CLOSE WINDOW

GT3298: lta ba tha dad pa rnam par phye ba mdor bsdus pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སཾ་ཀྵི་པ་ཏ་ནཱ་ནཱ་དྲྀཥྚ་བོ་བྷ་ཛྱཱ། བོད་སྐད་དུ། ལྟ་བ་ཐ་དད་པ་རྣམ་པར་ཕྱེ་བ་མདོར་བསྡུས་པ། བཅོམ་ལྡན་འདས་བདུད་ཀྱི་སྡེ་རབ་ཏུ་བཅོམ་ཞིང་། ལྟ་བའི་ཐིབས་པོ་ཐམས་ཅད་ཡང་དག་པར་སྣང་བར་མཛད ་པ་ལ་ཕྱག་འཚལ་ལོ།། བྲམ་ཟེ་མཆོག་གི་རྒྱུད་དག་ནི་བདག་རྟག་པ་ཁྱབ་པ་ལུས་མེད་པ་གཅིག་པ་ཞིག་ཡོད་པར་འདོད་ཞེས་གྲག་གོ།། དེ་ནི་འདིར་དགག་པར་བྱ་བ་ཁོ་ན་པས་དགག་པའི་སྦྱོར་བ་བཤད་པར་བྱ་སྟེ། དེ་འདྲ་བའི་བདག་དེ་རེ ་ཞིག་ཕུང་པོ་ནི་མ་ཡིན་ཏེ། བདག་རྟག་པ་ཡིན་ལ། ཕུང་པོ་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་མི་རྟག་པ་ཡིན་པའི་ཕྱིར་རོ།། གང་བདག་རྟག་པ་མ་ཡིན་ཞིང་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་འདོད་ན་ནི་རྩོད ་པར་མི་འགྱུར་རོ།། ཡང་ཇི་ལྟ་བུ་བུམ་པ་དང་སྣམ་བུ་ལྟར་བདག་དང་ཕུང་པོ་ཐ་དད་པར་ནི་ཡོད་པ་མ་ཡིན་ཏེ། བུམ་པ་དང་སྣམ་བུ་ལྟར་ཕུང་པོ་ལས་གཞན་ན་བདག་ཡོད་པར་སུས་ཀྱང་གང་དུ་ཡང་ནམ་ཡང་ཉེ་བར་མ་དམིགས་ལ། སུས་ཀྱང་གང ་ང་ནམ་ཡང་ཉེ་བར་མ་དམིགས་ལ། སུས་ཀྱང་གང་དུ་ཡང་ནམ་ཡང་ཉེ་བར་མི་དམིགས་བཞིན་དུ་ཡོད་པར་འདོད་ན་རི་བོང་གི་རྭ་དང་མོ་ཤམ་གྱི་བུ་ཡང་ཡོད་པར་ཁས་ལོང་ཞིག། དེ་བས་ན་ཕུང་པོ་ལ་གཞན་ན་བདག་ནམ་ཡང་མེད་དོ།། ཐ་དད ་པ་དང་ཐ་དད་པ་མ་ཡིན་པ་ལས་གཞན་པའི་གནས་ནི་ཡོད་པ་མ་ཡིན་ཏེ། གཞན་དུ་ན་དུས་གཅིག་ཉིད་དང་ཡུལ་གཅིག་ཉིད་ལ་ཡང་གཅིག་པ་དང་ཐ་དད་པའི་སྐྱོན་དུ་ཐལ་བར་འགྱུརརོ།། དེ་བས་ན་གཅིག་པ་དང་ཐ་དད་པ་ལས་བདག་ཉིད ་གྲོལ་བར་མ་སྨྲ་ཤིག་དེ་ལྟར་སྨྲ་ན་བུམ་པ་གཅིག་ཉིད་ལ་བུམ་པ་དང་བུམ་པ་མ་ཡིན་པ་ལས་གྲོལ་བར་སྨྲ་བར་བྱ་དགོསོ།། བདག་དང་ཕུང་པོ་བརྟེན་པ་དང་རྟེན་དུ་ཡོད་པ་ཡང་མ་ཡིན་ཏེ། ཇི་ལྟར་ཆུ་དང་བུམ་པ་ལྟར་བདག་དང་ཕུང་པོ་དེ་འདྲ་བའི ་དངོས་པོར་སུས་ཀྱང་མ་མཐོང་ངོ་།། སུས་ཀྱང་མ་དམིགས་པ་དག་ཁྱོད་འདོད་ན་ཁྱོད་ལ་སྒྲུབ་པ་མང་པོ་གཞན་ཡང་འབྱུང་གིས་སྒྲུབས་ཤིག། དེ་ལྟར་ན་དམ་པ་ཡང་ཡིན་གྱི། ཕུང་པོའི་ཕྱོགས་གཅིག་ན་བདག་ཡོད་པ་ཡང་མ་ཡིན་ཏེ། ཇི་ལྟར་སྔ ་མཛེར་པ་དང་། ལུས་ལ་མིག་ལ་སོགས་པ་ལྟར་བདག་ཕུང་པོ་ལྔ་དེ་འདྲ་བར་མི་དམིགས་པའི་ཕྱིར་རོ།། བདག་གིས་ཕུང་པོ་ལ་ཁྱབ་པར་ཡང་མེད་དེ། ཕུང་པོ་ནི་དུ་མ་ཡིན་ལ་བདག་ནི་གཅིག་པ་ཡིན་པས་འགལ་བ་གྲུབ་པོ།། བདག་གཅིག ་གིས་ཕུང་པོ་དུ་མ་ལ་ཁྱབ་པར་འདོད་ན། དེ་ལྟ་ན་དུ་བའི་རྒྱུན་གཅིག་གིས་ཕྱོགས་བཅུ་ཀུན་གྱི་མི་ལ་ཁྱབ་པར་གྱིས་ཤིག། དེ་ལྟ་ན་ཁྱོད་རྗེས་སུ་དཔག་པ་ལ་མཁས་པར་ཟུང་ཞིག། བདག་ཕུང་པོ་དང་ལྡན་པར་ཡང་ཡོད་པ་མ་ཡིན་ཏེ། འདི་ན་ལྷ ་སྦྱིན་དང་དེའི་བུ་ལྟ་བུའིའོ་འབྲེལ་པ་མ་མཐོང་ངོ་།། བདག་དང་ཕུང་པོའི་འབྲེལ་པ་ངེས་པར་གྲུབ་པར་བྱེད་ནུས་ན་ཁྱོད་ཀྱང་དམ་པ་ཁོ་ནར་བྱའོ།། དེ་ཕུང་པོ་ལས་གཞན་ན་ནི་བདག་མེད་ལ། ཕུང་པོ་ནི་མི་རྟག་པས་ན་བདག་རྟག་པར་འདོད་པ ་ཐོང་ཞིག། གང་ཡང་བདག་ཁྱབ་པར་ཡོད་ཅེས་ཟེར་ན། དེ་ཡང་རྣམ་པར་དཔྱད་དེ། ཁྱོད་ཟེར་བ་ལྟར་ན་ནི་དངོས་པོ་རྣམས་ཡུལ་གཅིག་པར་འགྱུར་ཏེ། ཤར་ཕྱོགས་གང་ཡིན་པ་དེ་ཉིད་ནུབ་ཕྱོགས་ལ་སོགས་པ་ཕྱོགས་བཅུ ་ཀུན་ཡིན་པར་ཐལ་བྱར་འགྱུར་ལ། སྲོག་ཆགས་གཅིག་བསད་པས། ཐམས་ཅད་བསད་པར་ཐལ་བར་འགྱུར་ན། དེ་ལྟར་གྱུར་ཡང་ཁོ་བོས་ནི་ནམ་ཡང་མ་མཐོང་བས་གྱ་ཚོམ་འདི་ཐོང་ཞིག། བདག་གཅིག་པ་ཞིག་ཡོད་པར་འདོད་པ་དེ ་ཡང་མ་ཡིན་ཏེ། དངོས་པོ་རྣམས་ཀྱི་རྒྱུད་ཐ་དད་པས་བདག་ཐ་དད་པར་འགྱུར་ཞིང་། ཡང་བདག་གཅིག་ཡིན་ན་ནི་གང་ཟག་གཅིག་བཅིངས་པ་འམ་གྲོལ་བས་གང་ཟག་ཐམས་ཅད་བཅིངས་པའམ་གྲོལ་བར་འགྱུར་བ་ཡང་བཟློག ་བར་དཀའ་བར་འགྱུར་རོ།། ལུས་མེད་པར་ཡང་བདག་ཡོད་པ་མ་ཡིན་ཏེ། ལུས་ལས་ལོགས་ཤིག་ན་བདག་ཡོད་པར་འདོད་པ་དེ་ནི་བཟློག་ཟིན་ལ། ལུས་ཉིད་བདག་ཡིན་པར་འདོད་ན་ནི་ལུས་ཇི་ལྟར་ཡོད་པ་ཉིད ་བདག་ཡིན་པས་དེའི་ཕྱིར་ལུས་མེད་པ་ཞེས་བྱ་བ་དྲི་ཡང་ཐོང་ཞིག། གཞན་ཡུང་ཇི་ལྟར་བདགྲ་རང་དབང་བ་ནི་མ་ཡིན་ཏེ། རང་དབང་ཡོད་པ་དག་སུ་ཞིག་བདག་ལ་བདག་ཏུ་སྡུག་བསྔལ་བྱེད་པར་འགྱུར།། ཐེར་ཟུག་ཏུ་ཡང་ཡོད་པ་མ་ཡིན། ་ཏེ། ཉེ་བ་ཉིད་དུ་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་རྣམ་པར་འགྱུར་པ་མཐོང་བའི་ཕྱིརརོ།། བྱེད་པ་པོ་ཡང་ཡོད་པ་མ་ཡིན་ཏེ། བདག་ཉིད་ལ་བདག་ཉིད་སྡུག་བསྔལ་བར་སུ་ཞིག་བྱེད། བྱེད་པ་མེད་པར་ཡང་ཡོད་པ་མ་ཡིན་ཏེ། ལས་རྣམས ་བྱེད་པར་སྣང་ལ་གང་ཡང་མ་བྱས་པའི་འབྲས་བུ་བྱུང་བ་ཡང་གཅིག་འཐད་པར་འགྱུར་རམ། བདག་དེ་རྟག་པར་ཡོད་པ་ཡང་མ་ཡིན་ཏེ། དེ་ལྟར་ན་སྐྱེ་བ་ཕྱི་མ་དང་རྒ་བ་ལ་སོགས་པ་མི་འོ་བྱུང་བར་འགྱུར་ན་དེ་ཡང་ཅི་ཁྱོད་ཀྱིས་མཐོང་ངམ།། ་བདག་མི་རྟག་པར་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟ་ན་ལས་རྣམས་འབྲས་བུ་མེད་པ་དང་། ཡང་སྲིད་པ་དང་། ཐར་པ་མེད་པར་འགྱུར་པ་དང་། འབད་མི་དགོས་པར་ཐལ་བར་འགྱུར་རོ།། དེ་བས་ན་བདག་རྟག་པ་ཞེས་བྱ་བ་འདི་དག་ཐོང་ཞིག། འདི ་ལ་དགོས་པ་ཅུང་ཟད་ཀྱང་མེད་ཀྱིས་རིང་དུ་སྲིང་ངོ་།། རྣམ་པ་འདི་དག་གིས་བདག་མེད་པར་བཟློག་པ་དང་། བྲམ་ཟེ་མཆོག་གི་རྒྱུད་ཀྱིས་སྨྲས་པ་དེ་ལྟར་བདག་རྣམ་པ་ཐམས་ཅད་དུ་མེད་ན་ཁྱོད་ཀྱི་སྦྱིན་པ་ལ་སོགས་པ་དོན་མེད་དེ། དཔེར་ན ་ཤི་བའི་ལུས་ལ་བདེ་བ་སོགས་པའི་ཚོར་བ་མེད་པ་ལྟར། བདག་མེད་ན་སྦྱིན་པ་ལ་སོགས་པའི་འབྲས་བུ་ནམ་ཡང་ག་ལ་འགྱུར། འདི་ལ་བཤད་པ། ཅི་གཞན་བཟློག་པས་གཞན་བཟློག་པར་འགྱུར་རོ།། བདག་ནི་བདག་འགོག་གི་ཕུང་པོ་འགག ་པར་ནི་མི་བྱེད་དོ།། དེ་བས་ན་གང་ཟག་ལ་བདག་མེད་པའི་ཕུང་པོ་ཙམ་རྣམ་པར་གནས་བྱས་ལས་ཀྱི་འབྲས་བུ་ལ་སོགས་པ་འབྱུང་བ་འདི་ལ་སུ་ཡིས་འགྲོག། གང་ཁྱོད་ཀྱི་བདག་དེ་ནི་ཐག་པ་ལ་སྦྲུལ་མེད་པ་ལ་སྦྲུལ་དུ་བཏགས་པ་དང་འདྲ་བ་ཁོ་ནའོ།། ་འདི་ནི་གང་ཟག་ལ་བདག་མེད་པ་མདོར་བསྟན་པས་བྲམ་ཟེ་མཆོག་གི་འདོད་པ་བསལ་བའོ།། དེ་ལྟར་གཞན་གྱི་འདོད་པའི་ལུགས་བསལ་ནས། ད་ནི་རང་གི་སྡེ་པཱ་དག་གི་འདོད་པ་ཡང་བསལ་བར་བྱ་སྟེ། དེ་ཡང་འདི་ལ་ཕྱི་རོལ་གྱི་དངོ་ང་ས་ད། ་རྡུལ་ཕྲ་རབ་རྣམས་ཀྱང་བྲར་དང་བཅས་པ་དང་། བར་མེད་པ་དང་། བར་མེད་པ་ལ་ཨ་འཛུར་བར་ཡོད་པར་འདོད་དོ་ཞེས་གྲག་གོ།། དྲ་ནི་འདིར་དེ་དཔྱད་དེ་ཇི་ལྟར་ཐུག་པ་ལ་སྦྲུལ་དུ་འཛིན་པ་འཁྲུལ་པར་ཤེས་པ་ལྟར་ཐག་པར་འཛིན་པ ་ཡང་འཁྲུལ་པ་ཁོ་ནའོ།། ཇི་ལྟ་ཞེ་ན། འདི་ནི་ཐག་པ་མ་ཡིན་ཏེ། ཉིས་སྒྲིལ་ཡིན་པའི་ཕྱིརརོ།། ཉིས་སྒྲིལ་ཡང་མ་ཡིན་ཏེ། རྩཝ་འདུས་པ་ཡིན་པས་སོ།། རྩ་འདུས་པའི་རྩ་ཡང་མེད་པ་སྟེ། རྡུལ་ཕྲ་རབ་ཡིན་པས་སོ།། རྡུལ་ཕྲ་རབ་དག་ཡོད་དེ ་མེད་ཅེ་ན། བཤད་པར་རྡུལ་ཕྲ་རབ་བདག་མེད་པའོ།། ཇི་ལྟར་ཞེ་ན། ཕྱོགས་ཆ་དེབྱེ་བ་མེད་པ་སྟེ། ཤར་ལ་སོགས་པ་ཕྱོགས་ཆ་ཐ་དད་པས་རྡུལ་ཕྲ་རབ་གཅིག་པ་ཉིད་དུ་ཡོད་པར་འདོད་པ་མ་གྲུབ་བོ།། གལ་ཏེ་རྡུལ་ཕྲ་རབ་དག་ལ་དབྱེར ་མདོ་ཞེ་ན། དེ་ལྟ་ན་རུང་གི་ཕྱོགས་བཅུ་ཙམ་ན་གནས་པའི་རྡུལ་ཕྲ་རབ་རྣམས་ཀྱི་དབུས་ན། རྡུལ་ཕྲ་རབ་གཅིག་གནས་པ་དེ་ཆ་གང་གིས་ནུབ་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་དང་ལྡན་པའི་ཆ་དེ་ཉིད་ཀྱིས་བྱང ་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་རྣམས་དང་ལྡན་པ་ཡིན་ནམ། ཡང་ན་ཆ་གཞན་གྱིས་ལྡན་པ་ཡིན། དེ་ལ་རེ་ཞིག་ཆེ་དེ་ཉིད་ཀྱིས་ལྡན་པའོ་ཞེས་ཟེར་ན་བདག་ཉིད་ཐམས་ཅད་ཀྱི་སྦྱོར་བ་ཡིན་པས་ཐམས་ཅད་རྡུལ་ཕྲ་རབ་ཏུ་འགྱུར་བ་ཡིན་ཏེ། ་དྲུག་པོ་དག་ནི་གོ་གཅིག་ན། གོང་དུ་རྡུལ་ཕྲན་ཙམ་དུ་འགྱུར། ཞེས་བཤད་པའི་སྐྱོན་འདི་བཟློག་ཅིག། དེ་མ་བཟློག་ན་ཕྱོགས་བཅུའི་དངོས་པོ་ཀུན་དབུས་ན་གནས་པའི་རྡུལ་ཕྲ་རབ་ཁོ་ནའི་བདག་ཉིད་ཡིན་པས་ཐམས་ཅད་རྡུལ་ཕྲ་རབ་ཙམ ་དུ་འགྱུརརོ།། ཆ་གཞན་གྱིས་རྡུལ་ཕྲ་རབ་རྣམས་ལ་སྦྱོར་བ་ཡང་མ་ཡིན་ཏེ། ཆ་ཤོས་མེད་པའི་རྡུལ་ཕྲ་རབ་རྣམས་ཆ་ཤས་དང་བཅས་པར་མི་འདོད་ལ། དྲུག་གིས་ཅིག་ཅར་སྦྱར་བས་ན། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། ཞེས་བཤད ་པའི་སྐྱོན་འདི་སོལ་ལ། རྡུལ་ཕྲ་རབ་གཅིག་པ་ལོས་མ་ཉམས་པར་གྱིས་ཤིག། དེ་བས་ན་རྡུལ་ཕྲ་རཱབ་རྣམས་དག་ནི་གཅིག་པར་ཡང་མེད་ལ། དུ་མར་ཡང་མེད་དེ། གཅིག་པ་ཉིད་མ་གྲུབ་ན་དེ་བཞིན་དུ་བར་དང་བཅས་པ་དང་། བར་མེད ་པར་འཇར་བ་དང་། བར་མེད་པར་མ་འཇར་བར་འདོད་པ་རྣམས་ཐོང་ཞིག། ཁོ་བོས་རྡུལ་ཕྲ་རབ་རྣམས་ཉིད་རྩ་བ་ནས་བཏོན་ཟིན་གྱིས་རང་ངམ་གཞན་གྱི་ཡང་རུང་བ་དག་དངོས་པོ་རྣམས་ཕྲེང་བ་དང་སྐུད་པ་ལྟར་ཡན་ལག་ཅན་དུ་ཡོད ་བར་འདོད་དོ་ཞེས་གྲག་གོ།། འདི་ལ་བཤད་པ། ཅི་ཡན་ལག་ཅན་དང་ཡན་ལག་གཉིས་ཐ་དད་དམ། འོན་ཏེ་གཅིག། དེ་ལ་ཐ་དད་པར་ནི་བརྗོད་པར་མི་བྱ་སྟེ། ཡན་ལག་རྣམས་ལས་ཡན་ལག་ཅན་འགའ་ཡང་མ་དམིགས་ཏེ། ཕྲེང་བའི་རི ་བུ་རེ་རེ་བ་ཉིད་དང་སྐུད་པ་ཉེས་བསྒྲིལ་དང་སྤུ་རེ་རེ་ལས་གཞན་པའི་ཡན་ལག་ཅན་རྫས་གཅིག་པ་ཉིད་སུས་མཐོང་། གཅིག་པ་ཡང་མ་ཡིན་ཏེ། གཅིག་ན་ནི་ཆོས་འགལ་བ་འབྱུང་སྟེ། གང་གི་ཐོག་མའི་ཆ་དམར་པོ་ལ་སོགས་པ ་ཡིན་པ་དེ་ཉིད་ཀུན་དབུས་ཀྱི་ཆ་དང་། ཐོག་མའི་ཆ་ཅིག་ཤོས་ཀྱང་དམར་པོ་ལ་སོགས་པ་ཡིན་པར་ཐལ་བར་འགྱུར་ཏེ། ཅིག་པའི་ཕྱིར་རོ།། གལ་ཏེ་དམར་པོ་ལ་སོགས་པ་དང་ཡན་ལག་ཅན་གཉིས་མི་གཅིག་གོ་ཞེ་ན། དེ་ནི་མ ་ཡིན་ཏེ། གྲུབ་པ་དང་གཅིག་པས་གཅིག་པ་ཉིད་ཡིན་པའི་ཕྱིར།། ཡང་གང་དག་དངོས་པོ་རྣམས་སྐད་ཅིག་མ་མ་ཡིནི་ཞིང་རྟག་པར་འདོད་པར་གྲག་གོ། འདི་ལ་བཤད་པ། རྟག་པ་དེ་ནི་རིམ་དང་ཅིག་ཅར་གྱིས་དོན་བྱེད་པར་འགལ་ཏེ། ་སྔོན་ལ་འབྲས་བུ་འབྱུང་ན་ནི་རྒྱུ་ལ་དགོས་པ་མེད་དེ། དེས་ཅི་འོག་བྱ། གལ་ཏེ་སྔོན་ལ་རྒྱུ་འབྱུང་ན་ནི་རྒྱུའི་ནུས་པ་རྫོགས་ནས་འབྲས་བུ་འབྱུང་བས་རྒྱུར་དེ་ལ་ཅི་ཞིག་ཕན།། དེ་བས་ན་རིམ་གྱིས་མི་བྱེད་དོ།། ཅིག་ཅར་ཡང་མི་བྱེད་དེ། ཅིག་ཅར་བྱེད་ན ་ནི་ཐམས་ཅད་ཀྱི་རྒྱུ་དང་བྱེད་པ་པོ་རྟག་པ་དེ་ཡིན་པར་འགྱུར་ཏེ། ཕྱོགས་བཅུའི་ས་བོན་ཐམས་ཅད་དུས་གཅིག་ཏུ་མྱུ་གུར་འགྱུར་བ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་རོ།། སྐྱོན་དེ་རྣམས་ནི་ཕལ་ཆེར་ཕྱི་རོལ་པ་ལ་འབྱུང་བའོ།། འདི་ནི། ་ཆོས་བདག་མེད་པ་སྒྲུབ་པ་རྡུལ་ཕྲ་རབ་ལ་སོགས་པ་བཟློག་པས་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དང་། ཕྱི་རོལ་པའི་འདོད་པ་བཀག་པའོ།། ཡང་འདིར་རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམས་ན་རེ་བདག་ནི་མེད་པ་རྡུལ་ཕྲ་རབ་ལ་སོགས ་པ་ཡང་མེད་ཅིང་། སེམས་སྐད་ཅིག་མུ་རྒྱུན་ཚོག་སུ་འ་བྱུང་བ་དང་། ཡེ་ཤེས་སྐད་ཅིག་མ་རྒྱུན་ཆགསུ་འབྱུང་བ་ནི་ཡོད་དོ་ཞེས་རག་ཏུ་སྨྲའོ།། དེ་ལ་བ་ཤྭཤད་ཀྱི་ལེགས་པར་ཉོན་ཅིག། རེ་ཞིག་སྐད་ཅིག་མ་ཉིད་མེད་པ་སྟེ། འདས་པའི་སྐད་ཅིག་མ་ནི་ཞིག་བས ་མེད་ལ། མ་འོངས་པ་ནི་མ་གྲུབ་པས་མེད་ཅིང་། དེ་གཉིས་མེད་པས་འབྲས་བུའི་སྐྱེ་བ་ད་ལྟར་གྱི་སྐད་ཅིག་མ་ག་ལ་ཡོད། དེས་ན་གང་སྨྲས་པ་སྐད་ཅིག་མ་དེ་ཉིད་མ་གྲུབ་བོ།། ཡང་སེམས་དེའི་རྒྱུའི་སྔོན་ལས་བྱུང་བ་འམ། རྒྱུའི་གཏིང་ལས་བྱུང་བར ་རྟོག་གྲང་ན། དེ་ནི་ཁོ་བོས་བཀག་ཟིན་ལ། རྒྱུ་དང་འབྲས་བུ་དུས་མཉམ་པར་རྟོག་ན་ནི་རྒྱུ་དས་འབྲས་བུ་ལ་ཅི་ཞིག་ཕན་ལ། རཱ་གཡས་གཡོན་ལྟ་བུས་དུས་མཉམ་པ་རྣམས་ཀྱི་རྒྱུར་ནི་གང་གཟུང་འབྲས་བུར་ནི་གང་གཟུང་། དེ་བས་ན་དུས་མཉམ་པར ་རྟོག་པ་སྤོངས་ཤིག། དུས་ཐ་དད་པ་ལྔ་སྐྱེ་བར་འདྲོད་པའི་སྐྱོན་གཞན་ཡང་རྩོད་དེ། དུས་ཐ་དད་ལ་སྐྱེ་བར་འདོད་ན་དུས་གཞན་གྱི་བར་དུ་ཆོད་པ་ལ་བྱུང་བ་འམ། བར་དུ་མ་ཆོད་པ་ལ་བྱུང་། དང་པོ་ལྟར་ན་ནི་འདས་པ་ཁོ་ན་ལས་སྐྱེ་བར་འགྱུར ་ལ། དེ་ཡང་རུང་བ་མ་ཡིན་ཞིང་། དེ་ནོ་ཁྱོད་ཉིད་ཀྱང་འདོད་པ་མ་ཡིན་ཏེ། འདས་པ་ནི་མེད་པའོ།། ཞེས་མདོ་སྡེ་དག་ལ་ཁྱོད་ཉིད་ཀྱིས་བརྗོད་པའི་ཕྱིར་རོ།། གཉིས་པ་ལྟར་ན་ཡང་མི་རུང་སྟེ། བདག་ཉིད་ཐམས་ཅད་ཀྱིས་བར་དུ ་མཆོད་ན་དུས་ཐམས་ཅད་སྐད་ཅིག་མ་གཅིག་གི་ནང་དུ་ཞུགས་པར་འགྱུར་ལ་དེ་ལྟར་ན་བསྐལ་པ་ཡང་སྐད་ཅིག་མ་ཙམ་ཉིད་དུ་ཐལ་བར་འགྱུར་པས་མི་རུང་ཞིང་སྐད་ཅིག་མ་ལའང་དུས་ཀྱི་ཆ་ཤས་ཡོད་པར་འགྱུར་རོ།། གཞན་ཡང་སེམས་དེ་ཡོད ་པ་སྐྱེ་འམ་མེད་པ་སྐྱེ། རེ་ཞིག་དང་པོ་ལྟར་ན་ནི་མི་རུང་སྟེ། ཡོད་པ་སྐྱེ་ན་མྱུ་གུ་ལས་མྱུ་གུ་འབྱུང་བ་དང་། བུམ་པ་ལས་བུམ་པ་འབྱུང་བ་དང་། སེམས་ལས་ཀྱང་སེམས་གཉིས་པ་ལ་སོགས་པ་འབྱུང་བར་ཐལ་བར་འགྱུར་རོ།། མེད་པ་སྐྱེ་ན་ནི ་མོ་ཤམ་གྱི་བུ་དང་། རི་བོང་གི་རྭ་ཡང་སྐྱེ་བར་ཐལ་བར་འགྱུརརོ།། སེམས་རྒྱུ་མེད་པས་སྐྱེ་ན་ནི་རྡོ་དང་བོདྲ་བ་ལ་སོགས་པ་ལའང་ཅི་ནས་སེམས་མི་འབྱུང་།། དངོས་པོ་རྣམས་ཀྱི་རྒྱུན་ལ་མི་ལྟོས་པས་ན་མཁའ་ལས་པདྨ་སྐྱེ་བ་དང་། བྱེ་མ་ལ ་མར་འབྱུང་བར་ཡང་འགྱུར་རོ།། རང་དང་གཞན་གཉི་ག་ལས་སྐྱེ་བར་རྟོག་ན་ཡང་ཁོ་བྲོས་གོང་དུ་གཉི་ག་བཀག་ཟིན་པས་ཐོང་ཞིག། ཡང་རྒྱུ་གཅིག་ལས་ཟེར་ན་ནི་རྒྱུ་གཅིག་གིསོ་འབྲས་བུ་གཅིག་བསྐྱེད་པ་མ་ཡིན་ཏེ། འབྲས་བུ་དག་ནི་རྒྱུ་དང ་རྐྱེན་དུ་མ་ལ་རག་ལས་པར་མངོན་སུམ་དུ་མཐོང་བའི་ཕྱིར་རོ།། གཅིག་ལས་དུ་མའོ་ཞེས་ཟེར་ན་ནི་དེའང་མི་འཐད་དེ། རྒྱུ་དང་འབྲས་བུ་རྗེས་སུ་མི་མཐུན་པའོ།། ཇི་ལྟར་ཞེ་ན། རྒྱུ་གཅིག་གིས་འབྲས་བུ་དུ་མ་དག་བསྐྱེད་པ་ནི་རྒྱུ་ལ་བལྟོས་ནས་འབྲས ་བུ་དག་མངས་ལ་འབྲས་བུ་ལ་བལྟོས་ནས་རྒྱུ་ཉུངས་ཤིང་། གཞན་ཡང་རྒྱུ་གཅིག་ཁོ་ནས་འབྲས་བུ་གཅིག་ཀྱང་བསྐྱེད་མི་ནུས་ན་དུ་མ་ལྟ་སྨོས་ཀྱང་ཅི་དགོས། དུ་མ་ལས་ཤེ་ན། ཡང་མ་ཡིན་ཏེ། རྒྱུ་ནི་མང་ལ། འབྲས་བུ་ནི་གཅིག་ཁོ་ན་ཡིན་པས ་རྒྱུ་དང་རྒྱུ་ཅན་མི་མཐུན་པའི་ཕྱིརརོ།། རྒྱུ་དུ་མ་ལས་འབྲས་བུ་དུ་མའོ་ཞེས་ཟེར་ན་དེ་ཡང་མ་ཡིན་ཏེ། དེ་ལྟ་ན་རྒྱུ་གཅིག་གིས་འབྲས་བུ་གཅིག་བསྐྱེད་ཅེས་གོང་དུ་སྨྲ་བ་ཉིད་དང་འདྲ་ལ། དེ་ཡང་ཁོ་བོས་བཀག་ཟིན་ཏོ།། ། ་མདོར་ན་འདས་པ་ལས་དང་། དུས་མཉམ་པ་ལས་སྐྱོ་བ་བཀག་པ་ཉིད་ཀྱིས་འདི་ཡང་བཀག་ཟིན་ཏེ། ཅི་སྙེད་ཀྱི་རྒྱུ་ཚོགས་ཀྱང་སྐྱེ་བར་མི་རུང་བ་ཉིད་དུ་ཁོ་བོས་རྣམ་པར་བཀག་ཟིན་པས་སོ།། དེའི་ཕྱིར་གང་ཁྱད་འདོད་པའི་སེམས་དེ་རྒྱུ་གང ་ལས་ཀྱང་ཇི་ལྟར་ཡང་མི་སྐྱེ་བ་ཁོ་ནའོ།། ད་ནི་སེམས་དྲི་གཅིག་ཡིན་ནམ། དུ་མ་ཡིན་པ་པ་ཡང་དཔྱད་དེ། གཅིག་ནི་མ་ཡིན་ཏེ། ཤེས་པ་རྣམ་པ་དང་བཅས་པ་ཁྱེད་དམིགས་པ་རྣམས་སེམས་ཉིད་ཀྱི་རྣམ་པ་དང་བྱེ་བྲག་ཁྱད་པར་ཞེས ་བྱ་བའི་བར་དུ་འདོད་ལ། དམིགས་པ་ནི་གཅིག་མ་ཡིན་ཏེ། དུ་མ་ཡིན་པས་ན་སེམས་ཀྱང་དུ་མི་ཁོ་ནར་ཐལ་བར་འགྱུར་ཏེ། བདག་ཉིད་གཅིག་པ་ནི་གཅིག་ནི་གཅིག་ལ། གཅིག་ནི་དུ་མ་ཡིན་པར་ག་ལ་འགྱུར་ཏོ།། དེ་ལྟར་འདོད། ་ནོ་ཁྱེད་ཉིད་ཀྱང་ཡན་ལག་ཅན་གྱི་རྫས་འདོད་པ་ལ་སྐྱོན་མ་བརྗོད་ཅིག། དུ་མ་ཡང་མ་ཡིན་ཏེ། རྫས་དུ་མ་ཡིན་ན་ནི་རྡུལ་ཕྲ་རབ་བསྣུན་པའི་སྐབསུ་སུན་ཕྱུང་ཟིན་ལ། སྐད་ཅིག་མ་དུ་མ་ཡིན་ན་ནི་དེའང་ཁོ་བོས་སྐད་ཅིག་མ་ཉིད་ལེགས་པར་བཀག ་ཟིན་ཏོ།། དེ་ལས་མ་གཏོགས་པའི་དུས་ལ་ནི་གང་ཡང་མེད་དོ།། དེ་བས་ན་ཁྱེད་གང་འདོད་པའི་སེམས་དེ་གཅིག་དང་དུ་མར་ཁོ་བོས་བཀག་ཟིན་པའོ།། ཤེས་པ་རྣམ་པ་མེད་པ་དག་སེམས་རྣམ་པ་མེད་པ་ཙམ་རིག་པས་བམ་པོ་ལྔ ་སོགས་པ་དབྱུང་དུ་མེད་པ། བརྗོད་དུ་མེད་པ་ཞིག་ཡོད་དོ་ཞེས་འདོད་པས་དེ་དཔྱད་དེ། ཅི་ཤེས་པ་དེ་མར་མེ་ལྟར་གཟུགས་ཅན་དུ་ཡོད་དམ། གཟུགས་ཅན་མ་ཡིན་པ་བསྟན་དུ་མེད་པར་སྤྱོད། ཕྱོགས་དང་པོ་ལྟར་ན་ནི་ཇི་ལྟར་ཁྱོད་ཉིད་ཀྱིས ་མཐོང་བ་ལྟར་བདག་ཅག་གཞན་ལ་ཡང་སྟོན་ཅིག། ཁྱོད་ལ་མངོན་སུམ་དུ་གྲུབ་ན་བདག་ཅག་ལའང་མངོན་སུམ་དུ་གྲུབ་པར་གྱིས་ཤིག། གཞན་དུ་ཚིག་ཙམ་གྱིས་ནི་ཁོ་བོ་ཅག་ཇི་ལྟར་ཡིད་ཆེས་པར་འགྱུར། ཚིག་ཙམ་གྱིས་གྲུབ ་ནཱ་ནི། གཞན་གྱིས་འདོད་པའི་བདག་ཉིད་ཀྱང་གྲུབ་པར་འགྱུརརོ།། གཞན་ཡང་བྲམ་ཟེ་མཆོག་གི་རྒྱུད་དག་ལའང་སུན་འབྱིན་པའི་སྐྱོན་བསྙད་པ་དེ་ཉིད་ཁྱེད་ལའང་བསྙད་པར་བྱ་བ་ཉིད་དུ་འགྱུར་ལ། དེ་ལྟར་ན་ཁྱེད་ཀྱང་བྲམ་ཟེ་མཆོག ་གི་རྒྱུད་དང་གཅིག་གམ་བྱེ་བྲག་ཏུ་འགྱུར་རམ། ཕྱོགས་གཉིས་པ་ལྟར་ན་ནི་བརྗོད་དུ་མེད་ཅིང་བསྟན་དུ་མེད་པ་དེ་ཁྱེད་ཉིད་ཀྱིས་ཇི་ལྟར་ཤེས། བླ་མ་དག་གིས་བསྟན་ཏོ་ཞེ་ན། གང་ཁྱེད་ཉིད་ཀྱིས་བརྗོད་དུ་མེད་པར་འདོད་ན་དེ་ཁྱེད་ལ ་ཇི་ལྟར་བླ་མས་བརྗོད་པར་ནུས་གཞན་ཡང་རང་རིག་པ་ཡོད་ན་རིག་པར་བྱ་བ་དང་། རེག་པ་པོ་དང་རིག་པ་གསུམ་ཡོད་པར་གྱུར་ན། རིག་པ་བྱ་བ་དང་། རིག་པ་པོ་ཁྱེད་ཀྱི་ཇི་ལྟར་མི་འདོད་པ་དེ་ལྟར་རིག་པ་ཉིད་ཀྱང་མི་འདོད་པར་གྱིས ་ཤིག། འདྲ་བ་ལས་གཅིག་ན་གཞན་འདོད་ལ་གཞན་འདོད་ན་རང་རིག་པོ་བརྗོད་དུ་མེད་པ་དཔྱད་པ་དང་བསྟན་དུ་མེད་པ་ཞིག་ཡོད་པར་འདོད་ལ། གཞན་གྱིས་འདོད་པའི་བདག་དང་ཁད་པར་ཅི་ཞིག་ཡོད་པ་མིག་རབ་ཏུ་ཕྱེ་ལ་ལྟོས་ཤིག། ་བདག་དང་མཉམ་པར་འདོད་ན་ནི་རིགས་པའི་ཕུར་པ་གོང་དུ་བསྟན་པ་ཉིད་གདབ་པར་ཟད་དོ།། ཡང་ཡེ་ཤེས་རྒྱུན་ཏུ་བྱུང་བ་ཡོད་པ་ཉིད་དཔྱད་དེ་ཅི་འདས་པ་དང་ད་ལྟར་མེད་པའི་མ་འོངས་པ་ཡོད་པར་ཐོས་སམ། གང་ཡང ་གནས་གྱུར་པའི་སེམས་ཉིད་མེད་ན་དེ་གནས་གྱུར་པའི་ཡེ་ཤེས་ཇི་ལྟར་ཡོད་པར་འགྱུར། ཤེས་པ་རྣམ་པ་དང་བཅས་པ་དག་འདོད་པ་ལྟར་དམིགས་པ་རྣམ་པར་དག་པ་དང་ལྡན་པའི་ཡེ་ཤེས་ཡོད་ན་ནོན་པ་ཐམས་ཅད་སྤངས་ནས ་ཀྱང་གལ་ཏེ་མཚན་མར་སྐྱར་ཟིན་ན། དེ་ན་ནོར་པ་ཡང་དག་སྟེ། རབ་རིབ་ཡོངསུ་མ་དག་བཞིན། ཞེས་གསུངས་པ་འདི་ཡང་ལགས་པར་བཟློག་ཤིག། ཤེས་པ་རྣམ་པ་མེད་པར་སྨྲ་བ་དག་གི་ལྟར་ན་ཡེ་ཤེས་བག་ཆགས་མ་ལུས ་པ་དང་བྲལ་བ་རང་རིག་པ་ཙམ་ཡོད་པར་འདོད་ན་ཡང་སྐྱོན་གོང་དུ་བསྟན་པ་ལྔས་མ་འདས་པ་དེ་ལྟ་བུའི་ཡེ་ཤེས་དེས་དགོས་པ་ནི་ཅི་ཞིག་ཡོད། དེ་མེད་པས་ན་ཅི་ཞིག་མཉམ། དེ་བས་ན་དགོས་པ་མེད་པ་རྟོག་པ་ཙམ་འདི་དག ་རབ་ཏུ་སྤོངས་ཤིག། འདི་ནི་རྣམ་པར་རིག་པ་ཙམ་དུ་འདོད་པ་དག་གི་མངོན་པར་ཞེན་པ་སྤང་བའི་རིམ་པ་མདོར་བསྟན་པའོ།། །། འདིར་ཐེག་པ་ཆེན་པོ་དབུ་མ་དག་ལ་རྣམ་པར་བརྩད་པ། གང་ཡེ་ཤེས་ཉིད་མེད་པར ་སྨ་ན་གང་ཁྱེད་ཀྱི་མྱ་ངན་ལས་འདས་པ་ཉིད་ནི་གང་ཞིག། སེམས་ཅན་གྱི་དོན་དག་ཇི་ལྟར་བྱེད་ཅེ་ན། འདི་ལ་བཤད་པ། དཔེར་ན་ཏིལ་མར་དང་སྡོང་བུ་དག་ཡོད་ཀྱི་བར་དུ་མར་མེའི་རྒྱུན་འབར་བར་འགྱུར་ལ། སྡོང་བུ་དང་ཏིལ་མར་དེ ་དག་ཟད་པའི་དུས་ན་མར་མེ་དེའི་རྒྱུན་ཀུན་ཏུ་ཆད་པར་འགྱུར་ལ། དེ་བཞིན་དུ་སྡོང་བུ་དང་ཏིལ་མར་ལྟ་བུའི་མ་རིག་པ་ཟད་པ་ན། རྣམ་པར་ཤེས་པ་མར་མེ་ལྟ་བུ་འདི་རང་གི་ངང་གིས་རྒྱུན་ཆད་པའི་སྐྲའི་ཆ་བརྒྱར་བཤགས་པའི་ཚད་ཙམ ་མེད་པར་རྣམ་པ་ཐམས་ཅད་དུ་ཀུན་ནས་རྒྱུན་ཆད་པར་འགྱུརརོ།། དེ་བས་ན་གནས་གྱུར་པའི་ཡེ་ཤེས་གང་ནས་ཀྱང་བྱུང་བ་མེད་པའོ།། དེ་ནས་ཀུན་ནས་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པར་གཟུང་ངོ་།། དེ་ལྟར་ན་ཆད་པར ་ཅིས་མི་འགྱུར་བཤད་པ། དཔེ་བཤད་ཀྱིས་ཉོན་ཅིག། སྐྱེས་བུ་ཞིག་གིས་ན་མཁའ་མེད་དོ་ཞེས་བརྗོད་ན། དེ་ཆད་པར་མོས་པ་ཡིན་ནམ། དེ་བཞིན་དུ་ཁོ་བོ་ཡང་ན་མཁའ་དང་འོདྲ་བའི་སེམས་ཡེ་ནས་མེད་པ་ཉིད་མེད་པར་མ་ཤེས ་པ་དག་ལ་མེད་དོ་ཞེས་འགོག་གི། གང་ཡོད་པ་རྣམ་པར་བཅད་ནས་མེད་པར་བྱེད་པ་ནི། ཁོ་བོ་ཅག་དབུ་མ་པ་མ་ཡིན་པས་ཆད་པར་ཇི་ལྟར་འགྱུར། གང་སེམས་ཅན་གྱི་དོན་བྱེད་པ་ཇི་ལྟར་འགྱུར་ཞེས་དྲིས་པ་དེ་ཡང་བཤད་དེ ་ས་བཅུ་པའི་དབང་ཕྱུག་ཏུ་གྱུར་པ་རྒྱལ་བའི་ཐུགས་ཀྱི་སྲས་སྨོན་ལམ་ཐམས་ཅད་ལ་དབང་ཐོབ་པ་དེས་སེམས་ཅན་གྱི་ཁམས་ལ་བལྟས་ནས་གང་དག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་ཉེ་བར་བསྒྲུབ་པ་ནི་ཆོས་ཀྱི་སྐུ་མ་ཐོབ་པར ་མི་ནུས་སོ་ཞེས་བསམས་ནས་སྐད་ཅིག་མ་གཅིག་གིས་ཆོས་ཀྱི་སྐུ་མངོན་སུམ་དུ་བྱེད་ནས་འདི་ལྟ་བུའི་སྨོན་ལམ་བྱིན་གྱིས་རློབ་སྟེ། སྐད་ཅིག་མ་གང་ལ་བདག་མངོན་པར་རྫོགས་པར་བྱང་ཆུབ་པ་ནས་གཟུང་སྟེ། འཁོར་བ་ཡོངས་སུ ་འདྲོངས་ཀྱི་བར་དུ་སེམས་ཅན་རྣམས་ལ་སྐལ་པ་ཇི་ལྟ་བ་བཞིན་དུ་སྐུ་སྣ་ཚོགས་དང་གསུང་སྣ་ཚོགས་དག་རྒྱུན་མི་འཆུང་བར་ན་མཁའི་ཁམས་ཀྱི་མཐས་ཀླས་པར་འབྱུང་བར་གྱུར་ཅིག། བྱང་ཆུབ་སེམས་དཔའ ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡིད་དུ་འོང་བ་འབྱུང་བར་གྱུར་ཅིག་ཅེས་དེ་ལྟ་བུའི་སྨོན་ལམ་བྱིན་གྱིས་བརླབས་ནས་སྟོང་པ་ཉིད་སྟོན་ཀའི་ཉི་མ་ཕྱེད་ཀྱི་ན་མཁའི་དཀྱིལ་ལྟ་བུ་མཚན་རྡུལ་ཐམས་ཅད་རབ་ཏུ་ཞི་བའི་བདག་ཉིད་དུ ་འགྱུར་ཏེ། དེ་ཉིད་ལ་མྱ་ངན་ལས་འདས་པར་སྨྲའོ།། གང་ཡང་ཡེ་ཤེས་དང་སྟོབས་དང་། དབང་ལ་སོགས་པ་དང་། རང་རིག་པ་ལ་སོགས་པ་བཤད་པ་ནི་སྐྲག་པར་འགྱུར་པ་སྤང་བའི་ཕྱིར་བསྟན་པ་ཁོ་ན་ཡིན་ནོ།། དེ་བྱས་ན ་སྨོན་ལམ་ལ་དབང་བའི་སྨོན་ལམ་གྱི་སྟོབས་དང་། སྐལ་པ་དང་ལྡན་པའི་འགྲོ་བའི་དབང་གིས་སྐུ་དང་། གསུང་དང་། ཆོ་འཕྲུལ་སྣ་ཚོགས་འབྱུང་གི། དངོས་པོ་ཉིད་དུ་ཅུང་ཟད་ཙམ་ཡང་མེད་པ་ཁོ་ནི་ཡིན་ཏེ། གལ་ཏེ་དངོས་པོར་ཡོད་ན ་དེའི་ཚེ་འདུས་བྱས་ཀྱི་བདག་ཉིད་ཐམས་ཅད་པ་དག་དང་། ཁྱད་པར་ཅི་འདྲ་བར་འགྱུར། དེ་བས་ན་ཁ་ཅིག་ཡིད་བཞིན་གྱི་ནོར་བུ་དང་། ན་མཁའ་ལྡིང་གྲུབ་པའི་མཆོད་སྡོང་ལྟ་བུའོ་ཞེས་དཔེར་འཛིན་པ་དག་ནི་ཚུལ་ཐམས་ཅད་པའི་དཔེར ་མི་རུང་སྟེ། དེ་དག་ལྟར་འདི་དངོས་པོར་གྱུར་པ་ནི་མ་ཡིན་པའི་ཕྱིར་རོ།། འདིར་ཡང་སྨྲས་པ། དེ་ལྟར་ཐམས་ཅད་མེད་པ་ཡིན། སྐྱེ་བ་དང་། གནས་པ་དང་། འཇིག་པ་དག་ཇི་ལྟར་བལྟ་བར་བྱ། དྲིས་པ་དང་པོ་ཉིད་གང་འབྱུང་། སྨྲས ་སྐྱེ་བའོ།། བཤད་པ། གང་གནས་པ་དང་འཇིག་པ་དང་བྲལ་བའི་སྐྱེ་བ་ཇི་ལྟར་འབྱུང་། གལ་ཏེ་གནས་པ་དང་། འཇིག་པ་དང་བྲལ་བའི་སྐྱེ་བ་འདོད་ན་དེའི་ཚེ་རི་བྲོང་གི་རྭའི་སྐྱེ་བ་སུ་ཡིས་བཟློག་པར་འགྱུར། ཡང་སྨྲས་པ། དང་པོ་ཉིད ་དུ་གནས་པ་འབྱུང་ངོ་།། བཤད་པ། སྐྱེ་བ་དང་། འཇིག་པ་དང་བྲལ་བའི་གནས་པ་ཇི་ལྟར་འབྱུང་། གལ་ཏེ་སྐྱེ་བ་དང་འཇིག་པ་དང་བྲལ་བའི་གནས་པ་འདོད་ན། དེའི་དང་པོ་མི་སྐྱེས་པ་ཡིན་ལ། གཉིས་པ་ན་སྐྱེ་བ་སྟེ། གསུམ་པ་ནི་འཇིག ་པ་ཡིན་པས་གནས་པ་མེད་པ་ཁོ་ནའོ།། ཡང་སྨྲས་པ། འཇིག་པའོ།། བཤད་པ། གལ་ཏེ་སྐྱེ་བ་དང་གནས་པ་དང་། བྲལ་བའི་འཇིག་པ་འདོད་ན་དེའི་ཚེ་མོ་ཤམ་གྱི་བུ་འཇིག་པོར་འགྱུར་བ་སུ་ཡིས་བཟློག་པར་འགྱུར། གལ་ཏེ་སྐྱེ་བ་དང ་གནས་པ་དང་འཇིག་པ་དག་དུས་གཅིག་ཁོ་ནར་ཡོད་དོ་ཞེ་ན། བཤད་པ། ཅི་མུན་པ་དང་སྣང་བ་དག་གོ་གཅིག་ཅར་ཁོ་ནར་ཡོད་དམ། སྐྱེ་བ་གནས་པ་དང་། འཇིག་པ་དག་ཕན་ཚུན་འགལ་བ་ཡིན་པས་ཅིག་ཅར་གཱ་ལ་འབྱུང་། དེ་བས་ན ་སྐྱེ་བ་དང་གནས་པ་དང་འཇིག་པ་དག་མེད་པ་ཁོ་ནའོ།། འདིར་སྨྲས་པ། དེ་ལྟར་ཐམས་ཅད་མེད་པ་ཁོ་ན་པས་སྦྱིན་པ་ལ་སྩོགས་པ་སྤྱོད་པ་དོན་མེད་པར་འགྱུར་ཞིང་། ཐོབ་པར་བྱ་བ་བྱང་ཆུབ་ཅེས་བྱ་བ་ཡང་མེད་པ་ཉིད་ཡིན་པར་འགྱུར་ལ། ་དོས་ན་རྣམ་པ་ཐམས་ཅད་དུ་རྣམ་པར་བཞག་པ་འཁྲུགས་པར་འགྱུརརོ།། འདིར་བཤད་པ། སྐྱེས་བུ་འགོའ་ཞིག་གི་མིག་མིག་སེར་གྱི་ནད་ཀྱིས་བཏབ་ནས་དེས་ན་མཁའ་ལོ་སྒོར་ཤང་འཛིངས་པ་དང་། བལ་གྱི་འཁོར་ལོ་དང་། རབ་རི ་དག་མཐོང་ལ། སྐྱེས་བུ་དེ་ཡང་མཁས་པའི་རང་བཞིན་ཅན་ཡིན་པ་སུ་འདི་སྙམ་དུ་བདག་གིས་དམིགས་པ་འདྲི་དག་ཡོད་པ་མ་ཡིན་ཏེ། མིག་ནད་ཀྱིས་མི་ཉམས་བྱས་འདི་ལྟར་སྣང་བའོ་སྙམ་ན་ཅི་སྐྱེས ་སྣང་བའི་མིག་ནད་དེ་བསལ་བ་ལ་འབོད་པར་མི་བྱེད་དམ། དེ་བཞིན་དུ་མེད་པར་སྣང་བའི་རྟོག་པ་འབྱུང་བ་མིག་སེར་གྱི་ནད་ལྟ་བུའི་ལོག་པར་རྟོག་པ་བསལ་ནས། ནད་དང་བྲལ་བའི་མིག་ལྟ་བུ་མཚནི་མའི་ནད་ཐམས་ཅད་དང་བྲལ་བ། ན་མཁའ ་ལྟར་དངོས་པོ་མེད་པའི་དངོས་པོའི་བདག་ཉིད་དུ་འགྱུར་པ་འདི་ལ་ཉེས་པ་ཡོད་དམ། སྒྱུ་མའི་སྐྱེས་བུས་སྒྱུ་མའི་སྐྱེས་བུ་ལ་སྦྱིན་པ་བྱིན་པ་ལ་སོགས་པ་དང་། དེས་ཀྱང་བྱང་ཆུབ་ཅེས་བྱ་བ་ཐོབ་པ་ལྟར་བདག་ཅག་རྣམས་ཀྱང་སྦྱིན་པ་ལ་སོགས་པ ་དང་། དེ་རྣམས་ཀྱི་འབྲས་བུ་དེ་ལྟར་འདོད་དེ། དེ་བས་ན་རྣམ་པར་བཞག་པ་འཁྲུགས་པ་འཇིག་རྟེན་རྒྱཔོ་ཕན་པ་ལྟར་བདག་ཅག་ནི་འདི་མི་སྨྲའོ།། དེ་བས་ན་ཐོག་མ་ཉིད་དུ་སྔོན་ཉིད་དུ་འདྲེས་པའི་རིགས་པ་དག་གིས་བརྟགས་པའི་བདག་མེད་པ་ཉིད་དུ ་ངེས་པར་བྱ་ཞིང་། ཆོས་ཙམ་ལ་གནས་པར་བྱའོ།། དེ་ནས་ཕུང་པོ་ལ་སོགས་པའི་ཆོས་ཙམ་གླང་ཡིན་པ་དེ་ཡང་ཇི་སྐད་བཤད་པའི་རིགས་པས་མི་སྣང་བར་བྱས་ལ། སེམས་ཙམ་ཉིད་ལ་གནས་པར་བྱའོ།། དེ་བཞིན་དུ་ཡང་རིགས་པའི་ཚོགས ་རྒྱ་ཆེན་པོས་སེམས་སྣང་བ་མེད་པར་བྱས་ལོ།། མཐའ་ཐམས་ཅད་ལས་རྒལ་བ། མཚན་མའི་རྡུལ་ཉེ་བར་ཞི་བ། བདག་དང་སེམས་ཅན་དང་སྲོག་ལ་སོགས་པ་མ་ཡིན་པ། རང་རིག་པའི་རླབས་མེད་པ་འདི་ལྟ་བུ་ལ་བལྟ་བར་བྱ་སྟེ། དཔེར་ན ་སྐྱེས་བུ་ཇི་སྲིད་དུ་མིག་སྨན་ལྡན་མང་དུ་བསྟེན་པ་དེ་སྲིད་དུ་མིག་གི་ནད་ཉམས་པར་འགྱུརརོ།། དེ་བཞིན་དུ་ཇི་སྲིད་དུ་མེད་པར་རྟོག་པ་དེ་སྲིད་དུ་རྟོག་པའི་ནད་ཉམས་པར་ཡང་འགྱུར་ལ། རེ་ཞིག་ན་མེད་དོ།། ཞེས་རྟོག་པ་ཉིད་ཀྱང་སྤོང་བར་འགྱུརརོ།། དེ་དང་མཐུས ་པོ་ཉིད་དུ། གང་ཚེ་གང་ཞིག་མེད་དོ་ཞེས་བརྟགས་པའི་དངོས་པོ་མི་དམིགས་པ་དེའི་ཚེ་ཅུང་ཟད་མེད་དོ་ཞེས་རྟོག་པ་ཉིད་ཀྱང་སྤོང་བར་འགྱུར་ཞེས་བཤད་དོ།། དེ་བས་ན་བག་ཡོད་པར་ཇི་སྐད་དུ་བཤད་པའི་ཆོས་རྣམས་རབ་ཏུ་རྟོགས་པར་འགྱུར་བར་བྱ ་བའི་ཕྱིར་ན་ན་ཏན་གྱིས་རྟག་ཏུ་བརྩོན་པར་གྱིས་ཤིག། འདི་ལྟར་ཉེ་བར་བསྟན་པ་གནང་ནས། བསྡུ་བའི་ཚིགསུ་བཅད་པ་འདི་དག་གསུངས་ཏེ། བདག་ཏུ་འཛིན་པ་བཟློག་པའི་ཕྱིར།། ཕུང་པོ་ཁམས་སོགས་བསྟན་པ་སྟེ།། སེམས་ཙམ་ལ་ནི་རྣམ ་གནས་ནས།། བསྐལ་ཆེན་རྣམས་ཀྱིས་དེ་ཡང་གཞོམ།། འདི་དག་ཐམས་ཅད་སེམས་ཙམ་ཞེས།། ཐུབ་པ་ཡིས་ནི་གང་གསུངས་པ།། བྱིས་རྣམས་སྐྱུག་པ་སྤང་ཕྱིར་ཏེ།། དེ་ནི་དེ་ཉིད་མ་ཡིན་ནོ།། ཞེས་འདི་དག་ཀྱང་སློབ་མའི་ཚོགས་ལ་སྒྲོགསོ།། ལྟ་བ ་ཐ་དད་པ་རྣམ་པར་ཕྱེ་བ་མདོར་བསྡུས་པ། སློབ་དཔོན་དབུ་མའི་སེང་གེའི་ཞལ་སྔ་ནས་བཤད་པ་རྫོགས་སོ།། ། འདི་ནི་པཎྜི་ཏི་ཆེན་པོ་དབུ་མའི་སེང་གེ་ཞེས་བྱ་བས་རྩོད་པ་ཆེན་པོའི་དུས་སུ་ཇི་སྐད་བཤད་པ ་རྣམས་མཁས་པ་དག་གིས་གཟུང་སྟེ། གཅིག་ནས་གཅིག་ཏུ་བཤད་པ་གཏམ་གྱི་མན་ངག་ཅེས་བྱ་བར་གྲགས་པ་ལ་སླད་ཀྱི་གཞུང་དུ་བཀོད་པའོ།། གཅིག་ནས་གཅིག་ཏུ་བྱུང་པོ།། མངོན་པར་བརྩོན་པའི་དགེ་བསྙེན་ཏ་ར་ཤཱི་མི ་མི་ཏྲཱས་བྱས། རྒྱ་གར་གྱི་མཁན་པོ་ཏ་རོ་ཤཱི་མི་ཏྲ་ཉིད་དང་། ལོ་ཙཱི་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་ཞུས་ཅིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །། ། རྒྱ་གར ་