CLOSE WINDOW

GT330: 'phags pa mkha' 'gro ma rdo rje gur zhes bya ba'i rgyud kyi rgyal po chen po'i brtag pa'i rgyal po'i bshad sbyar
Wyliee-texts produced with BDRC’s OCR application

བརྒྱ་ལ་བ་ལི་བསྔོ་བའི་སྔགས་སོ།། ། ཨོཾ་ཧ་རི་ཏཱི་པཱ་ན་པ་ཎ་ད་པུ་ཀཾ་མ་ཧཱ་ཨི་དཾ་བ་ལཾ་གྲྀཧྞ་ཁཾ་སྭཱ་ཧཱ།། ཨོཾ་ཨུཙྪཥྚ་སྭཱ་ཧཱཿ། ཨོཾ་ཨུཙྪཥྚི་པརྟྟི་ཡ་སྭཱ་ཧཱ།། །། རྒྱ་གར་སྐད་དུ། ཨཱརྱ་ཌཱ་ཙ~ཾ་ཀི་ནཱི་བཛྲ་པཉྫ་ར་མ་ཧཱ། ་ཏནྟྲ་རཱ་ཛ་ཀལྤ་ནཱ་མ་མུ་ཁ་བནྡྷ། བོད་སྐད་དུ། འཕགས་པ་མཁའ་གྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟག་པའི་རྒྱལ་པོའི་བཤད་སྦྱར། དཔལ་རྡོ་རྗེ་མཁའ་གྲོ་ལ་ཕྱག་འཚལ་ལོ།། ནག་པོ་ཤེས་རབ་ལས་རིང ་བ།། གང་ཞིག་སྙིང་རྗེས་རྣམ་གཟུང་བ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི།། འདྲེན་སྐྱོབ་དེ་ལ་ཕྱག་འཚལ་ཞིང་།། ཐར་མཆོག་དབང་ཕྱུག་སྩོལ་བ་ཡིས།། སློབ་དཔོན་ཞབས་ལ་ཕྱག་འཚལ་ནས།། མཁའགྲོ་མ་ཡི་རྡོ་རྗེ་གུར།། དྲན་ཕྱིར ་ཅུང་ཟད་བཤད་པར་བྱ།། ནམ་མཁའ་ལ་ཞེས་བྱ་བ་ལ་སོགས་པས་དོན་དམ་པར་དངོས་པོ་ཐམས་ཅད་ཀྱི་དོན་དམ་པ་དང་། ཀུན་རྫོབ་ཀྱིས་དཔྱད་ན་ཐམས་ཅད་དུ་བཞུགས་ཏེ། སྟོན་པ་པོ་བཅོམ་ལྡན་འདས་མཁའགྲོ་མའི་རྡོ་རྗེ་གུར་གྱི་བསྒྲུབ ་བྱོའི་རིགས་པ་འགྲོ་བ་ཐམས་ཅད་ལ་ཁྱབ་པར་མཛད་པའི་ཕྱིར་རེ་ཞིག་གསལ་བར་བྱའོ།། སྡུད་པར་བྱེད་པ་རྡོ་རྗེ་སྙིང་པོས་རྒྱའི་རྡོ་རྗེ་གཡོ་བ་དང་གནས་པར་ཁྱབ་ཅིང་བཞུགས་པ་ཞེས་བྱ་བ་དེ་བརྗོད་དོ།། དེ་ལ་གཞུང་གི་ནང་དུ་བཤད་པའི་ཕྱི ་འབྱུང་བ་ཆེན་པོ་ལྔ་རྣམས་ཀྱི་བསྐྱེད་པའི་རིམ་པའི་འབྲེལ་པ་དང་། དེའི་བག་ཆགས་ཀྱི་བདག་པོ་དེ་དང་པོར་བཤད་པར་བྱ་སྟེ། དེ་རྣམས་ཀྱི་ནང་ནས་ན་མཁའ་ནི་མི་གསལ་བའི་ཕྱིར་དེ་ཉིད་ལ་སོགས ་པ་བརྗོད་པར་བྱའོ།། ན་མཁའ་ལ་ཞེས་བྱ་བ་ནི་སྒྲིབ་པ་མེད་པ་ལའོ།། བེམས་པོ་ལ་ཞེས་བྱ་བ་ནི་སྲ་བའི་ཚུལ་དང་ས་ལའོ།། དྲང་བ་ལ་ཞེས་བྱ་བ་ནི་ཁུ་བ་དང་ཚུ་ལའོ།། གོ་སྐབས་མེད་པ་ལ་ཞེས་བྱ་བ་ནི་སྲེག་པར་བྱེད་པ་དང་། གོ་སྐབས་རབ་ཏུ ་མི་སྟེར་བའི་ཕྱིར་མེ་ལའོ།། འབྱེད་པ་ལ་ཞེས་བྱ་བ་ནི་མིག་དང་ཡུལ་དང་རླུང་ལའོ།། འདི་རྣམས་ཉིད་ལ་སོགས་པ་ཡང་པུཀྐ་སཱི་ལ་སོགས་པར་འགྱུར་ཏེ། ཡང་ན་ས་ནི་པུཀྐ་སཱི་རུ་བཤད།། ཆུ་ཁམས་རི་ཁྲོད་མོར་ནི་བརྗོད།། དྲོད་ནི་གདོལ ་པ་མོར་ཤེས་བྱ།། རླུང་ནི་གཡུང་མོར་རབ་ཏུ་གྲགས།། བདེ་བ་ན་མཁའ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་ཀུན་ཏུ་འཛིན་པ་དང་། གང་དག་རྣམས་ཀྱི་གནས་དངོས་པོ་རྫོགས་པའི་རིམ་པའི་སེམས་དཔའི་མན་ངག་གསུང་སོ།། སྣ་ཚོགས་ལ་ཞེས་བྱ ་བ་ནི། སྟོང་པ་ཉིད་ཀྱི་ཚུལ་གྱིས་འགྲོ་བ་ཐམས་ཅད་ཁྱབ་པར་མཛད་པའི་ཕྱིར་ནམ་མཁའ་ལའོ།། རྡོ་རྗེ་གཞི་ལ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་ཞེས་བྱ་བ་དང་། རྡོ་རྗེ་སེམས་དཔའི་གནས་ཐམས་ཅད་དང་དབང་ཆེན་གྱི་དཀྱིལ་འཁོར་ལའོ།། གནས་ཁང ་ལ་ཞེས་པ་ནི་དེའི་གཞལ་མེད་ཁང་དང་ཆུའི་དཀྱིལ་འཁོར་ལའོ།། སེམས་ཅན་ཁམས་ལ་ཞེས་བྱ་བ་ནི། དེའི་སྟེང་དུ་འདིས་མེའི་དཀྱིལ་འཁོར་ལའོ།། ཡིད་དུ་འོང་བ་ལ་ཞེས་བྱ་བ་ནི་ཡིད་ཀྱིས་ཡིད་སྡུད་པའོ།། དེ་རྣམས་ཀྱི་གནས་དང་རླུང་གི ་དཀྱིལ་འཁོར་ལ་འབྱུང་བ་ཆེན་པོའི་སྤྲོས་པ་གནས་པ་སྟེ། སེམས་ཅན་ཆེན་པོ་ལ་ཞེས་བྱ་བ་ནི་འཚོ་བའི་འཇིག་རྟེན་ལའོ།། སྣོད་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་གནས་དང་ས་ལ་སོགས་པ་དག་ལའང་སྤྲོས་པ་བརྗོད་དོ།། ས་ལ་ཞེས་བྱ་བ ་ལ་སོགས་པས་ན་ས་འོག་དང་མི་ཡུལ་དང་མཐོ་རིས་སུ་དེ་བར་སྣང་ལའོ།། འཇིག་རྟེན་ཐམས་ཅད་ཁྱབ་པར་གནས་པ་གསུངས་པ། ཡིད་ལ་ཞེས་བྱ་བ་གསུངས་པ་ནི་འདི་རྣམས་ལྷ་མོ་རྣམསུ་གནས་པ་ཡིན་ཏེ། དེ་ནས་ཡང་མཁའ་ལ ་སྤྱོད་མ་ནི་ཐུགས་ཀྱི་རྡོ་རྗེ་དང་། གསུང་གི་རྡོ་རྗེ་ལ་ས་སྤྱོད་མ་དང་། སྐུ་ལ་ཞབས་འོག་གནས་མ་སྟེ།། ཨོཾ་ཨཱཿཧཱུཾ་གི་སྙིང་པོ་ལས་བྱུང་བའོ།། སྐུ་ལ་སོགས་པའི་བྱ་བ་ཡང་གསུངས་པ་གཅིག་ལ་གཉིས་ལ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི ་རྣམ་པར་ཤེས་པ་ལའོ།། མཁའ་ལྔ་བདེ་ལ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་དང་། དེ་ནམ་མཁའ་ལ་ཞེས་བརྗོད་དེ། ཡེ་ཤེས་འདི་ཉིད་ཆེན་པོ་སྟེ།། ཐམས་ཅད་ལུས་ལ་རྣམ་པར་གནས།། གཉིས་དང་གཉིས་སུ་མེད་པའི ་ཚུལ།། དངོས་དང་དངོས་པོ་མེད་པའི་གཙོ་རིགས་དྲུག་པོ་འདི་རྣམས་རྣམ་པར་དག་པར་གྱུར་པ་འདི་བརྗོད་པར་བྱ་སྟེ། དྲུག་ལ་ཞེས་བྱ་བ་ནི་དེ་ནས་ཡང་རིགས་དྲུག་པོ་རྣམས་མངོན་པར་བརྗོད་པར་ཤེས་པར་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི ་མུག་དང་།། དམ་ཚིག་སེམས་ཅན་ནོར་བུ་སྟེ།། འདོད་པའི་ཐར་པ་རབ་སྒྲུབ་པ།། འདི་རྣམས་རིགས་ནི་དྲུག་ཏུ་བརྗོད།། བྱེ་བྲག་ཏུ་སྨྲ་བོ་དང་། མདོ་སྡེ་པའི་རྫ་སུ་བཙལ་ན་གང་ཞིག་འགྲོ་བ་དེ་ཡིས་ཁྱབ་པར་བྱེད་པ་བསྟན་པར་བྱ་སྟེ། ལྔ་པ་ཞེས ་བྷཱ་བ་ནི་ཕུང་བ་མ་འགྱུར་བསྟེ། དེ་ནས་ཡང་གཟུགས་ཟུང་ལན་རྣམ་ཡིན།། མར་བ་ལན་དར་མི་བརྗོད།། འདུ་ནས་སུ་མ་ནཔ་འགྱུར་བྱ།། འདུ་བྱེད་དོནམ་འགྲོ་ས།། རྣམ ་ཕུང་པོའི་ཚུལ་གྱིས་ནི།། བདག་མེད་རྣལ་འབྱོར་མ་གནས་སོ།། ཞེ་སྡང་ལ་སོགས་པ་ལྔ་པོ་ཡང་བསྟན་ཏོ།། དེ་རྣམ་པར་དག་པ་ཡང་ལྷ་མེར་གྱུར་པ་སྟེ། དེ་ཡང་ཞེ་སྡང་ཞེས་བཤང་རྡོ་རྗེ་མ།། འདོད་ཆགས་ཆུ་གག། རྣལ་འབྱོར།། ཁྲག་དོན ་མཁ་འགྲོ་མ་ཁྲེ་སྣ་གསང་བའི་དཀའ་མོ་སྟེ། གཏི་མུག་དེ་བཞིན་རྡོ་རྗེར་བཤད།། ཞེ་སྡང་ལ་སོགས་སྦྱོང་བའོ།། གཟུགས་ཀྱི་ཕུང་པོ་སྤྲོས་པ་ལ་སྐྱེ་མཚད་བཅུ་གཉིས་ལ་གནས་པར་རིག་པར་བྱ་སྟེ། དྲུག་གཉིས་ལ་ཞེས་བྱ་བ་ནི་འདི ་རྣམས་ལྷ་མོ་རྣམསུ་དབྱེ་བར་བྱ་ཞིང་དེ་ཡང་མིག་ལ་གཏི་མུག་རྡོ་རྗེ་དགོད། ཞེ་སྡང་རྡོ་རྗེ་རྣ་བ་ལ།། སྣ་ལ་སེར་སྣ་རྡོ་རྗེ་མ།། མཁའ་ལ་འདོད་ཚོགས་རྡོ་རྗེ་མ།། རེག་ལ་ཕྲག་དོག་རྡོ་རྗེ་མ།། ཡིད་ལ་བདག་མེད་བསྒོམ་པར་བྱ།། གཟུགས ་ལ་དཀར་མོ་ཡང་དག་བཤད།། སྒྲ་ལ་ཆོམ་རྐུན་མ་རབ་གྲགས།། དྲི་ཡི་ཆ་ལ་རོ་ལངས་མ།། རོ་ལ་གྷསྨཻ་རཱི་རབ་གྲགས།། རེག་ལ་ས་སྤྱོད་མར་ནི་བཤད།། ཆོས་ཀྱི་དབྱིངས་ལ་མཁའ་སྤྱོད་མ།། བྱེ་བྲག་ཏུ་སྨྲ་བའི་གཞུང་གིས་སྐྱེ་མཆེད ་རྣམས་ཀྱང་འབྱུང་བ་དང་འབྱུང་བའི་བདག་ཉིད་ཅན་གྱི་རང་བཞིན་གྱི་སྐྱེ་མཆེད་དེ། དེ་ལ་གཞུང་རྗེ་སུ་བཙལ་བས་འགྲོ་བ་ལ་གནས་པོ་འདི་རྣམས་ཀྱིས་ལྷ་རྣམས་དང་ལྡན་པར་ཐམས་ཅད་དུ་གནས་པར་བརྗོད་པ་ཉིད་དོ།། མ་སྔོ་བའི ་གཞུང་གིས་ནི་འབྱུང་བ་རྣམས་ཉིད་འགྱུར་བ་ཞེས་བྱ་བ་ནི། གཟུགས་དང་རེག་བྱ་ལ་སོགས་པ་ལ་ཟེར་རོ།། བཞི་ལྔ་ཞེས་བྱ་བ་ནི། གཟུགས་དང་། རོ་དང་། དྲི་དང་། རེག་བྱ་ལ་སྟེ། འདི་རྣམས་ཉིད་ལ་ཡང་ཕུང་པོ་དང་། ཁམས་དང་། ་སྐྱེ་མཆེད་དང་། འདོད་ཁམས་ལ་སོགས་པའི་རང་བཞིན་དུ་གནས་པར་གསུངས་པ། སྐྱེ་འགྲོ་ལ་ཞེས་བྱ་བ་ནི་བཞི་ལ་ཡོང་ཞེས་བྱ་བ་ཡིན་ཏེ། དེ་ལ་འདོད་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། ་འཇིག་རྟེན་གྱི་མཆོག་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་ནི་འགྲོ་བ་གསུམ་ལའོ།། གཟུགས་ཀྱི་ཡེ་ཤེས་ཀྱི་སྤྲོས་པ་ལ་སོགས་པ་ལ་གསུངས་པ། གཅིག་གིས་ཉི་ཤུར་མ་ཚང་བའང་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་གདོད་མ ་ནས་མ་སྐྱེས་པའི་རང་བཞིན་ཞེས་བྱ་བ་ནི། གཅིག་གིས་ཉི་ཤུར་མ་ཚང་བའོ།། དེ་ཡང་དབང་པོ་དང་། ཡུལ་ཉིད་དང་། དབང་པོ་རྣམ་པར་ཤེས་པ་ཉིད་དོ།། རྣལ་འབྱོར་མ་རྣམས་གོ་བྱའི་ཕྱིར།། ཁམས་ནི་བཅོ་བརྒྱད་དག་ཏུ་བཤད།། ་རང་བཞིན་གདོད་ནས་མ་སྐྱེས་པ།། བདེན་མིན་དེ་བཞིན་བརྫུན་པ་མིན།། ཐམས་ཅད་ཆུ་ཟླ་ལྟ་བུ་སྟེ།། རྣལ་འབྱོར་མ་ཡི་འདོད་ཤེས་ཀྱིས།། ཁམས་བཅོ་བརྒྱད་རྣམ་པར་དག་པའོ།། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམ་པར་དག ་པར་ཤེས་པར་བྱ་སྟེ། རང་བཞིན་གྱིས་མ་སྐྱེས་པ་ནི་གཅིག་ཏུ་དག་པ་སྟེ། དེ་ཉིད་ཀྱིས་གཞན་ཇི་སྙེད་པ་སྦྱོང་པོར་བྱེད་པའོ།། དེ་རྣམ་པར་དག་པར་ཇི་ལྟ་བུ་ཞེ་ན། དེ་ཁྱད་པར་དུ་ཉེ་བར་བསྟན་པའི་ཕྱིར་མདོར་བྱས་པ། ཁམས་གསུམ་ལ ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལ་འདོད་པའི་ཁམསུ་རབ་ཏུ་དགའ་བར་གཉིས་གཉིས་འཁྱུད་པ་དང་། ལག་བཅངས་དང་། རྒོད་པ་དང་། བལྟ་བར་བརྗོད་དེ་སེམས་ཅན་རྣམས་ཀྱི་སེམས་པ་ཉིད་དང་། ་པ་དང་བུ་དང་མ་མོ་རྣམ་པར་གནས་པ་ཞེས་བརྗོད་དོ།། པ་དང་ཞེས་བྱ་བ་ལ་སོགས་པ་ནི་གཟུགས་ཀྱི་ཁམསུ་བརྗོད་དོ།། ཕྱི་རོལ་གྱི་དོན་ལ་ཞེས་བྱ་བ་ནི་འདོད་པའི་ལོངས་སྤྱོད་ཀྱི་རང་བཞིན་སྤངས་པའོ།། ནང་ལ་ཞེས་བྱ་བ་ཡང་གཟུགས ་མེད་པའི་ཁམ་སུ་ཡེ་ཤེས་ཙམ་ལའོ།། བཙུན་མོ་ཀུན་ལ་ཞེས་བྱ་བ་ནི་འཇིག་རྟེན་གྱི་མཆོག་དང་ལྷ་མོའི་འཁོར་ལའོ།། ཆོས་ཞེས་བྱ་བ་ནི་དེའི་ཚིགས་ལའོ།། ལས་ཐམས་ཅད་ལ་ཞེས་བྱ་བ་ནི།། དེའི་བྱ་བ་ཕལ་པ་ལ་སོགས་པ་ནི་གྲུབ ་པ་ཚད་མ་གཅིག་ཏུ་འདི་སྨྲ་ཞིང་། དེ་རྣམས་ཀྱི་རང་བཞིན་ཡང་དེ་རྣམས་བརྗོད་པར་བྱ་སྟེ། བདག་མེད་པ་ལ་ཞེས་བྱ་བ་ནི། གང་ཟག་ལ་བདག་མེད་པ་ནི་བདག་མེད་པའོ།། འདིར་ནི་འཁོར་བར་འབྲས་བུ་དང་བྱེད་རྒྱུ་ཙམ་གྱིས་བདག་མེད ་པར་ཡང་བསྒོམ་པ་དང་། དགྲ་བཅོམ་ལ་རྣམ་པར་གནས་པའི་གནས་སྐབས་གསུངས་པ། འབྲས་བུ་ལ་ཞེས་བྱ་བ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་རྣམས་འབྲས་བུར་སྒྲུབ་པའི་ཕྱིར་རོ།། རྒྱུ་ཞེས་བྱ་བ་ནི་བདག་མེད་པ་བསྒོམ ་པ་ལ་སོགས་པ་བྱེད་པ་ལས་སྐྱེ་བའི་ཕྱིར་རོ།། བྱེད་རྒྱུ་ཉིད་འབའ་ཞིག་ནི་རྒྱུ་མ་ཡིན་ཏེ། བྱ་བའང་ཤེས་པར་བྱ་བའི་ཕྱིར་རོ།། རྒྱུ་ལ་ཞེས་བྱ་བ་ལ་སོགས་པ་ལ། བྱ་བ་ཞེས་བྱ་བ་ནི་བྱ་བའི་མིང་ངོ་།། གཉིས་པོ་དེ་ཡང་སོ་སོར་བསྒྲུབ་བྱ་དང་སྒྲུབ ་པའི་རང་བཞིན་གྱི་ཕྱིར་སྒྲུབ་པ་གསུངས་པ། བསྒྲུབ་བྱ་སྒྲུབས་རྡོ་རྗེ་ལ་ཞེས་བྱ་བ་ནི། དེ་ཡང་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་བསྒྲུབ་པར་བྱ་བ་ནི་བདག་མེད་པའི་སྒོམ་པ་ལས་སྐྱེས་པའི་ཕྱིར་རོ།། སྒྲུབ་པའི་ཐབས་ཀྱང་བདག་མེད ་པར་བསྒོམས་པས་ཤེས་པར་བྱ་བའི་ཕྱིར་རོ།། བདོག་མེད་པར་བསྒོམས་པ་ལ་སོགས་པ་ཡང་རྒྱུ་དང་བསྒྲུབ་པར་བྱ་བ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པའི་ཤེས་པར་བྱ་བའི་ཕྱིར་རོ།། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས ་པའི་བྱེད་པ་པོ་ཉིད་ཀྱི་ཕྱིར་སྒྲུབ་པའི་ཐབས་སོ།། རྣལ་འབྱོར་སྤྱོད་པའི་གཞུང་གིས་ཀྱང་སྐྱེ་འགྲོའི་གནས་པ་གསུངསོ། དེ་བཞིན་ཞེས་བྱ་བ་ནི་འབྲས་བུ་དང་རྒྱུ་ལ་ཡང་འདི་ལྟར་བལྟ་བར་བྱ་སྟེ། ཀུན་བཞི་རྣམ་ཤེས་བྱ་བ་ནི་བདག་དང ་སེམས་ཅན་དང་དོན་ནུབ་ཅིང་བག་ཆགས་སྤངས་པ་ལའོ།། ཆོས་ཀྱི་དབྱིངས་ལ་ཞེས་པ་ནི་ཆོས་རྣམས་ཀྱི་བདག་པོ་ལ་སོགས་པར་འཛིན་པ་ལ་སོགས་པ་རྣམས་ཀྱི་སྐྱེ་བ་དང་། རྒྱུ་ཉོན་མོངས་པ་ཅན་གྱི་ཡིད་ལའོ།། མོ་བྱུང་ཞེས་བྱ་བ་ནི ་འདིར་དབྱེར་མེད་པའི་རང་བཞིན་གྱི་ཕྱིར་སོ་སོར་སྐྱེ་བ་སྤངས་པའོ།། བདག་མེད་པ་རྣམས་ཀྱི་སྤྱོད་པ་རྣམ་པར་ཤེས་པ་རྒྱུ་དང་འབྲས་བུ་ཙམ་གྱིས་འཁོར་བར་དགྲ་བཅོམ་པའི་གནས་སྐབས་གསུངས་པ། འབྲས་བུ་ཞེས་བྱ་བ་ལ་སོགས ་པ་ནི་འབྲོས་དང་རྒྱུའི་རྣམ་པར་འབྲེལ་པ་གསུངས་པོའོ།། བྱ་བ་ལ་ཞེས་བྱ་བ་ལ་སོགས་པ་ནི་འབྲས་བུ་དང་བྱ་བ་དུ་བ་ལ་སོགས་པ་མེ་ལ་སོགས་པས་བྱེད་པའི་ཕྱིར་རོ།། བསྒྲུབ་བྱ་དང་གཏན་ཚིགས་མེ་དང་དུ་བས་ཤེས་པར་བྱ་བའི་ཕྱིར ་འདི་གཉིས་ཀའང་སྒྲུབ་ཐབས་སོ།། དེ་ཡང་དུ་བ་ལ་སོགས་པས་བསྒྲུབ་པའི་ཐབ་སུ་ཤེས་པར་བྱའོ།། ཕྱི་རོལ་ལ་སོགས་པའི་སྒྲུབ་ཐབས་དང་། བྱེད་པ་པོར་ཆ་ཤས་མེད་པར་བདག་ཉིད་ཀྱི་བློས ་མ་ལོག་པར་མཐོང་བས་གཟུང་བ་དང་འཛིན་པ་ཡང་དག་པར་རིག་པའི་དབྱེ་བ་ཅན་ལྟ་བུར་བརྟག་པར་བྱ་སྟེ། འདི་དག་ནི་ཚིག་ཙམ་ཉིད་དོ།། སྐྱེ་འགྲོ་ལ་སོགས་པ་གསུངས་པ། སེམས་ཅན་ལ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་གྱི ་ཀུན་བཞི་རྣམ་པར་ཤེས་པ་གཅིག་ལས་གཅིག་ཉིད་ཅེས་བྱ་བ་ལ་སོགས་པའི་དགོངས་པ་སྟེ། འདིས་འདིའི་དོན་དུ་མངོན་པར་འདོད་པའོ།། དེ་ལ་ན་མཁའི་ཁམས་ཞེས་བྱ་བ་ནི་སེམས་དཔའི་ཁམས་སོ།། དེ་ལས་གཞན་པ་རྣམས ་ཀྱི་བདག་ཅེས་བྱ་བའི་ཁྱད་པར་གསུངས་པ། བདག་མེད་པ་དང་བདག་ཅེས་བྱ་བ་དང་ཞེས་བྱ་བ་ནི་དབུ་མའི་གཞུང་གིས་སྐྱེ་འགྲོ་གང་ཞིག་དེའི་གནས་སུ་གསུངས་པའོ།། དངོས་པོ་མེད་དང་ཞེས་བྱ་བ་ནི་དོན་དམ་པ་ལས་སོ།། དངོས་མེད ་མིན་ཞེས་བྱ་བ་ཡང་ཀུན་རྫོབ་ཀྱི་དངོས་པོའི་ཚུལ་གྱི་ཕྱིར་རོ།། ཉེ་བར་ཐོབ་པོའི་གནས་ཀྱི་ཁྱད་པར་གསུངས་པ་བདེ་བ་ཅན་དུ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་བའི་ནང་དུ་བྱིང་བའི་གནས་སྐབས་བཞིན་དུ་རྣལ་འབྱོར་རྣམ་པར་སྤྱོད ་པའོ།། ཨོཾ་སྐྱེས་ཞེས་བྱ་བ་ནི། ཨ་ཞེས་བྱ་བ་ལ་སོགས་པའི་ཟླ་བའི་དཀྱིལ་འཁོར་ལའོ།། སྐྱོན་བྲལ་ལ་ཞེས་བྱ་བ་ནི་ཀ་ཞེས་བྱ་བ་ལ་སོགས་པ་ཉི་མའི་དཀྱིལ་འཁོར་ལའོ།། རྡུལ་བྲལ་ཞེས་བྱ་བ་ནི་རྡོ་རྗེ་ལའོ།། སྡིག་བཅོམ་ཞེས་བྱ ་བ་ནི་རྡོ་རྗེའི་ང་རྒྱལ་ལའོ།། དབའ་རླབས་མེད་པའི་རང་བཞིན་ལ་ཞེས་བྱ་བ་ནི་ཀུན་ཏུ་བཟང་པོའི་རྣམ་པ་ལ་ལྷ་གནས་པར་བརྗོད་པའོ།། ལྷའི་སྤྲོས་པ་གསུངས་པ། གསང་བ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་གསང་བ་ནི་ཆོས་ཀྱི་དབྱིངས ་རྣམ་པར་དག་པའི་རང་བཞིན་ཧེ་རུ་ཀའི་དཀྱིལ་འཁོར་འདི་ནི་བསྒྲུབ་པར་བྱ་བའོ།། མཆོག་ནི་འདི་སྐད་དུ་སོ་སོར་རྟོག་པའི་ཡེ་ཤེས་པདྨ་གར་གྱི་དབང་ཕྱུག་གིའོ།། དགྱེས་པ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་དེ་རྡོ་རྗེ་ཉི་མ་ལའོ།། ་ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དོ།། སངས་རྒྱས་ཀུན་ཁྱབ་ཅེས་བྱ་བ་ནི་རྟ་མཆོག་གིའོ།། སེམས་དཔའ་ཞེས་བྱ་བ་ནི་ནན་ཏན་ལའོ།། ལྷའི་བདག་པོ་ཞེས་བྱ་བ་ནི་སྐྱེས་བུའི་ཁྱད་པར་བྱ་བའོ།། ་ལྷའི་བདག་པོ་ཞེས་བྱ་བ་ནི་སྐྱེས་བུའི་ཚིག་ལས་གསང་བ་ཞེས་བརྗོད་པ་རྒྱས་པར་གསུངས་པའོ།། ལྔ་ཞེས་བྱ་བ་ལ་སོགས་པ་ནི་མདོར་བསྟན་པའི་རིམ་པའི་རྗེ་སུ་ཡང་ཧེ་རུ་ཀའི་དཀྱིལ་འཁོར་ལ་ལྷའི་རིམ་པ་མཆོག་རྒྱས་པར་གསུངས ་པ། དཀར་མོ་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གྲུ་བཞི་པ་འཕར་མ་གཅིག་པར་དཀར་མོ་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་ནི་ཤར་ལི་སྒོ་ལ་སོགས་པ་གསུངས་པའོ།། པུཀྐ་སཱི་ལ་སོགས་པ་ནི་དབང་ལྡན་ལ་སོགས་པའི ་མཚམ་སུ་ཡང་དག་པར་གནས་པའོ།། དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ།། དེ་ལྟར་སྐམ་པ་མ་ལ་སོགས་པ་ནི་སྒོ་བསྲུངས་མའོ།། མེ་ཏོག་མ་ལ་སོགས་པ་ནི་མཚམས་ཀྱི་ཆ་ལའོ།། དེ་བཞིན་དུ་ཉི་ལག་མ་ལ་སོགས་པ་ནི་སྒོ་ལའོ།། ལཱ་སྱེ ་དང་ཕྲེང་བ་མ་དང་དེ་བཞིན་དུ་གར་མ་དང་། གླུ་མ་རྣམས་ནི་མཚམ་སུའོ།། དེ་བཞིན་དུ་པདྨ་ལ་སོགས་པ་ནི་སྒོར་གནས་པའོ།། གླིང་བུ་མ་དང་། པི་བྲང་མ་དང་། རྫ་རྫམ་དང་། མུ་ཀུན་ད་རྣམས་ནི ་མཚམ་སུ་ཤེས་པའོ།། རྡོ་སྒོ་ལྕགས་མ་ལ་སོགས་པ་ནི་སྒོར་གནས་པའོ།། སྤྱན་དང་མཱ་མ་ཀཱི་དང་གོས་དགར་མེ་དང་། སྒྲོལ་མ་རྣམས་ནི་མཚམ་སུའོ།། གང་དུ་བཤད་པ་ཞེས་བྱ་བཱ་ནི། སངས་རྒྱས་དཀྱིལ་འཁོར་དཀྱིལ་འཁོར་ཉིད།། ་རྡོ་རྗེ་ཅན་གྱི་ཟླ་ཕྱེད་མཚུངས།། རྡོ་རྗེ་ཆོས་ཀྱི་པདྨ་འདྲ།། ཉི་མའི་ཡིད་བཞིན་ནོར་བུ་བཞིན།། རྟ་མཆོག་ཅེས་ནི་བྱ་བ་ཡི།། བདེ་གཤེགས་ཀུན་གྱི་གྲུ་གསུམ་མོ།། དེ་ནས་དེ་རྣམས་ཀྱི་སྙིང་པོའི་འཕར་མའི་དགོངས་པས་འདི་རྣམས་ཀྱི་འཕར ་མ་གཉིས་པོ་རྣམསུ་ཡང་འགྱུར་རོ།། སྐྱེ་འགྲོ་མི་ཟད་མགྲོན་གཉེར་ཕྱིར་ཞེས་བྱ་བ་ལ། མི་ཟད་པ་ཞེས་བྱ་བ་ནི།། ཐར་པ་ཟད་པ་མེད་པའོ།། མགྲོན་གཉེར་ཕྱིར་ཞེས་བྱ་བ་ནི།། མགྲོན་དུ་གཉེར་བའི་དོན་ཏོ།། མི་ཟད་པ་དེ་ཡིས་བཟའ་བའི ་ཕྱིར་འགྲོ་བ་ལ་གུད་པ་དང་བཅས་པོའོ།། སྟོང་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཡང་ཐམས་ཅད་ཉེ་བར་བཤད་པ་དངོས་པོའི་མཚན་ཉིད་དང་བྲལ་བའོ།། ཐབས་ནི་སྟོང་པ་ཉིད་མ་ཡིན་ཞེས་བྱ་བ་ནི་ལུས་བསྐྱེད་པའི་སྦྱོར་བ་ལས་ཀུན་རྫོབ་ཏུ་ཡང ་བརྫུན་པའོ།། བདག་ཞེན་བསམ་བཟློག་པའི་ཕྱིར། ཞེས་བྱ་བ་ནི་བདག་ལ་མཆོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། ཆོས་སུ་འཛིན་པ་དང་། ཆོས་ཀྱི་རང་བཞིན་དུ་འཛིན་པ་ཚར་བཅད་པའི་ཕྱིར་ཀུན་རྫོབ་ཏུ་ཐམས་ཅད་རིགས ་སོ་ཞེས་བྱ་བར་དགོངསོ།། དེ་ནས་ཡང་འདི་ཉིད་དུ་བཤད་པ། སངས་རྒྱས་ཀྱི་ང་རྒྱལ་དུ་དམིགས་ནས་ཆོས་ཀྱི་དབྱིངས་འོད་གསལ་བ་བསྒོམ་པ་ཞེས་བྱ་བ་ལ་སོགས་པ་མཆོད་པའི་ཁྱད་པར་གསུངས་པའོ།། ཡང་རྡོ་ཙྪ་ཞེས་བྱ་བ ་ལ་སོགས་པ་ལ། དག་པའི་གནས་ཞེས་བྱ་བ་ནི། འཁོར་ལོ་ཆེན་པོ་ལའོ།། གནས་ཆེན་པོ་ཞེས་བྱ་བ་ནི་ལོངས་སྤྱོད་ཀྱི་འཁོར་ལོ་ལའོ།། སངས་རྒྱས་ཀུན་གྱིས་རང་གང་བ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ལའོ།། རྡོ་རྗེ་རིན་ཚོན ་ཀུན་ཁྱབ་པ་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལྀ་ལོ།། ཕན་པའི་གྲོང་ཁྱེར་ཞེས་བྱ་བ་ནི་སྐུའི་འཁོར་ལོ་སྟེ་ལུས་ལའོ།། གསུང་དང་ཐུགས་ངག་ལས་རྣམ་པ་དེ་ལྟར་བྱུང་བའི་རང་བཞིན་རྒྱས་པར་བསྟན་པའོ།། རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ ་བ་ནི་ནང་གི་ཕྱི་རོལ་སངས་རྒྱས་ཐམས་ཅད་ཀྱི་སྒྱུ་མ་ཆེན་པོ་སྟེ་ཕྱི་རོལ་དང་ནང་གི་བསྙེན་པའོ།། དེ་ལྟར་ལྕགས་སྒྲོགས་རྡོ་རྗེ་བཅིང་བར་བྱ་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་སྒྲུབ་པའོ།། དགའ་ལྡན་དུ་ནི་ལྡེག་པར་འགྱུར་ཞེས་བྱ་བ་ནི ་སྒྲུབ་པའོ།། སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ནི་སྒྲུབ་པ་ཆེན་པོའོ།། དེ་ལྟར་ཡང་འབྲས་བུ་ཐོབ་པར་གསུངས་པའོ།། འདོད་པ་ཐོབ་ཅེས་བྱ་བ་ནི་འདིར་ཡང་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ལ་གནས་པ་གསུངས ་པའོ།། བྱམས་པ་ཞེས་བྱ་བ་ལ་སོགས་པ་ནི། ལྕགས་ཀྱུ་མ་ཞེས་བྱ་བ་ལ་སོགས་པས་སྟོབས་ཀྱིས་བསྒྲུབ་པ་གསུངས་པའོ།། འབུམ་ཕྲག་ལྔ་བྲིས་པ་ཞེས་བྱ་བ་ནི་རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པ་ལ་སོགས་པ་སྟོང ་ཕྲག་སུམ་ཅུས་གར་གྱི་ཁྱད་པ་ར་དང་ལྷན་ཅིག་གསུངས་པའོ།། ཆོས་འབྱུང་ཞེས་བྱ་བ་སོགས་པ་ནི་རྡོ་རྗེ་སྒྲུབ་པའི་དམ་ཚིག་གོ།། པདྨ་ནི་དེའི་བྷ་ག་སྟེ་དེ་ཉིད་བུད་མེད་དོ།། གྲོལ ་བར་འགྱུར་བའི་ཐབས་ཀྱི་ཕྱིར་གླུ་ཡིས་རྡོ་རྗེ་ཉིད་བསྐྱེད་པའོ།། མཐར་ནི་རྗེ་རྔ་ལཱ་སྱེ་སོགས་ཞེས་བྱ་བ་ནི་མཐར་རྡོ་རྗེ་རྗེ་ལྔ་ལོ་སོགས་པས་རྩེ་བའོ།། བདུན་པོ་རྣམ་པར་དག་པར་བྱ་ཞེས་བྱ་བ་ནི། སངས་རྒྱས་གནས ་ནི་རྣམ་རྫོགས་དང་། རྣམ་པ་ལྔ་པོ་བསྒོམ་པ་དང་། ཀུན་ཏུ་བཟང་པོའི་རང་བཞིན་དང་།། རང་གི་ལྷག་པའི་ལྷར་སྒྲུབ་དང་།། དཀྱིལ་འཁོར་རྣམས་ཀྱི་དགོད་པ་དང་།། མཆོད་བསྟོད་བདུད་རྩི་ལ་སོགས་པ།། རིམ ་པ་རྗེས་སུ་བསྒོམ་པར་བྱ།། རྣལ་འབྱོར་ཡན་ལག་དྲུག་ཏུ་དགོད།། རང་བྱིན་གྱིས་བརླབས་པའི་རིམ་པ་ཡང་དྲུག་པའོ།། དེ་ཡང་ཕྲ་མོའི་རྣལ་འབྱོར་དུ་བཤད་ན། རང་བྱིན་གྱིས་བརླབ་པའི་རིམ་པ ་གཞན་གསུངས་པའོ།། འགུལ་ཞེས་བྱ་བ་ལ་སོགས་པ་ནི་བཏོན་པ་སྟེ། སྟེང་དུ་སྤྱོད་པའི་ཁྱད་པར་དུ་གསུངས་པའོ།། འཕྲལ་དུ་ཞེས་བྱ་བ་ལ་སོགས་པ་ནརྀ་ས་སྤྱོད་མ་ཞེས་བྱ་བ་ལོ་སོགས་པ་སྟེ།། ངེས་པར་ས ་སྤྱོང་མ་ནི་གསུང་གི་རྡོ་རྗེ་དང་ཞབས་འོག་གནས་མ་ནི་སྐུ་ཞེས་བཤད་པ་འདི་ཇི་ལྟར་གོང་འོག་འགལ་བར་འགྱུར། ཞབས་འོག་གནས་མ་ཞེས་འབྲེལ་པའི་ཕྱིར་ས་སྤྱོད་མ་ནི་སྐུ་དང་གསུང་མ་ཡིན་ཏེ་ངེས་པ་མེད ་པར་ཉེ་བར་བསྟན་པའི་ཕྱིར་རོ།། མཚམས་ཀྱི་ལྷ་མེ་རྣམས་ཀྱི་འབྱུང་བ་བཞིའི་རང་བཞིན་གསུངས་པ། བྱང་སེམས་བུམ་པ་ཞེས་བྱ་བ་ནི། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་སྟེ། ཆུའི་ཁམས་ཀྱི་རང་བཞིན་ནི་རི ་ཁྲོད་མའོ།། རི་རབ་ཅེས་བྱ་བ་ནི་སའི་རང་བཞིན་ཏ་པུཀྐ་སཱིའོ།། མིའི་ཐབས་ཁུང་ཞེས་བྱ་བ་ནི་དྲོད་རྣམ་པར་དག་པ་སྟེ་གདོལ་པ་མོའོ།། རྒྱལ་མཚན་ཆེན་པོ་ཞེས་བྱ་བ་ནི་རླུང་གི་རང་བཞིན་ཏེ་གཡུང་མོའོ།། ་དཀྱིལ་འཁོར་རྣམས་ཀྱི་རིམ་པ་རྒྱས་པར་བསྟན་པ་ཡང་རི་ཁྲོད་མ་དང་། པུཀྐ་སཱི་ཡིས་བསྐུལ་ལ་བྱམས་པ་དང་སྙིང་རྗེ་བྱེད་པ་ཉེ་བར་བསྟན་པ་འདིས་དོན་འདི་ཡཱ་བརྗོད་དོ།། བྱང་སེམས་བུམ་པ་རི་རབ་དང་ཞེས ་བྱ་བ་དང་། པདྨ་དང་ནི་རྒྱལ་མཚན་ཆེ་ཞེས་བྱ་བ་ནི་ཁུ་བའི་ཕྱིར་རྡོ་རྗེའོ།། དཀྱིལ་འཁོར་རྣམས་ཀྱི་འབྱུང་གནས་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་ལུས་ཀྱི་བསྡུས་པའི་དཀྱིལ་འཁོར་རྣམ་པར་འགྲེལ་པ་གསུངས་པའོ།། ་བརྒྱད་བརྒྱད་དབུས་སུ་གནས་པའམ་ཞེས་བྱ་བ་ནི་སོ་སོར་ལྷ་རྣམས་བརྒྱད་པོ་དག་གི་གཙོ་བོ་བྱིན་གྱིས་བརླབས་པ་རྣམས་ཀྱི་བརྒྱད་བརྒྱད་དེ། དེའི་དབུས་སུ་གནས་པའི་དཀྱིལ་འཁོར་གྱི་མཆོག་བསྒོམ་པ ་ཞེས་བྱ་བའི་དོན་ཏོ།། མཁའ་འགྲོ་མའི་རྡོ་རྗེ་གུར་གྱི་དཀྱིལ་འཁོར་ཇི་ལྟ་བར་དང་པོར་བྲིས་ནས་ཡང་། དེའི་དཀྱིལ་དུ་མཁའ་འགྲོ་མ་རྡོ་རྗེ་བུར་གྱི་དཀྱིལ་འཁོར་དགུའི་བདག་ཉིད་ཅན་ནོ།། དབུས་ཀྱི ་དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་ཕྱོགས་རྣམསུ་རྣམ་པར་སྣང་མཛད་དང་། རྡོ་རྗེ་ཉི་མ་དང་། པདྨ་གར་གྱི་དབང་ཕྱུག་དང་། རྟ་མཆོག་གི་དཀྱིལ་འཁོར ་རྣམས་ནི་སོ་སོ་དགུའི་བདག་ཉིད་ཅན་རྣམས་ཏེ། དེ་ལྟར་བལྟ་ས་ནས་གང་ཞིག་བདག་པོར་འདོད་པ་དེའི་དཀྱིལ་འཁོར་བྲིས་ནས། དེའི་དཀྱིལ་འཁོར་དེ་ཉིད་ཀྱི་དཀྱིལ་འཁོར་རོ།། ཤར་ལ་སོགས་པའི ་ཕྱོགས་སུ་དེ་རྣམས་ཀྱི་དཀྱིལ་འཁོར་བྲི་བར་བྱའོ།། ཡང་ན་ཉི་ཤུ་རྩ་ལྔ་རུ་ཞེས་བྱ་བ་ནི། གང་གི་ཚེ་དཀྱིལ་འཁོར་འདི་རྣམས་འཕར་མ་གཉིས་པ་རྣམས་སུ་འདོད་པ་དེའི་ཚེ་དཀྱིལ་འཁོར་འཕར་མ་གཉིས ་པོ་བྲིས་ནས། དེའི་དབུས་ཀྱི་འབར་མེ་ལ་ངོ་ཉིད་ཀྱི་ལྔའི་བདག་ཉིད་ཅན་གྱི་དབུས་ཀྱི་འཕར་མ་ལའོ།། དེའི་ཤར་ལ་སོགས་པའི་ཕྱོགས་གཞན་རྣམས་ཀྱི་སྙིང་པོའི་འཕར་མ་རྣམས་སོ་སོར་ལྔའི་བདག་ཉིད ་ཅན་རྣམས་སོ།། ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་ལས་གཞན་པར་གྱུར་པ་གཉིས་པོ་དག་ལ་ཡང་གཞན་དག་ཧེ་རུ་ཀའི་དཀྱིལ་འཁོར་དགུའི་བདག་ཉིད་ཅན་དང་། བདག་མེད་མའི་དཀྱིལ་འཁོར་ཡང་བཅུ ་གསུམ་བདག་ཉིད་དུ་གསུངས་སོ།། བསྡུས་པའི་དཀྱིལ་འཁོར་གཉིས་པོ་དག་ལ་དཀྱིལ་འཁོར་གཉིས་པོ་དག་གི་གནས་སུ་དཀྱིལ་འཁོར་གྱི་སྒོ་སྲུངས་དགོད་པར་བྱ་བ་གསུངས། སྒོ་སྲུངས་རྣམས་ནི་ཞེས ་བྱ་བ་ལ་སོགས་པའོ།། གླང་པོ་ལ་སོགས་རབ་ཏུ་གླགས་བྱ་བ་ནི་གོང་དུ་གསུངས་པའི་ཧེ་རུ་ཀའི་ཕྱག་མཆིན་རྣམས་སོ།། ན་མཁའི་ཁམས་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཏེ། དེའི་མཁའ་ནི་ནམ ་མཁའ་ཉིད་དོ།། དེའི་རང་བཞིན་ནི་ཐར་པ་མཆོག་གི་གནས་ཏེ། ཁྲག་དང་ཁུ་བས་ཁྱབ་པའི་ལུས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་མོ།། གཞོན་རྣམས་ཀྱི་ཡང་དྲི་མ་རྣམས་འབྱུང་བའི་ཕྱིར་སྐྱོན་གྱི ་ཁམས་སོ།། དེ་བཞིན་དུ་གཟུགས་མེད་པའི་ཁམས་མ་བྱུང་བའི་ཕྱིར་དེ་ཡང་འབྱུང་ངོ་།། གལ་ཏེ་ཡང་ཁམས་གསུམ་གྱི་འབྱུང་བ་སྤངས་ནས། ས་དང་ས་འོག་པར་སྣང་ཞེས་བྱ་བ་ནི། འདིར་གནས ་རྣམས་གསུངས་པའོ།། ཇི་ལྟར་རླུང་གིས་དཀྲུགས་པའི་སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ནི་འཇིག་རྟེན་གྱི་གྲགས་པར་གསུངས་པ་ཏེ། བསྟན་བཅོས་ཀྱི་གྲགས་པ་ནི་མ་ཡིན་ནོ།། ཤིན་ཏུ ་བཞིན་མཛེསཾ་ཞེས་བྱ་བ་ལ་སོགས་པ་དང་། པད་མ་མེ་ཏོག་ཡང་དག་ལྡན་ཞེས་བྱ་བ་ནི་པད་མ་དང་། མེ་ཏོག་གིས་ཡང་དག་པར་ལྡན་པ་ཞེས་བྱ་བ་གསང་བའི་དབང་ཅུང་ཟད་གསུངས་སོ།། ་པད་མ་དམར་པོ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཡེ་ཤེས་གསུངས་པའོ།། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་བརྟག་པའི་བཤད་སྦྱར་སློབ་དཔོན་ཆེན་པོ ་ནག་པོ་ཞབས་ཀྱི་མཛད་རྫོགས་སོ།། ། ་གྷཱཀྵ་སེཾ་ས་ལྡས་རྨྱི་མ་ཁན་པོ་གས་དྷ་པའི་གལ་སྔནས་དང་། ཀྱི་ལོ་སྣ་བ་དག་སློང་ཤཱཀྱས་ཤེས་ཀྱིས་བསྒྱུར ་གཏན་ལ་ཕབ་པའི། ་སརྦ་མངྒལ། ་