| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ན་རཱ་ཀཱ་ར་བིདྷི་ཀཱ། བོད་སྐད་དུ། རྣམ་པ་མེད་པའི་ཚིག་ལེའུར་བྱས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚ་ལོ།། ཤེས་རབ་འོད་ཀྱི་དཀྱིལ་འཁོར་ཅན།། འཕགས་པ་འཇམ་དཔལ ་དཔའ་བོ་ནི།། འཇིག་རྟེན་ཀུན་གྱི་བདེ་བསྐྱེད་པའི།། མགོན་བཱི་ལི་ནཱི་མགོས་ཕྱག་འཚལ།། རྣམ་པ་ཀུན་ལས་རྣམ་གྲོལ་བའི།། ཤེས་པ་ན་མཁའ་དང་འདྲ་བ།། ཡང་དག་དོན་དམ་ཡིན་པ་རུ།། ལུང་རིགས་མཁས་པ་གཞན་དག་འདོད།། རྣམ ་པ་ཟད་པ་བདེན་པ་སྟེ།། རྣམ་པ་ཡང་ནི་བོརྫུན་པ་ཡིན།། ཇི་སྲིད་དུ་ནི་རྣམ་པ་སྣང་།། དེ་སྲིད་ཤེས་སྐྱེ་འཁྲུལ་པ་ཡིན།། ཟད་པ་མེད་པར་འཁྲུལ་རྒྱུད་ལ།། ཤེས་པ་རྣམ་པ་མེད་འཛིན་པ།། འཁྲུལ་པ་ཐམས་ཅད་ཀྱི་ནི་གཞི།། ཤེས་པ་རྣམ་མེད ་བདག་ཉིད་ཡིན།། འོན་ཏེ་ཤེས་ཉིད་འཁྲུལ་ཡན་ན།། ནམ་ཡང་འཁྲུལ་པ་མེད་མི་སྲིད།། འཁྲུལ་པ་རྒྱུ་མེད་ཡིན་ཞེ་ན།། རྟག་ཏུ་ཡོད་པ་ཐལ་བར་འགྱུར།། རྒྱུ་དང་བཅས་ན་བརྫུན་མིན་ཏེ།། དེ་ནི་གཞན་དུབང་ཡིན་པར་གསལ།། མངོན་སུམ་མམ་ནི ་རྗེས་དཔག་གིས།། རྣམ་པ་མེང་བར་སྒྲུབ་པར་བྱེད།། རྣམ་པ་དེ་ལས་ལོག་པས་ན།། མངོན་སུམ་གྱིས་ནི་རྟོགས་མ་ཡིན།། བརྫུན་པར་སྣང་བའི་ཤེས་པ་ནི།། འཁྲུལ་ཉིད་ཕྱིར་ན་ཚད་མ་མིན།། ཤེས་པ་ན་མཁའ་དང་འདྲ་བ།། ད་ལྟར་ཉམ་སུ ་མྱོང་བ་མེད།། རང་བཞིན་འཁྲུལ་པ་འབྱུང་བའི་ཕྱིར།། དེ་ཕྱིར་མངོན་སུམ་ཚད་མ་མིན།། ཆོས་ཅན་མངོན་སུམ་མ་གྲུབ་ལ།། རྗེས་དཔག་ངེས་པར་འཇུག་པ་མེད།། བརྫུན་པའི་རྣམ་པ་བརྟགས་ཡིན་ཕྱིར།། བསྒྲུབ་བྱ་སྒྲུབ་བྱེད་གནས་པ་མེད།། ་མངོན་སུམ་འཁྲུལ་དང་འབྲེལ་བའི་ཕྱིར།། རྗེསུ་དཔག་པའང་བསླད་པ་ཡིན།། དེ་ཕྱིར་རྣམ་པ་མེད་བསྒྲུབ་པའི།། ཚད་མ་ཉིད་ནི་ཡོད་མ་ཡིན།། རྣམ་པ་མེད་པར་ལུང་གིས་ཀྱང་།། སྒྲུབ་པར་བྱེད་པའི་གསུང་རབ་མེད།། རྨི་ལམ ་སྒྱུ་མ་དང་མཚུངས་པར།། ཆོས་ཀུན་སངས་རྒྱས་རྣམས་ཀྱིས་བསྟན།། ལུང་དང་རིགས་པ་གཉིས་ཀྱིས་གསལ་བར་རབ་གྲུབ་པ།། གཟུགས་བརྙན་དང་མཚུངས་ཤེས་པའི་རང་བཞིན་རྣམ་དག་པོ།། གསོལ་བར་སྣང་བ་མ་ལུས་གཞི་ནི་རྣམ ་སྤངས་པ།། རྣམ་པ་མེད་པར་སྣང་བའི་གསལ་འགའ་ཡོད་མ་ཡིན།། དུ་མ་ཞེའམ་གཅིག་ཉིད་ཡིན།། བརྟགས་པར་འགྱུར་ཕྱིར་དེ་ཉིད་མིན།། མ་ཁྱབ་ཅེ་ནའང་ཁྱབ་ཉིད་ཡིན།། མི་གསལ་བའམ་གསལ་བ་ཉིད།། མི་རྟག་པ་ལ་རྟག་ཅེས་པ།། ། ་བདག་ཏུ་སྨྲ་དང་མཚུངས་པར་འགྱུར།། མི་རྟག་སྐད་ཅིག་ཡིན་སྨྲ་ན།། དེ་དག་ཕན་ཚུན་ལྡན་པ་མེད།། རྣམ་པའི་སྐབས་ན་ཤོས་ཡིན་ན།། ཇི་ལྟར་ཁྱབ་པ་ཞེས་བྱར་བརྗོད།། རྣམ་པ་བརྫུན་པ་ཡིན་པའི་ཕྱི་།། ཁྱབ་པའི་ནུས་པ་ཡོད་མི ་སྲིད།། ཤེས་པ་ཁྱབ་པའི་ནུས་མེད་ལ།། འདོད་ན་འདིའི་མཁས་ཇི་ལྟར་ཡིན།། ནམ་མཁའ་ཁྱབ་བྱ་ཡིན་ཞེ་ན།། ནམ་མཁའ་ཡོད་པར་འདོད་དམ་ཅི།། ནམ་མཁའ་སུན་ནི་ཕྱུང་ཉིད་ཀྱིས།། ཤེས་པ་སུན་ནི་བྱུང་བ་འཐོབ།། གཅིག་དང་དུ་མཱ་དང་བྲལ ་བས། ཤེས་པའང་བརྫུན་པ་ཉིད་དུ་འགྱུར།། ཤེས་པ་རྣམ་མེད་མཐའ་ཡས་པ་རུ་སྣ་།། ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་གཉིས་ཀྱི།། གཞི་རུ་ངེས་པ་ཚོགས་གཉིས་དང་ལྡན་ཉིད།། དེ་འདྲ་དཔལ་ལྡན་ཆོས་སྐུ་ཡིན་ཞེས་སྨྲ། ་རྣམ་པ་མེད་པའི་ཤེས་པ་ན་མཁའ་དང་འདྲ་ཆོས་ཀྱི་སྐུ།། གྲང་ཚེ་རྣམ་པ་དེས་བསྐྱེད་དེ་ཡང་འཁྲུལ་ཚོགས་ཅིས་མ་ཡིན།། འོནྡ་ཏེ་བརྫུན་པར་རྟོགས་ཕྱིར་དེ་འཁྲུལ་གྲུབ་པ་ཡོད་མིན་ན།། བརྫུན་འགྱུར་མི་རིགས་དེ་ནི་གཞན་དབང་མ་ཡིན་ནམ།། ་རྣམ་པ་ཐམས་ཅད་མི་གསལ་ཞེ་ན་ཁྱད་ཀྱི་རྣམ་མེད་ཅི་ཞིག་བྱ།། རྣམ་པ་ཐམས་ཅད་གསལ་ཡིན་ཞེ་ན་ཁྱེད་ཀྱི་རྣམ་མེད་ཅི་ཞིག་བྱ།། རྣམ་བསྲེགས་ཤེས་པའི་རྣམ་པ་ཇི་ལྟར་སྲིད་པར་འགྱུར།། སྲིད་ནའང་དེ་ཡི་རྣམ་པ་སྔོན་མེ་ཇི་ལྟར ་འགྱུར།། ཆགས་བྲལ་འདོད་ཆགས་ཕྱིར་ཡང་སྐྱེ་མད་བཞིན།། གལ་ཏེ་སྐྱེ་ན་དེ་ཡི་ཆགས་ཉིད་ཐོགས་པ་མེད་པར་འགྱུར།། འོན་ཏེ་སྒྱུ་མ་ཉིད་དུ་རྟོགས་ཕྱིར་དེ་དག་འཁྲུལ་མེད་ན།། དེ་བཞིན་འོན་ཏེ་ཡོད་ན་རྣམ་མེད་འབྲས་བུ་ཅི་ཞིག་ཡོད།། ། ་རྣམ་པ་མེད་པའི་ཚིག་ལེའུར་བྱས་པ། བལ་ཡུལ་གྱི་པཎྜི་ཏ་དགའ་བའི་དཔལ་གྱིས་མཛད་པ་རྫོགས་སོ།། །། ལྕི་བ་ཐ་དད་པ་རྣམ་པར་ཕྱེ་བ་མདོར་བསྡུས་པ་སློབ་དཔོན་དབུ་མིའི་སེང་གེ་འི་ན་པ་སྔ་ནས་མཛད་པ་བཞུགས། ་