CLOSE WINDOW

GT3299: bde bar gshegs pa'i gzhung rnam par 'byed pa'i tshig le'ur byas pa
Wyliee-texts produced with BDRC’s OCR application

མི་ཏྲཱས་བྱས། རྒྱ་གར་གྱི་མཁན་པོ་ཏ་རོ་ཤཱི་མི་ཏྲ་ཉིད་དང་། ལོ་ཙཱི་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་ཞུས་ཅིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །། ། རྒྱ་གར ་སྐད་དུ། སུ་ག་ཏ་མ་ཧོ་བི་བྷཾ་ག་ཀཱ་རི་ཀཱ། བོད་སྐད་དུ། བདེ་བར་གཤེགས་པའི་གཞུང་རྣམ་པར་འབྱེད་པའི་ཚ་གི་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་པ་ལ་ཕྱག་འཆེལོ།། འདུས་མ་བྱས་གསུམ་རྟག་པ་སྟེ།། ནམ་མཁའ་དང་ནི་འགོག་པ ་གཉིས།། འདུས་བྱས་ཐམས་ཅད་སྐད་ཅིག་མ།། བདག་མེད་བྱེད་པ་པོ་ཡོད་མིན།། རྣམ་པར་ཤེས་པ་དབང་སྐྱེས་བློས།། མངོན་སུཾ་དང་ནི་ཕྲ་བསགས་རིག། ཁ་ཆེ་བྱེ་བྲག་སྨྲ་བ་ཡི།། གཞུང་འདི་ཡིན་པར་མཁས་རྣམས་བཞེད།། རང་གི་རྣམ་པར་ཤེས ་བས་རིག། དབང་གི་ཡུལ་དུ་སྣང་བ་ཡིན།། ན་མཁའ་མོ་ཤམ་བུ་དང་མཚུངས།། འགོག་པ་གཉིས་ཀྱང་ན་མཁའ་བཞིན།། སེམས་དང་མི་ལྡན་འདུ་བྱེད་ཀྱི།། དུས་གསུམ་དུ་ནི་རྗེས་འཇུག་མེད།། ཐོགས་བཅས་གཟུགས་མིན་ཡོད་མ་ཡིན། ་མདོ་སྡེ་པ་ཡིན་མཁས་ཞེས་བྱ།། ཆ་ཤས་ཞེས་བྱར་ཡོད་མིན་ཕྱིར།། ཕྲ་རབ་རྡུལ་ཡང་ཡོད་མ་ཡིན།། སྣང་བ་དམིགས་སུ་ཡོད་མིན་ཏེ།། རྨི་ལམ་ཉམ་སུ་མྱོང་བླ་བཞིན།། གཟུང་དང་འཛིན་པ་ལས་གྲོལ་བའི།། ཤེས་པ་དམྦ་པའི་དོན་དུ་ཡོད།། ་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡི།། ཕ་རོལ་ཕྱིན་རྣམས་དེ་སྐད་སྤྲོ།། རྣམ་ཤེས་དོན་དམ་ཡིན་པ་རུ།། དེ་ཡང་མཁས་རྣམས་མི་བཞེད་དོ།། གཅིག་དང་དྲི་མའི་རང་བཞིན་བྲལ།། དངོས་མེད་ན་མཁའི་པདྨ་བཞིན།། ཡོད་མིན་མེད་མནི་ཡོད་མད ་མིན།། གཉིས་ཀྱི་བདག་ཉིད་དུ་ཡང་མེང་།། མཐའ་བཞི་དགུ་ལས་དེས་རྒོལ་བ།། དབུམ་དེ་ཉིད་གབས་པ་འདོད།། འདེ་བར་གཤེགས་པའི་གཞུང་རྣམ་པར་བྱེད་པའི་ཚིག་ལེའུར་བྱས་པ། བྷཱུངྒ་ལར་འབྱངས་པའི།། ཁས་པ་ཆེན་པོ་མཛོ་རྗེས ་མཛོད་པ་རྫོག་སོ།། ། པཎྜི་ཏ་ཤཱནྟི་བྷཱུ་དྭེ་དང་། དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པའོ།། ཕྲེབ་ཞེ་ཀྱང་ཡི་ཨཱ་ད་འདུགས ་རྒྱ་གར་སྐད་དུ། རཏྣ་མ་ལི་ནཱ་མ། བོད་སྐད་དུ། རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ། འཕགས་པ་འཛོམ་དཔལ་ལ་ཕྱག་འཚལོ།། ཁྱབ་བདག་ཡེ་ཤེས་སེམས་དཔའ་ལ།། བ་ཏུདཱ་དེ་གྲུབ་མཐའ་རིམ་བཞིན་བཤད།། རྒྱང་ཕན་དཔྱོད་པ་གྲང ་ཅན་དང་།། བྱེ་བྲག་གཙུ་རྲ་བུ་སངས་རྒྱས་པ།། བསྟན་བཅོས་དེ་དྲུག་ཡིན་ཞེས་གྲགས།། རིམ་བཞིན་གོང་མ་གོང་མ་ཡིས།། འོག་མ་འོག་མ་སུན་ཡང་འབྱིན།། དེ་ཉིད་ས་ཆུ་མེ་རླུང་བཞི།། ཤི་ནས་བརྟེན་ལུས་ཞིག་པ་ན།། མར་མཾ་ཤི་བ་འོད་མེད་བཞིན ་སེམས་ཀྱང་གཞན་དུ་སྒྱུ་མང་འདོད།། སྐྱེ་བ་སྔ་ཕྱི་མེད་པས་ན།། སྒྲིབ་སྤངས་ཚོགས་བསགས་མེད་འཕགས་པའི།། སྐྱེ་བ་དུ་མས་བསྒྲུབས་པ་ཡིས།། སངས་རྒྱས་མེད་ཅིང་དེས་གསུངས་པའི།། ཆོས་ཀྱང་མེད་ཅིང་དེ་སྒྲུབ་པའི།། དགེ་འདུན་མེད ་ཅེས་རྒྱང་ཕན་ཟེར།། རྒྱུ་མེད་གཞན་ལ་མོ་བལྟོས་ཕྱིར།། རྟག་ཏུ་ཡིད་དམ་མེད་པར་ཐལ།། དངོས་པོ་རྣམས་ནི་རེས་འགལ་ཞིག། འབྱུང་བ་བལྟོས་དང་བཅས་ཕྱིར་རོ།། རྒྱུ་མེད་འབྲས་བུ་མི་འབྱུང་ཕྱིར།། སྐྱེ་བ་ཐོག་མ་མེད་པར་གྲུབ།། རིམ ་