་པས་གྲུབ་པའི་ཕྱིརརོ་ཞེ་ན། མ་ཡིན་ཏེ། རིགས་པར་གྲུབ་པའི་རྣམ་བཅད་ཙམ་མ་གྲུབ་པའི་ཕྱིར་རོ།། འོ་ན་ཅི་ཞིག་ཅེ་ན། དངོས ་པོ་བཀག་པ་ཙམ་དུ་ཟད་ཀྱི། བཀག་པ་ཅི་ཞིག་ཁས་མི་ལེན་པའི་ཕྱི་རོ།། བཀག་པ་མ་གྲུབ་ན་དངོས་པོ་རྣམ་པར་བཅད་པ་མི་འཐད་ཞེ་ན། མ་ཡིན་ཏེ། འགག་པ་རིག་པའི་དོན་ཡོད་པས་དངོས་པོ་རྣམས་རྣམ་པར་བཅད་པ་ལ་མ ་ཁྱབ་པའི་ཕྱིར་རོ།། ན་ཅི་ཞེ་ནུ། དངོས་པོ་ལ་གནོད་པའི་ཚད་མ་ཐེངསོ་པ་ཙམ་དུ་ཟད་དོ།། གེ་ནོད་པའི་ཚད་མ་ནི་ཁྱབ་བྱེད་མི་དམིགས་པས་ཁྱབ་བྱ་བཀག་པ་ཙམ་དུ་ཟད་ཀྱི་གྲུབ་པ་ལ་མི་ལྟོསོ།། རྣམ་པར་བཅད་པ་ལ་གཞི་དངོས་པོར་གྱུར་པ ་ལོ་མི་བལྟོས་པར་ནི་སྟོན་གྱི་སློབ་དཔོནརྀ་གཏན་ལ་ཕབ་ཟིན་ཏོ།། འོ་ན་རིགས་པའི་ཤེས་པ་ལ་ཆོས་ཅན་སྣང་ངམ་མོ་སྟོང་ཞེ་ན་དེས་ཅི་ཞིག་བྱ། སྣང་ན་དོན་དཱི་པཱ་འགྱུར་ལྔ། མི་སྣང་ན་སྤྲོས་པ་མི་ཆོང་སྟེ། མིག་གི་རྣམ་ཤེས་ཀྱིས་སྒྲ་ལ་སྤྲོས་པ་མི ་ཚོད་པ་བཞི་ནོ་ཞེ་ན། རིག་པ་འགྲོ་བའི་སྒོ་ནས་སྣང་སྟེ། ཁྱབ་བྱེད་དུ་མི་རྟོག་པ་ལ་ཁྱབ་བྱར་རྟོགས་པའི་རིགས་པ་སྐྱེ་བ་མ་ཡིནོ།། དེ་ལྟ་བུ་སྔོན་དུ་སོང་བ་མེད་པས་མིག་གི་རྣམ་ཤོས་ཀྱིས་སྒྲ་ལ་སྤྲོས་པ་མི་ཆོད་དོ།། དེ་ལྟར་དེ་ལྟ་བས་སྤྲོས་པ ་ཆོད་པར་ཐེ་ཚོམ་མེད་པར་བྱས་ལ་སྒོམ་པ་ནི་སེམས་གནས་པའི་མན་ངག་བློ་ལ་ཤེས་པར་བྱས་ལ། ཐེ་ཚོམ་མེད་པར་རིག་པས་ངོ་བོ་རྟོག་པ་དང་། མི་གཡེང་མི་འབྱིང་བ་ཞི་གནས་ཀྱི་སྟོབས་ཀྱིས་འབྱུང་སྟེ། དེ་ལྟར་རྩོལ་བ་སྤོང་ལ་མ ་པར་གཞག་གོ།། མཉམ་པར་གཞག་པ་ན་ཡུལ་སྣང་ངམ་མི་སྣང་ཞེ་ན། ཕྱོགས་གཅིག་དང་མཐའ་དག་གི་བརྟག་པ་མི་འཇུག་པར་འགྱུར་རོ།། གལ་ཏེ་ཡུལ་དེ་མེད་ཀྱང་ཕྱིར་མེད་པ་མ་ཡིན་པས་རྡུལ་ལའང་བརྟག་པ་འཇུག་གོ།། ་འོ་ན་དུས་དེར་མེད་ཀྱང་སྤྱིར་མེད་པ་མ་ཡིན་པས་དུས་ལ་འང་བརྟག་པ་འཇུག་གོ།། གལ་ཏེ་སྐད་ཅིག་མ་ཚྭ་མེད་པ་ལ་དུས་ཀྱི་ཆའི་བརྟག་པ་མི་འཇུག་གོ་ཞེ་ན། འོ་ན་རྡུལ་ཕྲ་རབ་ཆ་མེད་པ་ལ་ཡུལ་གྱི་ཆའི་བརྟག་པ་ཡང་མི་འཇུག། གལ་ཏེ ་ཆ་མེད་ན་གཟུགས་ཅན་ཉམས་པར་འགྱུར་བས་རྡུལ་ལ་བརྟག་པ་འཇུག་ཞེ་ན། སྐད་ཅིག་མ་ལའང་དུས་ཀྱི་ཆ་མེད་ན་དུས་ཉམས་པར་འགྱུར་བས་དུས་ཀྱི་མཐའི་སྐད་ཅིག་མ་ལའང་བརྟག་པ་འཇུག་པ་ཁོ་ནའོ།། དེ་ན་བརྟག་པ་འཇུག་པ་ལ་ཕྱོག ་ཀྱི་ཆོས་གྲུབ་པ་ཡིན་ནོ།། གལ་ཏེ་གྲིབ་མ་དང་ཉི་མ་གཉི་སུ་འགྱུར་བས་བརྟག་པ་འཇུག་གོ་ཞེ་ན། འབབ་ཆུའི་རྒྱུན་དང་། སྔ་ན་མེད་པ་དང་། ཞིག་ནས་མེད་པ་ལ་སོགས་པས་བར་མ་ཆོད་ཀྱང་ཡུལ་དུས་གཅིག་པ་མེད་པས་ཁྱབ་པ་མེད་པས ་ཁྱབ་པ་མ་གྲུབ་པོ་ཞེ་ན། མ་ཡིན་ཏེ་དོན་དམ་པར་འདོད་ན་བརྟག་པ་མཚུངས་པའི་ཕྱིར་རོ།། དེའི་ཕྱིར་སློབ་དཔོན་ཀླུ་སྒྲུབ་ཀྱིས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར།། ཐོག་མ་དབུས་མཐའ་བརྟག་པར་གྱིས།། སྐད་ཅིག་གསུམ་པའི་མཐའ ་ཡོད་ལ།། འཇིག་རྟེན་གསུམ་པ་ལ་མི་གནས།། ཞེས་བཤད་དོ།། རྒྱུ་འབྲས་འདོད་དང་མི་འདོད་ལ།། སྤྲོས་དང་བཅས་པའི་སེམས་ཙམ་དང་།། སྤྲོས་མེད་སེམས་ཙམ་ཞེས་ཀྱང་ཟེར།། རྣམ་བརྫུན་ལ་ཡང་གཉིས་སུ་འདོད།། དག ་པ་དང་ནི་དྲི་མར་བྱས།། རྣམ་བརྫུན་དག་པ་པ་ནི་རྣམ་པ་དཀར་དམར་ལ་སོགས་པ་འདི་སངས་རྒྱས་པའི་གནས་སྐབས་ན་མེད་ལ།། མ་དག་པ་ལ་སྣང་ངོ་ཞེས་ཟེར་བའོ།། དྲི་མ་དང་བཅས་པ་ནི་རྣམ་པའི་འཁོར་ལོ་འདི་སངས་རྒྱས ་པའི་དུས་ན་ཡང་ཡོད་ལ། འཁྲུལ་པར་ཤེས་པས་ཕྱིན་ཅི་ལོག་དང་ལྡན་པའི་ཉེས་པའང་མེད་དོ་ཞེས་པ་མཇུག་བསྡུས་པའོ།། དེ་ལྟར་བསྟན་ནས་དབུ་མ་རྣམ་པ་གཉིས་ཀྱི་དོན་བསྟན་པར་བྱ་བའི་ཕྱིར་སྒྱུ་མ་ལྟ་བུ ་སྣང་བ་ལ། ཡང་དག་བཀག་ནས་བརྫུན་པར་འདོད་།། སྣང་བ་ལ་བདེན་པའི་སྤྲོས་པ་ཐམས་ཅད་རྣམ་པར་བཅང་ནས། ཡོངས་གཅོད་ལ་བརྫུན་པ་སྒྱུ་མ་ལྟ་བུ། སྤྲོས་པ་གཅོད་པའི་རྗེས་སུ་དཔོག་པའི་རིགས་པ ་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ལ་སྣང་བར་འདོད་ལ་དགག་བྱའང་མ་ཡིན་ཏེ་དོན་དམ་པར་གྲུབ་པའོ།། དེ་ནི་རིགས་པ་མ་ཡིན་ཏེ། བཀ་ག་དང་མ་བཀླག་མཚུངས་ཕྱིར་རོ།། བརྟགས་པའི་སྣང་བ་ལ ་བརྟགས་པ་བཀག་པ་དང་། བརྫུན་པ་རིགས་པས་གྲུབ་པ་དེ་ལ་ཡང་དག་པར་བརྟགས་ན་མཚུངས་ཏེ། དགག་བྱའི་ཡང་དག་ཉིད་ཅི་ཡིན།། རིགས་པས་གྲུབ་ལ་མི་གནོད་ངོ་།། འོ་ན་མི་སྣང་བ་འང་རིགས་པས་གྲུབ་ལ ་མི་གནོད་པས་ཡང་དག་ཏུ་འགྱུར་རོ།། མ་ཡིན་ཏེ་ཡང་དག་པར་རིགས་པས་གྲུབ་པ་ལ་མི་གནོད་པས་ཡང་དག་པ་ཡིན་ལ། སྣང་བའི་བརྫུན་པར་གྲུབ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རིགས་པས་གྲུབ་ལ་མི ་གནོད་པའི་ཐོག་ཏུ་ཡང་དག་པ་ཞེས་བསྣུན་པའི་ཁྱད་པར་ཅི་ཞིག་ཡིན། གལ་ཏེ་བདེན་པར་གྲུབ་པའི་དངོས་པོར་སྐྱོན་མེད་པར་གྲུབ་པའོ།། དཔྱད་ན་ཉེས་པ་རྣམ་པར་སེམས་ན། ཅི ་མིང་ཐཱ་དད་པ་ཙམ་གྱིས་དོན་ཐ་དད་པར་འགྱུར་རམ། ཡང་དག་པ་དང་། དངོས་པོ་ལ་སོགས་པ་ནི་རྣམ་གྲངས་ཡིན་ཏེ། མཐུར་ཐུག་གི་རིགས་པས་གྲུབ་པའི་དོན་ལས་གཞན་ནི་ཅི་ཡང་མེད་དོ།། དེས་སྣང ་བས་རིགས་པས་གྲུབ་ན་ཡང་དག་ཏུ་འགྱུར་བ་འམ། ཡང་དག་མ་ཡིན་པས་གྲུབ་པ་མྱ་ཡིན་པར་འགྱུར་རོ།། གཞན་ཡང་རིགས་པའི་ངོ་བོ་ལ། བརྫུན་པ་གྲུབ་པར་ཁས་ལེན་ན། ཀུན་རྫོབ་དོན་དམ ་མཚུངས་པར་འགྱུར་ཏེ། རིགས་པས་དཔྱད་པ་ལ་བརྫུན་པས་གྲུབ་པར་འདོད་ན། འོ་ན་ཡང་དག་ཀྱང་རིགས་པས་གྲུབ་པོ།། ཡང་དག་སྐྱེས་ནས་གྲུབ་པ་མ་སྐྱེས་ཀྱང་གྲུབ་སྟེ་མུ་དམིགས་སོ་ཞེ་ན། བརྫུན ་པའི་ང་དེ་དང་འདྲ་སྟེ་མ་གྲུབ་པའོ།། དཔྱད་ན་མ་གྲུབ་པས་ན་བརྫུན་ནོ་ཞེ་ན། དཔྱང་ན་མ་གྲུབ་པས་ན་ཡང་དག་པར་ཅེས་བྱ་བར་འགྱུར་རོ།། མ་གྲུབ་པས་ཡང་དགྲ་ཉམས་སོ་ཞེ་ནཱ། དཔྱད་ན་མ ་གྲུབ་པས་བརྫུན་པ་རིགས་ངོ་ན་གནས་པ་ཡང་ཉམས་པར་འགྱུར་རོ།། བརྫུན་པ་ལ་བརྟག་པ་མི་འཇུག་གོ་ཞེ་ན། ཡང་དག་ལ་ཡང་མཚུངས་པ་ཉིད་དེ། གཉིས་པ་རིགས་པའི་ངོ་ན་ཁོས་བླངས ་པའི་ཕྱིར་རོ།། དེ་བཞིན་དུ་འགལ་བ་འདུ་བ་དོན་དམ་པར་འདོད་པ་དང་། སྤྲོས་པ་དང་བྲལ་བ་དོན་དམ་པར་གྲུབ་པར་འདོད་པཱམྦྷི་རིགས་ཏེ་བརྟག་པ་མཚུངས་པའི་ཕྱིར་དང་། འགལ་བ་དང་འདུ་བ ་གཉིས་འགལ་བའི་ཕྱིར་རོ།། འགལ་བ་འདུ་བ་ལ་དགག་པའང་མི་འཐད་དེ། འགུལ་དུ་འགེགས་ན་ཐབས་བཀག་པ་ཡིན་པའི་ཕྱིར་རོ།། ཐབས་བཀག་ན་འབྲས་བུ་མེད་དོ།། སྤྲོས་པ་དང་བྲལ་ཞེས་བྱ ་ཡང་སྤྲོས་པ་ལ་གནོད་པ་ཙམ་རྟོགས་པས་གྲུབ་པར་འདོད་ན་བརྟགས་པ་མཚུངས་པའི་ཕྱིར་རོ།། གནས་སྐབས་སུ་བྱ་བ་དག་གོ།། སྣང་བ་སྲེལ་བ་གཉིས་བསྟན་ཏེ།། ཆོས་ཅན་དགག་བྱ་ལྡོག་བྱས། ་ཀྱི།། ཐ་དང་མེད་པར་གྲུབ་པ་དང་།། ཐ་དད་ཡོད་ཀྱང་རིགས་ངོ་ལ།། དགག་བྱ་ཉིད་དུ་གྲུབ་པའོ།། ཆོས་ཅན་དགག་བྱར་འདོད་པ་ཚུལ་གསུམ་ནི།། དགག་པར་བྱ་བྱའི་ཆོས་ཅན་ལ་ཁྱབ་བྱེད་བཀོག་པ་ཉིད་དུ ་དེས་པ་ནི་ཕྱོགས་ཆོས་སོ།། ཁྱབ་བྱེད་བཀག་པ་ནི་ཁྱབ་བྱ་བཀག་པ་ཁོ་ན་ལ་ངེས་པོ་ནི་རྗེས་འགྲོའོ།། མི་མཐུན་ཕྱོགས་དངོས་པོ་ལ་མེད་པས་ལྡོག་པ་ཤིན་ཏུ་ངེས་སོ།། རྗེས་འགྲོའི་ཁྱབ་པ་ཚད་མའི་སྟོབས ་ཀྱིས་ཇི་ལྟརརོ་ངེས་པར་ནུས་ཏེ། མཐུན་དཔེ་གཟུགས་བརྙན་ལ་སོགས་པ་ནི་མ་ཡིན་པར་དགག་པའི་དཔེ་ཡིན་པའི་ཕྱིར་དང་། ན་མཁའི་པདྨ་ལ་སོགས་པ་མེད་པར་དགག་པའི་དཔེ་ལ་འབྲེལ་པ་མེད ་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཆོས་ལ་རྣམ་དཔྱད་ཅིམ་གྱིས་ནི།། ལྡོག་ཁྱབ་ཡོངས་གཅོད་མངོན་སུམ་གྱིས།། རྟོགས་པས་རྣམ་པར་བཅད་ཙམ་གྱིས།། རྗེས་འགྲོ་ཤུགས་ལ་རྟོག ་པའོ།། འདི་ལྟར་སྐྱེས་བུ་རྣམས་ཀྱིས་དངོས་པོར་ཐ་སྙད་དུ་བྱ་བ་ལ་གཅིག་དང་དུ་མར་རྟོགས་ཏེ། བུམ་པ་ལ་སོགས་པ་གཅིག་གི་དངོས་པོས་ཡོངས་སུ་གཅོད་པ་ལ། དུ་མར་རྣམ་པར་གཅོད་པའི་ཕྱིར ་དང་། བུམ་པའི་དངོས་པོ་དུ་མ་ཡོངས་སུ་གཅོད་པ་ལ་ཡང་གཅིག་རྣམ་པར་གཅོད་པའི་ཕྱིར་རོ།། དེ་ལྟར་དངོས་པོ་གཅིག་དང་དུ་མ་ཁོ་ནར་ཡོད་པར་ཡོངས་གཅོད་ལ་ངེས་པས་ན། རྣམ་བཅད་ལ་གཙོག་དང ་དུ་མ་རྣམ་པར་བཅད་པ་ཁོ་ན་ལ་ངེས་སོ།། ཕྱོགས་ཆོས་ངེས་པ་ལ་ནི་སྐྱེ་བོ་རྣམས་ཀྱིས་སྤྱིར་གཅིག་ནི་རྒྱུ་ཡིན་ལ་དུ་མ་འབྲས་བུར་ངེས་སོ།། བུམ་པ་གཅིག་མེད་ན་དེ་བསགས་པའི་དུ་མ་མེད་པའི་ཕྱིར ་དེ་བཞིན་དུ་སྤྱིར་དུ་མ་ནི་རྒྱུ་ཡིན་ལ་གཅིག་ནི་འབྲས་བུར་ངེས་ཏེ། རས་དང་སྡོམ་ལ་སོགས་པ་དུ་མ་མེད་ན་མེ་མར་གཅིག་མེད་པའི་ཕྱིར། དེ་ལྟར་རྒྱུ་འབྲས་ངེས་པ་ལ་བུམ་པ་གཅིག་དམིགས་པས་ཟློ་དང ་བཅས་པའི་དུ་མ་དང་བྲལ་བར་མངོན་སུམ་གྱིས་གྲུབ་པོ།། གཅིག་དང་བྲ་ལ་བ་ནི་རྗེས་སུ་དཔག་པས་གྲུབ་སྟེ། དུ་མ་མ་གྲུབ་པའི་ཕྱིར་གཅིག་མ་གྲུབ་པོ་ཞེས་རྣམ་བཅད་རྟགས་སུ་སྦྱོར་རོ།། དུ་མ་མ་གྲུབ ་ཀྱང་གཅིག་གྲུབ་པ་ཅི་སྟེ་ཞེ་ན། སྔར་མངོན་སུམ་གྱི་དུ་མ་རྒྱུ་ཡིན་ལ་གཅིག་འབྲས་བུར་གྲུབ་པས་གསལ་ལོ།། དུ་མ་རྒྱུ་དང་གཅིག་འབྲས་བུ་ཡང་དེ་བཞིན་དུ་མངོན་སུམ་དང་། རྗེས་སུ་དཔག་པས ་ངེས་སོ།། ཆ་མེད་པའི་གཅིག་དང་དུ་མ་དང་བྲལ་བ་ནཱི་མེང་ན་སུམ་གྱིས་ངེས་ཏེ། ཆ་མེད་ལས་བཟློག་པའི་རྣམ་པ་ཆུ་དང་བཅས་པའི་རྣམ་པར་སྣང་བའི་ཕྱིར་རོ།། འོ་ན་རྣམ་པར་བཅུད་པ་ཙམ་གྱི་ཕྱོགས ་ཆོས་ཆོས་ཅན་ལ་ངེས་ན་རྣམ་པར་བཅད་པ་ཙམ་གྱི་ལྡོག་པའི་ཁྱབ་བྱེད་ཇི་ལྟར་ངེས་ཤེ་ན། ཚད་མ་ཐ་སྙད་ཤེས་པ་ཡི།། དེ་ལ་བལྟོས་པས་མི་འགལ་ལོ།། ཆོས་ཅན་གཅིག་ཡིན་ཡང་རིགས་བྱས ་གཅིག་དང་དུ་མའི་སྤྲོས་པ་ཆིང་ལ། ཐ་སྙད་ཀྱི་ཤེས་པའི་ངོ་བོ་ལ་གཅིག་དང་དུ་མར་སྣང་ངོ་།། ཡང་ན་ཆོས་ཅན་ཐ་དང་ལ་བརྟེན་པས་མི་འགལ་ཏེ། ཀུན་རྫོབ་ཀྱི་བདེན་པའི་ཆོས་ཅན་ལ་བརྟེན་ནས། དངོས་པོ་ལ ་གཅིག་དང་དུ་མ་ཁྱབ་བྱ་ཁྱབ་བྱེད་དུ་འཇོག་ལྔ། དོན་དམ་པའི་ཆོས་ཅན་ལ་བརྟེན་ནས་གཅིག་དང་དུ་མ་ལོག་པས་དངོས་པོ་ལྡོག་པར་བྱེད་དོ།། ནགས་ཚལ་ལ་ཤ་པ་དང་ཤིང་ཁྱབ་བྱ་ཁྱབ་བྱེད་དུ་གྲུབ་ན་སཱ། བྲག་རྫོང་ལ ་ཁྱབ་བྱེད་ལོག་པས་ཁྱབ་བྱ་ལོག་པ་བཞིན་ནོ།། གཅིག་དང་དུ་མའི་རྣམ་པར་རྟོག་པས་ཀུན་རྫོབ་ཀྱི་དངོས་པོ་ལ་ཡང་བཀག་པ་མཚུངས་པས་གྲུབ་པོ་ཞེ་ན། དོན་དམ་གཏོན་ལ་འབེབས་པའི་དུས་སམེ་འོན ་ཏེ་ཀུན་རྫོབ་ཀྱི་དུས་ཤེས་པས་དྲིས་སོ།། འོ་ན་བུམ་པའི་གཅིག་དང་དུ་མའི་བརྟགས་པས་ཀུན་རྫོབ་གཏན་ལ་འབེབས་སམ། དོན་དམ་གཏན་ལཱ་འབེབས་པའི་སྐབས་སུ་ཡིན་ཞེ་ན། ཡུ་བུ། ་ཅན་དོན་དམ་པ་ལྔ་རྩོད་པའི་སྒྲ་ཡིན་པ་སཾ། དོན་དམ་པ་གཏན་ལ་འབེབས་པའི་སྐབས་སུ་ཡིན་ནོ།། གལ་ཏེ་ཀུན་རྫོབ་པའི་དངོས་པོ་ཡང་དོན་དམ་གཏན་ལ་འབེབས་པའི་སྐབས་སུ་འགེགས་པ་ཡིནོ་ཞེ་ན། དབུ་མ ་པའི་འདོད་རྟོག་ཡིན་ནོ།། འོ་ན་དངོས་པོར་སྣང་བ་ཅི་ཞིག་ཡིན་ཞེ་ན། དེ་ནི་འཁྲུལ་པའི་སྣང་བའོ།། གལ་ཏེ་འཁྲུལ་པ་ལ་སྣང་བའི་སྐྱེ་བ་ཡོད་པར་འགྱུར་རོ་ཞེ་ན། འདོད་ཏོག་ཡིན་ནོ།། འོ་ན་ཀུན་རྫོབ་བཀག་པ་འགལ ་ལྷོ་ཞེ་ན། ཚད་མའི་ངོ་བོར་བཀུག་པ་ཡིན་ནོ།། ཀུན་རྫོབ་གཏན་ལ་འབེབས་པའི་སྐབས་སུ་འགེགསོ་ཞེ་ན་མ་ཡིན་ཏེ། ཁྱབ་པ་མ་གྲུབ་པའི་ཕྱིར་དང་། འཁྲུལ་པའི་དོན་སྣང་བ་ལ། ཚད་མའི་ཁྱབ་པ་མེད་ཕྱིར་དང་། དེ་ལྟར ་མིནྡ་ནཱ་བདེན་མཐོང་འགྱུར།། དེ་ལྟ་སྣང་བ་ཆོས་ཉིད་དགེག་བྱར་འདོད་དོ།། དེ་ནི་རིགས་པ་མ་ཡིན་ཏེ། ཆོས་ཅན་ལ་རྟགས་གྲུབ་ན་དེ་ཉིད་དགག་བྱ་ཡིན་པས་མི་མཐུན་ཕྱོགས་ལ་ཞུགས་པའི་ཕྱིར་ཁྱབ་པོ་མེད་དོ།། མི་མཐུན ་པའི་ཕྱོགས་ཆོས་མ་གྲུབ་པར་འགྱུར་ཞེ་ན་མ་ཡིན་ཏེ། འཁྲུལ་པའི་བསམ་ངོ་ལ་ཡོད། ཤ་པ་མེད་པས་མི་མཐུན་ཕྱོགས་ལ་ཞུགས་པོ་ཡང་མེད་དོ།། འོ་ནི་དེ་བཞིན་དུ་སྣང་བ་འཁྲུལ་ངོ་ལ་ཡོད་ཀྱང་དངོས་པོ་ལ ་མེད་པས་མི་མཐུན་ཕྱོགས་ལ་ཞུགས་པ་མེད་དོ་ཞེ་ན། འོ་ན་བྲག་རྫོང་འཁྲུལ་པའི་བསམ་པ་ལ་ཤ་པ་ཡོད་པར་སྣང་བའང་དངོས་པོའི་ཤ་པ་མེད་པས་མི་མཐུན་ཕྱོགས་ལ་མ་ཞུགས་པ་བཞིན་དུ། སྣང་བ་འཁྲུལ་པ་དངོས་པོར་སྣང་ཡང ་དངོས་པོ་མེད་པས་མི་མཐུན་ཕྱོགས་མ་ཡིན་པས་སྣང་བ་དག་གི་བྱ་མ་ཡིནོ།། དེ་ལྟ་མ་ཡིན་ན། དཔེ་དོན་གཉིས་ཀར་མི་མཐུན་ཕྱོགས་ཡིན་ན་དེ་ལ་ཞུགས་པས་ཁྱབ་པ་མ་གྲུབ་པས་སྔ་སོ་ཉིད་ན་འདུག་པ་ཡིན།། དེ་ལྟར་མ་ཡིན་ནི་གཞན་ཡང ་ཁྱབ་པ་མ་གྲུབ་པར་མི་འགྱུར་རོ།། དེ་ལས་གཞན་པ་བསྟན་པའི་ཕྱིར་ཆོས་ཅན་དགག་བྱ་ལྡོག་བྱས་ཀྱི། ཐ་དད་ལ་བརྟེན་འཇོག་པ་ནི།། ཆུང་མ་གཞན་དུ་བཤད་ཟིན་ཏོ།། དེས་ན་ཆོས་ཅན་དང་དགག་བྱ་ལྡོག་བྱས་ཐ་དད་མེད་པའང་མ་ཡིནོ།། ལྡོག་བྱས་ཐ ་ད་པ་ནི་སྣང་བ་རིགས་དྨོར་བཀག་པས་སྣང་བ་དགག་བྱར་འདོད་པ་ཉིད་ཡིན་ནོ་ཞེ་ན། རིགསྡེ་དོན་མེད་པ་དང་སྣང་བའི་རང་བཞིན་གྱིས་འགལ་བས་དགག་བྱ་མ་ཡིནོ་ཞེས་བཤང་ཟིན་ཏོ།། འགལ་ནི་རྣམ་པར་བཅད་པ་ཙམ་གྱིས་རྟགས་མཐར ་ཐུག་དགོས་པས། རང་གི་ཁྱབ་བྱ་ཁྱབ་བྱེད་འགེགས་པར་འགྱུར་རོ།། མི་མཐུན་ཕྱོགས་ཀྱི་བདག་ཆོས་ཅནི་ལ་གཏན་ཚིགས་གྲུབ་པས་ཁྱབ་པ་ཡང་མ་གྲུབ་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། ནམ་མཁའ་ལ་སོགས་པ་འགེགས་པའི་དུསུ་ཆོས ་ཅན་ལ་གཏན་ཚིགས་གྲུབ་ཀྱང་། ཁྱབ་པ་མ་གྲུབ་པར་མི་འགྱུར་བ་བཞིནོ་ཞེ་ན། དེའི་སྐབསུ་ཡང་ཆོས་ཅན་ནི་དགག་བྱ་མ་ཡིན་ལ། དགག་བྱ་ནི་ཆོས་ཅན་དུ་མི་འཇོག་སྟེ། ཡིན་ན་སྐྱོན་མཚུངས་པའི་ཕྱི་རོ།། འདིའི་འདོད་པ་རྟོག་པའི་ཤེས་པ ་ལ་ཆོས་ཅན་སྣང་ལ་ཚད་མས་འགྲོ་བའི་ཆ་ནས་མྱི་སྣང་བར་འདོད་དོ།། དེ་ནི་མི་རིགས་ཏེ་ཚད་མ་དང་རིགས་པ་ལ་ལྡོག་པའི་ཐ་ད་མེད་དེ་མིང་གི་རྣམ་གྲངས་ཡིན་པའི་ཕྱིརོ།། དེ་ལྟ་མ་ཡིན་ན་ལྡོག་སྐྱེ་རིགས་པ་ལ་མི་སྣང་ལ་ཚང་མ་ལ་སྣང་བར ་xxx ་xxx ་ཀུན་རྫོབ་ཀྱི་མཚན་ཉིད་དོ།། དེ་ལ་གཉིསུ་ཡོད་བསྟན་པ། རྟོག་མེད་འཁྲུལ་དང་ཀུན་བརྟགས་ནི། རྟོག་མེད་ལྷུན་གྱིས་འཁྲུལ་པ་ནི་དབང་པོ་ལ་སྐྱོན་ཆགས་པ་ལ་སོགས་པའོ།། རྟོག་བཅས་ནི་ཡིད་ཀྱིས་ཏེ་བརྟགས་པའི་བདག་ལྟ་བུའོ།། དེ་ལས་གཞན ་པའི་དོན་དམ་པའི་དབྱེ་བ་བསྟན་པར་བྱ་བའི་ཕྱིར། རྣམ་གྲངས་ཀྱི་དང་རྣམ་གྲངས་མིན།། དོན་དམ་པ་གཉིས་ངེས་པའོ།། སྤྲོས་པ་ཕྱོགས་གཅིག་བཅད་པ་དང་། རིགས་པས་དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཡིན་ཏེ། ཆ་འགའ་མཐུན་པ ་དང་མི་བསླུ་བའི་ཕྱིར་རོ།། རྣམ་གྲངས་མོ་ཡིན་པའི་དོན་དམ་པའི་བདེན་པ་ནི། རིགས་པས་གཅད་ན་རྣམ་པར་གཅད་པ་ཙམ་ལ་ཐ་སྙད་གདགས་ཏེ། སྤྲོས་པ་ཐ~ཾད་ཉེ་བར་ཞི་བ་ཡིནོ།། རིགས་པའི་དོན་ཡོངསུ་དཔྱད་པ་མི་གནས་ཏེ། ཡང་དག་པར ་གྱུར་པ་ཡིན་པའི་ཕྱིརརོ།། རྣམ་པར་དཔྱད་པ་ཙམ་གྱི་དགག་བྱ་གང་ཡིན་ཞེ་ན། གང་ཡང་འགོག་དང་སྒྲུབ་པ་མེད།། ཁྭས་བླང་བ་ཡང་མ་གྲུབ་པས་ཆོས་ཉིད་ངོ་ཤེས་པར་བྱེད་པའོ།། ཐ་སྙད་པའི་དོན་ཡོད་པའི་སྣང་བ་མི་དགག་སྟེ། ཐ་སྙད་པའི་ངོ་བོར ་དགག་པར་མི་ནུས་པའི་ཕྱིར་རོ།། ཐ་སྙད་པའི་སྣང་བ་མ་བཀག་ཀྱང་རིགས་པས་འགེགས་པ་ལ་མི་འགལ་བའི་ཕྱིརརོ།། རིགས་པའི་དོན་ཡོད་པ་བཀག་པས་ཐ་སྙད་པའི་སྣང་བ་བཀག་པར་མི་འགྱུར་ཏེ། ཐ་སྙད་པའི་སྣང་བ་ལ་རིགས་པའི་ངོ་བོས་མ ་ཁྱབ་པའི་ཕྱིརརོ།། ཐ་སྙད་པའི་སྣང་བ་རིགས་ངོར་བཀག་པ་ལ་སྣང་བ་ཐ་དད་དུ་འགོག་གོ་ཞེ་ན། དེས་ཅིར་འགྱུར་ཞེ་ནོ། སྣང་བ་རང་རིག་སྒོམ་པར་འགྱུར་ལ། མི་སྣང་ནི་ཤེས་པ་མེད་པར་འགྱུརརོ་ཞེ་ནི། ཤེས་པའི་དངོས་ཅིག་རང་སྣང་ལ། སྒོམ་པའི ་མཚན་ཉིད་རང་དུའང་མིན། སྒོམ་པ་ལ་རང་དུ་སྣང་བའང་མེད་དེ། སྤྲོས་པ་བཅད་པ་ཙམ་ཁོ་ན་སྒོམ་པའི་ཤེས་པ་ཡིན་པའི་ཕྱིརརོ།། དེའི་གནས་སྐབས་ལ་ཡང་ལཱམ་ལྔ་ཡིན་ཏེ། འབྲས་བུ་མི་རྟོག་པ་ནི་སྣང་བ་མེད་པའི་ཡེ་ཤེས་ཡིན་ལ། རྗེས ་ཐོབ་པ་ནི་སྣང་བ་དང་བཅས་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ན་མཁའི་དཀྱིལ་ལྟར་རྟོགས་ལ། རྗེས་ཐོབ་ཀྱིས་སྒྱུ་མ་ལྟར་རྟོགས་ཏེ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལྔ་རྣམ་པར་མི་རྟོག་པས་ཆོས་ཐང་ན་མཁའི ་དཀྱི་ལྟར་རྟོགས་ལ། རྗེས་ལ་ཐོབ་པས་སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་རྟོག་སོ་ཞེས་བཤད།། མི་རྟོག་པའི་ཡེ་ཤེས་ལ་རང་རིག་པ་ཡོད་ན་དོན་དམ་པར་འགྱུར་ཏེ། རིགས་པས་གྲུབ་པའི་ཕྱིར་དང་། རིགས་པ་གཞན་གྱིས་མི་གནོད་པའི་ཕྱིར།། ་མེད་ན་ཤེས་པ་རྒྱུན་ཆད་པས་སྤྲོས་པ་མི་ཆོད་དོ་ཞེ་ན། མ་ཡིན་ཏེ། ཐ་སྙད་ངོ་ལ་ཡོད་པ་དང་། ཡེ་ཤེས་ངོ་ལ་མི་གནས་ཕྱིར། རང་རིག་ཐ་སྙད་པའི་ངོ་ལ་ཤེས་པ་རྒྱུན་མ་ཆད་པས་སྤྲོས་པ་མི་ཆོད་པའི་ཉེས་པའང་མེད་ལ། དོན ་དམ་པར་ཡང་མི་འགྱུར་ཏེ། མི་རྟོག་པའི་ཡེ་ཤེས་ཀྱི་དོན་རང་རིག་ཏུའང་མི་གནས་པའི་ཕྱིར་རོ།། ཀུན་རྫོབ་ཏུ་རང་རིག་པ་ཡོད་པའི་ཤེས་པའི་དངོས་པོ་གཅིག་ཉིད་མི་རྟོག་པའི་ཡེ་ཤེས་ཀྱི་མཚན་ཉིད་ནས། རང་དང་གཞན་དུ་མི་རྟོག ་པས་ཐ་སྙད་དུ་སྤྲོས་པ་གཅོད་དོ་ཞེས་བྱའོ།། །། བསྡུ་བའི་ཚིགསུ་བཅད་པའོ།། །། མུ་སྟེགས་ལ་སོགས་གྲུབ་མཐའ་ངན་པ་སུན་ཕྱུང་ནས།། ཡང་དག་དོན་རྟོགས་ལྟ་བའི་བྱེ་བྲག་འདི་བྱས་པས།། རྗེས ་འཇུག་རྣམས་ཀྱིས་ཆོས་ཉིད་དོན་ལ་འཇུག་འགྱུར་བའི།། དགེ་བ་ཅིའི་བྱུང་འགྲོ་བ་ཀུན་ལ་སྙོམས་པར་ཤོག། ཐེག་པ་ཐམས་ཅད་དུ་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་ཞེ་བྱ་བ། བྲམ་ཟེའི་བཙུན་པ་རབ་འབྱོར་དབྱངས་ཀྱིས་མཛད ་པ་རྫོགས་སོ།། ། རྒྱ་གར་གྱི་པཎྜི་ཏ་རབ་འབྱོར་དབྱུངས་དེ་ཉིད་དང་། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཏིང་ངེ་འཛིན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ནུས་དག། ་མ་ས་ས་བྱ་ངོན་པ་སུ་མ་ཐོ་ཆོས་སུ་པ་ཇིག་བྱེངས་སས་བུས། དགེ་རློག་པ་མ་སུ་མེས་སེསེ་བཞིན། རང་མ་བྱིང་དུ་རྗི་གོས་པར་བྱར་ཐོ་ཤོག། བས་ཅང་སོང་པོ་ལྟ་བའི་སྒོ་ག་སུམཚིག་རིས་ཀྱི་སྨོན་ལས་བཏམ་ས་