CLOSE WINDOW

GT329: rgyud kyi rgyal po mkha' 'gro ma rdo rje gur gyi dka' 'grel zhal nas brgyud pa zhes bya ba
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། ཌཱ་ཀི་ནི་བཛྲ་པཉྩ་མ་ཧཱ་ཏནྟྲ་རཱ་ཛ་སྱ་པ་ཐ་མ་པ་ཏ་ལ་མུ་ཁ་བནྡ་ནཱ་མ་པཉྩི་ཀ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་མཁའགྲོ་མ་རྡོ་རྗེ་གུར་གྱི་དཀའ་འགྲེལ་ཞལ་ནས་བརྒྱུད་པ་ཞེས་བྱ་བཱ། ་བཅོམ་ལྡན་འདས་རྡོ་རྗེ་མཁའ་འགྲོ་དང་། མཁའགྲོ་མ་ཐམས་ཅད་ལ་ཕྱག་འཚལ་ལོ།། དཔལ་ཀྱེའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། རིང་པོ་ཤེས་རབ་ཀྱིས་དྲངས་ཀྱང་།། ཐུགས་རྗེས་རྣམ་པར་གཟུང་བ་གང་།། དེ་རྣམས་ཀྱིས་ཀྱང་གཙོ་ཆེན་པོ། ་རྗེ་སེམས་དཔའ་དེར་ཕྱག་འཚལ།། ཐར་པ་མཆོག་སྩོལ་འབྱོར་ལྡན་པ།། སློབ་དཔོན་ཞབས་ལ་ཕྱག་འཚལ་ཏེ།། མཁའགྲོ་རྡོ་རྗེ་གུར་གྱི་ནི།། དྲན་པའི་ཕྱིར་ན་ཅུང་ཟང་བའོ།། མཁའ་དང་བེམས་པོ་ཞེས་བྱ་པ་ལ་སོགས་པ ་ནི། བསྒྲུབ་པར་བྱ་བ་ཉིད་ཀྱི་སྟོན་པ་པོ་བཅོམ་ལྡན་འདས་མཁ་འགྲོ་མ་རྡོ་རྗེ་གུར་གྱི་དོན་དམ་པའི་བདེན་པ་རྣམ་པར་དཔྱད་ཏུ་མེད་པར་ཀུན་ཏུ་གན་པའི་དོན་དང་དེ་དེ་ཀྱི་དོན་དམ་པའི་བདེན་པ་དེ་ནི་ཀུན་རྫོབ་ཀྱི་འདེན་པ་འགྲོ་བ་ཐམས ་ཅད་ལ་ཁྱབ་པར་གནས་པ་དེ་རྙེད་པ་ཀུན་ཏུ་རིག་ཅིང་གསལ་བར་བྱ་བའི་ཕྱིར། ཡང་དག་པར་སྡུད་པར་བྱེད་པའི་རྡོ་རྗེ་སྙིང་པོས་དེ་གཞག་པ་སྟེ། ཀྱེ་རྡོ་རྗེ་ལས་ང་བརྟན་པ་དང་གཡོ་བ་ལ་ཁྱབ་པར་གནས་པ་ཞེས་བཤད་དེ། གྲུབ ་པའི་མཐའ་གཞན་ཡང་གྲགས་པ་ཉིད་ཀྱི་ཕྱིར་ནའོ།། འབྱུང་བ་ཆེན་པོ་ལྔ་རྣམས་ནི་བསྐྱེད་པའི་རིམ་པ་དང་འབྲེལ་བ་སྟེ། དེ་རྣམས་ཀྱི་བག་ཆགས་དེ་ནི་བདག་པོ་ཡིན་པས་དེ་རྣམས་དང་པོར་བརྗོད་པར་བྱའོ།། དེ་རྣམས་ཀྱི་ནང ་ནཱ་ཡང་ན་མཁའ་ནི་ཤིན་ཏུ་གསལ་བ་མ་ཡིན་པའི་ཕྱིར་ན། དེ་ཉིད་ཐོག་མར་བརྗོད་པར་བྱ་སྟེ། མཁའ་ནི་སྒྲིབ་པ་མེད་པའོ།། བེམས་པོ་ནི་སྲ་བའི་རང་བཞིན་ཏེ་སའོ།། གསལ་བ་ནི་འཇིག་པ ་སྟེ། ཆུ་རྣམསོ།། གོ་སྐབས་མེད་པ་ནི་དེས་བསྲེགས་པས་ན་གོ་སྐབས་མེད་པ་ནི་དེས་བསྲེགས་བས་ན་གོ་སྐབས་རབ་ཏུ་མི་སྟེར་བ་སྟེ་མོའོ།། གསལ་བྱེད་ནི། མིག་དང་ཡུལ་གྱི་རླུང་སྟེ་དེ་རྣམས་ཉིད་ནི་སྤོས་བྱེད་མ་ལ་སོགས་པ་རྣམསུ་འགྱུར་རོ།། ་དེ་ལྟར་ཡང་གསུངས་པ་ནི་སྤོས་བྱེད་མར་བཤད་དེ།། དེ་བཞིན་ཆུ་ཁམས་རི་ཁྲོད་མ།། མ་ནི་དྲག་འཛིན་མར་བཤད་དོ།། རླུང་ནི་སྨེ་མོར་རབ་ཏུ་གྲགོས།། ཞེས་སོ།། མཁའ་དང་ཞེས་པ་ནི་བདེན་པའོ།། ཡང་ལྷའི་རྣལ་འབྱོར་འཛིན་པ་ན། དེ་རྣམས ་བསྐྱེད་པའི་རིམ་པའི་རྟེན་གྱི་དངོས་པོར་ལྟ་བར་བྱ་བ་གསུངས་པ། སྣ་ཚོགས་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། སྣ་ཚོགས་ནི་འགྲོ་བ་ཐམས་ཅད་ཀྱི་ཁྱབ་པར་བྱེད་པའི་ཕྱིར་དང་། སྟོང་པའི་རང་བཞིན་གྱིས་ན་མཁའོ།། རྡོ་རྗེ་བཞི་ནི། སྣ་ཚོགས ་རྡོ་རྗེ་དང་། རྡོ་རྗེ་སེམས་དཔའི་ཡང་གནས་ཏེ། དབང་ཆེན་གྱི་དཀྱིལ་འཁོར་རོ།། གནས་ཁང་ནི་དེའི་གནས་ཁང་སྟེ། ཆུའི་དཀྱིལ་འཁོར་རོ།། སེམས་ཅན་ཁམས་དང་ཞེས་པ་ནི། དེའི་འོག་མ་སྟེ་མེའི་དཀྱིལ་འཁོར་རོ།། ཡིད་རོལ་ཞེས་པ ་ནི། ཡིད་དང་ལྷན་ཅིག་ཏུ་རོལ་པ་སྟེ་རླུང་ངོ་།། རྟེན་དེ་རྣམས་ཀྱི་སྤྲོ་བ་དང་བཅས་པ་གསུངས་པ། ས་འོག་ཞེས་པ་ལ་སོགས་པ་སྟེ། སའི་འོག་དང་། སའི་སྟེང་དང་། མཐོ་རིས་དང་བར་སྣང་རྣམསོ།། དེ་ནས་འཇིག་རྟེན་ཐམས་ཅད ་ཀུན་ཏུ་གནས་པའི་ཁྱད་པར་གསུངས་པ། ཡིད་དང་ཞེས་པ་ལ་སོགས་པ་གསུངས་ཏེ། འདི་རྣམས་ནི་ལྷ་མོ་རྣམསུ་འགྱུར་ཏེ། འདི་ལྟར་མཁའ་སྤྱོད་ཐུགས་ཀྱི་རྡོ་རྗེ་སྟེ།། ས་སྤྱོད་གསུང་གི་རྡོ་རྗེ་མ།། སྐུ་ནི་ས་འོག་གནས་པ་མོ།། ཨོཾ་ཨཱཿ ་ཧཱུཾ་གིས་བཅོམ་ལྡན་བྱས་ཞེས་སོ།། ལུས་ལ་སོགས་པའི་བྱ་བ་གསུངས་པ། གཅིག་དང་ཞེས་པ་ལ་སོགས་པ་སྟེ། གཅིག་ནི་གཉིས་སུ་མེད་པོའི་རྣམ་པར་ཤེས་པའོ།། གཉིས་ནི་གཟུང་བ་དང་འཛིན་པའོ།། མཁའ་བ་དེ་ནི་དངོས་པོ་དང ་དངོས་པོ་མེད་པའི་བདེ་བ་སྟེ། དེ་སྐད་དུ་ཡང་ཡེ་ཤེས་ཆེན་པོ་འདི་ཉིད་ནི།། ལུས་ཀུན་ལ་ནི་ཁྱབ་པར་གནས།། གཉིས་དང་གཉིས་མེད་རང་བཞིན་ཅན།། མངའ་བདག་དངོས་དང་དངོས་མེད་བདག་ཅེས་སོ།། ད་ནི་རིགས་དྲུག་པོ་རྣམས་རྣམ་པར ་དག་པར་འགྱུར་བར་གསུངས་པ། དྲུག་དང་ཞེས་པ་སྟེ། དྲུག་ཅེས་པ་ནི། འདི་ལྟར་རིག་ས་དྲུག་པོ་རྣམས་ངེས་པར་བརྗོད་པ་ཡིན་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་དང་།། དེ་བཞིན་དུ་ནི་དམ་ཚིག་དང་།། སེམས་དཔའ་དང་ནི་ནོར་བུ་སྟེ།། ་རིགས་དྲུག་པོར་གསུངས་དེ་རྣམས་ནི།། འདོད་པ་ཐར་པ་རབ་བསྒྲུབ་པའོ།། ཞེས་སོ།། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པའི་རྗེ་སུ་འབྲང་བ་ཡིན་ན། གང་འགྲོ་བ་དེ་རྣམས་ཀྱིས་ཁྱད་པར་བྱེད་པ་ཡིན་པར་བལྟ་བ་ནི། ལྷ་དང་ཞེས་པ་སྟེ། ལྔ་ནི ་ཕུང་པོ་ལྔའོ།། དེ་རྣམས་ཀྱང་ལྷ་རྣམས་ཡིན་ཏེ། འདི་ལྟར་གཟུགས་ཕུང་རྡོ་རྗེ་མར་འགྱུར་ཏེ། ཚོར་བ་ལ་ནི་སེར་མོར་བཤད།། འདུ་ཤེས་ཆུ་ཡི་རྣལ་འབྱོར་མ།། འདུ་བྱེད་རྡོ་རྗེ་མཁ་འགྲོ་མ།། རྣམ་ཤེས་ཕུང་པོའི་རང་བཞིན་ལ།། བདག ་མེད་རྣལ་འབྱོར་མ་བཞུགས་ཏེ།། ཞེ་སྡང་ལ་སོགས་ལྔ་པོར་གསུངས་ཞེས་པས་སོ།། དེ་རྣམས་ཀྱི་རྣམ་པར་དག་པ་ཡང་ལྷ་མོ་རྣམསུ་འགྱུར་ཏེ། འདི་ལྟར་ཞེ་སྡང་རྡོ་རྗེ་མ་རུ་བརྗོད།། འདོད་ཆགས ་ཆུ་ཡི་རྣལ་འབྱོར་མ།། ཕྲག་དོག་རྡོ་རྗེ་མཁའ་གྲོ་མ།། དྲེགས་པ་དེ་བཞིན་སེར་མོ་གསང་།། གཏི་མུག་རྡོ་རྗེ་སོགས་བཤད་པ།། ཞེ་སྡང་སོགས་པ་རྣམ་དག་པའི་ཞེས་སོ།། གཟུགས་ཀྱི་ཕུང་པོ་སྤྲོས་པ་དང་བཅས་པ་སྐྱེ་མཆེད་བཅུ ་གཉིས་སུ་བཞོག་པའི་གནས་སྐབས་ནི། དྲུག་གཉིས་ཞེས་པ་སྟེ། དེ་རྣམས་ཀྱང་ལྷ་མོ་རྣམསུ་རབ་ཏུ་ཕྱེ་བ་ཡིན་ཏེ། འདི་ལྟར་མིག་ལ་གཏི་མུག་རྡོ་རྗེ་དགོད།། རྣ་བར་ཞེ་སྡང་རྡོ་རྗེ་སྟེ།། དྲེགས་དང་ཆགས་དང་དེ་བཞིན་རིག། བདག ་མེད་མར་ཡང་བསྒོམ་པར་བྱ།། དེ་བཞིན་གཟུགས་ནི་སོར་མོར་བཤད།། སྒྲ་ནི་ཆོམ་རྐུན་མ་རབ་གྲགས།། དྲི་ཡི་ཆ་ལ་རོ་ལངས་མ།། རོ་ནི་ཟ་ཕོད་མ་རབ་གྲགས།། རེག་བྱ་ས་སྦྱོང་མར་བཤད་ཏེ།། མཁའ་སྤྱོད་མ་ནི་ཆོས་ཀྱི་དབྱིངས།། ་ཞེས་སོ།། བྱེ་བྲག་ཏུ་སྨྲ་བོའི་སྐྱེ་མཆེད་བཅུ་གཉིས་ཀྱི་གཞུང་ཡང་། འབྱུང་བ་དང་འབྱུང་བ་ལས་གྱུར་པའི་བདག་ཉིད་ནི། གཟུགས་ཀྱི་སྐྱེ་མཆེད་དོ།། དེ་ལ་གཞན་གྱི་ལྟ་བུའོ་རྗེསུ་འབྲངས་པས་གནས་པའི་འགྲོ་པོ་འདི་ཡང་ལྷ་རྣམས་ཉིད ་དུ་གནས་པར་འགྱུར་བས་གསུངས་པ་ཉིད་དོ།། མདོ་སྡེ་པའི་གཞུང་ནི་འབྱུང་བ་རྣམས་ཉིད་བདེན་པ་མ་ཡིན་པ་ལ། གཟུགས་དང་རེག་པ་ལ་སོགས་པ་ནི་བཞི་པོ་ཞེས་ཏེ། གཟུགས་དང་། དྲི་དང་། རོ་དང་། རེག་པ་རྣམས་ནི་བདེན་པའོ།། ་དེ་རྣམས་ཉིད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དོ།། འདོད་པའི་ཁམས་ལ་སོགས་པ་ནི་གནས་པའི་རང་བཞིན་གསུངས་པ། འགྲོ་རྣམས་ཞེས་པ་སྟེ། དེ་ཡང་བཞི་ཞེས་པར་འཇུག་གོ།། དེ་ལ་འདོད་པའི་ཁམས་དང་། གཟུགས ་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་ཏེ། འགྲོ་བ་རྣམས་པ་གསུམ་པོ་དང་། འོག་མིན་རྣམསུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞི་པོ་སྦྱར་རོ།། གཟུགས་ཀྱི་རྡོ་རྗེ་ལ་སོགས་པ་སྤྲོས་པ་དང་བཅས་པ་ཡང་གསུངས ་པ། དེ་ལ་ཉི་ཤུར་གཅིག་གིས་མ་ཚང་དང་ཞེས་པ་སྟེ། ཁམས་བཅོ་བརྒྱད་དང་། དེ་རྣམས་ཉིད་ཀྱི་སྐྱེ་བ་མེད་པའི་རང་བཞིན་དང་འདི་དག་བཅུ་དགུ་སྟེ། འདི་ལྟར། དབང་པོ་དང་ནི་ཡུལ་ཉིད་དང་།། དབང་པོའི་རྣམ་པར་ཤེས་རྣམས ་ཉིད།། བཅོ་བརྒྱད་ཁམ་སུ་བཤད་པ་སྟེ།། རྣལ་འབྱོར་མ་རྣམས་གོ་བར་གྱིས།། རང་བཞིན་རྣམ་སོ་ཉིད་སྐྱེ་མེད་པ།། བདུན་པ་མ་ཡིན་བརྫུན་མིན་པ།། ཆུ་ཡི་ཟླ་བ་ལྟ་བུ་ནི།། རྣལ་འབྱོར་མ་ཀུན་ཤེས་པར་འདོད།། ཅེས་པ་ནི།། ་ཁམས་བཅོ་བརྒྱད་རྣམ་པར་དག་པ་དང་། ཕུང་པོ་དང་སྐྱེ་མཆེད་རྣམས་རྣམ་པར་དག་པར་ཁོང་དུ་ཆུད་པར་བྱའོ།། སྐྱེ་བ་མེད་པའི་རང་བཞིན་ནི་རང་བཞིན་གྱིས་དག་པ་ཉིད་དེ།། འདི་ཉིད་ཀྱི་གཞན་ཇི་སྙེད་པ་ངེས་པར་སྦྱོར་བར་ངེས ་རྣམ་པར་དག་པ་དེ་ཡིས་ནི། དེའི་ཁྱད་པར་དུ་ཉེ་བར་མཐོང་བར་གསུང་སོ།། ཁམས་གསུམ་པོ་ཞེས་པ་ལ་སོགས་པ་སྟེ། དེ་ལ་འདོད་པའི་ཁམས་ན་ནི་གཉིས་གཉིས་འཁྱུད་པ་དང་། ལག་པར་འཆང་བ་དང་། རྒོད་པ་དང་། ་ལྟ་བ་ལ་སོགས་པའི་རྒྱུ་མང་པོས་སེམས་ཅན་རྣམས་འཆི་བ་དེ་ལྟར། ཕ་དང་བུ་དང་མར་གནས་པ་གསུངས་པ། ཕ་དང་ཞེས་པ་ལ་སོགས་པའོ།། གཟུགས་ཀྱི་ཁམས་ལ་གསུངས་པ། ཕྱི་རོལ་དོན ་ཞེས་པ་སྟེ། ཕྱི་རོལ་གྱི་དོན་གྱི་དངོས་པོ་འདོད་པ་ཉེ་བར་སྤྱོད་ཅིང་། ཀུན་ཏུ་སྤྱོད་པའི་གཟུགས་བོར་བའོ།། ནང་གི་སེམས་ནི་གཟུགས་མེད་པའི་ཁམས་ཏེ། གཉིས་སུ་མེད་པའི་སེམས་ཙམ་མོ།། བཙུན་མོ་ཀུན་དང་ཞེས་པ་ནི།། ། ་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ཀྱི་འཁོར་ལོའོ།། ཆོས་ནི་བདེན་པོའི་ཚོགས་རྣམསོ།། ཐམས་ཅད་ལས་ཞེས་པ་ནི། དེར་རྐྱོང་བ་དང་། བསྐུམ་པ་ལ་སོགས་པའི་བྱ་བ་རྣམས་ཀྱི་དངོས་པོར་འདོད་པ་སྟེ། དེ་ཚད་མས་ཤིན ་ཏུ་མ་གྲུབ་པ་ནི་འདིར་མི་བརྗོད་དོ།། དེ་རྣམས་ཀྱི་རང་བཞིན་གཞན་དུ་ཡང་གསུངས་པ། བདག་མེད་ཅེས་པ་དང་། བདག་མེད་པའི་ནི་གང་ཟག་ལ་བདག་མེད་པའི་འདིས་ན་བདོག་མེད་པའི་དངོས་པོར་ཡང་ངོ་།། དགྲ་བཅོམ་པའི་གང་གི་བྱ། ་པ་ཙམ་བྱེད་པའི་དངོས་པོ་ལ་གནས་པའི་གཞུང་གསུངས་པ། འབྲས་བུ་ཞེས་པ་ལ་སོགས་པ་སྟེ། འབྲས་བུ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཡིན་ཏེ། བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་ནའོ།། རྒྱུ་ནི་བདག་མེད་པ་བསྒོམ་པ་ལ ་སོགས་པ་སྟེ། སྐྱེད་པར་བྱེད་པའི་ཕྱིར་ནའོ།། བྱེད་པ་ཉིད་ཀྱང་རྒྱུ་འབའ་ཞིག་མ་ཡིན་ཏེ། བྱ་བ་ཡང་ཡེ་ཤེས་སྐྱེད་པའི་ཕྱིར་ནི་ཡིན་པར་གསུངས་པ། རྒྱུ་དང་ཞེས་པ་ལ་སོགས་པའོ།། བྱ་བ་ཞེས་པ་ནི་མིང་ངོ་།། གཉིས་པོ་འདི ་དག་སོ་སོར་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ཕྱིར་ན། འདིར་བསྒྲུབ་པར་གསུངས་པ། བསྒྲུབ་བྱ་སྒྲུབ་པ་རྡོ་རྗེ་ལྡན་ཞེས་པ་སྟེ། འདི་ལྟར་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པ་ནི་བདག་མེད་པ་བསྒོམ་པས་བསྐྱེད་པར་བྱ་བ་ཡིན ་བའི་ཕྱིར་ན་བསྒྲུབ་པར་བྱའོ།། དེ་སྒྲུབ་པ་ཡང་ཡིན་ཏེ། བདག་མེད་པ་བསྒོམ་པའི་ཤེས་བྱེད་ཡིན་པ་ཉིད་ཀྱི་ཕྱིར་ནའོ།། བདག་མེད་པ་བསྒོམ་པ་ལ་སོགས་པ་ནི་རྒྱུ་མ་ཡིན་པའི་བསྒྲུབ་པར་བྱ་བ་ཡིན་ཏེ། རྒྱུན་ཏུ་ཞུགས་པ་ལ་སོགས་པ ་རྣམས་ཀྱི་ཤེས་བྱ་ཡིན་པ་ཉིད་ཀྱི་ཕྱིར་ནའོ།། སྒྲུབ་པ་ནི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་སོགས་པའི་སྤྱོད་པར་བྱེད་པ་པོ་ཡིན་པའི་ཕྱིར་རོ།། དེས་ན་རྣལ་འབྱོར་སྤྱོད་པའི་གཞུང་གིས་འགྲོ་བ་རྣམས་ཀྱིས་གནས་པའི་ཚུལ་ཡང་གསུངས་ཏེ། ་འབྲས་བུ་དང་རྒྱུའི་དངོས་པོར་འདིར་ཡང་བལྟ་བར་བྱའོ།། ཀུན་གཞི་རྣམ་པར་ཤེས་པ་ཞེས་པ་ནི། དོན་དང་སེམས་ཅན་གྱི་བགོ་ཆགས་མ་ལུས་པ་ཀུན་གྱི་གཞི་པོར་གྱུར་པ་ནི་ཀུན་གཞིའོ།། ཆོས་ཀྱི་དབྱིངས་ཞེས་པ་ནི། ཆོས་རྣམས ་ཀྱི་བདག་ལ་སོགས་པར་འཛིན་པ་སྐྱེད་པ་པོའི་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་པའོ།། མ་སྐྱེས་དངོས་ཞེས་པ་ནི། ཤེས་བྱ་རྣམས་ཀྱི་རང་བཞིན་ནི་མི་ཕྱེད་པའི་ཕྱིར་ན། སོ་སོའི་རྒྱུ་དང་འབྲལ་བའི་འཇུག་པའི ་རྣམ་པར་ཤེས་པ་རྣམས་ལ་འཁོར་བ་དང་བདག་ཡོད་པ་མ་ཡིན་པའོ།། དགྲ་བཅོམ་པའི་གནས་སྐབས་ཀྱི་འབྲས་བུ་དོང་རྒྱུ་ཙམ་གོང་མ་ཉིད་ཀྱིས་ཡོང་གསུངས་ཏེ། རྒྱུ་དང་ཞེས་པ་ལ་སོགས་པས་རྒྱུ་དང་འབྲས་བུའི་རྣམ་པར་བཤད་པ ་གསུངས་ལ། འབྲས་བུ་དང་བྱ་བ་ནི་དུ་བ་ལ་སོགས་པ་དང་། མེ་ལ་སོགས་པས་བྱ་བའི་ཕྱིར་དང་། སྒྲུབ་པ་དང་རྒྱུ་ཡང་མེ་དང་དུ་བ་ལ་སོགས་པས་ཤེས་པར་བྱེད་པའི་ཕྱིར་ནའོ།། འདི་དག་ནི ་གཉིས་སུ་གཉིས་སུ་བསྒྲུབ་པར་བྱ་སྟེ། འདི་ལྟར་དུ་བ་ལ་སོགས་པ་ནི་སྒྲུབ་པ་སྟེ་ཤེས་པར་བྱ་བའི་ཕྱིར་ནའོ།། མེ་ལ་སོགས་པ་ཡང་སྒྲུབ་པ་ཡིན་ཏེ། བྱེད་པ་པོའི་ཕྱིར་ནའོ།། སངས་རྒྱས་བདག་ཉིད་ཆ་ཡི་རྣམ་མེད་ཀྱང་།། ལྟ་བ ་ཕྱིན་ཅི་ལོག་དུ་གྱུར་རྣམས་ཀྱིས།། གཟུང་དང་འཛིན་པར་ཀུན་ཏུ་རིག་པ་སྟེ།། དབྱེ་དང་ལྡན་པ་ལྟོ་བུར་རྣམ་པར་བརྟགས། ཞེས་པ་ནས། འགྲོ་བ་འདི་དག་ལ་སོགས་པ་ནི་འདིར་ཚིག་ཙམ་ཉིད་ཡིན་ནོ།། སེམས་ཅན་ཞེས་པ་ལ ་སོགས་པ་ལ། སེམས་ཅན་ནི་སྣོད་ཀྱི་འཇིག་རྟེན་གྱི་གཞིའོ།། ཀུན་གཞི་རྣམ་པར་ཤེས་པ་སྟེ། གནས་དེ་ཉིད་གཅིག་པུ་ཉིད་ཀྱི་ཕྱིར་རོ།། འཚོ་བའི་འཇིག་རྟེན་ཡང་དེའི་ནང་ལས་མ་རྟོགས་པར་སོ་སོའི་བར་གཟུང་བ་མེད་པ་ཧ་ཅང་ཡང ་ཆེས་ཏེ། དེ་ནི་ཆོས་ལ་བདག་མེད་པ་ཞེས་བྱ་བར་གསུངས་སོ།། བདག་གི་འདུ་ཤེས་ཞེས་བྱ་བ་ནི། འདིར་འདུ་ཤེས་ཙམ་ཉིད་དོ་ཞེས་པར་དགོངསོ།། འདིར་ཡང་དོན་ནི་འདི་ལྟར་འདོད་དེ། སེམས་ཅན་གྱི་ཁམས་དང་ན་མཁའི་ཁམ ་གང་ཡིན་པ་ལ་གཞན་རྣམས་ཀྱི་བདག་ཏུ་འདུ་ཤེས་པའི་ཁྱད་པར་གསུངས་པ། བདག་མེད་བདག་གི་འདུ་ཤེས་དང་ཞེས་པའོ།། དབུ་མའི་གཞུང་གིས་སྐྱེ་བོ་རྣམས་ཀྱི་རྟེན་གང་ཡིན་པ་གསུངས་པ། དངོས་དང་བྲལ་ཡང་ཞེས་པ་སྟེ། ་དངོས་དང་བྲལ་བ་ནི་དོན་དམ་པའི་བདེན་པ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ནི་དངོས་པོ་བྲལ་བ་མ་ཡིན་པའི་ཕྱིར་རོ།། ཉེ་བར་དམིགས་པའི་གནས་ཀྱི་ཁྱད་པར་གསུངས་པ། བདེ་བ་ཅན་ཏེ་ཞེས་པ་ལ་སོགས་པ་སྟེ། དེ་དག་གིས་ནི ་འཁོར་བའི་སྐྱོན་རྣམས་སྤོང་བ་པོ་རྣལ་འབྱོར་པའི་གནས་སྐབས་རྣམས་བཤད་དོ།། རྡུལ་མེད་ཅེས་པ་ནི། ཡི་གེ་ཨ་ལ་སོགས་པ་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་རོ།། སྐྱོན་བྲལ་ཞེས་པ་ནི། ཡི་གེ་ཀ་ལ་སོགས་པས་བསྐྱེད་པའི ་ཉི་མའི་དཀྱིལ་འཁོར་རོ།། རྡུལ་བྲལ་ཞེས་པ་ནི་རྡོ་རྗེའོ།། སྡིག་བཅོམ་ཞེས་པ་ནི་རྡོ་རྗེ་ང་རྒྱལ་བྱའོ།། དཔའ་རླབས་མེད་ཅེས་པ་ནི།། དཔའོ་རླབས་མང་ཅེས་པ་ན། ཏིང་ངེ་འཛིན་ཏོ།། ཀུན་ཏུ་བཟང་པོའི་དངོས་པོའི་ལྷའི་རྣལ་འབྱོར་ལོ་གརྠ ་པ་གསུངས་པ། ནང་གི་བདེ་བ་བདི་རིགས་དང་ཞེས་པའོ།། ལྷའི་རྣལ་འབྱོར་དེ་ཉིད་སྤྲོས་ཏེ། གསུངས་པ། གསང་དང་ཞེས་པ་ལ་སོགས་པའོ།། དེ་ལ་གསང་བ་ནི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་ཧེ་རུ་ཀའི ་དཀྱིལ་འཁོར་བསྒྲུབ་པར་བྱ་བ་འདིའོ།། དེ་བཞིན་དུ་མཆོག་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། པདྨ་གར་གྱི་དབང་ཕྱུག་གི་དཀྱིལ་འཁོར་རོ།། དེ་བཞིན་དུ་དགྱེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་རྡོ་རྗེའི་ཉི་མའི་འོ།། རྟག་ཏུ་བཞུགས ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་རྟག་པའི་འོ།། ཐམས་ཅད་བདག་ཉིད་ཅེས་པ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས། ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཅན་དཔའ་བོ་རྟ་མཆོག་གིའོ།། སངས་རྒྱས་ཀུན་དངོས་སེམས་དཔའ ་སྟེ་ཞེས་པ་ནི། བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། སྐྱེས་བུའི་ཁྱད་པར་རབ་མཆོག་པར་བྱས་པའི་ལྷའོ།། སྐྱེས་བུའི་ཁྱད་པར་ནི། ལྷག་པའི་ལྷ་ཉིད་གཅིག་པུ་ཞེས་པའོ།། བསྡུས་ཏེ་བསྟན་པ་དེ ་རྒྱས་པར་བསྟན་པ་གསུངས་པ། འབུམ་ཕྲག་ལྔ་ཞོས་པ་ལ་སོགས་པ་སྟེ། བསྡུས་པོ་ནི་གཽ་རི་མས་ཙམ་མོ།། རྒྱས་པ་ནི་ཧེ་རུ་ཀའི་དཀྱིལ་འཁོར་གྱི་ལྷ་རྣམས་གོ་རིམས་བཞིན་དུ་མཆོག་ཏུ་གསལ་བར་བྱེད་པའོ།། སོར་མོ་ཞེས་པ་ལ ་སོགས་པ་ནི། རིམ་པ་གཅིག་པའི་དཀྱིལ་འཁོར་གྲུ་བཞི་པར་སོར་མོ་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་ནི་ཤར་ལ་སོགས་པའི་སྒོ་རྣམས་སྐྱོང་བའོ།། སྤོས་བྱེད་མ་ལ་སོགས་པ་རྣམས་ནི། དབང་ལྡན་ལ་སོགས་པའི་མཚམས ་རྣམས་ནི་གནས་པ་སྟེ། དཀྱིལ་འཁོར་དགུའི་བདག་ཉིད་དོ།། དེ་བཞིན་དུ་སྐམ་པ་མོ་ལ་སོགས་པ་རྣམས་ནི་སྒོ་སྐྱོང་བ་རྣམ་སོ།། མེ་ཏོག་མ་ལ་སོགས་པ་རྣམས་ནི། གྲཝའི་ཆ་རྣམསུའོ།། དེ་བཞིན་དུ་ཉིད་ཕྱག་མ་ལ་སོགས་པ་རྣམས་ནི ་སྒྲ་རྣམ་སུའོ།། དེ་བཞིན་དུ་སྒེག་མོ་དང་། ཕྲེང་བ་མོ་དང་། གུར་མཁནི་དང་། གླུ་མཁན་མོ་དང་། དེ་རྣམས་ནི་མཚམས་རྣམ་སུའོ།། དེ་བཞིན་དུ་པདྨོ་ལ་སོགས་པ་རྣམས་ནི་སྒོ་རྣམ་སུའོ།། གླིང་བུ་མུ་དང་། པི་བིད་མ ་དང་། རྫ་རྔ་མ་དང་། རྡེའུ་ཆུང་མ་རྣམས་ནི་གྲཝ་རྣམ་སུ་འགྲོ་བའོ།། དེ་བཞིན་དུ་རྡོ་རྗེ་ལྕོགས་སྒྲོག་མ་ལ་སོགས་པ་རྣམས་ནི་སྒྲོ་རྣམསུ་གནས་སོ།། སྦྱིན་མི་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་ནི་གྲཝ ་རྣམ་སུའོ།། དེ་ལ་བཤད་པ། རྡོ་རྗེ་ཅན་གྱི་ཟླ་གམ་མཚུངས།། ཤར་གྱི་ཕྱེད་ཀྱི་གནས་སུ་ནི།། རྟག་པའི་དཀྱིལ་འཁོར་ཟླུམ་པོའོ།། རྡོ་རྗེ་ཆོས་ཀྱི་པདྨ་མཚུངས།། ཉི་མའི་ཡིད་བཞིན་ནོར་བུ་འོད།། རྣམ་པ་ཀུན་ཏུ་གྲུ་གསུམ་པ ་རྟ་མཆོག་དེ་ལ་ཤེས་པར་བྱ།། ཞེས་པ་དེ་ནས་རིམ་པ་གཉིས་པོ་དེ་རྣམས་ལ་ཡང་གནས་པ་ཡིན་ནོ།། དེ་རྣམས་ཀྱི་རིམ་པ། དབུ་མ་འདིའི་དགོངས་པ་ནི། སྐྱེ་འགྲོ་མི་ཟད་མགྲོན་གཉེར་ཕྱིར་ཞེས་པ་སྟེ། མི་ཟད་ཤེས་པ་ནི། ཟད་པ ་མེད་པའི་ཐར་པའོ།། མགྲོན་གཉེར་ཞེས་པ་ནི། མགྲོན་གཉེར་ཞེས་པའི་ཕྱིར་ཏེ། ཐར་པ་ཟད་པ་མེད་པ་དེས་སྐྱེ་འགྲོ་རྣམས་བསྙེན་བཀུར་དང་བཅས་པས་བསྟོན་པར་མཛད་པའོ།། ཤིན་ཏུ་སྟོང་པ་ཞེས་པ་ནི། ཐམས་ཅད་དུ་ཐབས་སུ ་བརྗོད་པའི་ཀུན་རྫོབ་པ་ཡང་རྣམ་པར་སྤངས་པའི་མཚན་ཉིད་དངོས་པོ་མེད་པའི་སྟོང་པ་ཉིད་དེ། དེ་ཐབ་སུ་འདོད་ཅིང་བདྲེན་པ་མ་ཡིན་པའི་ལུས་སུ་བསྐྱེད་པའི་ཀུན་རྫོབ་པ་ཡང་མི་སྦྱོར་བས་ནའོ།། བདག་ཏུ་འཛིན་པ་བཟློག་པའི་ཕྱིར ་ཞེས་པ་ནི། བདག་ལ་མཆོག་ཏུ་འཛིན་པ་དང་། ཆོས་ཀྱི་རང་བཞིན་རྣམས་ལ་འཛིན་པ་རྣམས་ཀྱི་སྣང་བ་མེད་པར་བྱ་བའི་ཕྱིར་ཏེ། ཀྱེ་ཀུན་རྫོབ་པ་ཐམས་ཅད་རྣམ་པར་བསམ་པར་བྱའོ་ཞེས་པར་དགོངསོ།། དེ་ལྟར་འདི་ཉིད་ལས ་བཤད་པ། སངས་རྒྱས་ང་རྒྱལ་དུ་དམིགས་ནས། ཆོས་དབྱིངས་འོད་གསལ་བསྒོམ་པར་བྱ་ཞེས་སོ།། ལེའུ་དང་པོའི་ཞལ་ནས་བརྒྱུད་པའོ།། ། མཆོད་པའི་ཁྱད་པར་གསུངས་པ། དེ་ནས་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ། ་དག་པའི་གླནས་སྐྱེས་བྱ་ནཱི། བདེ་བ་ཆེན་པའི་འཁར་མའོ།། གནས་ཆེན་པོ་ཞེས་པ་ན། ལོངས་སྤྱོད་ཀྱི་འཁར་ལོའོ།། སངས་རྒྱས་ཀུན་གྱིས་རང་གང་བ་ཞེས་བྱ་ནི།། ཆོས་ཀྱི་འཁར་ལ་ན།། ་དག་པའི་གྲོང་ཁྱེར་ཡིད་འོང་བ་ཞེས་པ་ནི། སྐུའི་འཁོར་ལོ་སྟེ་ལུས་སོ།། ངག་དང་སེམས་ཀྱང་དེ་བཞིན་དུ་དངོས་པོར་འབྱུང་བ་མེད་པའི་རང་བཞིན་དུ་བསྟན་པའོ།། རྡོ་རྗེ་ལུ་གུ་རྒྱུད་ཅེས་པ་ལ་སོགས་པ་ནི། ཕྱི་དང་ནང་གི ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཆེན་པོ་སྟེ། ཕྱིའི་བདག་ཉིད་ཀྱི་བསྙེན་པའོ།། དེ་བཞིན་དུ་རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་ནས་ཞེས་པ་ནི། ཉེ་བའི་བསྙེན་པའོ།། མཉེས་དང་ལྡན་པ་རི་གཡོ་འགྱུར་ཏེ་ཞེས་པ་ནི། སྐྱོབ་པའོ།། སངས ་རྒྱུརྒྱས་རྣམས་ཞེས་པ་ནི། སངས་རྒྱས་རྣམས་གྱུར་ཏོ་ཞེས་པ་སྟེ། སྒྲུབ་པ་ཆེན་པོའོ།། དེ་ལྟ་བུའི་འབྲས་བུ་ཐོབ་པ་ནི་འདོད་བྱ་ཆེན་པོ་ཐོབ་པའོ་ཞེས་དགོངསོ།། འདི་ལྟ་བུས་གནས་པ་ཡང་། བྱང་ཆུབ་སེམས་དཔའི་བླ་ན་མེད་པར ་གནས་པ་ཡིན་པར་གསུངས་པ། རྒྱལ་པོ་མོགྲིན་པོ་བྱམས་པ་ནི་ཞེས་པ་ལ་སོགས་པའི།། ཚར་བཅད་བའི་སྒྲུབ་པ་གསུངས་པ། རྡོ་རྗེ་ལུ་གུ་རྒྱུད་བཅིངས་པས་ཞེས་པ་ལ་སོགས་པའོ།། འབུམ་ཕྲག་ལྔ་པོ་ངེས་བསྡུས་པ་ཞེས ་བ་ནི། རྡོ་རྗེ་སྙིང་པོ་མངོན་པར་བྱང་ཆུབ་པའི་བརྟག་པོ་སུམ་ཅུ་ཐམ་པ་ལ་སོགས་པའོ།། གར་དང་བཅས་པའི་ཁྱོད་པར་གསུངས་པ། ཆོས་འབྱུང་གྲོང་ཁྱེར་ཞེས་པ་ལ་སོགས་པ་སྟེ། རྡོ་རྗེ་སྒྲུབ་པོའི་དམ་ཚིག་ནི་པདྨ་དེ་ལིས་བྱུ ་བ་སྟེ། རྡོ་རྗེ་གྲོ་འཕང་ཉིད་དང་། གླུ་དེ་རྣམས་ཀྱིས་ལྷ་མོ་བསྟེན་པར་བྱས་ནས་བྱ་བ་ཡིན་ཏེ། གྲོལ་བར་འགྲོ་བའི་ཐབས་ཉིད་ཀྱི་ཕྱིར་ནའོ།། རྫ་རྔ་སྒྲེགས་སོགས་ཐ་མར་ཏེ་ཞེས་པ་ནི། གཞུག་ཏུ་རྫ་རྔ་ལ་སོགས་པས་ཀྱང་རོལ་པར ་བྱའོ།། བདུན་པོ་རྣམ་པར་དག་པར་བྱ་ཞེས་པ་ནི། སངས་རྒྱས་གནས་བཞི་རྣམ་རྫོགས་པར་རྣམ་པ་ལྟ་པོ་བསྒོམ་བྱས་ལ།། ཀུན་ཏུ་བཟང་པོ་ལས་བྱུང་བའི།། རང་ལྷག་ལྷ་ཡི་སྒྲུབ་པའི་ཐབས།། དཀྱིལ་འཁོར་དེ་བཞིན་དགོད ་པར་བྱ།། མཆོད་བསྟོད་བདུད་རྩི་མྱོང་ལ་སོགས།། རིམ་པ་ཡིས་ནི་བསྒོམ་བྱ་སྟེ།། ཡན་ལག་དྲུག་ཏུ་སྦྱོར་བར་འདོད།། ཅེས་པ་ཡིན་ནོ།། བརྒྱད་པ་ནི་རང་བྱིན་གྱིས་བརླབས་པའི་རོ་མི་བ་སྟེ། དེ་ནི་ཕྲ་མོའི་རྣལ་འབྱོར་ཏེ་བཤད་ཟིན ་ཏོ།། རང་བྱིན་གྱིས་བརླབས་པའི་རིམ་པ་གཞན་གསུངས་པ། མགུལ་ཞེས་པ་ལ་སོགས་པ་སྟེ། ལན་ཅིག་གིས་བསྟོན་ན་ཞེས་པ་ནི། སྟེང་དུ་འཐོན་པར་བོད་པའོ།། དེའི་ཁྱད་པར་གསུངས་པ། འཕྲལ་དུ་ཞེས་པ་ལ་སོགས་པའོ།། ། ་ས་སྤྱོད་མོ་དང་ཞེས་པ་ལ་སོགས་པ་ལ་འོ་ན་ས་སྤྱོད་མ་ནི་གསུང་གི་རྡོ་རྗེའི་ཕྱིར་དང་། ས་འོག་ན་གནས་པའི་སྐུའི་རྡོ་རྗེར་བཤད་པའི་ཕྱིར་ན། འདིར་སྔར་བཤད་པ་ལས་གཞན་དུ་སྨྲ་བ་འདི་མི་འགལ་ཞེས་ཟེར་ན། མ་ཡིན་ཏེ་ས ་སྤྱོད་མ་དང་སྒྲའི་རྡོ་རྗེར་ཡང་འབྲེལ་བ་མེད་ལ། ས་འོག་ན་གནས་པ་དང་གསུང་གི་རྡོ་རྗེ་ཡང་འབྲེལ་པ་མ་ཡིན་ཏེ། ཉེ་བ་མ་ཡིན་པར་མཐོང་བའི་ཕྱིར་ནའོ།། འབྱུང་བ་བཞི་པོ་རྣམས་ཀྱི་རང་བཞིན་མཚམས་ཀྱི་ལྷ་མོ་རྣམས་ཀྱིས ་གསུངས་པ། བྱང་ཆུབ་ཅེས་པ་ལ་སོགས་པ་སྟེ། བྱང་ཆུབ་སེམས་ཏེ་བུམ་པ་ཞེས་པ་ནི། ཆུའི་ཁམས་ཀྱི་རང་བཞིན་ནི་རི་ཁྲོད་མའོ།། རི་ཞེས་པ་ནི་སའི་ཁམས་ཀྱི་རང་བཞིན་ཏེ་སྤྲོས ་བྱེད་མའོ།། མེ་ཐབ་ཅེས་པ་ནི། མེའི་ཁམས་རྣམ་པར་དག་པ་སྟེ་དྲུག་འཛིན་མའོ།། རྒྱས་མཚོན་ཆེ་ཞེས་པ་ནི། རླུང་གི་རང་གི་ངོ་བོ་སྟེ། སྙེ་མའོ།། དཀྱིལ་འཁོར་གྱི་གོ་རིམས་བསྟན་པ་ཡང་། དྲག་འཛིན་མ་དང་། སྤོས་བྱེད ་མོ་དག་གིས་སྐུལ་བར་བྱེད་པ་དག། བྱམས་པ་དང་སྙིང་རྗེའི་དངོས་པོར་ཡང་ཉེ་བར་བསྟོན་པའོ།། འདིས་ནི་དོན་འདིར་ཡང་བརྗོད་པར་བྱ་སྟེ། བྱང་ཆུབ་སེམས་ཞེས་པ་ནི། འཛག་པའོ།། རི་ཞེས་པ་ནི། པདྨའོ།། མེ་ཐབ་རྒྱལ ་མཚན་ཆེ་ཞེས་པ་ནི་འཇོ་བར་བྱེད་པའི་ཕྱིར་ནི་རྡོ་རྗེའོ།། ལྡེའུ་གསུམ་པ་ལ་ནི་ཞལ་ནས་བརྒྱུད་རྒྱུ་མེད་པས་ན་མ་བཀོད་དོ།། དེ་དག་ནི་ལེའུ་བཞི་པའི་ཞལ་ནས་བརྒྱུད་པའོ།། ལེའུ་ལྔ་པའི་ཞལ་ནས་བརྒྱུད་པ་གསུངས་པ། དེ ་ནས་ཞེས་པ་ལ་སོགས་པ་སྟེ། དཀྱིལ་འཁོར་རྣམས་ཀྱི་འབྱུང་གནས་ཡིན་ཞེས་པ་ནི། ལྷ་རྣམས་ཀྱི་སྐུའི་དཀྱིལ་འཁོར་བསྡུས་པ་རྣམསོ།། དེ་བཤད་པ་གསུངས་པ་བརྒྱད་བརྒྱད་ཀྱི་ནི་དབུས་བཞུགས་སམ་ཞེས་པ་སྟེ། ་བརྒྱད་བརྒྱད་པའི་ལ་མོ་རྣམས་གང་ཡིན་པའི་སོ་སོ་རེ་རེའི་གཙོ་བོ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་བརྒྱད་བརྒྱད་པོ་རྣམས།། དེ་རྣམས་ཀྱི་དབུས་ན་གནས་པའི་དཀྱིལ་འཁོར་གཞན་པ་ཡང་བསྒོམ་པར་བྱའོ།། ཞེས་པའི ་དོན་ཏོ།། མཁའགྲོ་མ་རྡོ་རྗེ་གུར་གྱི་དཀྱིལ་འཁོར་རྣམས་ཇི་ལྟ་བ་བཞིན་དུ་བྲིས་ཏེ། ཡང་དེ་རྣམས་ཀྱི་དབུས་སུ་ཡང་མཁའ་གྲོ་མ་རྡོ་རྗེ་གུར་གྱི་དཀྱིལ་འཁོར་བ་དགུའི་བདག་ཉིད་དུའོ།། དཀྱིལ་འཁོར་དབུས་མའི་ཤརཱ་ལ་སོགས་པའི ་ཕྱོགས་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་གནས་དང་། པདྨ་གར་གྱི་དབང་ཕྱུག་དང་། རྟ་མཆོག་གི་དཀྱིལ་འཁོར་རྣམས་སོ་སོར་དགུ་དགུའི་བདག་ཉིད་ཅན་ནོ།། དེ་ལྟ་བུར་གང་དང་གང་གི་བདག་པོ་དེ་དང་དེའི་རྣམ་པར ་འདོད་དོ།། དེ་ལྟ་བུར་བྲིས་པའི་དཀྱིལ་འཁོར་དེ་རྣམས་ཀྱི་དབུས་མའི་དཀྱིལ་འཁོར་དེ་ཉིད་ཀྱི་ཤར་ལ་སོགས་པའི་ཕྱོགས་རྣམསུ་ཡང་བྲི་བར་བྱའོ།། ཡང་ན་འབྱུང་བ་རྣམས་ཞེས་པ་ནི། གང་གི་ཚེ་རིམ་པ་གཉིས་པ་རྣམས་དང་ལྡན ་པའི་དཀྱིལ་འཁོར་རྣམས་ཉིད་ལ་འདོད་པའི་ཚེ། རིམ་པ་གཉིས་པ་རྣམས་དང་ལྡན་པར་བྲིས་ཏེ། དེའི་དབུས་ཀྱི་རིམ་པ་དེ་ལྔའི་བདག་ཉིད་ལྡན་པ་ཉིད་དུ་བྱའོ།། དབུས་མ་དེའི་ཤར་ལ་སོགས་པའི་ཕྱོགས་རྣམསུ་ཡང་འདི་རྣམས་ཀྱི ་རིམ་པ་དབུས་མའི་ཡང་ལྔ་ལྔའི་བདག་ཉིད་ཏུ་སོ་སོར་བྱས་པས། ཉི་ཤུ་རྩ་ལྔར་གནས་པའི་ལྷའི་དཀྱིལ་འཁོར་དུ་བྱའོ།། གཞན་གཉིས་ཡང་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དགུ་དགུའི་བདག་ཉིད་ཅོན་དུ་འགྱུར་བ་དང་། བདག་མེད ་མའི་དཀྱིལ་འཁོར་བཅུ་གསུམ་པའི་བདག་ཉིད་བརྗོད་དེ། དེ་གཉིས་ཚར་ཡང་བསྡུས་པའི་དཀྱིལ་འཁོར་ཡིན་ནོ།། དཀྱིལ་འཁོར་གཉིས་པོའི་སྒོ་སྐྱོང་མ་རྣམས་ཀྱིས་བསྟན་པའི་དཀྱིལ་འཁོར་གསུངས་པ། སྒོ་སྐྱོང་རྣམས་ཞེས་པ ་ལ་སོགས་པ་སྟེ། སྒེག་མོ་དང་། གར་མཁན་མ་ལ་སོགས་པ་རྣམས་དགོད་དོ།། གླང་པོ་ལ་སོགས་རབ་ཏུ་གྲགས་ཞེས་པ་ནི། གོང་དུ་བཤད་པའི་ཧེ་རུ་ཀའི་ཕྱག་མཚན་རྣམས་སོ།། ན་མཁའི་དབྱིངས ་ཞེས་པ་ནི་ཆོས་ཀྱི་འབྱུང་གནས་སོ།། དེའི་མཁའ་ནི་ན་མཁའ་ཉིད་དེ། དེའི་རང་གི་ངོ་བོ་ཉིད་མཆོག་ཏུ་གྲོལ་བའི་གནས་སོ།། དེ་དག་ནི་ལེའུ་ལྔ་པའི་ཞལ་ནས་བརྒྱུད་པའོ།། དྲུག་པ་ནི་མ་བཤད་དོ།། ཁྲག་དང་ཁུ་བ་ལས་བྱུང་ལུས་ཞེས ་པ་ནི། ཉེ་བར་མཚོན་པ་ཙམ་སྟེ། སྐྱོན་གྱི་ཁམས་ཀྱི་དྲི་མ་འདི་རྣམས་སུ་ཡང་འབྱུང་བར་འགྱུར་ཏེ། དེར་འགྱུར་བ་ཇི་ལྟ་བར་གཟུགས་དང་། གཟུགས་མེད་པའི་ཁམས་སུ་འབྱུང་བ་ནི་མ་ཡིན་ནོ།། གང་གི་ཚེ་ཁམས་གསུམ་པ་རྣམས ་སུ་སྐྱེ་བར་འགྱུར་བ་ནི། ས་འོག་དང་ས་སྟེངས་དང་། མཐོ་རིས་ལས་བཞི་པ་ཡོད་པ་མ་ཡིན་ལ། ང་ན་གནས་པ་རྣམས་ཀྱི་སྐྱེ་བའི་རྒྱུ་ནི་དེ་ཡིན་པར་སྨྲ་བ་དེའི་ཚེ་ན་རྣམ་པར་མྱོས་སེམས་ཀྱིས་སྨྲས་པ་ཇི་བཞིན་དུ་འདི་ནི་འཇིག་རྟེན་པའི ་གྲགས་པ་ལ་བལྟོས་ནས་སྨྲས་པ་ཡིན་གྱིས། བསྟན་བཅོས་ལས་གྲགས་པ་ནི་མ་ཡིན་ནོ།། བཞིན་མཛེས་ཞེས་པ་ལ་སོགས་པ་དང་།། པདྨ་མེ་ཏོག་གིས་རབ་ལྡན་ཞེས་པ་ནི། གསང་བའི་དབང་བསྐུར་བ་ཅུང་ཟད་སྨྲས་པའོ།། པདྨ་དམར ་པོས་ཞེས་པ་ནི། ཤེས་རབ་ཡེ་ཤེས་གསུངས་པའོ།། དེ་དག་ནི་ཞལ་ནས་བརྒྱུད་པའི་དེ་ཁོ་ན་ཉིད་ཀྱིས་བཤད་པ་ཞེས་བྱ་བ། རྒྱུད་ཀྱི་རྒྱལ་པོ་མཁའ་གྲོ་མ་རྡོ་རྗེ་གུར་གྱི་སྟོང་ན་གང་དཀའ་བ་རྣམ་བཀྲོལ་བའོ།། མཁའ་གྲོ་མོ་རྡོ་རྗེ་གུར་གྱི ་དཀའ་འགྲེལ་རྒྱལ་པོ་ཨིནྡྲ་བོ་དྷིས་མཇེད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཉི་མ་སྦས་པ་ཞེས་བྱ་བ་ཨ་བ་དྷཱུ་ཏཱི་པའི་ཞལ་སྔ་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་བསྒྱུར།། འཕྲོག་མ་ལྔ ་བརྒྱ་ལ་བ་ལི་བསྔོ་བའི་སྔགས་སོ།། ། ཨོཾ་ཧ་རི་ཏཱི་པཱ་ན་པ་ཎ་ད་པུ་ཀཾ་མ་ཧཱ་ཨི་དཾ་བ་ལཾ་གྲྀཧྞ་ཁཾ་སྭཱ་ཧཱ།། ཨོཾ་ཨུཙྪཥྚ་སྭཱ་ཧཱཿ། ཨོཾ་ཨུཙྪཥྚི་པརྟྟི་ཡ་སྭཱ་ཧཱ།། །། རྒྱ་གར་སྐད་དུ། ཨཱརྱ་ཌཱ་ཙ~ཾ་ཀི་ནཱི་བཛྲ་པཉྫ་ར་མ་ཧཱ། ་