CLOSE WINDOW

GT3303: tshad ma rnam par 'joms pa mdor bshad pa'i 'grel pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐར་དུ། ཏ་བྷི་བ་ཧཱནྟ་ཊཱི་བ་ཏ་ཀ་བྲྀ་ཏི་ནཱ་མ། བོད་སྐད་དུ། ཚང་མ་རྣམ་པར་འཇོམས་པ་མདོར་བཤད་པའི་འགྲེལ་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚ་ལོ།། ཆུ་བོ་ལྟ་བུ་ལས་བརྒལ ་ཞིང་། ཤིན་ཏུ་ཕྲ་བའང་རྣམ་པར་སྤངས།། ནམ་མཁའ་ལྟ་བུར་རབ་གསལ་བ།། འདྲེན་པ་རྟོགས་ལ་ཕྱག་འཚལ་ཏེ།། མཁས་པ་དགའ་བ་བསྐྱེད་པའི་ཕྱིར།། རྣམ་པར་འཇོམས་པའི་དོན་བཤད་བྱ།། ། དེ་ལ་སློབ་དཔོན་ཆེན་པོ ་ཀླུ་སྒྲུབ་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚིག་དང་པོ་འདིས་ནི་བདག་ཉིད་ཀྱིས་རང་བཟོ་མ་ཡིན་ཞིང་། དགོས་པ་དང་འབྲེལ་པ་ལ་སོགས་པའི་བསྟན་པ་ཡིན་ཏེ། གང་ཞིག་དགོས་པ་ལ་སོགས་པ་མ་བརྗོད་ན་རྟོག་པ་དང་ལྡན་པ་རྣམ་འཇུག ་མི་འགྱུར་ཏེ། དེའི་ཕྱིར་ན་གདོན་མི་ཟ་བར་བརྗོད་དགོས་པ་ཡིནོ།། རྟོག་པ་དང་ལྡན་པ་རྣམས་ཇི་ལྟར་མི་འཇུག་ཅེ་ན། དེ་ལ་རྟོག་པ་སྔོན་དུ་གཏོང་བ་རྣམས་ནི་མ་བརྗོད་ན་མེད་པའི་ཆུ་ལ་གནས་པའི་ཐེ་ཚོམ་སྐྱེ་ལ། འདིར་ཐེ་ཚོམ་དང་ལྡན་པ་ནི ་འཇུག་པར་འགྱུར་པོ་ཁོ་ནའོ།། གཞན་ཡང་བརྗོད་པར་བྱ་བ་མ་བརྗོད་ན། བསྟན་བཅོས་ལ་བསྙོན་པའི་ཚིག་ལྟ་བུར་དོགས་པའི་འདུ་ཤེས་འབྱུང་ལ། དེ་བཞིན་དུ་དགོས་པ་མ་བརྗོད་ན་ཁྭའི་སོ་བརྟག་པའི་བསྟན་བཅེས་བཞིན་དུ་འཇུག་པ ་མི་འགྱུར་རོ།། འབྲེལ་པ་མེད་པ་ཇི་ལྟ་བུ་ཞེ་ན། ཀླུ་སྦྱིན་བྱེད་ལ་རིན་པོ་ཆེ་ཡོད་པ་བཞིན་ཏེ། འདི་ནི་འབྲེལ་པ་བརྗོད་དགོས་པ་ཁོ་ནའོ།། གཞན་ཡང་དགོས་པའི་དགོས་པ་མ་བརྗོད་ན། ཕྱི་རོལ་པའི་བསྟན་བཅོས་ལས་གསིང་ཚིག ་བསྒྲུབ་པའི་རྐྱེན་རང་གི་མ་ལ་མེ་བསྐོར་བྱེད་པའི་རིམ་པའི་མན་ངག་ལྟར། ཐ་སྙད་དུ་མི་རུང་བའི་བློ་འབྱུང་བ་དེའི་ཕྱིར་བརྗོད་དགོས་པ་ཁོ་ན་ཡིན་ནོ།། གལ་ཏེ་དེ་ལྟར་ཡིན་མོད་ཀྱི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་ཚད ་མའི་མཐའ་ལ་ཞེན་པ་བསལ་བའི་ཕྱིར་རིགས་པའི་ཚོགས་དུ་མ་བརྗོད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ཡིན་མོད་ཀྱི། མདོར་བསྡུས་པས་དོན་རྫོགས་པར་འདོད་པ་རྣམས་ཀྱི་དབང་དུ་བྱས་ནས་བཀོལ་ཞིང་བཀོད་པ་ཡིན།། འོ་ན་དགོས་པ ་ལ་སོགས་པ་ཇི་ལྟར་བསྟན་ཞེ་ན། དངོས་དང་ཤུགས་ཀྱིས་བསྟན་པ་ཡིན་ཏེ། དེ་ལ་འདིར་རབ་ཏུ་བྱེད་པ་བསྟན་པས་དོར་བར་བྱ་བ་དང་བླང་བར་བྱ་བ་ཤེས་པ་ནི་དགོས་པ་ཡིན་ལ། དོར་བ་དང་བླང་བའི་ཐ་སྙད་ལ་རབ་ཏུ་འཇུག་ཅིང་འཇུག་གྲུབ ་པ་ནི་དགོས་པའི་ཡང་དགོས་པའོ།། དེ་ལ་ཤུགས་ཀྱི་བསྟན་པ་ནི་འབྲེལ་པ་སྟེ། དེ་ཡང་མདོར་བསྡུས་ཤིང་བཀོལ་བའི་རབ་ཏུ་བྱེད་པ་ནི་ཐབས་ཡིན་ལ། དགོས་པ་ན་དེ་ལས་བྱུང་བ་ནི། འདིར་ཡང་ཐར་པའི་ཐབས་དང་ཐབས་ལས་བྱུང ་བ་དང་རྒྱུ་དང་འབྲས་བུའི་ཚུལ་གྱིས་འབྲེལ་པ་ཡི་ནོ།། འོ་ནཱ་རབ་ཏུ་བྱེད་པས་སྦྱོར་བར་བྱ་བ་གང་བརྗོད་ཅེ་ན། དེས་ནི་བསལ་བ་དང་བསྒྲུབ་པའི་དོན་བརྗོད་པས་དེ་ནི་བརྗོད་པར་བྱ་བའོ།། ད་ནི་ཚིག་གི་དོན་བསྟན་པར་བྱ་བའི་ཕྱིར་སློབ་དཔོན ་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལ་ཆེན་པོ་ཞེས་བྱ་བ་ནི་རིགས་པ་དང་ལྡན་ཞིང་ཀུན་ཀྱང་རྗེ་སུ་འགྲོ་བའི་གནས་དམ་པ་ཡིན་པས་སློབ་དཔོན་ཆེན་པོའོ།། ཀླུ་སྒྲུབ་ནི་མཾ་ལས་ཁྱད་པར་དུ་འཕགས་པའི་མཚན་གྱི་ཆོ་བ་སྟེ། དེ་ཡི་སྔོན་གང ་ཞིག་གི་དོན་དུ་ཀླུའི་ཡུལ་དུ་བྱོན་པ་ལ། ཀླུ་རྣམས་ཀྱིས་སོ་སོའི་རྫུ་འཕྲུལ་བསྟན་པསཱ་ཟིལ་གྱིས་ནོན་པར་མ་ནུས་པས། ཀླུའི་རྒྱལ་པོ་ཉྩི་དབང་གིས་བུ་མོ་བྱིན་ནས་ཀླུ་རྣམས་ཀྱིས་མཆོད་པ་བྱེད་ཅིང་དེར་མཚན་ཐོབ་ན་མི་ཡུལ་དུ་དགེ་སློང ་གི་དུས་སུ་ཡང་གྲགསོ།། ཞལ་སྔ་ཞེས་པ་ནི་བདག་ཅག་ཀུན་གྱིས་སྲིད་ཞུའི་ཚུལ་གྱིས་བོད་པའོ།། ཚད་མས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་རྒྱུ་མཚན་སྟོན་ཏེ་མི་གནོད་ཅིང་གྲུབ་ལ་མི་བསླུ་བ་སྟེ། དེ་དེའི་མཚན་ཉིད་མ་གྲུབ་པས་ན་རྣམ ་པར་འཇོམས་པའོ།། རབ་ཏུ་བྱེད་ཞེས་བྱ་བ་ནི་པྲ་ཀ་ར་ནའི་སྒྲ་ལས་མཆོག་ཏུ་བྱེད་པ་དང་དོན་སྟོན་པར་བྱེད་ཅེས་པའོ།། ན་མ་ཞེས་པ་ནི་འབྱུང་ཁུངས་ཀྱི་དོན་དུ་ཤེས་པར་བྱའོ།། དེ་ལ་བསྡུས་པའི་དོན་ནི་འདི་ཡིན་ཏེ། རྣམ་པར་འཇོམས ་པ་ཆེན་པོ་ལ་སོགས་པར་སོལ་བ་དང་། བསྒྲུབ་པའི་རིགས་པའི་ཚོགས་དུ་མི་བསྟན་པ་སྟེ། དེ་ཡང་སེལ་བ་ནི་འདིར་ཚད་མ་མ་གྲུབ་པ་ནི་ལ་སོགས་པས་སྟོན་ལ། གཞོན་ནི་ཡི་གེ་མངས་ཀྱིས་དོགས་པས་མ་བྲིསོ།། དེ་ལ་བསྒྲུབ་པ་ནི ་རེ་ཞིག་ཕྱོགས་ཙམ་ཞིག་བརྗོད་པར་བྱ་སྟེ། དེ་ཡང་ཁོ་བོ་ཅག་དབུ་མ་ཆེན་པོ་པ་རྣམས་ཀྱིས་ནི་དགག་པར་བྱ་བ་ཐམས་ཅད་བཀག་པ་ལ་བསྒྲུབ་པ་ཞེས་ཉེ་བར་འདོག་སོ།། དགག་བྱ་ཡང་རེ་ཞིག་སེམས་ཙམ་དབུ་མ་ལ་སོགས་པ་དོན་དམ ་པ་ལ་རྫས་དང་རྫས་ཙམ་དུ་འདོད་པ་ཐམས་ཅད་འོག་ནས་འབྱུང་བའི་རིགས་པ་ལ་སོགས་པས་བསལ་ནས། དེ་ལ་བལྟོས་པའི་ཀུན་རྫོབ་དང་རྫ་སུ་མེད་པ་ཡང་བསལ་ཞིང་དགག་པར་བྱ་བ་ཁོ་ནའོ།། དེ་ལ་ཀུན་རྫོབ་ནི་སཾ་སྐྲྀ་ཏའི་སྒྲ ་སྟེ། སྒྲིབ་པ་འམ་འཁྲུལ་པ་ལ་སོགས་པའོ།། དེའི་ཕྱིར་ན་དེ་ཡང་དགག་པར་བྱ་བ་ཉིད་དོ།། སྒྱུ་མ་རྫུ་སུ་མེད་པ་དེ་ཡང་ས་ཡིན་ཏེ། སེམས་ཙམ་དབུ་མ་པ་ལྟ་བུའོ།། དེ་ལྟར་སློབ་དཔོན་གྱི་དགོངས་པ་ནི།། དགག་བྱ་དག ་པ་དང་། རེ་ཞིག་བསྒྲུབ་པའི་ཚུལ་དང་། མཐར་རྣམ་པར་གཅོད་འབའ་ཞིག་ལ་ནན་ཏན་དུ་བྱས་ནས་ཡོངསུ་གཅོ་པ་ནི་ཡང་མི་བྱེད་པ་ཡིན་སྙམ་དུ་དགོངས་ལ། གཞན་དག་ནི་གཞན་དུ་ཡང་འཆད་དོ།། དེ་ལ་ཅིའི་ཕྱིར་ཡོངསུ་གཅོད་པ་མི་བྱེད། ་ཅེ་ན། ཀླུ་སྒྲུབ་ཞབས་ཀྱིས་རི་པཱི་ཚེག་དུ་མ་བཀོད་པ་ལས། གང་ཡོངསུ་གཅོད་པ་ཅི་ཡང་མི་འགྲུབ་ཅིང་དགག་པར་བྱ་བ་ཡིན་པ་ཁོ་ནའོ།། འོ་ན་དགག་བྱ་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་བློའི་རིམ་པ་ལ་བལྟོས་པའི་ཕྱིརོ།། དེ ་ལྟར་སྐབས་ལས་བྱུང་བའི་དོན་མདོ་ཙམ་ཞིག་བསྟན་ནས། ད་ནི་ཕྱོགས་སྔ་མ་བསལ་བའི་ཚིག་གོ་དོན་ལ་འཇུག་པར་བྱ་སྟེ། དེ་ལ་རྟོག་པ་རྣམ་པ་གཉིས་ཀྱིས་ཉེ་བར་བརྟགས་པ་ནི་འདི་རྣམས་ཏེ། དེའི་ཕྱིར་རྟོག་གིས་ཞེས་བྱ་བ་ལ་སོ།། ་པ་སྨོས་སོ།། འདི་ཡིན་ཏེ་ཞེས་བྱ་བ་ནི་ཉེ་བར་དགོད་པའི་ཚིག་སྟེ། ཚིག་གི་དོན་བཅུ་དྲུག་གོ།། དེ་དག་ཀྱང་ཇི་ལྟ་བུ་ཞེ་ན། ཚད་མ་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས།། དེ་ལ་མཐའ་ལ་ཞེས་པ་རྣམས་ནི་ཚོད་མའི་དོན་རང་ཉིད་གྲུབ་པ་དང་། ་གཞིན་གྱིས་མི་གནོད་པ་ཞེས་ཟེར་རོ།། གཞལ་བྱ་ནི་དེས་གཞལ་བར་བྱ་བ་སྐྱེས་བུའི་དོན་འགྲུབ་པའི་རྒྱུ་ཡང་དག་པ་གཅིག་ཡོད་ཅེས་ཟེར་ལ། གཞན་ཡིད་ཐེ་ཚོམ་ནི་དོན་འགྲུབ་པའི་གེགས་བྱེད་པ་ཡང་ངག་གཅི་གོ་ཞེས་ཟ ་དགོས་པ་ནི་གང་གིས་ཐ་སྙད་དུ་རུང་བ་བྱས་པ་ཞེའོ།། དཔེ་ཞེས་པ་ནི་གཏན་ཚིགས་ཀྱི་གྲོགས་ཁྱབ་པ་དང་འབྲེལ་པ་གཏན་ལ་དབབ་པའི་གཞིར་འདོད་ལ། གྲུབ་པའི་མཐའ་ཡང་ཚད་མས་གཞལ་བྱའི་དོན་གྲུབ་པར་བྱ་བ་ཡང་དག་པ་གཅིག། ་ཞེའོ།། གཞན་ཡང་ཆ་ཤས་ནི་བསྒྲུབ་བྱ་གྲུབ་པར་བྱེད་པའི་ནུས་པའི་ཆ་སོ་སོར་འདོད་དེ། ཇི་ལྟ་བུ་ཞེ་ན། ཆོས་ཅན་གྱི་ནུས་པ་དང་གཏན་ཚིགས་དང་དཔེ་དང་བསྒྲུབ་བྱ་རང་ཉིད་ཀྱི་ཆོས་ཉིད་ཀྱིས་ལྡན་པ་དང་། རྗེ་སུ་འགྲོ་བ་དང་། ལྡོག་པ་ངེས ་པར་འགྱུར་བའི་ནུས་པའོ།། དེ་བཞིན་དུ་རྟོག་གེ་ཡང་རང་རང་གི་རིགས་པ་དང་ལྡན་པས་བརྟགས་པར་འདོད་པའོ།། གཏན་ལ་ཕབ་པ་ཡང་གྲུབ་པའི་མཐའ་བཞིན་དུ་ཚད་མས་བསྒྲུབས་པའི་དོན་ཞེའོ།། དེ་བཞིན་དུ་སྨྲ་བའི་མཐའ ་གྲུབ་པ་དང་། རྩོད་པའི་མཐའ་དང་། རྣམ་པར་རྩོད་པའི་མཐའ་དང་། གཞན་ཡང་གཏན་ཚིགས་ལྟར་སྣང་བ་ཡང་མ་འདྲེས་ལ་སྐྱོན་གྱི་ངོ་བོར་གྲུབ་པར་འདོད་པ་ཉིད་དོ།། ཚིག་དོར་གྱི་མཚན་ཉིད་ཀྱི་ཕྱིར་རྒོལ་བ་དང་། རྩོད་པའི་དུསུ ་ཚིག་ཟློས་བུ་ལ་སོགས་པ་སྐྱོན་དུ་གྲུབ་པ་ཁོ་ནའོ་ཞེས་ཟེར་རོ།། ལྷ་གཅོད་ནི་འོག་ནས་བསྟན་པ་བཞིན་དུ་སྐྱོན་བརྗོད་པ་ཉིད་དུ་གྲུབ་བོ་ཞེའོ།། དེ་བཞིན་དུ་ཚར་གཅོད་ཀྱང་འོག་ནས་བསྟན་པ་ལྟར་གྲུབ་པར་འདོད་པ་ཁོ་ནའོ།། དེ་ལྟར ་ཚིག་གི་དོན་དང་ཚད་མའི་མཐོའ་ལ་ཞོན་པ་བསལ་བའི་ཕྱིར། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ལྟར་ཉེ་བར་བཀོད་པའི་རྗེས་ལ་མིང་གི་དབྱེ་བ་ཚད་མ་གྲུབ་པ་དང་། ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིནོ།། ད་ནི་ཇི་ལྟར ་མ་གྲུབ་པའི་གསལ་བའི་དབྱེ་བ་ཤེས་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྐྱོསོ།། དེ་ལྟར་གྲངས་ཀྱི་དབྱེ་བ་དང་ཚད་མ་མ་གྲུབ་པ་ཞེས་བྱ་བ་ལ་སོགས་པ་གསལ་བའི་དབྱེ་བས་བསྟན་པ་ལས། མ ་དང་སེལ་བའི་རིགས་པ་ནི་ཇི་ལྟ་བུ་ཞེ་ན། དེ་ནི་འདི་ཡིན་ཏེ། མཐའ་ལ་ཞེན་པ་རྣམས་ཀྱི་རིགས་པའི་གཙོ་བོ་ནི་གཏན་ཚིགས་ཡིན་ལ། དེ་ཡང་རྣམ་པ་གསུམ་དུ་འདོད་དེ། འབྲས་བུ་དང་། རང་བཞིན་དང་། མི་དམིགས་པའོ།། ་འབྲས་བུ་ནི་གྲུབ་པ་མ་ཡིན་ཏེ། ཕྱིར་རྒོལ་བའི་བློ་ལ་འབྲས་བུ་གྲུབ་པའི་དུསུ་བསྐྱེད་པའི་རྒྱུ་འགགས་ལ་རྒྱུན་གྱི་ཚོགས་ཀྱང་མི་འགག་པའི་ངེས་པ་མེད་པའི་ཕྱིར་རོ།། རང་བཞིན་ཡང་གྲུབ་པ་མ་ཡིན་ཏེ། དཔེར་ན་བྱས་པས་མི ་ག་པ་ལ་ངེསོ་ཞེས་པའི་དུསུ་བྱས་པ་ནི་འཁོར་ལོ་དང་རྫ་མཁན་གྱི་ལག་གི་འདུ་བྱེད་ལ་བྱས་པའོ་ཞེ་འམ། སྐད་ཅིག་མ་སྔ་མས་ཕྱི་མ་བསྐྱེད་པ་ལ་བྱ་ཞེ་ན། དེ་ལ་འདུ་བྱེད་པ་ནི་བྱས་པ་མ་ཡིན་ཏེ། འདུས་བྱས་པ་ནི་སྔར་འགག ་མེ་རྟག་པ་ནི་ཕྱིས་གྲུབ་པ་སྟེ། མི་རྟག་པ་ན་དུས་ཐ་དད་པའི་ཕྱིར། རང་བཞིན་གཅིག་པའི་འབྲེལ་པ་མ་གྲུབ་པ་ཁོ་ནའོ།། གཞན་ཡང་སྐད་ཅིག་མ་ནི་མ་ཡིན་ཏེ། རྒོལ་བ་དང་ཕྱིར་རྒོལ་བའི་བློ་མ་གྲུབ་པའི་ཕྱི་རོ།། གལ་ཏེ་ནཱ། ་སར་བྱས་པའི་ཆོས་ཉིད་ཕྱིས་ཀྱང་གཏན་ཚིགས་ཀྱི་ཆོས་ཡིནོ་ཞེ་ན། དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་སྔར་གྱི་བྱས་པའི་ཆོས་ཕྱིས་ཀྱི་དུས་ཡོད་ན། མ་བྱས་པ་ཡང་ཡོད་པས་བུམ་པ་རྟག་པར་ཐལ་འགྱུར་བ་ཁོ་ནའོ།། དེ་ལ་མི་དམིགས ་པ་ཡང་རང་བཞིན་དང་འབྲས་བུ་མ་གྲུབ་པའི་ཕྱིར་མི་འགྲུབ་པར་ངེ་སོ།། དེ་བྱས་ན་ཚད་མ་ལ་སོ་ཌ་ཛྭལ་རྟོག་གེ་པ་རྣམས་ནི་རིགས་པའི་གཙོར་གཏན་ཚིགས་འདོད་ལ། དེ་ནི་དེ་ལྟར་མ་གྲུབ་པ་ཉིད་དོ།། འོ་ན་གཞན་གྱི་འདོད་པ་བསལ་ནས ་རང་གི་འདོད་པ་ཇི་ལྟ་བུ་ཞིག་ཅེ་ན། དེ་ནི་ཁོ་བོ་ཅག་དབུ་མ་ཆེན་པོ་པ་ཡོངསུ་གཅོད་པ་ཅི་ཡང་མི་བྱེད་པ་གོང་དུ་སྨྲས་པ་མ་ཡིན་ནམ་གཞན་ཡང་ལུང་གི་དགོངས་པ་ནི་འདིར་མ་སྨོས་ཏེ། སློབ་དཔོན་ཆེན་པོས་ཕྱི་རོལ་པའི་ཚད་མ་དང ་ཐུན་མོང་དུ་ཉེ་བར་དགག་པའི་ཕྱིར་རོ།། འདིར་རྒོལ་ཏེ་གང་གི་ཚེ་ཡོངསུ་གཅོད་པ་མེད་པ་དེའི་ཚེ་གཉེན་པོ་མེད་པ་དེའི་ཕྱིར། སྤངས་པ་ཕུན་སུམ་ཚོགས་པ་ཡང་མི་འགྱུར་ལ། དེ་བས་ན་དོན་མེད་པར་འགྱུར་བ་ཁོ་ནའོ།། དེ་ལྟ་མ ་ཡིན་ཏེ། ཇི་སྲིད་བློའི་ཡུལ་དུ་བྱས་པ་དེ་སྲིད་དུ་ཀུན་རྫོཔ་ཡིན་ལ། ཁོ་བོ་ཅག་ཀུན་རྫོབ་པ་ནི་རེ་ཞིག་བློའི་ཡུལ་དུ་འགོག་པ་ཁོ་ནའོ།། གཞན་ཡང་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ལ་ནི་སྤངས་པ་ཕུན་སུམ་ཚོགས་པར་མི་འགྱུར་བ ་པ་ལ་སོགས་པ་དེ་དག་འདོད་ཐོག་ཁོ་ན་ཡིན་ཏེ། གང་གི་ཕྱིར་སྤྲོས་པ་མཐའ་དག་དང་བྲལ་བའི་ཕྱིར་རོ།། དེ་བས་ན་གཞན་དག་འདོད་པ་ལྟར་ཡོངསུ་གཅོད་ཅིང་བསྒྲུབ་པའི་དོན་དེ་ལྟར་ཡིན་གྱི་ཕྱི་རོལ་གྱི་དབུ་མ་པ་ལྟར་གཞན་གྱི ་དབང་ལ་ཀུན་བརྟགས་ཀྱིས་སྟོང་པའི་ཆོས་ཡོངསུ་གྲུབ་པ་རྟག་པར་འདོད་པ་དེ་ཡང་དགག་པོར་ནུས་པ་མ་ཡིན་པར་ཐལ་བར་འགྱུར་རོ།། གལ་ཏེ་དེ་ཉིད་འདོད་ཐོག་ཁོ་ནའོ་ཞེ་ན། དེ་ལྟ་མ་ཡིན་ཏེ། དེ་ནི་སློབ་དཔོན་ཆེན་པོ་ཀླུ ་སྒྲུབ་ཀྱིས་ཡང་དྲུག་སྒྲོན་མའི་བསྟན་བཅོས་ལ་སོགས་པར་ཁྱབ་པར་བྱེད་པ་མི་དམིགས་པ་ལ་སོགས་པའི་རིགས་པསྣ་བཀག་ཟིན་ལ། འདིར་ནི་ཡི་གེ་མངས་ཀྱིས་དོགས་ནས་མ་སྐྱེསོ།། དེས་ན་སྐྱོབ་དབེན ་ཀྱི་དགོས་པ་ནི་གཙུན་གྱི་འདོད་པ་ཡོངསུ་གཅོད་པ་ཐམས་ཅད་ཉེ་བར་བསལ་ནས། མཐོར་བལྟོས་པའི་རིགས་པས་རང་ཉིད་ཀྱི་འདོད་པ་རིགས་ཀྱི་ཚོགས་དུ་མ་སྣང་བ་དག་ཀྱང་རྣམ་པར་བཅད་ནས་ཡོངསུ་གཅོད་པ་མོ་བྱེད་པ ་ནའོ།། གང་གི་ཚེ་ཡོངསུ་གཅོད་པ་ཅི་ཡང་མེད་པ་དེའི་བློ་དང་བརྗོད་པའི་ཡུལ་དུ་མི་འགྱུར་ལ། དེའི་ཕྱིར་དོན་དམ་པ་ཞེས་ཉེ་བར་འདོགས་སོ།། དེ་བས་ན་ཁྱོད་ཀྱི་སྐྱོན་བརྗོད་པ་དོན་མེད་པར་འགྱུར་བ་ཁོ་ནའོ།། དཱ་ནི་རྣམ་པར ་དགྲོལྔ་བ་བསྟན་པའི་ཕྱིར། དེ་ལྟ་ཞེས་བྱ་བ་ལ་སོགས་པ་སྨོསོ།། དེ་ལ་ཞེས་པ་ནི་དམིགས་ཀྱི་ཉེ་བར་སྟོན་པའི་ཐ་ཚིག་གོ།། ཚད་མ་ཆོས་ཅན་ཡིན་ལ་གཞལ་བྱ་ལ་བལྟོས་པའི་ཕྱིར་ཞེས་པའི་རྒྱུ་མཚན་གྱིས་གྲུབ་པ ་མ་ཡིན་ཏེ་ཞེས་བསྒྲུབས་པ་ཡིནོ།། སྦྱར་ཁྱབ་པ་དཔེས་མཚོན་པའི་ཕྱིར་གང་དང་གང་ཞེས་པ་སྨོས་སོ།། གལ་ཏེ་རང་ཉིད་གྲུབ་པ་ཡིན་ན། མི་བལྟོས་པར་ངོས་ལ་དེའི་ཕྱིར་ལྡོག་པ་ངེས་པ་ཡང་ཤུགས་ཀྱིས ་བསྟན་ཏོ།། ། ཞུས་དག་ལན་གཉིས་ཞུས་རས ་