| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཏཏྣ་བ་ཏཱ་ར་བྲིཏྟི། བོད་སྐད་དུ། དེ་ཁོ་ན་ལ་འཇུག་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། གང་གིས་དམ་པའི་དོན་དུ་ནི།། འགྲོ་ཀུན་རང་བཞིན་མེད ་གསུངས་པ།། ཀུན་མཁྱེན་དེ་ལ་ཕྱག་འཚལ་ཏོ།། དེ་ཉིད་ལ་ནི་འཇུག་པ་བཤད།། ཡང་དག་པའི་ལྟ་བ་སྔོན་དུ་བཏང་བ་ནི། ངེས་པར་ལེགས་པ་དང་མངོན་པར་མཐོ་བ་འཐོབ་པས་ན་དེ་མདོར་བསྡུས་ཏེ་རྣམ་པར་བཞག་གོ།། ཕྱི ་རོལ་ནང་ན་གནས་འདི་ཀུན།། ཡང་དག་ཏུ་ནི་རང་བཞིན་མེད།། གཅིག་དང་དུ་མའི་རང་བཞིན་ཉིད།། བྲལ་བའི་ཕྱིར་ན་གཟུགས་བརྙན་བཞིན།། གང་ཞིག་གཅིག་དང་དུ་མའི་རང་བཞིན་དང་བྲལ་བ་དྲི་ནི་དོན་དམ་པར་རང་བཞིན་མེད ་མེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ།། ཕྱི་རོལ་དང་ནང་ན་གནས་པའི་དངོས་པོ་འདི་དག་ཐམས་ཅད་ཀྱང་གཅིག་དང་དུ་མིའི་རང་བཞིན་དང་བྲལ་བས་ན་རང་བཞིན་མེད་དོ།། མ་གྲུབ་པ་ནི་མ་ཡིན་ཏེ། འདི་ལྟར། བསགས་མི ་རུང་ཕྱིར་རྡུལ་གཅིག་མིན།། རྡུལ་ཕྲ་རབ་ནི་གཅིག་པ་ཉིད་མ་ཡིན་ཏེ། རང་བཞིན་གཅིག་པུ་དེ་ལ་མངོན་པར་ཕྱོགས་པར་ཡུལ་གཅིག་ན་གནས་པས་ན་བསགས་པ་མི་རུང་བའི་ཕྱིར་རོ།། རང་བཞིན་གཞན་གྱིས་མངོན་དུ་ཕྱོགས་པ་ཡང ་མ་ཡིན་ཏེ། དུ་མ་ཉིད་དུ་ཐལ་བར་འགྱུར་པའི་ཕྱིར་རོ།། གལ་ཏེ་དེ་ལྟ་ཡིན་དུ་ཟད་མོད་ཅེ་ན། དེ་མེད་ཕྱིར་ན་གཞན་ཉིད་མིན།། དུ་མ་ཉིད་ཀྱང་མ་ཡིན་ཏེ།། གཅིག་མང་པོའི་ངོ་བོ་ཡིན་པས་དེ་མེད་ན་འདི་ཡང་མི་སྲིད་པའི་ཕྱིར།། འགལ་བའི ་ཕྱིར་ནི་རྣམ་པ་གཞན།། ཡོད་པར་ཡང་ནི་མི་འཐད་དོ།། འགལ་བ་དག་ནི་གཅིག་ཉེ་བར་གཟུང་བ་ཅིག་ཤོས་ཡོངས་སུ་བཏང་བ་མང་ན་མེད་པ་ཡིན་པའི་ཕྱིར་ཕུ་པོ་གཞན་མི་སྲིད་དོ།། དེ་ལྟར་རྩོམ་བྱེད་མེད ་།། རྫས་ལ་སོགས་པ་ལམས་ཅད་བསལ།། དེ་ལྟ་བུ་རྡུལ་དྲན་དང་བཞིན་མེད་པ་ཉིད་ཡིན་པས་ན་དེ་མངོན་སུམ་དང་། གཞན་དུ་བརྩམས་པ་ཡན་ལག་ཅན་གྱི་རྫས་དང་དེ་ལ་རྟེན་པ་དང་། ཡོན་ཏན་དང་། ལས་དང་། སྤྱི་ཡི་སོགས ་འདི་རིང་མ་པ་ཁོ་ནའོ།། རྡུལ་ཕྲན་བསགས་མ་བཞིན་གྱིས།། གཟུགས་སོགས་མིག་ཀྱང་དེ་བཞིན་ནོ།། རྡུལ་ཕྲ་དཔ་བསགས་པའི་པེ་བོ་གཟུགས་ཀྱི་ཕུང་པ་ལ་ཇིགས་པ་མ་ལནི་ཏེ། རྡུལ་ཕྲན་སོ་སོར་མེད་ན་བསོགས་པའང ་པ་པུ་བའི་བྱརོ།། འདི་སྙམ་དུ་མའི་ཀེ་བིའི་བཱག་ཆགས་འཁྲུགས་པའི་དབང་གིས་གཉིས་སུ་ཤེས་པར་འགྱུར་བའི་རྣམ་པར་ཤེས་པ་ཁོ་ན་ཀུན་ཏུ་སྣང་ངོ་སྙམ་དུ་སེམས་ན་དེ་ནི་མི་རུང་སྟེ། དེ་ཡང་གཅིག་དང་དུ་མའི་རང་བཞིན་ཉིད་ལས་མི ་དེ་ལ་རྣམ་པ་ཐ་དས་མ་ཡིན་མས།། སྣ་ཚོགས་འཛིན་སེམས་གཅིག་མིན།། ཤེས་པ་གཅིག་ཤུ་པ་ཡིན་ཏེ།། རྣམ་པ་དུ་མ་དང་ཐ་མི་དད་པའི་ཕྱིརརོ།། གཞན་དུ་ན་ཆོས་འགའ་བར་གནས་པ་གཉིས་ཐ་དད་པར་འགྱུ ་ར་རྣམ་པར་རིག་པ་ཙམ་ལ་བསྐུར་བ་ཡིན་ནོ།། གལ་ཏོ་འོ་ན་སེམས་ཀྱང་རྣམ་པའི་གྲངས་བཞིན་ནོ་ཞེ་ན། མ་ཡིན་ཏེ། ཤེས་པ་དུ་མའི་ཕྱོགས་བསོགས་པ།། མི་རུང་ཕྱིར་ན་འཐད་པར་དཀའ།། ཅིག་ཅར་དུ་ཤེས་པ ་མཁས་ལནནཱ།། མཱ་བྷ་རྣམས་རྡུལ་ཕྲན་བཞིན་དུ་བསགས་པར་མི་འགྱུར་ཏེ། ཇི་ལྟར་རྟག་ཏུ་བསྒྲུབས་པ་བཞིན་མོ།། རྣམ་བབེན་པ་ཡི་པ་ཉིད་ཁས་བླངས་ན་འདི་ཐམས་ཅད་ལེགས་པར་སྨྲས་པ་མ་ཡིན་ནམ་ཝཱ་ན། ་རྣམ་རྣམས་མྱི་བདེན་ཉིད་ཡིན་ཞེ་ན། ཧ་ཅང་ཐལ་བར་འགྱུར། གལ་ཏེ་ཉམསུ་མྱོང་ངན་འདི་དག་ཀྱང་མེ་བདེན་ཐལ་པརར་གྱུར་ཏེ། མཚན་ཉིད་དང་ལྡན་པ་ལ་གནོད་སྲིད་ན།། ཐམས་ཅད་ཡིད་བན ་དུམི་འི་ཕྱིར་རོ།། མ་འདྲེས་པའི་ཕྱིར། ཇི་ལྟང་ས་འགྱུར།། གཞན་ཡོང་བརྫུན་པ་རྣམས་པ་ལྡན་པར་མི་འདྲན་བདྲེན་འདི་འདོད་ན།། དེ་ལ་ངས་ཅི་བྱ་སྙམ་ན ་གི་ངོ་བོ་ཡང་།། ན་སྨྲས་བྱ་འོ་ཚིག་སྨོས་བཅད་པ་ཀྱིས་། ན་ནི་བདེན་གདོན་གྱུན་ཏེ། ནན་དུ་ན ་བྱུང་བ་མི་སྲིད་པའི་ཕྱིར། བྲེལ་ཞེས་བླམ་མེད་ན། ད་ལྟ་མི་དང་། འཛིན་པ་དང་བྲལ་དུ་མི་འམེད་དོ།། གནོད་པར་བྱེད་པ་རྗེད་པའི་ཕྱིར། ་ཤེས་བྱར་གནས།། མེད་པ་བྱེ་། གཉིས་མེད་ཤེས་པརིན་ཏེ་བདེན་མརྐོ། རྩ་ཤེས་པ་ཡིན།། འོན་ཏེ་གཉི་ས་ངེས་པར ་པ་ཡིན་ན། དེ་ནི་ཇི་ལྟར་ན་ཤེས་པ་ཡིན། འོན་ཏེ་རང་རིག་པའི་ཕྱིརརོ་ཞེ་ན། དེ་ལྔ་མ་ཡིན་ཏེ། གཉིས་སུ་མེད་པ་མི་རུང་བའི་ཕྱིརརོ།། གལ་ཏེ་རྟགས་ན་ཡང་དགྲ་མིན།། རིག་བྱ་དང་རིག་པ་པོའི་དངོས་པོར་བརྟག་པ་ནི།། དེ་ཁོ་ན ་ཉིད་མ་ཡིན་པར་འགྱུརརོ།། རིག་བྱ་མེད་ཕྱིར་གཞན་མི་རིག། གཉིས་སུ་མེད་ཕྱིར་བདག་ཉིད་མིན།། བརྟག་ན་ཡང་དག་ཉིད་མི་འགྱུར།། རྣམ་པ་གཞན་གང་ཡིན་པ་སྨོས།། གལ་ཏེ་གནས་སྐབས་དེ་བསྟན་པར།། བྱ་མིན་ཞན་རྐང་བརྐྱང་སྟེ།། གྲགས ་བས་དད་པ་བསྐྱེད་པ་ཡི།། དད་ལྡན་རྣམས་ལ་མཛེས་པ་ཡིན།། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པ་ཡིན་ནོ།། སེམས་ནི་དེ་ལྟར་མེད་པའི་ཕྱིར།། སེམས་ལས་བྱུང་བ་རྣམས་ཀྱང་བསལ།། དེ་ལྟར་ན་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར། ་སེམས་མེད་ན་སེམས་ལས་བྱུང་བ་རྣམས་ཀྱང་མེད་པར་ཁོང་དུ་ཆུད་པར་སླ་བ་ཉིད་དོ།། ཡང་དག་པར་ན་དངོས་མེད་པར།། སྐད་ཅིག་པ་ཉིད་ཅི་ལ་བརྟེ་ནོ།། དེ་ལྟར་ན་དངོས་པོ་རྣམས་ཡང་དག་པར་མེད་པ་ཡིན་ན། སྐད་ཅིག་ལ་འཇིག་པ་ཉིད་གནས་པ ་མེད་པ་ཁོ་ནའོ།། དངོས་ཡོད་ན་ནི་དེར་བརྟེན་པའི།། ཆོས་དེ་དག་གི་དེ་བསུམ་གྱི།། མོ་ཤམ་བུ་ལ་གཏོང་བ་ཡི།། ངང་ཚུལ་ཅན་དུ་འགས་མི་རྟོགས།། རིམ་དང་ར་མི་མིན་འགལ་བའི་ཕྱིར།། རྟག་པ་དོན་བྱེད་རུང་མ་ཡིན།། དུས་དང་ཕྱོགས་དང ་བདག་དང་ན་མཁའ་ལ་སོགས་པ་གཡུང་དྲུང་གང་དག་ཡིན་པ་དེ་དག་ནི་དོན་བྱེད་པ་མི་རུང་བའི་ཕྱིར་མེད་པ་ཉིད་འཐོབ་པར་སླ་བ་ཁོ་ནའོ།། འདི་དག་ནི་རིམ་གྱིས་བྱེད་པ་མ་ཡིན་ཏེ། དེའི་ནུས་པ་དང་མོ་བྲལ་བའི་ཕྱིར།། གལ་ཏེ་ཚོགས་པ ་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཚོགས་པ་དང་ཅིག་ཤོས་ཀྱི་གནས་སྐབས་གཉིས་ཁྱད་པར་མེད་པའི་ཕྱིར་རོ།། ཁྱད་པར་ཡོད་ན་ནི་གཞན་བསྐྱེད་པའི་ཕྱིར་མི་བརྟན་པ་ཡིན་ནོ།། ཅིག་ཅར་ཡང་མ་ཡིན་ཏེ། དོན་བྱ་བ་བྱས་ཟིན་ཀྱང་རང་གི་ཛཿ ་མམོ་ཉམ་སྔོ་བའི་ཕྱིར། ཡང་བྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ།། མི་བྱེད་ན་ནི་དེའི་རང་བཞིན་མོ་ཡིན་པས་རེ་ཞིག་བཞག། དེ་ཡི་མཐུ་དང་མ་བྲལ་ཕྱིར།། འདྲི་དགོ་རིམ་གྱིས་དོན་མི་བྱེད།། ཚོགས་རྣམས་སྐྱེད་པར་བྱེད་པ་བཞོ་ནི།། ཧུད་པ་ནྡེ་ཁྱི་ཡི་ཡོ། ཥྱ་ཊ་ཏྲིནི། ་གཞན་ཉིད་འགྱུར།། བསྟན་པ་ཉིད་ནི་ཉམས་པར་འགྱུར།། འདི་དག་རིམ་མིན་བྱེད་ཡིན་ན།། དེ་ཡི་ངོ་བོ་ཡིན་ཕྱིར་ཏེ།། ཡང་བྱེད་འགྱུརརོ་འོན་ཏེ་དེ།། སྔོན་བྱས་ཟིན་པས་མི་བྱེད་ན།། བྱེད་ཡིན་མི་བྱེད་ཡང་ཡིན་ཞེས།། བྱ་བའི་ཚིག་དེ་ཀྱེ་རེ་འབྲེལ།། ཞེས་བྱ།། ་བ་ནི་བར་སྐབས་ཀྱི་ཚིག་སུ་བཅད་པ་དག་གོ།། ཐ་དད་ཡུལ་རྣམས་དང་འབྲེལ་ཕྱིར།། གཅིག་པུའི་ཁྱབ་པ་ཇི་ལྟ་བུ།། མང་པོ་དང་གཅིག་པུ་དང་ལྡན་ནཱ་ཡུལྀ་གཅིག་པ་ཉིད་དུ་འགྱུརརོ།། ཡུལ་ཐ་དད་ན་ནི་འདི་ཡང་གཅིག་ཉིད་ཡིན་པས་གཅིག་པུས ་ཁྱབ་པ་ཉིད་ག་ལ་ཡོད།། སྣ་ཚོགས་འདི་དག་ཅིག་ཤོས་གཏོང་།། གཅིག་དང་དུ་མ་ཉིད་སྤངས་ཤིང་།། ཁྱབ་པ་མ་ཡིན་མ་ཁྱབ་པའང་།། མ་ཡིན་ཞེས་ནི་བྱ་བར་གནས།། མ་བརྟགས་གཅིག་པུ་ཉམས་དགའ་སྟེ།། དེ་འདྲ་ལས་བྱུང་དེ་བཞིན་ནོ།། དངོས་པོ ་དེ་དག་དེ་ལྟ་བུའི།། དོན་བྱ་དེ་དང་དེ་བྱེདདོ།། དེ་ལྟ་བས་ན་ཕྱི་རོལ་དང་ནང་ན་སྣང་བའི་དངོས་པོ་རྟག་པའི་སྤུངས་མི་བཟོད་པ་རང་དང་མཐུན་པའི་རྒྱུས་བསྐྱེད་པ་འདི་དག་ནི་གང་ལས་ཐ་སྙད་འདིར་འགྱུར་བ་དོན་བྱ་བ་མ་བརྟགས་ན་ཉམས་དགའ་བ་ཉིད་དེ་དང ་དེར་ཉེ་བར་བྱེད་དོ།། དམ་པའི་དོན་དུ་གག་པ་དང་།། དུ་མ་ལྔ་སོགས་དངོས་དང་བྲལ།། རྣམ་པར་རྟོག་པ་མ་བྱས་ན།། ཉམས་དགའ་བ་ཡི་ངོ་བོར་སྣང་།། ཕྱི་ནང་གནས་པའི་དངོས་པོ་རྣམས།། འཇིག་རྟེན་སྤྱོད་པ་འདྲི་བྱེད་གང་།། ་དེ་ནི་ཇི་ལྟར་དེ་དག་རྣམས།། མོ་ཤམ་བུ་དང་མཚུངས་པ་ཉིད།། གལ་ཏེ་མེད་ན་ཇི་ལྟ་བུ།། སྣང་བར་འགྱུར་སྙམ་སེམས་ན་ནི།། གལ་ཏེ་སྣང་བ་འདི་འདོད་ན།། དེ་ལ་ཁོ་བོས་ཙོ་བྱར་ཡོང་།། ཡང་དག་ལྟ་བུས་ཕྲ་རབ་ཀྱི།། ངོ་བོ་ཡང་ནི་མི་ཤེས་སོ།། ། ་དེ་ཕྱིར་རང་བཞིན་མེད་སྒྲ་ཡི།། སྣང་བ་གསལ་ཕྱིར་མ་ཡིན་ནོ།། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགསུ་བཅད་པ་དག་ཡིན་ནོ།། རྒྱུ་དང་འབྲས་བུ་ཀུན་རྫོབ་པའི།། དངོས་པོ་རྣམ་པར་གནས་པའི་ཕྱིར།། འཇིག་རྟེན་ཕ་རོལ་རྣམ་གཞག་སོགས།། སྤྲོས ་ཤིག་སུ་ཞིག་འགོག་པར་བྱེད།། དེ་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ་སྐྱེ་བ་དང་འཇིག་པ་མེད་པ་སྣང་བའི་ཕྲེང་བ་ལ་སེམས་ཕྱིན་ཅི་ལོག་པ་ཅན་རྣམས་ཀྱི་ཚེ་རབས་གཞན་དུ་ཉིང་མཚམས་སྦྱོར་བ་ལ་སོགས་པའི་སྒྲུབ་པ་འབད ་མི་དགོས་པ་ཁོ་ནའོ།། དངོས་པོར་ཞེན་པའི་དབང་གྲིས་སྐྱེ།། དེ་ཡོད་ན་ནི་རྒ་ལ་སོགས།། ལས་དང་དེ་ཡི་འབྲས་འབྲེལ་པ།། ཀུན་རྫོབ་པ་ནི་མ་བཀག་གོ། དེ་ཕྱིར་སྡིག་ལ་དགའ་བྲལ་བྱ།། དགེ་བའི་ཆོས་ལ་འབད་པར་བྱ།། སྣང་བའི་འཕྲེང་བ་འདི ་གནས་ཏེ།། རང་དང་མཐུན་པའི་འབྲས་རབ་སྐྱེ།། ཞེས་བྱ་བ་ནི་བསྡུ་བའི་ཚིགསུ་བཅད་པ་དག་གོ།། འགའ་ཞིག་སྒོམ་པ་གོམས་པ་ཡི།། མཐུ་ཡིས་ཆོས་ཀུན་ངོ་བོ་ཉིད།། མེད་པ་ཡ་ནི་བདག་ཉིད་དུ།། འགྱུར་ཏེ་དངོས་པོ་མཐོང་བ་བཞིན།། ་གང་ཞིག་ཇི་ལྟར་གོམས་པར་བྱེད་པ་དེ་ནི་སྒོམ་པ་འཕེལ་བ་ཁྱད་པར་འགྱུར་བའི་ཕྱིར།། དེའི་བདག་ཉིད་དུ་འགྱུར་ཏེ། དཔེར་ན་དངོས་པོ་ལ་མངོན་པར་ཞེན་པ་ལྟ་བུའོ།། འགའ་ཞིག་ཀྱང་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་གོམས་པར་བྱེད་དོ། ་ཞེས་བྱ་བ་འདིས་ནི་ཐམས་ཅད་རིག་པ་སྲིད་པ་ཞེས་འཆད་དེ། འདི་ལྟར་དངོས་པོར་འཛིན་པ་དང་། ཅིག་ཤོས་ཀྱང་འགལ་ལ། འགལ་བ་གཉིས་ཀྱང་གང་ཡང་རུང་བ་ཞིག་འཕེལ་ན་ཅིག་ཤོས་འགྲིབ་སྟེ། དེའི་ཕྱིར་ན་འགལ་བ་དྲང་མ་ངེས ་པ་དག་མ་ཡིན་ནོ།། སྣང་བའི་རང་གི་ངོ་བོ་ཉིད།། མངོན་དུ་རིག་པས་ཐམས་ཅད་རིག། བདེན་པར་འཛིན་པ་ལོག་ན་ནི།། དངོས་པོ་མུ་སྐྱེས་སྟོན་པ་ཡིན།། མ་བརྟགས་ཉམས་དགའ་ཉིད་གནས་ན།། གང་ལ་གང་གིས་སེམས་ཅན་དོན།། ཇི་ལྟར་ཇི ་ལྟ་བུ་ཞེས་བྱ།། བརྒལ་བ་འདི་ནི་ཇི་ཞིག་ཡིན།། རང་དགས་འཇུག་པ་བསྐྱེད་པ་ཡིས།། སྣང་བ་རྣམས་ནི་ག་ལ་ཟད།། དེས་ན་སེམས་ཅན་དོན་བྱ་སོགས།། འདི་ཀུན་ལེགས་པར་གནས་པ་ཡིན།། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགསུ་བཅད ་པ་དག་གོ།། བདེན་པར་འཛིན་པའི་དབང་གིས་སྐྱོན།། ཆགས་དང་ཞེ་སྡང་ལ་སོགས་པ།། ངག་རྣམས་རབ་འབྱུང་དེ་ལྡོག་ན།། དེ་རྣམས་འབྱུང་བར་ག་ལ་འགྱུར།། ཉེས་པ་ཐམས་ཅད་འབྱུང་བ་ནི།། ཡང་དག་པར་མངོན་པར་ཞན་པ་སྔོན་དུ་འགྲོ་བ ་ཡིན་པའི་ཕྱིར་དེ་དག་རབ་ཏུ་ཞེ་ན་ཡང་། འདོད་ཆགས་ལ་སོགས་པར་སྐྱེ་བར་ག་ལ་འགྱུར། བདག་དང་བདག་གིར་འཛིན་པས་ཆགས།། དེར་གནོད་པ་ལ་ཞེ་སྡང་ངོ་།། དེ་ལས་ཉེས་ཚོགས་སྐྱེ་དེ་ལས།། སྐྱེ་བོ་ཀུན་ནས་ཉོན་མོངས་བསྟེན།། འཁྲུལ ་བཙམ་དུ་རྟོགས་པའི་ཕྱིར།། མ་འཁྲུལ་རིམས་ནད་མྱེད་པའི་ཐབས།། ཐོབ་པར་གྱུར་ནས་རྒྱ་ཡི་ཕྱྀར།། ཉོན་མོངས་བློ་བུམཉམ་ངར་ལྷུང་།། ནས་བྱ་བ་ནི་བསྡུས་པའི་ཚིག་སུ་བཅང་བ་དག་གོ།། སེམས་ཅན་ཛྙཱ་ནི་དོན་མཛད་ཐབས།། ་རྣམ་རྟོག་ཡེ་ཤེས་མངའ་བ་ན།། དེ་ཡི་ཀུན་མཁྱེན་བརྩོམ་པ་ནི།། དེ་དོན་ཡིན་ཕྱིར་ཉེས་པ་མེད།། དེ་ནི་བྱང་གྲོལ་ལ་སོགས་པ་ལུང་འབོག་པའི་རྒྱུ་རྣམ་པར་རྟོག་པའི་ཡེ་ཤེས་མངའ་བ་ནི།། ཉེས་པ་ལ་བརྟན་པར་འོས་པ་མ་ཡིན་ཏེ། དེའི་བདག་ཉིད ་ཀྱི་ངོ་བོ་ནི་སེམས་ཅན་ལ་ཕན་གདགས་པའི་ཚེ་དེ་ཡིན་པའི་ཕྱིར།། དངོས་པོ་ཡོད་ན་ཀུན་མཁྱེན་ལ།། དོན་ནི་གསལ་བར་སྣང་བར་འགྱུར།། ནོར་པ་ཙམ་ལ་གཞི་མེད་ཕྱིར།། གསལ་དང་མི་གསལ་སུ་ཞིག་སེམས།། རྣམ་རྟོག་རྗེ་སུ་འབྲེལ་པ་ལ།། དོན ་སྣང་གསལ་བ་མ་ཡིན་ཞེས།། བྱ་བ་ཕྱི་རོལ་ལྟ་བས་གསུངས།། གང་ཡིན་དེ་འདིར་སྐབས་མེད་དོ།། དེ་བས་དོན་ཀུན་སྟོང་པ་ཉིད།། ཐུབ་པས་ཀུན་རྫོབ་བརྗོད་པ་ན།། རྟོག་བཞིན་དུ་ཡང་སེམས་ཅན་དོན།། མཛད་དང་ལྡན་ན་ཅི་ཞིག་ཉེས།། ་ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིག་སུ་བཅད་པ་དག་གོ།། ཕུང་པོ་ལ་སོགས་བསྟན་པ་ཀུན།། འདུལ་བར་བྱ་བ་དག་གི་ངོར།། དགོས་པའི་དབང་གིས་གསུངས་པ་སྟེ།། དཔེར་ན་བདག་ཅེས་བརྗོད་པ་བཞིན།། གདུལ་བའི་སྐྱེ་བོའི་ངོར་དུ ་པོ་ལ་སོགས་པ་བསྟན་ཏེ། བདག་ཞལ་གྱིས་བཞེས་པ་བཞིན་ནོ།། གདུལ་བའི་རྗེས་སུ་ཐུབ་པ་ཡི།། གང་ཟག་ཞལ་བཞེས་ཅི་འདྲ་བ།། དེ་འདྲ་སྐྱོབ་པས་ཕུང་པོ་དང་།། སྐྱེ་མཆེད་ཁམས་རྣམས་རབ་ཏུ་བཤད།། དེ་བཞིན་རྣམ་རིག ་བསྟན་པ་ཡང་།། དངོས་འཛིན་ཐོག་མ་ཡོད་མིན་པ།། ཡུན་རིང་གནས་པ་སྤང་དཀའ་བ།། རིམ་གྱིས་དྲང་ཕྱིར་མཛད་པ་ཡིན།། ཆོས་རྣམས་དག་ནི་ཐམས་ཅད་ཀྱི།། རང་བཞིན་མེད་ཉིད་བསྟན་གང་ཡིན།། དེ་ནི་ཆོས་ཀྱི་གཅེས་པ་ཡིན།། དེ་ནི་དབ ་བྱུག་སེང་གེའི་སྒྲ།། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགསུ་བཅད་པ་དག་གོ།། སླུ་བ་མཐོང་ཕྱིར་མ་བརྟགས་ནོ།། ཉམས་དགའ་བ་ཡི་ཚད་མ་ཡིས།། དེ་ཡི་གཞལ་བྱ་རྣམ་བཞག་ན།། འཇིག་རྟེན་སྤྱོད་པ་སྐྱོབ་པར་འགྱུར།། མངོན་པར་འདོད་པའི་སྣང ་བས་རྟོགས་པར་བྱ་བའི་ཚོད་མས་གཞལ་བྱ་རྣམ་པར་བཞག་ན། ཐ་སྙད་འཇལ་བས་འདི་ལ་ཅིས་ཀྱང་མི་འབྲེལ་ལོ།། ལུང་གིས་བསྐྱེད་པའི་འདུས་བྱས་པའི།། རྟོག་པས་བསྐྱེད་པའི་བདག་ཉིད་ཉིད།། རྣམ་པར་གསལ་ནས་སྣང་རྣམས་ལ།། ངོ ་བོ་སྤྱོད་པར་བྱེད་པ་ཡིན།། གཞན་དུ་གཞི་རབ་མ་གྲུབ་ཕྱིར།། འདི་ནི་གཏན་ཚིགས་མ་གྲུབ་འགྱུར།། དམིགས་པ་པ་རྣམས་འགལ་བ་ཡི།། ཡོན་ཏན་གྲུབ་པར་བྱེད་པ་ཡིན།། ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིག་སུ་བཅད་པ་དག་གོ།། ཐཾད་བསྡུས ་ཕྱིར་གནོད་པོ་ཡི།། རྐྱེན་ལ་བརྟེན་པའི་ཁྱབ་པ་གྲུབ།། དེ་ཡི་ཕྱི་ནཱ་གཏན་ཚིགས་ལ།། འགལ་བུ་དང་ནི་འཁྲུལ་པ་མེད།། རྣམ་པ་གཞན་མེད་པ་ཡི་ཕྱུར།། གཏ་ནི་ཚོགས་དངོས་ལ་ཁྱབ་བྱེད་པ།། རང་བཞིན་མེད་པ་ཉིད་ཡིན་པས།། འགལ་བ ་དང་མ་ངེས་པ་ཉིད་དུ་ཐལ་བར་ག་ལ་འགྱུར། མ་གྲུབ་པོ་ཉིད་ནི་རྟག་ཏུ་གསལ་བ་ཁོ་ནའོ།། དེ་ཉིད་ཕྱིར་ནི་གཟུགས་བརྙན་ལས།། སོགས་པའི་དཔེ་ནི་མ་གྲུབོ།། རྩ་བའི་གཏན་ཚིགས་འདི་ཉིད་ཀྱིས་གཟུགས་བརྙན་ལ་སོགས་པ་རང ་བཞིན་མེད་པ་ཉིད་ཀྱང་གྲུབ་པ་ཡིན་ནོ།། འདི་ནི་བྱིས་པས་གོ་བྱའི་ཕྱིར།། སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད།། འདི་ནི་འབྲེལ་པ་བརྗོད་པ་དྲན་པ་ཉེ་བར་བསྐྱེད་པའི་ཕྱིར་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་བཀོད་དོ།། དེ་ལྟ ་མ་ཡིན་ན་ཅིར་ཡང་མི་དགོས་པའི་ཕྱིར་ཏེ། དཔེ་ལ་གཏན་ཚིགས་དངོས་པོ་དང་།། དེ་དངོས་དེ་མི་ཤེས་ལ་བསྟན།། མཁས་པ་ལ་ནི་གཏན་ཚིགས་ཉིད།། འབའ་ཞིག་བརྗོད་པར་བྱ་བ་ཡིན།། ཞེས་གང་བཤད་པ་ཡིན་ནོ།། གནོད་པའི་རྐྱེན་ཕྱིར ་བསྒྲུབ་བྱ་ཡི།། མི་མཐུན་ཕྱོགས་ལྔས་གཏན་ཚིགས་ལྡོག། དེ་ཡི་འཁྲུལ་པ་ཉིད་དང་ནི།། འགལ་བ་ཉིད་དག་གནས་མེད་དོ།། ཡང་དག་གཏན་ཚིགས་འདི་ཡིས་ནི།། གཉི་ག་ལ་བརྟེན་དཔེ་ཡང་གྲུབ།། དྲན་སྨོས་མཉམ་པར་གཞག་པའི་རྒྱུར།། སྔ ་མ་རྣམས་ཀྱིས་བཤད་པ་ཡིན།། ཞེས་བྱ་བ་ནི་བསྡུས་པའི་ཚིགས་སུ་བཅད་པ་དག་གོ།། གལ་ཏེ་དངོས་སུ་ན་བསྒྲུབ་པར་བྱ་བ་ལས་ཐ་མི་དད་པའི་ཕྱིར་གཏན་ཚིགས་དམ་བཅས་པའི་ཕྱོགས་གཅིག་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ། རང་བཞིན་མེད ་པའི་ཐ་སྙད་དུ།། རུང་བ་ཉིད་དུ་སྒྲུབ་པར་བྱེད།། གཅིག་དང་དུ་མིའི་རང་བཞིན་ཉིད།། བྲལ་བས་རང་བཞིན་མེད་པ་ཉིད།། དངོས་པོར་མངོན་པར་ཞེན་པ་ལ་ཆོས་ཐམས་ཅད་བདག་མེད་པའི་ཐ་སྙད་དུ་རུང་བ་ཉིད་དུ་སྒྲུབ་ཀྱི་ཆོས་ཐམས་ཅད་བདག ་མེད་པ་ཁོ་ན་ནི་མ་ཡིན་ཏེ། གཏན་ཚིགས་གྲུབ་པ་ཉིད་ཀྱིས་དེ་གྲུབ་པའི་ཕྱིར་རོ།། དེ་ལྟར་ཆོས་ཀུན་གཟོད་མ་ནས།། མ་སྐྱེས་ཞེས་ནི་བྱ་བར་གནས།། ནང་དང་ཕྱི་རོལ་འདི་དག་ནི།། འཁྲུལ་པ་ཙམ་ཞིག་རབ་ཏུ་སྣང་།། དེ་བས་ན ་དངོས་པོ་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ་དང་། ནང་དང་ཕྱི་རོལ་གྱི་སྣང་བ་གང་ཡིན་པ་འདི་དག་ཐམས་ཅད་ནི་འཁྲུལ་པ་ཁོ་ནའོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ།། སྣ་ཚོགས་འདི་ནི་འཁྲུལ་ཙམ་ན།། མ་འཁྲུལ་ཅི་ཞིག་ཡིན ་པ་སྨྲོས།། འཁྲུལ་པ་ཙམ་ཞིག་ཡོད་ཤེས་པ།། མ་འཁྲུལ་ཡིན་པར་ངེས་པར་ཟུང་།། སྒྲོ་འདོགས་པ་དང་སྐུར་པའམ།། མཐའ་གཉིས་ཀྱི་ནི་རྣམ་སྤངས་པ།། འདི་ནི་དབུ་མའི་ལམ་ཡིན་པར།། སེང་གེའི་ང་རོས་བསྟན ་པ་ཡིན།། འགྲོ་བ་སྡུག་བསྔལ་བསྐྱབ་ཕྱིར་ཐུགས་རྗེས་གཞན་གྱི་དབང་གིས་སེམས་ཅན་ཕན་གདགས་ལ།། ཕྱོགས་པའི་བདེ་གཤེགས་རྣམས་ཀྱིས་ཚད་མ་དང་ལྡན་ཤེས་རབ་དེ་འདི་འདི་བསྟན་པ།། གང་ཡིན་དེ་ལ་སྲིད་པའི ་རྒྱ་མཚོ་ཉོན་མོངས་ཆུ་བོ་སྟོང་འཁྲུགས་མཐར་བགྲོད་པར།། མངོན་སུམ་དག་ཏུ་བྱ་ཕྱིར་དེང་སང་མཁས་རྣམས་སེམས་མཉམ་གཞག་པར་གྱིས།། ཡང་དག་རྟོགས་ལ་བརྩོན་པ་ཡི།། བློ་ལྡན་སྐྱེ་བོས་གང་བརྩམས་པའི།། ་བསྟན་བཅོས་ཟབ་མོའི་གཞུང་འདི་ལ།། དོན་བཞིན་མ་ནོར་རྟོགས་དཀའ་ཡང་།། མཁས་པ་རྣམས་ཀྱི་རྗེས་བསྙེགས་དང་།། བདག་པས་དམན་ཞིང་རྨོངས་རྣམས་ལ།། ཕན་འདོགས་སྙམ་པའི་རྣམ་རྟོག་གིས།། དེ་ཉིད་རྗེད ་བྱང་འདི་བརྩམས་སོ།། བདག་གི་ནུས་པ་ལ་བལྟོས་ནས།། དད་བྱས་གུས་པས་བརྩམས་པས་ན།། གཞུང་དང་མི་མཐུན་འགལ་སྨྲས་རྣམས།། མཁས་པ་རྣམས་ཀྱིས་བཟོད་པར་མཛོད།། དེ་ཁོ་ན་ལ་འཇུག་པའི་འགྲེལ་པ།། ་སློབ་དཔོན་དཔལ་སྦས་ཀྱིས་མཛད་པ་རྫོགས་སོ།། ། གང་གི་དམ་པའི་དོན་དུ་ན།། འགྲོ་ཀུན་རང་བཞིན་མེད་གསུངས་པ།། ཀུན་མཁྱེན་དེ་ལ་ཕྱག་འཚལ་ལོ།། དེ་ཉིད ་ལ་ནི་འཇུག་པ་བརྩམས།། དེ་ཉིད་ལ་ནི་འཇུག་པ་བ་ཤད།། ་