| Wylie | e-texts produced with BDRC’s OCR application |
བདུན་པ་གཉིས་ལ་འཇུག་པ་སྲོ་དཔོ་དཔལ་མ་སྡེ་བཛུད་མེ་ཤེས་ཀྱི་མཛདཔ་བཞུགས། རྒྱ་གར་སྐད་དུ། སདྡྷ་དཱ་ཡཱ་བ་ཏཱི་ར། བོད་སྐད་དུ། བདེན་པ་གཉིས་ལ་འཇུག་པ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ།། བདེན ་པ་གཉིས་ལ་ཡང་དག་བརྟེན།། འཇིག་རྟེན་ཀུན་རྫོབ་བདེན་པ་དང་།། དེ་བཞིན་དོན་དོམ་བདེན་པའོ།། ཀུན་རྫོབ་རྣམ་པ་གཉིས་སུ་འདོད།། ལོག་པ་དང་ནི་ཡང་དྲག་གོ།། དང་པོ་གཉིས་ཏེ་ཆུ་ཟླ་དང་།། གྲུབ་མཐའ་དྲན་པའི་རྟོག་པའོ།། 5 ་གཅིག་པུ་ཉམས་དགའ་བའི།། སྐྱེ་བ་དང་ནི་འཇིག་པའི་ཆོས།། དོན་བྱེད་ནུས་དང་ལྡན་པ་ནི།། ཡང་དག་ཀུན་རྫོབ་ཡིན་པར་འདོད།། དམ་པའི་དོན་ནི་གཅིག་ཉིད་དེ།། གཞན་དག་རྣམ་པ་གཉིས་སུ་འདོད།། ཅིར་ཡང་མ་གྲུབ་ཆོས ་ཉིད་དེ།། གཉིས་དང་གསུམ་སོགས་གྲལ་འགྱུར།། བསྟན་པའི་ཚིག་གི་སྦྱོར་བ་ཡིས།། སྐྱེ་མེད་འགག་མེད་སོགས་པས་མཚོན།། དོན་དམ་ཐ་དད་མེད་ཚུལ་གྱིས།། ཆོས་ཅན་མེད་ཅིང་ཆོས་ཉིད་མེད།། སྟོང་པ་ཉིད་ལ་ཐ་དད་ནི།། ཅུང་ཟད ་ཡོད་པ་མ་ཡིན་ཏེ།། རྟོག་མེད་ཚུལ་གྱིས་རྟོགས་པས་ན།། སྟོང་ཉིད་མཐོང་ཞེས་ཐ་སྙད་གདོགས།། མ་མཐོང་བ་ཉིད་དེ་མཐོང་བར།། ཤིན་ཏུ་ཟབ་པའི་མདོ་ལས་གསུངས།། དེ་ལ་མཐོང་དང་མཐོང་བྱེད་མེད།། ཐོག་མ་ཐ་མ་མེད་ཞི་ག། ་དངོས་དང་དངོས་མེད་རྣམ་པར་སྤངས།། རྣམ་པར་རྟོག་མེད་དམིགས་པ་བྲལ།། གནས་པ་མེད་པ་གནས་མེད་པ།། འགོ་འོང་མེད་ཅིང་དཔ་དང་བྲལ།། བརྗོད་དུ་མེད་པ་བལྟར་མེད་པ།། འགྱུར་བ་མེད་པ་འདུས་མ་བྱས།། ་རྣལ་འབྱོར་པ་ཡིས་དེ་རྟོགས་ན།། ཉོན་མོངས་ཤེས་བྱའི་སྒྲིབ་པ་སྤོང་།། མངོན་སུམ་དང་ནི་རྗེས་སུ་དཔག། སངས་རྒྱས་པ་ཡིས་དེ་གཉིས་གཟུང་།། གཉིས་པོས་སྟོང་ཉིད་རྟོགས་སོ་ཞེས།། ཚུ་རོལ་མཐོང་བའི་རྨོངས ་པ་སྨྲ།། མུ་སྟེགས་ཉན་ཐོས་རྣམས་ཀྱིས་ཀྱང་།། ཆོས་ཉིད་རྟོགས་པར་ཐལ་བར་འགྱུར།། རྣམ་རིག་པས་ལྟ་སྨོས་ཅི་དགོས།། དབུ་མ་པ་ལ་མི་མཐུན་མེད།། དེས་ན་ཕྱབ་མཐའ་ཐམས་ཅད་ཀྱང་།། ཚད་མས་འཇལ ་ཕྱིར་མཐུན་པར་འགྱུར།། རྟོག་གེ་ཐམས་ཅད་མི་མཐུན་པས།། ཚད་མས་འཇལ་བའི་ཆོས་ཉིད་ཀྱང་།། མང་པོ་ཉིད་དུ་མི་འགྱུར་རམ།། མངོན་སུམ་རྗེས་དཔག་དགོས་པ་མེད།། མུ་སྟེགས་རྒོལ་བ་བཟློག་པའི་ཕྱིར། ་མཁས་པ་རྣམས་ཀྱིས་བྱས་པ་ཡིན།། ལུང་ལས་ཀྱང་ནི་གསལ་པོ་རུ།། རྟོག་བཅས་རྟོག་པ་མེད་པ་ཡི།། ཤེས་པ་གཉིས་ཀྱིས་མི་རྟོགས་ཤེས།། སློབ་དཔོན་མཁས་པ་བྷ་བྱ་གསུང་།། ་སྟོང་ཉིད་གང་གིས་རྟོགས་ཤེ་ན།། དེ་བཞིན་གཤེགས་པས་ལུང་བསྟན་ཞིང་།། ཆོས་ཉིད་བདུན་པ་གཟིགས་པ་ཡི།། ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན།། དེ་ལས་བརྒྱུད་པའི་མན་ངག་གིས།། ཆོས་ཉིད་བདེན་པ་རྟོགས ་པར་འགྱུར།། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་།། བཞི་སྟོང་གསུངས་པ་ཐམས་ཅད་ནི།། ཆོས་ཉིད་འདི་ལ་གཞོལ་ཞིང་འབབ།། སྟོང་ཉིད་རྟོགས་པས་གྲོལ་འགྱུར་གྱི།། སྒོམ་པ་ལྷག་མ་དེ་དོན་ཡིན།། ཡང་དག་ཀུན ་རྫོབ་ཁྱད་བསད་ནས།། སྟོང་པ་ཉིད་ལ་གོམས་བྱེད་ན།། ཀུན་རྫོབ་རྒྱུ་འབྲས་དགེ་སྡིག་སོགས།། འཇིག་རྟེན་ཕ་རོལ་བསླུས་པར་འགྱུར།། ཅུང་ཟད་ཐོས་པ་ལ་བརྟེན་ཏེ།། རྣམ་པར་བདེན་དོན་མི་ཤེས་ཤིང་།། མི ་གང་བསོད་ནམས་མི་བྱེད་པ།། སྐྱེས་བུ་ཐ་ཤལ་དོ་དག་བརླག། སྟོང་རྗེ་ཉིད་ལ་བླལྟ་ཉེས་ན།། ཤེས་རབ་ཆུང་རྣམས་འཕུང་བར་འགྱུར།། སློབ་དཔོན་ཟླ་གྲགས་འདི་སྐད་དུ།། ཐབས་སུ་གྱུར་པ་ཀུན་རྣོབ་བདེན་པ ་དང་།། ཐབས་ལསོ་བྱུང་བ་དོན་དོམ་བདེན་པ་དག། གཉིས་པོའི་དབྱེ་བ་གང་ཡིན་མི་ཤེས་པ།། དེ་དག་ལོག་པར་རྟོགས་པས་ངན་འགྲོར་འགྲོ།། ཐ་སྙད་ལ་ནི་མ་བརྟེན་པར།། དམ་པའི་དོན་ནི་རྟོགས་མི ་གྱུ། ཡདྨ་དག་སན་རྫོ་རྣམས་ཀྱི་སྒྲས།། སྐྱེད་བྱུར་ཡང་དག་ཁང་རྐྱེནྡྲ་\ུ0f7f།། སྟེང་དུ་འགྲོ་བར་བྱེད་པ། མཁས་ལ་རུང་བ་མ་སྨིན།། ཀུན་རྔུབ་ཇི་ལྟར་སྣང་བ་འད།། རིགས་པས་བརྟགསན་འདུ་མི་རྙེད།། དྷཱ། ་པ་ཉིད་དོན་དུ་མ་ཡིན།། ཡེ་ནས་གནས་པའི་ཆོས་ཉིད་དོ།། རྒྱུ་རྐྱེན་དག་གིས་བསྐྱེད་བྱས་ན།། ཀུན་རྫོབ་ཇི་ལྟར་སྣང་བ་གྲུབ།། གལ་ཏེ་གྲུབ་པར་མི་རུང་ན།། ཆུ་ཟླ་ལ་སོགས་སུ་ཡིས་བསྐྱེད།། དེས་ནཱ་རྒྱུ་རྐྱེན་སྣ་ཚོགས ་ཀྱིས།། བསྐྱེད་པས་སྣང་བ་ཐམས་ཅད་གྲུག།། རྐྱེན་རྣམས་རྒྱུན་ནི་ཚྭད་གྱུར་ན།། ཀུན་རྫོབ་ཏུ་ཡང་མི་འབྱུའོ།། དྲི་ལྟར་ལྟ་བས་མ་རྨོངས་ཤིང་།། སྤྱོད་པ་ཤིན་ཏུ་དག་གྱུར་ན།། རྒོམོ་བའི་ལམ་དུ་མི་འགྲོ་ཞིང་།། འོམ ་མིན་གནས་སུ་འགྲོ་བར་འགྱུར།། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་།། ཚེ་ཡི་ཆེད་ཀྱང་ཇི་ཙམ་མི་ཤེས་པས།། ངང་པ་ཆུ་ལ་འོ་མ་ལོན་པ་ལྟར།། རང་གི་འདོད་པ་དང་ལ་བླང་བར་གྱིས།། ཚུ་རོལ་མཐོང ་བྱའི་རྨོངས་པ་བདག་གིས་ནི།། བདེན་གཉིས་གཏན་ལ་དབབ་པར་མི་ནུས་ཀྱང་།། བླ་མ་རྣམས་ཀྱི་གསུང་ལ་བརྟེན་ནས་ནི།། ཀླུ་སྒྲུབ་ལུགས་ཀྱི་བདེན་གཉིས་བཀོད་པ་འདི།། གསེརེ་གླིང་རྒྱལ་པོའི་ངོར་བྱས་འདི་ལ ་ནི།། གལ་ཏེ་དིང་སང་སྐྱེ་བོ་དད་གྱུར་ཀྱང་།། ལེགས་པར་བརྟགས་ལ་བླང་བར་བྱ་བ་ཡི།། དད་པ་ཙམ་དང་གུས་པ་ཙམ་གྱིས་མིན།། གསེར་གླིང་རྒྱལ་པོ་གུ་རུ་ཕ་ལ་ཡིས།། དགེ་སློང་དེ་བ་མཽ་ཏི་བཏང་གྱུར་ནས།། དེ ་མདོར་བྱས་བདེན་གཉིས་ལ་འཇུག་འདི།། དཔེ་སང་མཁས་པ་རྣམས་ཀྱིས་བརྟག་པར་རིགས།། བདྲེན་པ་གཉིས་ལ་འཇུག་པ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་པ ་ཀྱིས་མཛད་པ་རྫོགས་སོ།། ། པཎྜི་ཏི་དེ་ཉིད་དང་། ལོ་སྡེ་བརྒྱ་བརྩོན་སེང་གིས་འསྒྱུར་ཅི་ཞུས་ཏེ་གཏན་ལ་ཕབ་པར། ་