CLOSE WINDOW

GT3289: dbu ma'i rgyan gyi dka' 'grel
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། མདྷཱ་ལཾ་ཀཱ་ར་པཉྩི་ཀཱ། བོད་སྐད་དུ། དབུ་མིའི་རྒྱན་གྱི་དཀའ་འགྲེལ། བམ་པོ་དང་པོ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། གང་ཞིག་བརྩོན་འགྲུས ་མཚུངས་མེད་པས།། བདག་གཞན་ཕན་པ་ཕུན་སུམ་ཚོགས།། མཐའ་དག་ཕ་རོལ་ཕྱིན་དེ་ལ།། ཕྱག་བྱས་དབུ་མའི་རྒྱན་དབྱེ་བྱ།། ཡུལ་ཡོན་ཏན་དང་ལྡན་པ་ལ་དང་བ་ནཱི་ལེགས་པ་ཐམས་ཅད་ཐོབ་པར་བྱེད་པའི་དང་པོའི ་རྒྱུ་ཡིན་པས་ཡོན་ཏན་ཕུལ་དུ་དབྱུང་དུ་མེད་པ་དཔག་ཏུ་མེད་པ་རིན་པོ་ཆེའི་འབྱུང་གནས་བཅོམ་ལྡན་འདས་རྣམས་ལ་གཞན་དག་དོང་པ་བསྐྱེད་པའི་ཕྱིར་རེ་ཞིག་དང་པོ་ཉིད་དུ་དེ་དག་ལ་ཇི་ལྟ་བ་བཞིན་གྱི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བ ་ཕྱག་འཚལ་བ། གང་དག་ཅེས་བྱ་བ་སྨོས་ཏེ། འདི་ལྟར་ཚིགས་སུ་བཅད་པ་འདིས་ནི་བཅོམ་ལྡན་འདས་ཀྱི་ཚ་བའི་ཡོན་ཏན་བདག་ཉིད་ཕུལ་དུ་བྱུང་བ་དང་ལྡན་པ་སྟོན་པར་བྱེད་དོ།། དེ་ཐོས་ནས་རེ་ཞིག་དད་པས་རྗེས་སུ་འབྲང་བ ་རྣམས་ནི་དེ་དག་ལ་ཐེ་ཚོམ་མེད་པར་དང་བ་མྱུར་དུ་སྐྱེ་བར་འགྱུར་རོ།། གང་དག་ཆོས་ཀྱི་རྗེས་སུ་འབྲང་བ་དེ་དག་ཀྱང་དེ་ལྟ་བུ་དག་ལ་གནོད་པ་མ་མཐོང་ཞིང་། ཤེས་རབ་ལ་སོགས་པ་ཡོན་ཏན་རྣམས་གོམས་པས་བྱེ་བྲག ་ཏུ་འཕགས་པ་ཡང་རྟོགས་ནས་དེ་ལྟ་བུའི་མཁས་པ་དག་ནི་གདོན་མི་ཟ་བར་སྲིད་དོ།། ཞེས་ངེས་པར་བཟུང་ནས་དེ་དག་ལ་དང་བསྐྱེད་པར་བྱེད་པ་ཉིད་དོ།། དེ་དག་ལ་དང་བའི་ཕྱིར་དེ་དག་གི་ཡོན་ཏན་འདོད་པ་རྣམས་དེ་དག་གིས ་གསུང་རབ་རྣམས་དང་། གསུང་རབ་དག་ལ་བརྟེན་པའི་བསྟན་བཅོས་ལ་གཟུང་བ་ལ་སོགས་པའི་དོན་དུ་ཐོག་མར་རྟག་ཏུ་སྔོན་དུ་འགྲོ་བའི་གུས་པ་བྱེད་དོ།། དེའི་འོག་ཏུ་ཐོས་པ་ལས་བྱུང་བ་ལ་སོགས ་པའི་ཤེས་རབ་སྐྱེ་བའི་རིམ་གྱིས་ལེགས་པ་དམ་པ་ཐོབ་པར་འགྱུར་རོ།། དེའི་ཕྱིར་ཡོན་ཏན་དང་ལྡན་པ་རྣམས་ལ་དང་བ་ནི་ལེགས་པ་ཐམས་ཅད་ཀྱི་གཙོ་བོའི་རྒྱུ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་དེ་ནི་དེ་ལ་འཇུག་པ་ལ་ཡང་ཡན་ལག་ཡིན་པའི ་ཕྱིར་བསྟན་བཅོས་བྱེད་པ་ཕལ་ཆེར་བསྟན་བཅོས་ཀྱི་དང་པོར་སྟོན་པ་ལ་མཆོད་པར་བྱེད་དོ།། དེ་ཉིད་ཀྱི་ཕྱིར་བསྟན་བཅོས་བྱེད་པར་འདོད་པས་རང་གི་སྟོན་པའི་ཆེ་བའི་བདག་ཉིད་ཤེས་པར་བྱ་བའི་ཕྱིར་དེ་ལ་ཕྱག་འཚལ་བ་རྩོམ་མོ་ཞེས ་བཤད་དོ།། དེ་ལ་གང་དག་སུ་རྣམས་ས་ལ་བཞུགས་པ་དེ་རྣམས་ལ་བཞུགས་པ་དེ་རྣམས་ལ་ཕྱག་འཚལ་ལོ།། ཞེས་བྱ་བར་སྦྱར་རོ།། འདི་སྤྱིར་སྨོས་པ་ཡིན་དུ་ཟིན་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ན་ཡིན་པར་མངོན་ཏེ། གཞན ་དག་ལ་ནི་ཇི་སྐད་སྨོས་པའི་ཡོན་ཏན་མེད་པའི་ཕྱིར་རོ།། དེའི་ཕྱིར་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་བར་འོས་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཇི་ལྟ་བ་བཞིན་གྱིས་ཡོན་ཏན་བརྗོད་པར་བྱེད་དོ།། ཡོན་ཏན་དེ་དག་ཀྱང་རང་དང་གཞན་གྱི ་དོན་ཕུན་སུམ་ཚོགས་པའི་བྱེ་བྲག་གིས་འདིར་རྣམ་པ་གཉིས་སུ་བསྟན་ཏོ།། རང་གི་དོན་ཕུན་སུམ་ཚོགས་པ་ཡང་རྒྱུ་དང་འབྲས་བུ་ཕུན་སུམ་ཚོགས་པའི་བྱེ་བྲག་གི་རྣམ་པ་གཉིས་སོ།། རྒྱུ་ཕུན་སུམ་ཚོགས་པ་དེ་ཡང་ཉེ་བ་དང་རིང་བའི ་རྒྱུའི་བྱེ་བྲག་གིས་རྣམ་པ་གཉིས་སོ།། འབྲས་བུ་ཕུན་སུམ་ཚོགས་པ་ཡང་ཡེ་ཤེས་པ་ཡང་སྤང་བ་ཕུན་སུམ་ཚོགས་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ།། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡང་གཞན་དགྲ་ངེས་པར་ལེགས་པ་དང ་མངོན་པར་མཐོ་བ་འཐོབ་པའི་བྱེ་བྲག་གིས་རྣམ་པ་གཉིས་སུ་གནས་ཏེ། འདི་ནི་ཡན་ལག་རྣམ་པར་བཤད་པ་ནས་སྦྱར་བར་བྱའོ།། ཡོན་ཏན་ཕུན་སུམ་ཚོགས་པ་འདི་མཐའ་དག་ནི་བཅོམ་ལྡན་འདས་ཕྱི་རོལ་པ་དང་སློབ་པ་དང་མི ་སློབ་པ་ཆེན་པོ་རྣམས་ཀྱི་བླ་ན་བཟློགས་པ་ཉིད་ཀྱི་གཏན་ཚིགས་ཡིན་ནོ།། དེའི་ཕྱིར་དེ་དག་ཁོ་ན་དངོས་སུ་ཕྱག་བྱ་བར་འོས་པ་ཡིན་གྱི་གཞན་དྲུག་ནཱི་མཱ་ཡིན་ནོ།། ཞེས་བསྟན་པ་ཡིན་ནོ།། ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གང་དག་ལ ་དགེ་བསྟན་བློ་མངའ་བ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དག་པ་ནི་འདོད་ཆགས་ལྔ་སོགས་པའི་དྲི་མ་ཐམས་ཅད་དང་བྲལ་བའི་ཕྱིར་རོ།། འདིས་ནི་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་རྣམས་དང་སློབ་པ་རྣམས་ལས་ཁྱད་པར་དུ་སྟོན ་པར་བྱེད་དེ། འདི་ལྟར་ཕྱི་རོལ་པ་ཀུན་ནས་ཉོན་མོངས་པའི་རྩ་བའི་བདག་ཉིད་ཕྱིན་ཅི་ལོག་མཐའ་དྲུག་དང་ལྡན་པའི་ཡིད་ཅན་འདོད་ཆགས་ལ་སོགས་པའི་འཆང་བ་མཐའ་དག་ཉམས་པར་མ་བྱས་པ་ཐམས་ཅད་ནི་དྲི་མ་མེད་བློ ་ཅན་དག་ཏུ་ཇི་ལྟར་འགྱུརརོ། སློབ་པ་སྒོམ་པས་སྤང་བར་བྱ་བའི་དྲི་མ་ལུས་པས་དྲི་མ་ཅན་དུ་བྱས་པའི་ཡིད་ཅན་རྣམས་ཀྱང་། དག་པའི་བློ་དག་ཏུ་ཇི་ལྟར་རུང་། བསྟན་པ་ནི་ལུས་དང་ངག་དང་བྲོའི་མི་མཐུན་པ་ཉིད་ཀྱི་རྒྱུ་ཀུན་ནས་ཉོན ་མོངས་པ་ཅན་མ་ཡིན་པའི་བག་ཆགས་ཀྱི་རླུང་གིས་མི་སྐྱོད་པའི་ཕྱིར་རོ།། འདིས་ནི་མི་སློབ་པ་རྣམས་ལས་ཁྱད་པར་དུ་སྟོན་པར་བྱེད་དེ། དེ་དག་གིས་དེ་མ་སྤངས་པའི་ཕྱིར་རོ།། འདིས་ནི་སྤངས ་པ་ཕུན་སུམ་ཚོགས་པ་ཡོངས་སུ་བསྟན་ཏོ།། ས་ལ་བཞུགས་ཞེས་བྱ་བ་ནི་འགྲོ་བའི་དོན་དུ་ཞེས་བྱ་བར་ཤུགས་ཀྱིས་གོ་བས་ནམ་བཤད་དོ།། དེ་ལྟ་མ་ཡིན་ན་ཕུན་སུམ་ཚོགས་པ་མཐའ་དག་ཡང་དག་པར་ཐོབ་པ་བཞུགས་པར་མི ་རིགས་སོ།། འདིས་ནི་གཞན་གྱིས་དོནི་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ཇི་སྐད་བཤད་པ་བསྟན་ཏོ།། ཇི་ལྟར་ན་དེ་དག་དག་བསྟན་བློ་མངའ་བར་གྱུར་ཅེ་ན། ཆོས་ཚུལ་ཟབ་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ནི་གཟུགས་ལ ་སོགས་པའོ།། དེ་དག་གི་ཚུལ་ནི་ཇི་ལྟ་བ་བཞིན་གནས་པའི་ངོ་བོའོ།། དེ་ཡང་དངོས་པོའི་རིགས་འཐུན་པ་དང་མི་མཐུན་པ་དཔག་ཏུ་མེད་པ་ལྡོག་པ་ལ་བལྟོས་པས་བསྐྱེད་པ་ཐ་དད་པ་ཉིད་ཀྱིས་ཚད་བཟུང་བར་མི་ནུས་པའི་ཕྱིར་རྒྱ་མཚོ་དང་འདྲ ་པ་ཡིན་ནོ།། འདི་ནི་ཉན་ཐོས་ལ་སོགས་པས་གཏིང་དཔག་དཀའ་བས་ཟབ་མོ་ཡང་ཡིན་ལ་ཆོས་ཚུལ་ལྟ་བུ་ཡང་ཡིན་པས་ཤེས་ཚིག་རྣམ་པར་སྦྱར་ཏེ། གང་དག་གིས་དེའི་ཕ་རོལ་མཐའ་མཐོང་བ་དེ་དག་ལ་དེ་སྐད་ཅེས་བྱའོ།། ་འདིས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ།། དེ་ཉིད་ཉོན་མོངས་པ་བག་ཆགས་དང་བཅས་པ་མ་ལུས་པ་རྩ་ནས་འབྱིན་པའི་རྒྱུ་ཡིན་ཏེ། དེ་མེད་པས་ཉན་ཐོས་ལ་སོགས ་པས་བག་ཆགས་མ་སྤངས་པའི་ཕྱིར་རོ།། ཡེ་ཤེས་ཕུན་སུམ་ཚོགས་བུ་ཡང་ཡང་དག་པའི་ཀུན་རྫོབ་ཀྱི་ངོ་བོར་བཅོམ་ལྡན་འདས་ཀྱི་ཐམས་ཅད་མཁྱེན་པ་ཉིད་ཡིན་གྱི་དོན་དམ་པའི་ངོ་བོ་ཉིད་དུ་ནི་མ་ཡིན་ཏེ། དེ་ལྟ་བུར་ཐམས་ཅད ་མཱམུ་སྐྱེས་པའི་ཕྱིར་རོ།། ཐམས་ཅོད་མཁྱེན་པ་དག་གི་ཡེ་ཤེས་ཀྱང་ཇི་ལྟར་སྐྱེ་སྙམ་པ་འདི་ལ་འདྲིའི་རྒྱུ་བསྟན་པའི་ཕྱིར་ལྷགས་པར་མྱོས་པ་ཞེས་བྱ་བ་ལ་སོགས་པ་སྨྲེསྭཱ་ཏྲེ། ལྷག་པར་མྱོས་པ་ཞེས་བྱ་བའི་སྒྲ་ནི་མོས་པས་སྤྱོད ་པིའོ་ས་ནས་བཟུང་སྟེ། ས་བཅུའི་བར་ཡིན་པར་འདོད་དེ། ཐམས་ཅད་དྲི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་དུ་ངེས་པརི་འཛིན་པའི་མཚན་ཉིད་ཀྱི་མོས་པ་ལྷག་པ་ཉིད་ཀྱིས་རིབ་ཏུ་ཕྱེ་བའི་ཕྱིར་རོ།། ཡང་ནི་ལྷན་ཅིག་སྤྱོད་པའི ་ཕྱིར་རྒྱུའི་གནས་སྐབས་ཐམས་ཅད་རྗོད་པར་བྱེད་དོ།། གང་དག་གིས་ལྡོག་པར་མོས་པ་དེ་ལ་ཐོས་པ་དེ་ལ་སོགས་པ་ལས་བྱུང་བའི་ཤེས་རབ་སྐྱེ་བའི་རིམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཉེ་བར་བསྐྱེད་པའི་ཕྱིར་གང་ནས ་གོང་དུ་འདུ་བྱེད་ཁྱད་པར་ཅན་བསྐྱེད་པསྡུ་ཡོངས་སུ་བསྒོམས་པའི་ཐུགས་མདའ་བ་དེ་དག་ལ་དེ་སྐད་ཅེས་བྱཱ་སྟེ། འདིས་ནི་རྒྱུ་ཕུན་སུམ་ཆོག་སྔོ་པ་རྣམ་པ་གཱནྟིསྟེ་ཇི་སྐད་དུ་བཱ་ཤུདྡྷ་པ་བསྟན་པ་ཡིན་ནོ།། དེ་ཡང་ཐམས་ཅད ་མཁྱེན་པ་ཉིད་སྐྱོ་བའི་རྒྱུ་ཡིན་པའབའ་ཞིག་ཏུ་མ་ཐོད་ཀྱི། སྒྲུབ་པའི་རྒྱུ་ཡང་ཡིན་ཏེ་སྒྲིབ་པ་ཕྱིན་ཙ་མ་ལོག་པར་ནན་ཏེན་བྱེད་པ་རྣམས་དེའི་འབྲས་བུ་འཐོབ་པར་ངེས་པའི་ཕྱིར་ནད་མེད་པར་བསྒྲུབ་པ་ན་ནི་དེན་བྱས་པས ་ནད་མེད་པ་འཐོབ་པ་བཞིན་ནོ།། གང་གི་ཕྱིར་དེ་ལྟར་དེ་དག་ཉིད་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཕུལ་དུ་དབྱུང་དུ་མེད་པ་དང་ལྡན་པ་དེ་དག་དེའི་ཕྱིར་དེ་དག་ནི་ཕྱི་རོལ་པ་དང་མི་སློབ ་པ་ཆེན་པོ་རྣམས་ཀྱི་བླ་ན་བཞུགས་པ་ཡིན་ཏེ། འགྲོ་བ་མཐའ་དག་གི་གཙུག་གི་ནོར་བུ་ཡིན་ནོ།། ཞེས་བྱ་བའི་ཐ་ཚིག་གོ། དེའི་ཕྱིར་དེ་དག་ཁོ་ན་ཕྱག་བྱ་བར་འོས་པ་ཡིན་གྱི། གཞན་དག་ལ་ནི་མ་ཡིན་ནོ།། ཞེས་བཤད་པ ་ན་ནོ། ང་རྣམ་པ་གཅིག་ཏུ་འཇིག་རྟེན་ན་ཆེན་པོ་ཉིད་དུ་འདོད་པ་སེར་སྐྲ་དང་གཟེགས་ཟན་ལ་སོགས་པའི་ཡང་བླ་ན་བཞུགས་པ་ཉིད་ཀྱིས། ཁྱད་པར་དུ་འཕགས་པའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་ཕྱག་འཚལ་བར་སྟོན་ཏོ།། དེ་ལ་དྲུག་བརྟན་བློ་མངའ་བ་ཞེས་བྱ་བ་འདིས་ནི་ཉན་ཐོས་དང་རང་སངས་རྒྱས་དང་སངས་རྒྱས་རྣམས་བསྟན་ཏེ། བློ་བརྟན་པ་ཉིད་ནི་ཡོངས་སུ་ཉམས ་འི་རླུང་གིས་མི་བསྐྱོད་པའི་ཕྱིར་ཏེ། དགེ་སློང་དག་འཕགས་པའི་ཤེས་རབ་ཀྱིས་སྤངས་པ་གང་ཡིན་པ་དེ་ནི་སྤངས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ།། ཆོསོ་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུའི་ཕ་རོལ་གཟིགས་ཤེས་བྱ ་པ་འདིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་བསྟན་ཏེ། སྤྱིར་བསྟན་ཀྱང་གཙོ་བོ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་བསྟན་ཏོ།། གང་དག་ཅེས་བྱ་བ་ནི་རེ་རེ་ལ་ཡང་སྦྱར་པོར་བྱའོ།། ཡང་ཞེས་བྱ་བ་ཞིག་ནི་འདིར་དོན་གྱི ་མངོན་པའི་ཕྱིར་མ་སྨོས་སོ།། དེས་ན་དོན་ནི་འདི་ཡིན་ཏེ། གང་དག་སུ་རྣམས་ཆོས་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུའི་ཕ་རོལ་གཟིགས་པ་ས་ལ་བཞུགས་པ་དེ་རྣམས་ལ་ཡང་ཕྱག་འཚལ་ལོ།། དེ་བཞིན་དུ་བྱང་ཆུབ་སེམས་དཔའ ་ལྷག་པར་མོས་པ་ཡོངས་སུ་བསྒོམས་པའི་ཐུགས་མངའ་བ་རྣམས་ལ་ཕྱག་འཚལ་ལོ་ཞེས་བྱ་བར་སྦྱར་བ་ཡིན་ཏེ། འདིར་ཡང་ཡང་གི་དོན་བལྟ་བར་བྱའོ།། ཅིའི་ཕྱིར་འདི་དག་ཁ་ནཱ་ལ་ཕྱག་བྱ་བར་བརྗོད་ཅེ་ན། ཆེར་རྣམས་ཀྱི་ཞེས ་བྱ་བ་ལ་སོགས་སྨོས་ཏེ། གང་གི་ཕྱིར་འདི་དག་ཁོ་ན་ཡོན་ཏན་ཕུན་སུམ་ཚོགས་པ་ཇི་སྐད་བཤད་པོ་དང་ལྡན་པས་ཕྱི་རོལ་པ་ཆེན་པོ་ཉིད་དུ་འདོད་པོ་རྣམས་ཀྱི་བླ་ན་བཞུགས་པ་དེའི་ཕྱིར་འདི་དག་ཁོ་ན་ཕྱག་འཚལ་བར་བརྗོད་དོ།། ་དེ་ལ་མ་ཞུགས་པའི་སྔ་རོལ་ནུ་བསྟོན་བཅོས་ཀྱི་དོན་དུ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་ཚིག་མ་རྟོག་པ་དེ་རྟོགས་པའི་ཐབས་གཞན་མེད་ལ། རྟོག་པ་དང་ལྡན་ཞིང་དོན་དུ་གཉེར་ཡང་སྒྲུབ་པའི་དགོས་པ་མ་རྟགས་པ་རྣམས་སོ་སོར་ངེས ་པའི་སྒྲུབ་པ་མི་ལེན་པས་དེའི་ཕྱིར་ཉན་པ་པོའི་སྐྱེ་བོ་གཟུད་པའི་དོན་དུ་རེ་ཞིག་དང་པོ་རབ་ཏུ་བྱེད་པ་དེའི་བརྗོད་པར་བྱ་བ་དང་། དགོས་པ་བསྟན་པའི་ཕྱིར། གཟུགས་བརྙན་ལ་སོགས་པ་ལྟ་བུར་ཞེས་བྱ་བ་སྨོས་སོ།། འདིར་བརྗོད་པར་བྱ་བ་ནི ་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དོ།། དེ་རྟོག་པ་ནི་དངོས་སུ་དགོས་པ་ཡིན་ནོ།། དེའི་ཡང་དགོས་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་སྤོང་བ་ཡིན་ནོ།། དེ་ཕན་ཆད་ནི་རེ་བ་རྣམ་པར་ཆད་པའི་ཕྱིར་དགོས་པ་གཞན་མེད ་འབྲེལ་པ་ནི་རབ་ཏུ་བྱེད་པ་དང་དགོས་པ་དག་གི་སྒྲུབ་པར་བྱ་བ་དང་བསྒྲུབ་པའི་དངོས་པོའི་དངོས་པོའི་མཚན་ཉིད་ཡིན་པར་བསྟན་པར་བྱ་སྟེ། གཞན་ནི་དོན་དུ་གཉེར་བ་འཇུག་པ་ལ་ཡན་ལག་མ་ཡིན་པའི ་ཕྱིར་རོ་དེ་ཡང་འབྲེལ་པ་ཅན་བསྟན་པ་ཁོ་ནས་བསྟན་པ་ཡིན་ཏེ། དེའི་བདག་ཉིད་ད་ནི་བསྟོན་དུ་མེད་པའི་ངོ་བོ་ཡིན་པའི་ཕྱིར་རོ།། དེའི་ཕྱིར་འབྲེལ་པ་ལོགས་ཤིག་ཏུ་བསྟན་པར་མི་བྱའོ།། གཟུགས་བརྙན་ལ་སོགས་པ་ལྟ་བུར་ཞེས ་བྱ་བ་ལ་སོགས་པས་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་རྟོགས་པ་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤོང་བའི་ཐབས་ཉིད་དུ་སྟོན་པར་བྱེད་དེ། འདི་ལྟར་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཐམས་ཅད་ནི་ཕྱིན་ཅི་ལོག་གིས་ཀུན་ནས ་བླང་བ་དག་ཁོ་ན་ཡིན་ལ། ཕྱིན་ཅི་ལོག་དེ་ཡང་རང་བཞིན་མེད་པ་ལ་ལོག་པར་དམིགས་པའི་རྣམ་པ་ཡིན་པས་དངོས་པོ་ལ་སོགས་པར་མངོན་པར་ཞེན་པའི་མཚན་ཉིད་ཡིན་ཏེ། ཕྱིན་ཅི་ལོག་དང་འགལ་བ་རང་བཞིན་མེད་པ་ཉིད་ཤེས་པས་སྤོང ་བར་འགྱུར་བ་ཁོ་ནའོ།། ཕྱིན་ཅི་ལོག་སྤངས་ནས་ཕྱིན་ཅི་ལོག་གི་རྩུ་བ་ཅན་ཉོན་མོངས་པའི་ཚིག་དང་ཤེས་བྱའི་སྒྲིབ་པ་མཐའ་དག་ཕྱིན་ཅི་ལོག་གི་བདག་ཉིད་དུ་ཇི་ལྟར་གནས་པར་འགྱུར། འདི་སྐད་དུ། ཆོས་ལ་བདག་མེད་མཁས་པ་ནི།། རང ་བཞིན་མེད་པ་གོམས་བྱས་པས།། ཕྱིན་ཅི་ལོག་ལས་བྱུང་བ་ཡི།། ཉོན་མོངས་སྒྲིབ་པ་མེད་པར་སྤོང་། ཞེས་བྱ་བས་འཆད་པར་འགྱུར་ཏེ། དངོས་པོ་ལ་སོགས་པ་མངོན་པར་ཞེན་པ་ཕྱིན་ཅི་ལོག་ཉིད་ཡིན་པར་རྒྱས་པར་ནི་འཆད་པར་འགྱུར ་རོ། རྣམ་པ་ཞེས་བྱ་བའི་སྒྲ་ནི་ཚོགས་ཀྱི་དོན་ཏོ།། བརྟགས་པ་ནི་དངོས་པོའི་དེ་ཁོ་ན་ཡང་དག་པར་སོ་སོར་རྟོག་པའོ།། དེ་གནག་རྫི་ལ་སོགས་པའི་ཤེས་པ་གང་ལ་མེད་པ་དེ་ནི་མ་བརྟགས་པའོ།། འདིས་དགའ་བ་སྟེ། གང་ལ་མ་བརྟགས ་གཅིག་པུ་ན་དགའ་བ་ཁོ་ན་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ།། འདིས་ནི་ཀུན་རྫོབ་ཀྱི་ཤེས་པ་ལ་སྣང་བ་རྣམས་མི་བསལ་ལོ་ཞེས་བྱ་བར་སྟོན་པར་བྱེད་དོ།། འོ་ན་ཇི་ལྟར་རང་བཞིན་མེད་པ་ཉིད་ཡིན་སྙམ་པ་ལ། ཡང་དག་པར་ན་ཞེས་བྱ ་པ་སྨོས་ཏེ། ཡང་དག་པ་ཞེས་བྱ་བའི་སྒྲས་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་དཔག་པས་རྟོགས་པར་བྱ་བ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ལ་བྱ་སྟེ། དེ་ཁོ་ན་ཉིད་ཀྱི་རྣམ་པར་དཔྱད་ན་སྟོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། འདིས་ནི་དེ་ཁོ་ན་ཉིད ་དུ་དྲང་དོན་དམ་པ་ཞེས་བྱ་བ་ལ་སོགས་པ་རྣམ་པར་བཤད་དོ།། ཡང་ན་ཡང་དག་པའི་ཤེས་པ་ཁོ་ན་ཡང་དག་པ་ལ་སོགས་པའི་སྒྲར་བརྗོད་དེ། དེའི་དམིགས་པ་ཡིན་པའི་ཕྱིར་རོ།། ཡང་དག་པའི་ཤེས་པའི་བསམ་པའི་དབང་གིས་རང ་བཞིན་མེད་པ་ཡིན་གྱི་ཀུན་རྫོབ་ཀྱི་ཤེས་པའི་དབང་གིས་ནི་མཱ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། སྤོང་བར་གྱུར་པ་དེ་སུ་ཞིག་སྙམ་པ་ལྔ། བདག་དང་གཞན་གྱི་དོན་ཕུན་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་བདག ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཕྱིར། ཅི་ལ་མ་རག་པོར་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་བདག་ཉིད་ཆས་པ་བརྩམས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཉན་ཐོས་ལ་སོགས་པ་ནི་རྟེན ་མི་བརྟན་པའི་ཕྱིར་དང་། སྙིང་རྗེ་དང་། བརྩོན་འགྲུས་ཆུང་བའི་ཕྱིར། ཤེས་བྱའི་སྒྲིབ་པ་མཐའ་དག་སྤང་བ་བསྐལ་པ་མྱི་ཉུང་བར་གོམས་པར་བྱས་པས་ཡང་དག་པར་སྒྲུབ་པར་མི་ནུའོ།། སྙམ་དུ་བསརྒྱ ་ཆུབ་སེམས་དཔའ་རྣམས་ཀྱི་ཅི་ལྔ་རག་པ་ཐམས་ཅད་ནི་གཞན་གྱི་དོན་ཕུན་སུམྦྷ་ཚོགས་པ་བསྒྲུབ་པའི་ཆེད་ཁོ་ན་ཡིན་མོད་ཀྱི། རང་གི་དྲོན་ཕུན་སུམ་ཚོགས་པ་བསྒྲུབ་པའི་ཆེད་ཀྱང་མེད་ན་མེད་པ་ཡིན་པས་གཉི་གའི་དོན་བརྗོད་དེ ་རབ་ཏུ་འབད་དོ་ཞེས་བྱ་བ་འདིས་ནི་རབ་ཏུ་འབྲང་བའི་མཆོག་སྟོན་པར་བྱེད་ཅིང་འདིའི་ཟློས་པ་ཉི་དེ་ཡོངས་སུ་སྤོང་བར་བྱེད་དོ།། དེས་ན་འདི་སྐད་དུ་སྔོན་གྱི་སློབ་དཔོན་རྣམས་ཀྱི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་བསྟན་མོང ་ཀྱི་ཀླན་ཀ་དྲན་པ་དྲ་བ་མཐའ་དག་བསལ་བའི་ཕྱིར་འབད་པ་མཆོག་དང་ལྡན་པས་སྟོན་པར་བྱེད་དོ་ཞེས་བཤད་པ་ཡིན་ནོ།། དེའི་ཕྱིར་འབད་པ་དོན་མེད་པ་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་ཀླན་ཀཱ་ངན་པའི་དྲི་མ་བསལ་བས་འདི ་དབུ་མིའི་རྒྱན་ཅེས་བྱའོ།། དེ་ལ་རེ་ཞིག་དང་པོར་རིག་པ་ཁོ་ནས་བསྒྲུབ་པར་བྱེ་བ་ཡིན་པས་འདིར་འཐད་པ། དེ་ལ་ལུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མར་བསྟན་པོར་མ་བྱས་པའི་ལུང་ནི་གཞན་དུ་ཡང་དྲང་བར་ནུས་པའི ་ཕྱིརདད་པས་རྗེས་སུ་འབྲང་བ་རྣམས་ཀྱང་ངེས་པ་མི་སྐྱེ་བས་ཡོངས་སུ་ཚིམ་པར་མི་འགྱུར་རོ།། ཀྱང་ཞེས་བྱ་བའི་སྒྲས་ནི་སེམས་ལོག་པར་རྣམས་ལྟ་སྨྲས་ཀྱང་ཙ་དགསཽ་ཞེས་ལོག་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས ་སྟོན་པར་བྱེད་དོ།། དངོས་པོའི་སྟོབས་ཀྱིས་ཞུགས་པ་སྨོས་པ་ནི་ལུང་ལས་གྲགས་པའི་རྗེས་སུ་དཔག་པ་བསལ་བའི་ཕྱིར་ཏེ། དེ་ཡང་ལུང་དང་འདྲ་བས་དེ་དང་བཅས་ཏེ་ཡང་ངེས་པར་མི་བྱེད་པའི་ཕྱིར་ཚིམ་པར་མི ་འགྱུར་རོ།། རེག་པ་ནི་ངེས་པ་སྐྱིད་པར་བྱེད་པས་ཡོངས་སུ་ཚིམ་པར་བྱེད་པ་ཡིན་ནོ།། ཇི་སྟེ་གལཱ་ཏེ་དེ་ལྟ་ན་གོ་རིགས་པ་ཁོ་ནས་ཆོག་མོད།། ལུང་གིས་ཅི་ཞིག་བྱ་ཞེས་ན་མ་ཡིན་ཏེ། ལུང་ནི་རིགས་པའི་རྒྱུན་ཡིན་པའི ་ཕྱིར་རོ།། དེ་ལྟ་མ་ཡིན་ན་འདི་ནི་རྟོག་གེ་པ་སྐམ་པོས་བརྟགས་པ་ཡིན་ནོ་ཞེས་མི་མཁས་པོ་ཁ་ཅིག་གིས་བསྙས་པར་ཡང་འགྱུར་རོ།། རང་བཞིན་དང་བྲལ་བའམ། ཡང་དག་ལ་རང་བཞིན་དང་བྲལ་བ་ཡོད་པ་ཞེས ་རྣམ་པར་སྦྱར་ཏེ། འདི་ནི་ཚད་མའི་འབྲས་བུ་ཡིན་ནོ།། སྦྱོར་བ་ནི་འདི་ལྟ་བུ་ཡིན་ཏེ། གང་དག་གཅིག་དང་དུ་མའི་རང་བཞིན་མ་ཡིན་པ་དེ་དག་ནི་དོན་དམ་པར་རང་བཞིན་མེད་དེ། དཔེར་ན་གཟུགས་བརྙན་བཞིན་ནོ།། བདག ་དང་གཞན་གྱིས་སྨྲས་པའི་དངོས་པོ་རྣམས་ཀྱང་གཅིག་དང་དུ་མའི་རང་བཞིན་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ཏེ། གཅིག་པ་ཉིད་དང་དུ་མའི་ཉིད་དག་གིས་རང་བཞིན་ལ་ཁྱབ་པའི་ཕྱིར་རོ།། ཁྱབ ་པ་དེ་ཉིད་བསྟན་པ་འི་ཕྱིར་རང་བཞིན་ཞིག་ཡོད་པར་གྱུར་ན་ནི་ཞེས་བྱ་བ་སྨོས་སོ།། གཅོག་པ་ཞེས་བྱ་བ་སྨོས་སོ།། གཅིག་པ་ཞེས་བྱ་བ་ཆ་མེད་པ་ཉིད་དོ།། ཅིག་ཤེས་བྱ་བ་ནི་དུ་མ་ཉིད་དེ་ཐ་དད་པོ་ཉིད་ཅེས་བྱ ་བའི་ཐ་ཚིག་གོ།། གང་གི་ངོ་བོ་རྣམ་པར་བཅུད་པ་མེད་ན་ཡོངས་སུ་གཅོད་པ་མེད་ན་གང་ཡིན་པ་དེ་ནི་དེ་སྤད་ཏྲེ་གན་པའི་མཚན་ཉིད་ཡིན་ཏེ། དཔེར་ན་དངོས་པོ་མེད་པ་རྣམ་པར་བཅད་པ་མེད ་ན་ཡོངས་སུ་གཅོད་པ་མེད་པ་ལྟར་གཅིག་པ་ཉིད་དང་དུ་མ་ཉིད་ཀྱང་ཕན་ཚུན་གྱི་ངོ་བོ་རྣམ་པར་བཅད་པ་མེད་ན་ཡོངས་སུ་གཅོད་པ་མེད་པ་དག་ཡིན་ཏེ། ཐ་སྙད་ཀྱིས་ངེས་པར་བྱེད་དོ།། དེ་ལྟ་བས་ན་ཕན་ཚུན་སྤངས་ཏེ་གནས་པའི ་མཚན་ཉིད་དག་ཡིན་ནོ།། འདིས་ནི་རྟག་པ་དང་མི་རྟག་པ་དང་། རིམ་དང་རིམ་པ་མ་ཡིན་པ་ལ་སོགས་པ་ཡང་རྣམ་པར་བཤད་པ་ཡིན་ནོ།། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་གང་དག་ཡིན་པ་དེ་དག་ཀྱང་གཅིག་ཡོད་པ་དགག ་པ་ནི་གཞན་དགག་པ་དང་ཡོད་པ་མེད་ན་མེད་པ་ཡིན་པའི་ཕྱིར། ཕུང་པོ་གཞན་མེད་པར་རྟོགས་པར་བྱེད་དེ། དཔེར་ན་དངོས་པོ་དང་དངོས་པོ་མེད་པ་ལྟ་བུར་གཅིག་པ་ཉིད་དང་དེ་མི་ཉིད་དྲང་དུ་མ་ཉིད་ཀྱང་ཕན་ཚུན་སྤངས་ཏེ་གནས་པའི ་མཚན་ཉིད་དག་ཡིན་ནོ།། དེ་ལྟ་བས་ན་ཕུང་པོ་གཞན་མེད་པའི་ཕྱིར་རང་བཞིན་ནི་གཅིག་པ་ཉིད་དང་དུ་མ་ཉིད་དག་གིས་བསྡུས་པས་ཁྱབ་པ་གྲུབ་བོ།། རང་གི་སྡེ་པ་དང་ཕྱི་རོལ་པ་དག་གིས་སྨྲས་པའི་ཕུང་པོ་དང་གཙོ་བོ་ལ་སོགས་པ ་དེ་དག་ཡང་དག་པར་མེད་དེ། ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་སྡུད་པ་ཡིན་ནོ།། ཡང་དག་པར་ན་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པོ་དང་འགོལ་བ་མེད་པར་སྟོན་ཏོ།། འོ་ན་འདི་ཅི་ཐལ་བར་འགྱུར་བར་སྒྲུབ་པ་ཡིན་ནམ། འོན་ཏེ། ་རང་གི་རྒྱུད་ཀྱིས་སྒྲུབ་པ་ཡིན། གལ་ཏེ་དང་པོ་ཡིན་པར་རྟོག་ན་ནི་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། གཞན་དག་དངོས་པོ་ཐམས་ཅད་ལ་གཅིག་དང་དུ་མ་དང་བྲལ་བ་ཁས་མི་ལེན་པའི་ཕྱིར་རོ།། ཇི་སྟེ་གཉིས་པ་ཡིན་ནོ་ཞེ་ན་ནི ་དེ་ལྟ་ན་ཡང་ཤིན་ཏུ་མ་གྲུབ་པ་ཡིན་ཏེ། བདག་ཉིད་གཞི་ཁས་མི་ལེན་པའི་ཕྱིར་དང་། ཕྱིར་རྒོལ་བ་ལ་ཡང་རང་གི་ངོ་བོ་མ་གྲུབ་པའི་ཕྱིར་རོ་སྙམ་དུ་དོགས་པ་ལ་གཏན་ཚིགས་འདི་མ་གྲུབ་པོ་སྙམ་དུ་མ་སེམས་ཤིག་ཅེས་བྱ་བ་སྨོས་སོ། ་ཇི་ལྟར་སྙམ་པ་ལ་འབྲས་བུ་རིམ་ཅན་ཉེར་སྦྱོར་བས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་སྙམ་དུ་སེམས་ཏེ། རེ་ཞིག་གཞན་དག་གིས་བརྟགས་པ་ན་མཁའ་ལ་སོགས་པའི་དངོས་པོ་མ་གྲགས་པའི་རང་གི་ངོ་བོ་གང་དག་ཡིན་པ་དེ་ལ་ནི ་ཐལ་བར་བསྒྲུབ་པ་ཁོ་ན་ཡིན་ལ། གྲགས་པའི་རང་གི་ངོ་བོ་རྣམས་ལ་ནི་གཉི་ག་ལྟར་ཡང་ཉེས་པ་མེད་དེ། འདི་ལྟར་གཞན་དྲུག་གིས་དངོས་པོ་ཐམས་ཅད་ནི་རྟག་པ་དང་མི་རྟག་པ་ཉིད་ཀྱིས་ཕུང་པོ་གཉིས་སུ་ཁས་བླངས་པའི་ཕྱིར་རོ།། ་དེ་ལ་རེ་ཞིག་བདག་ལ་སོགས་པ་མ་གྲགས་པའི་རང་གི་ངོ་བོ་རྣམས་ཀྱང་བཞིན་གཅིག་པ་ཉིད་དུ་ཁྲུས་བླངས་མོད་ཀྱི། དེ་དག་ནི་འབྲས་བུ་རིམ་ཅན་རྣམ་པར་ཤེས་པ་ལ་སོགས་པ་ལ་ཉེ་བར་སྦྱོར་བ་ཁས་ལེན་ཏེ། ཤུགས་ཀྱིས་རང་བཞིན ་གཅིག་པ་ཉིད་མེད་པ་འདྲེན་པར་བྱེད་པས་རེ་ཞིག་གཅིག་པ་ཉིད་དང་བྲལ་བར་གྲུབ་པ་ཁོ་ན་ཡིན་ནོ།། རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་དུ་མ་དང་བྲལ་བ་ཡང་ཤིན་ཏུ་གྲུབ་པ་ཡིན་ཏེ་མདོར་བསྡུས་པའི་དོན་ཡིན་ནོ།། དེ ་དག་ཅེས་བྱ་བ་ནི་རྟག་པ་རྣམས་སོ།། རང་གི་སྡེ་པ་རང་གཞན་གྱིས་ཁསྣ་བླངས་པའི་དངོས་པོ་དེ་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་ཕྱེད་རྣམ་པར་འབྲེལ་པར་བྱེད་དོ།། དང་པོ ་ཞེས་བྱ་བ་ནི་རྟག་པ་རྣམས་སོ།། དགའ་བ་དང་གདུང་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ལ་སོགས་པ་བསྔོའོ།། དེ་དག་གིས་འབྲས་བུ་རྣམས་ཀྱང་ཅིག་ཅར་དུ ་འབྱུང་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུ་མ་ཚང་བ་མེད་པའི་ཕྱིར་ཏེ། འབྲས་བུ་མྱུ་གུ་ལ་སོགས་པ་དུ་མ་ཅིག་ཅར་སྐྱེ་བ་བཞིན་ནོ།། འབྲས་བུ་རྣམས་ནི་རྒྱུ་མ་ཚང་ན་ཤོལ་གྱི་ཞེས་བྱ་བ་ལ་སོགས་པས་ནི་འདྲིར་ཅིག་ཅར་གྱིས་ཁྱབ ་པར་སྟོན་པར་བྱེད་དེ། གང་དག་ལ་རྒྱུའི་ནུས་པ་ཐོགས་པ་མེད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ།། ཤོལ་ནི་སྡོད་པའོ།། གལ་ཏེ་འབྲས་བུ་རྒྱུའི་ཆོས་ཐམས་ཅད་ཀྱི་རྗེས་སུ་བྱེད་པར་གྱུར་ན། དེར་འགྱུར་བ་མ་ཡིན་ནམ། ཇི་ཙམ་དུ ་རྒྱུ་དང་འབྲས་བུ་གཉིས་གཅིག་རྡོཔ་ཁོ་ནར་འགྱུར་འོད་པས། ཇི་ལྟར་འབྲས་བུ་ཆོས་ཐམས་ཅད་ཀྱི་རྗེ་ས་སུ་བྱིད་པར་མི་འདོད་པ་བཞིན་དུ་རིམ་མ་ཡིན་པའི་རྗེས་སུ་བྱེད་པོ་ཉིད་འདི་ཡང་དེ་ལྟར་འགྱུར་དུ་འོང་ངོ་སྙམ་པ་ལ།། ་ཤོལ་ན་ནི་ཞེས་བྱ་བ་སྨོས་ཏེ། དེ་ལ་གལ་ཏེ་འབྲས་བུ་ལ་རྒྱུའི་ཆོས་མཐའ་དག་གི་རྗེས་སུ་བྱེད་པ་ཉིད་མོད་ཀྱི། འོན་ཀྱང་འདིས་གདོན་མི་ཟ་བར་དེ་ལ་ཡོད་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་འགྱུར་རོ། ་དེ་ལྟ་མ་ཡིན་ན་ཇི་ལྟར་དེའི་འབྲས་བུ་ཞེས་བྱ། དེ་ལྟ་ན་ནི་ཐམས་ཅད་ཀྱང་ཐམས་ཅད་ཀྱི་འབྲས་བུར་ཐལ་བར་འགྱུར་རོ།། གལ་ཏེ་ལྷན་ཅིག་བྱེད་པའི་རྒྱུ་ལ་བལྟོས་པའི་ཕྱིར་རྒྱུ་མ་ཚང་བ་མེད་པ་ཉིད་མ་གྲུབ་པོ་སྙམ་པ་ལ། བྱེ ་བྲག་ཏུ་བསྒྱུར་དུ་མི་རུང་བ་རྣམས་ནི་ལྷན་ཅིག་བྱེད་པའི་རྒྱུ་ལ་བལྟོས་པར་མི་འཐད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེ་དག་བདག་ཉིད་ཀྱིས་ནུས་ན་ནི་ཅིའི་ཕྱིར་ལྷན་ཅིག་བྱེད་པ་ཕན་པ་མེད་པ་དེ་དག་ལ་བལྟོས་པར ་འགྱུར། ཙ་སྟེ་མི་ནུས་ནི་ནི་དེ་ལྟ་ནི་ཡང་བལྟོས་པར་ཊཱི་རིག་ས་པ་མ་ཡིན་ཏེ། དེ་དག་གི་སྣ་དེ་དག་ལས་ཕན་པ་ཅུང་ཟད་ཀྱང་མི་འཐོབ་པའི་ཕྱིར་རོ།། འོན་ཏེ་ཐོབ་ན་ནི་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་རོ།། གཞན་ཡང ་འབྲས་བུ་བྱེད་པའི་དུས་ན་ཞེས་བྱ་བ་ལ་སོགས་པས་ནི་ལྷན་ཅིག་བྱེད་པ་ལ་བལྟོས་པ་ཡིན་དུ་ཚུགས་ན་ཡང་ལྷན་ཅིག་བྱེད་པའི་རྒྱུ་ཉེ་བའོ་དུས་ན་ཡོད་པ་དང་རང་བཞིན་ཁྱད་པར་མེད་པའི་ཕྱིར་དེ་དང་འབྲེལ་བའི་རང་བཞིན ་གྱི་རྗེས་སུ་འཇུག་པས་མྱི་འདོད་བཞིན་དུ་མགུལ་ནས་བརྟགས་པ་བཞིན་དུ་སྟོབས་ཀྱིས་དྲངས་པའི་ཕྱིར་ལྷན་ཅིག་བྱེད་པ་རྣམས་རྟག་ཏུ་གནས་པ་ཁོ་ན་ཡིན་པས་རྒྱུ་མ་ཚང་པོ་མེད་པ་ཉིད་ཀྱིས་འབྲས་བུ་དང་མི་འབྲལ་བར་ཐལ ་བ་བཟློག་དཀའོ་ཞེས་སྟོན་པར་བྱེད་དེ། གང་ལ་ལྷན་ཅིག་བྱེད་པའི་རྐྱེན་མཐའ་དག་དང་འདུག་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ།། འདིས་ན་གང་དག་ལྷན་ཅིག་བྱེད་པའི་རྒྱུ་དེ་ཉིད་ནུས་པའི་སྒྲར་བརྗོད་དེ། ཞེས་བྱ་བ་ལ་སོགས ་པར་སྨྲ་བ་གང་དག་དུས་ལ་སོགས་པའི་དངོས་པོ་རྣམས་རང་བཞིན་གཅིག་པ་ཡོད་མོད་ཀྱིས་རིམ་གྱིས་འཇུག་པ་ཅན་གྱི་མཐུ་རྣམས་ལ་བལྟོས་ནས་འབྲས་བུ་དག་སྐྱེད་པར་བྱེད་དོ་ཞེས་ཟེར་བ་དེ་དག་ཀྱང ་འདིས་བསལ་ལོ་ཞེས་སྟོན་པར་བྱེད་དེ། འདི་ལྟར་གལ་ཏེ་མཐུ་དེ་དག་དོན་གཞན་ཡིན་པར་འགྱུར་བ་ཁས་ལེན་ན་ནི་དེའི་ཚེ་ལྷན་ཅིག་བྱེད་པའི་རྒྱུ་དེ་ཁོ་ན་ལ་སྐད་དུ་བརྗོད་པར་ཟད་པས་བྱེ་བྲག་མེད་དོ།། དེའི་ཕྱིར་སུན་དུབྱུང་བ ་ཡང་དེ་ཁོ་ན་ཡིན་ནོ།། ཇི་དེ་དོན་གཞན་དུ་གྱུར་པ་མ་ཡིན་ན་ནི། དེའི་ཚེ་དེ་དག་དྲིའི་རང་བཞིན་ལས་ཐ་མི་དད་པའི་ཕྱིར་དེའི་རང་བཞིན་རྗེས་སུ་འབྲང་བ་བཞིན་དུ་རྟག་ཏུ་ཉེ་བའི་རང་བཞིན་ཡིན་པས་ཇི་ལྟར་ན་འབྲས་བུ་འཇིག ་བར་འགྱུར། ཅི་སྟེ་ཉེས་པ་འདིར་འགྱུར་དུ་འོད་ཞེས་བྱ་བ་ལ་སོགས་པས་ནི་ཚིགས་སུ་བཅད་པའི་ཕྱེད་འོག་མ་རྣམ་པར་འབྱེད་དེ། རྟག་པར་འདོད་པ་ཞེས་བྱ་བ་ནི་རྟག་པ་ཉིད་དུ་སེམས་པའོ།། དེ་དག་ལ་ཞེས་བྱ་བ་ནི་རྟག་པར་འདོད། ་པ་དག་ལའོ།། རང་བཞིན་སྔ་མ་ནི་འཇིག་པར་འགྱུར་རོ།། ཕྱི་མ་ནི་དབྱུང་བར་འགྱུར་རོ།། རང་གི་སྡེ་པོ་གང་དག་ཅེས་བྱ་བ་ལ་སོགས་པས་ནི་བྱེ་བྲག་ཏུ་སྨྲ་བའི་གཞུང་གིས་མ་གྲུབ་པ་ཉིད་རྗོད་པར་བྱེད་དོ།། དེ་དག་ནི་སོ་སོར་རྟགས ་པ་ལ་སོགས་པ་འདུས་མ་བྱས། འདུས་བྱས་ཀྱིས་འཇུག་པོ་ཐམས་ཅད་དང་མི་མཐུན་པ་རྫས་སུ་ཡོད་པ་ཐ་ན་རང་གི་ཡུལ་ཅན་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་དགོས་པ་མེད་པའི་ཕྱིར་ནུས་པ་ཐམས་ཅད་ཀྱིས་སྟོང་པར་འདོད ་དེདེ་རྒྱུ་དང་འབྲས་བུ་དག་ནི་འདུས་བྱས་ཡིན་གྱིས། དེ་དག་འདུས་མྱ་བྱས་ཀྱི་ནི་མུ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ།། དེ་ཡང་རྣལ་འབྱོར་པའི་ཤེས་པ་དམ་པའི་ཡུལ་ཡིན་པའི་ཕྱིར། དོན་དམ་པར་ཡོད་པའོ་ཞེས་བྱའོ།། དེའི ་ཕྱིར་དེ་དག་གི་ལུགས་ལྟར་ན་འབྲས་བུ་རིམ་ཅན་ལ་ཉེ་བར་སྦྱོར་བ་མེད་པའི་ཕྱིར། ཇི་ལྟར་ན་གཅིག་དང་དུ་མའི་རང་བཞིན་གྱིས་འགལ་བ་ཅན་དུ་འགྱུར། འགེལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་འདེབས་ཏེ། ཤེས་པ་གང ་ལ་བསྒོམ་པ་ལས་བྱུང་བ་ཡོད་པ་དེས་ཤེས་པར་བྱ་བའི་འདུས་མ་བྱས་གང་ཡིན་པ་དེ་སྨྲ་བའི་ངང་ཚུལ་ཅན་གང་དག་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་བའི་དོན་ཏོ།། དེ་དག་ནི་ཞེས་བྱ་བ་ནི་འདུས་མ་བྱས་དག་གོ།། ཡུལ་དང་ཡུལ ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་བསྡུ་ནི་ཕ་རོལ་གྱི་ལན་དུ་དོག་པར་བྱེད་པ་སྟེ། ཕ་རོལ་གྱི་བསམ་པ་ནི་གང་དག་གིས་ན་ཅིག་པ་ཉིད་ཉམས་པར་འགྱུར་བ་རྒྱ་སྐྱེགས་དང་རང་བཞིན་དུ་ཤེས་པ་རིམ་ཅན་དང་དེ་དག་འབྲེལ ་པར་ནི་ཁས་མཱི་ལེན་གྱི་ཡུལ་དང་ཡུལ་ཅན་ཉིད་དུའོ།། ཡུལ་དང་ཡུལ་ཅན་ཉིད་ནི་གཅིག་པ་ཉིད་དུ་མི་འགལ་བ་ཁོ་ན་སྟེ། དོན་དམ་པར་ན་ཤེས་པའི་རྭ་ང་གི་ངོ་བོ་ལ་མི་རེག་པ་ཁོ་ནར་ཡུལ་ཙམ་ཉིད་དུ་གནས་པའི་ཕྱིར་རོ། ་ཡུལ་ནི་གདོན་མི་ཟ་བར་རྒྱུའི་ངོ་བོ་ཁོ་ནར་འགྱུར་བ་ཡང་མ་ཡིན་ནོ་སྙམ་པ་ཡིན་ནོ།། མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་སོ།། འདི་ལ་ཕྱོགས་གཉིས་ཏེ། རེས་འགའ་རྣམ་པར་ཤེས་པ་སྔ་མ་ལ་སོགས ་པས་ཤེས་པར་བྱ་བ་གང་ཡིན་པ་དེའི་རང་བཞིན་དེ་རྣམ་པར་ཤེས་པ་ཕྱི་མ་ལ་སོགས་པ་སྐྱེ་བའི་དུས་ན་ཡང་རྗེས་སུ་འབྲང་ངམ། ཡང་ན་མི་འབྲང་བ་ཞིག་ཡིན་གྲང་། གལ་ཏེ་རྗེས་སུ ་འབྲང་བ་ཡིན་ན་ནི་དེའི་ཚེ་རྣམ་པར་ཤེས་པ་སྔ་མ་ལ་སོགས་པ་དུས་གཅིག་པ་ཉིད་དུ་འགྱུར་ཏེ། རྣམ་པར་ཤེས་པ་རྣམ་པའི་ཤེས་པར་བྱ་བའི་རང་བཞིན་རྗེས་སུ་འབྲང་བའི་ཕྱིར་རོ།། སྦྱོར་བ་ནི་གང་གི་གང་ཞིག་རྣམ་པར་ཤེས ་པ་གང་གིས་ཤེས་པར་བྱ་བའི་རང་བཞིན་རྗེས་སུ་འབྲང་བ་དེ་ནི་དེའི་ཚེ་རྣམ་པར་ཤེས་པ་དེའི་རྗེས་སུ་འབྲེང་བའི་རང་བཞིན་ཡིན་ནོ།། དཔེར་ན་རང་གི་རྣམ་པར་ཤེས་པ་སྐྱེ་བའི་གནས་སྐབ་ས་ན་འདུས་མ་བྱས་དེ་ཉིད་ལྟ་བུ་སྟེ། ཕ ་རོལ་པོས་འདོད་པ་འདུ་སོ་མ་བྱས་རྣམ་པར་ཤེས་པ་སྔ་མ་དང་། ཕྱི་མས་ཤེས་པར་བྱ་བའི་རང་བཞིན་རྣམས་རྟག་ཏུ་རྗེས་སུ་འབྲང་བས་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ།། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ ་ནི་གཏན་ཚིགས་འདིའི་མ་ངེས་པ་ཉིད་ཡོངས་སུ་སྤོང་བར་བྱེད་དེ། རྣམ་པར་ཤེས་པ་མེད་ན་རྣམ་པར་ཤེས་བྱའི་རང་བཞིན་ཉིད་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ།། དེའི་ཕྱིར་གཅིག་ལ་དུས་གཅིག་ཏུ་ཡོད་པ་དང ་མེད་པ་ཕན་ཚུན་འགལ་བ་ཡོད་པར་ཁས་བླངས་པར་འགྱུར་ཏེ། དེའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ།། ཕྱོགས་གཉིས་པ་ལ་ཡང་རང་བཞིན་གཞན་དང་གཞན་སྐྱེ་བའི་ཕྱིར་དང་། སྔ་མ་སྔ་མ་ཡང་འཇིག་པའི་ཕྱིར་རྣམ་པར་ཤེས་པ ་དེ་དང་འདྲ་བར་སྐད་ཅིག་པ་ཉིད་དུ་ཐལ་བར་འགྱུར་རོ།། དེ་ཉིད་ཇི་སྟེ་ཤེས་པ་སྔ་མ་དང་ཕྱིས་མས་ཤེས་བྱ་བ་ལ་སོགས་པས་དོགས་པར་བྱས་ནས་གལ་ཏེ་དེ་ལྟ་ན་ནི། སྔོན་དང་ཕྱི་མའི་གནས་རྣམས་སུ་ཞེས་བྱ་བ་ལ་སོགས་པས་སྟོན ་པར་བྱེད་དེ། བསམ་གཏན་ཉིད་ཐུར་མ་ཡིན་ལྔ་གང་དག་ལ་དེས་བློ་གྲོས་ཀྱི་མིག་ཕྱེ་བ་ཡོད་པ་ཞེས་བྱ་ཚིགས་རྣམ་པར་སྦྱར་རོ།། གཞན་གྱི་དུས་ན་མེད་ཅེས་བྱ་བ་ནི་རེས་འགའ་ཡོད་ཅེས་བྱ་བའི་ཐ་ཚིག་གོ།། དེ་ཡང་ཞེས་བྱ་བ་ནི་འདུས ་མ་བྱས་ཉིད་དོན་ཏོ།། མི་འདའ་བར་འགྱུར་རོ་ཞེས་བྱ་བ་ནི་ཡུལ་གྱིས་རིམ་གྱིས་ཡུལ་ཅན་གྱི་རིམ་པ་ལ་ཁྱབ་པས་ཡུལ་ཅན་གྱི་རིམ་པ་ནི་ཡུལ་གྱིས་བྱས་པའི་ཕྱིར་ཁྱབ་པ་ཉིད་སྟོན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ།། དེས་ལྟར ་རྒྱ་དང་རྐྱེན་རྣམས་ཀྱིས་བྱས་པ་ཉིད་ཀྱི་ཕྱིར་འདུས་མ་བྱས་སུ་སྟོན་པ་ཡང་མི་རུང་སྟེ། སྐད་ཅིག་མ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་རྣམས་བྱེད་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ན་སྐད་ཅིག་རྣམས་རྒྱུ་མེད་པ་ཉིད་དུ་འགྱུར་རོ།། དེའི་ཕྱིར་རེས ་འགའ་བ་ཉིད་དུའང་མི་འཐོད་དོ།། ཡོད་པ་དང་མེད་པའི་དུས་གཉིས་བྱེ་བྲག་མེད་པའི་ཕྱིར་རོ།། འདི་དག་ཐམས་ཅད་ནི་བདག་གིས་རློམས་ཏེ་སྨྲས་སུ་ཟད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་སུ་ན་དབྱུང་བ་གཞན་ཡང་སྟོན་ཏེ། བསྡུས་པའི ་དོན་ནི་གང་གིས་ན་ཕྱོགས་ཀྱི་ཆོས་ཉིད་དུ་མི་འགྱུར་བ་དོན་བྱེད་པས་སྟོང་པ་དེ་ལྟ་བུ་ཕྱོགས་ཀྱི་ཁོངས་སུ་འདུས་པར་འདོད་པ་ནི་མ་ཡིན་ཏེ། དོན་བྱེད་པས་སྟོང་པ་ནི་རྟོག་པ་དང་ལྡན་པ་རྣམས་ཀྱིས་བཏང་སྙོམས་སུ་བྱ་བ་ཉིད ་དུ་གནས་པའི་ཕྱིར་ཞེས་བྱ་བ་ཡིན་ནོ།། འདིས་ནི་གང་དག་མི་རྟག་པ་ཉིད་ལ་སོགས་པར་སྒྲུབ་པ་ཡོད་པར་ལ་སོགས་པ་ལ། དེ་ལྟ་བུས་མ་ངེས་པ་ཉིད་དུ་རྗོད་པར་བྱེད་པ་དེ་དག་ཀྱང་བསལ་བ ་ཁོ་ནར་ཁོང་དུ་ཆུད་པར་བྱ་སྟེ། རྟོག་པ་དང་ལྡན་པའི་ཐ་སྙད་ཀྱི་ཡུལ་དོན་བྱེད་ནུས་པའི་མཚན་ཉིད་ཀྱི་ཡོད་པ་གཏན་ཚིགས་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་རོ།། དེ་ལྟ་བུ་ནི་མེད་པ་རྣམས་ལེགས་ཤིག་ཏུ་བསྟན་པར་ཡང་མི་ནུས ་ཏེ། མེད་པ་ནི་ནུས་པ་ཐམས་ཅད་དང་བྲལ་བ་ཙམ་གྱི་མཚན་ཉིད་ཡིན་པའི་ཕྱིར་རོ།། རློམས་པ་ནི་ངའོ་སྙམ་པའི་ང་རྒྱལ་ལོ།། གཞན་དུ་ན་ཞེས་བྱ་བ་ནི་གལ་ཏེ་དོན་བྱེད་པར་རུང་བའི་ཡུལ་དཔྱད་པར་མི་འདོད་ན་དེའི་ཚེ་དོན་པ་དོན་དུ ་གཉེར་བའི་སྐྱེས་བུ་རྣམས་ལ། དངོས་པོ་དོན་བྱེད་པ་དཔྱད་པ་དག་ཅི་དགོས་ཤེས་བརྗོད་པར་བྱ་བ་སྟེ། རྟོག་པ་དང་ལྡན་པའི་འཇུག་པ་ནི་དགོས་པ་དང་ལྡན་པའི་ཕྱིར་རོ།། གལ་ཏེ་དེ་ལྟར་གང་ཟག་དང་གཟུགས་ལ་སོགས་པ ་རྣམས་གཏན་མེད་ན། ཇི་ལྟར་བདག་མེད་པ་བསླབ་པར་བྱ་སྙམ་པ་ལ། དངོས་པོ་རྣམ་པ་དེ་ལྟ་བུ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། འདི་སྐད་དུ་དིན་བྱེད་ནུས་པར་གྲགས་པ་གང་ཡིན་པ་དེ་ཁོ་ན་ལ་སྒྲོ་བཏགས་པ་ལ ་ཡོད་པའི་སྒོ་ནས་ནི།། གང་ཟག་ལ་སོགས་པ་བདག་མེད་པར་སྒྲུབ་པར་བྱེད་ལ། དགག་པའི་སྒོ་ནས་ནི་གཟུགས་ལ་སོགས་པ་ལ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པའི་ངོ་བོ་འགོག་པར་བྱེད་ཀྱི། གང་ཟག་ལ་སོགས་པ ་ནུས་པ་དང་བྲལ་བ་ལ་གཞི་མེད་པར་འགོག་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། འོ་ན་གཞན་ལ་ཇི་ལྟ་ཇི་ལྟར་བསྒྲུབ་སྙམ་པ་ལ། གཞན་ནི་བསྒྲུབ་པ་ཡང་མེད་དགག་པ་ཡང་མེད་ཅེས་བྱ་བ་ལ་སོགས་པ་སྨོས ་སོ།། འོ་ན་གང་དག་གང་ཟག་ཅེས་བྱ་བ་རྟག་པ་ལ་སོགས་པའི་རྣམ་པར་བརྗོད་དུ་མེད་པ་ཉིད་དངོས་པོར་འདོད་པ་དེ་དག་ལ་ཇི་ལྟར་རང་བཞིན་མེད་པ་ཉིད་འགྲུབ་པར་འགྱུར། ཇི་ལྟར་འདི་ལ་གཏན་ཚིགས་འགྲུབ་སྙམས་པ་ལི ་དེ་ལྟ་བས་ན་དོན་ཕྱེ་ས་ནུས་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཉིད་ཀྱི་ཕྱིར་འདི་ལྟར་མཁས་པ་རྣམས་ནི་དོན་བྱེད་ནུས་པ་ལ་དངོས་པོའི་མཚན་ཉིད་དུ་བརྗོད་པར་བྱེད་ལ། དོན་བྱེད་ནུས་པ་ལ་ཡང་སྐད་ཅིག་པ་ཉིད་ཀྱིས་ཁྱབ་པ ་ཡིན་ནོ།། གཞན་ན་རིམ་དང་ཅིག་ཤོས་ཀྱི་དོན་བྱེད་པར་འགལ་བའི་ཕྱིར་རོ།། ཆོས་ཅན་གང་ཟག་ལ་ཡང་སྐད་ཅིག་པ་ཉིད་ལོག་ན། སྐད་ཅིག་པས་ཁྱབ་པ་ཇི་སྐད་སྨྲས་པའི་ཡོད་པ་ལྡོག་པ་ཡང་སྒྲིམ་མི་དགོས་པར་གྲུབ་པ་ཉིད ་དེ། གཞན་ཡང་སྐད་ཅིག་སྐད་ཅིག་མ་ཡིན་པར་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་གྲུབ་པར་སྟོན་པར་བྱེད་དོ།། སྐད་ཅིག་པ་ཡིན་པར་གྱུར་ན་ནཱི་རང་བཞིན་གཞན་དང་གཞན་འབྱུང་བའི་ཕྱིར་དུ་མའི་རང་བཞིན་ཉིད་དུ ་འགྱུར་རོ།། སྐད་ཅིག་མ་མ་ཡིན་ན་ནི་རང་བཞིན་ཕྱི་མ་གཞན་མི་སྐྱེ་བའི་ཕྱིར་དང་། སྔ་མ་ཡང་མ་ཞོག་པའི་ཕྱིར་གཅིག་པུ་ཉིད་དུ་འགྱུར་རོ།། གཉི་གའི་ངོ་བོ་ཡང་མི་སྲིད་ན་ནི་གཅིག་དང་དུ་མིའི་རང་བཞིན་དང་བྲལ་བ་ཇི་ལྟར་མི ་འགྱུར་ཁྱབ་པར་བྱེད་པ་ལོག་ན་ཁྱབ་པར་བྱ་བ་གནས་པ་ནི་མེད་དེ། ཁྱབ་པར་བྱེད་པས་མ་ཁྱབ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། དེའི་ཕྱིར་གང་ཟག་ལ་གཏན་ཚིགས་གྲུབ་པ་ཁོ་ན་ཡིན་ནོ།། རེ་ཞིག ་དེ་ལྟར་རྟག་པའི་ཕུང་པོ་གནས་པ་རྣམས་ལ་གཅིག་དང་དུ་མིའི་རང་བཞིན་དང་བྲལ་བར་བསྒྲུབས་པ་ཡིན་ནོ།། ཡང་དེ་ལྟ་མ་ཡིན་པར་ཕུང་པོ་གཉིས་སུ་བཞག་ནས། དངོས་པོ་ཐམས་ཅད་ལས་གཅིག་དང་དུ་མའི་རང་བཞིན་དང་བྲལ ་པར་རབ་ཏུ་བསྒྲུབ་པའི་ཕྱིར་གཞན་ཡང་གཞན་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཁྱབ་པ་ཞེས་བྱ་བ་ནི་ཐམས་ཅ་ན་ཡོད་པ་སྟེ། དཔེར་ན་བདག་དང་ན་མཁའ་ལ་སོགས་པ་ལྟ་བུའོ།། བཟློག་པ་ནི་མ་ཁྱབ་པ་ཡིན་པར་རིག ་པར་བྱའོ།། ར་རྫོགས་པ་ནི་ཡན་ལག་ཅན་རྣམས་སོ།། རྡུལ་ཕྲ་རབ་ལ་སོགས་པ་ནི་ཕྲ་མོ་རྣམས་སོ།། ཕུང་པོ་སྔ་མ་བསྟན་པ་ལ་མི་རྟག་པ་རྣམས་ནི་མ་ཁྱབ་པའི་ཕུང་པོའི་ནང་དུ་འདུས་པར་ཁོང་དུ་ཆུད་པར་བྱས་ཏེ། དེས་ན་དེ ་ངག་ལོགས་ཤིག་ཏུ་གཅིག་དང་དུ་མའི་རང་བཞིན་དང་བྲལ་བར་རབ་ཏུ་མི་བསྒྲུབ་བོ།། བུམ་པ་ལ་སོགས་པ་གང་དག་ལ་ཐ་དད་པའི་ཕྱོགས་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ།། བསྒྲིབས་པ་དང་མ་བསྒྲིབསོ་པ་ནི་བསྒྲིབས་པ ་དང་མ་བསྒྲིབས་པ་དག་གོ།། དེ་གཉིས་ཀྱི་དངོས་པོ་ནི་བསྒྲིབས་པ་ཉིད་ལ་སོགས་པ་སྟེ། སོགས་པའི་སྒྲས་མི་གཡོ་བ་དང་མི་གཡོ་བ་ཉིད་ལ་སོགས་པ་བསྡུའོ།། སྦྱོར་བ་ནི་གང་དག་བུམ་པ་ལ་སོགས་པ་ཕྱོགས་ཐ་དད་པ་ཅན ་ངག་དང་ལྡན་པ་དེ་དག་ནི་ངེས་པར་རང་བཞིན་གཅིག་པ་མ་ཡིན་ཏེ། དཔེ་ན་གཞོང་བུ་སྣ་ཚོགས་ན་འདུག་པའི་རྒྱུ་ཤུག་ལྟ་བུ་སྟེ། ནམ་མཁའ་ལ་སོགས་པའི་དངོས་པོ་རྣམས་ཀྱང་ཕྱོགས་ཐ་དད་པ་ཅན་དང་ལྡན་པས་ཁྱབ་པར་བྱེད ་པ་འགལ་པོ་དམིགས་པ་ཡིན་ཏེ། འདི་ནི་ཐལ་བར་འགྱུར་བར་བསྒྲུབ་པ་ཡིན་ནོ།། གཏན་ཚིགས་ཀྱི་ཁྱབ་པ་གཏན་པའི་ཕྱིར། ན་མཁའ་ལ་སོགས་པ་ཕྱོགས་ཐ་དད་པའི་ཤིང་ལ་སོགས་པ་དང་འབྲེལ་པ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གལ་ཏེ་རང་བཞིན་ཐ་དད་པ་ཉིད་དུ་ཁས་མི་ལེན་ན་ནཱི། དེའི་ན་མཁའ་ལ་སོགས་པ་དང་འབྲལ་པའི་རང་བཞིན་གསལ་བ་ཐམས་ཅད་ཕྱོགས་གཅིག་པར་ཐལ་བར་འགྱུར་ཏེ། སྤྱི་ལ་སོགས་པ་དངོས་པོ་གཅིག་དང ་འབྲེལ་པའི་རང་གི་ངོ་བོ་ཡིན་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ཏེ་ཕྱོགས་ཐ་དད་པ་ཡིན་ན་ནི་སྤྱི་ལ་སོགས་པ་དེ་ཉིད་གཞན་ན་གནས་པར་མི་འགྱུར་ཏེ། དེ་གསལ་བ་གཅིག་གིས་བསྡུས་པའི་རོང་གི་ངོ་བོ་ཡིན་པའི་ཕྱིར་རོ།། རང་བཞིན ་ཐ་དད་པ་གཞན་ཡང་མེད་པའི་ཕྱིར་ཏཱཾ། རང་བཞིན་མེད་ན་འབྲེལ་པ་མི་རུང་བས་མ་ངེས་པོ་ཉིད་མ་ཡིན་ནོ།། རགས་པ་རྣམས་ཀྱང་སྒྲིབས་དཱི་པ་དང་མ་བསྒྲིབས་པ་ཉིད་ལ་སོགས་པ་ཕན་ཚུན་འགལ་བའི་ཆོས་གནས་པའི་ཕྱིར་སྐུ ་ཅན་དང་ལུས་ཅན་མ་ཡིན་པ་བཞིན་དུ་རང་བཞིན་གཅིག་པ་ཉིད་དུ་རིགས་པ་ཡིན་ནོ།། གལ་ཏེ་སྒྲིབ་པ་ལ་སོགས་པ་ཡན་ལག་རྣམས་ཀྱི་ཡིན་གྱི་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོས་མ་གྲུབ་པ་ཉིད་དུ་བརྗོད་པའི་དོགས་པ་བསལ ་བ་སྟེ་ཕ་རོལ་གྱི་བསམ་པ་ནི་རྟེན་དངོས་པོ་གཅིག་ལ་བསྒྲིབས་པ་ཉིད་ལ་སོགས་པ་འགལ་གྱི། རྟེན་ཐ་དད་པ་ལ་ནི་མ་ཡིན་ཏེ་ཡན་ལག་ཅན་གཅིག་ལ་ནི་བསྒྲིབས་པ་ཉིད་ལ་སོགས་པ ་མ་གྲུབ་པོ། འོ་ན་ཇི་ལྟ་བུ་ཞེ་ན། ཡན་ལག་རྣམས་ལ་སྟེ་དེའི་ཕྱིར་གཏན་ཚིགས་མ་གྲུབ་པོ་སྙམ་པ་ཡིན་ནོ།། ཅི་ཡན་ལག་ཅན་འདི་དག་ཅེས་བྱ་བ་ལ་སོགས་པས་ནི་ལན་འདེབས་པར་བྱེད་དོ།། དེ་ལ་ཡན་ལག་ཅན་དག ་ཇི་སྟེ་ན་ཡན་ལག་རྣམས་དང་ལྡན་ནམ་མི་ལྡན་ཞེས་བྱ་བ་ཕྱོགས་གཉིས་ཏེ། རོ་ཞིག་གལ་ཏེ་མི་ལྡན་ཞེས་བྱ་བའི་ཕྱོགས་ཡིན་ན་ནི་དེའི་ཚེ་བསྒྲིབས་པ་ལ་སོགས་པ་དག་ཡན་ལག་རྣམས་ཀྱི། ཡན་ལག་ཅན་གྱི་མ་ཡིན་ནོ། ་ཞེས་གང་སྨྲས་པ་དེ་ནི་བདེན་ན། འོན་ཀྱང་ཡུལ་ཕན་ཚུན་རྣམ་པར་ཆད་པས་བསྒྲིབས་པ་དང་མ་བསྒྲིབས་པ་ལ་སོགས་པ་ལ་སོགས་པ་ཆོས་མི་མཐུན་པར་གནས་པ་དམིགས་པའི་རིག་བྱར་གྱུར་པ་ལུས་དེ་དང་རྐང་པ་ལ་སོགས ་པ་ཡུལ་ཐ་དད་པ་ན་གནས་པའི་ཕྱིར་སོ་སོ་སོ་སོར་ཅིའི་ཕྱིར་མྱིག་གི་སྤྱོད་ཡུལ་དུ་མི་འགྱུར་བ་བརྗོད་པར་བྱ་དགོས་སྷོ།། འོན་ཏེ་ལྡན་ཞེས་བྱ་བའི་ཕྱོགས་ཡིན་ནོ།། ཞེ་ནཱ་ནི་དེའི་ཚེ་ངེས་པར་ཆོས་འགལྔ་པ་གནས་པར ་ཐལ་བར་འགྱུར་རོ་ཞེས་སྟོན་པར་བྱེད་དོ།། གལ་ཏེ་དེ་དག་ཀྱང་དེ་ཡིན་ནོ་ཞེས་ཞེས་བྱ་བ་ལ་ཕ་རོལ་གྱི་བསམ་པ་ནི། གང་གི་ཕྱིར་ཡན་ལག་ཅན་དེ་དང་ཡན་ལག་དེ་དག་འདུ་བའི་མཚན་ཉིད་ཀྱི་འབྲེལ་བ་ཅན་ཡིན་པ་དེའི་ཕྱིར ་ལོགས་ཤིག་ཏུ་དམིགས་པར་མི་འགྱུར་རོ་སྙམ་པའི་ཡིན་ནོ།། དེ་ཉིད་དོ་ཞེས་བྱ་བ་ནི་དྲི་སཱ་ན་དེ་ཉིད་དོ་ཞེས་ཕ་རོལ་ཁས་ལེན་པའོ།། གལ་ཏེ་དེ་ཉིད་དོ་ཞེས་ཁྱོད་ཁས་མི་ལེན་ན། དེའི་ཚེ་ཉེས་པ་ཅིར་འགྱུར་ཞེ་ན། གཞན་དུ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། རགས་པ་ནི་དུ་མ་ཚོགས་པ་ཙམ་ཁོ་ན་ཡིན་པར་འགྱུར་གྱི་གཅིག་པུ་ནི་མ་ཡིན་པར་འགྱུར་རོ།། འདི་ནི་དེ་བས་ཀྱང་ཆེས་རགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་འགལ་བ་གནས་པར་སྒྲུབ་པར ་བྱེད་དེ། འདི་ལྟར་རིགས་པ་གང་ཞིག་ཡན་ལག་དམིགས་པ་དང་ལྡན་པར་ཀུན་ཏུ་དམིགས་པ་དེ་ཉིད་ཡན་ལག་བསྒྲིབས་པ་ལ་ཡང་ཡོད་པས། ཡན་ལག་བསྒྲིབས་པ་ལ་ཡང་དེ་ཁོ་ན་བཞིན་དུ་དམིགས་པར་འགྱུར་བ་ཞིག་ན ་ནི་མི་དམིགས་ཏེ། དེ་ལྟ་བས་ན་བསྒྲིབས་པ་དང་མ་བསྒྲིབས་པ་ཉིད་ལ་སོགས་པ་ཆོས་འགལ་བ་གནས་པར་གྲུབ་པ་ཉིད་དོ།། རེ་ཞིག་ད་ལྟར་རགས་པ་རྣམས་ལ་རང་བཞིན་གཅིག་པ་ཉིད་བསལ་བ་ཡིན་ནོ།། ད་ནི་རྡུལ་ཕྲ་རབ་རྣམས ་ལ་ཡང་བསལ་བའི་ཕྱིར་རོ།། འོན་ཀྱང་གང་ཐོག་མར་དེ་རྩོམ་པའམ། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཐོག་མར་དེ་རྩོམ་པ་ཞེས་བྱ་བ་ནི་ཇི་ལྟར་བྱེ་བྲག་པ་རྣམས་ཀྱིས་ཡོངས་སུ་རྟགས་པ་ལྟ་བུ་སྟོན་པར་བྱེད་པ་དེ། དེ་དག་ནི ་རྡུལ་ཕྲ་རབ་གཉིས་པ་ལ་སོགས་པ་རགས་པའི་རྫས་དང་པོ་རྩོམ་པར་བྱེད་པ་ནི་རྡུལ་ཕྲ་རབ་རྣམས་ཁོ་ན་ཡིན་པར་འདོད་དོ།། རགས་པ་གདགས་པའི་རྒྱུ་ཞེས་བྱ་བ་ནི་མདོ་སྡེ་པའི་ལུགས་སུ་བཤད་པ་སྟེ། དེ་དག་ནི་རགས་པ་གདག ་པའི་རྒྱུ་རྡུལ་ཕྲ་རབ་རྣམས་དེ་ལྟར་གནས་པ་འབའ་ཞིག་ཏུ་ཟད་ཀྱི་རྫས་གཞན་ནི་མེད་དོ་ཞེས་བརྗོད་དོ།། དེ་ལ་ཁ་ཅིག་ན་རེ་རྡུལ་ཕྲ་རབ་རྣམས་ཕན་ཚུན་རོག་ག་ཞེས་ཟེར་རོ།། གཞན་དག་ནུ་རེ་རིགས་མཐུན ་པ་མང་པོར་བསྐོར་བ་རྣམས་ནི་བར་དང་བཅས་པ་ཁོ་ན་ཡིན་ལ། རགས་པར་འཁྲུལ་པའི་རྒྱུ་མཚན་ཡིན་ནོ་ཞེས་ཟེར་ཏེ། དཔེར་ན་སློབ་དཔོན་དགེ་བསྲངས་ཀྱིས།། གང་ལ་ཕྱོགས་ཆ་ཐ་དད་ཡོད།། དེ་ནི་གཅིག་པུ་མི་རུང་ངོ་།། ཞེས་བྱ ་འདི་སུན་དབྱུང་བའི་བསམ་པས། ཐ་དད་ཕྱོགས་ནས་མང་པོ་དག། འགའ་ལ་ཀུན་ནས་བསྐོར་ཙམ་དུ།། བརྗོད་པར་ཟད་ཀྱི་རྡུལ་དེ་ནི།། ཆ་ཤས་བཅས་པའི་བདག་ཉིད་མིན། ཞེས་བཤད་པ་ལྟ་བུའོ།། འདིའི་དོན་ནི་འདི་ཡིན་ཏེ། ་ཐ་དད་ཕྱོགས་ནས། ཤེས་བྱ་བའི་གཏན་ཚིགས་འདིས་ནི་རྡུལ་ཕྲ་རབ་མང་པོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་ཙམ་དུ་བརྗོད་པར་འགྱུར་གྱི། ཡན་ལག་དང་བཅས་པ་ནི་མ་ཡིན་ནོ་ཞེས་བྱ་བར་ཟད་དེ། འདིར་ཡང་བར་དང་བཅས་པ་དག ་ཁོ་ནར་གནས་སོ་ཞེས་དེ་སྙམ་དུ་བསམ་ས་ནས་སྨྲས་པ་ཡིན་ནོ།། གཞན་དག་ན་རེ་རེག་པ་ཡང་མ་ཡིན་ལ་བར་དང་བཅས་པ་དག་ཀྱང་མ་ཡིན་མོད་ཀྱི། འདབ་ཆགས་ཁྲོ་ནར་གནས་སོ་ཞེས་ཟེར་ཏེ། ཇི་སྐད་དུ་བཙུན་པ་ན་རེ་རྡུལ ་རྣམས་མི་རེག་ཀྱང་བར་མེད་པས་རེག་པར་འདུས་སོ་ཞེས་སོ།། ཞེས་ཟེར་བ་ལྟ་བུའོ།། དེ་ལ་ཕྱོགས་དང་པོ་ལྟར་ན་བདག་ཉིད་ཐམས་ཅད་ཀྱིས་འབྱོར་ན་ནི་ཐམས་ཅད་ཀྱི་རང་བཞིན་ཕན་ཚུན་རྗེས་སུ་ཞུགས་པའི་ཕྱིར་གོང་བུ་རྡུལ ་བྷ་རབ་གཅིག་ཙུམྦ་དུ་འགྱུརོ།། བདག་ཉྀད་ཐཱམམྦྷ་ཅད་ཀྵཱིས་ཤློ་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་རང་བཞིན་ཅི་འདྲ་བ་དུ་ཁྱབ་ནས་ཞེས་བྱ་བའི་ཐ་ཚིག་ག། ཕྱོགས་གཅིག་གིས་ཞུས་བྱ་བ་ནི་རང་བཞིན་མ་ཁྱབ་ནས་ཤེས་བྱ་བའི་ཐ ་ཚིག་གོ།། དེས་ནི་སྣང་བྱེད་ཀྱི་རྡུལ་ཕྲ་རབ་ནི་རང་བཞིན་གཅིག་པ་ཡིན་པས་ཐམས་ཅད་ཅེས་བྱ་བ་དང་ཕྱོགས་གཅིག་ཅེས་བྱ་བའི་སྒྲ་མི་འཐད་དེ། ཐམས་ཅད་དང་ཕྱོགས་གཅིག་ནི་ཡུལ་ཐ་དད་པའི་ཕྱིར་རོ་ཞེས་གང་སྨྲས་པ ་དེ་བསལ་བ་ཡིན་ནོ།། ཕྱོགས་གཉིས་པ་ལྟར་ནུ་ཡང་རིགས་འཐུན་པ་རྣམས་དང་རེག་པར་མི་འདོད་དུ་ཆུག་ཀྱང་། ཕྲག་ནི་སྣང་བ་དང་མུན་པའི་ངོ་བོ་ཡིན་པའི་ཕྱིར་རིགས་མི་མཐུན་པ་སྣང་བ་དང་། མུན་པའི་རྡུལ་ཕྲ་རབ་རྣམ ་དང་རེག་པར་འདོད་པ་ཉིད་དོ།། སྣང་བས་མནོན་པའི་མུན་པ་དང་བྲལ་བ་ཉིད་དང་། མུན་པས་གནས་སུ་མ་བྱས་པའི་སྣང་བ་དང་བྲལ་བ་ཉིད་ནི་རིག་པ་དང་ལྡན་པ་མ་སཱི་ཏེ། ཉིད་འབྱུང་བ་ནཱི་ཡུལ་ལ་སོགས་པ་ཕན་ཚུན་བྲལ་བ་ཙམ་ལ་རག་ལས་པའི ་ཕྱིར་རོ་བར་མེད་པའི་ཕྱོགས་ཀྱང་སྨད་པའི་ཕྱོགས་ཁོ་ནའི་ཁོངས་སུ་འདུས་ཏེ། ཕྲད་པའི་རྣམ་གྲངས་ཡིན་པའི་ཕྱིར་རོ།། བར་གྱི་ཡུལ་དང་བྲལ་བ་རྣམས་ལ་ནི་འབྱར་པ་མ་གཏོགས་པ་རྣམ་པ་གཞན་མེད་དོ།། དོན་དེ་ཉིད ་སྒྲ་གཞན་གྱིས་བརྗོད་ཀྱང་གཞན་དུ་མི་འགྱུར་རོ།། ཕྱོགས་ཐམས་ཅད་སྤྱིར་སུན་དབྱུང་བར་འབྱར་བ་དང་ནི་བསྐོར་བའམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དབུས་ན་ཡོད་པའི་རྡུལ་ཕྲ་རབ་གང་ཡིན་པ་དེ་རང ་བཞིན་གང་གིས་རྡུལ་ཕྲ་རབ་གཅིག་ལ་བལྟས་ཏེ་གནས་པ་དེ་ཉིད་ཀྱིས་གཞན་ལ་བལྟས་སམ། འོན་ཏེ་མ་ཡིན་ཞེས་བྱ་བ་བརྟག་པ་གཉིས་སོ།། དེ་ལ་ཕྱོགས་དང་པོ་ལྟར་ན་བསྐོར་བའི་རྡུལ་ཕྲ ་རབ་ཐམས་ཅད་ཕྱོགས་གཅིག་པ་ཉིད་དུ་ཐལ་བར་འགྱུར་ཏེ། དེའི་རང་བཞིན་ལ་བལྟས་པ་ཉིད་ཀྱི་ཕྱིར་རོ།། རྡུལ་ཕྲ་མོ་གང་ལ་རང་བཞིན་དེ་གཅིག་ཡོད་པ་ནི་དེའི་རང་བཞིན་ཡིན་ལ་རྡུལ་ཕྲ་མོ་གང་ལ་དེའི་རང་བཞིན་གྱི་རྡུལ་ཕྲ ་མོ་ལ་བལྟས་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ཏེ་དངོས་པོ་ནི་དེའི་ཉིད་དོ།། སྦྱར་བ་ནི་རྡུལ་ཕྲ་རབ་ཀྱི་ངོ་བོ་གཅིག་ལ་བལྟས་པའི་རང་བཞིན་གང་ཡིན་པ་དེ་ནི་ཕྱོགས་གཅིག་པ་ཅན་ཡིན་ཏེ། དཔེར་ན་དབུས་ན་གནས་པ ་རྡུལ་ཕྲ་རབ་དེ་ཉིད་ཀྱི་ཤར་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ་ལྟ་བུ་འམ་ཤར་ཕྱོགས་ཀྱི་ཁང་པ་ལ་ཁང་པ་གཅིག་བལྟས་པ་སྟུ་ཙསྟེ། བསྐོར་བའི་རྡུལ་ཕྲ་རབ་ཐམས་ཅད་ཀྱང་རྡུལ་ཕྲ་རབ་གཅིག་ལ་བལྟས་པའི་རང་བཞིན་ཡིན ་པས་རང་བཞིན་གྱི་གཏན་ཚིགས་སོ།། ཕྱོགས་ཐ་དད་པ་ན་གནས་པ་ཡིན་ན་ནི་མངོན་པར་འདོད་པའི་རྡུལ་ཕྲ་རབ་གཅིག་པུ་ལ་བལྟས་པའི་རང་བཞིན་དག་ཏུ་མི་འགྱུར་ཏེ། རྡུལ་ཕྲ་རབ་དེ་ལ་རང་བཞིན་གཞན་མེད ་པའི་ཕྱིར་རོ།། རང་བཞིན་མེད་ན་བལྟས་པ་ཡང་མི་རུང་བའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ།། དེའི་ཕྱིར་ཡང་དག་པར་བསྐོར་ཏེ་གནས་མེད་པས་རྡུལ་ཕྲ་རབ་རྣམས་རྒྱས་པར་མི་འགྱུར་རོ།། ཕྱོགས ་གཉིས་པ་ལྷུར་ན་ཡང་ཡན་ལག་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་བར་གསལ་བར་བདག་གིས་རྣམ་པར་མ་ཕྱེའོ།། རྡུལ་ཕྲ་མོ་རྣམས་རང་བཞིན་མེད་པ་ཉིད་དུ་གྲུབ་པ་ཁོ་ནས་རྡུལ་ཕྲ་མོ་ལ་བལྟོས་ནས་རབ ་ཏུ་བརྟགས་པའི་བདག་ཉིད་དུ་གནས་པའི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་འབད་མི་དགོས་པར་གྲུབ་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། རྡུལ་ཕྲན་རང་བཞིན་མེད་གྲུབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ། ་འདིར་འཐད་པ་དེ་ཡི་རང་བཞིན་དེས་བརྩམས་དང་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། དེ་ལ་རེ་ཞིག་རང་གི་སྡེ་པ་རྣམས་ནི་གཟུགས་ཅན་གྱི་ཁམས་རྣམས་སུ་རྣམ་པར་བཞག་པ་གང་དག་ཡིན་པ་དེ་དག་ནི་རྡུལ་ཕྲ་རབ ་ཀྱི་རང་བཞིན་ཁོ་ན་ཡིན་པར་འདོད་དོ།། ཁམས་གཞན་གང་དག་ཡིན་པ་དེ་དག་ཀྱང་དངོས་སུ་འམ་བརྒྱུད་པས་རྡུལ་རབ་ལ་བརྟེན་པའི་ཕྱིར་རྡུལ་ཕྲ་རབ་ཀྱིས་བརྩམས་པ་ཡིན་པ་ཁོ་ནར་བརྗོད་དོ།། བྱེ་བྲག་ལ་སོགས་པ ་ནི་རྡུལ་ཕྲ་མོ་གཉིས་པོ་ལ་སོགས་པའི་བར་འབྲས་བུའི་རྫས་ནི་རྡུལ་ཕྲ་རབ་རྣམས་ཀྱིས་དངོས་དང་རྒྱུད་དེ་བརྩམས་པ་ཁོ་ནར་འདོད་དོ།། གྲངས་ལ་སོགས་པ་ཡོན་ཏན་རྣམས་ཀྱང་ཕལ་ཆེར་དངོས་སུ་འམ་བརྒྱུད ་བས་རྫས་རྣམས་ཁོ་ན་ཡིན་པར་ཁས་ལེན་ཏེ། དེའི་ཕྱིར་དེ་དག་གི་ཡོན་ཏན་ཡིན་པས་དེའི་ཡོན་ཏན་ཞེས་བྱའོ།། འདེགས་པ་ལ་སོགས་པ་ལས་ཀྱི་བྱེ་བྲག་རྣམས་ཀྱང་ཕལ་ཆེར་དངོས་སུ་འམ་བརྒྱུད་པས་དེའི ་ལས་ཀྱི་རང་བཞིན་དག་ཡིན་ཏེ། ལས་ནི་ལུས་ཅན་གྱིས་རྫས་ལ་བརྟེན་པའི་ཕྱིར་རོ།། དེ་དག་གི་ལས་ནི་དེའི་ལས་དེའི་ལས་ཀྱི་བྱེ་བྲག་གང་དག་ལ་རང་བཞིན་དེ་ཉིད་ཡོད་པ་དེ་དག་ལ་དེ་སྐད ་ཅེས་བྱའོ།། སྤྱིར་ཡང་རྣམ་པ་གཉིས་ཡིན་ལ། ཁྱད་པར་རྣམས་ཀྱང་རྫས་ཐ་མ་ལ་ཡོད་པ་དག་ཡིན་པས་སྤྱི་དང་ཁྱད་པར་ཏེ། རྫས་རྣམས་ཀྱི་སྤྱི་དང་ཁྱད་པར་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ།། དེ་འདི་ལྟར་སྤྱི་ཡོད་པ་ཉིད ་དང་བ་ལུང་ཉིད་ལ་སོགས་པ་ནི་རྫས་དང་ཡོན་ཏན་དང་ལས་གསུམ་དང་ལྡན་པའི་ཕྱིར་ཕལ་ཆེར་དངོས་སུ་འཛུམ་བརྒྱད་པས་དེ་དགྲ་ལ་བརྟེན་པ་ཉིད་དོ།། ཁྱད་པར་རྣམས་ཀྱང་ཕལ་ཆེར་དངོས་སུ་དེ་དག་ལ་བརྟེན་པ་དག ་ཁོ་ན་ཡིན་ནོ།། འབྲས་བུའི་རྫས་ལ་སོགས་པ་ཛཱི་སྐད་བཤད་པ་དེ་དག་ཀྱང་གང་གི་ཕྱིར་འདུ་བ་ཞེས་བྱ་བའི་འབྲེལབཱིའི་སྟོབས་ཀྱིས་དེ་དང་འདུ་བ་ཅན་དུ་འདོད་པ་དེའི་ཕྱིར་འབྲེལ་པ་ཅན་རྣམས་མེད་པས་འབྲེལ་པ་ཅན ་དྲུང་འབྲེལ་པའི་ངོ་བོ་འདུ་བ་ཡང་མེད་པ་ཁོ་ནའོ།། དེའི་ཕྱིར་འདི་དག་ཐམས་ཅད་ནི་རྡུལ་ཕྲ་རབ་ཀྱི་རྩ་བ་ཅན་ཡིན་པའི་ཕྱིར་རྡུལ་ཕྲ་རབ་ཀུན་ཏུ་ཆད་ན་ཇི་ལྟར་གནས་ཐོད་པར་འགྱུར། རང་གི་སྡེ་པ་དག་ནི་གཟུགས་ཅན ་གྱི་ཁམས་བཅུ་པོ་དག་རྡུལ་ཕྲ་རབ་བསགས་པ་ཡིན་པར་བརྗོད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་དོན་རྣམ་པར་འགྲེལ་པར་བྱེད་དོ།། འོ་ན་འདུས་མ་བྱས་ལ་ཐབས་ཅི་ཡོད་སྙམ་པ་ལ། ནམ་མཁའ ་ལ་སོགས་པ་འདུས་མ་བྱས་མཐའ་དག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡོན་ཏན་རྣམས་ཀྱང་ཕུལ་ཆེར་ཞེས་བྱ་བ་ནི་སྒྲ་ལ་སོགས་པ་རྡུལ་ཕྲ་རབ་ཀྱི་ཡོན་ཏན་མ་ཡིན་པའི་ཕྱིར་རོ།། བརྟེན་པ་རྣམས་ནི་དངོས་སུ་འབྲས ་བུའི་རྫས་ལ་སོགས་པའོ།། ཉེ་བར་བརྟེན་པ་རྣམས་ནི་བརྟེན་པ་ལ་བརྟེན་པ་ལ་སོགས་པའོ།། ན་མཁའ་ལ་སོགས་རྡུལ་ཕྲ་རབ་ལ་མི་བརྟེན་པ་ཇི་ལྟར་དགག་སྙམ་པ་ལ། རྟག་པའི་དངོས་པོ་ན་མཁའ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ལྷག་མ་ནི་གོ་སླའོ།། གཉིས་དང་གཉིས་མ་ཡིན་པའི་ཚུལ་ཏུ་བརྗོད་པ་དངོས་སུ་བསྟན་པར་བྱའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ཕུང་པོ་མཚུངས་པར་ལྡན་པ་དང་བཅས་པ་རང་བཞིན་མེད་པ་ཉིད་ཅེས་བྱ་བ་རྣལ་མ་དང་སྦྱར་རོ།། དེ་ལ ་ཤེས་པ་དང་ཤེས་བྱ་ཡོད་པ་ཉིད་ཀྱི་ཚུལ་ནི་གཉིས་ཀྱི་ཚུལ་ལོ།། ཤེས་པ་ཙམ་ཡོད་པ་ཉིད་ཀྱི་ཚུལ་ནི་གཉིས་མ་ཡིན་པའོ།། དེ་ལ་གཉིས་ཀྱི་ཚུལ་ལྔ་ཡང་རྣམ་པ་གཉིས་ཏེ་ཁ་ཅིག་ན་རེ་ཤེས་པ་ཁོ་ནས་ཡུལ་རྟོགས་པོར་འགྱུར་རོ་ཞེས ་ཟེར་རོ།། གཞན་དག་ནཱ་རེ་རྣམ་པ་དང་བཅས་པ་ཁོ་ནའོ་ཞེས་ཟེར་རོ།། དེ་ལ་རྣམ་པ་མེད་པའི་ཕྱོགས་ལྟར་ན། ཤེས་པས་ཕྱི་རོལ་གྱི་དོན་འཛིན་པར་རིགས་པ་མ་ཡིན་ཏེ། འབྲེལ་པའི་རྒྱུ་མེད་པའི་ཕྱིར་རོ།། རང་རིག་པ་ལ་གང་གིས་ན་རང ་རིག་པ་ཁོ་ནར་འདོད་ཀྱིས། ཕྱི་རོལ་མ་ཡིན་པ་འབྲེལ་པ་ཅི་ཞིག་ཡོད་པར་མ་ཡིན་ནམ། ཅི་སྟེ་དེ་ནི་རང་རིག་པའི་རང་བཞིན་ཡིན་པའི་ཕྱིར་རང་རིག་པར་རྣམ་པར་བཞག་གོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་ཡུལ་འཛིན་པའི་རང་བཞིན་ཡིན་པའི་ཕྱིར་ཡང ་ཡུལ་རིག་པར་ཅིའི་ཕྱིར་མི་བཞག། གལ་ཏེ་ཤེས་པའི་ཡུལ་འཛིན་པའི་ལས་ནི་ཅི་འདྲ་བ་ཞིག་ཡིན། གང་གིས་ནི་ཡུལ་རིག་པར་བཞག་པར་བྱ་ཞེ་ན། གལ་ཏེ་དེ་ལྟ་ན་ནི་རང་རིག་པ་ལ་ཡང་བརྒལ ་ཞིང་བརྟགས་པ་མཚུངས་སོ།། སྙམ་པ་འདི་སེམས་ལ་བསྡོགས་ནས་རང་རིག་པ་ལ་ཡང་ངར་འཛིན་པའི་ལམ་ཅི་འདྲ་བ་དེ་ཉེ་བར་སྟོན་ཅིང་བརྒལ་ཞིང་བརྟག་པ་མི་མཚུངས་པ་ཉིད་དུ་བསྒྲུབ་པའི་ཕྱིར། རྣམ་ཤེས་བེམ་པོའི་རང་བཞིན ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོར་བསྡུས་པའི་ལས་ནི་ཤིང་རྟ་དང་རྩིག་པ་ལ་སོགས་པ་བེམ་པོའི་རང་བཞིན་དག་ལས་ལོགས་པ་ཁོ་ན་སྟེ། གསལ་བ་གཞན་ལ་མི་བལྟོས་པ་ཉིད་དུ་ཐ་སྙད་ཀྱི་ལམྲ་ལ་འཇུག་པ་ཡིན་ནོ།། ་ལྷག་མ་ནི་གོ་སླའོ།། ཅི་སྟེ་བྱ་བ་དང་བྱེད་པའི་དངོས་པོར་ཅིའི་ཕྱིར་རྣམ་པར་མི་བཞག་སྙམ་པ་ལ། བྱ་དང་བྱེད་པའི་དངོས་པོར་མིན།། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་ནི་ཉེ་བར་མཚོན་པར་ཟད་ཀྱི་དེ་བཞིན་དུ་གཟུང་བ་དང་འཛིན ་པའི་དངོས་པོར་ཡང་མི་འདོད་པ་ཉིད་དེ། རྣམ་པར་འགྲེལ་པ་ལས་ཀྱང་དེ་བཞིན་ཉིད་དུ་སྟོན་ཏོ།། གསུམ་གྱི་རང་བཞིན་མི་འཐད་པའི་ཕྱིར་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་དང་། སྐྱེད་པ་པོ་དང་བསྐྱེད་པའི་བྱ་བ་ངོ་བོ་འམ། རིག་པར ་བྱ་བ་དང་རིག་པ་པོའི་ངོ་བོར་རོ།། ཅིའི་ཕྱིར་མི་རིགས་སྙམ་པ་ལ་འདི་ལྟར་སྐྱེ་བའི་སྔ་ལོགས་ན་ནི་མེད་པས་ནུས་པས་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་བདག་ཉིད་སྐྱེད་པ་ན་མ་སྐྱེས་པའམ། སྐྱེས ་ཟིན་པ་ཞིག་སྐྱེ་བར་འགྱུར་གྲང་ན། རེ་ཞིག་མ་སྐྱེས་པ་ནི་མ་ཡིན་ཏེ། སྐྱེ་བའི་སྔ་ལོགས་ན་དེ་མེད་པའི་ཕྱིར་རོ།། མེད་ནཱ་ནུས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཏེ། མེད་པའི་མཚན་ཉིད་དེ་ཙམ་དུ་ཟད་པའི་ཕྱིར་རོ།། ཅི་སྟེ། ་སྐྱེས་ཟིན་པ་ཞེས་བྱ་བའི་ཕྱོགས་ཡིན་ན་ནི་དེའི་ཚེ་སྐྱེས་ཟིན་ཏེ་ནུས་པའི་ཚེ་བསྐྱེད་པར་བྱ་བ་ཡང་དག་ཉིད་དུ་གྲུབ་པའི་ཕྱིར་བསྐྱེད་པར་བྱ་བ་ཉིད་དུ་མི་འཐད་དོ།། དེ་ལྟ་མ་ཡིན་ན་འཚལ་པ་དང་ཐུག་པ་མེད་པར ་ཡང་འགྱུར་རོ།། གང་ཞིག་གང་དང་གྲུབ་པ་དང་བདེ་བ་གཅིག་པ་མ་ཡིན་པ་དེ་ནི་དེའི་རང་བཞིན་ཡིན་པར་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་རིག་པར་བྱ་བ་དང་རིག་པ་པོའི་དངོས་པོ ་ཡང་བསལ་བ་ཡིན་ཏེ། རིག་པར་བྱ་བ་དང་རིག་པ་པོའི་དངོས་པོ་ནི་བསྐྱེད་པར་བྱ་བ་ལ་སོགས་པའི་ངོ་བོས་རབ་ཏུ་ཕྱེ་བའི་ཕྱིར་རོ།། དེ་ལྟ་བས་ན་ཞེས་བྱ་བ་ནི་མཇུག་སྡུད་དོ།། ཕྱི་རོལ་རིག་པའི་བྱ་བ་མི་རུང་བར་བསྟན་པའི་ཕྱིར། ་དེའི་ཕྱིར་འདི་ནི་ཤེས་པའི་ཞེས་བྱ་བ་ལ་སོགས་སྨོས་སོ།། ཅི་སྟེ་ཞེ་སྡེ་བྱ་བ་ནི་ཕ་རོལ་གྱི་ལུགས་ཀྱི་དོག་པ་བསླུའོ།། ཡུལ་སོ་སོར་རྣམ་པར་རིག་པ་ཡིན་པས་ཞེས་བྱ་བ་ནི་ཡུལ་ལ་དམིགས་པའི་རང་བཞིན་ཡིན་པའི ་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ།། རྣམ་པར་ཤེས་པས་ཇི་ལྟར་བདག་ཉིད་རིག་པ་ལྟར་ཡུལ་ལ་དམིགས་པའི་རང་བཞིན་དེ་ཉིད་མ་གྲུབ་པར། དེའི་རང་བཞིན་གཞན་ལ་མེད་ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། གལ་ཏེ་ཤེས་པ ་དང་ཤེས་བྱ་གཉིས་གཅིགཊ་ཉིད་དུ་ཁས་བླངས་པར་གྱུར་ན་ནི་དེའི་ཚེ་རང་རིག་པའི་མཚན་ཉིད་ནི་གསལ་བའི་ངོ་བོའི་ངོ་བོ་ཙམ་ཡིན་པའི་ཕྱིར་རང་རིག་པ་བཞིན་དུ་དོན་ཡང་རིག་པར་འགྱུར་བ ་ཞིག་ན་རྣམ་པ་གཉིས་སུ་སྨྲ་བ་ཉམས་པར་འགྱུར་བའི་ཕྱིར་ཁྱེད་དེ་ལྟར་ཡང་མི་འདོད་དོ།། ཡོངས་སུ་གཅོད་པ་ཅེས་བྱ་བའི་ངོ་བོ་དེ་ནི་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འགྲེལ་པར་བྱེད་དོ།། དེ་ནི་ཞེས་བྱ་བའི་ཐ་ཚིགས ་གོ། ཤེས་པ་དོན་དང་ལྷན་ཅིག་དེའི་བདག་ཏུ་གྱུར་པ་མ་ཡིན་དུ་ཟིན་ཀྱང་རྣམ་པར་ཤེས་པ་དོན་རིག་པར་བྱེད་པར་གོ་ཅིའི་ཕྱིར་མི་འགྱུར་སྙམ་པ་ལ། འབྲེལ་པ་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འོ་ན་དེ་ལས་སྐྱེ་བའི ་ཕྱིར་འབྲེལ་པར་འགྱུར་རོ་སྙམ་པ་ལ། དེ་ལས་བྱུང་བ་ཙམ་གྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ཉིད་ཀྱི་ཚོགས་པ་གཅིག་ལ་རག་ལས་པས་ཀྱང་འབྲེལ་པར་བསྟན་པར་རིགས་པ་མ་ཡིན་ཏེ། མིག་ལ་སོགས་པ་དུས ་མཉམ་པར་དག་ལ་ཐལ་བར་འགྱུར་བའི་ཕྱིར་རོ།། ཤེས་པའི་རང་བཞིན་ཉིད་དེ་འདྲ་སྟེ། དེས་ནི་ཡུལ་ཁོ་ན་རིག་པར་འགྱུར་གྱི། མིག་ལ་སོགས་པ་ནི་མ་ཡིན་ནོ།། ཞེ་ན། དེ་ཡང་ལན་དུ་མི་རུང་སྟེ་བརྟགས་པར་བརྩམས་པའི ་རང་གི་ངོ་བོ་དེ་ཉིད་མ་གྲུབ་པའི་ཕྱིར་རོ།། ནམ་ཞིག་ན་དོན་རང་རིག་པར་བྱར་རུང་སྙམ་པ་ལ། གལ་ཏེ་དོན་ཀྱང་ཡོངས་སུ་གཅོད་པའི་བདག་ཉིད་དུ་གྱུར་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། བདག་ཉིད་དུ་གྱུར་ཅེས་བྱ་བ ་ནི་རང་བཞིན་དུ་གྱུར་ཅེས་བྱ་བའི་ཐ་ཚིག་གོ། དེའི་བདག་ཉིད་ཅེས་བྱ་བ་ནི་ཡོངས་སུ་གཅོད་པའི་བདག་ཉིད་དོ།། ཤེས་པའི་དོན་ཡོངས་སུ་གཅོད་པའི་ངོ་བོ་ཡིན་པས་ཞེས་བྱ་བ་ནི་ཡིན་པས་ན་ཞེས་བྱ་བའི་ཐ་ཚིག་གོ། ་དོ་ལྷ་ཡིན་ནོ་སྙམ་པོ་ལ་ཕྱི་རོལ་གྱི་དོན་ལྷ་མངོན་པར་ཞེན་པའི་དུག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་ཉིད་དུག་བཞིན་དུ་འཇུག་པ་ཡིན་པ་གང་ལ་ངོས་རུང་བར་བྱས་པའི་བསམ་པ་ཡོད་པ་ཞེས ་བྱ་བར་རྣམ་པ་རཱི་སྦྱར་རོ།། གྷང་ཞེས་བྱ་བ་ནི་དཔྱོད་པ་པ་ལ་སོགས་པ་སྟེ། དེ་ནཱི་འདི་སྐད་དུ་རྣམ་པར་ཤེས་པ་རྣམ་པ་དང་བཅས་པ་མ་ཡིན་པ་འབའོ་ཞིག་ཏུ་མ་ཟད་ཀྱི། རང་རིག་པ་ཡང་མ་ཡིན་ནོ་ཞེས་ཟེར་རོ།། དེ་ལྟར་ན་འདི་ནི ་དོན་ཡིན་ནོ།། ཛི་ཞེས་པའོ།། དོན་དང་ཤེས་པ་དེ་དག་ཀྱང་བདག་ལྔ་གྲུབ་པོ་ཞེས་བྱ་བའི་གླེགས་པ་འདིར་ཡང་མི་འགྱུར་ཏེ། ཤེས་པ་རབ་ཏུ་མ་གྲུབ་ན་དོན་ཐམས་ཅད་རབ་ཏུ་མི་འགྲུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ།། ་གལ་ཏེ་ཤེས་པ་འདི་མ་གྲུབ་ཏུ་ཟིན་ཀྱང་ནི་ཤིག་དོན་ནི་མངོན་སུམ་ཁོ་ནར་གྲུབ་པོ།། དོན་དེ་ལས་ནི་ཤེས་པ་ཡང་དོན་གྱིས་གོ་བས་འགྲུབ་པར་འགྱུར་ཏེ། ཤེས་པ་མེད་པས་ཤེས་བྱ་ཉིད་མི་འཐད་པའི་ཕྱིར་རོ་སྙམ་པའི ་དོགས་པ་བསུ་ནས། ཤེས་པོ་གསོལ་གྱི་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གྱི་གསལ་བ་ནི་ཤེས་པ་ལས་གཞན་མ་ཡིན་གྱི་ཤེས་པ་ཁོ་ན་ཡིན་ནོ།། གསལ་བ་ཡང་གསལ་བ་མ་ཡིན་ན་ནི་གསལ་བ ་གསལ་བ་མ་ཡིན་པའི་ཕྱིར་མ་གཞན་གྱི་མངོན་སུམ་བཞིན་དུ་མདུན་ན་རྣམ་པར་གནས་པའི་དོན་ཀྱང་མངོན་སུམ་དུ་མི་འགྱུར་རོ།། དེ་ལྟ་མ་ཡཱན་ནཱ་ནི་ཧཱ་ཅང་ཐུལ་བར་འགྱུར་རོ།། ཤེས་པ་གསལ ་བ་ཡིན་དུ་ཆུག་ན་ཡང་ཤེས་པ་མེད་པར་སྨྲ་བའི་ལྟར་ནི། དོན་རྣམ་པ་ཐམས་ཅད་དུ་མངོན་སུམ་དུ་མི་འགྱུར་ཏེ་དོན་རིག་པ་ཉིད་ཡིན་ནོ་ཞེས་བྱ་བ་འབྲེལ་པའི་རྒྱུ་ཡང་མེད་པའི་ཕྱིར་རོ་འདི་ནི་སྔར་བཤད་པ་ཁོ་ན་ཡིན་ཏེ། དེ ་ལྟར་ན་ཤེས་པ་རྣམ་པ་མེད་པའི་ཕྱོགས་ལ་དོན་དངོས་སུ་རིག་པ་མེད་དོ།། གཞན་ཡང་ཤེས་པ་རྣམ་པ་མེད་པའི་ཕྱོགས་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་ཤེས་པ་རྣམ་པ་དང་བཅས་པར་སྨྲ་བ་རྣམས་ཀྱིས ་བརྗོད་པ་ལྟ་བུ་གཏགས་པ་གང་ཡིན་པ་དེ་ཡང་མེད་དོ་ཞེས་སྟོན་པར་བྱེད་དོ།། གཟུགས་བརྙན་ཞེས་བྱ་བ་ནི་དོན་གྱི་རྣམ་པར་ཤེས་པ་ལ་ཡོད་པའོ།། གདགས་པ་ཞེས་བྱ་བ་ནི་ཉེ་བར་བཏགས་པའོ།། ངེས་བཞག་པ་ཤེས ་པའི་བདག་ཉིད་དུ་གྱུར་པའི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པས་ནཱ་རྣམ་པར་འགྲེལ་པར་བྱེད་དོ།། གཞན་པ་ནི་ཤེས་པའི་བདག་ཉིད་ལ་ཡོད་པ་སྟེ། ཤེས་པའི་བདག་ཉིད་དུ་གྱུར་པའི་གཟུགས་བརྙན་གང་ཡིན་པ་དེ ་རིག་པ་ཉིད་དོནི་རིག་པ་ཡིན་ཏེ། རྒྱུ་ལ་འབྲས་བུའི་ཆོས་ཉེ་བར་བཏགས་པའི་ཕྱིར་རོ།། སུ་ཞིག་མི་འདོད་པ་ཞེས་བྱ་བ་ནི་ཤེས་པ་རྣམ་པ་མེད་པར་སྨྲ་བའོ།། འདི་ཡང་ཞེས་བྱ་བ་ནི་ཉེ་བར་བཏགས་པའོ།། ་བམ་པོ་གཉིས་པ།། །། རེ་ཞིག་དེ་ལྟར་ཤེས་པ་རྣམ་པ་མེད་པའི་ཕྱོགས་མི་འཐད་པར་བསྒྲུབས་ནས། ཤེས་པ་རྣམ་པ་དང་བཅས་པའི་ཕྱོགས་ཀྱང་རིགས་པ་མ་ཡིན་པ་ཉིད་དུ་བསྒྲུབ་པར་འདོད་ནས། གལ་ཏེ་དེ་ལྟར་ན ་ཤེས་པ་རྣམ་པ་དང་བཅས་པ་ཉིད་ནི་རུང་ངོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་ལ་ཡང་རྣམ་པ་རྣ་མས་བདེན་པར་འགྱུར་བ་འམ་ཡང་ན་བརྫུན་པར་འགྱུར་གྲངས་ཞེས་བྱ་བ་ཕྱོགས་གཉིས་ཏེ། དེ་ལ་ཕྱོགས་དང་པོ་ལྟར་ནི་ཤེས ་པ་གཅིག་དང་ཐ་མི་དད་པའི་རང་བཞིན་ཡིན་པའི་ཕྱིར་ཤེས་པ་གཅིག་གི་ངོ་བོ་བཞིན་དུ་རྣམ་པ་སྣ་ཚོགས་པ་ཉིད་དུ་མི་འགྱུར་རོ།། དེའི་ཕྱིར་རི་མོ་བརྐྱང་བ་ལ་སོགས་པ་ལ་རྣམ་པ་སྟོབས་ཀྱིས་ཕྱི་རོལ་གྱི་དོན་མི་འགྲུབ་སྟེ། རི་མོའི་རྣམ་པ་དང ་འདྲ་བ་ཉིད་མེད་པའི་ཕྱིར་རོ།། ཅི་སྟེ་ཉམས་སུ་མྱོང་བས་གྲུབ་པའི་ཕྱིར་རྣམ་པ་གསལ་བ་མ་ཡིན་ནོ་ཞེ་ན། དེའི་ཚེ་རྣམ་པ་རྣམས་ལས་ཤེས་པ་ཐ་མི་དད་པའི་ཕྱིར་རྣམ་པ་བཞིན་དུ་དུ་མ་ཉིད་དུ་འགྱུར་རོ།། དེ་ལྟ་མ་ཡིན་ན་ཆོས་འགལ་བ་གནས ་པའི་ཕྱིར་ཐ་དད་པ་མ་ཡིན་པར་ཁས་མི་བླང་བར་བྱའོ།། འདི་ལྟར་འདོད་དེ་ཞེས་བྱ་བ་ལ་སོགས་པ་ནི་གང་ཞིག་དུ་མ་ཉིད་དུ་ཐལ་བར་འགྱུར་བ་མི་འདོད་པ་ཉིད་དུ་སྒྲུབ་པར་བྱེད་པ་མ་ཡིན་ཏེ་དུ་མ་ཉིད་དུ་འདོད་དོ་སྙམ་དུ་སེམས་པ་དེའི་ལུགས་ཀྱི ་དོགས་པ་བསུ་བར་བྱེད་པའོ།། མགྱོགས་པར་འབྱུང་ཕྱིར་ཞེས་བྱ་བ་ནི་མྱུར་བར་འབྱུང་བའི་ཕྱིར་རོ།། མེ་ཏོག་ཨུཏྤ་ལའི་འདབ་མ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འགྲོལ་བར་བྱེད་དོ།། ཤིན་ཏུ་མྱུར་བའི་ཕྱིར་ཞེས་བྱ་བ་ནི་ཤིན་ཏུ་མྱུར་བ ་འབྱུང་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ།། མཐོང་བ་དེ་ནི་ཞེས་བྱ་བ་ནི་ཅིག་ཅར་དུ་མཐོང་བའོ།། གལ་ཏེ་དེ་ལྟ་ན། ལྕུག་མ་སྒྲ་ལ་སོགས་པའི་ཟླ་ཞེས་བྱ་བ་ལ་སོགས་པས་ནི་ཧ་ཅང་ཐལ་བར་འགྱུར། ་བར་བྱེད་པས་མྱུར་དུ་འབྱུང་བ་ཅིག་ཅར་ཤེས་པའི་རྒྱུ་མ་ཡིན་པ་ཉིད་དུ་བསྟན་ཏེ། ལྕུག་མའི་སྒྲ་ལ་སོགས་པ་དག་ལ་བློ་རྣམ་ཤེས་ཚིག་རྣམ་པར་སྦྱར་ནས་བསྡུའོ།། སོགས་པ་ཞེས་བྱ་བའི་སྒྲས་ནི་ཏ་ལ་དང་མཚོ་དང་རོ་བྲོ་བ་ལ་སོགས ་པའི་སྒྲ་རྣམས་བསྡུ་སྟེ། ལྕུག་མ་ལ་སོགས་པའི་སྒྲ་ལ་ཡང་རྒྱུ་མཚུངས་པའི་ཕྱིར་ཅིག་ཅར་ཡིན་པར་འཛིན་པའི་མངོན་པའི་ང་རྒྱལ་དུ་འགྱུར་རོ།། དེའི་ཕྱིར་ལྕུག་མ་ཏ་ལ་ཞེས་ཐོས་པ་ཐ་དད་པར་མི་འགྱུར་ཏེ། ཐོས་པ་ཐ་དད་པ་ནི ་རིམ་གྱིས་འཛིན་པས་བྱས་པའི་ཕྱིར་རོ།། རྒྱུ་རྣམས་འབྲས་བུ་དང་ལྡན་པ་འདིས་ནི་གདོན་མི་ཟ་བར་འགྱུར་བ་མ་ཡིན་ནོ།། དེས་ནི་དངོས་པོ་ཅིག་ཅར་རྟོགས་པའི་རྒྱུ་ཡོད་པའང་འགའ་ཁོ་ན་ལ་འགྱུར་རོ་སྙམ་པ་ལ། རྒྱུ་འདྲ་བའི ་རྒྱུ་ཅན་ནི་ཐ་དད་པར་མི་རིགས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་སྙམ་དུ་སེམས་ཏེ་གང་རྒྱུའི་དངོས་པོ་ཡིན་པ་དེ་ནི་གདོན་མི་ཟླ་བར་འབྲས་བུ་སྐྱེད་པར་བྱེད་པ་ཁོ་ནའོ།། རྒྱུ་རྣམས་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན ་པ་མ་ཡིན་ནོ།། ཞེས་གང་སྨྲས་པ་དེ་ནི་རྒྱུ་ཙམ་ལ་བསམས་ནས་དངོས་སུ་བཏགས་པར་ཟད་དོ།། ཁྱོད་རིམ་གྱིས་འཇུག་པ་རྣམས་ལ་ཅིག་ཅར་ཡིན་པར་འཛིན་པའི་མངོན་པའི་ང་རྒྱལ་བྱེད་པའི་རྒྱུ་མྱུར་དུ་འབྱུང་བ་ལས་གཞན་ཁས ་མི་ལེན་ལ་རྒྱུ་དེ་ཡང་ཐམས་ཅད་དུ་མཚུངས་ཏེ་ཅིག་ཅར་གྱི་དངོས་པོར་མངོན་པའི་ང་རྒྱལ་བྱེད་པ་ནི་མྱུར་དུ་འབྱུང་བ་ཙཱ་མཱ་ལ་རག་ལུས་ཏེ། འབྱུང་བར་ཟད་པ་ཐམས་ཅད་དུ་འབྱུང་བ་ཁོ་ནར་འགྱུར་ཏེ། རྒྱུ་མ་ཚུང་བ་མེད་པའི་ཕྱིར་རོ།། ་མྱུར་དུ་འབྱུ་དོང་བ་མ་ཚང་བ་མེད་ཀྱང་གང་མི་འབྱུང་བ་དེ་ནི་དེའི་རྒྱུར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ།། དེའི་ཕྱིར་རྒྱུ་མྱུར་དུ་འབྱུང་བའི་མཚན་ཉིད་འདྲ་ཡང་རྒྱུ་ཅན་འབྲས་བུ་ཅིག་ཅར་གྱི་དངོས་པོར་མངོན ་པའི་ང་རྒྱལ་བྱེད་པ་ཡོད་པ་དང་མེད་པ་ཐ་དད་པར་བྱས་པ་གླང་ཡིན་པ་དེ་ནི་མི་འགྱུར་ཏེ། འབྲས་བུ་ཐ་དད་པ་ནི་རྒྱུའི་བྱེ་བྲག་གིས་བྱས་པའི་ཕྱིར་རོ།། དེའི་ཕྱིར་དེ་རྒྱུ་ལ་ཡོད་རྣོ་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པའི་ཕྱིར་རྒྱུའི་འབྲས་བུ་ཉིད་མ་ཡིན་ནོ།། རྒྱུ་གཞན་ཡང་ཁས་མི་ལེན་པས་རྒྱུ་མེད་པ་ཉིད་ཁོ་ནར་འགྱུར་རོ།། སུན་དབྱུང་བ་གཞོན་ཀྱང་། ཡིད་ཀྱི་རྟོག་པ་འབའ་ཞིག་ལའང་ཞེས་བྱ་བ ་ལྟ་སོགས་སྨོས་སོ།། རྟོག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ།། འབའ་ཞིག་ཅེས་བྱ་བ་ནི་ཤེས་པར་རིགས་མི་མཐུན་པ་གཞན་དང་མི་འདྲེས་པའི་ཕྱིར་རོ།། རིང་དུ་གནས་པ་མ་ཡིན་པས་ཞེས་བྱ་བ་ནི་སྐད་ཅིག་པའི ་ཕྱིར་རོ།། བློ་རྣམས་ཀུན་ཅེས་བྱ་བ་ནི་མིག་ལ་སོགས་པའི་བློ་རྣམས་སོ།། སེམས་པ་ནི་འཕྲལ་གྱི་བྱ་བ་ལ་སོགས་པ་དཔྱོད་པའོ།། དཔྱོད་པ་ནི་མངོན་མ་བྱུང་བའི་དངོས་པོའི་རང་གི་ངོ་བོ་ལ་མངོན་པར་རྟོག་པའོ།། སོགས ་པ་ཞེས་བྱ་བའི་སྒྲས་ནི་བློ་སྦྱོང་བའི་ཡིད་ལ་སེམས་པ་ལ་སོགས་པ་བཟུང་ངོ་།། སེམས་པ་དང་དཔྱོད་པ་ལ་སོགས་པ་ཉིད་ཀྱི་དུས་དེ་གནས་སྐབས་ཡིན་ནོ།། གནས་སྐབས་དེ་ནི་འབྱུང་བའི་ངང ་ཚུལ་ཅན་གང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ།། གཅིག་ཏུ་ནཱ་ཞེས་བྱ་བ་ལ་སོགས་པས་ནི་འོག་མའི་ཕྱེད་རྣམ་པར་འགྲེལ་ཏོ།། འདིའི་ཕྱིར་ཞེས་བྱ་བས་ནི་འོག་ནས་འབྱུང་བས་སོ།། ཕ་རོལ་གྱི་ལུགས་ལས་ཀྱང་ཞེས་བྱ་བ་ནི ་ཐམས་ཅད་ཀྱིས་མྱུར་དུ་འཇིག་པར་ཁས་བླངས་པའི་ཕྱིར་རོ།། རིམ་གྱིས་འཛིན་མེད་ན་ཅིར་འགྱུར་སྙམ་པ་ལ། རྣམ་པ་དག་ནི་ཐ་དད་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དཔེ་མགལ་མེའི་འཁོར་ལོ་ཡང་མ་གྲུབ་པོ་ཞེས ་བསྟན་པའི་ཕྱིར། མགལ་མེ་ལ་ཡང་ཅིག་ཅར་དུ་ཞེས་པ་ལ་སོགས་པ་སྨོས་སོ།། རུང་བ་མ་ཡིན་ཏེ་ཞེས་བྱ་བ་ནི་རིག་པ་མ་ཡིན་པ་སྟེ། མིགལ་མོའི་འཁོར་ལོ་ལ་ནི་མཐོང་བ་རིམ་གྱིས་འབྱུང་བ་ཅན་རྣམས་ཅིག་ཅར་འཛིན་པར ་མངོན་པའི་ང་རྒྱལ་བྱེད་པས་མགུལ་མེ་ལ་འཁོར་ལོའི་རྣམ་པར་འཁྲུལ་པ་མ་ཡིན་གྱི། མྱུར་བར་འཁོར་བར་ཞུགས་པའི་རྗེས་སུ་སོང་བས་མི་འཁྲུགས་པརུ་བསྐྱེད་ནཱ་འཁོར་ལོའི་རྣམ་པར་འཁྲུལ་པ་སྐྱེད་དེ་གསལ་བར ་སྣང་བའི་ཕྱིར་རོ།། དེ་ལྟར་མ་ཡིན་ན་གསལ་བར་སྣང་བ་ཉིད་དུ་མི་འཐད་དེ། དྲན་པ་ཁོ་ནར་མཚམས་སྦྱོར་བའི་ཕྱིར་རོ།། མཐོང་བའི་ཡུལ་འདས་པ་མ་ཡིན་པའི་ཕྱིར་དང་། རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། དྲན་པ ་ནི་དངོས་པོ་མྱོང་ཟིན་པ་ཡུལ་ཡིན་པས་རྣམ་པར་གསལ་བ་ཉིད་ཡིན་ཏེ། མྱོང་ཟིན་པ་མེད་པའི་ཕྱིར་དང་། དྲན་པའི་ཚེ་རྟོགས་པ་ཡང་མི་གསལ་བའི་ཕྱིར་རོ་ཞེས་བསྡུས་པའི་དོན་ཡིན་ནོ།། འགལ་ལམ་ཞེས་དྲིས་པ་དང་ལྡན་དུ་འག ་ཏེ་ཞེས་བྱ་བ་སྨྲས་སོ།། དེས་ཅིར་འགྱུར་ཞེས་དྲིས་པ་དང་སྨྲས་པ་ཞེས་བྱ་བ་སྨྲས་སོ།། དེའི་ཞེས་བྱ་བ་ནི་དྲན་པའོ།། དེ་གསལ་མ་ཡིན་ཞེས་བྱ་བར་སྦྱར་ཏེ། ཅིའི་ཕྱིར་ཞེ་ན། ཞིག་པས་སོ།། མདུན་ན་འདུག་པ་ཞེས་བྱ་བ་ནི་ད་ལྟར ་ཞེས་བྱ་བའི་ཐ་ཚིག་སྟེ། དྲན་པའི་ཡུལ་ནི་འདུས་པ་ཡིན་ནོ་སྙམ་དུ་བསམས་པའོ།། དེའི་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་ནི་དྲན་པའི་ཡུལ་གྱི་བདོགཉིད་དུ་གྱུར་པའོ།། དེ་བཞིན་དུ་འགྱུར་པའི་རིགས་ཞེས་བྱ་བ་ནི་ཡོངས་སུ ་མི་གསལ་བའོ།། ཨུཏྤ་ལའི་འདབ་མ་བརྒྱ་འབིགས་པ་དཔེར་བསྟུན་པ་གང་ཡིན་དེ་ཡང་ཆོས་མི་མཐུན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཨུཏྤ་ལིའི་འདེབ་མ་བརྒྱ་ཅིག་ཅར་ཕགས་པའི་ཤེས་པ་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། ཨུཏྤ་ལའི་འདབ་མ་འབིགས་པ་ལ་ནི་ཇི་ལྟར་མགལ་མོའི་འཁོར་ལོ་ལ་སོགས་པ་མཐོང་བ་ལྟར་ཅིག་ཅར་དུ་འཛིན་པའི་ཤིན་ཏུ་གསལ་བ་མ་ཡིན་ནོ།། ཨུཏྤལ་འདབ་མ་བརྒྱ་ཕིགས་པ་ལྀ་ནི་རིམ་པ་ཡང ་ཚིང་མ་གཞན་གྱིས་གྲུབ་ཀྱི། འདི་ལ་ནི་ཚད་མ་ཡང་ཅི་ཡང་མེད་དོ།། ཨུཏྤ་ལའི་འདབ་མ་བརྒྱ་འབིགས་པ་ལ་ནི་མྱུར་དུ་འགྲོ་བ་ཙམ་གྱིས་ཅིག་ཅར་འཛིན་པར་ཤེས་པ་འབྱུང་བ་མེད་དེ། རྩེ་གཅིག་པ་མེད་པའི་ཕྱིར་རོ།། ། ་ཞེས་བྱ་བར་ངེས་པར་བྱེད་དོ་ཞེས་བྱ་བར་སྟོན་པར་བྱེད་དོ།། རྗེས་སུ་དཔོག་པ་ནི་རིམ་གྱིས་ཞེས་བྱ་བར་སྦྱར་རོ།། འདིར་རྗེས་སུ་དཔག་པ་གང་ཡིན་སྙམ་པ་ལ་མང་པོ་དག་བྱེད་པ་ཅིག་གི ་འབིགས་པ་གང་ཡིན་པ་དེ་ནི་ཞེས་བྱ་བ་སྨོས་ཏེ། འདི་ནི་དོན་བརྗོད་པ་ཙམ་དུ་ཟད་དོ།། སྦྱོར་བ་ནི་འདི་ལྟ་བུ་ཡིན་ཏེ། རིམ་ཅན་བླའོ་ག་རིམ་པར་གནས་པ་རྣམས་མི་གཅིག་གིས་བྱེད་པས་ལུས་ཅན་གྱིས་ཕུགས་པ ་གླང་ཡིན་པ་དེ་ནཱི་རིམ་གྱིས་འགྱུར་བ་ཁོ་ན་ཡིནྡ་ཏེ། དཔེར་ན་ཟངས་ཀྱི་གླེགས་མཱ་ལ་སོགས་པཱ་ལྔ་བུའོ།། ཨུཏྤ་ལའི་འདབ་མ་སོགས་པ་བླ་འོག་རིམ་པར་གནས་ཀྱང་མི་གཅིག་གི་བྱེད་པས་ལུས་ཅན་གྱིས་ཕུག་པ ་ཡིན་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ།། དེ་ལྟ་མ་ཡིན་ན་ནཱཾ་གལ་ཏེ་ལུས་ཅན་གཅིག་གིས་ཅིག་ཅ་དུ་ཁྱབ་པར་གྱུར་ན་ནི་རིམ་ཅན་ཉིད་དུ་མི་འགྱུར་ཏེ། ལུས་ཅན་ལྔ་གངགས་ན་དངོས་པོ་གཅིག་ལྔ་ཁྱབ ་པར་གྱུར་པ་ནི་དེའི་ཚེ་གཞན་ལ་ཡང་ཁྱབ་པར་འགྱུར་བ་རང་བཞིན་གཞན་ནི་མེད་པའི་ཕྱིར་རོ།། དེའི་ཚེ་རང་བཞིན་མི་ཉེ་བས་ཀྱང་གཞན་ཕིགས་མི་སྲིད་པས་མ་ངེས་པ་ཉིད་མ་ཡིན་ནོ།། གང་དག་ཅེས་བྱ་བ་ནི་ཕྱི་རོལ ་གྱི་དོན་ཡོད་པར་སྨྲ་བ་ཁ་ཅིག་ཁོ་ན་སྟེ། དེ་དག་གི་ལུགས་ཀྱིས་ཤེས་པ་རྣམ་པ་དང་བཅས་པ་ཡིན་ཡང་རི་མོ་བརྐྱང་པ་ལ་སོགས་པ་ལ་ཅིག་ཅར་དུ་སྣང་བ་མི་འགལ་བ་ཁོ་ནའོ།། གལ་ཏེ་དེ་ལྟ་ན་ཞེས་བྱ་བ་ལ་སོགས ་པས་ནི་སུན་དབྱུང་བར་བཤད་དོ།། རྣམ་པ་སྣ་གཅིག་ཅེས་བྱ་བ་ནི་ཁ་དོག་གི་རིགས་མི་མཐུན་པ་དང་མ་འདྲེས་པ་སྟེ། རྣམ་པ་སྐུ་གཅིག་ལ་ཡང་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པ་འཛིན་པས་སྣ་ཚོགས་སུ་སྣང་བའི ་བློ་མི་འབྱུང་ཡང་ཤར་དང་བྱང་དང་དམའ་བ་ཉིད་ལ་སོགས་པའི་ཆར་སྣང་བའི་ཕྱིར་སྣ་ཚོགས་ཉིད་ཡོད་པ་ཁོ་ནའོ།། དུ་མར་འདོད་དོ་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་གྱི་གཞུང་གི་དོགས་པར་བསུ་བར་བྱེད་དེ།། འོ་ན་གཅིག་ཏུ་འགྱུར ་པ་གང་ཡིན་ཞེས་དྲིས་པ་དང་ཕ་རོལ་པོས་གང་ཡན་ལག་མེད་པའི་རྡུལ་གྱི་ཡུལ་འཛིན་པ་སྟེ། ཞེས་བྱ་བ་ལ་སོགས་པ་སྨྲས་སོ།། ཆ་མེད་པ་ཞེས་བྱ་བ་ནི་ཆ་ཤས་མེད་པ་སྟེ། རྡུལ་ཕྲ་རབ་ཙམ་འཛིན་པའི་ཤེས་པ་མྱོང་བ་ནི་གང་ན་ཡང་མེད་དེ ་དུས་ཐམས་ཅད་དུ་རགས་པའི་རྣམ་པར་སྣང་བའི་ཕྱིར་རོ།། འདི་ས་ནི་དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པའི་ཕྱིར་མེད་པའི་ཐ་སྙད་དུ་བསྟན་ཏོ།། དེས་ཁས་བླང་ཞིང་ཞེས་བྱ་བ་ནི་རྡུལ་ཕྲ་མོ་ཙམ་འཛིན་པའི་ཤེས་པ་ཡོད། ཞེས་ཁས་བླང ་ཞིང་ངོ་།། དེ་ལྟར་མི་དམིགས་བཞིན་དུ་འོན་ཀྱང་ཅིའི་ཕྱིར་ཁས་མི་སླང་སྙམ་པ་ལ་རྟོག་པ་དང་ལྡན་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་ཡོད་པའི་ཐ་སྙད་དགག་པ་བསྟན་ཏོ།། རྣམ་པ་རྣམས་སྣ་ཚོགས་ཉིད་ཡིན་ཡང་ལྷན ་ཅིག་དམིགས་པར་ངེས་པས་ཤེས་པ་ཅིག་གིས་རང་བཞིན་ཡིན་པར་རིགས་པའི་ཕྱིར་ཤེས་པ་ཅིག་གི་ཕྱོགས་ཅིའི་ཕྱིར་འགལ་སྙམ་དུ་སེམས་པ་འདིས་སེམས་ལ་སྔོགས་ནས། གཞན་ཡང་བཅོས་མ་དང་ཞེས་བྱ་བ་ལ་སོགས་པས ་བསྡུས་པའི་སྒོས་ནས་ཤེས་པ་གཅིག་པའི་ཕྱོགས་ཉིད་སུན་དབྱུང་བ་བསྟན་ཏེ། ཆོས་འགལ་བ་གནས་པའི་ཕྱིར་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པ་གཅིག་པུ་ཉིད་ཡིན་པ་བསལ་ཏོ།། རྣམ་པ་ལྷན་ཅིག་དམིགས་པ་དེ་ལ་ཡང་ཆོས ་འགལ་བ་ཡོད་པ་ཁོ་ན་ཡིན་པས་སྣ་ཚོགས་གཅིག་པ་ཉིད་དུ་དོན་དམ་པར་ནི་རིགས་པ་མ་ཡིན་ནོ།། གལ་ཏེ་ཉེ་བར་བརྟགས་པ་ཡིན་ན་ནི་དེའི་ཚེ་འགལ་བ་མེད་དོ།། འོ་ན་སྣ་ཚོགས་མ་ཡིན་པའི་རྣམ་པར་ཤེས་ཞེས་བྱ་བ་ལ་སོགས་པས་ནི་ཕ ་རོལ་པོ་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་ཉིད་དུ་བརྗོད་བྱེད་དེ། འདི་ལྟར་ཤེས་པ་སྣ་ཚོགས་གང་ཡིན་པ་དེ་ཁོ་ན་རང་བཞིན་གཅིག་པ་འགལ་གྱི་གང་སྣ་ཚོགས་མ་ཡིན་པ་དེ་ནི་གཅིག་པ་ཉིད་དུ་མི་འགལ་བས་གཏན་ཚིགས་ཕྱོགས་ཀྱི ་ས་གཅིག་ལ་མ་གྲུབ་པ་ཡིན་ནོ།། དམིགས་པ་ནི་དམིགས་པ་ཁོ་ན་ཡིན་ཏེ། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་གང་ལ་སེམས་དང་སེམས་ལས་བྱུང་བ་དམིགས་པ་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ།། དེ་དང་དོན་མཐུན་ཏེ ་ཞེས་བྱ་བ་ནི་མིག་རྣམ་པར་ཤེས་པ་ལ་སོགས་པ་དང་ཡུལ་གཅིག་པ་གང་ཡིན་པ་དེ་ཡང་བསགས་པ་ལ་དམིགས་པ་ཁོ་ན་ཡིན་པའོ།། འོ་ན་ཡིད་ཀྱི་རྣམ་པར་ཤེས་པ་ཆོས་ཀྱི་ཁམས་ལ་དམིགས་པ་ན་མཁའ་ལ་སོགས་པ་འདུས་མ ་ས་ལ་དམིགས་པའི་ཕྱིར་རང་བཞིན་གཅིག་པར་འགྱུར་རོ་སྙམ་པ་ལ་ཆོས་ཀྱི་ཁམས་རྣམ་པར་རིག་བྱེད་མ་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདུས་མ་བྱས་ན་མཁའ་དང་སོ་སོར་བརྟགས་པ་དང་སོ་སོར་བརྟགས་པ་མ་ཡིན ་པས་འགོགཔ་དང་། རྣམ་པར་རིག་བྱེད་མ་ཡིན་པ་ནི་ཚད་མས་གནོད་པའི་ཕྱིར་ཤུགས་ཀྱིས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་ཕུང་པོ་གསུམ་གྱི་རང་བཞིན་ཁོ་ན་ཡིན་ནོ།། དེ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཞེས ་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་ཤེས་པ་གང་ཡིན་པ་དེ་འདིར་འདོད་པ་སྟེ། རྣལ་འབྱོར་པའི་ཤེས་པ་ལ་དམིགས་པར་རུང་བར་ཐམས་ཅད་འདྲ་བའི་ཕྱིར་རོ།། སོ་སོའི་སྐྱེ་བོ་རྣམས་ཀྱི་ཡིད་ནི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་གང་ཡིན་པ ་དེ་ནི་སེམས་ལ་སོགས་པའི་ཉི་ཚེ་ཤེས་པ་ཅན་དུ་མྱོང་བ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་དོན་དམ་པར་ན་དེ་ནི་ཡུལ་མེད་པ་ཁོ་ན་ཡིན་ནོ།། དེ་ལྟ་མོད་ཀྱིས་སྐུའི་རྣམ་པར་སྐྱེ་བའི་ཕྱིར་ཤེས་པ་ཡང་སྣ་ཚོགས་པའི་རྣམ་པ་ཉིད་ལས་མི་འདའོ།། ་རེ་ཞིག་དེ་ལྟར་རང་གི་སྡེ་པའི་ལུགས་ཀྱིས་ཤེས་པ་ཐམས་ཅད་སྣ་ཚོགས་པ་བསྟན་པ་ཡིན་ནོ།། ད་ནི་ཕྱི་རོལ་པའི་ལུགས་ཀྱིས་བསྟན་པའི་ཕྱིར། གང་དྲག་བདེ་བར་གཤེགས་པའི་གསུང་རབ་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། གཟེགས ་ཟན་ནི་གཟེགས་མ་ཟ་བའོ།། འབྲས་བུ་རྫས་ལ་སོགས་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་ཡོན་ཏན་དང་ལས་ལ་སོགས་པ་བསྡུ་སྟེ། འདི་ལྟར་དེ་དགྲ་གི་ལུགས་ནི་ལུས་ལ་སོགས་པ་འབྲས་བུའི་རྫས་ཀྱང་གཅིག་པ ་ཁོ་ན་ཡིན་ལ། རྫས་དང་ལྡན་པ་ཡོན་ཏན་ལ་སོགས་པ་ཡང་གཅིག་པ་ཁོ་ནར་བཟུང་ངོ་ཞེས་བྱ་བ་ཡིན་ནོ།། མི་རུང་སྟེ་ཞེས་བྱ་བ་ནི་ལན་འདི་བས་པ་སྟེ། འབྲས་བུའི་རྫས་གཅིག་པ་ཁོ་ནར་འདོད་ཀྱི་འབྲས་བུའི་རྫས་ཡོན་ཏན་ལ་སོགས ་པ་དང་ལྷན་ཅིག་པ་ཁོ་ན་འཛིན་པའི་ཕྱིར་དང་། ཡོན་ཏན་ལ་སོགས་པ་རྟེན་དང་བྲལ་བར་མི་འཛིན་པའི་ཕྱིར་ཡུལ་དུ་མ་ཡིན་པས་ཤེས་པ་སྣ་ཚོགས་ཁོ་ན་ཡིན་ནོ།། འོ་ན་ཟད་བྱེད་པ་དང་དཔྱོད་པ་པོའི་ལྟ ་བ་ལ་ཇི་ལྟར་སྙམ་པ་ལ། རྒྱལ་བ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཧཱུ~ཾ། ཟད་བྱེད་པ་རྣམས་ཀྱི་སྟོན་པ་རྒྱལ་བ་ཡིན་ལ་ཟད་བྱེད་པ་རྣམས་རྒྱལ་བའི་ཡིན་པས་ན་རྒྱལ་བ་པ་རྣམསོ།། ཟད་བྱེད་པ་རྣམས་ཀྱི་ལུགས་ནི་དངོས་པོ་ཐམས་ཅད་ནོར་བུ ་གཟི་བཞིན་དུ་དུ་མའི་ངོ་བོ་ཁོ་ན་ཡིན་ཏེ། རྟོགས་པ་པའི་བྱ་བླག་གིས་དངོས་པོ་འགའ་ལ་ངོ་བོ་རྣམ་པ་སྣ་ཚོགས་སུ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། གལ་ཏེ་དེ་ལྟ་ན་ཐམས་ཅད་ཀྱི་རྟོགས་པ་འདྲ་བར་འགྱུར་ཏེ་དམིགས ་པ་གཅིག་པའི་ཕྱིར་རོ།། འདིར་ལྡན་དུ་དུ་མའི་ངོ་བོའི་དངོས་པོ་ལྷ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སུ་ཞིག་ངོ་བོ་གང་ཁོ་ན་སྨྲ་བ་འདོད་པ་དེ་ནི་ཐ་སྙད་འདོགས་པའི་དུས་ན་དེ་ཉིད་ཅིག་ཅར་རིམ་གྱིས་སྟོན་པར་བྱེད་ལ་རྟོགས་པའི ་དུས་ན་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་རྟོགས་པ་ནི་འདོད་པའི་དཔྱད་གིས་ཁ་དོག་ཁྲ་བོ་བཞིན་དུ་ཐམས་ཅད་སྣ་ཚོགས་ཀྱི་དངོས་པོའི་ངོ་བོ་ཁོ་ན་སྟོན་པས་ཉེས་པ་མེད་དོ།། གལ་ཏེ་དེ་ལྟར་ཡུལ་སྣ་ཚོགས་པ་ཡིན་དུ་ཟིན ་ཀྱང་། ཡུལ་སྣ་ཚོགས་འཛིན་པའི་ཤེས་པ་སྣ་ཚོགས་སུ་འགྱུར་རོ།། ཞེས་བྱ་བ་འདི་ལ་འབྲེལ་པ་ཅི་ཞིག་ཡོད་སྙམ་པ་ལ། ཡུལ་སྣ་ཚོགས་ལ་རྣམ་པར་ཤེས་པ་སྣ་ཚོགས་མ་ཡིན་པ་སྣང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོ་སོ།། ་དེ་དག་མཐུན་པར་མི་འཇུག་ཅེས་བྱ་བ་ནི་ཤེས་པ་རྣམ་པ་སྣ་ཚོགས་མ་ཡིན་པས་ཡུལ་སྣ་ཚོགས་མི་འཛིན་པར་ཐལ་བར་འགྱུར་ཏེ། ཇི་ལྟར་སྔར་བརྗོད་པ་བཞིན་ནོ་སྙམ་དུ་བསམས་པའོ།། ལྷའི་བླ་མ་ནི་ཕུར་བུའོ།། ཕུར་བུའི་ལྟ ་བའི་རྗེས་སུ་འབྲང་བ་རྣམས་ནི་ཆུ་རིལ་མཛེས་པ་དག་གོ། འདི་ལྟར་ཚུ་རོལ་མཛེས་པ་པ་རྣམས་ཀྱི་མདོ་ནི་ས་དང་ཆུ་དང་མེ་དང་རླུང་ཞེས་བྱ་བ་ནི་དེ་ཁྱོ་ན་བཞི་ཡིན་ལ་དྲི་ཁེ་ན་འདུས་པ་ལ་ནི་ཡུལ་དང་དབང་པོ་དག་བཞག་གོ་ཞེས་བྱ ་བ་ཡིན་ནོ།། འདུས་པའི་ཡུལ་ཅན་ཡིན་བཞིན་དུ་ཇི་ལྟར་ཡུལ་དུ་མ་ཉིད་སྙམ་པ་ལ། འདུས་པར་རྣམ་པར་བཞག་པའི་རྒྱུ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུ་རོལ་མཛེས་པ་རྣམས་ཀྱི་ལྟར་ན་ཡང་འདུས་པ་ཅན་རྣམས་ལས་འདུས ་པ་གཞན་མེད་དེ།། སེར་སྐྱ་བ་ནི་གྲངས་ཅན་ནོ།། དེ་དག་གི་གཞུང་འདི་ནི་སྒྲ་ལ་སོགས་པ་ཡུལ་ཐམས་ཅད་སྙིང་སྟོབས་དྲང་རྡུལ་དང་མུན་པའི་ངོ་བོ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ་དེ་དག་གི་གཞུང་ལ་ནི་ཡུལ་སྣ་ཚོགས་པ་ཉིད་དུ ་གསལ་བ་ཁོ་ནའོ།། ཅི་སྟེ་ག་སུམ་གྱི་བདག་ཉིད་ཅེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོའི་ལན་ལ་དོགས་པ་བསུ་བ་སྟེ། ཡུལ་ནི་སྙིང་སྟོབས་ལ་སོགས་པའི་ངོ་བོར་གསུམ་གྱི་བདག་ཉིད་ཡིན་ཡང་དེ་ནི་གསུམ་གྱི་བདག་ཉིད་དུ་མི་སྣང ་གི་སྙིང་སྟོབས་ལ་སོགས་པའི་ངོ་བོ་ཤས་ཆེ་བ་ཁོ་ན་སྣང་བའི་ཕྱིར་རྣམ་པ་སྣ་ཚོགས་ཉིད་དུ་མི་འགྱུར་རོ།། དེ་ཡང་དེ་ལྟར་མ་རུང་སྟེ་ཞེས་བྱ་བ་ལ་སོགས་པས་ནི་ཤས་ཆེ་ཡང་འཁྲུལ་པ་ཡོད་པར་སྟོན་པར་བྱེད་དོ།། རིགས་ཀྱི་བྱེ་བྲག ་ནི་རྔ་མོ་ལ་སོགས་པའི་རིགས་ཀྱི་བྱེ་བྲག་ལས་ནི་འདི་ལྟར་ཚེར་མ་ལ་སོགས་པ་ལ་རྔ་མོ་ལ་སོགས་པ་ནི་དང་ལ་གཞན་དག་ནི་ཡིད་འབྱུང་ངོ་།། བསྒོམས་པའི་བྱེ་བྲག་ནི་བུད་མེད་ལ་སོགས ་པ་ལས་གཡེམ་པ་དང་ཀུན་ཏུ་རྒྱུ་ལ་སོགས་པ་ལྟ་བུའོ།། གདུང་བ་ལ་སོགས་པ་དང་ཞུམ་པ་དང་དགའ་བ་ནི་གོ་རིམ་བཞིན་དུ་རྡུལ་དང་མུན་པ་དང་སྙིང་སྟོབས་ཤས་ཆེ་བ་རྣམས་ཀྱི་འབྲས་བུ་དག་ཡིན་ནོ།། ངོ་བོ་གཅིག་ན་ཁོ་ན ་ཆེ་ན་གཉིས་ཀྱི་འབྲས་བུ་གང་ཡིན་པ་དེར་ཡང་མི་འགྱུར་རོ།། མི་སྣང་བ་ལ་སོགས་པའི་དབང་གིས་ཞེས་བྱ་བ་ནི་ཕ་རོལ་གྱི་ལན་ལ་དོགས་པ་བསུ་པ་སྟེ། ཤ་ཆེ་བ་ཁོ་ན་འཛིན་པ་མ་ཡིན་གྱི་མི་སྣང་བ་ཆོས་དང་ཆོས་མ ་ཡིན་པའི་མཐུས་ཀྱང་འཛིན་པ་ཡིན་ནོ།། སོགས་པ་ཞེས་བྱ་བའི་སྒྲས་ནི་དབང་ཕྱུག་དང་བཅས་པའི་གྲངས་ཅན་གྱི་ལུགས་ཀྱིས་དབང་ཕྱུག་གི་མཐུས་ཀྱང་འཛིན་པ་བསྡུའོ།། ཕ་རོལ་པོ་དག་ན་རཾ་དངོས་པོ་འགའ་ཞིག ་འཛིན་པའི་ཕྱིར་ཤེས་བླ་འགའ་ཞིག་རྣམ་པ་གཅིག་པ་ཁོ་ནར་འགྱུར་རོ་ཞེས་ཟེ་ར་རོ།། འདིར་ལན་དུ་དངོས་པོའི་ངོ་བོ་རྣམ་གསུམ་ལེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་དང་མི་མཐུན་སྣང་ཞེས་བྱ་བ་ནི་རྣམ་པ ་གསུམ་གྱི་དངོས་པོ་དང་མི་མཐུན་པར་སྣང་བ་སྟེ། དངོས་པོ་གཅིག་ཁོ་ན་ལ་རྣམ་པ་གསུམ་དུ་འདོད་དོ།། རྣམ་པ་གསུམ་གྱི་དངོས་པོ་ཡང་རྣམ་པ་གསུམ་གྱི་ངོ་བོར་མི་འཛིན། ཇི་ལྟར་ན་དངོས་པོ་གཟུང་བར་འགྱུར། ཡང ་དག་པར་ན་རྣམ་པ་གཞན་གྱིས་ནི་གཞན་འཛིན་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་ནི་དུ་མའི་བདག་ཉིད་དངོས་པོ་དེ།། བདག་ཉིད་གཅིག་ཏུ་སྟོན་བྱེད་ན།། མི་སྣང་དེ་ནི་ཇི་ལྟ་བུར།། དོན་སྟོན་བྱེད་པ་ཡིན་པར ་འགྱུར། ཞེས་བཤད་དོ།། རེ་ཞིག་དེ་ལྟར་ཕ་རོལ་པོས་བརྗོད་པ་གཉིས་ཀྱི་ཚུལ་ལ་ཤེས་པ་རང་བཞིན་གཅིག་པ་ཉིད་མེད་དོ་ཞེས་བསྟན་པ་ཡིན་ནོ།། ཕ་རོལ་དང་ཕ་རོལ་མ་ཡིན་པས་བརྗོད་པ་གཉིས་མ་ཡིན་པའི་ཚུལ་ལ་ཡང་བསྟན ་པའི་ཕྱིར། གསང་བ་གང་དག་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། གསང་བ་བརྗོད་པ་འམ་རིག་པས་ན་གསང་བ་པ་དག་སྟེ། རིག་བྱེད་ཀྱི་མཐའ་སྨྲ་བ་རྣམས་ཞེས་བྱའོ།། དེ་དག་ན་རེ་རྣམ་པར་ཤེས་པ་ནི་རྟག་པ་གཅིག་པུ་གཉིས་སུ ་མེད་པ་ཡིན་ཡང་ཅིག་ཅར་དང་རིམ་གྱིས་འདི་ཐམས་ཅད་སྣ་ཚོགས་ཀྱི་ངོ་བོར་རྣམ་པར་ཤེས་པ་ཉིད་སྣང་ངོ་ཞེས་ཟེར་ཏེ། དེ་དག་གི་ཕྱོགས་ལྟར་ན་སྣ་ཚོགས་པ་ཉིད་འབད་མི་དགོས་པར་གྲུབ་པ་ཁོ་ནའོ།། སྣ་ཚོགས་པ་ཉིད་ཡིན་ཡང ་ཇི་ལྟར་ན་གཅིག་པ་ཉིད་དུ་རུང་བར་ཤིན་ཏུ་དཀའ་སྐམ་པ་ལ། འདི་ལྟར་སྔོན་པོ་དང་སེར་པོའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། རིམ་གྱིས་སྣང་བ་ཉིད་ལ་ཇི་ལྟར་རིགས་པ་མ་ཡིན་སྙམ་པ་ལ་རིམ་ཡང་གཟུགས་དང་སྒྲ་ལ ་སོགས་པར་སྣང་བ་ནི་ཞེས་བྱ་བ་ལ་སོགས་སྨོས་སོ།། འདི་དག་ཉིད་ཀྱིས་ཞེས་བྱ་བ་ནི་རྣམ་པ་དུ་མ་དག་དང་ཐ་དད་པ་མ་ཡིན་པ་དང་རྣམ་པ་དེའི་རང་གི་ངོ་བོ་བཞིན་ཞེས་བྱ་བ་དག་གིས་སོ།། འདིར་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཅི ་ཡོད་སྙམ་པ་ལ། དེ་ལྟ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གྲུབ་པ་དང་བདེ་བ་གཅིག་པ་ཉིད་དུ་ཁས་མི་ལེན་ན། དེའི་ཚེ་རྣམ་པ་དང་རྣམ་པར་ཤེས་པ་འདི་གཉིས་གཅིག་པ་ཉིད་དུ་བརྗོད་པར་མི་བྱའོ།། ་དེའི་ཕྱིར་དུ་མ་ཉིད་ཡིན་ན་ཕྱོགས་སྔ་མིའི་ཉེས་པ་སྟེ། རྣམ་པ་གཉིས་ཀྱི་ཕྱོགས་ལ་དུ་མིའི་ཉེས་པ་སྟེ། ཉེས་པ་བཤད་པ་ཐམས་ཅད་དུ་ཐལ་བར་འགྱུར་རོ།། ཞེས་བྱ་བའི་ཐ་ཚིག་གོ། རིམ་གྱི་ཕྱོགས་ལ་ཞེས་བྱ་བ་ནི་རིམ་གྱིས་སྣང་བའི ་ཕྱོགས་ལའོ།། སྦྱོར་བ་ནི་གང་ཞིག་གང་གི་བདག་ཉིད་དུ་གྱུར་པ་དེ་ནི་དེ་རིག་པ་ཁོ་ནར་འགྱུར་ཏེ། དཔེར་ན་སྔོན་པོར་འདོད་པ་སྔོན་པོ་ལ་སོགས་པའི་རྣམ་པའི་ཤེས་པའི་བདག་ཉིད་དམ། སྔོན་པོ་ལ་སོགས་པའི་རྣམ་པ་ལྟ་བུའོ།། སེར་པོ ་ལ་སོགས་པའི་རྣམ་པ་རིམ་གྱིས་སྣང་བ་ཅན་ཐམས་ཅད་ཀྱང་མངོན་པར་འདོད་པ་སྔོན་པོ་ལ་སོགས་པའི་རྣམ་པ་མྱོང་བའི་བདག་ཉིད་དུ་གྱུར་པ་ཡིན་ཏེ། རང་བཞིན་གྱི་གཏན་ཚིགས་ཡིན་ནོ།། འདི་སྙམ་དུ་དེའི་ཚེ་རྣམ་པ་སྔ་མ་དང་ཕྱི་མ ་ངག་མི་ཉེ་བའི་ཕྱིར་དེའི་བདག་ཉིད་དུ་གྱུར་པ་ཡིན་ཡང་མྱོང་བར་མི་འགྱུར་རོ་སྙམ་དུ་སེམས་པར་འགྱུར་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེའི་བདག་ཉིད་དུ་གྱུར་པའི་ཕྱིར་མངོན་པར་འདོད་པའི་རྣམ་པ་བཞིན་དུ་དེའི་ཚེ་རྣམ་པ ་སྔ་མ་དང་ཕྱི་མ་དེ་གཉིས་ཀྱང་ཉེ་བའི་ཕྱིར་རོ།། དེ་ལྟ་བོས་ན་མངོན་པར་འདོད་པ་སྔོན་པོ་ལ་སོགས་པའི་རྣམ་པ་གཅིག་རིག་ན་རྣམ་པ་སྔ་མ་དང་ཕྱི་མ་རིག་པར་ཐལ་བར་འགྱུར་བ་བཟློག་དཀའོ།། ཇི་སྟེ་རིམ་གྱིས་སྣང་བ ་ལ་སོགས་པ་བརྫུན་པའི་ཕྱིར་རིམ་ལ་སོགས་པའི་དོན་མི་འཐད་པས་འདི་ནི་ཀླན་ཀར་མི་རུང་ངོ་སྙམ་ན། དེ་ནི་རིགས་པ་མ་ཡིན་ཏེ། གལ་ཏེ་ཐམས་ཅད་བརྫུན་པ་ཡིན་ན་འོ་ན་བདེན་པ་དེ་གང་ཞིག་ཡིན་ན་འོ་ན་བདེན་པ་དེ་གང་ཞིག ་ཡིན་པ་བརྗོད་པར་བྱ་དགོས་སོ།། གལ་ཏེ་ཚངས་པའི་ངོ་བོ་གཉིས་སུ་མེད་པ་ཁོ་ན་བདེན་ནོ་ཞེས་ན། གལ་ཏེ་དེ་ལྟ་ན་གཉིས་སུ་མེད་པའི་ཤེས་པ་རྫུན་རང་ལྷན་ཅིག་ཏུ་འབྲེལ་པ་ཅི་ཞིག་ཡོད། གང་གིས་ན་དེ་ལྟར་བདེན་པ་དེ་ལྟར ་བརྫུན་པའི་ངོ་བོར་བདག་ཉིད་སྣང་བར་འགྱུར། རེ་ཞིག་བདེན་པའི་ངོ་བོ་ཉིད་མ་ཡིན་ཏེ། བདེན་པ་དང་བརྫུན་པ་གཉིས་འགལ་བའི་ཕྱིར་རོ།། བདེན་པ་ལས་སྐྱེས་པ་ཡང་མ་ཡིན་ཏེ། བརྫུན་པ་ནི་བྱ་བ་མ་ཡིན་པའི་ཕྱིར་ལ་རྟག་པ ་ཡང་དོན་བྱེད་པའི་ནུས་པ་དང་བྲལ་བའི་ཕྱིར་རོ།། བདེན་པ་ནི་བདག་ཉིད་དེ་ལྟར་མི་སྣང་ངོ་ཞེས་བརྗོད་པ་ཡང་རིག་པ་མ་ཡིན་ཏེ། གང་གི་བདེན་པ་བདག་ཉིད་དེ་ལྷར་སྣང་བར་འགྱུར་བ་ཤེས་པ་ལ་མ་གཏོགས་པ་གཞན་ཡང་མེད ་པའི་ཕྱིར་རོ།། ཅུང་ཟད་ཀྱང་མི་སྣང་ངོ་ཞེས་བརྗོད་པར་ཡང་རིགས་པ་མ་ཡིན་ཏེ། ཉམས་སུ་མྱོང་བ་དང་འགལ་བའི་ཕྱིར་རོ།། དེ་ལྟ་བས་ན་ཤེས་པའི་རང་བཞིན་དེ་འདྲི་སྟེ། དེས་ནི་དེ་ལྟར་བརྫུན་པའི་རྣམ་པ་འཛིན་པར་སྣང་བར ་འགྱུར་བ་ཞེས་བྱ་བ་འདི་ཁོ་ན་བརྗོད་པར་བྱ་དགོས་སོ།། དེ་ལྟ་ཡིན་ཏེ་བརྫུན་པའི་རྣམ་པར་སྣང་བ་ན་ནི་བརྫུན་པ་ཉིད་དུ་མངོན་པར་རྒྱུག་གོ་ཞེས་བྱ་བར་འགྱུར་རོ།། དེ་ལྟ་མ་ཡིན་ན་ཤེས་པས་ཡུལ་བརྫུན་པར་འཛིན་པའི ་མི་ནུས་པསྣ་དེའི་ཕྱིར་གྲོགས་པོ་ཁྱོད་ཀྱིས་ཁོ་བོ་འཕེལ་བ་ཡིན་ནོ།། བརྫུན་པའི་ངོ་བོས་དབེན་པ་སྒྲུབ་པར་བྱེད་པའི་ཚད་མ་ཡང་ཅི་ཡང་མེད་པས་ཁྱོད་ཀྱི་དོ་ནི་བདག་ཏུ་འཛིན་པ་ཤིན་ཏུ་དམ་པོས ་བསྐྱེད་པའི་བདག་ཆད་པས་སྐྲག་པའི་ཕྱིར་ལྷུང་བས་འཇིགས་ནས་ན་མཁའི་རྩཝ་ལ་འཇུ་བར་བྱེད་པ་ལྟ་བུ་འབའ་ཞིག་ཏུ་ཟད་པ་ས་འདི་ནི་གྱི་ནའོ།། ན་མཁའ་དང་ཞེས་བྱ་བ་ལ་སོགས་པའི་མདོ་སྡེ་པ་ལ་སོགས་པའི་གཞུང ་གིསསོ་གཏན་ཚིགས་མ་གྲུབ་པར་དོགས་བསུ་བར་བྱེད་དེ། དེ་དག་ལྟར་ན་ཡང་ཤེས་པ་རྣམས་སྐུའི་རྣམ་པར་བཞག་པར་འབྱུང་བའི་ཕྱིར་སྣ་ཚོགས་པ་ཉིད་ཡོད་པ་ཁོ་ན་བསམ་པ་མ་གྲུབ་པ་མ་ཡིན་ནོ།། ཁས་བླངས་ཏེ་ཡང་ཞེས ་བྱ་བ་ནི་སྣ་ཚོགས་སུ་སྣང་བ་མ་ཡིན་པར་རོ།། མཚན་ཉིད་བཅས་ལྔ་ཞེས་བྱ་བ་ནི་མཚན་ཉིད་དང་བཅས་པར་འདོད་པ་མིག་གི་རྣམ་པར་ཤེས་པ་ལ་སྩོགས་པ་ལའོ།། མཚན་ཉིད་དང་ལྡན་པ་ལ་ཞེས་བྱ་བ་ནི་དངོས་པོ་མཚན་ཉིད ་དང་ལྡན་པ་ལའོ།། འདི་སྐད་དུ་གླང་གི་ཚེ་དངོས་པོ་ཉིད་དུ་འདོད་པ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རང་བཞིན་མེད་པ་ཉིད་དུ་གྲུབ་པ་དེའི་ཚེ་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལ་དངོས་པོའི་མཚན་ཉིད་དོན་བྱེད ་པ་ཉིད་ལ་སོགས་པ་བཀག་པའི་ཕྱིར་ན་མཁར་རྣམ་པར་རྟོག་པ་ལ་སོགས་པ་གཞན་ཡང་ཇི་ལྟར་དངོས་པོ་ཉིད་དུ་འགྱུར་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་དང་འདྲ་བ་ཁོ་ནར་ཐམས་ཅད་དངོས་པོར་མེད་པར ་གྱུར་ཏོ་ཞེས་བཤད་པ་ཡིན་ནོ།། རེ་ཞིག་དེ་ལྟར་བློ་ཐམས་ཅད་རང་བཞིན་གཅིག་དང་བྲལ་བར་རབ་ཏུ་བསྒྲུབས་ནས་དེ་ལྟར་མཇུག་སྡུད་པའི་ཚིགས་སུ་བཅད་པ་སྟོན་མོ་བྱེད་དོ།། འདིར་ཞེས་བྱ་བ་ནི་གཟུགས་ལ་སོགས ་པ་གཅིག་གི་རང་བཞིན་ཉིད་ལ་སོགས་པ་དགག་པར་རོ།། གསུངས་པ་ཞེས་བྱ་བ་ནི་འཕགས་པ་ལྷས་སོ།། གལ་ཏེ་ཚིགས་རྣམས་ལས་སོར་མོ་གཞན་ཡིན་པར་གྱུར་ན། དེའི་ཚེ་དམིགས་པའི་རིག་བྱར་གྱུར་པའི་ཕྱིར ་བུམ་པ་དང་རས་ཡུག་བཞིན་ཏུ་ལོག་སྟེ་ཞག་ཏུ་དམིགས་པར་འགྱུར་རོ།། ཅི་སྟེ་ཚིགས་དང་འདུ་བའི་ཕྱིར་ལོགས་ཤིག་ཏུ་དམིགས་པར་མི་འགྱུར་ན་ནི་དེའི་ཚེ་ཚིགས་རེ་རོ་ལ་བདག་ཉིད་ཐམས་ཅད་དུ་རྫོགས་པའི་ཕྱིར་ཚིགས ་གཅིག་བསྒྲིབས་ནཱ་ཡང་སོར་མོར་བསྒྲིབས་པར་འགྱུར་བ་འམ། དམར་ན་དམ་བར་འགྱུར་ལ་སོར་མོ་མང་པོ་ཉིད་དུ་ཐལ་བར་འགྱུར་རོ།། ཕྱོགས་གཅིག་གིས་ཁྱབ་ན་ནི་གཅིག་པ་ཉིད་ཉམས་པར་འགྱུར་རོ།། དེ་དགེ ་ལ་ཡང་ཕྱོགས་གཅིག་གིས་ཁྱབ་ན་ནི་ཐུག་པ་མེད་པར་འགྱུར་རོ།། གཞན་མ་ཡིན་པ་ཡང་ཡིན་ཏེ། སོར་མོ་གཅིག་དང་ཐ་མི་དད་པའི་ཕྱིར་སོར་མོའི་རང་གི་ངོ་བོ་བཞིན་དུ་རྩེ་མོ་དང་དྲུད་པ་གཉིས་ཀྱང་གཅིག་པ་ཉིད་དུ ་ཐལ་བར་འགྱུར་ལ་སོར་མོ་ཡང་ཚིགས་པ་དུ་མ་དང་ཐ་མི་དད་པའི་ཕྱིར་དུ་མ་ཉིད་དུ་ཐལ་བར་འགྱུར་རོ།། དེ་ལྟར་ན་རྣམ་པར་དཔྱད་པ་འདིས་ཚིགས་ལ་སོགས་པ་ཡང་རང་གི་ཡན་ལག་རྣམས་ལས་གཞན་དང་གཞན་མ ་ཡིན་པ་ཉིད་དུ་བརྗོད་དུ་མེད་པའི་ཕྱིར་མ་གྲུབ་པས་མེད་དོ་ཞེས་བརྗོད་པར་བྱའོ།། སོར་མོ་ལ་སོགས་པ་མ་གཏོགས་པར་ཡང་འདུས་པ་མེད་པའི་ཕྱིར་དང་། རྡུལ་ཕྲ་རབ་རྣམས་ཀྱང་ཕྱོགས་ཐ་དད ་པ་ཉིད་ཀྱིས་མ་གྲུབ་པའི་ཕྱིར་དོན་དམ་པར་འདུས་པ་ཙམ་ཡང་མེད་དོ།། འོ་ན་གཟུགས་དང་སྒྲ་ལ་སོགས་པ་བདེན་པ་ཉིད་དུ་འགྱུར་རོ་སྙམ་པ་ལ་སོགས་པ་རྣམས་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོསོ།། ཇི་ལྟར་སོར་མོ་ལ་སོགས ་པ་དང་། སོར་མོ་འདུས་པ་མེད་པར་བཤད་པ་དེ་བཞིན་དུ་དངོས་པོ་ཐམས་ཅད་གཟུགས་ལ་སོགས་པ་མེད་པ་ཉིད་དུ་ཁོང་དུ་ཆུད་པར་བྱ་སྟེ། དེ་དག་གི་རང་བཞིན་ཡང་འདུས་པོ་ཙམ་ཡིན་པའི་ཕྱིར་ལ་འདུས་པ་ཡང་དངོས་པོ ་མེད་པ་ཉིད་དུ་བསྟན་པའི་ཕྱིར་རོ།། འོ་ན་འདུས་པ་ལ་མ་གཏོགས་པར་གཟུགས་ལ་སོགས་པ་ཡོད་པར་འགྱུར་རོ། སྙམ་པ་ལ། ཚོགས་མ་གཏོགས་པའི་དངོས་ཕྲའང་མེད་ཅེས་བྱ་བ་སྨོས་སོ།། ཕྲ་བའང་ཞེས་བྱ་བ་ནི་ཕྲ ་རབ་ཀྱི་བདག་ཉིད་ཀྱང་སྟེ་རྡུལ་ཕྲ་རབ་ཀྱང་ཕྱོགས་ཀྱི་བྱེ་བྲག་གིས་ཐ་དད་པའི་ཕྱིར་རོ།། འོ་ན་བློའི་ངོ་བོ་གཅིག་པར་འགྱུར་རོ་སྙམ་པ་ལ། དེ་ལྟར་དོན་གཅིག་ཤེས་བྱེད་པ། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡུལ་གྱི ་རྣམ་པ་འཛིན་པར་སྐྱེ་བའི་ཕྱིར་ཤེས་པ་ཡང་སྣ་ཚོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ།། འོ་ན་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡིད་ཀྱི་རྣམ་པའི་སེམས་ལས་བྱུང་བ་རྣམས་དམིགས་པ་གཅིག ་པ་ཅན་ཡིན་པར་འགྱུར་རོ་སྙམ་པ་ལ། སེམས་བྱུང་ཚོགས་དང་བཅས་སེམས་ཀྱི།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ཡིད་ཀྱི་རྣམ་པར་ཤེས་པ་དང་ཡིད་ཀྱི་རྣམ་པར་ཤེས་པའི་སེམས་ལས་བྱུང་བ་གཟུགས་ལ་སོགས ་པའི་ཡུལ་ཅན་གང་དག་ཡིན་པ་དེ་དག་ནི་ཡུལ་སྣ་ཚོགས་པ་ཡིན་པའི་ཕྱིར་སྣ་ཚོགས་ཉིད་ཁོ་ན་ཡིན་ནོ།། གཟུགས་ཤེས་པ་ལ་སོགས་པའི་ཡུལ་ཅན་གང་དག་ཡིན་པ་དེ་དག་ཀྱང་སྣ་ཚོགས་ཉིད་ཁོ་ན་ཡིན་ཏེ། གོང་དུ ་གཟུགས་ལ་སོགས་པ་ལ་དམིགས་པར་འགྱུར་བཱི་གཟུགས་ལ་སོགས་པ་ཤེས་པ་སྣ་ཚོགས་པ་ཉིད་ཀྱི་ཕྱིར་རོ་ཞེས་བཤད་ཟིན་ཏོ།། རང་གི་སྡེ་པ་ཙམ་གྱི་ཚུལ་བརྟེན་པའི་བློ་གྲོས་དཀར་བ་གང་དག་ཅེས་བྱ་བ་ནི་རྣལ ་འབྱོར་སྤྱོད་པ་རྣམས་སོ།། ཤེས་པ་ལ་མཐུན་པའི་བག་ཆགས་ཡོངས་སུ་སྨིན་པ་ལ་རག་ལས་ནས་འབྱུང་བ་ཡོད་པ་ཞེས་ཚིགས་རྣམ་པར་སྦྱར་རོ།། བག་ཆགས་གང་ལ་ཐོག་མ་མེད་པའི་སེམས་ཅན་གྱི་རྒྱུད་ཡོད ་པ་དེ་ལ་དེ་སྐད་ཅེས་བྱའོ།། བག་ཆགས་དེ་སྨིན་པ་ནི་ཡོངས་སུ་སྨིན་པ་སྟེ། འཇུག་པ་ཐོགས་པ་ཞེས་བྱ་བའི་ཐ་ཚིག་གོ།། ཡོངས་སུ་སྨིན་པ་དེ་སྤྲུལ་པ་ནི་བསྐྱེད་པའོ།། འདི་འཐད་པ་གཟུགས་ལ་སོགས་པའི་སྐྱེ་མཆེད ་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། རྫས་དང་ཡོན་ཏན་ལ་སོགས་པ་ཞེས་བྱ་བ་ནི་བྱེ་བྲག་པ་ལ་སོགས་པ་ཉེ་བར་བརྟགས་པ་རྣམས་སོ།། སོགས་པ་ཞེས་བྱ་བའི་སྒྲས་ནི་ལས་དང་སྤྱི་དང་བྱེ་བྲག་དང་འདུ་བ་རྣམ་ས་བསྡུ་སྟེ། ་འདིས་ནི་ཕྱི་རོལ་གྱི་གཟུང་བ་མེད་པའི་ཕྱིར་ཤེས་པ་འཛིན་པ་མེད་པ་ཁོ་ནའོ་ཞེས་བསྟན་པ་ཡིན་ནོ།། ཕྱི་རོལ་གྱི་དོན་གྱི་ཡོད་ན་ཡང་ཤེས་པ་ནི་བཟུང་བ་དང་འཛིན་པའི་རྣམ་པས་སྟོང་པ་ཁོ་ན ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཚོར་བར་བྱ་བ་དང་ཚོར་བ་བྱའི་མཚན་ཉིད་དང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་རྣམ་པ་མེད་ན་ཡོད་པ་ཙམ་གྱིས་ནི་ཕྱི་རོལ་གྱི་དོན་རིག་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར ་པབའི་ཕྱིར་རོ།། ཡུལ་གྱིས་འབྲས་བུ་ཡིན་པ་བསམ། ཚོགས་པ་གཅིག་པ་རག་ལས་པས་ཀྱང་རིག་པར་རིགས་པ་མ་ཡིན་ཏེ། མིག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ།། ཡུལ་གྱི་རྣམ་པ་ཅན་ཙམ་གྱིས་ཀྱང་མ་ཡིན ་ཏེ། རྣམ་པ་མཚུངས་པའི་སེམས་གཞན་ཡང་འཛིན་པར་ཐལ་བར་འགྱུར་བའི་ཕྱིར་རོ།། ཡུལ་དང་འདྲ་བ་དང་ཡུལ་ལྔས་བྱུང་བ་དག་གིས་ཀྱང་མ་ཡིན་ཏེ། མཚུངས་པ་དེ་མ་ཐག་པའི་རྐྱེན་དོན་མཐུན་པ་ཡང་ཡུལ་ཉིད་དུ་འགྱུར ་བའི་ཕྱིར་རོ།། དེ་ལ་སོགས་པའི་རྣམ་པས་ཚོར་བར་བྱ་བ་དང་ཚོར་བ་པོ་ཉིད་ཀྱི་མཚན་ཉིད་མི་སྲིད་པའི་ཕྱིར་དངོས་པོ་འདི་དག་ནི་སྒྱུ་མ་ལ་སོགས་པའི་རང་བཞིན་ལྟར་སྣང་ངོ་།། འདི་དག་དེ་ལྟར་སྣང་བའི་རྒྱུ་གང་ཡིན་སྙམ་པ་ལ་ཐོག ་མ་མེད་པར་སྲིད་པ་འབྱུང་བ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དངོས་པོ་ལ་མངོན་པར་ཞེན་པ་འདི་ལ་ཐོག་མ་མེད་པའི་སྲིད་པར་འབྱུང་བའི་ངང་ཚུལ་ཡོད་པས་དེ་སྐད་ཅེས་བྱ་སྟེ། མངོན་བར་ཞེན་པ་དེས་བསྐྱེད ་པའི་བག་ཆགས་གང་ཡིན་པའོ།། བྲག་ཚུགས་དེ་ཡོངས་སུ་སྨིན་པ་ནི་འཇུག་པ་ཐོབ་པ་ཉིད་དོ།། ཕྱག་ཆགས་ཡོངས་སུ་སྨིན་པ་དེའི་མཐུ་ནི་ནུས་པ་སྟེ། བདག་པོ་ཞེས་བྱ་བའི་ཐ་ཚིག་གོ།། མཐུ་དེ་ལས་རྣམ་པ་འདི་དགྣ་སྨྱུང་སྟེ། ཕྱི ་རོལ་གྱི་དོན་མྱེད་པར་ཡང་ཞེས་བྱ་བའི་ཐ་རྒྱུག་གོ། དེ་དགེ་ཞེས་བྱ་བ་ནི་ལུགས་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ།། དངོས་དེ་ཡང་བདག་ཉིད་དམི་ཅི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ངོ་བོའོ།། ལུགས་འདི་ནི་ཚོད་མ་ད་། ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་ལེའུར་བྱས་པའི་དོན་རྣམ་པར་འགྲེལ་པར་བྱེད་དོ།། འདི་ནི་ཞེས་བྱ་བ་ནི་འདི་ཞེས་བྱ་བའི་ཐ་ཚིག་གོ།། གང་དག་དམིགས་པ་ལ་སྤྱོད་པ་དེ་དག་ནི་དམིགས་པ་ཅན་ཏེ། དེ་དག་ནི་དམིགས་པ་ཅན་ཡང ་ཡིན་ལ་མཐའ་ཡས་པ་དག་ཀྱང་ཡིན་ཞེས་ཚིག་རྣམ་པར་སྦྱར་ཏེ། དམིགས་པ་ཅན་རྣམས་ཀྱི་མངོན་པར་ཞེན་པ་ངན་པ་འམ། དམིགས་པ་ཅན་རྣམས་ཀྱི་མོ་ངོན་པར་ཞེན་པ་ངན་པ་མཐའ་ཡས་པ་གང་ཡིན་པ་དེའི་མཉན་པོ ་ཡིན་པས་སོ།། ཚད་མ་ཤིན་ཏུ་གསལ་བ་གང་ཡིན་སྙམ་པ་ལ། འདི་ལྟར་རྡུལ་ཕྲ་རབ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། སྔར་བཤད་པ་ཞེས་བྱ་བ་ནི། ཐ་དད་ཕྱོགས་དང་འདྲེ་བས་ན། ཁྱབ་རྣམས་གཅིག་པུར ་ག་ལ་འགྱུར་ཞེས་བྱ་བ་ལ་སོགས་པས་སོ།། ལུང་གིས་ཤེས་པར་བྱ་བ་ཡང་ཡིན་པ་བསྟན་པ་ལུང་དང་ལྡན་པ་ཡང་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གཟུགས་བརྙན་ལྟ་བུ་ཞེས་བྱ་བ་ནི་གཟུགས་བརྙན་བཞིན་ཞེས ་བྱ་བའི་ཐ་ཚིག་གོ།། སྣང་ཡང་ནི་ཞེས་བྱ་བ་ནི་དོན་གྱི་རྣམ་པར་ཞེས་བྱ་བ་དང་སྦྱར་རོ།། ཐོག་མ་མེད་པའི་བློས་བསྒོམ་པ་ཞེས་བྱ་བ་ནི་ཐེག་མའི་དངོས་པོར་མངོན་པར་ཞེན་པ་ཅན་གང་ཡིན་པ་དེས་བསྒོས ་པ་སྟེ་སྔགས་པའོ།། གཅིག་ཏུ་འཁོར་བ་ཐོག་མ་མེད་པ་ཅན་ནས་བསྒོས་པ་ཡིན་ནོ།། གལ་ཏེ་སེམས་དོན་གྱི་རྣམ་པ་ཅན་ཡིན་ན་འོ་ན་ནི་དོན་ཡོད་དོ་ཞེས་བྱ་བར་ཁས་བླངས་པར་འགྱུར་རོ་སྙམ་པ་ལ་དོན་མེད་ཅེས་བྱ་བ་སྨོས་སོ ་ཡང་དགེ་ཇི་བཞིན་མཐོང་ཞེས་བྱ་བ་ནི་གཅིག་དང་དུ་མའི་ངོ་བོས་དོན་དཔྱོད་པ་སྟེ། དོན་ཡོད་པ་ཉིད་དུ་མི་སྣང་ངོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་ན་ཆོས་ལ་བདག་མེད་པ་བཤད་པ་ཡིན་ནོ།། གང་ཟག་ལ་བདག་མེད་པ་ཡང་གཙོ ་ཆེར་བཤད་པའི་ཕྱིར་གང་ཟག་ཅེས་བྱ་བ་སྨོས་ཏེ། ཁ་ཅིག་ན་རེ་ཚེ་རབས་གཞན་དང་གཞན་དག་ཏུ་འཁོར་བའི་གང་ཟག་གང་ཡིན་པ་ནི་རྫས་སུ་ཡོད་དོ་ཞེས་ཟེར་རོ།། གཞན་དག་ན་རེ་འཁོར་བར་འགྱུར་བ་རྒྱུན་རྫས་སུ་ཡོད་དོ། ་ཞེས་ཟེར་རོ།། ལ་ལ་ན་རེ་གཟུགས་ལ་སོགས་པ་ཕུང་པོ་རྣམས་ཁོ་ན་འཁོར་རོ་ཞེས་ཟེར་རོ།། གཞན་དག་ན་རེ་ཕྱི་རོལ་གྱི་རྒྱུ་དང་རྐྱེན་རྣམས་ཁོ་ན་འཁོར་བ་པ་ཡིན་ནོ་ཞེས་བརྗོད་དོ།། གཞན་དག་ན་རེ་རྡུལ་རྣམས་འཁོར་རོ།། ་ཞེས་ཟེར་རོ།། གཞན་དག་ན་རེ་སྣ་ཚོགས་འདི་ནི་གཙོ་བོའི་ཡོངས་སུ་འགྱུར་བ་ཡིན་ནོ་ཞེས་ཟེར་རོ།། ཁ་ཅིག་གིས་ནིཐམས་ཅད་ཀྱི་བྱེད་པ་པོ་ནི་དབང་ཕྱུག་ཁོ་ན་ཡིན་ནོ་སྙམ་དུ་རྟོག་སྟེ། རབ་ཏུ་སྨྲ་བ་འདི་དག་ཐམས་ཅད ་ནི་སེམས་ཙམ་པོ་ཁོ་ན་ལས་རྣམ་པར་རྟོགས་པ་བྱེད་ཀྱི། དོན་དམ་པར་གང་ཟག་ལ་སོགས་པ་ཡོད་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། འདི་ཐམས་ཅད་ནི་ཇི་ལྟར་འགྲུབ་སྙམ་པ་ལ་ཕྱི་རོལ་དོན་མཐོང་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། དོན་ཅེས་བྱ་བའི་སྒྲ་ནི་གཟུགས་ལ་སོགས་པ་གང་ཟག་ལ་སོགས་པ་གཉི་ག་ལྔ་བྱའོ།། ལོག་པ་ཡིན་ཞེས་བྱ་བ་ནི་ལོག་པའི་དྲན་ཞེས་བྱ་བའི་ཐ་ཚིག་གོ། སྦྱོར་བ་ནི་སེམས་དོན་གྱི་རྣམ་པ་ཅན་གང་དང་གང་ཡིན་པ་དེ ་ནི་ལོག་པའི་དོན་ཡིན་ཏེ། དཔེ་ར་ན་རྨི་ལམ་ལ་སོགས་པ་ལྟ་བུའོ།། ཕྱི་རོལ་གྱི་དོན་མཐོང་ཉིད་དུ་འདོད་པརྩོད་པའི་གཞིར་གྱུར་པའི་སེམས་འདི་ཡང་དོན་གྱི་རྣམ་པ་ཅན་ཏེ། རང་བཞིན་གྱི་གཏན་ཚོགས་འབྲེལ་བ་ཡིན་ནོ།། འདི་ལ ་གནོད་པ་ཅན་གྱི་ཚད་མ་གང་ཡིན་སྙམ་པ་ལ། དོན་ཡོད་མ་ཡིན་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་གཅིག་དང་དུ་མའི་རང་བཞིན་དག་གིས་དཔྱད་ན་དོན་མི་གནས་པའི་ཕྱིར་དོན་མེད་པར་གྲུབ་པ་ནི་གནོད་པ་ཅན་གྱི་ཚད་མ་ཡིན་ནོ།། ཕྱི ་རོལ་གྱི་ཡུལ་དང་འབྲེལ་བའི་དོན་མངོན་སུམ་ཁོ་ནར་གྲུབ་པ་མ་ཡིན་ནམ། དེ་ཇི་ལྟར་ན་མེད་ཀྱང་ངམ་བཅས་པ་ཡང་ཇི་ལྟར་འགལ་བ་ཙན་དུ་མི་འགྱུར་སྙམ་པ་ལ། སེམས་ཉིད་དེ་ཞེས་བྱ་བ་སྨོས་ཏེ། འདིས་ནི་ལུགས་འདི་སྔར་བཤད ་པ་མངོན་པར་ཞེན་པ་ངན་པའི་གཉེན་པོ་ཉིད་ཡིན་པར་བསྟན་ཏོ།། དེ་ཉིད་ཀྱི་ཕྱིར་མཁས་པ་དག་ཚུལ་འདི་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཙམ་གྱིས་ནི་དེ་དག་ཞེས་བྱ་བ་རྣམ་པར་ཕྱེ་བ་ཡིན་ནོ།། འོན་ཀྱང ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་སུ་བཅད་པའི་ཆ་ལྷག་མ་འགྲེལ་པར་བྱེད་དེ། ཡང་དག་པ་ཉིད་ཡིན་ནུ་རྣམ་པ་དང་རྣམ་པར་ཤེས་པ་གཉིས་སྔ་མ་བཞིན་དུ་རང་བཞིན་ཕན་ཚུན་གནས་པར་ཐལ ་བར་འགྱུར་ཏེ། ཁོང་དུ་ཆུད་པར་སླ་བྲ་ཉིད་དོ།། གཡོ་དང་མི་གཡོ་ལ་སོགས་ལ་ཞེས་བྱ་བ་ནི་གཡོ་བ་དང་མི་གཡོ་བར་སྣང་བ་དག་ལ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟ་མ་ཡིན་ནེ་ཞེས་བྱ་བ་ནི་གཡོ་བ་ལྔ་སོགས་པར་སྣང་བ་ངོ་བོ ་གཅིག་པ་ཁོ་ན་ཞེས་བྱ་བའི་ཐ་ཚིག་གོ།། ཐལ་བ་འདི་ནི་ཞེས་བྱ་བ་ནི་གཡོ་བ་ལ་སོགས་པ་རྣམ་པ་གཅིག་ཏུ་སྣང་བར་འགྱུར་བའོ།། ངེས་པར་ཐ་དད་པར་འགྱུར་ཞེས་བྱ་བ་ནི་ཤྭེ་བ་དང་རྣམ་པ་གཉིས་ཞེས་བྱ་བ་ལྷག་མ་ཡིན། ་ལྔལ་ལ་ལས་ནི་ངེས་པར་དེ་ཁོ་ནར་འགྱུརརོ་ཞེས་འབྱུང་སྟེ། དེར་ནི་དེ་ཁྲོ་ན་ཞེས་བྱ་བ་ཐ་དད་བཱ་ཁེ་ན་ལ་སྙེགས་ཏེ། གོང་དུ་གདོན་མི་ཟ་བར་སྣ་ཚོགས་ཉིད་དུ་འགྱུར་རོ་ཞེས་བཤད་པ་དེར་ཐ་དད་པ་ཁོ་ནའི་སྐབས་ཡིན་པའི ་ཕྱིར་རོ།། གང་དག་ཅེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་ཁ་ཅིག་ཁོ་ན་ཡིན་ཏེ། ཇི་སྐད་བཤད་པའི་སུན་དབྱུང་བར་ཐལ་བར་འགྱུར་བས་འཇིགས་ནས་རྣམ་པར་ཤེས་པ་རིགས་འཐུན་པ་མང་པོ་ཡང་ཅིག་ཅར་སྐྱེའོ་ཞེས་བརྗོད་དོ།། ་དེ་དག་གི་ལྕགས་ཀྱིས་གཅིག་ལ་སྣ་ཚོགས་ཉིད་དུ་ཁས་མི་ལེན་པའི་ཕྱིར་ཇི་སྐད་བཤད་པའི་སུན་དབྱུང་བར་མི་འཇུག་མོད་ཀྱི། ཉེས་པ་གཞན་ཡོད་པར་སྨྲ་བ་དེ་དག་གི་ནི་གང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ལུང་གང་ཡིན་སྙམ ་པ་ལ་གང་སྔ་ཕྱི་མེད་པར་སེམས་གཉིས་འབྱུང་བ་འདི་ནི་གནས་མཱ་ཡིནྡ་ཏེ་ཞེས་བྱ་བ་སྨོས་སོ།། གནས་མ་ཡིན་ཏེ་ཞེས་བྱ་བ་ནི་མི་སྲིད་པའོ།། དེ་ཉིད་ཀྱི་བཤད་པ་ནི་གོ་སྐབས་མེད་དོ་ཞེས་བྱ་བ་ཡིན་ནོ།། སྔ་ཕྱི་མེད་པར་ཞེས ་བྱ་བ་ནི་དུས་གཅོག་ཏུ་གྱུར་ཞེས་བྱ་བའི་ཐ་ཚིག་སྟེ། འདིར་འགལ་བ་ནི་འདི་ཡི་ནོ།། དེ་བཞིན་དུ་ཞེས་བྱ་བ་ནི་ལུང་དང་འགལ་བ་གཉིས་པ་ཡང་སྟོན་པའོ།། རྣམ་པར་སྨིན་པའི་རྣམ་པར་ཤེས་པའི་དབང་དུ་མཛད་དེ་དེ་སྐད་གསུངས་པར་ས ་དོ་ཞེ་ན། ཞེས་བྱ་བ་ནི་ཕ་རོལ་པོ་ལུང་གི་གཞུང་འཛུགས་པའི་དོགས་པ་བསུ་བར་བྱེད་པའོ།། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ནི་གཅིག་ཁོ་ན་འབྱུང་གི། དུ་མ་ཅིག་ཅར་ནི་མི་འབྱུང་གི། དུ་མ་ཅིག། ་ཅར་ནི་མི་འབྱུང་བས་ན་དེའི་ཕྱིར་འདི་ནི་བཅོམ་ལྡན་འདས་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པའི་དབང་དུ་མཛད་ནས་གསུངས་ཀྱི་འཇུག་པའི་རྣམ་པར་ཤེས་པ་ནི་མ་ཡིན་ནོ་ཞེས་གྲགས་ཏེ། རྣམ་པར་བཤད་པ་འདི་ཡང་སྔོན་གྱི་སློབ ་དཔོན་གྱིས་རྣམ་པར་བཤད་པོ་དང་འགལ་བའི་ཕྱིར་དང་། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཡང་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བས་སྣ་ཚོགས་པ་ཡིན་པའི་ཕྱིར་དུ་མར་ཐལ་བར་འགྱུར་བ་མ་བཟློག་པས་སྐྱོན་ཆགས ་པ་ཁོ་ན་ཡིན་ནོ་སྙམ་བསམས་ནས། གལ་ཏེ་དེ་ལྟ་ན་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་གྱི་སློབ་དཔོན་ཆོས་ཀྱི་གྲགས་པ་ལ་སོགས་པ་འདི་སྐད་དུ་བཅོམ་ལྡན་འདས་ཀྱི་གནས་མ་ཡིན་ཞེས་བྱ་བ་ལ་སོགས་པས་རྣམ་པར ་རིག་པ་རྣམས་ངེས་པར་བཤད་པ་གང་ཡིན་པ་དེ་ནི་རྣམ་པར་རིག་པ་དེ་དག་རྣམས་ལས་རྣམ་པར་ཤེས་པ་རིགས་མཐུན་པ་ཁོ་ནའི་དབང་དུ་མཛད་དེ་གསུངས་ཀྱི། རིགས་མི་མཐུན་པ་ནི་མ་ཡིན་ཏེ། འདི ་ལྟར་རྣམ་པར་རྟོག་པ་རིགས་མཐུན་པ་རྣམས་རིམ་གྱིས་འབྱུང་བར་རྟོག་སོ་ཞེས་རྣམ་པར་བཤད་དོ།། དེ་ལྟ་མ་ཡིན་ཏེ་གལ་ཏེ་ཁྱོད་སྔོན་གྱི་སློབ་དཔོན་གྱི་ཚུལ་བོར་ནས་རང་གར་རྣམ་པར་འཆད་པར་བྱེད་ན་ནི་དེའི་ཚེ་ཁོ་བོ་ཡང་འདི་སྐད་དུ ་འདི་ལྟ་སྟེ། གནས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འདི་ནི་མི་མཐུན་པ་དང་གཉེན་པོའི་སེམས་གཉིས་ཅིག་ཅར་འབྱུང་བ་འགག་པ་ལྷུར་མཛད་པ་ཡིན་ནོ་ཞེས་རྣམ་པར་འཆད་དོ།། འོ་ན་རྣམ་པར་ཤེས་པའི་རྒྱུད་གཅིག་པའོ་ཞེས ་བྱ་བ་འདི་ནི་ཇི་ལྟར་དྲང་སྙམ་པ་ལ། གཅིག་ཅེས་བྱ་བའི་སྒྲ་ནི་འབའ་ཞིག་ཅེས་བྱ་བའི་རྣམ་གྲངས་སུ་གཏོགས་པ་ཡིན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དེཿ་ཡིན་ན་ཕ་རོལ་གྱི་དགག་པ་བསྟན་པར་བཤ་པ་ཡིན་ནོ།། དེ་ལྟར ་བཤད་ན་ཡོན་ཏན་ཅི་ཞིག་འཐོབ་སྙམ་པ་ལ། དེ་བས་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཀྱིས་བཤད་པ་ལྟར་ན་ཐ་དད་པར་ཐལ་བར་འགྱུར་བའི་གནོད་པ་སྐྱེད་པར་འགྱུར་པ་ཁོ་ནའོང ་སྙམ་བསམ་པའོ།། གལ་ཏེ་དེ་ལྟ་ན་ཕ་རོལ་པོ་དེ་ལྟར་བཤད་པ་ཡིན་ཀྱང་ཁྱོད་ཀྱིས་ཁོ་བོ་ཅག་འདོད་པ་ཁོ་ན་བསྒྲུབས་པ་ཁོ་ན་ཡིན་ནོ་ཞེས་སྨྲ་བར་འགྱུར་རོ་སྙམ་པ་ལ། ཅི་ལུགས་འདི་རྨ་མེད་པ་ཡི་ན་ནམ་ཞེས་བྱ་བ་ལ ་སོགས་པ་སྨོས་སོ།། དཔྱད་པ་དེ་གང་ཡིན་སྙམ་པ་ལ། འདི་ལྟར་དབུས་སུ་འདོད་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཤེས་པ་རྣམས་ནི་ལུས་ཅན་མ་ཡིན་པའི་ཕྱིར་ཡུལ་གྱིས་བྱས་པའི་སྔ་མ་དང་ཕྱི་མ་མེད ་བ་མ་ཡིན་ནོམ། དེ་ཇི་ལྟར་ན་ཤེས་པ་རྣམས་རྡུལ་ཕྲ་མོ་བཞིན་དབུས་ན་གནས་པར་གྱུར། དེ་ནི་བདེན་པ་སྨྲ་བ་འདི་ལ་སྐྱོན་གཞན་རྣམ་པ་ཡུལ་ཁེབས་པར་སྣང་བ་རྣམས་བདེན་པ་ཉིད་དུ་འདོད་པས་ཤེས་པ་མང་པོ་ལུས་མེད་པ་ཡིན ་ཡང་དེ་བཞིན་དུ་ཡུལ་ཁེབས་པར་གནས་པར་སྐྱེ་བ་ཡོངས་སུ་རྟོག་པ་གང་ཡིན་པ་འདི་ཡོད་དོ།། དེ་ལྟ་མ་ཡིན་ཏེ་གལ་ཏེ་རྣམ་པར་ཤེས་པ་དུ་མ་སྐྱེ་བར་རྟོགས་པ་ལ་ཡང་དེ་ལྟར་ཡུལ་ཁེབས་པར་སྐྱེ་བར་སྣང་བ་ལོག་པ་ཡིན་པར ་གྱུར་ན་དེའི་ཚེ་རྣམ་པར་ཤེས་པ་དུ་མ་སྐྱེ་བར་རྟོ་རྟག་པ་མེད་པར་འགྱུར་ཏེ། སྔོན་པོ་ལ་སོགས་པར་སྣང་བ་ཡུལ་ཁེབས་པར་གནས་པ་མ་རྟོགས་པར་ནི་གང་ཞིག་བདེན་པར་འགྱུར་བ་སྔོན་པོ་ལ་སོགས་པ་གཞན་ཉམས་སུ ་མྱོང་བ་ནི་མེད་དོ།། སྔོན་པོ་ལ་སོགས་པར་སྣང་བ་ཡང་བརྫུན་པ་ཉིད་ཡིན་ན་གཞན་ཅི་ཞིག་བདེན་པར་འགྱུར་ཏེ། འདི་ནི་གྱི་ནའོ།། རྡུལ་ཕྲ་རབ་རྣམས་ནི་ལུས་ཅན་ཡིན་པར་ཤེས་པ་ནི་ལུས་ཅན་མ་ཡིན་ནམ། དེ་ཇི་ལྟར་ན་འདིར ་ཉེས་པ་འདི་ཉིད་དུ་འགྱུར་སྙམ་པ་ལ། བར་ཆད་མེད་པར་རིགས་གཅིག་པའི་རྡུལ་དུ་མ་འཛིན་པ་ན་ཞེས་བྱ་བ་སྨོས་ཏེ། བསྡུས་པའི་དོན་ནི་མིང་ཙམ་ཐ་དད་པ་འབའ་ཞིག་ཏུ་ཟད་ཀྱི། ཡུལ་འདབ་ཆགས་པར་གནས་པའི་མཚན ་ཉིད་ཀྱི་དྲོན་ལ་ནི་ཐ་དད་པ་མེད་དོ།། མིང་ཙམ་ལ་འཇུག་པའི་སྒོས་བྱས་པའི་ཉེས་པ་མཚུངས་པར་སྒྲུབ་པ་ནི་མ་ཡིན་གྱི། ཡུལ་འདབ་ཆགས་པར་གནས་པར་བྱས་པའི་ཉེས་པ་མཚུངས་པར ་བྱེད་པ་དེ་ལ་ཡང་མིང་ཐ་དད་པ་ཡོད་ཀྱང་ཇི་ལྟར་ཉེས་པ་མཚུངས་པར་མི་འགྱུར་ཞེས་བྱ་བ་ཡིན་ནོ།། གང་དག་ནོར་བུ་གཟི་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་སྤྱོད་པ་གཞན་གྱི་ལྟ་བ་དོགས་པ་བསུ་བར་བྱེད་དེ། ་དེ་དག་དུས་ཐམས་ཅད་དུ་རྣམ་པར་ཤེས་པ་སྣ་ཚོགས་ཀྱི་རྣམ་པ་ཅན་གཅིག་ཁོ་ན་སྐྱེའོ་ཞེས་བརྗོད་དོ།། སྔ་མ་རྣམས་ནི་མིག་ལ་སོགྲོ་པའི་རྣམ་པར་ཤེས་པ་སྣ་ཚོགས་ཀྱི་རྣམ་པ་ཅན་ཡིན་པར་འདོད་ཀྱང་གཅིག་པུ་ཁོ་ནར་མི་འདོད་ཀྱི ་རྣམ་པར་ཤེས་པ་བརྒྱད་པར་འདོད་ཅིང་། གསིང་བུ་རྣམས་ནི་འགྲོ་བ་ཐམས་ཅད་ནི་རྣམ་པར་ཤེས་པ་རྟག་པ་གཅིག་པུ་ཙམ་གྱི་རང་བཞིན་ཡིན་པར་འདོད་ལ། འདི་ནི་སྲོག་ཆགས་རེ་རེ་ཞིང་སོ་སོ། སོ་སོ་མི་རྟག་པ་རེ་རེ་འདོད ་པས་ཕྱོགས་སྔ་མ་གཉིས་ལས་འདི་ལ་བྱེ་བྲག་ཡོད་དོ།། ནམ་མཁའ་ནི་གནམ་ཡིན་ཏེ། གྲང་དག་ལ་ན་མཁའ་དེ་ཉིད་ཀྱི་གོས་ཡོད་པ་དེ་སྐད་ཅེས་བྱའོ།། དེ་དག་གི་ལྟ་བ་ཞེས་ཚིག་རྣམ་པར་སྦྱར་ཏེ། འདིར་ཡང་ན་མཁའི་གོས་ཅན་གྱི ་ལྟ་བ་བཞིན་དུ་སུན་དབྱུང་བ་བརྗོད་པར་བྱའོ་སྙམ་དུ་བསམས་པའོ།། སུན་དབྱུང་བ་དེ་ཉིད་བསྟན་པའི་ཕྱིར། སྣ་ཚོགས་གཅིག་པུའི་རང་བཞིན་མིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། སྦྱོར་བ་ནི་གང་ཞིག་སྣ་ཚོགས ་ཡིན་པ་དེ་ནི་གཅིག་པུ་མ་ཡིན་ཏེ། དཔེར་ན་རིན་པོ་ཆེ་རིགས་སྣ་ཚོགས་པ་ལྟ་བུའམ། དཔེར་ན་སེམས་རྒྱུད་སྣ་ཚོགས་ལ་ཡོད་པའི་ཤེས་པ་དག་ལྟ་བུ་ཡིན་ནོ།། རྣམ་པར་ཤེས་པ་འདི་ཡང་སྣ་ཚོགས་ཡིན་ཏེ། འགལ་བ་དམིགས ་པ་ཡིན་ནོ།། འདི་ལ་ཇི་ལྟར་འགལ་བ་འགྲུབ་སྙམ་པ་ལ། སྣ་ཚོགས་ཤེས་བྱ་བ་ནི་རྣམ་པ་ཐ་དད་པ་ལ་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་སྣ་ཚོགས་པ་མ་གཏོགས་པ་གཞན་སྣ་ཚོགས་པའི་སྒྲར་བརྗོད་པར ་བྱ་བ་ནི་མེད་དོ།། སྣ་ཚོགས་པ་དང་གཅིག་པ་གཉིས་ཀྱང་ངོ་བོ་ཕན་ཚུན་རྣམ་པར་གཅད་པ་མེད་ན་མེད་པ་ཡིན་པའི་ཕྱིར་ཕན་ཚུན་སྤྲིངས་ཏེ་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་པས་འགལ་བ་འགྲུབ་པོ།། འགལ་བ། ་གཉིས་ཀྱང་རང་བཞིན་ཅིག་ཉིད་ཡིན་ན་ནི་འགྲོ་བ་མཐའ་དག་རྫས་གཅིག་ཏུ་འགྱུར་ཏེ། དེའི་ཕྱིར་ལྷན་ཅིག་སྐྱེ་བ་དང་འཇུག་པ་ལ་སོགས་པར་ཐལ་བར་འགྱུར་པ་བཟློག་དཀའོ།། དེ་ལྟ་མ་ཡིན་ན་ནི་གཅིག་ཅེས་བྱ་བ་མིང་ཙམ ་ཁོ་ནར་འགྱུར་ཏེ། མིང་ལ་ནི་བརྩད་པ་མེད་པས་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ཏེ། དཔེ་རིན་པོ་ཆེ་རིགས་སྣ་ཚོགས་ནི་ནམ་མཁའི་གོས་ཅན་གྱི་ལུགས་ཀྱིས་བལྟ་བར་བྱའི། རྣལ་འབྱོར་སྤྱོད་པའི་ལུགས་ཀྱིས་ནི་མ ་ཡིན་ཏེ། རྣལ་འབྱོར་སྤྱོད་པ་ལ་རིན་པོ་ཆེ་མ་གྲུབ་པའི་ཕྱིར་རོ།། རྣལ་འབྱོར་སྤྱོད་པའི་ལུགས་ཀྱིས་ནི་དཔེ་སེམས་རྒྱུད་སྣ་ཚོགས་ལ་ཡོད་པའི་ཤེས་པ་རྣམས་ཡིན་ཏེ། དཔེ་སེམས་རྒྱུད་སྣ་ཚོགས་ལ་ཡོད་པའི་ཤེས་པ་ནི་སོགས ་པ་ཞེས་བྱ་བའི་སྒྲས་བསྟན་པ་ཁོ་ནཱ་ཡིན་ནོ།། དེས་ན་སུན་དབྱུང་བ་འདི་གཉི་གའི་ལུགས་ལ་ཡང་ཐུན་མོང་ཡིན་ནོ།། སུན་དབྱུང་བ་ཐུན་མོང་གཞན་ཡང་སྣ་ཚོགས་གཅིག་པུའི་རང་བཞིན ་ན་ཞེས་བྱ་བ་སྨོསོ།། སྣ་ཚོགས་ངོ་བོར་སྣང་བར་མི་འགྱུར་ཞེས་བྱ་བ་སྟེ། སྣ་ཚོགས་ཀྱི་ངོ་བོར་སྣང་བའི་སྣ་ཚོགས་ཀྱི་ངོ་བོས་ཁྱབ་པ་ཡིན་ནོ།། དེ་ནི་ཐ་དད་པའི་བདག་ཉིད་དུ་འཁྲུལ་པ་མེད་དེ། ཞེས་བྱ་བ་ལ་སོགས་པ་ནི་ཁྱབ་པ་དེ་ཉིད ་སྟོན་པར་བྱེད་པའོ།། དེ་བཞིན་དུ་གཅིག་རྟོགས་པས་ཞེས་བྱ་བ་ནི་རྣམ་པ་གཅིག་སྣང་ན་རྣམ་པ་ཐམས་ཅད་སྣང་བར་འགྱུར་བའོ།། སོགས་པ་ཞེས་བྱ་བའི་སྒྲས་ནི་གཅིག་དམར་རམ་ཚིག་ན་ཐམས་ཅད་དམར་བ་ལ་སོགས་པ་ཐལ ་ཕྱིར་འགྱུར་རོ་ཞེས་སྟོན་ཏོ།། ཅི་སྟེ་ངོ་བོ་ཉིད་དུ་དེའི་ཞེས་བྱ་བ་ལ་སོགས་པས་ནི་འདི་ལ་ཕ་རོལ་པའི་ལན་གྱིས་དོགས་པ་བསུ་བར་བྱེད་དོ།། དེའོ་ཞེས་བྱ་བ་ནི་ཤྭེས་པའིའོ།། འོ་ན་ཇི་ལྟར་སྣང་སྙམ་པ་ལ། ནོར་པས་ཞེས་བྱ་བ་སྨོས ་སོ། བསྡུས་པའི་དོན་ནི་གལ་ཏེ་རྣམ་པ་འདི་དག་བདེན་བྱའི་དྲོ་བོ་ཁོ་ན་ཞིག་ཏུ་གྱུར་ན་དེའི་ཚེ་འགལ་བ་འདི་དག་ཐམས་ཅད་དུ་འགྱུར་རོ།། བརྫུས་པ་ཉིད་གཅིག་ཡིན་ནི་འགལ་བ་མེད་དེ། དོན་དམ་པར་ཤེས་པའི་ངོ་བོ་གཅིག ་པ་ཁོ་ན་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ།། སྔོན་པོ་ལ་སོགས་པ་རྣམ་པའི་བྱེ་བྲག་ཏུ་གྱུར་པ་མ་ཡིན་པ་ནི་ཤེས་པ་ལ་ཕྲ་ད་པ་མེད་པའོ།། གཞན་ཞིག་གཞན་གྱི་ངོ་བོར་སྣང་བར་ཇི་ལྟར་གྲུབ་སྙམ་པ་ལ། ་འཇིམ་པའི་དུམ་བུ་ལ་སོགས་པ་སྨོས་སོ།། སྔགས་ལ་སོགས་པས་དཀྲུགས་པའི་མིག་ཅན་གྱི་མི་རྣམས་ལ་ཞེས་བྱ་བར་སྦྱར་ཏེ། སོགས་པའི་སྒྲས་ནི་སྨན་ལ་སོགས་པ་ཡོངས་སུ་བསྡུའོ།། གལ་ཏེ་མེད་ན་ཇི་ལྟ་བུར་ཞེས ་བྱ་བ་ལ་སོགས་པས་ནི་སུན་དབྱུང་བར་བཤད་དེ། དེ་དག་ཅེས་བྱ་བ་རྣམསོ།། འདི་ལྟར་ཞེས་བྱ་བ་ནི་བྱིས་པ་ཡན་ཆད་ལ་ཤིན་ཏུ་གྲགས་པ་ལྟར་རོ།། དེའི་དངོས་ལས་ཐ་དད་པའི་ཞེས་བྱ་བ་ནི་རྣམ་པ་གསལ་བ་སྣང་བ་ལས ་ཐ་དད་པ་གཉིས་སུ་མེད་པའི་སྟེ། འདི་ནི་འཇིག་རྟེན་པ་ལས་འདས་པ་ཡིན་ནོ།། ཞེས་སྟོན་པར་བྱེད་དོ། འདི་ལྟར་ཤིན་ཏུ་གསལ་བར་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་བརྫུན་ཉམས་སུ་མྱོང་བ་མང་པོ་གང་ཡིན་པ་དེ ་ནབརྫུན་ལ། ཉམས་སུ་མྱོང་བ་མེད་པ་གང་ཡིན་པ་དེ་ནི་བདེན་ནོ་ཞེས་བྱ་བ་འདི་ལས་ལེགས་པར་སྨྲས་པ་འདི་ན་གཞན་ཅི་ཞིག་ཡོད། འདི་ལྟར་གང་ལ་དངོས་གང་མེད་ཅེས་བྱ་བ་ལ་སོགས་པས་ནི་ཚད་མ་སྟོན་ཏོ།། དངོས་པོ ་གང་ཞིག་གླང་ལ་མེད་པ་དེ་ནི་དེ་ལ་ཤེས་པ་མ་ཡིན་ཏེ། དཔེར་ན་སྡུག་བསྔལ་བདེ་བ་ལ་སོགས་པའི་དངོས་པོའམ། དཀར་པོའི་རྣམ་པ་ལ་སྔོན་པོའི་རྣམ་པ་ལྟ་བུའོ།། ཤེས་པ་ལ་ཡང་སྔོན་པོ་ལ་སོགས་པའི་རྣམ་པ་མེད་དོ།། ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ།། གལ་ཏེ་ཚང་མ་འདི་ལ་དོན་དམ་པར་ཤེས་པ་མེད་པར་ཐལ་བར་འགྱུར་བར་རབ་ཏུ་བསྒྲུབས་ན་ནི་དེའི་ཚེ་སྒྲུབ་པ་ལ་གྲུབ་པ་ཉིད་དོ།། ཅི་སྟེ་སྤྱིར་སྒྲུབ་ན་ནི་དེའི་ཚེ་བཟློག ་ན་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ།། ཞེས་ཕ་རོལ་པོའི་ལན་གྱི་སྐབས་སྤང་བའི་ཕྱིར་འདི་ལ་བསྒྲུབ་པར་བྱ་བའི་ཆོས་ལས་བཟློག་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ་འདིར་ནི་སྤྱི་ཁོ་ནར་བསྒྲུབ་ལ། འདི་མ་ངེས་པ་ཉིད་ཀྱང་མ་ཡིན་ཏེ། འདི་ལྟར་ཤེས་པ་ནི་རྣམ་པ་གཉིས་ཏེ། དངོས་དྲང་བཏགས་པའོ།། དེ་ལ་དངོས་ནི་བམ་པོ་འི་ངོ་བོ་མ་ཡིན་ལ། བེམ་པོའི་ངོ་བོ་མ་ཡིན་པ་ཡང་ཤེས་པ་ཁོ་ནའི་ཐུན ་མོང་མ་ཡིན་པ་རང་གི་བདག་ཉིད་དུ་གྱུར་པའི་ཆོས་ཡིན་ན་ཇི་ལྟར་རྣམ་པ་མེད་པའི་ཡིན་པར་འགྱུར། སྦྱོར་བ་ནི་གང་ཞིག་ཤེས་པའི་ངོ་བོ་མ་ཡིན་པ་དེ་ལ་ནི་ཤེས་པ་དངོས་པོ་ཡོད་པ་མ་ཡིན་ཏེ། དཔེར་ན་ན་མཁའི་པདྨ་ལྟ་བུའོ།། མེད ་པར་ཁས་བླངས་པ་སྔོན་པོ་ལ་སོགས་པའི་རྣམ་པ་རྣམས་ཀྱང་ཤེས་པའི་ངོ་བོ་མ་ཡིན་པས་ཁྱབ་པོར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ།། བརྟགས་པ་ཡང་མི་སྲིད་དེ། འདི་ལྟར་རང་གི་རྣམ་པར་ཤེས་པ་བསྐྱེད་པ་ཉིད་བཏག ་པའི་ཤེས་པ་ཞེས་བྱ་ན། བཏགས་པའི་ཤེས་པ་ཡང་ནུས་པ་ཐམས་ཅད་ཀྱི་སྟོང་པ་རྣ་རུ་ལྟ་བུར་མེད་པ་ལ་ནི་རིགས་པ་མ་ཡིན་ཏེ། མེད་པའི་མཚན་ཉིད་ནི་ནུས་པ་ཐམས་ཅད་ཀྱིས་དབེན་པ་ཡིན་པའི་ཕྱིར་རོ།། རྡོ་རུ་མེད་པ་ནི། ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་སྟོན་པ་ཡིན་ཏེ། རྟ་རུ་ནི་བརྟགས་པ་ཉིད་ཉམས་སུ་མྱོང་བ་མེད་དོ་ཞེས་བྱ་བར་སྦྱར་རོ།། ཅིའི་ཕྱིར་སྙམ་པ་ལ། རང་སྣང་བའི་ཤེས་པ་བསྐྱེད་པར་མི་འགྱུར་ཏེ། རིག་པ་གདགས་པའི་རྒྱུར་མི་འགྱུར ་རོ་ཞེས་བྱ་བ་སྨོས་སོ།། སྦྱོར་བ་ནི་གང་ཞིག་ནུས་པ་མེད་པ་དེ་ནི་བརྟགས་པའི་ཤེས་པ་མ་ཡིན་ཏེ། དཔེར་ན་རྟ་རུ་ལྟ་བུའོ།། མེད་པར་འདོད་པའི་རྣམ་པ་རྣམས་ཀྱང་ནུས་པ་མེད་པ་ཡིན་པར་ཁྱབ་པར་བྱེད་པ་འགལ་བ་མི ་དམིགས་པ་ཡིན་ནོ།། དེ་ལྟར་དངོས་དང་ཉེ་བར་བཏགས་པ་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དག་གིས་ཤེས་པ་ལ་ཁྱབ་པར་བྱེད་པ་དེ་མེད་དེ་ལོག་པས་དེས་ཁྱབ་པ་ཤེས་པ་ཡང་ལྡོག་པ་ཁོ་ན་ཡིན་པས་ཤེས་པ ་བྱ་བའི་གློ་སྐབས་མེད་པས་ན་མྱེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་མ་ངེས་པ་ཉིད་མ་ཡིན་ནོ།། ཚད་མ་གཞན་རྣམ་པ་དེ་ཤེས་པ་དང་འབྲེལ་པ་ཅི་ཞིག་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། སྦྱོར་བ་ནི་གང་ཞིག་དང་ལྷ།། ་ཅིག་འབྲེལ་པ་མེད་པ་དེ་ནི་དེ་ཚོར་བ་ན་ངེས་པར་ཚོར་བ་མེད་དེ། དཔེར་ན་ཤེས་པའི་བདག་ཉིད་ཚོར་ན་མོ་གཤམ་གྱི་བུ་ཚོར་བ་མེད་པ་ལྟ་བུའོ།། མེད་པར་འདོད་པའི་རྣམ་པ་རྣམས་ཀྱང་ཤེས་པ་དང་ལྷན་ཅིག་དེའི་བདག་ཉིད ་དང་དེ་ལྟས་བྱུང་གྱིའི་མཚན་ཉིད་ཀྱིས་འབྲེལ་པ་གཉི་ག་ཡང་མེད་པས་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ།། ཤེས་པ་ལས་བྱུང་བ་ཡིན་ན་ཡང་རྒྱུ་དང་འབྲས་བུ་ནི་དུས་ཐ་དད་པའི་ཕྱིར་ཚོར་བ་མེད་པ་ཁོ་ན་མ་ཡིན་ནམ ་དེས་འདིར་ཅིའི་ཕྱིར་ཀླན་ཀ་མི་འཚལ་སྙམ་པ་ལ། དེ་ལས་བྱུང་པོ་ཡིན་ན་ཡང་སྔ་ཕྱི་ཡོད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་འདིར་ཉེས་པ་ཁོ་ན་ཡིན་མོད་ཀྱིས། འོན་ཀྱང་འདི་ཁས་བླངས་ནས་ཉེ ་པ་གཞན་དུ་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ། རྣམ་པ་རྣམས་མེད་ཀྱང་ཚོར་བ་མེད་པར་ཐུལ་པར་འགྱུར་བ་འབའ་ཞིག་དུ་མ་ཟད་ཀྱི། རྒྱུ་མེད་པ་ཉིད་དུ་ཡང་ཐལ་བར་འགྱུར་རོ།། དེའི ་ཕྱིར་རེས་འགའ་བ་ཉིད་དུ་མི་འཐད་པའི་ཉེས་པ་ཡོད་དོ་ཞེས་བསྟན་པའི་ཕྱིར། ཤེས་པ་དང་དུས་མཉམ་དུ་དམིགས་པའི་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འོ་ན་རྒྱུ་དང་ལྡན་པར་འགྱུར་སྙམ་པ་ལ། རྒྱུ་དང ་ལྗོན་ནའང་གང་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གཞན་གྱི་དབང་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་གཞན་གྱི་དབང་གི་རང་བཞིན་དུ་འགྱུར་གྱི། ཀུན་བརྟགས་པ་ནི་མ་ཡིན་ནོ་ཞེས ་བྱ་བའི་ཐ་ཚིག་གོ།། ཡོད་པར་ཁས་བླངས་མ་ཐཱག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་མཚན་ཉིད་དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་དང་ལྷན་ཅིག་དེའི་བདག་ཉིད་ཀྱིས་འབྲེལ་པར་ངེས་པའི ་ཕྱིར་མེད་ན་མི་འབྱུང་བ་ཡིན་ནོ།། དེའི་བདག་ཉིད་ཀྱིས་འབྲེལ་པ་དེ་ཉིད་བསྟན་པའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བ་ལས་གཞན་གྱི་དབང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གལ་ཏེ་དེ་ལྟ་ཡིན་དུ་ཆུག་ཀྱང ་ཡོད་པ་གོ་བརྟེན་ཅིང་འབྲེལ་པར་འབྱུང་བར་ཇི་ལྟར་འགྲུབ་སྙམ་པ་ལ། རྐྱེན་ལས་བྱུང་བའི་རང་བཞིན་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། རྣམ་པ་མེད་པ་ཉིད་ཀྱིས་འགྱུར་ཞེས་བྱ་བ་ནི་རྟག་ཏུ་རྣམ་པ་མེད ་པ་ཁོ་ནར་མྱོང་བར་འགྱུར་བའོ།། གལ་ཏེ་ཤེས་པ་ཉིད་དམིགས་པའི་རིག་བྱར་གྱུར་པ་ཡིན་པའི་ཕྱིར་མྱོང་བར་འགྱུར་བ་ཁོ་ནའོ་སྙམ་ན།། ལ་སྒང་དག་པ་འདྲ་བ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ལ་སྐྲ ་དག་པ་ཉིད་ནི་ཉེ་བརླ་བཞག་པས་ཁ་བསྒྱུར་བ་དང་བྲལ་བའི་གནས་སྐབས་སོ།། ཚུ་རོལ་མཐོང་བ་རྣམས་ཀྱི་དམིགས་པའི་རིག་བྱར་གྱུར་པ་མ་ཡིན་ཏེ། དེའི་ཕྱིར་ཤེས་པ་དམིགས་པར་མི་འགྱུར་རོ་སྙམ་པ་ལ ་དང་ཕྱི་རོལ་ཏུ་གྱུར་པའི་རྣམ་པ་ཞེས་བྱ་བའི་ལ་སོགས་པ་སྨོས་ཏེ། གལ་ཏེ་ནང་ངམ་ཕྱི་རོལ་གྱི་རྣམ་པ་དག་ཅིག་སྲིད་པར་གྱུར་ན་ནི་དེའི་ཚེ་རྣམ་པ་རྣམས་མྱོང་བྱས་འཁྲུལ་པ་བསྐྱེད་པ་རྣམས་མྱོང་ཡང་ངེས་པར་མི་འགྱུར་རོ་ཞེས ་བྱ་བ་འགྱུར་ན་གང་གི་ཚེ་དེ་དགུ་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད་པ་དེའི་ཚེ་གང་གི་མཐུས་བསླུས་པར་འགྱུར། གང་གིས་ན་གཉིས་སུ་མེད་པ་མྱོང་བཞིན་དུ་ཡང་ངེས་པར་མི་འགྱུར། ཀླག་རྒྱུ་ལ་སོགས་པ ་ལོ་ཆུ་ལ་སོགས་པའི་རྣམ་པ་མེད་བཞིན་དུ་ཡང་མྱོང་བའི་ཕྱིར་གང་ལ་གང་དངོས་པོ་མེད་ཅེས་བྱ་བ་ལ་སོགས་པའི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནམ་སྙམ་པ་ལ། སྨིག་རྒྱུ་ལ་སོགས་པས་ཤེས་བྱ་བ་ལ ་སོགས་པ་སྨོས་སོ།། བརྒལ་ཞིང་བརྟགས་པ་མཐུན་པའི་ཕྱིར་རོ་ཞེས་བྱ་བ་ལ་ནི་སྨིག་རྒྱུ་ལ་སོགས་པ་ཡང་ཕྱོགས་སུ་བྱས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་སྨིག་རྒྱུ་ལ་སོགས་པ་ལ་ཡང་ཆུ་ལ་སོགས ་པའི་རྣམ་པ་གལ་ཏེ་ནང་ན་ཡང་མེད་ཕྱི་རོལ་ན་ཡང་མེད་ན་དེའི་ཚེ་ཤིན་ཏུ་མེད་པ་དེ་ཇི་ལྟར་མྱོང་བར་འགྱུར་ཏེ། བརྒལ་ཞིང་རྟག་པ་མཚུངས་པ་ཁོ་ནའོ།། འདི་སྙམ་དུ་བརྫུན་པའི་རྣམ་པ་ཀུན ་ཏུ་སྣང་བ་གང་ཡིན་པ་འདི་ཉིད་འཁྲུལ་པའི་རང་གི་ངོ་བོ་ཡིན་ཏེ། དེས་ན་རྣམ་པ་མེད་པ་ཡང་འཁྲུལ་པའི་དབང་གིས་མྱོང་བར་འགྱུར་རོ་སྙམ་དུ་སེམས་པར་འགྱུར་ན་དེ་ནི་ཡང་དག་པ་ཡིན་ཏེ། འདི་ལྟར་འཁྲུལ་པ་ཡིན ་ཞེས་བྱ་བའི་སྒྲར་ནི་འཁྲུལ་པའི་སྐྱེ་བའི་བགྲ་ཆགས་བརྗོད་པར་འགྱུར་བ་འམ། ཡང་ན་བག་ཆགས་དེ་ལྟ་བུ་ལ་སྐྱེས་པ་འཁྲུལ་པ་ཅན་གྱི་ཤེས་པ་ཁོ་ན་བརྗོད་པར་འགྱུར་གྲང་ན་དེ་ལ་ཕྱོགས་དང་པོ་ལྟར་ན་ནི་བག་ཆགས ་དང་རྣམ་པ་རྣ་མས་འབྲེལ་པ་མེད་པའི་ཕྱིར་བགྲ་ཆགས་ཀྱི་སྟོབས་ཀྱིས་རྣམ་པ་རྣམས་མྱོང་བར་རིག་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ།། དེ་ལ་ས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་བ་ཡོད་པ་ཁོ ་ནའོ། ཞེས་བྱ་བར་རིགས་པ་མ་ཡིན་ཏེ། སྔ་མ་བཞིན་དུ་གཞན་གྱི་དབང་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། ཅི་སྟེ་ཡང་ཕྱོགས་གཉིས་པ་ཡིན་ནོ་ཞེ་ན། འཁྲུལ་པ་ཅན་གྱི་ཤེས་པ་དང་རྣམ་པ་རྣམས་འབྲེལ་པ་ཞིག ་ཡིན་ན་ཡང་དེའི་བདག་ཉིད་ཀྱི་མཚན་ཉིད་ཁོ་ནར་འགྱུར་གྱི། ཤེས་པ་དང་དུས་མཉམ་དུ་མྱོང་བའི་ཕྱིར་དེ་ལས་བྱུང་བའི་མཚན་ཉིད་ནི་མ་ཡིན་ནོ།། དུས་མཉམ་པ་གཉིས་ཀྱང་རྒྱུ་དང་འབྲས་བུའི་མཚན་ཉིད་དུ་མི་རུང་སྟེ། ་དེའི་ཕྱིར་བག་ཆགས་ཀྱི་འབྲས་བུའི་བདག་ཉིད་ཅེས་བྱ་བ་ལ་སོགས་པས་འཁྲུལ་བ་བཞིན་དུ་ཤེས་པ་ལས་ཐ་མི་དད་པའི་ཕྱིར་གཞན་གྱི་དབང་ཉིད་དུ་ཐལ་བར་འགྱུར་བར་བཟློག་དཀའོ་ཞེས་སྟོན་པར་བྱེད་དོ།། འཁྲུལ་པ་ལ ་ཇི་སྐད་བཤད་པའི་བག་ཆགས་ཀྱི་འབྲས་བུར་ཤེས་པ་གང་ཡིན་པ་དེ་ཁོ་ནའི་བདག་ཉིད་རང་གི་ངོ་བོ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ།། འདིས་ནི་ཞེས་བྱ་བ་ནི་འབྲེལ་པ་མ་གྲུབ་པའི་ཕྱིར་མེད་པ་མྱོང་བར་མ་རུང་བར་སྒྲིབ་པས་སོ། ་ཞེས་བྱ་བ་ལ་སོགས་པས་ཤེས་བྱ་བ་ལ་སོགས་པའི་སྒྲས་ནི། སྔགས་དཀྲུགས་ལ་སོགས་མིག་ཅན་ལ། དཔེར་ན་འཇིམ་དུམ་ལ་སོགས་པ་དེ་ཡི་ངོ་བོ་བྲལ་བཞིན་དུ། གཞན་ཉིད་དུ་ནི་སྣང་བ་ལྟར་ཞེས་བྱ་བ་ལ་སོགས་པས་ཡོངས་སུ ་བསྡུའོ།། གང་ལ་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པས་དབང་མེད་པར་གྱུར་པའི་བློ་ཡོད་པ་ཞིག་རྣམ་པར་སྦྱར་ཏེ། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བའི་དབང་དུ་བྱས་ནས་བཤད་ཀྱི་བདག་ཅིག་གི་དབང་དུ་བྱས་ནས་ནི་མ་ཡིན་ནོ།། ཞེས ་བཤད་པ་ཡིན་ནོ།། འདིས་ན་སློབ་དཔོན་གྱི་ཚིག་སྐྱོན་ཆགས་པ་མ་ཡིན་པ་ཉིད་དུ་སྒྲུབ་པར་བྱེད་དོ།། །། བམ་པོ་གསུམ་པ།། དེ་བས་ན་དངོས་དང་ཅིག་ཤོས་ཀྱིས་རིག་པའི་དོན་མ་གྲུབ་པ་དང་ཞེས་བྱ་བ་ལ ་སོགས་པས་ནི་སློབ་དཔོན་དག་སྲུངས་ན་རེ། སོ་སོའི་སྐྱེ་བོའི་ཤེས་པ་ཐམས་ཅི་ད་ཀྱང་སྔོན་པོ་ལ་སོགས་པའི་རྣམ་པར་ཉེ་བར་བསྒྱུར་བར་གྱུར་པ་མ་ཡིན་པར་འཇུག་སྟེ། ཤེས་པ་དེ་ལ་ནི་གཅིག་པ་ཉིད་ཉམས་པར་ཐལ ་པར་མི་འགྱུར་ཏེ། སྣ་ཚོགས་ཀྱི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ།། ཤེས་པ་དེ་ལ་སྔོན་པོ་ལ་སོགས་པ་མྱོང་བའི་ངོ་བོ་ཉིད་དུ་རྣམ་པར་བཞག་པ་གང་ཡིན་པ་དེ་ནི་སྔོན་པོ་ལ་སོགས་པ་མྱོང་བའི་ངོ་བོ ་ཡིན་པའི་ཕྱིར་ཡིན་གྱི། སྔོན་པོ་ལ་སོགས་པའི་ངོ་བོར་གྱུར་པའི་ཕྱིར་ནི་མ་ཡིན་ཏེ། འདི་ལྟར་རྣམ་པ་ནི་དམིགས་པ་འཛིན་པའི་རྣམ་པ་ཁོ་ན་ཡིན་བརྗོད་ཀྱི། དམིགས་པའི་ངོ་བོ་ནི་མ་ཡིན་ནོ།། སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་ལྟ་བུར ་སྣང་བར་ཤེས་པ་གང་ཡིན་པ་དེ་ནི་ཤེས་པའི་རྣམ་པར་མ་ཡིན་གྱི། སྔོན་པོ་ལ་སོགས་པར་རིག་པའི་ཤེས་པ་ཉམས་སུ་མྱོང་ན་སྒྲུབ་པ་པོས་སྔོན་པོ་ལ་སོགས་པ་དེ་ལྟ་བུའི་ངོ་བོར་རྟོགས་ཟླ་བདེ་འདི་ཉིད་ཀྱིས་ལྗོན་བཏབ་པ་ཡིན ་ནོནི། ཞེས་སྟོན་པར་བྱེད་དོ།། སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བའི་ཤེས་པ་དེའི་འཇུག་པ་ནི་ཉམས་སུ་མྱོང་བ་སྟེ། གང་ལ་དེས་ཡོངས་སུ་རྨོངས་པའི་བདག་ཉིད་ཡིན་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ།། འདི་སྐད་དུ་གལ ་ཏེ་སྔོན་པོ་ལ་སོགས་པ་དང་ཤེས་པ་ལྷན་ཅིག་འབྲེལ་པ་འགའ་ཡང་མེད་ན་དེའི་ཚེ་ཇི་ལྟར་སྔོན་པོ་ལ་སོགས་པ་དེ་མྱོང་བར་འགྱུར། སྔོན་པོ་ལ་སོགས་པའི་ངོ་བོ་མ་གཏོགས་པར་གང་གིས་ན་སློབ་དཔོན་གྱིས་སྔོན་པོ་ལ ་སོགས་པའི་ངོ་བོ་ལ་མ་གཏོགས་པའི་རྣམ་པར་བཞག་པས་ཁུངས་སུ་འགྱུར་བ་ཤེས་པ་གཡོ་བ་མེད་པ་དམིགས་པ་འཛིན་པའི་རྣམ་པ་གཞན་ནི་མེད་དེ། ཤེས་པ་སྔོན་པོ་ལ་སོགས་པའི་ངོ་བོར་སྐྱེས་ཉིད་བྱ་བ་དང་བཅས ་པ་ཡིན་པར་ཤེས་ལ། ཤེས་པས་དམིགས་པ་འཛིན་པའི་རྣམ་པར་ཞེས་བྱའོ།། གཞན་ཡང་གལ་ཏེ་སྔོན་པོ་ལ་སོགས་པ་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད་ན་ཇི་ལྟར་སེམས་རྣམ་པར་རྟོག་པ་མེད་པ་ལ་སྔོན་པོ་ལྔ་སོགས ་པ་ཤིན་ཏུ་གསལ་བར་སྣང་བ་བརྗོད་དགོས་སོ།། མི་སྣང་བ་ཁོ་ནའོ་ཞེས་དེ་སྐད་བརྗོད་པར་ཡང་མི་ནུས་ཏེ་སྔོན་པོ་ལ་སོགས་པར་སྣང་བ་ཐམས་ཅད་ཀྱི་ཉམསུ་མྱོང་བ་གྲུབ་པའི་ཕྱིར་རོ།། གསལ་བར་སྣང་བ་ནི་གང་གིས ་ན་རྨོངས་པའི་བདག་ཉིད་ལ་དེ་ལྟར་སྣང་བ་རྣམ་པར་རྟོག་པའི་ཡུལ་ཡིན་པར་ཡང་རིགས་པ་མ་ཡིན་ནོ།། གལ་ཏེ་ཡང་ཤེས་པ་ཐམས་ཅད་རྣམ་པ་མེད་པ་ཁོ་ནར་ཉམས་སུ་མྱོང་ན་ནི་དེའི་ཚེ་ཤེས་པ་རྣམ་པ་མེད་པའི་རྗེས་ལ ་འབྱུང་བའི་ཚུལ་ཅན་རྣམ་པར་རྟོག་པས་ཀྱང་སྔོན་པོ་ལ་སོགས་པའི་རྣམ་པ་སོ་སོར་ངེས་པ་ཤེས་པར་རིགས་པ་མ་ཡིན་པ་ཉིད་དེ་འབྲེལ་བ་མེད་པའི་ཕྱིར་རོ།། གལ་ཏེ་སྔོན་པོ་ལ་སོགས་པར་ཤེས་པ་ཉིད་ནོར་བའི་རང་བཞིན ་ནོ་ཞེ་ན་འདིར། འདི་ནི་འཁྲུལ་པས་ཤེས་ཤྲཱི་ན། དེ་ཅི་འཁྲུལ་ལ་རེག་ལས་སམ་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ།། དེ་བས་ན་འབྲེལ་པོ་མེད་པས་རྣམ་པར་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར་ཡང་སྔོན་པོ ་ལ་སོགས་པ་མྱོང་བར་མི་འཐད་པས་འདི་ནི་རིགས་པ་མ་ཡིན་ནོ།། འོ་ན་ཡོངས་སུ་དག་པའི་གནས་སྐབས་ན་ཤེས་པ་སྣ་ཚོགས་སུ་སྣང་བ་བརྫུན་པ་ཁོ་ན་ཡིན་དུ་ཆུག་ཀྱང་ཡོངས་སུ་དག་པའི་གནས་སྐབས་ན ་ནི་རང་བཞིན་གཅིག་པ་གཉིས་སུ་མེད་པའི་ངོ་བོ་ཁོ་ནར་འགྱུར་ཏེ། དེའི་ཕྱིར་གཏན་ཚིགས་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཉིད་ཡིན་ནོ་སྙམ་པ་འདི་སེམས་ལྔ་བསྡོགས་ནས། དེ་བས ་ན་སྔོན་པོ་ལ་སོགས་པའི་རྣམ་པ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དག་པའི་གནས་སྐབས་ན་རྣམ་པ་ཐམས་ཅད་ལྡོག་པར་སྲིད་པར་འགྱུར་ན་ནི་དེའི་ཚེ་འདི་ཡང་སྲིད་པ་ཞིག་ན་འདི་ལྟ་སྟེ། འཁྲུལ་པ་ལོག ་ཀྱང་རྣམ་པ་རྣམས་ལྡོག་པར་ནི་མི་སྲིད་དེ། འཁྲུལ་པ་རྣམ་པ་རྣམས་འབྲེལ་པ་མེད་པའི་ཕྱིརརོ།། དེ་ལྟ་མ་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་རོ།། གཞན་ཡང་གལ་ཏེ་མ་དག་པའི་གནས་སྐབས་ན་ཤྲེ་བ་ཙུན་པ་འོ་ན་ཡིན་ན་དེའི ་ཚེ་དག་པའི་གནས་སྐབས་ན་བདེན་པའི་ངོ་བོ་དེ་དགྲ་ལས་སྐྱེ་བ་བརྗོད་པར་བྱ་དགོས་སོ།། བརྫུན་པ་ལས་ནི་བདྲེན་པའི་ངོ་བོ་སྐྱེ་བར་ཡང་རིགས་པ་མ་ཡིན་ཏེ། བརྫུན་པ་ལ་ནུས་པ་མེད་པའི་ཕྱིར་རོ།། ནུས་ན་ནི་ཇི་ལྟར ་བརྫུན་པར་འགྱུར། དཱ་ལྟ་བུ་ཡང་བརྫུན་པ་ཉིད་ཡིན་ན་ནི་གཞན་ཡང་བདེན་པ་ཉིད་དུ་ཇི་ལྟར་འགྱུར་ཏེ། དེའི་ཕྱིར་བདེན་པ་རྒྱུ་མེད་པ་ཅན་ཁོ་ནར་འགྱུར་རོ།། དེ་ཡང་རིགས་པ་མ་ཡིན་ཏེ། རྟག་དུ་ཡོད་པ་ལ་སོགས་པར ་ཐལ་བར་འགྱུར་བའི་ཕྱིར་རོ།། ཅི་སྟེ་འགའ་ཞིག་གི་ཤེས་པ་རང་བཞིན་གྱིས་གཉིས་སུ་མེད་པར་གྲུབ་པ་ཁོ་ནར་འགྱུར་ཏེ། དཔེར་ན་དབང་ཕྱུག་གི་ཤེས་པ་དབང་ཕྱུག་ཏུ་སྨྲ་བ་རྣམས་ཀྱིས་རྟོགས་པ་ལྟ་བུ་སྟེ། དེ་ལྟ་ན་ཡང ་ཐེ་ཚོམ་ཟ་བར་མ་གྲུབ་པ་ཉིད་ཁོ་ན་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། རང་བཞིན་གྱིས་གྲུབ་པ་ཉིད་ཡིན་ན་ཡང་དེ་ལྟར་ཡོད་པ་དེ་དང་འགའ་ཡང་འབྲལ་བར་མི་འགྱུར་ཏེ། སྔ་མ་བཞིན་དུ་རག་ལུས་པ་མེད་པའི ་ཕྱིར་རོ།། དབང་ཕྱུག་ལ་སོགས་པའི་དངོས་པོ་དེ་ལྟ་བུ་ཡང་བཀག་ཟིན་པའི་ཕྱིར་རོ།། ཅི་སྟེ་སྐད་ཅིག་པ་སྔ་མའི་མཐུའི་སྟོབས་ཀྱིས་སྐྱེ་བའི་ཕྱིར་རྒྱུ་སོ་སོར་ངེས་པ་ལ་རག་ལུས་པའི་རང་གི་རང་གི་ངོ་བོས་འགའ་ཁོ ་ན་ཡོད་དོ་ཞེས་བྱེ་བར་ཁས་ལེན་ན། དེ་ཡང་རིགས་པ་མ་ཡིན་ཏེ། དོན་དམ་པར་རྒྱུ་དང་འབྲས་བུའི་དངོས་པོ་ཁོ་ན་མི་འཐད་པའི་ཕྱིར་རོ།། འདི་ལྟར་རེ་ཞིག་རྒྱུ་དང་འབྲས་བུའི་དངོས་པོ་དུས་མཉམ་པ་མ་ཡིན་ཏེ། ་འབྲས་བུ་སྐྱེ་བའི་སྔོན་རོལ་ན་ནི་རྒྱུ་མེད་པས་ནུས་པ་མེད་པའི་ཕྱིར་རོ།། ནུས་པའི་ཚེ་ནི་འབྲས་བུ་ཡང་གྲུབ་ཟིན་པའི་ཕྱིར་དེའི་ཚེ་རྒྱའི་ཉེ་བར་སྦྱོར་བ་མེད་པ་ཁོ་ནི་ཡིན་ནོ།། འདི་ནི་འབྲས་བུའོ།། འདི་ནི་རྒྱའོ་ཞེས་བྱ ་བའི་བྱེ་བྲག་ཀྱང་མེད་པའི་ཕྱིར་རྣ་མཱ་པ་བཞག་པ་ངེས་པར་ཡང་མི་འགྱུར་རོ།། རྒྱུ་དང་འབྲས་བུ་དུས་ཐ་དད་པ་དག་ཀྱང་མ་ཡིན་ཏེ། དུས་གཞོན་གྱིས་ཆོད་པའི་རྒྱུ་ལས་སྐྱེ་ན་ནི་ཞིག་པ་ཁོ་ན་ལས་སྐྱེ་བར་ཁུས ་བླངས་པར་འགྱུར་རོ།། ཞིག་པ་ནི་རྒྱུའི་དངོས་པོར་ཡང་རིགས་པ་མ་ཡིན་ཏེ་ཞིག་པ་ནི་མེད་པའི་ཕྱིར་དང་། མེད་པ་ཡང་ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟ་མ་ཡིན་ན་རྒྱུ་ཇི་ལྟར ་ཞིག་པར་འགྱུར། མཆོད་པ་ལས་ཀྱང་མ་ཡིན་ཏེ་དུས་མཉམ་པར་ཐལ་བར་འགྱུར་བའི་ཕྱིར་རོ།། སྐད་ཅིག་པཱ་ཡན་ལག་མེད་པ་གཉིས་མ་ཆོད་ན་ནི་དུས་མཉམ་པ་མ་གཏོགས་པར ་རྣམ་པ་གཞན་མེད། འདི་ལྟར་རྒྱུ་དང་འབྲས་བུ་གཉིས་ཀྱི་བརྙ་ན་དུས་གཞན་དང་བྲལ་བ་གང་ཡིན་པ་འདི་ཉིད་མཆོད་པ་ཡིན་ནོ།། དེའི་ཕྱིར་སྐད་ཅིག་སྔ་ཕྱི་མ་ཆོད་པ་གཉིས་ཇི་ལྟར་ན་དུས་ཕུན་ཚུན་འདུས་ཏེ་རེག ་པར་མི་འགྱུར་ཏེ། དཔེར་ན་རྡུལ་ཕྲ་རབ་གཉིས་པར་མེད་པ་ཡིན་གདོན་མི་ཟ་བ་རང་བཞིན་ཕན་ཚུན་འདུས་ཏེ་ཕྲད་པར་ཐལ་བར་འགྱུར་བསོ་བདག་ཉིད་ཐམས་ཅད་ཀྱིས་ཕྲད་ན་གོང་བུ་རྡུལ་ཕྲ་མོ་ཙམ་དུ་གྱུར་པར ་བྱ་བ་དེ་བཞིན་དུ་བསྐལ་པ་ཡང་སྐད་ཅིག་ཙམ་དུ་འགྱུར་བས་གཏན་ཚིགས་ཀྱི་ཐེ་ཚོམ་ཟ་བ་མ་གྲུབ་པ་མ་ཡིན་ནོ།། འདི་སྙམ་དུ་ཀུན་རྫོབ་དུ་དང་རྒྱུ་དང་འབྲས་བུ་ཡོད་པ་ལ་ཡང་རྣམ་པར་དཔྱད་པ་འདི་ཅིའི་ཕྱིར ་ཡང་དག་པ་མི་འཇུག་སྙམ་དུ་སེམ་པ་ལྟ་ན་དེ་ཡང་ཡང་དག་པར་མ་ཡིན་ཏེ། གང་གི་ཕྱིར་ཁོ་བོ་ཅག་རྒྱུ་དང་འབྲས་བུའི་དངོས་པོ་འདི་གྲགས་བཞིན་དུ་ཡང་རྣམ་པར་དཔྱད་པའི་བརྣག་པ་མི་བཟོད་པའི་ཕྱིར་ཀུན ་རྫོབ་ཅེས་སླའི། དེ་ལྟ་མ་ཡིན་ན་ནི་དོན་དམ་པ་ཁོ་ནར་འགྱུར་གྱི་ཀུན་རྫོབ་ནི་མ་ཡིན་ནོ།། དེ་ལྟ་བས་ན་ཀུན་རྫོབ་པས་བརྒལ་ཞིང་བརྟག་པ་མཚུངས་པ་མ་ཡིན་ནོ།། དེ་ལྟར་དངོས་པོ་རྣམས་ཀྱི་གཅིག་པ་ཉིད ་བཀླག་ནས་ཤུགས་ཀྱིས་དུ་མ་ཉིད་དགུག་པ་ཡང་དངོས་སུ་དགག་པར་འདོད་ན་དེ་ལྟ་ན་དངོས་པོ་གང་རྣམ་དཔྱད་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཕྲ་བ་ཙམྦ་ཡང་ཞེས་བྱ་བ་ཡང་ཆུང་ངུ་རྩམ་ཡང་ངོ་།། ཅིའི་ཕྱིར་རིགས ་པ་ཡིན་སྙམ་པཱ་ལ་འདི་ལྟར་དུ་མ་ནི་གཅིག་པ་བསགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་གང་གི་ཚེ་རྣམ་པར་དཔྱད་ན་དངོས་པོ་རྣམས་ཀྱི་ཆ་ཤས་ཀྱི་ངོ་བོ་འགའ་ཡང་རང་བཞིན་གཅིག་པ་ཆ་དང་བྲལ་བ་ཉིད ་དུ་མ་གྲུབ་པ་དེའི་ཚེ་དུ་མེར་ཇི་ལྟར་འགྲུབ་པར་འགྱུར་ཏེ། དུ་མ་ནི་གཅིག་འདུས་པའི་བདག་ཉིད་ཡིན་པས་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ།། བསགས་པ་ནི་ཚོགས་པའོ།། དེ་ལ་དུ་མ་ཡང་མེད ་པ་ཡིན་ཞེས་གསུངསོ་ཞེས་བྱ་བ་ནི་སྐྱོན་གྱི་སློབ་དཔོན་རྣམས་ཀྱིས་སོ།། མདོ་དེ་ཉིད་ལས་ཀྱང་ཞེས་བྱ་བ་ནི་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་སོ།། ངོ་བོ་ཉིད་ནི་གཟུང་དུ་མེད་ཅིང་གཅིག་དང་དུ་མའི་ངོ་བོ་སྟེང ་ཇི་ལྟར་སྔར་དཔྱད་པ་བཞིན་ནོ།། དེའི་ཕྱིར་ཞེས་བྱ་བ་ནི་གཅིག་དང་དུ་མཱའི་རང་བཞིན་དང་བྲལ་བའི་ཕྱིར་ངོ་བོ་ཉིད་མེད་པ་ཡིན་པ་དང་། གཅིག་དང་དུ་མར་བརྗོད་དུ་མེད་པར་ངས་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་བཅོམ ་ལྡན་འདས་ཀྱིས་ཕྱི་རོལ་གྱི་དོན་ཡོད་པར་ལྟ་བ་ལ་དངོས་པོ་རྣམས་རང་བཞིན་མེད་པ་ཉིད་དུ་བསྟན་ནས། ཤེས་བྱ་ནང་གི་ཡིན་པར་ལྟ་བ་ལ་ཡང་བསྟན་པའི་ཕྱིར། བློ་ཡིས་རྣམ་པར་གཞིགས་ན་ནི་ཞེས་བྱ་བ་གསུངས་སོ།། ་གཞན་དབང་མེད་ཅེས་བྱ་བ་ནི་གཞན་གྱི་དབང་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། གཞན་གྱི་དབང་ཡང་ཅིག་དང་དུ་མའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ་སྙམ་དུ་དགོངས་པའོ།། བརྟགས ་པའང་མེད་ཅེས་བྱ་བ་ནི་ཀུན་དུ་བརྟགས་པའི་ངོ་བོ་ཉིད་དེ། ཀུན་ཏུ་བརྟགས་པ་ནི་མཚན་ཉིད་སྟོང་པ་ཁོ་ནས་ངོ་བོ་ཉིད་མེད་པའི་ཕྱིར་རོ།། གྲུབ་པ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། ཡོངས་སུ་གྲུབ་པ་ནི་ཆོས་ཉིད་ཀྱི་ངོ ་ཡིན་པའི་ཕྱིར་ལ་རྟོག་པའི་ཡུལ་གྱི་ངོ་བོ་ཉིད་དུ་གྲུབ་པའི་ཕྱིར་རོ།། གལ་ཏེ་འདི་དག་མེད་པ་ཁོ་ནི་ཡིན་ན་འཇིག་རྟེན་ལ་ཇི་ལྟར་གྲགས་སྙམ་པ་ལ། རང་བཞིན་མེད་ཅིང་རྣམ་རིག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་ནི ་གཞན་གྱི་དབང་གི་ངོ་བོ་ལ་སོགས་པ་རྣམ་པ་གསུམ་ཡིན་པར་དགོངས་སོ།། རྣམ་རིག་ཅེས་བྱ་བ་ནི་ཕྱི་རོལ་གྱི་ཡུལ་རྣམ་པར་རིག་པ་རྣམ་པ་དྲུག་གཟུང་ངོ་།། རྣམ་པར་རིག་པའི་དམིགས་པ་གང་ཡིན་པ་དེ་ནི་དངོས་པོའི་སྒྲར་དགོངས ་སོ།། ཕ་རོལ་པོ་དག་གིས་མིག་ལ་སོགས་པ་འམ། བདག་ལ་སོགས་པ་གང་དག་རྣམ་པར་རིག་པ་དེའི་རྟེན་ཡིན་པའི་ཕྱིར་ཀུན་གཞི་ཡིན་ནོ།། ཡང་ན་འཇིག་པའི་ཚེ་དངོས་པོ་ཐམས་ཅད་རང་བཞིན་ལ་སོགས་པའི་བག་ལ་ཞ་བར ་འགྱུར་བས་གྲངས་ཅན་གྱིས་ཡོངས་སུ་བརྟགས་པའི་རང་བཞིན་ལ་སོགས་པ་ཀུན་གཞིའི་སྒྲར་བཞེད་པ་ཡིན་ནོ།། རོ་མཚུངས་ཞེས་བྱ་བ་ནི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་རྣམ་པར་འབྱེད་པའི་གཡོ་བ་དང་བྲལ་བའི་ཤི་བ་དང་འདྲ་བ ་རྣམས་ཀྱིས་ཞེས་པའི་ཐ་ཚིག་སྟེ། འདི་སྐད་དུ་འདི་དག་དོན་དམ་པར་མེད་པ་ཁོ་ན་ཡིན་མོད་ཀྱི་བྱིས་པས་ཀུན་ཏུ་བརྟགས་པའི་དབང་གིས་གྲགས་ཏེ་ཡང་དག་པར་ནི་མ་ཡིན་ནོ།། ཞེས་བསྟན་པ་ཡིན་ནོ།། འོ་ན་ཇི་ལྟར་ཆོས་ཀྱི ་ཚུལ་ཡང་དག་པ་ལ་མཁས་པ་གནས་པར་འགྱུར་སྙམ་པ་ལ། མཚན་མ་དངོས་པོ་རྣམ་རིག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་མ་ནི་སྔོན་པོ་དང་སེར་པོ་དང་སྐྱེས་པ་དང་བུད་མེད་ལ་སོགས་པའོ།། དངོས་པོ་ནི་ཕྱི ་དང་ནང་གི་སྐྱེ་མཆེད་དོ།། རྣམ་རིག་ནི་མིག་གི་རྣམ་པར་ཤེས་པ་ལ་སྩོགས་པ་རྣམ་པར་ཤེས་པའི་ཚོགས་ལྔའོ།། ཡིད་གཡོ་བ་ཞེས་བྱ་བ་ནི་གཞན་གྱི་དབང་ལ་སོགས་པ་རྣམ་པར་རྟོག་པའོ།། རབ་འདས་ཞེས་བྱ་བ་ནི་མཚན་མ ་ལ་སོགས་པ་སྤྲོས་པ་ཐམས་ཅད་ལས་རྣམ་པར་འདས་ཏེ། འདི་སྐད་དུ་སྔོན་པོ་ལ་སོགས་པའི་མཚན་མ་ལ་སོགས་པ་ལ་ཀུན་ཏུ་སྤྱོད་པའི་གནས་སྐབས་ཇི་སྙེད་པ་ཐམས་ཅད་ནི་སྤྲོས་པའི་གནས་སྐབས་ཡིན་པས་སྤྲོས་པའི་གནས་སྐབ ་དག་ལས་འདས་ན་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་འཇུག་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། དེ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་རིགས་པ་དང་ལུང་དག་གིས་གྲུབ་པའོ།། བློ་གྲོས་དཀར་པོ་རྣམས་ཀྱིས་ནི་སློབ་དཔོན་ཆོས་ཀྱི་གྲགས་པ ་ལ་སོགས་པས་སོ།། དེ་དང་དེར་ཞེས་བྱ་བ་ནི་ཚད་མ་རྣམ་འགྲེལ་ལ་སོགས་པར་རོ།། སྨོས་ཏེ་ཞེས་བྱ་བ་ནི་དངོས་སུ་བཤད་པ་མ་ཡིན་པ་སྟེ། ཚད་མ་རྣམ་པར་འགྲེལ་པ་ལ་སོགས་པར་ནི་རྣལ་འབྱོར་སྤྱོད་པའི་ཚུལ་བཤད་པའི་གནས ་སྐབས་ཡིན་པའི་ཕྱིར་རོ།། སློབ་དཔོན་གྱིས་ཀུན་ཏུ་སྤྱུགས་པའི་ངོ་བོ་ཉིད་ཀྱི་དབང་དུ་བྱས་ཏེ་བཱ་ཤད་མོད་ཀྱི། ཡོངས་སུ་གྲུབ་པ་ཉིད་མ་གྲུབ་པའི་ཕྱིར་ཏེ། རིགས་པ་ཐུན་མོང་བའི་ཕྱིར་སློབ་དཔོན་གྱི ་ག་འདི་ཐམས་ཅད་དུ་རུང་བ་ཉིད་དུ་བསམས་པའོ།། དེ་ཉིད་ཀྱི་ཕྱིར་སྨོས་ཏེ་ཞེས་བྱ་བ་སྨོས་སོ།། ད་བས་ན་མཚན་ཉིད་སྟོང་པའི་ཕྱིར་ཞེས་བྱ་བ་སྨོས་པ་འདི་ནི་ཕྱེད་འོག་མའོ།། ཕྱེད་གོང་མ་ནི་གཟུང་འཛིན་རྣམ་པར་མ་གཏོགས་པར ་མཚན་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་སྟེ། དེ་བས་མཚན་ཉིད་སྟོང་པའི་ཕྱིར་ཞེས་བྱའོ།། དེ་ལྟར་མ་གྲུབ་པ་ཉིད་ཡོངས་སུ་སྤངས་ནས་མ་ངེས་པ་ཉིད་དགག་པའི་ཕྱིར། གཏན་ཚིགས་གྲུབ་ཏུ་ཟིན་ཀྱང་ཞེས་བྱ་བ་སྨོས་སོ།། ཆོས་གཉི་ག ་དང་ལྡན་པ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་དྲང་ལྡན་པའི།། རྒྱལ་དཔོག་པ་ལ་སོགས་པ་ན་རེ་གདོང་ལ་སོགས་པ་ཉིད་དེ་དེ་ལྟར་དམིགས་པ་གཟུགས་བརྙན་གྱི་ཐ་སྙད་སྟོན་ཏོ་ཞེས་ཟེར་རོ།། བྱེ་བྲག་ཏུ་སླ་བ་ལ་སོགས ་པ་ནཱ་རཱི་མེ་ལོང་ལ་སོགས་པར་གཟུགས་གཞན་ཁོ་ན་ཞིག་འབྱུང་ངོ་ཞེས་ཟེར་རོ།། མདོ་སྡེ་པ་ལྔ་སྩོགས་པ་ན་རེ་ཤེས་པ་ཁོ་ནུ་དེ་ལྟར་འཁྲུལ་པར་སྣང་ངོ་ཞེས་ཟེར་ཏེ། དེ་དག་ཐམས་ཅད་ཀྱི་ལུགས་གདོང་ལ་སོགས་པ་དངོས་པོ ་ཡོད་པའི་ཕྱིར་དཔེ་མ་གྲུབ་པོ།། ཡང་འབྱུང་བའི་མི་རིགས་སོ་ཞེས་བྱ་བ་ནི་ཡང་གྱེན་དུ་དབྱུང་བ་མི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། གང་གིས་ནི་གདོང་ལ་སོགས་པ་ཚད་མས་གནོད་པར་བྱས་པར་གྲུབ་པའི་ཕྱིར་དཔེ་མ ་གྲུབ་པར་འགྱུར་བྱ། རང་དགའི་སྟོབས་ཀྱིས་དངོས་པོ་རྣམས་དེ་ལྟ་བུའི་ངོ་བོར་དམིགས་པ་ནི་མ་ཡིན་གྱི། འདི་ལ་ཁྱད་པར་དུ་གནོད་པ་ཅན་གྱི་ཚད་མ་ཡོད་པས་དེའི་ཕྱིར་དཔེ་བྱེད་དོ་སྙམ་པ་བསམས་ནས། གཞན་ཡང་ཞེས་བྱ་བ ་སྨོས་ཏེ། དེ་ལ་རེ་ཞིག་གཟུགས་ལ་སོགས་པ་ནི་གཟུགས་བརྙན་ཤེས་པའི་ཡུལ་མ་ཡིན་ཏེ། གཟུགས་དང་མཚན་ཉིད་མི་མཐུན་པར་སྣང་བའི་ཕྱིར་རོ།། སྦྱོར་བ་ནི་རྣམ་པར་ཤེས་པ་གང་ཞིག་གང་དང་མཐུན་པར་སྣང་བ་དེ་ནི་དེའི ་དམིགས་པར་མ་ཡིན་ཏེ། དཔེར་ན་སྒྲར་ཤེས་པ་གཟུགས་དང་མཚན་ཉིད་མྱི་མཐུན་པར་སྣང་བ་བཞིན་ནོ།། གཟུགས་བརྙན་གྱི་ཤེས་པ་ཡང་གདོང་ལོ་སོགས་པ་ཡུལ་ཇི་ལྟ་བ་བཞིན་གནས་པ་དང་མཚན་ཉིད་མི་མཐུན་པར་སྣང་བ་ཡིན ་པས་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་མ་ཡིན་ནོ།། གལ་ཏེ་མེ་ལོང་གི་ངོས་ལ་སོགས་པ་ལ། ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་འདི་མ་གྲུབ་པ་ཉིད་ཡོངས་སུ་སྦྱོང་བར་བྱེད་དོ།། ཤིང་དང་རི་ཞེས་བྱ་བ་ནི་ཤིང་རྣམས་དང་། ་རཱིརི་རྣམས་སྷོ།། ཡོལ་ག་ནི་ཤིང་རྣམས་ཀྱི་ཡལ་བའོ།། རྩེ་མོ་ནི་རིག་རྣམས་ཀྱི་རྩེ་མྱོ་སྟེ། རྩེ་མོ་དག་ལྗོ་ན་མེ་ཏོག་ཐོད་བཞིན་དུ་རྩེ་མོ་དག་ཡིན་ནོ།། ཧ་ཅང་ཐལ་བར་འགྱུར་བའི་གནོད་པོ་ཅན་གྱི་ཚད་མ་ཡིན་པས་གཏན་ཚིགས་མྱ་ངེས ་པ་ཉིད་མ་ཡིན་ནོ།། ཕྱོགས་གཉིས་པ་ཡང་བསལ་བའི་ཕྱིར། གཞན་འབྱུང་བའི་ཕྱིར་རིགས་པ་མ་ཡིན་པ་ཉིད་དེ། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ལྷན་ཅིག་མི་གནས་པའི་ཕྱིར་ཞེས་བྱ་བ་ནི་ཡུལ་ཅིག་ན་མི་གནས་པའི ་པའི་ཕྱིར་རོ།། རང་གི་ཡུལ་ཏུ་གཞན་འབྱུང་བའི་བགེགས་བྱེད་པ་གང་ཡིན་པ་འདི་ནི་ལུས་ཅན་རྣམས་ཀྱི་ཆོས་མ་ཡིན་ལ། འདི་ལ་ཡང་ཡུལ་ཐ་དད་པ་མེད་པས་གཟུགས་གཞན ་འབྱུང་བར་རིགས་པ་མ་ཡིན་ནོ།། སྦྱོར་བ་ནི་དངོས་པོ་ལུས་ཅན་གང་དག་ཡིན་པ་དྲི་དག་ནི་ཡུལཱྀ་ཕན་ཚུན་སྤངས་ཏེ་གནས་པའི་རང་བཞིན་དྲག་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་ལྟ་བུ་དག་ཡིན་ནོ།། བརྩོད་པའི་གཞིར ་གྱུར་པའི་དངོས་པོ་འདི་དག་ཀྱང་ལུས་ཅན་ཡིན་པས་རང་བཞིན་གྱི་གཏན་ཚིགས་ཡིན་ན། རླུང་དང་ཉི་མ་སོག་བླ་མ་ངེས་པ་ཡང་མ་ཡིན་ཏེ། དེ་ལ་ཡང་ཟླ་དང་ནི་མ་ལ་མོ་གྲི་བཱི་རཱུལ་ཕྲ་མོ་རྣམ་འདྲེས་པ་ཡིན་མོ་སྔོས། ཡུལ་ཕན་ཚུན་སྤངས་ཏེ་གནས་པ་ཁོ་ནའི་ཕྱིར་རོ།། གལ་ཏེ ་ཡུལ་གཅིག་པ་ཉིད་དུ་གྱུར་ན་ནི་དེའི་ཚེ་ཡུལ་གཅིག་རང་བཞིན་ཕན་ཚུན་ཞུགས་པས་ངོ་བོ་གཅིག་པ་ཁོ་ནར་འགྱུར་བས་འདི་ནི་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡིན་ནོ།། དེ་ལྟ་ཡང་མ་ཡིན་ནོ།། དེ་ལྟ་ཡང་མ་ཡིན་ཏེ་དེ ་ལྟེ་བས་ན་བཟློག་སྟེ་བརྗོད་པར་བྱའོ།། དེར་སྣང་བའི་ཤེས་པ་ཙམ་འབྱུང་བར་ཟད་དོ།། ཞེས་བྱ་བ་ལ་སོགས་པ་ནི་ཕྱོགས་གསུམ་པ་ཡང་སེལ་བར་བྱེད་པ་ཡིན་ཏེ། གལ་ཏི་ཡུལ་གནོད་པར་བྱས་པ་ཉིད་ཀྱི་ཕྱིར་དེ་ལ་དེར་སྣང ་པའི་རྣམ་པར་ཤེས་པ་ཙམ་དུ་དམ་བཅའ་ན་དེའི་ཚེ་བདེན་པའི་གཟུགས་ལ་སོགས་པའི་རྣམ་པར་ཤེས་པ་གཞན་ཡང་གནོད་པར་བྱས་པའི་ཡུལ་ཅན་ཉིད་དེ་དང་མཚུངས་པས་ཁྱད་པར་མེད་པའི་ཕྱིར་ལྷག་མ་བདེན་པར ་འདོད་པའི་གཟུགས་ལ་སོགས་པ་ལ་ཡང་ཁོ་ན་བཞིན་དུ་རྣམ་པར་ཤེས་པ་ཙམ་དུ་ཅིའི་ཕྱིར་ཁས་མི་བླངས། འདི་ལྟར་རྡུལ་ཕྲ་རབ་རྣམས་ཞེས་བྱ་བ་ལ་སོགས་པས་ནི་གནོད་པར་བྱས་པའི་ཡུལ་ཅན་དེ་ཉིད་དྲན་པར་བྱེད་དོ།། ་ཕ་རོལ་པོས་གཟུགས་བརྙན་ལ་སོགས་པ་འདི་དག་རྣམ་པར་ཤེས་པའི་ངོ་བོར་རྫས་སུ་ཡོད་པར་ཁས་བླངས་མོད་ཀྱི། གཟུགས་བརྙན་ལ་སོགས་པ་དེ་དག་ནི་དཔེ་ཉིད་དུ་འདོད་པ་མ་ཡིན་ནོ།། འོ་ན་ཅི་ཞེ་ན། གཟུགས་བརྙན་ལ་སོགས ་པར་ཤེས་པའི་སྣང་བ་ཅན་གྱི་ངོ་བོ་གང་ཡིན་པའོ།། དེ་ཡང་བརྫུན་པའི་ཕྱིར་དཔེ་གྲུབ་པ་ཁོ་ནའོ་སྙམ་དུ་བསམས་པའོ།། དེ་བཞིན་དུ་སྒྱུ་མ་ལ་སོགས་པར་དཔེར་བྱེད་པ་ལ་ཡང་དག་ཅི་འཇིམ་པའི་དུམ་བུ་ལ་སོགས་པ་སྒྱུ་མ་ལ་སོགས ་པའི་སྒྲརཱ་བརྗོད་དམ། ཅི་སྟེ་དེ་ལྟར་སྣང་བ་ཅན་གྱི་ཤེས་པ་ཡིན་ཕྱོགས་གཉི་གེ་ལྟར་ན་ཡང་དཔེ་བསྒྲུབ་པར་བྱ་བ་དང་སྒྲུབ་པ་མཛད་པ་ཡིན་ནོ།། སྙམ་དུ་རྟོགས་པར་བྱེད་པ་དེ་དག་ཀྱང་འདི་ཁོ་ནས་ལན་བཏབ་པ་ཙི་ཡིན་ནོ་ཞེས། ་བསྟན་པའི་ཕྱིར། འདིས་སྒྱུ་མ་དྲིང་རྨི་ལམ་ཞེས་བྱ་བ་སྨོས་སོ།། བརྒྱ་ལ་འདི་ལ་ཡང་རྒྱལ་དཔོགས་པ་ལ་སོགས་པ་དག་འཇིམ་པའི་དུམ་བུ་ལ་སོགས་པ་དེ་དག་ཉིད་དེ་ལྟར་དམིགས་ཏེ། དེའི་ཕྱིར་སྒྱུ་མ་ལ་སོགས་པར་ཤེས་པ ་ལ་སྣང་བ་ཅན་གྱི་ངོ་བོ་བརྫུན་པ་ཉིད་དུ་མ་གྲུབ་བོ་ཞེས་སྨྲ་བར་འགྱུར་བས། འཇིམ་པོའི་དུམ་བུ་ལ་སོགས་པ་ནི་དེ་ལྟར་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་སོ།། རྣམ་པ་དང་བཅས་པའི་ཕྱོགས་ལ་བོ་ནི་སྣང་བ་ཡིན་ནོ།། རྣམ་པ ་མེད་པའི་ཕྱོགས་ལ་ནི་རིགས་པ་ཡིན་ནོ།། དེ་གནས་མེད་དོ་ཞེས་བྱ་བ་ནི་གཞོན་ནུ་མ་ལེན་གྱི་ཡིན་གྱིས་སྨྲས་པ་གོང་དུ་སྨོས་པའོ།། འོ་ན་རྨི་ལམ་གྱི་ཤེས་པ་ལ་དམིགས་པ་གང་ཡིན་སྙམ་པ་ལ ་ཡུལ་དེ་དང་ནི་ཡུལ་གཞན་ནོ་ཞེས་བྱ་བ་སྨོས་སོ།། ལྷག་མ་ནི་གོ་སླའོ།། བཤད་མཱ་ཐག་པ་ཞེས་བྱ་བ་ནི་གང་རང་གི་ངོ་བོར་སྣང་བ་འམ་རིག་པའོ།། མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བ་བསལ་བའི་ཕྱིར། འདི ་ཕྱོགས་དང་མཐུན་པའི་ཕྱོགས་ལ་ཡོད་པར་གྱུར་དུ་ཟིན་ཀྱང་ཞེས་བྱ་བ་སྨོས་ཏེ། འདི་ནི་བདག་གིས་སྦྱོར་བཤད་པ་ཁོ་ན་ཡིན་ནོ།། འདི་ལ་ལྡོག་པ་མེད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལས་བཟློག་ན་གཏན་ཚིགས་ལྡོག་པ་ཡོད་པ ་ཁོ་ན་སྟེ་མེད་ཅེས་བྱ་བའི་ཐ་ཚིག་གོ།། འདིར་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནམ། གཅིག་དང་དུ་མའི་ངོ་བོ་གཉིས་ནི་དངོས་པོའི་རྣམ་གྲངས་ཡིན་པའི་ཕྱིར་དེ་ལས་བཟློག་པའི་ངོ་བོ ་བསྒྲུབ་པར་བྱ་བ་དང་བསྒྲུབ་པ་གཉིས་ཐ་མི་དད་པའི་ངོ་བོ་ཁོ་ན་ཡིན་ནོ།། དེའི་ཕྱིར་གལ་ཏེ་བསྒྲུབ་པར་བྱ་བ་ན། བསྒྲུབ་པར་བྱ་བ་དང་མི་དད་པའི་ངོ་བོ་གཏན་ཚིགས་ཀྱང་མ་གྲུབ་པ་ཡིན་ནོ།། ཅི་སྟེ་གཏན་ཚིགས་གྲུབ་ན་ནི་དེའི་ཚེ ་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཀྱང་གྲུབ་པ་ཡིན་ཏེ། གཅིག་དང་དུ་མིའི་དང་བྲལ་བ་རི་བོང་གི་རཱ་ལ་སོགས་པ་ལ་ནི་དངོས་པོའི་ངོ་བོ་ཉིད་འགའ་ཡང་ཁས་མི་ལེན་ཏོ་སྙམ་དུ་དོགས་པ་ལ། གཏན་ཚོགས་འདི་ལ ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་གཏན་ཚིགས་ཇི་ལྟར་གྲུབ་པ་དེ་ལྟར་ནི་རྒྱས་པར་བསྒྲུབ་སྤུ་ཟིན་ཏོ།། གཏན་ཚིགས་གྲུབ་ཀྱང་འདི་ཡིན་ནོ་ཞེས་བྱ་བའི་ངོ་བོས་རང་བཞིན་མེད་པར་སྒྲུབ་མོད་ཀྱི་འོན་ཀྱང་རྨོངས་པ་ལ་དྲངོས ་པོ་ཐམས་ཅད་ལ་རང་བཞིན་མེད་པ་ཉིད་དུ་ཐ་སྙད་གདགས་པའི་འོས་ཉིད་དུ་བསྒྲུབ་པའི་ཕྱིར་གཏ་ཡིན་ཚིགས་དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཉིད་མ་ཡིན་ཏེ། དཔེར་ན་ལྐོག་ཤལ་ལ་སོགས་པ་དང་ལྡན་པས་བ་ལང་ཉིད་ལྟ ་བུ་དང་། དཔེར་ན་དམིགས་པའི་རིགས་བྱར་གྱུར་པའི་རིགས་བྱར་གྱུར་པ་མི་དེ་མི་གས་པས་མེད་པ་ལྟ་བུ་ཡིན་པས་ཀླན་ཀར་མི་རུང་ངོ་།། འཁོར་བ་གང་ཞིག་ཐོག་མ་དང་བྲལ་བ་དེ་ནི་ཐོག་མ་དང་བྲལ་བྱ་སྟེ། ཐོག་མ་ཡོད་པ་མུ་ཡིན ་ནོ་ཞེས་བྱ་བའི་ཐ་ཚིག་གོ།། ལྷག་མ་ནི་གོ་སླའོ།། གང་གི་ཚེ་རང་བཞིན་ལ་ཁྱབ་པར་བྱེད་པ་གཅིག་དང་དུ་མ་ཉིད་དག་ལོག་པས་ཤིང་ལྔ་སོགས་པ་ཤི་ཤྲ་པཱ་ལ་སོགས་པ་བཞིན་དུ་དངོས་པའི་རང་བཞིན་ལྡོག་པར་བསྒྲུབ་པ་དེའི་ཚེ་དམ ་བཅས་པའི་ཕྱོགས་གཅིག་པ་ཉིད་དུ་ག་ལ་འགྱུར། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ལྡོག་པའི་ཚེ་རྣམ་པར་ཐ་དད་པའི་ངོ་བོ་གཉིས་རྣམ་གྲངས་ཉིད་ནི་མ་ཡིན་ནོ།། རྣམ་གྲངས་ཀྱི་ངོ་བོ་མ་ཡིན་པ་ནི་དམ་བཅས་པའི་དོན་གྱི ་ཕྱོགས་གཅིག་ཉིད་མ་ཡིན་ཏེ། དཔེར་ན་བྱས་པ་ཉིད་མི་རྟག་པོ་ཉིད་དུ་བསྒྲུབ་པར་བྱ་བ་ལ་དོན་དམ་པར་གཅིག་ཀྱང་གང་བྱས་པ་ཉིད་ནི་མི་རྟག་པ་སྒྲུབ་པར་བྱེད་པ་ལྟ་བུ་ཡིན་པས་གྱི་ནའོ།། དེ་ལྟར་རིགས་པས་ཆོས་ཐམས ་ཅད་རང་བཞིན་མེད་པ་ཉིད་དུ་བསྒྲུབས་ནསཱ་ལུང་གིས་ཀྱང་བསྒྲུབ་པར་བྱ་བའི་ཕྱིར། འདི་ཐམས་ཅད་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཏེ། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡོངས་དགུ་ཅེས ་བྱ་བ་ནི་གསལ་བར་སྣང་བ་ཉིད་ཀྱི་རྒྱུ་བསྟན་ཏོ།། དེ་བཞིན་དུ་ཞེས་བྱ་བ་འདི་རང་བཞིན་མེད་པ་རཱ་ཏེ། འདི་ནི་དངོས་ཀྱི་དོན་དང་སྦྱར་བ་ཡིན་ནོ།། གཏན་ཚིགས་ནི་གཅིག་དང་དུ་མིའི་རང་བཞིན་སྟོང་པའི་ཕྱིར་ཞེས་བྱ་བ་ལ་བལྟོས ་པར་བྱའོ།། ལྗོན་པ་ཞེས་བྱ་བ་ནི་བོད་པའོ།། ཤེས་པར་གྱིས་ཞེས་བྱ་བ་ནི་ཤེས་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། གལ་ཏེ་ཉན་པ་པོའི་སྐེ་བློ་གཟུགས་བརྙན་གྱི་དཔེས་ནི་བཅོམ་ལྡན་འདས་ཀྱིས་ཀུན་བརྟགས་པའི་ངོ་བོ ་ཉིད་ཀྱིས་ངོ་བོའི་ཆོས་ཁོ་ན་རང་བཞིན་སྟོང་པར་བསྟན་ཏོ་སྙམ་དུ་གོ་བར་འགྱུར་བས། ང་ཡིས་རང་བཞིན་སྟོང་པར་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས།། བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བའི ་དངོས་པོ་གང་ཡིན་པ་དེ་བཅོམ་ལྡན་འདས་ཀྱིས་བདག་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་སྟོང་པར་བསྟན་ཏོ་སྙམ་དུ་སེམས་ནི་དེ་ཡང་རང་བཞིན་སྟོང་པ་ཉིད་དུ་ཤེས་པར་གྱིས་ཤིག་ཅེས་བྱ་བར་སྦྱར་ཏེ། དེ་ཡང་རིགས་པས་དཔྱོད ་ན་མི་གནས་པའི་ཕྱིར་རོ།། འདི་ནི་འདིར་ཁུངས་ཡིན་ནོ།། གལ་ཏེ་ཐམས་ཅད་སྟོང་པ་ཁོ་ན་ཡིན་ན། འོ་ན་སུ་ལ་བསྟན་པར་སུ་ཞིག་ནི་སྟོན་པར་བྱེད། ཅིའི་ཕྱིར་ནི་བསྟན་སྙམ་པ་ལ། བྱིས་པ་ལོག་པའི་བློ་ཅན་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། དོན་དམ་པར་འགྲོ་བྱ་རང་བཞིན་མེད་མོད་ཀྱི་འོན་ཀྱང་སྟོན་པ་པོ་ལ་སོགས་པ་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་ངོ་བོར་ཡོད་པ་ཁོ་ནའོ།། དེའི་ཕྱིར་དེའི་བྱིན་གྱིས་བརླབས་ཀྱིས་རྨོངས་པ་བཟློག་པའི་ཕྱིར་བཤད ་པ་འཇུག་པ་ཉིད་དོ་ཞེས་བསྡུས་པའི་དོན་ཏོ།། དེ་ལ་དེ་དག་གི་བློ་གྲོས་ཕྱིན་ཅི་ལོག་པའི་ཕྱིར་ལོག་པ་ཡང་ཡིན་ལ། བློ་མ་བྱང་བའི་ཕྱིར་བྱིས་པའི་བློ་ཅན་དག་ཀྱང་ཡིན་པས་བྱིས་པ་ལོག་པའི་བློ་ཅན་དག་གོ། ཡང་ན་འབྲུ་མོང་པོ་པར ་བྱའོ།། བློ་ནི་ཆོས་ཀྱི་དེ་ཁོ་ན་ལ་མ་བྱང་བའི་ཕྱིར་བྱིས་པ་ཉེ་ཡིན་ནོ།། དེ་དག་རྣམས་ལ་བསྟན་པའི་ཕྱིར་ཞེས་བྱ་བ་མ་རིག་པ་བཟློག་ནས་རིག་པ་སྐྱེད་པའི་ཕྱིར་རོ།། གལ་ཏེ་ཐམས་ཅད་རང་བཞིན་སྟོང་པ་ཁོ་ན་ཡིན་ན་འོ་ནཱི་ཇི་ལྟར་ཀུན་ནས ་ཉོན་མོངས་པ་དང་རྣམ་པར་བྱང་བར་རྣམ་པར་གནས་སྙམ་པ་ལ། ཀུན་ཏུ་རྟོག་པས་བསྐྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟ་བུ་དང་འདི་ལྟན་བྱའོ་སྙམ་པའི་སེམས་པ་ནི་ཀུན་ཏུ་རྟོག་པའོ།། རྒ་ཉང་རྟག་པ་ཡིན་ཏེ། རྣམ་པར་རྟག ་པཱུ་ཞེས་བྱ་བའི་ཐ་ཚིག་ག། འོདས་ན་ལས་ཀྱི་ཀུན་ནས་ཉན་མོངས་པ་དང་རྣམ་པར་བྱང་བར་རྣམ་པར་གནས་སྙམ་པ་ལ། ཀུན་ཏུ་རྟག་པའི་རྟགས་པས་བསྐྱེད་ཅེས་བྱ་བ་སོགས་སྨྲས་ཏེ། འདི་ལྔ་བུ་དང་འདི་ལྟ་བུ་བྱའོ་སྙམ་པའི ་སེམས་པ་ན་ཀུན་ཏུ་རྟག་པའིསདེ་ཉིད་རྟོག་པ་ཡིན་ཏེ། རྣམ་པར་རྟོག་པ་ཞེས་བྱ་བའི་ཐ་ཚིག་གོ།། འདིས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་རྒྱུད་ཉིད་དུ་བསྟན་པ་ཡིན་ནོ།། ཡང་དག་མ་ཡིན་རྟོག་པ་ནི་མ་རིག་པ་ལ་སོགས ་པ་སྟེ་ཉོན་མོངས་པ་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ཀུན་ཏུ་རྟོག་པ་ཡིན་ནོ།། དེ་དག་གིས་བཅིངས་པ་ནི་དེ་དག་གི་དབང་གིས་འཇུག་པའི་ཕྱིར་ཏེ། འདིས་ནི་ཉོན་མོངས་པའི་ཀུན་ནས ་ཉོན་མོངས་པ་བདག་པོ་ཡང་ཡིན་པར་བསྟན་ཏོ།། འདི་སྐད་དུ་དོན་དམ་པར་སྟོང་མོད་ཀྱི། འོན་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་པ་ཡོད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་ལ་སོགས་པ་རྣམ་པར་གནས་པར་འགྱུར་རོ་ཞེས ་བཤད་པར་འགྱུར་རོ།། ཉོན་མོངས་པ་དང་ལས་ཀྱི་རྒྱུ་ཅན་གྱི་ཀུན་ནས་ཉོན་མོངས་པ་བསྟན་པས་རྣམ་པར་བྱེད་པ་ཡང་ཤུགས་ཀྱིས་བསྟན་པ་ཁྲོ་ན་ཡིན་ཏེ། བློན་མོངས་པ་དང་ལས་ལོག་ནི་ཀུན་ནས་ཉོན་མོ་པ་ལོག་པར་འཁྱབ་པའི་ཕྱིརོ ་པ་ཉིད་དང་གཅིག་པ་ཉིད་ནི་བལྟོས་པར་ལྟ་བར་བྱེད་པ་ཡིན་པས་གཅིག་པ་ཉིད་དུ་མ་ཉིད་དུ་དག་གིསྡེ་སྤངས་པོ་ཞེས་བྱ་བའི་ཐ་ཚིག་གོ།། དངོས་པོའི་ཞེས་བྱ་བའི་སྤྱིར་བརྗོད་པའི་ཕྱིར་རང་དང་གཞན་གྱི་མངོན་པར་འདོད་པ་གཟུགས ་ལ་སོགས་པ་ཐམས་ཅད་ཀྱིའོ།། གལ་ཏེ་དངོས་པོ་འདི་དྲག་དོན་དམ་པར་རང་བཞིན་མེད་ན། བློ་ན་ཤུགས་ཀྱིས་འདི་དག་གི་མཚན་ཉིད་ཅི་ཞིག་ཡིན་པར་འགྱུར་སྙོམ་པ་ཀཱི་ལ། དེའི་ཕྱིར་དངོས་པོ་འདྲི་དག་ནི་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། འཁྲུལ་པའི་བློས་དངོས་པོའི་དེ་ཁོ་ན་ཉིད་བསྒྲིབས་པས་བློ་འཁྲུལ་པ་ཐམས་ཅད་ནི་ཀུན་རྫོབ་ཡིན་ནོ།། འཁྲུལ་པའི་བློ་ཡི་བསམ་པའི་དབང་གིས་བརྟགས་པའི་བདག་ཉིད་དུ་གནས་པའི་ཕྱིར་དེ་ལ་ཡོད་པ་ནི་ཀུན་རྫོབ་པ་ཡིན། ་ནོ། འདི་ཇི་ལྟ་སྙམ་པ་ལ། གལ་ཏེ་འདི་དག་དོན་འདོད་ན་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། འདི་སྐད་དུ་ཡང་དག་པཱ་དང་ཡང་དག་པ་མ་ཡིན་པ་དག་གིས་ནི་ཕུང་པོ་ཐམས་ཅད་ལ་ཁྱབ་སྟེ། དེ་གཉིས་ནི་ཕན་ཚུན་སྤངས་ཏེ་གནས་པའི ་མཚན་ཉིད་ཡིན་པའི་ཕྱིར་རོ།། ཡང་དག་པའི་ངོ་བོ་བཀག་ན་ཤུགས་ཀྱིས་འདི་དག་གཅིག་ཤོས་སུ་གནས་པར་རང་བཞིན་གྱིས་འགྱུར་རོ་ཞེས་བཤད་པར་འགྱུར་རོ།། ལྕགས་ཀྱུ་མེད་པ་ཞེས་བྱ་བ་ནི་རང་དགའ་སྟེ་དེ་ནི་རེས་འགའ་འདི་དག ་གི་ངོ་བོ་བརྫུན་པར་ཡང་འཇོག་པར་འགྱུར་རོ་སྙམ་དུ་བསམས་པའོ།། ལྷག་མ་ནི་གོ་སླའོ།། ལུང་གཞན་ཡང་ཇི་ལྟར་གནས་པའི་དངོས་པོའི་དེ་ཁོ་ན་ལ་མཁས་པས། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། མདོ་འདི་ལས་ནི་གཟུགས་ལ་སོགས ་པའི་དངོས་པོ་ཐམས་ཅད་སྤྱིར་མཇུག་བསྡུས་ཏེ། ཀུན་རྫོབ་རྩམ་གྱི་རང་བཞིན་ཡིན་པར་བསྟན་ཏོ་ཞེས་སྟོན་པར་བྱེད་དོ།། ཐ་སྙད་དུ་སྟོན་པ་ཞེ་བྱ་བ་ནི་ཕུང་པོ་ལ་སོགས་པ་ཐ་སྙད་ཙམ་ཁོ་ནར་སྟོན་པ་ཡིན་གྱི་དོན་དམ་པར་ནི་མྱ་ཡིན་ནོ་ཞེས ་བྱ་བའི་ཐ་ཚིག་གོ།། དོན་དམ་པའི་རང་བཞིན་བསྟན་པར་མི་ནུས་སུ་ཟིན་ཀྱང་། བརྗོད་པའི་ཀུན་རྫོབ་ཀྱི་རེ་སཱི་འགའ་ཞིག་ན་བསྟན་པར་བྱ་བ་ཉིད་དོ་སྙམ་པ་དེའི་ཕྱིར་དེ་བཟློག་པའི་ཕྱིར་དུ་ཐ་སྙད་ཅེས་བྱ་བ་སྨོས་སོ།། དེ་བཞིན་དུ་ཚོར་བ་དང་འདུ ་ཤེས་དང་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་རྣམས་སོ།། ཅི་ཞེ་ན། འདོགས་ལ་དོན་དམ་པར་ཡང་མི་དམིགས་སོ་ཞེས་བྱ་བར་སྦྱར་ཏེ། འདི་ནི་འདིར་ཁུངས་ཡིན་ནོ།། ཚུལ་བཞིན་ཞེས་བྱ་བ་ནི་ཚད་མ་ལྡན་པའོ།། བདག་མེད་པ་ཞེས་བྱ་བ ་ནི་བདག་གི་རང་བཞིན་མ་ཡིན་ཞེས་བྱ་བཱའི་ཐ་ཚིག་གོ།། དེ་བཞིན་དུ་ཞེས་བྱ་བ་ནི་བདག་མེད་པར་རོ།། སེམས་ཅན་བདག་མེད་པ་ཞེས་བྱ་བ་ནི་ཇི་ལྟར་གང་ཟག་ལ་བདག་མེད་པར་བཤད་པ་ཁོ་ན་ལྟར་ར ་དེ་བཞིན་དུ་ཞེས་བྱ་བ་ནི་གང་ཟག་བཞིན་དུ་རང་བཞིན་ཁོ་ནས་ངོ་བོ་ཉིད་མེད་པར་མཐོང་ངོ་ཞེས་བྱི་བའི་ཐུ་ཚིགཱ་སྟེ། འདི་ནི་འདིར་ཁུངས་ཡིན་ནོ།། རྒྱལ་བ་སྐྱེད་མ་ལས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་སོ།། བར་དུ་ཞེས ་བྱ་བ་ནི་མཐའ་བསྟན་པ་སྟེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་གཟུགས་ནི་གཟུགས་ཀྱི་རང་གི་ངོ་བོ་ཉིད་ཀྱིས་སྟོང་ལ། རྣམ་པར་ཤེས་པའི་བར་དུ་ཡང་ཞེས་བྱ་བའི་ཐེ་ཚིག་གོ།། འདིར་ཁུངས་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ ་བའི་ཡིན་ནོ།། འདི་ནི་ཞེས་བྱ་བ་ནི་སྟོང་པར་བཤད་པ་འདི་ཐམས་ཅད་དུ་སྟོང་པ་ཉིད་དུ་བཤད་པ་གང་ཡིན་པའོ།། གང་གི་རང་བཞིན་ཡོད་པ་ཡིན་ཏེ། མེད་པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། འདི་ཡང་ཞེས་བྱ་བ་ནི་ཇི་སྐད་བཤད་པའི ་ཚིག་གིས་བསྟན་པར་བྱ་བའི་དོན་ཏོ།། རྟགས་པའི་ངོ་བོ་ཁོ་ནའོ།། ཞེས་བྱ་བ་ནི་རིགས་པུ་དང་བྲལ་བའི་ཕྱིར་དང་། ཚྭད་མུསྟྲ་གླནོད་པའི་ཕྱིར་རོ།། གཉིས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ནི་ཚད་མས་གནོད་པ་དེ་ཉིད་སྟོན་པར་བྱེད་དོ།། ལུང ་གཞན་ཡང་གླིང་པོའི་རྩལ་ཅེས་བྱ་བ་སྨོས་སོ།། མ་མཆིས་ཞེས་བྱ་བ་ནི་ཡུལ་མེད་པའི་ཕྱིར་དེ་ཡང་མོད་ཅེས་བྱའོ།། དེ་ཅིའི་སླད་དུ་ཞེས་བྱ་བ་ནི་འདི་དག་སྒྱུ་མ་ལྟ་བུ་ཉིད་དུ་གང་ལས་གྲུབ། གང་གིས་ན་དཔེ་དེས་རང་བཞིན་མེད་པ་ཉིད་དུ་འགྲུབ ་པར་འགྱུར་ཞེས་གཏན་ཚིགས་འདྲི་བའོ།། འདི་ལ་ཡང་དགུ་པའི་ཆོས་གང་ཡང་མི་དམིགས་པའི་སླད་དུའོ་ཞེས་བྱ་བ་ནི་གཅིག་པ་ཉིད་དུ་མ་ཉིད་ལ་སོགས་པས་དཔྱད་ན་སྙམ་དུ་དགོངས་པའོ།། ཅི་སྟེ་དོན་དམ་པའི་རང་བཞིན་བཀག་པས ་དངོས་པོ་རྣམས་ཀུན་རྫོབ་པའི་ངོ་བོར་བཞག་པ་གང་ཡིན་པ་དེ་ཅི་སྒྲའི་ཐ་སྙད་ཀྱི་བདག་ཉིད་ཀུན་རྫོབ་པར་འདོད་དམ། འོན་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བ་དོན་བྱ་བ་བྱེད་པ་གནག་རྫི་ཡན་ཆད་ལ་ཤིན་ཏུ་གྲགས་པ་དེ་ཉིད་བརྡའི་དབང་གིས ་ཀུན་རྫོབ་ཀྱི་སྒྲར་བརྗོད་ཅེས་བྱ་བ་རྟོགས་པ་གཉིས་སོ།། དེ་ལ་གྲོལ་ཏེ་ཕྱོགས་དང་པོ་ལྟ་བུ་ཡིན་ནི་དེའི་ཚེ་མངོན་སུམ་ལ་སོགས་པས་གནོད་པ་ཡིན་ཏེ། འདི་ལྟར་སྐུའི་ཐ་སྙད་ནི་སྤྱི་ཙམ་སྤྱོད་ཡུལ་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ ་པར་འབྱུང་བའི་དངོ་སྡེ་པོའི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ནོ་སྤྱི་དེ་ཡང་ཀུན་ཏུ་བརྟགས་པའི་ངོ་བོ་ཡིན་པའི་ཕྱིར་དངོས་པོ་མྱེད་པ་ཡིན་ནཱ་དེའི་ངོ་བོ་ཉིད་དུ་ཁས་ལེན་པ་དངོས་པོ་རྣམས་ཀྱི་དོན་བྱ་བ་བྱེད་པ་ཤིན་ཏུ་གྲགས་པ་ལ ་སྐུར་བར་འགྱུར་ཏེ། སྤྱི་ནི་དོན་བྱེད་མི་བཟོད་པའི་ཕྱིར་རོ།། ཅི་སྱེ་ཕྱོགས་གཉིས་པ་ལྟ་བུ་ཡིན་ནཱ་ནཱི་དེའི་ཚེ་མིང་ལ་བརྩད་པ་ཡོད་དོ་སྙམ་པའི་བསྡམ་པས་ཕ་རོལ་ཅི་སྟེ་ཞེས་བྱ་བ་སྨོས་ཏེ། ཀལ་ཏི་ཚད་མས་དཔྱད་ན་རྟེན་ཅིང་འབྲེག ་པར་འབྱུང་བ་ཡིན་པ་འདི་དག་ཀྱང་རང་གི་ངོ་བོ་གྲུབ་པར་གྱུར་ན་ནི་དེའི་ཚེ་དེ་ལ་ཀུན་རྫོབ་ཀྱི་སྒྲར་རྗོད་པར་བྱེད་ན་མིང་ལ་བརྩད་བར་འགྱུར་རོ།། གང་གི་ཚེ་གཅིག་པ་ཉིད་དང་དུ་མོ་ཉིད་ལ་སོགས་པས་དཔྱད་ན་འདི་དག་གི་རང་བཞི ་མཱི་གནས་པ་དེའི་ཚེ་དེ་ལྟ་བུ་ལ་ཀུན་རྫོབ་ཀྱི་སྒྲར་བརྗོད་ན་ནི་གནས་ཁོ་ན་ཡིན་པས་ཇི་ལྟར་མིང་ལ་སོགས་པར་འགྱུར། མཐོང་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པས་ཉམསུ་མྱོང་བའི་ཕྱིརརོ།། འདོད་པ་ནི ་ཇི་ལྟར་ཉམསུ་མྱོང་བ་བཞིན་དྲིས་པོའི་ཤེས་ཕྱིར་རོ།། གང་དག་ལ་མ་བཏོགས་ཅིག་པུ་ན་དགའ་བ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། མ་བརྟགས་ཉི་ཚེ་ན་དགའོ་ཞེས་བྱ་བའི་ཐ་ཚིག་གོ། ཡང་དག་པའི་ཀུན་རྫོབ་ཅེས་བྱ་བ་ནི་ཇི་ལྟར་གྲགས ་པ་བཞིན་ཉེ་བར་བརྟགས་པའི་ཕྱིར་རོ།། གྲགས་པ་ལས་འདས་ཏེ་རྟོགས་པ་དཔེར་ན་དབང་ཕྱུག་ལ་སོགས་པར་རྟོགས་པ་གང་ཡིན་པ་དེ་ནི་ལོག་པ་པའི་ཀུན་རྫོབ་ཡིན་ནོ།། ཇི་སྐད་དུ་རྟེན་ཅིང་འབྲེལ་པར་གང་འབྱུང་བ་ཞེས་བྱ་བ་ནི་འདི་ལ ་སྔོན་གྱི་སློབ་དཔོན་རྣམས་འདྲ་བར་བྱེད་པ་སྟེ། འདི་ནི་འཕགས་པ་ཀླུ་གྲུབ་ཀྱི་ཞལ་སྠཱ་ནེས་ཀྱིས་དབུ་མའི་བསྟན་བཅོས་ལྔས་གསུངས་སོ།། རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་རྣམས་ཁོ་ན་དྲོན་དམ་པའི་རང་བཞིན་དང་བྲལ ་བའི་ཕྱིར་སྟོང་པ་ཞེས་བྱ་བའི་རི་བོང་གཱི་རཱ་དང་འདྲ་བའི་བདག་ཉིད་ཀྱི་ཕྱིར་ནི་མཱ་ཡིན་ནོ།། དེས་ན་མཐོང་བ་ལ་སོགས་པ་དང་མི་འགལྔ་ལོ།། དེ་ནི་རྒྱུར་བྱས་མིང་གདགས་པ་སྟེ་ཞེས་བྱ་བ་ནི་ཀུན་རྫོབ་དེ་ཉིད་ཅེས་བྱ་བའི་ཟླ་ཚིག་སྟེ། རྒྱུར ་བྱས་པོ་དང་གདགས་པའི་སྒྲ་ནི་ཀུན་རྫོབ་ཀྱི་རྣམ་གྲངས་ཡིན་པའི་ཕྱིར་རོ།། འདི་ནི་འདིར་ཁུངས་ཡིན་ནོ།། དེ་ཉིད་དབུ་མའི་ལམ་ཡིནོ་ཞེས་བྱ་བ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་སྤངས་པའི་ཕྱིར། ་ཉིད་དེ་དང་དེ་ལས་དབུ་མའི་ལམ་དུ་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ།། འོ་ན་གལ་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བའི་དངོས་པོ་དྲག་ཁོ་ན་རྟག་མི་བཟོད་པའི་ཕྱིར་ཀུན་རྫོབ་ཀྱི་སྒྲར་བརྗོད་ན། འཕགས་པ་བློ་གྲོས་མི་ཟད་པའི་མདོ ་ལས་ཀུན་རྫོབ་སླའི་ཐ་སྙད་ཀྱི་བདག་ཉིད་སྨིན་པར་ཇི་ལྟར་གསུངས་སྙམ་དུ་སེམས་པ་ལ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་ཞེས་བྱ་བ་ལ་སོགས་པ་སྨོསོ།། འདིས་ནི་མདོ་དེ་དང་དེ་དག་ལས་སྒྲའི་ཐ་སྙད་ཀྱི ་བདག་ཉིད་ཀྱང་ཀུན་རྫོབ་ཡིན་པར་བསྟན་དུ་ཟིན་ཀྱང་། ཁོ་བོ་ཅག་གིས་ཡིང་དག་པའི་ཀུན་རྫོབ་དུ་བརྗོད་པ་གང་ཡིན་པ་དེ་ཡང་དེར་འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་ཞེས་བྱ་བ་འདིས་བསྟན་པ་ཁོ་ན་ཡིན་ཏོ།། ཁོ་བོ་ཅག་སྒྲའི་ཐ་སྙད་ཀྱི ་བདག་ཉིད་མི་འདོད་པ་ནི་མུ་ཡིན་ཏེ། དེ་ཡང་ལྡོག་པའི་ཀུན་རྫོབ་ཡིན་ནོ་ཞེས་སྨྲའོ་ཞེས་དེ་སྟོན་པར་བྱེད་དོ།། མྱོང་བར་བྱ་བ་དང་མྱོང་བའི་ངོ་བོ་ཞེས་བྱ་བ་ནི་ཤེས་བྱ་དང་ཤེས་པའི་བདག་ཉིད་དོ།། དེ་ཅི་ལྟར་ཐ་སྙད་ཀྱི་སྒྲ་བརྗོད ་པར་ནུས་སྙམ་པ་ལ། བྱེད་པའི་སྒྲུབ་པ་ཡོངས་སུ་བཟུང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཤེས་བྱ་དང་ཤེས་པའི་བདོག་ཉིད་ཀྱིས་སྒྲོ་འདོགས་པར་བྱེད་པ་ཐ་སྙད་དོ།། འདི་ནི་ཤེས་པའོ།། འདི་ནི་ཤེས་བྱའོ་ཞེས་བྱ་བ་སྒྲའི ་ཐ་སྙད་ཀྱི་གཞི་ཡིན་པའི་ཕྱིར་བྱེདཀྱི་པ་ཉིད་ཡིན་ནོ།། དེའི་རྗེས་སུ་འབྲེལ་བའི་ཕྱིར་ཞེས་བྱ་བ་ནི་ཇི་སྙེད་པ་ཞེས་བྱ་བ་དེའོ།། འདིར་ཀྱང་གི་དོན་ཀྱང་བལྟ་བར་བྱའོ།། དེས་ན་དོན་ནི་ཡི་གེའི་སྒྲ་དང་བརྡ་བསྟན་པ་ཇི་སྙེད་པ ་ཡོད་པ་དེ་ཐམས་ཅད་ཀྱང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ།། དེ་ཅིའི་ཕྱིར་ལུང་ལས་འབྱུང་བ་དང་འཇིག་རྟེན་པའི་ཡི་གེ་བསྟན་པ་ཡང་བསྡུའོ།། དེ་མ་ཡིན་ན་འགའ་ཞིག་འཕགས་པ ་མ་ཡིན་པས་ཀུན་རྫོབ་ཀྱི། འཕགས་པ་རྣམས་ཀྱིས་བསྟན་པ་ནི་མ་ཡིན་ནོ།། དེ་དག་ནི་ཕྱིན་ཅི་མ་ལོག་པ་དེ་བཞིན་དུ་གསུངས་པའི་ཕྱིར་རོ་སྙམ་དུ་འཁྲུལ་པར་འགྱུར་རོ།། དེ་ནི་ཞེས་བྱ་བ་ནི་རྣམ་པ་གཉིས་ཀ་ཡང་དག་གི་དྲང་ཡིད་ཀྱི་བྱེ ་བྲག་གི་རྣམ་པ་གཉིས་སུ་དབྱེ་སྟེ། ནང་གི་བརྗོད་པའི་རྣམ་པ་ནི་ཡིད་ཀྱིའོ།། ཕྱི་རོལ་བརྗོད་པའི་ངོ་བོ་ནི་ངག་གིའོ།། ཇི་ལྟར་ན་ཡིད་ཀྱི་བཤད་པ་ཡིན་སྙམ་པ་ལ། དཔེར་ན་བརྒྱ་བྱིན་ཅེས་བྱ་བ་ལ་སོགས་པ་སྨོས་སོ།། ཡང་ཅིའི་ཕྱིར་འཇིག་རྟེན ་གྱི་ཐ་སྙད་ཡི་གེ་དང་སྐད་བསྟོན་པ་ཇི་སྙེད་པའི་བདག་ཉིད་ཅེས་བྱ་བ་ཁོ་ནར་ཚིག་གཅིག་ཏུ་མི་ཤེས་སྙམ་པ་ལ། དེ་བས་ན་སྤྲོས་པའི་ཚོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྲོས་པ་ཕྱིན་ཅི་ལོག་གི་བདག་ཉིད་ཐམས་ཅད་ཀྱི་ཚོགས ་ནི་ཕུང་པོའོ།། དེ་དང་བྲལ་བ་ནི་དམ་པའི་བདེན་པ་གང་ཡིན་པ་སྟེ་དེ་བསྟན་པའོ།། སེམས་རྒྱུ་བ་ཡང་མེད་ཅེས་བྱ་བ་ནི་ཉམས་སུ་མྱོང་བའི་རྒྱུ་བོ་ཡང་མེད་པར་སྟོན་པའོ།། གལ་ཏེ་མངོན་པར་བརྗོད་པའི་མཚན་ཉིད་ཁོ་ན་ཀུན་རྫོབ ་ཀྱི་བདེན་པ་ཡིན་ན་དེའི་ཚེ་གང་ལ་ཡི་གེའི་རྒྱུ་བ་ཡང་མེད་པ་ཞེས་བརྗོད་པར་བྱ་བར་འགྱུར་རོ།། དེ་ལྟ་ན་ནི་ཇི་སྐད་དུ་བཤད་པའི་རིམ་པ་དང་མི་འགལ་བར་དོན་དམ་པའི་བདེན་པ་ཀུན་རྫོབ་ལས་བཟློག་པ་ཡིན་པར་བསྟན ་པར་འགྱུར་རོ།། གལ་ཏེ་རྣམ་པར་རྟོག་པའི་རྒྱུ་བ་བཟློག་པའི་ཕྱིར་སེམས་ཀྱི་ཞེས་བྱ་བ་བཤད་དོ་ཞེ་ན། མ་ཡིན་ཏེ་རྣམ་པར་རྟོག་པའི་རྒྱུ་བ་ཡང་མེད་པ་ཞེས་དེ་སྐད་ཁོ་ན་མངོན་པར་བརྗོད་པར་འགྱུར་ཏེ། དེ་ལྟ་ན་ཇི་ལྟར་བརྗོད ་བར་བཞེད་པའི་དོན་བསྟན་པར་འགྱུར་རོ།། རྣམད་པར་རྟོག་པ་མངོན་པར་བརྗོད་པ་གཉིས་ཀྱང་ཡུལ་ཅིག་པ་ཡིན་པའི་ཕྱིར་ཡི་གེ་རྣམས་ལྔ་སྨོས་ཞེས་བྱ་བ་ལ་དོར་བའི་ཚིག་ཅིའི་ཕྱིར་མཛད་པར་འགྱུར། དེ་ལྟ་བས་ན་ཉམས་སུ་མྱོང ་བའི་མཚན་ཉིད་སེམས་རྒྱུ་བ་ཡང་མེད་པ་ཡིན་དང་། མངོན་པར་བརྗོད་པ་ཕྱི་མ་འབྲེལ་པར་འགྱུར་རོ།། ཀུན་རྫོབ་འདི་ནི་རྒྱུ་མེད་པར་མི་རུང་སྟེ། ཞེས་བྱ་བ་ལ་སོགས་པས་ནི་དམ་བཅོས་པ་ལ་རྗེས་སུ་དཔག་པའི་གནོད་པ་ཡོད་པར ་དོགས་པ་སྟེ། འདི་ལྟར་གང་དང་གང་ཀུན་རྫོབ་ཡིན་པ་དེ་ནི་རྒྱུ་དང་བཅས་པ་ཡིན་ཏེ། དཔེར་ན་ཤིང་རྟ་དང་སེམས་ཅན་ལ་སོགས་པ་ལྟ་བུ་ཡིན་ནོ།། འདི་ནི་ཀུན་རྫོབ་ཡིན་པས་རང་བཞིན་གྱི་གཏན་ཚིགས་ཡིན་ནོ།། རྒྱུ་མེད་པ་ཉིད་གཅིག ་ཡིན་ན་ནི་རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་ཏེ། གནོད་པ་ཅན་གྱི་ཚད་མ་ཡིན་ནོ།། དེས་ན་རྒྱུ་གང་ཡིན་པ་དེ་ནི་དོན་དམ་པའི་དངོས་པོ་གྲུབ་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ།། གང་དག་ལྔ་ཡན་ལག་འཁོར་ལ་སོགས ་བའི་ཚོགས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། གང་ལས་ཡན་ལག་གི་ཚོགས་ལས་ཞེས་བྱུང་བ་དེར་ནི་བརྟེན་ནས་ཞེས་བྱ་བ་དེ་ལ་བལྟོས་པའི་ཕྱིར་ཏེ། ནས་བྱ་བ་མི་མངོན་པར་བྱས་ན་རྣམ་པར་དབྱེ་བ་ལྔ་པ་ཡིན་ནོ།། གང་གི་ཚེ་ཡན་ལག ་གི་ཚོགས་རྣམས་ལ་ཞེས་འབྱུང་བ་དེའི་ཚེ་ཡང་འོག་ནས་འབྱུང་བ་རྒྱུར་བྱས་ཞེས་བྱ་བ་དེ་བལྟོས་ན་ལས་ཀྱི་རྣམ་པར་དབྱེ་བ་ཡིན་ནོ།། དེ་ལ་གལ་ཏེ་སྤྱིར་རྒྱུ་དང་བཅས་པ་ཙམ་དུ་སྒྲུབ་པར་བྱེད་ན་ནི་དེའི་ཚེ་གྲུབ་པ་བསྒྲུབ་པ ་ཡིན་ཏེ། ཀུན་རྫོབ་པའི་རྒྱུ་སྔ་མ་སྔ་མ་ཐོག་མ་མེད་པར་འདོད་པའི་ཕྱིར་རོ།། ཅི་སྟེ་དོན་དམ་པའི་རྒྱུ་ཞིག་སྒྲུབ་པར་བྱེད་ན་ནི་དེའི་ཚེ་དཔེ་བསྒྲུབ་པར་བྱ་བའི་ཆོས་མ་ཚང་བའི་ཕྱིར་རྗེས་སུ་འགྲོ་བ་མ་གྲུབ་པས་མ་ངེས་པ་ཉིད་ཡིན་ནོ།། ཞེས་སྟོན་པར་བྱེད། ་བརྟག་མ་བྱས་ཞེས་བྱ་བ་ལཱི་སོགས་པ་ལ་དེ་འདྲ་ཞེས་བྱ་བ་ནི་ཀུན་རྫོབ་ཁོ་ནའོ།། འདི་ཡི་ཞེས་བྱ་བ་ནི་ཀུན་རྫོབ་པའི་འོ།། བརྗོད་པའི་ཚུལ་གྱིས་ཞེས་བྱ་བ་ནི་གཅིག་དང་དུ་མའི་རང་བཞིན་སྟོང་པ་ཉིད་དུ་བསྟན་པས་སོ།། བློ་གློས་དང་ལྡན་པ ་ཞེས་བྱ་བ་ནི་བོད་པའོ།། ཤིང་རྟ་ལྔ་སོགས་པ་ཡང་ཞེས་བྱ་བ་ལ་སོགས་པས་ནི་དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཉིད་དུ་སྟོན་པར་བྱེད་དོ།། ཆོས་ཉིད་འདི་ལས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་མཚན་ཉིད་ཀྱི་རྒྱུའི་ཆོས་ཉིད་ལས་ཏེ། དེའི་རྒྱུ་རྡུལ་ཕྲ་རབ ་ལ་སོགས་པ་སྔར་དཔྱང་ཟིན་པའི་ཕྱིར་རོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མ་བརྟགས་ན་ཉམས་དགེའ་བར་འདོད་པ་ཁོ་ན་ཡིན་གྱི། དོན་དམ་པར་ནི་མ་ཡིན་སྟེ། དོན་དམ་པར་ནི་དེ་བཞིན་ཉིད་ཡོད་པ་དང་མེད་པ་ལིས་རྣམ་པར ་འདས་པ་ཁོ་ན་ཡིན་ནོ་ཞེས་སློབ་དཔོན་གྱི་ཚིག་གིས་བསྟན་པའི་ཕྱིར་འདིར་ཡང་གསུངས་པ་ཞེས་བྱ་བ་ནི་སྨོས་ཏེ། འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཐ་སྙད་གྲུབ་པ་ལས་བསྟན་ཏོ།། དེ་ལས་ནི་སྔགས་དང་སྨན་དང ་སྒྱུ་མའི་དཔེས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་གཏན་ཚིགས་ཀྱིས་དོན་དམ་པར་ཡོད་པ་དང་མེད་པ་ཉིད་ལས་ཡང་དག་པར་འདས་པར་སྒྲུབ་པར་བྱེད་དོ།། འདི་ལྟར་སྔགས་ནི་ཡི་གེ་རེ་རེ་འམ་འདུས་པ་ཞིག ་ཡིན་པར་འགྱུར་གྲང་ན། རེ་ཞིག་རེ་རེ་ནི་མ་ཡིན་ཏོ།། ཡི་གེ་གཅིག་བརྗོད་པ་ཁོ་ནས་འབྲས་བུ་འབྱུང་བར་ཐལ་བར་འགྱུར་རོ།། གང་ཡང་ཨུ་ཞེས་བྱ་བ་ལ་སོགས་པ་ཡི་གེ་གཅིག་པའི་སྔགས་འབྱུང་བ་དེ་ཡང་ཡི་གེ་རྣམས་ནི་ཆ ་ཤས་དང་བཅས་པ་ཡིན་པའི་ཕྱིར་ཡང་དག་པར་ན་གཅིག་པར་མི་རུང་བ་དེ་དེ་ལྟ་བས་ན། ཡི་གེ་གཅིག་སྔགས་གང་ཡང་མེད་དེ་ཡི་གེ་རེ་རེ་བིའི་སྔགས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ།། ཡི་གེ་མང་པོ་གཞན་ཡང་མེད་ཅེས་བྱ ་བ་ནི་ཡི་གེ་འདུས་པ་རྣམས་ཀྱང་སྔགས་མ་ཡིན་པ་སྟེ། ཡི་གེ་རྣམས་ནི་རིམ་གྱིས་འབྱུང་བ་ཅན་ཡིན་པས་ཚོགས་པ་མེད་པའི་ཕྱིར་རོ།། འོ་ན་འགེགས་པ་རྣམས་ཚོགས་པར་འགྱུརརོ་སྙམ་པ་ལ། ཡི་གེ་འགགས་པ་རྣམས་མིན ་ལ་ཞེས་བྱ་བ་སྨོས་ཏེ། འགགས་པ་ཞེས་བྱ་བ་ནི་རང་གི་ངོ་བོ་ལས་ཉམས་པ་ཞེས་བྱའོ།། གང་དག་རང་གི་ངོ་བོ་ཉམས་པ་དེ་དག་ནི་བདག་ཉིད་མེད་པ་ཡིན་ན་གང་དག་རང་གི་བདག་ཉིད་མེད་པ་དེ་དག་ཇི་ལྟར་བསགས་པར་འགྱུར ་དེ་ལྟ་བས་ན་རེ་ཞིག་སྔགས་ཡོད་པ་ཉིད་བསལ་བ་ཡིན་ནོ།། འོ་ན་ནི་ཤུགས་ཀྱིས་མེད་པ་ཉིད་དུ་འགྱུར་ཏེ། དེའི་ཕྱིར་རྟོག་པ་དང་ལྡན་པ་རྣམས་སྔགས་གྲུབ་པར་བྱ་བའི་ཕྱིར་འབད་པ་དོན་མེད་པ་ཁོ་ནའོ།། སྙམ་པ་ལ་བརྟེན ་ནས་དེ་ནི་མེད་པའང་མིན་ཞེས་བྱ་བ་སྨོས་ཏེ་རྐན་ལ་སོགས་པའི་བྱེད་པ་ལས་ཡི་གེ་རྣམས་འབྱུང་བ་ཡང་མཐོང་ལ་དེ་ལས་དུག་སེལ་བ་ལ་སོགས་པའི་འབྲས་བུ་འབྱུང་བ་ཡང་མཐོང་ན། ཇི་ལྟར ་གཅིག་ཏུ་མེད་པ་ཉིད་དུ་འགྱུར། འདིས་ནི་སྔགས་ཀྱི་དཔེ་བསྒྲིབ་པར་བྱ་བ་མ་ཚང་བ་ཉིད་ཡོངས་སུ་སྤངས་སོ།། སྨན་གྱི་དཔེའི་ཡང་ཡོངས་སུ་སྤང་བའི་ཕྱིར། དེ་བཞིན་རང་གི་ཡན་ལག་ལས་ཞེས་བྱ་བ་ལ་སོག་པ་སྨོས ་གལ་ཏེ་ཟ་རྒོད་དང་གླས་གང་ལ་སོགས་པར་རང་གི་ཡན་ལ་རིག་རྣམས་ལས་སྨན་ཐ་དད་པ་ཞིག་ཡིན་ན་ནི་དེའི་ཚེ་དམིགས་པའི་རིག་བྱར་གྱུར་པོའི་ཕྱིར་ལོགས་ཤིག་ན་དམིགས་པར་འགྱུར་རོ།། ཅི་སྟེ་དམིགས་པའི་རིག ་བྱར་གྱུར་པ་མ་ཡིན་ན་ནི་དེའི་ཚེ་ཡན་ལག་རྒྱར་བྱེད་པ་དོན་མེད་པ་ཁོ་ནར་འགྱུར་རོ།། ཅི་སྟེ་ཡན་ལག་འདུས་པ་ཙམ་སྨན་ཡིན་ནོ་སྙམ་ན་དེ་ཡང་རིགས་པ་མ་ཡིན་ཏེ། དེའི་ཡན་ལག་རྣམས་ཀྱང་འདུས་པ་ཙམ་གྱི་རང་བཞི ་ཡིན་པས་རང་གི་ངོ་བོ་མ་གྲུབ་པའི་ཕྱིར་རོ།། རང་གི་ངོ་བོ་མ་གྲུབ་པ་རྣམས་ཇི་ལྟར་འདུས་པར་འགྲུབ་པར་འགྱུར། སྒྱུ་མའི་དཔེ་ལས་ཡང་བསྒྲུབ་པར་བྱ་བའི་ཕྱིར། སྒྱུ་མའི་གླང་པོ་དེ་ཡང་སྣང་ཞེས་བྱ་བ་ལ་སོགས་པ་སྨོས ་སོ། འདི་ལྟར་སྒྱུ་མའི་གླང་པོ་ཆེ་དོ་ནི་འཇིམ་པའི་དུམ་བུ་ལ་སོགས་པ་ལས་ཐ་དད་པ་འམ་ཐ་དད་པ་མ་ཡིན་པ་ཞིག་དུ་འགྱུར་གྲང་ན། རེ་ཞིག་ཐ་དད་པར་ནི་མ་ཡིན་ཏེ། འདི་ལྟར་སྒྱུ་མ་མཁན་དང་སྒྱུ་མའི་རྒྱུ་དེ་དག་ལས ་གྱད་ན་མི་སྣང་ངོ་ཞེས་ཁོང་ནས་འབྱུང་ངོ་།། ཡང་ན་དེ་དག་ལས་ཞེས་བྱ་བ་ནི་སྔགས་དང་སྨན་དག་ལས་ཏེ། གླང་གིས་ནི་དེ་དག་ལས་ཐ་དད་པར་འགྱུར་བ་འཇིམ་པའི་དུམ་བུ་ལ་སོགས་པ་དག་ལས་ལོགས་ཤིག་ཏུ་ནི་སྒྱུ ་མའི་གླང་པོ་ཆེ་ཡང་དག་པར་མྱི་དམིགས་སོ།། ཐ་དད་པ་མ་ཡིན་ནོ་སྙམ་པ་ལ། གཞན་མིནཱ་ཞེས་བྱ་བ་སྨོས་ཏེ། རིགས་པ་ཞེས་བྱ་བ་ལྷག་མ་ཡིན་ནོ།། གཞན་ནི་ཐ་དད་པ་ཞེས་བྱའོ།། གཞན་མ་ཡིན་པ་ནི་ཐ་དད་པ་མ་ཡིན་པ་ཞེས ་བྱ་བའི་ཐ་ཚིག་སྟེ། དེ་ལྟ་བུ་ཁོ་ནར་མིག་མ་འཁྲུལ་པ་ཅན་རྣམས་ཀྱིས་མི་མཐོང་བའི་ཕྱིར་ཐ་དད་པ་མ་ཡིན་པ་འང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། འོ་ན་ནི་དེ་མེད་པ་ཁོ་ན་ཡིན་ནོ་སྙམ་པ་ལ། རྟེན་ཅིང་འབྲེལ་བར ་འབྱུང་བ་དེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ཞེས་བྱ་བ་ནི་སྒྱུ་མའི་གླང་པོ་ཆེ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་པའི་ཕྱིར་མེད་དོ་ཞེས་བརྗོད་པར་ཡང་མི་ནུས་ལ། དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ ་ཡིན་པའི་ཕྱིར་ཡོད་དོ་ཞེས་བརྗོད་པར་ཡང་མི་ནུས་པས་དེའིཕྱིར་དྲ་པེ་གྲུབ་པ་ཡིན་ནོ།། ཕྱོགས་ཀྱི་ཆོས་བསྡུ་བའི་ཕྱིར། དེ་ལ་དམྱིགས་པར་བྱེད་པཱ་ཡི་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། ཀ་སཱ་གཟུགས་ཀྱི་སྐྱེ ་མཆེད་དེ་ལ་དམིགས་པའི་ངང་ཚུལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། མིག་གི་ཞེས་བྱ་བ་ནི་མཇུག་ལྔ་ཅན་ཡིན་ཏེ། མིགོ་ནས་འབྱུང་ངོ་ཞེས་བྱ་བ་ནི་ཐ་ཚིག་གོ། ཡང་ན་འདི་ནི་མཇུག་དྲུག་པ་ཅན་ཡིན་ཏུ ་མིག་དང་འབྲེལ་པ་ཅན་མིག་གི་རྣམ་པར་ཤེས་པ་བྱ་བའི་ཐ་ཚིག་སྟེ། སྲིད་པ་ལ་འབྱུང་ངོ་ཞེས་འོག་ནས་འབྱུང་བ་དང་སྦྱར་བར་བྱའོ།། ལས་ཀྱི་བག་ཆགས་འབྲས་བུ་འབྱིན་པ་ལ་མངོན་དུ་ཕྱོགས ་པར་གྱུར་པ་ནི་སྲིད་པའོ།། ལས་དང་ཉོན་མོངས་དབང་འཕངས་པ་ཞེས་བྱ་བ་ནི་ཚད་པའི་ལས་ཀྱི་དབང་གིས་འཇུག་པའི་ཕྱིར་རོ།། ལེན་བཅས་པོ་ནི་ཟག་པ་དང་བཅས་པ་སྟེ། སྲིད་པ་ལས་དེ་ལྟ་བུའི་ངོ་བོ་བྱུང་བ་ཞེས་བྱ་བར ་སྦྱར་རོ།། དེ་བཞིན་དུ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་དབང་གིས་འཕངས་པ་ཉེ་བར་ལེན་པ་དང་བཅས་པ་བཞིན་དུའོ།། སྲིད་པའི་ཡན་ལག་ཀུན་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་རྣམས་སོ།། དེ་ལ་སྦྱོར་བ་ནི་འདི་ལྟར ་བྱ་སྟེ། གང་དང་གང་དག་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་དག་ནི་དོན་དམ་པར་ཡོད་པ་དང་མེད་པ་ཉིད་ཀྱི་ཐ་སྙད་ཀྱི་ལམ་ལས་འདས་པའི་ལུས་ཡིན་ཏེ། དཔེར་ན་སྔགས་ལ་སོགས་པ་ལྟ་བུའོ།། རྣམ་པར་ཤེས་པ་ལ་སོགས ་པ་འདི་དག་ཀྱང་དེ་དང་འདྲ་བས་ན་རང་བཞིན་གྱི་གཏན་ཚིགས་སོ།། གལ་ཏེ་དེ་ལྟ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདུ་བྱེད་རྣམས་ནི་རྟག་པ་མེད་ཅེས་བྱ་བ་ལ་སོགས་པས་དངོས་པོ་རྣམས་སྐྱེ་བ་ལ་སོགས་པར་བསྟན ་སྙམ་པ་ལ། འདི་ལྟར་འགོག་པ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དགོངས་ནས་བསྟན་པ་དེའི་ཕྱིར་འགལ་བ་མེད་དོ་ཞེས་བྱ་བ་ལྷག་མ་ཡིན་ནོ།། དགོངས་པ་ནི་སྐྱེ་བ་ལ་སོགས་པ་ཇི་ལྟར་སྣང་བ་ཁོ་ན ་བཞིན་ཡོད་པའི་ཕྱིར་དེ་ལས་དགོངས་ནས། བདག་མྱེད་པ་ལ་འཇུག་པར་བྱ་བའི་ཕྱིར་སྐྱེ་བ་ལ་སོགས་པ་བསྟན་ཏོ་སྙམ་པ་ཡིན་ནོ།། ཇི་ལྟར་སྨན་ཡང་སྨན་མིན་པ་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་བཤད་པའི་དོན་གྱིས་འཇུག ་བསྡུད་དོ།། གཉི་ག་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའོ།། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་ཟིན་ན་ཞེས་བྱ་བ་ལ་སོགས་པ་སྣ་ནི་སྦྱོར་བའི་གཞི་ཉིད་ལས་དམ་བཅས་པ་དང་ལུང་དང་འགལ་བར་སྟོན་པར་བྱེད་དེ། འདི་ལྟར་གྲུབ་པའི ་མཐེའ་ལས་འདས་ནི་མཐོང་གི་དང་ཐོས་པ་དང་། བྱེ་བྲག་བྱེད་པ་དང་། རྣམ་པར་ཤེས་པའི་དོན་རྣམས་ལ་དེ་བཞིན་དུ་སྨྲ་བ་གང་ཡིན་པོ་འདི་ནི་འཕགས་པ་རྣམས་ཀྱི་ཐ་སྙད་ཡིན་ལ། བཟློག་སྟེ་སྨྲ་བ་ནི་འཕགས་པ་མ་ཡིན་པ་རྣམས་ཀྱི ་ཐ་སྙད་ཡིན་ནོ་ཞེས་བསྟན་ན་དེ་ཡང་མཐོང་བ་ལ་སོགས་པ་དོན་མེད་པའི་ཕྱིར་རིགས་པ་མ་ཡིན་ནོ།། ནཱ་མཁའི་མེ་ཏོག་ནི་ནམ་འི་པདྨའོ།། དེ་དང་མཚུངས་པ་ནི་འདྲ་བའོ།། ཀླན་ཀ་འདི་ནི་སྙིང་པོ་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས ་པས་ནི་ལན་འདེབས་སོ།། དེ་ལ་བསྡུས་པའི་དོན་ནི་ཕ་རོལ་པོ་དག་གིས་ཇི་ལྟར་སྣང་བ་ལས་འདས་པར་རིགས་པ་ཁོ་ནས་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་དོ་ཞེས་སྒྲོ་འདོགས་པར་བྱེད་པ་དེ་ཁོ་ན་འགོགས་པར་བྱེད་ཀྱི། སྔོན་པོ་ལ་སྩོགས ་པ་སྣང་བ་མ་བརྟགས་གཅིག་པུ་ན་ཉམས་དགའ་བ་ལ་སོགས་པ་འགོག་པ་ནི་མ་ཡིན་ནོ།། དོན་དམ་པར་ནི་དཔྱད་ན་ཡོད་པ་འགའ་ཡང་མ་གྲུབ་པའི་ཕྱིར་ཡོད་པར་ཡང་ཁས་མི་ལེན་ལ་མེད་པ་ཡང་ཁས་མི་ལེན་ཏེ། མེད་པ་ནི་དངོས་པོ་སྨྲོ། ་པའི་མཚན་ཉིད་ཡིན་པའི་ཕྱིར་ཡོད་པ་མ་གྲུབ་ན་ཡོད་པ་སྔོན་དུ་འགྲོ་བ་ཅན་གྱི་མེད་པ་ཡང་མ་གྲུབ་པའི་ཕྱིར་རོ།། དེའི་ཕྱིར་གཅིག་ཏུ་ཡོད་པ་དང་མེད་པའི་ཕྱོགས་ལས་ཡོད་པའི་ཉེས་པས་ཁོ་བོ་ཅག་ལ་མི་གོས་སོ། ་ཞེས་བྱ་བའི་ཐ་ཚིག་གོ། མྱོང་བ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་མྱོང་བའོ།། འོ་ན་གླེང་ཞིག་འགོག་པར་བྱེད་སྙམ་པ་ལ། འབྲས་བུ་ཡང་དག་པར་ཡོད་པ་དང་མེད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་ཡོད་པ་སྨྲ་བ་ནི་སེར་སྐྱ་བ ་སོ། འབྲས་བུ་མེད་པར་སྨྲ་བ་ནི་བྱེ་བྲག་པ་ལ་སོགས་པའོ།། གཉི་ཀར་སྨྲ་བ་ནི་འཚོབ་པ་ལ་སོགས་པའོ།། ཡོད་པ་དང་མེད་པ་ཞེས་བྱ་བ་ལ་སོགས་པ་རྣམ་པར་འབྱེད་པ་ནི་འཕགས་པ་ལྕིའི་ཚིགས་སུ་བཅད་པ་འདི་དང་སྦྱར་བར་དེའི ་ཕྱུརུ་ཞེས་བྱ་བ་སྨོས་ཏེ། འདི་ནི་ཞེས་བྱ་བ་ནི་ཕྱོགས་དང་སྦྱར་རོ།། དེའི་ཕྱིར་ཡང་དག་ཉིད་དུ་ན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་འདི་ནི་སློབ་དཔོན་གྱི་བདག་ཉིད་ཀྱི་ཡིན་ནོ།། འདིས་ནི་ཚད་མིའི་འབྲས་བུ་ལུང་གི་དོན་དང་སྦྱར་བ་འམ། ལུང ་གི་དོན་ཚད་མའི་འབྲས་བུ་དང་སྦྱོར་བར་བྱེད་དོ།། འདིར་ཡང་གང་གི་ཕྱིར་ཞེས་བྱ་བ་ལ་བལྟོས་པར་བྱ་སྟེ། ངེས་ན་དེ་ན་ནི་གང་གི་ཕྱིར་དངོས་འགའ་ཡང་དག་པར་བསྒྲུབ་པ་མེད་པ་དེའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བྱ་སངས་རྒྱས ་བཅོམ་ལྡན་འདས་ཀྱིས་གསུང་ས་སོ་ཞེས་བྱ་བ་འདི་ཡིན་ནོ།། གཞན་ཡང་ཞེས་བྱ་བ་ནི་རྒལ་བ་ལ་སོགས་པའོ།། དེ་ལ་བརྟེན་པ་ཞེས་བྱ་བ་ནི་སྐྱེ་བ་ལ་བརྟེན་པའོ།། འབྱུང་བ་མེད་པ་ཞེས་བྱ་བ་ནི་གང་དག་ལ་བྱུང་བ་མེད་པ་ཡོད་པ་དེ་དག་ལ ་དེ་སྐད་ཅེས་བྱ་བའོ།། རང་བཞིན་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་གཅིག་པ་ཉིད་ལ་སོགས་པས་དཔྱད་ན་དོན་དམ་པར་གང་ལ་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིགུ་གོ།། རང་བཞིན་མེད་པས་གཞན་རྐྱེན་ཇི་ལྟར་འགྱུར་ཞེས ་བྱ་བ་ནི་རི་བོང་གི་རྭ་ལ་སོགས་པ་བཞིན་རྟག་ཏུ་རང་བཞིན་མོད་པའི་ཕྱིར་གཞན་རྐྱེན་དུ་རིགས་པོ་མ་ཡིན་ནོ།། རང་བཞིན་མེད་པས་གཞན་གྱིས་ཇི་ལྟར་སྐྱེད་ཅེས་བྱ་བ་ནི་རྐྱེན་གཞན་དང་དེའི་འབྲས་བུ་རྟག་ཏུ་མེད་པའི་ཕྱིར་རི་བོང ་ལ་སོགས་པ་ལྟ་བུ་ཁོ་ན་ཡིན་པ་ཇི་ལྟར་བསྐྱེད་ཅེས་བྱ་བའི་ཐ་ཚིག་གོ། འདི་ཞེས་བྱ་བ་ནི་དོན་དམ་པར་སྐྱེད་པ་པོ་མ་ཡིན་པ་ཉིད་དོ།། ཡང་ན་རྒྱ་ཞེས་བྱ་བའི་སྒྲས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མཚོན་པར་བྱེད་དོ།། དེས ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་དྲོན་དམ་པར་སྐྱེ་བ་མེད་པའི་མཚན་ཉིད་ཅན་འདི་བདེ་བར་གཤེགས་པས་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ།། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པས་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པའི ་རང་བཞིན་དཔྱད་པས་ཞེས་བྱ་བའི་ཐ་ཚིག་གོ། ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་བ་མེད་པའི་མཚན་ཉིད་དོ།། མེད་མ་མཆིས་པ་ཞེས་བྱ་བ་ནི་སྒྲའི་དཔྱོད་ཡུལ་མ་ཡིན་པའོ།། མཚན་ཉིད་མ་མཆིས་པ ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་མཚན་ཉིད་དང་བྲལ་བའོ།། མཚན་མ་མཆིས་པ་ཞེས་བྱ་བ་ནི་འདུ་ཤེས་ཀྱི་ཡུལ་སྔོན་པོ་ལ་སོགས་པའི་མཚན་མ་མེད་པའི་ཕྱིར་རོ།། གདགས་སུ་མ་མཆིས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི ་ཡུལ་མ་ཡིན་པའི་ཕྱིར་རོ།། འོ་ན་ཇི་ལྟར་དེ་དག་བསྟན་སྙམ་པ་ལ། གཞན་དུ་མ་ལགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་རྣམས་གཟུང་བའི་དོན་དུ་མིང་ལ་སོགས་པ་ཙམ་གྱིས་བསྟན་པར ་ཟད་ཀྱིས་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། འདིར་ཡང་བསྟན་པ་ཞེས་བྱ་བ་ཁོང་ནས་འབྱུང་ངོ་།། མིང་ཙམ་ཞེས་བྱ་བ་ལ་སོགས་པའི་ཚིག་གཉིས་གཉིས་ཤི་ཚིག་སྔ་མ་སྔ་མའི་བཤད་པ་ཕྱི་མ་ཡིན་ནོ།། ཀུན་རྫོབ་ནི ་འདིར་ཀུན་རྫོབ་ཀྱི་ཤེས་པ་ལས་སྣང་བའི་ངང་ཅན་གྱི་ངོ་བོ་ཡིན་པར་དགོངས་སོ།། འདིས་མངོན་པར་བརྗོད་པར་བྱེད་པས་ན་བརྗོད་པ་སྟེ་རྣམ་པར་རྟོག་པ་ཞེས་བྱའོ།། ཡང་ན་འདི་དག་ཐམས་ཅད་རྣམ་གྲངས་ཡིན་ནོ།། ཡང་ན་དང་པོའི་བཤད ་པ་ལྷག་མ་ཡིན་ནོ།། མ་རིག་པ་དུས་གསུམ་དུ་མེད་དུ་ཟིན་ཀྱང་ཅིའི་ཕྱིར་གདགས་པའི་ཡུལ་མ་ཡིན་སྙམ་པ་ལ། མ་རིག་པ་དེ་ནི་ཞེས་བྱ་བ་སྨོས་སོ།། འོ་ན་ནི་ཐམས་ཅད་མིང་ཙམ་དུ་ཡོད་པར་ཁས་བླངས་པའི་ཕྱིར་མིང་ཙམ་བདེན་པར ་ཡོད་སྙམ་པ་ལ། བཅོམ་ལྡན་འདས་མིང་ཙམྦ་ཞེས་བྱ་བ་སྨོས་སོ།། དེ་ལྟར་བྱས་ན་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་དུས་གསུམ་དུ་ཡང་མེད་པའི་ཕྱིར་རོ།། ཡང་དེ་ཉིད་ལས་ཞེས་བྱ་བ་ནི་ཡབ་དང་སྲས་མཇལ་བའི་མདོ་ལས་སོ།། ་གལ་ཏེ་སྐྱེ་བ་ལ་སོགས་པ་ཀུན་བརྟགས་པ་ཡིན་པའི་ཕྱིར་དངོས་པོ་རྣམས་ཀྱི་སྐྱེ་བ་ལ་སོགས་པ་ཁས་མི་ལེན་ན། འོ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་སྐྱོ་བ་མེད་པ་ནི་བདེན་ནོ་ཞེས་བྱ་བ་ལ་སོགས་པས་སྐྱེ་བ་མེད་པ་ལ་སོགས་པ ་བདེན་པ་ཉིད་དུ་གསུངས་སྙམ་པ་ལ། སྐྱེ་བ་མེད་པ་ལ་སོགས་པ་ཡང་ཞེས་བྱ་བ་སྨོས་སོ།། ཞེས་བྱ་བ་ནི་དོན་དམ་པའོ།། སྐྱེ་བ་མེད་པ་ལ་སོགས་པར་རྣམ་པར་རྟོགས་པ་དང་། རྣམ་པར་རྟོགས་པས་དངོས་པོ་རྣམས་ཀྱི་ངོ་བོ་རྣམ ་པར་བཞག་པ་ནི་སྐྱེ་བ་མེད་པ་ལ་སོགས་པའོ།། སོགས་པའི་སྒྲས་ནི་འགོག་པ་དང་ཞི་བ་ལ་སོགས་པ་བསྡུའོ།། ཡང་དེ་མེད་པར་དོན་དམ་པར་ལ་བཟག་མི་ནུས་སམ་ཞེ་ན། གང་གི་ཕྱིར་དེ་ལྟ་བུའི་ངོ་བོ་བསྟན་པའི་ཕྱིར་དེ་སྐད ་ཅེས་བྱ་སྙམ་པ་ལ།། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡང་དག་པ་ཉིད་ཁང་པ་ཡིན་ནོ།། དེའི་སྟེང་ནི་རབ་ཀྱི་མཐའ་སྟེ། དེར་འགྲོ་བར་ཞེས་བསྡུའོ།། ཡང་དག་ཀུན་རྫོབ་ཉིད་ཐེམ་སྐས་བཞིན ་དུ་སྐས་ཡིན་ཏེ། གོམ་པའི་རྟེན་ཅེསྣ་བྱེ་བའི་ཐ་ཚིག་གོ།། འདི་ནི་སློབ་དཔོནྡ་སྣང་བྲལ་གྱི་དབུ་མའི་སྙིང་པོ་ལྔས་གསུངས་པ་ཡིན་ནོ།། དེས་ནུ་གང་ལྔ་ལ་གལ་ཏེ་ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པའི་བློ་དོན་དམ་པའི་སྒྲར ་བརྗོད་ན་ནི་དེ་ཡང་ཀུན་རྫོབ་ཀྱི་ངོ་བོ་ཡིན་པའི་ཕྱིར་ཇི་ལྟར་ན་དོན་དམ་པ་ཉིད་ཡིན། གལ་ཏེ་ཡང་དེའི་དབང་གིས་དངོས་པོ་རྣམས་རང་བཞིན་མེད་པ་ཉིད་རྣམ་པ་ཀྱང་ཡང་གང་གིས་བཞག་པར་བྱ། དེ་ཉིད་ཀྱིས་བཞག་ཏུ་ནི ་རིགས་པ་མ་ཡིན་ཏེ། རང་གིས་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ།། ཚད་མ་གཞན་གྱིས་ཀྱང་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ།། ཇི་སྟེ་བློ་དེ་གཅིག་པུ་མ་གཏོགས་འཇོག་པ་ཞེ་ན། འོ་ན་ནི ་ཡུལ་ཐམས་ཅད་བདག་མེད་པར་མ་བསྒྲུབས་པར་འགྱུར་རོ་ཞེས་རྒོལ་བ་གང་ཡིན་པ་དེ་ཡང་འདི་ཉིད་ཀྱིས་ལན་བཏབ་པ་ཡིན་ཏེ། དེ་ཡང་དོན་དམ་པ་དང་མཐུན་པའི་ཕྱིར་དོན་དམ་པ ་ཉིད་ཡིན་ལ་རང་བཞིན་མེད་པར་ཡང་དེ་ཉིད་ཀྱིས་རྣམ་པར་འཇོག་གོ།། རང་གིས་བདག་ལ་བྱེད་པ་འགལ་བ་མེད་དེ། སྤྱིའི་ངོ་བོར་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་ལ། བློའི་རང་གི་ངོ་བོ་ཡང ་སྤྱིའི་མཚན་ཉིད་དེ་འདུས་པའི་ཕྱིར་རོ།། དཔེར་ན་ཆོས་ཐམས་ཅད་ལ་ཡོད་པ་ལ་སོགས་པའི་གཏོན་ཚོགས་རྣམས་ཀྱིས་འཇིག་པ་ཉིད་ཤེས་པར་འགྱུར་བ་ན་བདག་ཉིད་སྦྱངས་ནི་སྔ་མ་ཡིན་པ་ལྟར་འདིར་ཡང་དེ་དང་འདྲ་བར་ཀླན་ཀར ་མོ་རུང་ངོ་།། སྐྱེ་བ་མེད་པ་ལ་སོགས་མི་སྲིད་ཅེས་བྱ་བ་ནི་དོན་དམ་པཱར་སྐྱེ་བ་མེད་པ་ལ་སོགས་པའི་ཤེས་པ་དང་། མངོན་པར་བརྗོད་པའི་རྣམས་འཇུག་པ་མི་སྲིད་དོ།། ཞེས་བྱ་བའི་ཐ་ཚིག་གོ།། ཅིའི་ཕྱིར་སྐམ་པ་ལ། དེའི་ངོ་བ ་དགྲག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཐ་མ་སྨོས་ཏེ། གང་གི་ཕྱིར་ཕྱིས་བརྗོད་པར་བྱ་བའི་ངོ་བོ་དགག་པར་བྱ་བ་ལ་དོན་དམ་པ་ནི་ལྡེད་པོའི་སྒྲའི་སྦྱོར་བ་མི་སྲིད་པ་དེའི་ཕྱིར་སྐྱོ་བ་མེད་པ་ལ་སོགས་པ་མི་སྐྲོད་དོ།། འོ་ན་མེད་པ་འང ་ཞིག་སྦྱོར་བར་འགྱུར་རོ་སྙམ་པ་ལ། ཡུལ་མེད་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་སྙམ་དུ་དོན་དམ་པར་སྐྱེ་བ་ལ་སོགས་པ་མེད་དུ་ཟིན་ཀྱང་གཞོན་གྱི་རྗེས་སུ་སྨྲ་བས་བློས་སྐྱེ་བ་ལ་སོགས་པ་བཞག་སྟེ། དེ་དག་བཀག་པས་སྐྱེ ་མེད་པ་ལ་སོགས་པ་རྣམ་པར་འཇོག་པར་འགྱུར་རོ་སྙམ་པ་ལ། རྣམ་པར་རྟོག་པ་ལ་བརྟེན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་མེད་པ་ལ་སོགས་པ་རྣམ་པར་རྟོག་པ་ལ་བརྟེན་པ་ཉིད་དུ་ཁས་ལེན་ན་སྐྱེ་བ་མེད་པ་ལ་སོགས་པ ་དེ་ཀུན་རྫོབ་ཡིན་གྱི་དོན་དམ་པ་ནི་མ་ཡིན་ཏེ། རྣམ་པར་རྟོག་པས་ཅན་རྫོབ་ཀྱི་ངོ་བོ་ཡིན་པའི་ཕྱིར་དང་། རྣམ་པར་རྟོག་པའི་སྤྱོད་ཡུལ་ཡང་སྒྲོ་བཏགས་པའི་ངོ་བོ་ཡིན་པའི་ཕྱིར་ཇི་ལྟར་དོན་དམ་པར་འགྱུར།། །། བམ་པོ་བཞི་པ་སྟེ་ཐམ ་ཇི་སྟེ་རང་གི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པས་ནི། རྣམ་པར་རྟོག་ལ་བརྟེན་ན་ཡང་།། ཀུན་རྫོབ་པར་འགྱུར་ཡང་དག་མིན། ཞེས་བྱ་བ་ཕྱོགས་སྔ་མ་དང་བཅས་ཏེ་རྣམ་པར་འགྲེལ་བར་བྱེད་དོ།། བག་ཆགས་གང་ལ་ཐོག་མ་མེད་པའི་དུས་ཡོད ་པ་དེ་ལས་བྱུང་བ་རྣམ་པར་རྟོག་པ་གང་ཡིན་པ་དེ་ལ་སྣང་བའི་ངང་ཚུལ་ཅན་གྱི་དོན་གང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ།། དེ་ཉིད་བརྟེན་པར་བྱ་བའི་ཕྱིར་ཆོས་ཅན་འདི་ཉིད་ལྔ་གླནས་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། རྣམ་པར་རྟོག་པ ་ལ་སླང་བའི་ངང་ཅན་གྱི་དོན་བཀག་ན་ཐ་སྙད་ཐམས་ཅད་པར་ཐལ་བར་འགྱུར་བའི་ཕྱིར་རོ།། རྣམ་པར་རྟོག་པ་ཡ་ཞེས་བྱ་བ་ལ་སོགས་པས་ནི་ལྔ་བཏབ་པོ།། བསམྲ་པ་ནི་འདི་ཡིན་ཏེ། གལ་ཏེ་རྣམ་པར་རྟོག་པའི་བློ་ལ་སྣང་བའི་ངང་ཅན ་ཉིད་སྐྱེ་བ་མེད་པ་ལ་སོགས་པ་ཡིན་ན་དེའི་ཚེ་སྣང་བ་དང་བློ་ཐ་མི་དད་པའི་ཕྱིར་དེ་ཡང་གོང་དུ་རྣམ་པར་ཤེས་པའི་རང་གི་ངོ་བོ་དཔྱད་པས་བརྫུན་པ་ཉིད་དུ་བསྟན་པའི་ཕྱིར་ཇི་ལྟར་དོན་དམ་པར་འགྱུར་སྙམ་པ་ཡིན་ནོ།། བློ་བདེན་པ་ཉིད་དུ་ཆུད ་ཀྱང་དེ་ལ་སྣང་བའི་ངང་ཅན་གྱི་ངོ་བ་ཐམས་ཅད་བརྫུན་པ་ཡིན་པའི་ཕྱིར་སྐྱེ་བ་ལ་སོགས་པ་བརྫུན་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། གཞན་ཡང་དེ་ལྟ་ན་ཡང་ཞེས་བྱ་བ་སྨོས་སོ།། གཞན་ཡང་ཞེས་བྱ་བ་ནི་ཡན་ལག་གཞན ་བརྗོད་པའོ།། འདི་སྐད་གསུངས་ཏེ་ཞེས་བྱ་བ་ནི་འཕྱགས་པ་ཀླུ་སྒྲུབ་ཀྱི་ཞལ་སྟི་ནས་སོ།། རྒྱལ་དཔོགས་པ་ལ་སོགས་པ་མེད་པ་མེད་པ་ནི་དངོས་པོ་གཞན་དུ་གྱུར་པ་ཡིན་ནོ་ཞེས་ཟེར་བ་དེ་བསྟོན་པའི་ཕྱིར་དེ་སྐད་དུ་ཞེས་བྱ་བ་སྨོས་ཏེ། འདི་ནི་གཞོན་ནུ་མ ་ལེན་གྱིས་བཤད་དོ།། དེས་ན་མེད་པ་རྣམ་པ་བཞི་དངོས་པོ་གཞན་དུ་གྱུར་པ་ཁོ་ན་ཡིན་པར་བརྗོད་དོ།། དེ་ལ་འོ་མ་ལ་སོགས་པའི་མཚན་ཉིད་ཡོད་པ་ཉིད་ཞོ་ལ་སོགས་པ་འབྲས་བུའི་མཚན་ཉིད་སྔ་མ་མེད་པ་ཞེས་བྱ་ལ། ཞོ་ལ་སོགས་པ་འབྲས་བུ་ཡོད ་བ་ཉིད་ཀྱང་འོ་མ་ལ་སོགས་པ་རྒྱུ་ཞིག་ནས་མེད་པ་ཡིན་ནོ།། རི་བོང་གི་མགོའི་ཡན་ལག་ཁྱད་པར་ཅན་ཉིད་རི་བོང་གི་རྭ་གཏན་མེད་པ་ཡིན་ནོ།། བ་ལྕང་ལ་སོགས་པ་ལ་རྟ་ལ་སོགས་པ་ངོ་བོ་མེད་པ་ནི་གཅིག་ལ་གཅིག་མེད་པ་ཞེས་ཟེར་རོ།། དེ་བྲི ་ན་ཞེས་བྱ་བ་ནི་མེད་པ་ནི་ཡོད་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཡོད་པ་མེད་ན་མེད་པ་ཡང་མེད་པ་ལེགས་པར་བཤད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གྲོ། དེའི་ཕྱིར་དེ་གཉིས་ནི་ཕན་ཚུན་བལྟོས་པར་རབ་ཏུ་བརྟགས་པའི་བདག་ཉིད་དུ་གནས ་པའི་ཕྱིར་མེད་དོ་ཞེས་བརྗོད་པར་མི་བྱའོ།། འདི་སྙམ་དུ་སྐྱེ་བོའི་སྔོན་རོལ་ན་ཡོད་པ་ཉིད་དང་། མེད་པ་ཉིད་དག་མེད་དུ་ཟིན་ཀྱང་སྐྱེ་བ་དང་འགག་པ་དག་གི་འོག་ཏུ་དངོས་པོ་ཡོད་པ་ཉིད་དང་མེད་པ་ཉིད་རྣམ་པར་བཞག་པར་འགྱུར་རོ་སྙམ་པ་ལ། ་གང་ལ་སྤྱི་ཡང་མི་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་གང་ལ་སྔར་དཔྱད་པ་བཞིན་ངོ་བོ་ཅི་ཡང་སྐྱེ་བ་མེད་ཅིང་འགག་པ་མེད་པ་དེ་ལ་ཡོད་པ་ཉིད་དང་མེད་པ་ཉིད་མེད་དོ་ཞེས་བྱ་བར་མཐོང་བའི་རྣལ་འབྱོར་ལ་སྟེ། ངེས་པ་ཡིན་ནོ་ཞེས་ལྷག ་མཛོ། འདི་ལ་དོན་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་མདོ་གཉི་གའིའོ།། དེ་ལྟ་བས་ན་བློ་བཟང་པོས་གང་གསུངས་པ་ཞེས་བྱ་བ་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་སོ།། གང་དག་བདག་དངོས་གཞན་དངོས་དང་ཞེས་བྱ་བའི་དུས་ནི་བདག་ཏུ་རྟོག་པ་སྟོན ་པར་བྱེད་དེ། བ་དགེ་དང་གཞན་དུ་འབྱེད་པ་ནི་བདག་ཏུ་འཛིན་པས་བྱ་བའི་ཕྱིར་རོ།། དངོས་དང་དངོས་པོ་མེད་ཅེས་བྱ་བ་ནི་ཆོས་སུ་རྣམ་པར་རྟ་རིག་པ་སྟོན་པར་བྱེད་པ་ཡིན་ནོ།། ཡང་དག་མཐོང་བ་མ་ཡིན་ནོ་ཞེས་བྱ་བ་ནི་ལྟེ་བ་ན་ལྟ་བའི་གནས་སུ ་གྱུར་པོའི་ཕྱིར་རོ།། གང་གི་ཚེ་ཡང་དག་པ་མཐོང་བ་དག་ཡིན་སྙམ་པ་ལ། གང་དག་རྟེན་ནས་དངོས་པོ་རྣམས་རྗེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་དག་ལྟས་མི་འཕྲོགས་ཞེས་བྱ་བ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས ་སྤངས་ནས་དབུ་མཱིའི་ལམ་དུ་ཞུགས་པའི་ཕྱིར། དེ་ནི་ཞེས་བྱ་བ་ནི་དངོས་པོའོ།། གླལ་ཏེ་ཡོད་ཅེས་བྱ་བ་མེད་པ་ཉིད་དོ་ཞེས་བྱ་བའི་ཐེ་ཚིག་གོ། སྟོང་ཞེས་བྱ་བ་དེ་ཡང་སྟོང་ཞེས་བྱ་བ་ནི་སྟོང་པ་ཞེས་མངོན་པར་བརྗོད་པ་གང་ཡིན་པ་དེ་ཡང ་སྟོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། འབྱུང་བ་ཞེས་བྱ་བ་ནི་ཀུན་ཏུ་སྤྱོད་པའོ།། འདི་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ལ་ཁྱབ་པ་ཡིན་གྱི་ཉི་ཚེ་བ་ནི་མ་ཡིན་ནོ།། དེ་ལ་དོན་རྣམས་ཐམས་ཅད་འབྱུང་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན ་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འབྱོར་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་ཚིགས་སུ་བཅད་པ་དང་པོ་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ཀྱི་རྩ་བ་ལས་གསུངས་སོ།། གཉིས ་པ་ནི་རིགས་པ་དྲུག་ཅུ་པ་ལས་གསུངས་སོ།། གསུམ་དང་བཞི་པ་ནི་སྟོང་པ་ཉིད་བདུན་ཅུ་ལས་གསུངས་སོ།། ལྔ་པ་ནི་རྩོད་པ་བཟློག་པ་ལས་གསུངས་སོ།། དེ་བསྣུ་ན་ཞེས་བྱ་བ་ནི་གང་གི་ཕྱིར་དངོས་པོའི་ཡུལ་ཐམས་ཅད་སྟོང་པ་ཉིད་དུ ་ཚད་མས་གྲུབ་པའོ།། སྔོན་མཐའ་སྟོང་ཞེས་བྱ་བ་ནི་འདས་པའི་དུས་སུ་སྟོང་པ་སྟེ། སྔོན་ཡང་དོན་དམ་པར་མི་སྐྱེས་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ།། ཕྱི་མའི་མཐའ་ཡང་སྟོང་ཞེས་བྱ་བ་ནི་མ་འོངས་པའི་དུས་སུ་སྟོང་པ་སྟེ་དེར ་ཡང་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། སྐྱེ་དང་འཇིག་དང་གནས་པའི་དངོས་པོ་སྟོང་ཞེས་བྱ་བ་འདིས་ནི་ད་ལྟར་བྱུང་བའི་དུས་སུ་ཡང་མཚན་ཉིད་སྟོང་པ་ཉིད་དུ་སྟོན་པར་བྱེད་དོ།། ཅིའི་ཕྱིར་དུས་གསུམ་ཚར་དུ་སྟོང་སྙམ ་པ་ལ་འདི་ནི་དངོས་པོ་ཡོད་མིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། གང་གི་ཕྱིར་ཞེས་བྱ་བའི་སྒྲས་ནི་རིམ་པ་གཞན་དུ་སྦྱར་བ་ཡིན་པའི་ཕྱིར་གོང་མ་དང་སྦྱར་རོ།། དེས་ན་དོན་ནི་གང་གི་ཕྱིར་དོན་དམ་པར་དངོས་པོ་ཡོད་པ་ཡང་མ་ཡིན ་ལ་མེད་པ་ཡང་མ་ཡིན་པ་དེའི་ཕྱིར་ཆོས་ཐམས་ཅད་རྟག་། ཏུ་ངོ་བོ་ཉིད་ཀྱི་སྟོང་ངོ་ཞེས་བྱ་བ་འོདི་ཡིན་ནོ།། འོ་ན་དེ་ནི་རྟོགས་གྱུར་པས་ཞེས་བྱ་བ་ལ་སོགས་པ་ས་ནི་དམ་བཅས་པ་མངོན་སུམ་ལ་སོགས་པས་གནོད་པ་རྗོད་པར་བྱེད་དེ།། འདི ་ལྟར་དངོས་པོའི་རླུང་བཞིན་སྒྲོ་བཏགས་པའི་རྣམ་པ་དང་བྲལ་བའི་ཕྱིར་སྟོང་པ་ཉིད་ཀྱི་སྒྲ་བརྗོད་ལ། དངོས་པོའི་རང་བཞིན་དེ་ཡང་མངོན་སུམ་ཡིན་པའི་ཕྱིར་དེའི་རང་བཞིན་དུ་གྱུར་པ་སྟོང་པ་ཉིད་ཀྱང་མངོན་སུམ་ཁོ་ནར་ཁས་བླངས ་ལདྲ་སྟོང་པ་ཉིད་ནི་བྱིས་པ་རྣམས་ཀྱིས་མངོན་སུམ་དུ་མི་རྟོགས་པས་མངོན་སུམ་གྱིས་གན་དཱ་པ་ཡིན་ནོ།། དམིགས་པའི་རིག་བྱར་གྱུར་པ་མི་དམིགས་པས་མེད་པར་ཐལ་བར་ཐ་སྙད་གདགས་སུ་རུང་བའི་ཕྱིར་རྗེས་སུ་དཔག་པས་གནོད། ་པ་ཡིན་ནོ།། མི་མཁས་རྣམས་ཞེས་བྱ་བ་ནི་བྱིས་པ་རྣམས་སོ།། གལ་ཏེ་མངོན་སུམ་མ་ཡིན་པའི་ཕྱིར་མི་རྟོགས་སོ་སྙམ་པ་ལ། མངོན་སུམ་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་སྟོང་པའི་རང་གི་ངོ་བོ་ཉིད་དངོས་པོའི ་རང་བཞིན་རྟོགས་པ་ཡིན་ན་ཐ་མི་དད་པའི་ཕྱིར་མངོན་སུམ་ཁོ་ན་ཡིན་གྱི། མངོན་སུམྦྷ་མཱ་ཡིན་པ་ནི་མྱ་ཡིན་པ་དེའི་ཕྱིར་ཅིའི་ཕྱིར་མི་རྟོགས། དེ་རྟོག་སྨ་ནཱ་ཞེས་བྱ་བ་ལ་སོགས་པས་ནི་ལྡོག་པའི་སྒོ་ནས་རྣམ་པར་འགྲེལ་ཏེ། དེ་ལྟ་ན ་ནི་གྲུབ་པ་དང་བདེ་བྷ་ཐཱ་མི་རྙེད་པའི་ཕྱིར་ཐ་མི་དད་པ་ཉིད་ཉམས་པར་འགྱུར་རོ།། དེའི་ཕྱིར་དངོས་པོ་སྟོང་པ་ཉིད་དུ་མི་འགྱུར་ཏེ། འབྲེལ་པ་མེད་པའི་ཕྱིར་རོ།། སྟོང་པ་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཡང་མིད ་དེ་ནི་རྟག་པ་ཡིན་པའི་ཕྱིར་རོ།། དངོས་པོ་རྣམས་ཀྱི་སྤྱོད་པ་ནི་སུས་ཀྱང་མི་བྱེད་དེ། དེ་བཞིན་གཤེགས་པ་རྣམས། བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཉིད་ནི་གནས་པའི་ཕྱིར་དང་། དངོས་པོ་མེད་པའི་ཕྱིར་དེ་ནི་འབྲས་བུ ་མ་ཡིན་པས་འབྲེལ་པ་ག་ལ་ཞིག་ཡོད། དེ་ནི་སྒྲོ་བཏགས་པ་ཡང་ཡིན་ལ། ཇི་སྐད་སྨོས་པ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། དེས་ན་སྒྲོ་བཏགས་པ། དངོས་པོ་ལ་སོགས་པའི་རྣམ་པ་ཡང་དག ་པབ་གང་དག་ཡིན་པ་དེ་དག་དང་བྲལ་བ་ཞེས་བསྡུས་པའི་དོན་ཡིན་ནོ།། སོ་སོ་སྐྱེ་བོ་ཐ་ཤཱལ་ནི་གནག་རྫི་ལ་སོགས་པ་བསྟན་བཅོས་ཀྱིས་བློ་མ་སྦྱངས་པ་གང་དག་ཡིན་པའོ།། མ་ཡིན་ཐོག་མེད་རྒྱུ་ལྕི་བར་ཞེས་བྱ་བ་ལ་སོགས་པས་ནི ་ལན་འདེབས་ཏེ། འདིས་ནི་དངོས་པོ་རྣམས་ཀྱི་སྒྲོ་བཏགས་པའི་རྣམ་པས་དབེན་པ་ཉིད་སྟོང་པ་ཉིད་ཅེས་བྱ་ན། སྟོང་པ་ཉིད་སྒྲོ་བཏགས་པའི་རྣམ་པས་བསྒྲིབས་པའི་ངོ་བོ་ཡིན་པའི་ཕྱིར་དངོས་པོའི་རང་བཞིན་དུ་ཡང་བྱིས་པ་རྣམས་ཀྱིས ་ངེས་པར་མི་འགྱུར་ཏེ། དེའི་ཕྱིར་བཟུང་མོད་ཀྱི། ཐ་སྙད་གདགས་སུ་མི་རུང་བའི་ཕྱིར་མ་བཟུང་བ་དང་འདྲ་བ་ཉིད་པས་འདི་དམིགས་པའི་རིག་བྱར་གྱུར་པ་མ་ཡིན་ནོ།། དེ་ལྟ་བས་ན་མངོན་སུམ་ལ་སོགས་པས་གནོད་པ་མ་ཡིན་ནོ་ཞེས ་བྱ་བ་འདི་སྟོན་ཏོ།། དངོས་པོ་ལ་སོགས་པར་སྒྲོ་བཏགས་པ་གང་ལ་ཐོག་མ་མེད་པའི་རྒྱུད་ཡོད་ལ་དེ་སྐད་ཅེས་བྱའོ།། དེ་ནི་སྤང་བར་དཀའ་བའི་ཕྱིར་ལྕི་བ་ཡང་ཡིན་ལ། དངོས་པོར་སྒྲོ་འདོགས་པ་ཐོག་མ་མེད་པ་ཡང་ཡིན་པས་ཞེས་ཚིག ་རྣམ་པར་སྦྱོ་རོ།། དེས་དབང་དུ་བྱས་ཤེས་ཚེག་རྣམ་པར་སྦྱར་རོ།། མངོན་སུམ་ཞེས་བྱ་བ་ནི་མངོན་སུམ་དུལ།། དབང་པོ་ལས་འབྱུང་བའི་ཕྱིར་ན་མངོན་སུམ་སྟེ་ཤེས་པ་ལ་བྱའོ།། དངོས་པོ་ལ་མངོན་པ་བཞིན་པ་གང་ལ་ཐོག་མ་མང་པའི ་སྲིད་པ་འཁོར་བར་འབྱུང་བ་སྐྱེ་བའི་ངང་ཚུལ་ཡོད་པ་དེ་ཉིད་ཡང་དག་པའི་དོན་མཐོང་བ་ལ་མྱོས་པའི་རྒྱུ་ཡིན་པ་ཉིད་ཀྱིས་དུག་བཞིན་དུ་དུག་ཡིན་ཏེ། གང་དག་ལ་དེས་དཀྲུགས་པའི་བློ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ།། གཞན་ཡང་འདི ་ནི་ངོ་མཚར་མི་ཆེ་སྟེ་ཞེས་བྱ་བོ་ལ་སོགས་པས་ནི་ཉེས་པར་བཤད་པའི་གྲུབ་པའི་མཐའ་ལོ་མངོན་པ་ར་ཞེན་པས་ཀྱང་བློ་གྲོས་ཕྱིན་ཅི་ལོག་པ་རྣམས་ངེས་པར་མི་བྱེད་དོ་ཞེས་དཔེས་སྟོན་པར་བྱེད་དེ། འདི་ལྟར་སེ་རི་སྐྱེ་བ་ལ་སོགས་པ་བ ་ལྕང་ཉིད་ལ་སོགས་པ་སྤྱི་མི་སྣང་བཞིན་དུ་རྟོག་པར་བྱེད་དེ། དངོས་པོ་སྣང་བ་ལ་ལྟ་ཅིའི་ཕྱིར་རྟོག་པར་མི་འགྱུར་ཏེ། འདི་ནི་ངོ་མཚར་མི་ཆེའོ།། དངོས་པོ་ལ་སོགས་པར་སྒྲོ་འདོགས་པ་དེ་གཅོད་པ་ནི་མེད་པའོ།། དེ་ཤེས་པར་བྱེད་པའི་གཏན ་ཚིགས་ནི་གཅིག་པ་ཉིད་དོང་དུ་མི་ཉིད་ལ་སོགས་པའི་མཚན་ཉིད་དོ།། འདིས་ནི་ལེགས་པར་མཉན་པ་དང་བསམ་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་སྐྱེས་པས་དེ་ངེས་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བཤད་པར ་འགྱུར་རོ།། སྤྲོས་པ་དང་བྲལ་བ་ཞེས་བྱ་བ་ནི་སྤྲོས་པ་ཐམས་ཅད་མེད་པའི་མཚན་ཉིད་སྟོང་པ་ཉིད་ཅེ་སྟེ་བྱ་བའི་ཐ་ཚིག་གོ།། གང་དག་ལ་བ་སེམས་པ་ལས་བྱུང་བའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ཤེས་རབ་བསགས་པ་ཡོད་པ་ཞེ། ་ཚིག་རྣམ་པར་སྦྱར་རོ།། ཡང་མི་སྐྱེ་བ་ཞེས་བྱ་བ་ནི་མི་འབྱུང་བ་ཞེས་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ།། སྙིང་པོ་མེད་པ་ཉིད་དུ་སྟོན་པར་བྱེད་པའི་ལུ་སྙིང་རྗེ་ཆེན་པོ་ལ་འཇུག་པའི་མདོ་ཞེས་བྱ་བོ་ལ་སོགས་པ་སྨོས་ཏེ། དེ་ལས་ནི་དཔེར ་ན་ཆུ་ཤིང་རློན་པའི་སྟོང་པོ་ལ།། སྙིང་པོ་འདོད་མིས་རིམ་པར་བཤིགས་བྱས་ཀྱང་།། ཕྱི་དང་ནང་ན་སྙིང་པོ་མེད་པ་ལྟར།། ཆོས་རྣམས་ཐམས་ཅད་དེ་ལྟར་ཤེས་པར་གྱིས།། ཞེས་འབྱུང་ངོ་།། མ་རྟོགས་པ་ཞེས་བྱ་བ་རྟོགས ་པར་མ་གྱུར་པ་སྟེ། ཇི་ལྟར་ཨུ་དུམ་བཱ་རེ་ལ་མེ་ཏོག་དཔྱད་ན་མེད་པ་ཁོ་ནའི་ཕྱིར་རྟོགས་པར་མ་གྱུར་གྱི་ཕྲ་བ་ཉིད་ལ་སོགས་པའི་ཕྱིར་ནི་མ་ཡིན་ནོ།། དེ་བཞིན་དུ་སྲིད་པ་དག་ལ་སྙིང་པོ་འདི་ཡང་རྟོགས་པར་མ་གྱུར་པ་ཞེས་བྱ་བ་ཡིན་ནོ།། ཕ་རོལ་མིན ་པའི་ཕ་རོལ་ཞེས་བྱ་བ་ནི་ཕ་རོལ་མ་ཡིན་པ་ད་ལྟར་བྱུང་བའི་སྐྱེ་བ་ནས་ཕ་རོལ་མ་འོངས་པའི་སྐྱེ་བའོ།། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་ཁས་བླངས་ན། ཞེས་བྱ་བ་ལ་སོགས་པ་ནི་དམ་བཅས་པ་འགལ་བར་བརྗོད་པར་བྱེད་དེ། འདི་ལྟར་ཆོས ་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་རབ་ཏུ་བསྒྲུབས་པའི་ཕྱིར་གཏན་ཚིགས་ལ་སོགས་པ་ཡོངས་སུ་བཟུང་བ་བྱས་པ་དེ་དག་ཡོད་པར་ཁས་བླངས་ལ་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་དམ་བཅས་པས་མེད་དེ་ཞེས་ཁོས་བླངས་པས་ཕན ་ཚུན་འགལ་བ་ཡིན་ནོ།། འདི་སྙམ་དུ་ཁོ་བོ་ཅག་སྒྲུབ་པ་མི་བརྗོད་པ་ཉིད་དོ་སྙམ་ན། གལ་ཏེ་ཡང་ཞེས་བྱ་བ་སྨོས་ཏེ། དམ་བཅས་པ་ཙམ་ཁོ་ནས་ནི་འདོད་པའི་དོན་འགྲུབ་པ་མ་ཡིན་ཏེ་ཐམས་ཅད་ཀྱི་ཐམས་ཅད་འགྲུབ་པར་ཐལ་བར་འགྱུར་བའི ་ཕྱིར་རོ།། འདི་ཡང་གྱི་ན་སྟེ་ཞེས་བྱ་བ་ལ་སགས་པས་ནི་ལན་འདེཔེས་སོ།། གཞུང་ནི་གྲུབ་པའི་མཐོའོ།། དེས་བསྐྱེད་པའི་བྱེ་བྲག་བསྒྲུབ་པར་བྱ་བ་དང་། དཔེའི་ཆོས་ཅན་རྣམས་པ་གཉི་ག་ལ་ཡང་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། མ ་པ་དང་བུད་མེད་དང་བྱིས་པ་ཞེས་བྱ་བ་བསྡུ་སྟེ། མཇུག་ཏུ་བར་གྱི་སྒྲས་མི་འགྱུར་བའི་དངོས་པོ་ཡིན་ནོ།། དེ་ལ་གྲགས་པར་གྱུར་པ་རྣམ་ཤེས་དྲུག་པར་བསྡུའོ།། མ་ལུས་པ་ནི་རྒོལ་བ་ཐམས་ཅད་ཀྱིའོ།། གལ་ཏེ་གྲུབ་པའི་མཐའ་ལ ་བརྟེན་པའི་གཏན་ཚོགས་སམ་ཆོས་ཅན་བྱིས་ན་ཉེས་པ་ཅི་ཡོད་སྙམ་པ་ལ། དེ་ལྟ་མིན་ན་གཞི་མ་གྲུབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ཡིན་ན་ནི་ཆོས་ཅན་དེ་རྩོད་པའི་གཞིར་གྱུར་པའི་ཕྱིར་མ་གྲུབ་པས་གཞི་མ་གྲུབ་པའི ་གཏན་ཚིགས་སུ་འགྱུར་རོ།། སོགས་པ་སྨོས་པས་ནི་རང་གི་ངོ་བོ་མ་གྲུབ་ན་དཔེའི་ཆོས་ཅན་ཡང་མི་འགྲུབ་པོ་ཞེས་བྱ་བ་ཡིན་ནོ།། དེ་སྐད་དུ་སུན་དབྱུང་བ་བརྗོད་ན། ལྡན་ཅི་ཞིག་བརྗོད་པར་བྱ། དེའི་ཕྱིར་བསྒྲུབ་པར་བྱ་བ་དང་། སྒྲུབ ་པའི་ཐ་སྙད་ཐམས་ཅད་ཆད་པར་འགྱུར་རོ།། འདི་སྙམ་དུ་གྲང་ཞིག་ཆོས་ཅན་སྣང་བ་ལ་བརྟེན་ནས་སྒྲོ་བཏགས་པའི་རྣམ་པ་དགག་པའི་ཕྱིར་སྒྲུབ་པ་སྦྱོར་བར་བྱེད་པ་དེ་ལ་ནི་གཞི་མ་གྲུབ་པ་ལ་སོགས་པའི་གླགས་མི་ཐོད་ནི། ཁྱོད་ནི་ཆོས ་ཅན་སྣང་བ་འགོག་པར་བྱེད་དེ། དེ་ལྟ་བསྡུ་ན་ཁྱོད་ཁྱི་ཅིའི་ཕྱིར་གཞི་མ་གྷབྷཱི་པ་ལ་སོགས་པའི་གླགས་མི་ཐོད་སྙམ་པ་ལ། བདག་ནཱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཅན་སྣང་བ་འདི་ལ་ཡང་རང་བཞིན་ཡང་དག་པར་སྒྲོ་བཏག ་པ་དགག་པ་སྒྲུབ་པར་བྱེད་ཀྱི། ཆོས་ཅན་གྱི་རང་གི་ངོ་བོ་འགོག་པར་ནི་མ་ཡིན་པས་མཚུངས་སོ།། འདི་སྙམ་དུ་གལ་ཏེ་དོན་དམ་པ་པའི་རང་བཞིན་བཀག་ན་ཆོས་དེའི་ངོ་བོ་གང་སྣང་བར་འགྱུར་བ་གཞན་ཅི་ཞིག་ལུས་པར་འགྱུར་སྙམ ་དུ་སེམས་ན། དེ་ཡང་དག་པ་མ་ཡིན་ཏེ། གང་གིས་ན་དོན་དམ་པ་པའི་རང་བཞིན་ལོག་ན་ལྡོག་པར་འགྱུར་བ། དོན་དམ་པ་པའི་རང་བཞིན་ཉིད་ཀྱིས་སྣང་བ་ལ་ཁྱབ་པ་ནི་མེད་དེ། ཟླ་བ་གཉིས་དང་སྐྲ་ཤད་ལ་སོག ་པ་བརྫུན་པ་ཡང་སྣང་བའི་ཕྱིར་རོ།། འདི་སྐད་དུ་ཟླ་བ་གཉིས་ལ་སོགས་པ་ཕྱི་རོལ་གྱི་གཟུགས་སུ་བརྫུན་མོད་ཀྱི། དེ་དག་ཤེས་པའི་ངོ་བོར་ནི་དོན་དམ་པ་པ་ཁོ་ན་ཡིན་པས་སྣང་བར་རིགས་སོ་ཞེས་བྱ་བར་བརྗོད་པར་ཡང་མི་ནུསྭཱ་ཏཾ། དེ ་དག་སྨྲ་ཚོགས་ཀྱི་ངོ་བོ་དང་ཡུལ་ན་གནས་པར་སྣང་བའི་ཕྱིར་རོ།། ཤེས་པ་ནི་སྣ་ཚོགས་སུ་རིགས་པ་མ་ཡིན་ཏེ། གཅིག་པུ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་དང་། ཤེས་པ་དུ་མ་སྐྱེ་བ་ཡང་སྔར་བཀག་ཟིན་པའི་ཕྱིར་རོ།། ་ཡུལ་ནི་གནས་པ་ཡང་མ་ཡིན་ཏེ། ལུས་མེད་པའི་ཕྱིར་རོ།། དེ་ལྟ་བས་ན་ཟླ་བ་གཉིས་ལ་སོགས་པ་དོན་དམ་པ་མ་ཡིན་བཞིན་དུ་འོན་ཀྱང་སྣང་བས་དོན་དམ་པའི་རང་བཞིན་ལོག་ཀྱང་སྣང་བ་འགལ་བ་མྱེད་པས་ཆོས་ཅན་ལ་སོགས ་བྱ་གྲུབ་པ་ཉིད་དོ།། དེའི་ཕྱིར་བསྒྲུབ་པར་བྱ་བ་དང་། སྒྲུབ་པ་འཇུག་པ་འགལ་བ་མེད་པ་ཁོ་ན་ཡིན་པས་མང་དུ་ནི་མི་དགོས་སོ།། བྱེ་བྲག་པ་ལ་སོགས་པ་ནི་ཕྱོགས་ལ་སོགས་པ་ཆོས་ཅན་ཡན་ལག་ཅན་ཡིན་པ་དང་། སྒྲ་ཡང་ན་མཁའི ་ཡོན་ཏན་ཡིན་ནོ་ཞེས་བྱ་བར་འདོད་དོ།། ཆོས་ཙན་དེ་དག་ནི་སངས་རྒྱས་ལ་སོགས་པ་ལ་མ་གྲུབ་བོ།། བརྒལ་པོའི་གྲགས་པ་ཞེས་བྱ་བ་ནི་བན་ལོ་བས་གྲགས་པ་ཞེས་བྱ་བའི་ཐ་ཚིག་གོ།། ། བདག་ནི་སྣང་བའི་ང་ཅན ་གྱིས་དངོས་པོ་དགག་པར་མི་བྱེད་དེ།། ཞེས་བྱ་བ་འདིའི་འགྲེལ་པཱ་ནི། ཁོ་བོ་ཡང་མིག་ལ་སོགས་པའི་ཤེས་པ་ལ་སྣང་བའི་དངོས་པོ་ནི་མི་སྤེལ་ཏོ། ཞེས་བྱ་བ་ཡིན་ནོ།། དགག་པ་འདི་ནི་དོན་དམ་པར་མི་འདོད་དོ།། ཞེས་འོག་ནས ་འབྱུང་བ་དང་སྦྱར་རོ།། ཆུ་ཤིང་གི་སྡོང་པོ་བཞིན་དུ་ཞེས་བྱ་བ་ནི་ཆུ་ཤིང་སྡོང་བུ་ལྟ་བུར་རོ།། མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་ནི་རང་གི་གྲུབ་པའི་མཐིའི་སྒོ་ནས་ཆོས་ཅན་ལ་སོགས་ལ་བརྟེན་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ།། ཇི་སྐད ་དུ་ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་སོ།། འཛིན་པ་སྟུག་པོ་ནི་གྲུབ་པའི་མཐའ་ལ་གྲགས་པ་པའི་ཆོས་ཅན་ལ་སོགས་པ་ཡོངས་སུ་འཛིན་པའོ།། ཐ་སྙད་རྣམས་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་བསྒྲུབ་པའི ་ཐ་སྙད་རྣམས་ལའོ།། དོན་དམ་པའི་ཚུལ་སྡུང་བས་དབང་བསྐུར་བ་གང་དག། ཅེས་བྱ་བ་ནི་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་སྟེ། དེ་དག་ནི་རང་བཞིན་མེད་པ་ཉིད་སྤྱི་བ་ནཱ། འཇིག་རྟེན་ཕ་རོལ་ལ་སོགས་པ་ཁས་བློ་ངས་པ ་ཉམས་པར་ཐལ་བར་འགྱུར་བས་དམ་བཅས་པ་ལ་ཁྲུས་བླངས་པས་གནོད་དོ་སྙམ་སྙེམས་ཞིང་གླིང་བར་བྱེད་དོ་ཞེས་གྲག་གོ། སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་འགོག་པའི་ཕྱིར་མཆོག་ཏུ་གྱུར ་པ་ཡིན་ནོ།། རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་ཉིད་ལོག་ལྟ་ཡིན་ཏེ། གང་དག་གིས་དེས་དཀར་ཕྱོགས་ལས་དགེ་བ་དྲུང་འབྱིན་པ་དེ་དག་ལས་དེ་སྐད་ཅེས་བྱའོ།། དམ་བཅས་ཀྱི་ལོ་ཏོག་སར་པ་ཞེས་བྱ་བ་ནི་དེའི ་དོན་ལ་སྐུར་པ་འདེབས་པ་ཉིད་ཀྱིས་དེ་བརླག་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ།། ན་མཁའི་མེ་ཏོག་ཅེས་བྱ་བ་ནི་ཆོས་ཐམས་ཅད་ལ་སྐུར་པ་འདེབས་བདག་ཉིད་ཀྱང་མེད་པའི་ངོ་བོ་ཡིན་པའི་ཕྱིར ་ན་མཁའི་མེ་ཏོག་དང་འདྲ་ཞེས་བྱ་བའི་ཐ་ཚིག་གོ།། དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དངོ་ས་པོ་ལ་སོགས་པ་དོན་མེད་པ་དག་ལ་འཇུག་པ་ལ་གོམས་པ་མ་གཏོགས་པ་དེ་དག་གི་རྒྱུ་གཞན་ཡང་ཡོད་པ་མ་ཡིན་པ་དེའི་ཕྱིར་ཐོག་མ ་མེད་པའི་རིགས་མཐུན་པའི་ས་བོན་རྗེས་སུ་དཔག་པའོ།། རིགས་མཐུན་པའི་ས་བོན་གང་ལ་ཐོག་མེད་སྲིད་རྒྱུད་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གང་དག་ལ་ཐོག་མ་མེད་པའི་སྲིད་པའི་རྒྱུད་ཅན་རིགས་མཐུན་པ་པའི་ས་བོན་ཡོད་པ་དེ་དག ་ལ་དེ་སྐད་ཅེས་བྱའོ།། དེའི་དངོས་པོ་ནི་དེ་ཉིད་དོ།། དེའི་ཕྱིར་དངོས་པོ་ལ་སོགས་པར་རྣམ་པར་རྟོག་པ་ཆོས་ཅན་ཀུན་རྫོབ་ཏུ་གྲུབ་པ་ཐོག་མ་མེད་པའི་རིགས་མཐུན་པའི་ས་བོན་ལསྔ་རབ་ཏུ་སྐྱེ་བ་ཙམ་དུ་གྲུབ་ན་འཇིག་རྟེན་ཕ་རོལ་འགྲུ ་པོ་ཞེས་བྱ་བའི་ཐ་ཚིག་གོ། སྦྱོར་བ་ནི་གང་དང་གང་དངོས་པོ་ལ་སོགས་པར་རྣམ་པར་རྟོག་པ་ཡིན་པ་དེ་ནི་རིགས་མཐུན་པ་པོའི་ས་བོན་ལས་རབ་ཏུ་སྐྱེ་བ་ཡིན་ཏེ། དཔེར་ན་དུས་ཕྱིས་ཁོང་དུ་ཆུད་པ་རྣམས་ཀྱི་ལྟ་བུ་ཡིན་ནོ།། སྐྱེ་བ ་དང་པོ་བྱུང་བའི་རྣམ་པར་རྟོག་པ་འདི་ཡང་དངོས་པོ་ལ་སོགས་པར་རྣམ་པར་རྟོག་པ་ཡིན་པས་འདི་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ།། འདིའི་མོ་ངེས་པ་ཉིད་ཡོངས་སུ་སྤང་བའི་ཕྱིར། འདི་ནི་དངོས་པོའི་མཐུ་སྟོབས་ཀྱིས་འབྱུང་བ ་མཱ་ཡཱིན་ཞེས་བྷཱ་བྱཱ་སྨྲོས།། དངོས་པོའི་མཐུ་སྟོབས་ཀྱིས་ཞེས་བྱ་བ་ནི་ཕྱི་རོལ་གྱི་དམིགས་པའི་དངོས་པོའི་མཐུ་སྟོབས་ཀྱིས་ཏེ། ཕྱི་རོལ་གྱི་དངོས་པོ་དེ་ནི་བསལ་ཟིན་པའི་ཕྱིར་རོ།། ནང་གི་དངོས་པོ་རྣམ་པར་ཤེས་པའི་བདག་ཉིད་དོན ་དམ་པར་བཀག་ཏུ་ཟིན་ཀྱང་། དེ་ནི་ཀུན་རྫོབ་ཏུ་གསལ་བའི་བདག་ཉིད་དུ་རང་གིས་གྲུབ་པའི་ཕྱིར་ལ། ཕྱི་རོལ་གྱི་ནི་བམ་པོའི་ངོ་བོ་ཡིན་པའི་ཕྱིར་རང་གིས་གྲུབ་པ་ཡང་མ་ཡིན་ལ། རྣམ་པར་ཤེས་པས་འཛིན་པར་མི་རུང་བའི་ཕྱིར་གཞན་ལས ་ཀྱང་གྲུབ་པ་ཡང་མ་ཡིན་ཏེ། དེའི་ཕྱིར་རྟག་ཏུ་གྲུབ་པ་ཉིད་པས་བྱེ་བྲག་ཡོད་དོ།། ཡང་ན་དངོས་པོ་ལ་རྣམ་པ་མེད་པ་ཁོ་ན་ལས་སྒྲོ་བཏགས་ནས་རྣམ་པར་རྟོག་པ་འཇུག་པས་དེས་ན་ཡུལ་མེད་པ་ཀྱིད་དངོས་པོའི་མཐུ་སྟོབས་ཀྱིས་བྱུང་བ་མ་ཡིན་ནོ། ་སྙམ་དུ་བསམ་པའོ།། རིམ་གྱིས་སྣང་བའི་ཕྱིར་གློ་བུར་ཉིད་ལ་སོགས་པའི་ཚེ་སྣ་ཡིན་པར་ཡང་མི་སྲིད་དེ། བལྟོས་པ་མེད་པ་རཱིམ་གྱིས་འབྱུང་བ་འགལ་བའི་ཕྱིར་རོ།། དེ་བྲས་ཞེས་བྱ་བ་ནི་ཚད་མའི་དོན་སྟོན་པར་བྱེད་དོ།། གོམས་འདྲ་ཞེས ་བྱ་བ་ནི་དབྱེའོ།། དེ་ཉིད་ཕྱིར་ཞེས་བྱ་བ་ནི་དངོས་པོ་ལ་སོགས་པ་རྣམ་པར་རྟོག་པ་ཡིན་པའི་ཕྱིར་ཏེ། འདི་ནི་གཏན་ཚིགས་བསྟན་པ་ཡིན་ནོ།། དང་པོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་བསྟན་པའོ།། རང་གི་རིགས་ལས་ཤེས་བྱ་བ་ནི་བསྒྲུབ་པར ་བྱ་བ་ཆོས་བསྟན་པའོ།། འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འགྲེལ་བར་བྱེད་དེ། འདི་ནི་དངོས་པོའི་མཐུ་སྟོབས་ཀྱིས་འབྱུང་བ་མ་ཡིན་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འགྲེལ་པ་ནི་དེ་དག་ནི་དམིགས་པའི་སྟོབས་ཀྱིས་བགྱུ ་བ་ཡང་མ་ཡིན་ཏེ། ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། གློ་བུར་མིན་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འགྲེལ་པ་ནི་སྐྱེ་བའི་རྒྱུ་མེད་པ་འམ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། ཤེས་པ་ཡོད་པ་རྟག་ཅེས་ཁྭས་ལེན་པ་ནི། ་རྒྱལ་དཔོགས་པ་ལ་སོགས་པའོ།། རྒྱུ་ལ་མི་བལྟོས་པ་ནི་རྒྱུ་མེད་པར་སྨྲ་བ་རྣམས་ཀྱི་ལྟ་བའོ།། གང་དག་ལ་རྟག་ཏུ་ཉེ་བར་གནས་པའི་རྒྱུ་དང་རང་བཞིན་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ཏེ། འདི་ནི་གོ་རིམ་བཞིན་དུ་རྒྱུ་རྟག་པ་ཉིད་དུ་སྨྲ་བ་རྣམས ་དང་ཤེས་པ་ཡོད་པ་རྟག་པར་སྨྲ་བ་རྣམས་ཀྱི་ལྟ་བ་བརྟན་པ་ཡིན་ནོ།། འོ་ན་མ་འོངས་པའི་སྐྱེ་བ་ཇི་ལྟར་འགྲུབ་སྙམ་པ་ལ། འདིས་ནི། ངེས་པའི་སྲིད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདིས་ནི་ཞེས་བྱ་བ་ནི་སེམས་གཞན་གྱི་རྒྱུ་ཉིད་ནི་ཕྱིན་ཅི ་ལོག་གི་བག་ཆགས་དང་རྗེས་སུ་འབྲེལ་པའི་སེམས་ཙམ་ཡིན་པར་བསྟན་པ་སྟེ། མ་འོངས་པོ་རྒྱུ་མ་ཚད་པ་མེད་པ་ཡང་སྐྱེ་བར་རྗེས་སུ་དཔག་གོ།། འདི་ལྟར་ཞེས་བྱ་བ་ནི་ཚད་མ་སྟོན་པར་བྱེད་དོ།། འདི་ནི་དོན་ཙམ་སྟོན་པར་ཟད་ཀྱི། སྦྱོར་བ་ནི་འདི་ལྟར་བྱ་སྟེ། ་བདག་དང་བདག་གིར་ཆགས་པ་ཕྱིན་ཅི་ལོག་གི་བག་ཆགས་དང་འབྲེལ་བའི་སེམས་གང་ཡིན་པ་དེ་ནི་སེམས་གཞན་གྱིས་མཚམས་སྦྱོར་བར་ནུས་ཏེ། དཔེར་ན་སྔོན་གྱི་གནས་སྐབས་ན་ཉལ་པོ་བྱེད་པ་ལ་སོགས་པའི་སེམས་ལྟ་བུ་ཡིན་ནོ།། ་མི་འདོད་ཆགས་དང་མ་བྲལ་བའི་འཆི་ཀའི་སེམས་ཀྱང་དེ་དང་འདྲ་བས་རང་བཞིན་གྱི་གཏན་ཚིགས་ཡིན་ནོ།། གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ཏེ། འདོད་ཆགས་དང་བཅས་པའི་འཆི་ཀའི་སེམས་གཉེན་པོ་མེད་པ་ཕྱོགསུ་བྱས་པའི་ཕྱིར་རོ།། ་རྒྱུ་གཞན་བཀག་པས་རྒྱུའི་རྒྱུ་མ་ཚང་བ་མེད་པ་ཉིད་འདི་ཙམ་དུ་ཟད་པར་གྲུབ་པའི་ཕྱིར་མ་ངེས་པ་ཡང་མ་ཡིན་ཏེ། དེ་ལྟ་བུ་ཡང་མི་སྐྱེ་ན། དེའི་རྒྱུ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ།། མཐུན་པའི་ཕྱོགས་ལ་ཡོད་པས་འགལ་བ ་ཡིང་མ་ཡིན་པས་མ་འོ་ངེས་པའི་སྐྱེ་བ་ཡང་གྲུབ་པོ།། དེ་ཉིད་ཀྱི་ཕྱིར་ཀུན་རྫོབ་ཏུ་ཡང་བརྟག་པ་དང་། ཆད་པ་མེད་པར་ཡང་གྲུབ་པོ་ཞེས་བསྟན་པའི་ཕྱིར་རྟག་ཆད་ལྟ་བ་རྣམས་ཞེས་བྱ་བ་སྨོས་ཏེ། དངོས་པོ་ཐམས་ཅད་སྐད་ཅིག་སྔ་མ་ལྡོག་སྟེ། ་དེའི་ཕྱིར་རྟག་པར་ལྟ་བ་ཡང་མ་ཡིན་ལ། སྐད་ཅིག་གཞན་དང་གཞན་རྗེས་སུ་འགྲོ་བ་སྟེ་སྐྱོ་བའི་ཕྱིར་ཆད་པར་ལྟ་བ་ཡང་མ་ཡིན་ནོ།། དེ་གཉིས་ནི་དངོས་པོ་ལ་བརྟེན་པ་ཡིན་པས། ཞེས་བྱ་བ་ནི་རྟག་པ་དང་ཆད་པ་དག་སྟེ། འདི་ལྟར་དངོས ་རྟག་ཏུ་ཡོད་པར་མངོན་པར་ཞེན་པ་འདི་ནི་རྟག་པར་ལྟ་བ་ཡིན་ལ། དེ་ཉིད་ལྡོག་པར་མངོན་པར་ཞེན་པའི་ཕྱིར་ཆད་པར་ལྟ་བ་ཡིན་པས་དེ་གཉིས་ནི་དངོས་པོ་ལ་བརྟེན་པ་ཡིན་ནོ།། འདི་ནི་རྣམ་པར་འགྲེལ་པ་ཙམ་གྱི། སྐྱེ་བ་ལྡོག་པ་དང་རྗེས་སུ ་འགྲོ་བ་དག་གིས་ཀྱང་རྟག་པ་དང་ཆད་པ་དག་མི་སྲིད་པར་སྦྱར་བར་བྱའོ།། འདིར་གསུངས་པ་ཞེས་འབྱུང་བ་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་སོ།། གཉི་གཱར་འགྱུར་ཞེས་བྱ་བ་ནི་རྟག་པ་དང་ཆད་པའི་མཚན་ཉིད་དོ།། ཡོད་ན་ཞེས་བྱ་བ་ནི ་དོན་དམ་པར་ཡོད་པས་ཕྱིས་མེད་པར་འགལ་བའི་ཕྱིར་རོ།། འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་སོ།། ཚིགས་སུ་བཅད་པ་གཉིས་པ་ནི་འཕགས་པ་ལྷའི་ཡིན་ནོ།། ལུས་དང་ངག་དང་ཡིད་རྣམས་ཀྱིས་མེད་པའི་ཆོས ་སྤྱོད་ན་མེད་པ་པར་འགྱུར་རོ།། ཀུན་རྫོབ་ཏུ་རྒྱུ་དང་འབྲས་བུའི་དངོས་པོ་ཁས་ལེན་ལ། ལུས་ལ་སོགས་པའི་ལས་བྱེད་པ་ཇི་ལྟར་མེད་པ་པ་ཉིད་ཡིན་ཞེས་རིན་པོ་ཆེའི་འཕྲེང་བ་ལས་བསྟན་པའི་རྨུགས་སུ ་བཅད་པ་འདིས་སྟོན་པར་བྱེད་དོ།། དེ་ལ་ཁ་ཅིག་ན་རེ་འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་དོ་ཞེས་ཁས་ལེན་པ་ནི་དམ་བཅའ་བ་ཡིན་ན། དེ་ཡང་ཐམས་ཅད་ཐ་སྙད་དུ་ཁས་ལེན་པ་རྣམས་ལ་མེད་དོ།། ཅི་སྟེ་འཇིག་རྟེན་གྱིས་བརྙས་ཀྱིས་འཇིག ་པས་ཁས་ལེན་པར་མི་བྱེད་དོ་ཞེ་ན། འོ་ན་ནི་དེའི་ཚེ་ལུས་ཀྱིས་ཉེས་པར་སྤྱོད་པའི་མཚན་ཉིད་ཀྱི་སྤྱོད་པ་ར་འགྱུར་པ་ཞིག་ན། དེ་ཡང་ཚངས་པར་སྤྱོད་པ་ལ་སོགས་པ་སྤྱོད་པ་རྣམས་ལྕེ་མེདོ།། གལ་ཏྲེ་རྙེད་པ་དང་བཀུར་སྟི་ཚད་ཀྱིས་དོགས་པས། ་དེ་ལྟ་བུ་མི་བྱེད་དོ་ཞེ་ན། འོ་ན་ནི་སེམས་ཡིན་གྲང་ན་དེ་ལྟ་བུའི་སེམས་ཇི་སྙེད་པ་ཡང་མེད་དོ།། ཅིའི་ཕྱིར་ཞེ་ན། བྱང་ཆུབ་བརྟེན་པའི་ཕྱིར་ཏོ་བྱང་ཆུབ་ཀྱི་ཆེད་དུ་ཞུགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ།། དེས་ནི་དོན་གྱི་སྟོབས་ཀྱིས ་མེད་པ་ཉིད་དུ་བསྒྲུབ་པར་བྱ་བ་ལྟ། ཇི་ལྟར་གཏན་ཆགས་གང་གིས་ན་འདི་དག་མེད་པར་འདོད་ཅེས་དེ་སྐད་དུ་འཆད་དོ།། ཡང་ན་བྱང་ཆུབ་ཀྱི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པ་རྣམས་ལ་ཡོད་པར་འཛིན་པ་ལག་ན་ཡོད ་པར་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་མེད་དོ་ཞེས་འཛིན་པ་འདི་ཡང་ཤུགས་ཀྱིས་ལོག་པའི་ཕྱིར་གང་དག་ལ་དམ་འཆའ་བ་ལ་སོགས་པའི་ཉེས་པ་ཇི་སྐད་བཤད་པ་མི་སྲིད་པ་དེ་དག་ཇི་ལྟར་མེད་པར་འདོད་ཅེས་བྱ་བའི ་ཐ་ཚིག་གོ།། རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་ཆུད་པར་ལྟ་བར་མི་ལྟུང་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་ཏུ་རྣམ་པར་གནས་པའི་ཕྱིར་རོ།། རྒྱུ་དེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་གྲངས་ཡིན་ནོ།། གང་ལ་སྐྱེ་བ་མེད་པ་ལ་སྤྱོད་པའི ་ང་ཚུལ་ཡོད་ཕ་ཞེས་ཚིག་རྣམ་པར་སྦྱར་རོ།། རྣམ་པར་གྲོལ་བ་ཡང་གཞུང་འདི་ལ་སླ་བ་ཉིད་དེ་ཞེས་བྱ་བ་ནི། དངོས་པོ་ལ་མངོན་པར་ཞེན་པ་ཡོད་ན་རེས་འགའ་ཀུན་ནས་ཉོན་མོངས་པ་འབྱུང་བའི་ཕྱིར་དངོས་པོར་འཛིན་པ་ལོག་ན ་གང་གིས་ན་གྲོལ་བར་མི་འགྱུར་བ་དངོས་པོར་འཛིན་པའི་རྩ་བ་ཅན་ཀུན་ནས་ཉོན་མོངས་པ་ལྔ་ཞིག་ག་ལ་ཡོད་སྙམ་དུ་བསམ་པའོ།། གང་ཆགས་པ་དང་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་ཞེས་བྱ་བ་ནི་དམིགས་པ་ལའོ།། གང་གིས་ཞེས ་བྱ་བ་ནི་སྡུག་པའི་མཚན་མས་སོ།། འདིར་ཡང་གསུངས་ཞེས་བྱ་བ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་ཏེ་འདི་ནི་རིགས་པ་དྲུག་ཅུ་པཱ་ལས་གསུངས་སོ།། ཅིའི་ཕྱིར་དངོས་པོར་ཁས་ལེན་པ་ཡོད་ན་འདོད་ཆགས་ལ་སོགས་པ་སྐྱོན་རྣམས་འབྱུང ་བར་འགྱུརར་སྙམ་པ་ལ། འདི་ནི་ལྟ་བ་ཀུན་གྱི་རྒྱུ་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་དངོས་པོར་ཁས་ལེན་པའོ།། དེ་ནི་ཞེས་བྱ་བ་ནི་དངོས་པོའོ།། ཡོངས་ཤེས་ན་ཞེས་བྱ་བ་ནི་རང་བཞིན་མེད་པར་རོ།། དེ་ཞེས་བྱ་བ་ནི་དངོས ་པོའོ།། ཇི་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པས་རང་བཞིན་མེད་པར་རྟོགས་པར་འགྱུར་སྙམ་པ་ལ། བརྟེན་ནས་སྐྱེས་པ་ཞེས་བྱ་བ་སྨོས་སོ།། མ་སྐྱེས་ཞེས་བྱ་བ་ནི་དོན་དམ་པར་ཞེས་བྱ་བ་ལྷག་མ་ཡིན་ཏེ། དེ་ལྟ་མ ་ཡིན་ན་གཏ་ནི་ཚིགས་འགལ་བར་འགྱུར་རོ།། འདིར་དཔེ་ནི་གཟུགས་བརྙན་ཡིན་ནོ།། ལན་གདབ་པ་ཅིག་ཁོ་ནས་འདི་ཐམས་ཅད་གཟུགས་པར་འདོད་ནས་དྲི་བའི་ཕྱིར་གཞན་ཡང་ཞེས་བྱ་བ་སྨོས་སོ།། མ་རིག་པ ་དང་འདུ་བྱེད་ཅེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོའི་བསམ་པ་སྦྱིན་པར་བྱེད་དོ།། ཀུན་ནས་ཉོན་མོངས་པ་ནི་མ་རིག་པ་ལ་སོགས་པ་ན་ཤི་ལ་ཐུགས་པ་རྣམས་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ནོ།། རྣམ་པར་བྱུང་བ་ནི་ཉོན་མོངས་པ་དང ་མི་མཐུན་པའི་རྟེན་སྐྱེས་པའོ།། ལུས་དང་འབྲས་བུར་འབྲེལ་པ་ནི་ལས་ཀྱི་རྣམ་པར་སྨིན་པའོ།། དངོས་གང་ནི་སྒྲ་ལ་སོགས་པའོ།། ཡང་དག་པ་ཇི་བཞིན་ནི་མི་རྟག་པ་ལ་སོགས་པའི་ཆོས་དང་ལྡན་པའོ།། དེ་ལྟ་བུ་མཚོན་པར་བྱེད་པ་བྱས ་ཉིད་ལ་སོགས་པ་གང་ཡིན་པ་དེ་ནི་དེ་འདྲའི་རྟགས་སོ།། རྟགས་ལ་སེམས་ནི་དེར་ངེས་པ་སྟེ། དེ་རྒྱུ་ཡིན་ནོ།། རྟགས་ཀྱི་སེམས་དེ་ལས་སྒྲ་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པའི་ཆོས་དང་ལྡན་པའི་ཆོས་ཅན་དེ་ལྟ་བུ་ལ་རྟགས ་ཅན་བློ་བྱུང་བ་གང་ཡིན་པ་དེ་ནི་དངོས་པོ་ཁོ་ན་ལ་སྐྱེ་སྟེ། དེ་བརྒྱད་པས་དེ་དང་འབྲེལ་བའི་ཕྱིར་རོ།། གལ་ཏེ་དེ་ལྟ་ན་ཡང་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་པར་བྱེད་དོ།། འདི་ཐམས་ཅད་ནི་རྒྱུ་དང་འབྲས་བྱིའི་དངོས་པོས་རབ ་ཏུ་ཕྱེ་བ་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པོ་ཀུནི་རྫོབ་པོ་ཡང་མ་བཀག་པའི་ཕྱིར་ཐམས་ཅད་མི་འགལ་བ་ཉིད་དོ།། གལ་ཏེ་འདི་སྙམ་དུ་ཆུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་ཏུ་ཁས་ལེན་ནི་དེའི་ཚེ་ཁོ་བོ་ཅ་ནི་དངོས་པོ་གྲུབ ་པ་ཡིན་ཏེ། དོན་བྱ་བ་བྱེད་པ་ཞེས་བྱ་བ་གང་ཡིན་པ་འདི་ཉིད་དངོས་པོའི་མཚན་ཉིད་ཡིན་ནོ།། གལ་ཏེ་དེ་མི་འགོག་གོ་ཞེ་ན། འོ་ན་ནི་མིང་ཀུན་རྫོབ་ཅེ་འམ་གཞན་ཡང་རུང་མིང་ཅི་དགར་ཐོགས་ཤིག། དགོས་པའི་ངོ་བོ་ཉམས་པ་ནི་མེད་དོ། ་སྙམ་པའི་སེམས་པའི་དོགས་པ་བསུ་བར་གལ་ཏེ་རྣམ་པར་བཞག་པ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདིས་ནི་གལ་ཏེ་ཁྱོད་འོལ་ཅི་རྟེན་ཅིང་འབྲེལ་ཏེ་བྱུང་མ་བརྟགས་ན་ཉམས་དགའ་བར་ཁས་བླངས་ནས་དངོས་པོར་བརྗོད་ན་ནི། དེའི ་ཚེ་དེར་ཟད་དེ་ཁོ་བོ་ཅག་ཀྱང་མིང་ལ་བརྩད་པ་མེད་དོ།། འོན་ཀྱང་གང་གི་ཚེ་གཟུགས་བརྙན་ལ་སོགས་པ་རྟེན་ཅིང་འབྲེལ་ཏེ་བྱུང་བ་རྣམས་ལ་བརྟག་མི་གཟོད་པས་དངོས་པོ་མེད་པ་ཉིད་དུ་ཁས་བླངས་པ་དེའི་ཚེ་གཟུགས་བརྙན་ལ་སོགས་པ་བཞིན ་དུ་རྡུལ་ཕྲ་མོ་ལ་སོགས་པ་ལ་ཡང་བརྟག་མི་གཟོད་པས་འཁྲུལ་པ་མེད་པའི་མཚན་ཉིད་ཡིན་ན་ཅིའི་ཕྱིར་བྱེ་བྲག་ཏུ་དངོས་པོར་ཁས་ལེན་པར་བྱེད། དེ་ལྟ་བས་ནུ་གལ་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དོན་དམ་པར་ཁས་བླངས་ནས་དངོས ་པོ་ཉིད་དུ་སྨ་ན་ནི་དེའི་ཚེ་རྡུལ་ཕྲ་མོ་ལ་སོགས་པ་ལ་གང་གིས་ནི་མཚན་ཉིད་འགྲུབ་པར་འགྱུར་བ་དོན་དམ་པའི་ངོ་བོ་དྲོ་སྒྲུབས་ཤིག། ཇི་སྐད་བཤད་པའི་ལུགས་ཀྱིས་དེ་ཇི་སྙེད་པ་དེ་ནི་ཐམས་ཅད་དུ་མ་གྲུབ་པོ།། ཇི་སྟེ་གྱི་ནུ་ཞིག་ན་ནི་གཟུགས ་བརྙན་ལ་སོགས་པ་ཡང་དངོས་པོ་ཉིད་དུ་ཁས་བླངས་པར་བྱ་སྟེ། དེ་ལ་ཡང་དེའི་མཚན་ཉིད་ཡོད་པའི་ཕྱིར་རོ།། ཇི་ལྟར་གཟུགས་བརྙན་ལ་སོགས་པ་ནི་ཤེས་པའི་ངོ་བོར་ཡང་ཡོད་པ་ད་དོ་ཞེས་བྱ་བ་ནི་འདི་ནི་དཔྱད་ཟིན་ཏོ།། བདེན་ཞིང ་ཞེས་བྱ་བ་ནི་ལ་སོགས་པ་ནི་རྣམ་གྲངས་ཡིན་ནོ།། འདི་སྐད་ཅེས་ཀྱང་གསུངས་ཏེ། ཞེས་བྱ་བ་ནི་སྔོན་གྱི་སློབ་དཔོན་གྱི་ལུགས་དང་བསྣུན་པར་བྱེད་པ་སྟེ། འདི་ནི་རིགས་པ་དྲུག་ཅུ་པ་ལས་གསུངས་སོ།། རྣམ ་པར་དབེན་དོན་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོགལྔ་འདོད་པའི་ཕྱིར་རོ།། ཐོས་པ་ཙམ་ལ་འདུ་བྱེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཞེས་བྱ་བ་ལ་སོགས་པ་སྒྲ་ཇི་བཞིན་དུ་ཚིག་གི་དོན་ཙམ་གྱི་རྗེས་སུ་འབྱུང་བའི ་ཕྱིར་རོ་བརླག་ཅེས་བྱ་བ་ནི་ངན་འགྲོར་འགྲོ་བས་སོ།། ཅིའི་ཕྱིར་སྙམ་པ་ལ་ལས་ཀྱི་འབྲས་བུ་ཡོད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་རྫོབ་ཀྱི་ངོ་བོར་ལས་དང་འབྲས་བུ་འབྲེལ་པ་བསྟན་ལ་དོན་དམ་པར་སྐྱེ་བ་མེད་པ་ལ་སོགས ་པབ་བསྟུན་ཏེ། དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གཉི་ལ་ཡང་ཇི་སྐད་བསྟན་པ་བཞིན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་འཕེལ་བར་བྱ་བའི་ཕྱིར་བརྟེན་པར་བྱ། བསྒོམ་པར་བྱ་ཞེས་བསྟན་པ་ཡིན་ནོ།། ་རེརེ་ཞིག་བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ལ་དོན་དམ་པའི་བདེན་པ་བསྟན་པ་ནི་དེ་དག་ལ་མི་བསླུ་བའི་ཕྱིར་རིགས་གྲང་ན། ཀུན་རྫོབ་བརྫུན་པའི་ངོ་བོ་ཡིན་པའི་ཕྱིར་ཅིའི་ཕྱིར་བསྟན་སྙམས་འཇིག་རྟེན་དབང་དུ་རྒྱལ་བ་རྣམས་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བདག་མེད་བཞིན་དུ། བཅོམ་ལྡན་ལྡན་འདས་ཀྱིས་བདག་གི་དང་བདག་ཅེས་བྱ་བ་ལ་སོགས་པ་གསུངས་པ་བཞིན་དུ། བདག་ཏུ་འཛིན་པ་ལ་སོགས་པ་བཟློག་པའི་ཕྱིར་དགོས་པའི་དབང་གིས ་ཕུང་པོ་ལ་སོགས་པ་གསུངས་པས་ཀླན་ཀར་མི་རུང་ངོ་།། ཡང་དམིགས་པ་ཅན་གང་དག་ན་རེ་ཞེས་བྱ་བ་ནི། བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་རྣམས་སོ།། ལྟ་བ་འདི་ལ་ནི་ཞེས་བྱ་བ་ནི་དབུ་མ་དང་རྣལ་འབྱོར ་སྤྱོད་པ་པ་དག་གི་ལྟ་བ་ལའོ།། འཁོར་གསུམ་ནི་སྦྱིན་པར་བྱ་བ་དང་། སྦྱིན་པ་པོ་དང་། ལེན་པ་པོ་དེ་དག་ཁོ་ན་སྟེ། དེ་མི་དམིགས་པ་ནི་འཁོར་གསུམ་ཡོངས་སུ་དག་པའོ།། རང་གི་ཞེས་བྱ་བ་ནི་བདག་གིའོ།། དེ་དག་རང་གིས་རིག་པར ་བྱེད་ཅེས་བྱ་བ་ནི་བདག་ཉིད་གསལ་བར་བྱེད་ཅེས་བྱ་བའི་ཐེ་ཚིག་གོ།། འདི་ཉིད་ལ་ཞེས་བྱ་བ་ནི་དབུ་མའི་གཞུང་ལའོ།། ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། བརྫུན ་ཏུ་སྨེ་བ་སྤོང་བ་བཞིའོ།། སོགས་པའི་སྒྲས་ནི་བག་ཡོད་པའི་ཡན་ལག་དང་། བརྟུལ་ཞུགས་ཀྱི་ཡན་ལག་དག་གཟུང་སྟེ། བག་ཡོད་པའི་ཡན་ལག་ནི་མྱོས་པར་འགྱུར་བའི་བཏུང་བ་སྤོང་བའོ།། བརྟུལ་ཞུགས་ཀྱི་ཡན་ལག་ནི་གླུ་དང ་གྲཝར་སྤོང་བ་ལ་སྩོགས་པ་གསུམ་མོ།། དེ་དག་ནི་ཡང་དག་པའི་ལྟ་བ་ལས་བྱུང་བ་ཡང་ཡིན་ལ། ཚུལ་ཁྲིམས་ཀྱི་ཡན་ལག་རྣམས་ཀྱང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་དག་རྣམ་པར་དག་པ་དེ་བཞིན་དུའོ།། ལོག་པར་གཡོ་མ་ལ ་སོགས་ལས་བཞིན་ཞེས་བྱ་བ་ནི་འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་བཞིན་ནོ།། སོགས་པའི་སྒྲས་ནི་སྲོག་གཅོད་པ་ལ་སོགས་པ་བསྡུའོ།། ལྕུག་མ་ནི་ག་བྷུའོ།། དངོས་པོར་ཞེས་བྱ་བ་ནི་དམིགས་པ་ལས་བལྟོས་ན་དྲུག་བྱ ་ཡིན་ནོ།། སྦྱོར་བ་ནི་གང་ཞིག་ཚད་མའི་གནོད་པ་ཡོད་པ་དེ་ནི་ཕྱིན་ཅི་ལོག་ཡིན་ཏེ་དཔེར་ན་སྨིག་རྒྱུ་ལ་ཆུར་ཤེས་པ་ལྟ་བུའོ།། དངོས་པོར་དམིགས་པ། ཡང་ཚད་མའི་གནོད་པ་ཡོད་པ་ཡིན་པས་རང་བཞིན་གྱི ་གཏན་ཚིགས་སོ།། འདི་ནི་མ་ངེས་པ་ཉིད་ཡོངས་སུ་སྤང་བའི་ཕྱིར་ཡང་དག་པར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པ་ཞེས་བྱ་བར་སྦྱར་རོ།། གནོད་པའི་ཚད་མ་ཞེས་བྱ་བ་ནི་སྔར་བཤད་ཅེས་བྱ་བར་སྦྱར་རོ།། འདི་ཡང་དག ་པར་ཡོད་དོ་ཞེས་མངོན་པར་ཞེན་ཅེས་བྱ་བ་ནི་དམྱིགས་པའི་རང་བཞིན་སྟོན་པར་བྱེད་དོ།། ཕྱིན་ཅི་ལོག་གི་ཐཱ་སྙད་ཀྱི་རྒྱུ་ནི་འདི་ཙམ་དུ་ཟད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ལ། མཐུན་པའི་ཕྱོགས་ལ་ཡོ་ངོ་བོའི་ཕྱིར་འགལ་བྱ ་ཉིད་ཀྱང་མཱི་ཡིན་ནོ།། དེ་མཐུས་ཞེས་བྱ་བ་ནི་དམིགས་པའི་མཐུས་སོ།། ནང་གི་མུ་སྟེགས་ཅན་རྣམས་ནི་གང་ཟག་དུ་སྨྲ་བ་འཕགས་པ་མང་པོས་བཀུར་བ་རྣམས་སོ།། དཱ་མ་ཐག་ཏུ་ཞེས་བྱ་བ་ནཱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ཀྱི་ཉེ་བའི་ཡན་ལགྲི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། དམིགས་པ་ཅན་རྣམས་ཀྱི་ཡང་ཞེས་བྱ་བ་ནི་སྟོབས་ཆུང་ཞེས་བྱ་བ་དང་། སྦྱར་རོ།། བྱེ་བྲག་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདྲ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ།། ཡོད ་པར་བྱ་བ་དང་རིག་པར་བྱ་བ་མི་འཐད་པའི་ཕྱིར་ཞེས་བྱ་བ་ནི་ཡོད་པ་ཡང་གཅིག་དང་དུ་མོའི་རང་བཞིན་གྱིས་དཔྱད་ན་མི་འཐད་ལ། དོན་རིག་པར་བྱ་བ་ཡང་དུ་མཉམ་པ་དང་མི་མཉམ་པ་ལ་སོགས་པས་དཔྱད་ན་མི་འཐད་པར་སྔར་བསྟན་ཟིན་ཏོ།། ་སྦྱིན་པར་བྱ་བ་ལ་སོགས་མི་དམིགས་པ་ལུང་དང་ལྡན་པ་ཉིད་དུ་ཡང་བསྟན་པའི་ཕྱིར། འདི་ནི་ཆོས་ཡང་དག་པར་བསྡུད་པ་ལས་གསུངས་ཏེ་ཞེས་བྱ་བ་སྨོས་སོ།། རྒྱལ་བའི་ཡུམ་ལས་ཤེས་བྱ་བ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་སུམ་བརྒྱ་པ་ལས་སོ།། དངོས་པོར་ལྷུང་ཞེས་བྱ་བ་ནི་དངོས་པོར་མངོན་པར་ཞེན་པའོ།། བཟློག་པ་ནི་དངོས་པོར་མ་ལྷུང་བའོ།། མཆོད་པ་དང་ཕནྡ་གདགས་པར་འདོད་པས་ཞེས་བྱ་བ་ལ་སོགས་པས་ནི་མཆོད་པ་དང་ཕན་གདགས ་པར་འདོད་པ་ལྔ་སོགས་པ་དང་། མི་དམིགས་པར་ལྷན་ཅིག་འགལ་བ་མེད་པ་ཉིད་དོ་ཞེས་སྟོན་པར་བྱེད་པ་སྟེ། མཆོད་པ་དང་ཕན་གདགས་པར་འདོད་པའི་དུས་ན་དམིགས་པས་ཡོངས་སུ་ཟིན་ཀྱང་སྒྱུ་མ་ལ་སོགས་པའི་རང་བཞིན་ཉིད་དུ་མོས ་པའི་ཕྱིར་འདི་དམིགས་པ་ཁོ་ན་ཡིན་ཏེ། དེས་ན་འགལ་བ་མེད་པ་ཉིད་དོ་སྙམ་དུ་བསམ་པའི།། དེས་བློ་གྲོས་དང་ལྡན་པ་རྣམས་ལ་ཤིན་ཏུ་དང་པའི་གནས་སུ་མི་འགྱུར་ཏེ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་ཞུགས་པ་ཉིད་ཀྱིས་གཏཱ་མུག ་མེད་པའི་དགེ་བའི་རྩ་བས་ཀུན་ནས་བསླང་བའི་ཕྱིར་རོ།། གསུམ་ཆར་ཡང་ཞེས་བྱ་བ་ནི་སྦྱིན་པར་བྱ་བ་དང་། སྦྱིན་བདག་དང་། ལེན་པ་པོའི་བདག་དང་། ལེན་པ་པོའི་བདག་ཉིད་དོ།། འདི་སྐད་དུ་དོན་དམ་པར་མི་དམིགསུ་ཟིན་ཀྱང་ཀུན་རྫོབ་ཏུ ་ཐམས་ཅད་ཡོད་པའི་ཕྱིར་མི་འགལ་བ་ཉིད་པས། དམ་བཅས་པ་ངན་པ་མ་ཡིན་པ་ཁོ་ནའོ་ཞེས་བཤོད་པ་ཡིན་ནོ།། དེ་དཔྱད་པར་བྱའོ་ཞེས་བྱ་བ་ནི་འདིར་དབུ་མའི་ལམ་རྣམ་པ་གཉིས་དཔྱོད་པར་བྱེད་པ་ཡིན་ནོ།། ཕྱོགས་ཕྱི་མ་སྟེ ་བྱ་བ་ནི་ཕྱི་མའི་བདག་ཉིད་ཀྱང་ཡིན་ཞེས་བྱའོ།། གལ་ཏེ་དེ་ལྟ་ན་ནི་ཀྱེ་རྒྱལ་བའི་སྒྲས་དག་འདི་ནི་སེམས་ཙམ་མོ་ཞེས་བྱ་བ་ལ་སོགས་པ་དེ་དག་ཇི་ལྟར་དྲུང་སྙམ་པ་ལ། བསྟན་བཅོས་ཞེས་བྱ་བ་ལ་སོགས་པ་སྨོས ་ཏེ། འདི་ནི་སློབ་དཔོན་སྐལ་ལྡན་གྱིས་དབུ་མའི་སྙིང་པོ་ལས་གསུངས་སོ།། གཞན་དག་སེམས་པ་ནི་ཞེས་བྱ་བ་ནི་ཕྱོགས་སྔ་མ་ཁོ་ན་རིགས་པར་མཐོང་བ་རྣམས་སོ།། ཤེས་པ་འབའ་ཞིག་ཁོ་ན་སྟེ། ཞེས་བྱ་བ་ནི་ཤེས་པ་རྣམས་ཁོ ་ན་སྟེ། དོན་ནི་ཤིན་ཏུ་ལྐོག་དུ་གྱུར་པའི་ཕྱིར་རོ།། རང་གིས་གྲུབ་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པས་ནི་དོན་ཤིན་ཏུ་ལྐོག་ཏུ་གྱུར་པ་དེ་ཉིད་སྟོན་པར་བྱེད་དོ།། འོ་ན་རྗེས་སུ་དཔག་པས་འགྲུབ་པ་ཡོད་དོ་སྙམ་པ་ལྔ། དེ་སྟན་པ་ཞེས་བྱ་བ་སྨོས ་འོ་ན་ན་ནི་ཐེ་ཚོམ་དུ་འགྱུར་རོ་སྙམ་པ་ལ། རྡུལ་ཕྲ་མོ་ལ་སོགས་པ་བཀག་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ།། དེས་ན་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱིས་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་བསྟན་པས་ཕྱིར་འཇིལ་བར་བྱེད་པ་གང་ཡིན་པ ་དེ་ཡང་དག་པའི་ཀུན་རྫིག་ཏུ་བསྟན་པའི་ཕྱིར་མི་འགལ་བ་ཉིད་དུ་ཞེས་སྟོན་པར་བྱེད་དོ།། དེ་ལྟར་བྱས་ན་ཞེས་བྱ་བ་ནི་ཚིག་དེ་ནི་མདོ་དེར་གསུངས་པ་ཁོ་ན་ལས་ཁྱེང་དུ་ཆུད་པར་བྱའོ།། གལ་ཏེ་དེ་ལྟ་ན་སེམས་ཙམ་ཁོ་ནུ་བདེན་པར་ཡོད་དོ་སྙམ་པ ་ལ་བློའི་མཐུ་མི་ཆུང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་བློའི་མཐུ་མི་ཆུང་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལ་བློའི་མཐུ་མི་ཆུང་བས་ཤེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེས་བྱ་བའི་ཐ་ཚིག་གོ། ལྷག་པར་མངོན ་དུ་བརྩོན་པ་དག་གིས་ཀྱང་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་ནི་ལྷག་པར་མངོན་དུ་བརྩོན་པའི་ཕྱིར་རོ།། ལྟ་བ་དེ་ཉིད་དེ་ཁོ་ན་ལ་འཇུག་པ་དང་མཐུན་པའི་ཕྱིར་རིགས་པ་ཡིན་ནོ་ཞེས་བསྟན་པའི ་ཕྱིར་དེའི་ཕྱིར་ཞེས་བྱ་བ་སྨོས་སོ།། འདིར་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་ཀྱི་ཚུལ་ལའོ།། དེ་ལ་ཡང་ཞེས་བྱ་བ་ནི་སེམས་ཙམ་ལའོ།། སེམས་ཙམ་ཉིད་ཀྱི་ཚུལ་ལ་ཡང་འདི་རང་འབྱུང་བ་མེད་པས་ཞེས་འབྱུང་བའི་ཕྱིར་གཞན ་གྱི་དབང་དེ་ཡང་རང་བཞིན་མེད་པ་ཁོ་ནར་སྟོན་པ་ཡིན་ན། དེ་ཇི་ལྟར་ན་ཚུལ་འདིར་བརྟེན་ནས་ཤེས་བྱ་སྙམ་པ་ལ། ཚུལ་འདིས་ནི་ཞེས་བྱ་བ་སྨོས་སོ།། ཤིན་ཏུ་ཞེས་བྱ་བ་ནི་རྣམ་གྲངས་མེད་པར་རོ།། ལེགས་པར་བཤད་པར་འགྱུར་ཞེས་བྱ་བ ་ནི་དེ་ཁོ་ན་འཇུག་པའི་རིམ་པ་ཇི་སྐད་བཤད་པར་བསྟན་པའི་ཕྱིར་རོ།། རྩ་བ་མ་མཆིས་པ་ཞེས་བྱ་བ་ནི་རྩ་བ་སེམས་ཀྱི་མཚན་ཉིད་ཀྱང་དོན་དམ་པར་མི་དམིགས་པའི་ཕྱིར་རོ།། སེམས་ཙམ་ལ་ནི་བརྟེན་ནས་སུ། ཞེས་བྱ་བ་ནི་འཛིན་པའི་རྣམ་པ་ལ ་གནས་ནས་སོ།། ཕྱི་རོལ་ཞེས་བྱ་བ་ནི་གཟུང་བའི་རྣམ་པ་རྣར་གཞིག་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ།། ཡང་དག་དམིགས་པར་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་དམིགས་པའོ།། སེམས་ཙམ་ལས་ཀྱང་ཤིན་ཏུ་བཟླ་ཞེས་བྱ་བ་ནི་འཛིན ་པའི་རྣམ་པ་དེ་ལས་ཀྱང་འདའ་བར་བྱ་སྟེ། དེའི་གཟུང་བ་མེད་ན། དེ་ཡང་མི་རུང་བའི་ཕྱིར་རོ།། སྣང་བ་མེད་ལས་ཤིན་ཏུ་བཟླ་ཞེས་བྱ་བ་ནི་གཉིས་སུ་མེད་པ་ལ་མངོན་པར་ཞེན་པ་དེ་ཡང་ཚུལ་འདི་ལ་བརྟེན་ནས་དོར་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། འདི ་སྐད་དུ་འདི་ནི་སེམས་ཁོ་ན་ཙམ་དུ་ཟད་ཀྱི་དོན་ནི་མེད་དོ་ཞེས་དེ་ལྟར་བསྒོམ་པ་ན་དོན་ལ་མངོན་པར་ཞེན་པ་ཡོངས་སུ་དོར་བར་བྱའོ།། དེ་ཡོངས་སུ་བོར་ནས་གཟུང་བ་མེད་ན་དེ་ཡང་མེད་དོ་ཞེས་བསྒོམ་པ་ནི་འཛིན ་པའི་རྣམ་པར་མཚན་ཉིད་སེམས་ཙམ་ཉིད་དེ་ཡོངས་སུ་སྤང་བར་བྱའོ།། སྣང་བ་མེད་པའི་ཤེས་པ་ཁོ་ན་ལ་གནས་པར་བྱའོ།། ཤེས་པ་དེ་ཡང་གཅིག་ལ་སོགས་པའི་ངོ་བོས་བསྒོམ་ཞིང་གཉིས་མེད་པ་ལས་འདས་པར་བྱས་ནས་སྣང་བ་མེད ་པ་ཉིད་ལ་འཇུག་པ་སྟེ། དེ་ལ་གནས་པ་ནི་ཐེག་པ་ཆེན་པོ་ལ་ཞུགས་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། གལ་ཏེ་དེའི་གནས་སྐབས་ན་རྣལ་འབྱོར་པ་གང་ཞིག་ཡིད་གང་ཞིག་ཡོད་གང་ཞིག་ནི་ལྟ་ཞེ་ན། དོན་དམ་པར་ནི་འགའ་ཡང་ལྟ་བ་མེད་ལ་འབྱོར ་པ་ཡང་མེད་མོད་ཀྱི། ཀུན་རྫོབ་ཏུ་དཔེར་ན་ལྷས་འབྱིན་ལྟའོ་ཉན་ཏོ་ཞེས་བྱ་བ་ལ་སོགས་པ་སྟོན་པ་ལྟར་རྣལ་འབྱོར་པ་ཡང་དེ་དང་འདྲ་བས་ཉེས་པ་མེད་དོ།། ཇི་སྟེ་རྣལ་འབྱོར་པའི་ཤེས་པ་གཉིས་མེད་པའི་ཤེས་པ་སྣང་བ་མེད་པར་བྱེད་པ་གང ་ཡིན་པ་དེ་ཡང་། གང་ཞིག་གིས་སྣང་བ་མེད་པ་ཉིད་དུ་ཁོང་དུ་ཆུད། རེ་ཞིག་དེ་ཉིད་ཀྱིས་ནི་མ་ཡིན་ཏེ། བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ།། གཞན་གྱིས་ཀྱང་མ་ཡིན་ཏེ་ཐུག་པ་མེད་པར་ཐལ་བར་འགྱུརོ་ཞེ་ན། དེ་ནི་ཉེས་པར་མི་འགྱུར ་ཏེ་ཇི་ལྟར་གཉིས་མེད་པ་ཉིད་དང་། སྣང་བ་མེད་པ་ཉིད་དུ་རང་རིག་པས་ཉམས་སུ་མྱོང་ནས་ཕྱིས་རྗེས་སུ་ཐོབ་པའི་ཤེས་པས་རྣམ་པར་འཇོག་པར་བྱེད་ལ་རང་ལ་བདག་ཉིད་བྱེད་པར་འགལ་བ་ཡང་མ་ཡིན་པ་ལྟར། རང་བཞིན་མེད་པ་ཡང ་དེ་དང་འདྲའོ།། རང་རིག་པ་ཡང་གནག་རྫི་ཡན་ཆད་ལ་གྲུབ་པའི་ཕྱིར་ཀླན་ཀར་མི་རུང་ངོ་།། ཐུག་པ་མེད་པ་ཡང་མ་ཡིན་ཏོ། ཤེས་པ་གཉིས་ཀྱིས་ཐམས་ཅད་ཡུལ་ཁོ་ནར་བྱེད་པའི་ཕྱིར་དཔེར་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་དང་འདྲ་བས ་ཐམས་ཅད་མཚུངས་སོ།། རྣལ་འབྱོར་པ་རྣམས་ཀྱི་གནས་སྐབས་ཀྱི་མཚན་ཉིད་ཅན་གྱི་འཇུག་པ་དེ་འདྲ་བ་དེ་ནི་བལྟ་བར་བྱ་བ་གཞན་མེད་པའི་ཕྱིར་ལྷུན་གྱིས་གྲུབ་པ་ཡིན་ནོ།། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བཱི་ཡིན་ནོ།། སྨོན་ལམ་དག ་གིས་རྣམ་པར་སྦྱངས་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྨོན་པའི་ཕྱིར་ཏེ། རང་བཞིན་མེད་པ་ཉིད་མཁྱེན་པས་ཀྱང་འཁོར་པོ་ཇི་སྲིད་པར་རྗེས་སུ་འཇུག་པའི་ཕྱིར་རོ།། དེ་ཡང་གང་ཞིག་ཡིན་སྙམ་པ་ལ། ཡིས ་ཤེས་དམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་དེ་ན་གཉིས་མེད་པའི་མཚན་ཉིད་ཀྱི་ཡེ་ཤེས་དམ་པ་ལ་སྣང་བ་མེད་པའི་ཡེ་ཤེས་གཞན་གྱི་དཔག་མེད་པ་སྟེ་རང་བཞིན་མེད་པར་མཐོང་ངོ་ཞེས་བྱ་བའི་ཐ་ཚིག། ཡང་ཞེས་བྱ་བ ་ནི་འཕགྲུབ་ལང་ཀར་གཤེགས་པའི་མདོ་དེ་ཉིད་ལས་སོ།། ཕྱི་རོལ་གྱི་རྒྱུ་དང་རྐྱེན་རྒྱུའི་མཚན་ཉིད་རྣམ་པ་ལྔ་དང་བདག་པོའི་མཚན་ཉིད་རྒྱུ་ལོགས་པས་སེམས་ཙམ་ཉིད་དུ་གནས་པ་ནི་རྣམ་པར་རིག་པ་ཙམ་ཉིད་ཀྱི་ཚུལ་ལ་སྐྱེ་བ་མེད་པ་གཅིག ་ཡིན་ནོ།། དབུ་མའི་ལུགས་ཀྱི་སྐྱེ་བ་མེད་པ་གང་ཡིན་པ་དེ་བསྟན་པའི་ཕྱིར་རོ།། ཕྱི་དངོས་མེད་ཅེས་བྱ་བ་སྨོས་ཏེ། དངོས་པོ་རྣམས་ཕྱི་རོལ་གྱི་ངོ་བོ་ཉིད་དུ་མེ་པར་ངས་བཤད་དོ་ཞེས་བྱ་བར་སྦྱར་རོ།། སེམས་ཀྱང་ཡོངས་སུ་བཟུང་བ་མ་ཡིན ་ཞེས་བྱ་བ་ནི་དངོས་པོ་རྣམས་སེམས་ཀྱི་ངོ་བོ་མེད་པར་ངས་བཤད་དོ་ཞེས་བྱ་བར་སྦྱར་རོ།། ཅིའི་ཕྱིར་ཞེ་ན། ལྟ་བ་ཐམས་ཅད་སྤངས་པའི་ཕྱིར་ཏེ་དེ་ལྟར་ན་དངོས་པོ་ལ་སོགས་པར་ལྟ་བ་ཐམས་ཅད་སྤངས་པར་འགྱུར ་རོ།། དེའི་ཕྱིར་དངོས་པོ་རྣམས་ཀྱི་སྐྱེ་བ་མེད་པའི་མཚན་ཉིད་ནི་དེ་ལྟ་བུ་ཁོ་ན་ཡིན་ནོ།། འདིར་ཡང་གསུངས་པ་ཞེས་བྱ་བ་ནི་སེམས་ཙམ་ཀུན་རྫོབ་ཏུ་སྨྲ་བའོ།། འཕགས་པ་ལམ་ཀར་གཤེགས་པ་ལས་གསུངས་པའི་ཁུངས་ཤེས་པ་འབའ ་ཞིག་ཁོ་ནའོ་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པ་དག་ཁོ་ནར་ཟད་དོ།། འོ་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་པོ་ཆེན་པོ་བཞི་དག་ལ་བརྟེན་ནས། ཞེས་བྱ་བ་ལ་སོགས་པ་གསུངས་སྙམ་པ་ལ། དེའི་ཕྱིར་འཕམ ་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་གསུངས་པའི་ཚིགས་སུ་བཅད་པ་གཉིས་པ་འབྱུང་བ་ཆེ་ལ་སོགས་བཤད་པ་ཞེས་བྱ་བ་སྨོས་སོ།། བཅོམ་ལྡན་འདས་ཀྱིས་འབྱུང་བ་ཆེན་པོ་ལ་སོགས་པ་བཤད་པ་གང་ཡིན་པ་དེ་ཐམས་ཅད་ནི་རྣམ་པར་ཤེས་པ་ཁོ ་ནར་ཡབ་དག་པར་འརུདུ་སྟེ། དེའི་སོ་སོར་སྣང་བ་ཁོ་ན་ལ་དེ་དག་རྣམ་པར་བཞག་པའི་ཕྱིར་རོ།། གལ་ཏེ་དེ་ལྟ་ན་རྣམ་པར་ཤེས་པའི་བདག་ཉིད་དུ་ཡོད་ཀྱང་རུང་། ཕྱི་རོལ་གྱི་བདག་ཉིད་དུ་ཡོད་ཀྱང་རུང་སྟེ། འབྱུང་བ་ཆེན་པོ་རྣམས་ནི་རྣམ་པ་ཐམས ་ཅད་དུ་དོན་དམ་པར་ཡོད་པ་ཁོ་ནའོ་སྙམ་པ་ལ། དེ་ཤེས་པས་ནི་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་ཡང་དག་པའི་ཡེ་ཤེས་ལ་དེ་མི་སྣང་བ་དེའི་ཕྱིར་ལོག་པར་རྣམ་པར་བརྟགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཞེས་བྱ་བ་ནི་ཤེས་པ་ཉིད་དོ།། མ་ཡིན། ་ནམ་ཞེས་བྱ་བ་ནི་བོད་པའོ།། འདི་ནི་རིགས་པ་དྲུག་ཅུ་པ་ལས་གསུངས་པ་ཡིན་ནོ།། ཚུལ་གཉིས་ཤེས་བྱ་བ་ནི་དབུ་མ་དང་རྣལ་འབྱོར་སྤྱོད་པ་ཞེས་བྱའོ།། རིགས་པ་ཉིད་སྲབ་སྒྱོགས་དང་འདྲ་བས་སྲབ་སྒྲོགས་ཏེ། རྔ་ཁ་ལོ་བསྒྱུར་བའི ་ཐག་གུ་དང་འདྲ་ཞེས་བྱ་བའི་ཐ་ཚིག་གོ། གང་དག་ལ་ཚུལ་གཉིས་ཀྱིས་བསྡུས་པའི་ཐེག་པ་ཆེན་པོ་ཇི་སྐད་བ་ཤུད་པ་ཡོད་པ་དེ་དག་ནི་ཐེག་པ་ཆེན་པོ་པ་ཡིན་ཏེ། དེའི་ཕྱིར་མིང་དོན་ཇི་ལྟ་བ་བཞིན་ཡིན་ནོ།། ཅིའི་ཕྱིར་ཚུལ་གཉི་ཆོས་ཀྱིས ་བསྡུས་པ་ཁོ་ན་ཐེག་པ་ཆེན་པོ་ཡིན་གྱི། གཞན་ནི་མ་ཡིན་སྙམ་པ་ལ། འདི་སྙེད་དེ་ཞེས་བྱ་བ་སྨོས་སོ།། ཆོས་ལྔ་ནཱི་མིང་དང་རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཤེས་པ་སྟེ། དེ་ལ་མིང་ནི་སྒྲའི་སྤྱི་ནང་དུ་བརྗོད་པར་གན། ་པའི། རྒྱུ་མཚན་ནི་གཟུང་བ་དང་། འཛིན་པའི་རྣམ་པའོ།། རྣམ་པར་རྟོག་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ།། དེ་བཞིན་ཉིད་ནི་གཉིས་མེད་པ་ཉིད་དེ་གཞན་གྱི་དབང་གི་ངོ་བོ་ཉིད་གཉིས་དང་བྲལ་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐི་ཚིགོ། ཡང་དག་པའི་ཤེས ་པ་ནིནི་འཇིག་རྟེན་ལས་འདས་པ་རྣམ་པར་རྟོག་པའི་ཡེ་ཤེས་སོ།། རང་བཞིན་ནི་ངོ་བོ་ཉིད་གསུམ་པོ་ཀུན་བརྟགས་པ་དང་། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བ་རྣམསོ།། རྣམ་པར་ཤེས་པ་བརྒྱད་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས ་པ་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཀུན་གཞིའི་རྣམ་པར་ཤེས་པའོ།། བདག་མེད་པ་གཉིས་ནི་གང་ཟག་ལེ་བདག་མེད་པ་དང་། ཆོས་ལ་བདག་མེད་པའོ།། ཚུལ་རྣམ་པ་གཉིས་ནི་ཞེས་བྱ་བ་ནི་རྣམ ་པར་རིག་པ་ཙམ་ཉིད་ཀྱི་ཚུལ་དང་། དབུ་མའི་ཚུལ་ལོ།། རྣམ་དོར་ནི་ཚངས་པའོ།། མིག་མི་བཟངས་ནི་དབང་ཕྱུག་གོ། སོགས་པའི་སྒྲས་ནི་སེར་སྐུ་ལ་སོགས་པ་གཟུང་ངོ་།། འདི་ལྟ་སྟེ་ཞེས་བྱ་བ་ནི་རྣམ་དོར་གྱིས ་བཤད་པའི་རྣམ་པར་རིག་པ་ཙམ་ཉིད་ཀྱི་ཚུལ་སྟོན་ཏོ།། རྣམ་རིག་ཙམ་ཞེས་བྱ་བའི་བདག་ཅེས་བྱ་བ་ལ་བལྟོས་པར་བྱ་བ་སྟེ། གསང་བ་སྨྲ་བ་དེ་དག་ནི་སྲོག་ཆགས་ཐམས་ཅད་ལ་རྣམ་པར་ཤེས་པའི་རང་བཞིན་འགྲོ་བ་ཐམས་ཅད་ལ་ཁྱབ ་པ་རྟག་པ་གཅིག་པུ་ཁོ་ནའི་བདག་གཅིག་ཡོད་པར་འདོད་དོ།། རྟག་ཏུ་རྣམ་པར་དག་ཅེས་བྱ་བ་ནི་དེ་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ།། སངས་རྒྱས་ཞེས་བྱ་བ་ནི་མ་རིག་པའི་གཉིད་དང་བྲལ་བའི་ཕྱིར་རོ།། གྲོལ་བ་ཞེས་བྱ་བ་ནི ་འདོད་ཆགས་ལ་སོགས་པའི་འཆིང་བ་མེད་པའི་ཕྱིར་རོ།། འདི་ཐམས་ཅད་ནི་དོན་དམ་པར་ཡིན་ནོ།། མ་རིག་པ་དང་འདོད་ཆགས་ལ་སོགས་པ་གློ་བུར་པ་ཡིན་པའི་ཕྱིར་རིག་པར་བྱའོ།། བླང་བ་དང་དོར་བ་མེད་ཅེས་བྱ་བ་ནི་འདི་ལ་མ་གཏོག ་པའི་དོར་བ་འམ། དོར་བར་བྱ་བ་འམ། ལེན་པ་འམ་བླང་བར་བྱ་བ་མེད་པའི་ཕྱིར་ཏེ། དེའི་ཕྱིར་འདི་ནི་བླང་བ་ཡང་མེད་ལ་དོར་བ་ཡང་མེད་པ་ཡིན་ནོ།། ཚངས་པ་ཞེས་བྱ་བ་ནི་བདག་གི་རང་བཞིན་ནོ།། མྱ་ངན་མེད་ཅེས་བྱ་བ་ནི་གྲོལ་ཞེས ་བྱ་བའི་ཐ་ཚིག་སྟེ། དེའི་ཚེ་མ་རིག་པ་མ་ལུས་པར་སྤངས་པའི་ཕྱིར་རོ།། ཞག་ལྔ་པ་ལས་འབྱུང་བ་ཞེས་བྱ་བ་འདིས་ནི་ཁྱབ་འཇུག་གིས་བཤད་པ་དབུ་མའི་ལུགས་སྟོན་ཏོ་ཞེས་གྲག་གོ། མིང་ཙམ་ལས་ནི་རབ་འདས་ཤིང་ཞེས་བྱ་བ་ནི་དེ ་ཐ་སྙད་ཐམས་ཅད་ལས་འདས་པ་ཡིན་པའི་ཕྱིར་འདིའོ།། ཞེས་བྱ་བའི་ཐ་སྙད་གདགས་པ་ཙམ་ལས་ཀྱང་འདས་པའོ།། དངོས་དང་དངོས་མེད་རྣམ་པར་སྤངས་ཞེས་བྱ་བ་ནི་དེ་ལ་མ་གཏོགས་པར་གཟུགས་ལ་སོགས་པའི་དངོས་པོ་མེད ་པའི་ཕྱིར་ཏེ། དེ་ཐམས་ཅད་ནི་བརྫུན་པའི་ཕྱིར་རོ།། དེའི་ཕྱིར་ནི་གཟུགས་ལ་སོགས་པ་དངོས་པོའི་རང་བཞིན་ཡང་མ་ཡིན་ནོ།། དེ་དངོས་པོའི་ངོ་བོའི་བདག་ཉིད་དུ་གནས་པའི་ཕྱིར་རོ།། དབྱུང་དང་བསྡུས་ལས་ངེས་གྲོལ་བ་ཞེས་བྱ་བ་ནི་སྐྱེ་བ་དང་། ་འཇིག་པ་དག་དང་བྲལ་བ་ཞེས་བྱ་བ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་རྟག་པ་ཡིན་པས་སྐྱེ་བ་དང་འཇིག་པ་དག་མེད་པའི་ཕྱིར་རོ།། དེ་ནི་ཞེས་བྱ་བ་ནི་བདག་དམ་པའོ།། དེ་ཇི་ལྟར་དདྨོ་པ་དང་དངོས་པོ་མེད་པ་ལས་གྲོལ་བ་ཡིན་སྙམ་པ་ལ། དངོས་ལོ་དངོས ་ཉིད་ཡོད་མ་ཡིན། ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དངོས་པོ་ཞེས་བྱ་བ་ནི་གཟུགས་ལྷོ་སོགས་པ་ལ་བྱ་སྟེ། དེ་ནི་བརྫུན་པའི་ཕྱིར་རོ།། དངོས་པོ་མེད་ལའང་དངོས་ཉིད་མེད། ཅེས་བྱ་བ་ནི་དེ་དངོས་པོ་ལ་བལྟོས་པའི་ཕྱིར་དངོས་པོ་མ་གྲུབ་ན་དེ་ཡང ་གཱ་ལ་འགྲུབ། དེ་རིག་བྱེད་ཅེས་བྱ་བ་ནི་དེ་ཚངས་པར་རིག་ཅེས་བྱ་བའི་ཐ་ཚིག་གོ།། ཞི་བའི་མཛེས་པ་སྦྱར་བྲི་ལས་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་མིག་མཱི་བཟུང་གིས་བཤད་པ་ཡང་དབུ་མ་པའི་ལུགས་ཡིན་པར་སྟོན་ཏོ།། འདི་ནི་ཞི་བའི ་ཡིན་པས་ན། ཞི་བའི་ཡིན་ནོ།། བུ་གཅིག་ཅེས་བྱ་བ་ནི་བོད་པའི་ཐ་ཚིག་གོ།། ཚངས་པ་མཆོག་བྱ་བ་ནི་མཆོག་དམ་པ་སྟེ། གཞན་ཐམས་ཅད་བརྫུན་པའི་ཕྱིར་རོ་སྙམ་དུ་བསམས་པའོ།། གང་ལ་རིག་པ་ཁོ་ན་དབང་ཕྱུག་ཡིན་པ་ཡོད་པ་དེ་ལ ་དེ་སྐད་ཅེས་བྱའོ།། མུ་མཐའ་ཡས་ཞེས་བྱ་བ་ནི་ཁྱབ་པའོ།། དེ་ཡང་ཞགས་པ་ཞེས་བྱ་བ་ནི་སྐྱེ་བོ་ཇི་ཙམ་དུ་དེ་ལ་ཡོད་དོ་སྒྱུམ་དུ་མངོན་པར་ཞེན་པ་དེ་ཙམ་དུ་དེ་ནི་དེའི་འཆིང་བའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག ་གོ། འདི་ཡང་མཛེས་པར་སྦྱར་བ་ངའི་གང་ཙམ་ནས་བཤད་སྙམ་པ་ལ་ཕ་དང་བུའི་སྦྱར་བ་ལས་བརྗོད་པ་ཞེས་བྱ་བ་སྨོས་སོ།། ཡོན་ཏན་རྣམས་ཀྱི་ཞེས་བྱ་བ་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་ཀྱིའོ།། རི་དྭགས་རྣམས་ཀྱི་ཞེས ་བྱ་བ་ནི་དརི་དགས་རྣམས་སོ།། མུ་སྟེགས་རྣམས་ཉིད་གླང་པོ་ཆེ་དང་རི་དགས་འདྲ་བས། མུ་སྟེགས་བྱེད་ཀྱི་གླང་པོ་ཆེ་དང་། རི་དྭགས་རྣམས་སོ།། དེ་དག་གི་ཚོགས་ནི་ཁྱུའོ་ཞེས་ཚིག་རྣམ་པར་རོ།། འདི་ལྟ་སྟེ་ཞེས་བྱ་བ་འདིས་ནི་མུ་སྟེགས་ཅན ་འདི་དག་གཟུགས་ལ་སོགས་པ་བརྫུན་པ་ཉིད་དུ་སྟན་དུ་སྟོན་དུ་ཟིན་ཀྱང་དེ་དག་ནིར་ཤེས་པ་ཡང་སོགས་པའི་རང་བཞིན་བདག་ཡང་དག་པ་ཉིད་དུ་བརྗོད་པར་བྱེད་དེ། དེའི་ཕྱིར་ཇི་ལྟར་ན་བཅོམ་ལྡན་འདས་དེནི་དམ་པཔོར་གང་ཟག་མ་ལུས་པར ་བདག་མེད་པར་གསུངས་པ་དང་འདི་དགེ་ལྷན་ཅིག་མཚུངས་པར་འགྱུར་ཞེས་དེ་སྟོན་པར་བྱེད་དོ།། ན་མཁའ་ཆེན་པོ་དང་འདྲ་ཞེས་བྱ་བ་ནི་ན་མཁའ་ཆེན་པོ་དང་མཚུངས་པ་སྟེ། བུམ་པ་ལ་སོགས་པའི་ཁོངས་སུ་གཏོགས་པའི་ན་མཁའ་གང ་ཡིན་པ་དེ་ནི་ཆུང་བས་དེ་རྣམ་པར་བཅད་པས་ཐམས་ཅད་ལ་ཁྱབ་པའི་ན་མཁའ་བསྟོན་པའི་ཕྱིར་ཆེན་པོ་ཉིད་བྱེ་བྲག་ཏུ་བྱས་སོ།། གཉུག་མ་ནི་ལྷན་ཅིག་སྐྱེས་པ་སྟེ། རི་དགས་དང་བྱ་རྣམས་ལ་ཡང་ཡོད་པའི་མ་རིག་པ་གང་ཡིན་པའོ།། ་གཞུགས་མ་ཡིན་པ་ནི་བསྟན་བཅོས་མཉན་པ་ལ་སོགས་པ་ལས་སྐྱེས་པ་གང་ཡིན་པའོ།། དེ་ནི་ནམ་མཁའ་ཞེས་བྱ་བ་བུམ་པའི་ནམ་མཁའོ།། རབ་ཏུ་སྨྲ་བ་དག་གིས་ཞེས་བྱ་བ་ནི་བསྟན་བཅོས་བྱེད་པ་རྣམས་ཀྱིས་སོ།། གལ་ཏེ་འོ་ན་གཉིས ་སུ་མེད་པ་དེ་ཇི་ལྟར་སྣ་ཚོགས་ཀྱི་ངོ་བོ་མངོན་སྙམ་ན། རྨི་ལམ་རྨིས་པ་བཞིན་དུ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་རྨི་ལམ་གྱིས་གནས་སྐབས་མ་རྣམ་པར་ཤེས་པ་དོན་དམ་པར་གཉིས་མ་ཡིན་མོད་ཀྱི། སྣ་ཚོགས་ཀྱི་ངོ་བོར་སྣང་བ་ལྟར། བདག་འདི ་ཡང་དེ་དང་འདྲ་བས་འགལ་བ་མེད་དོ།། འདི་ཐམས་ཅད་ནི་དེ་དག་གིས་བདག་ཁོ་ནའི་དབང་དུ་བྱས་ཏེ། སྨྲས་པ་གསང་བའི་བསྟན་བཅོས་ལས་བཤད་པའི་ཁུངས་འདིར་སྨྲས་པ་ཞེས་བྱ་བ་སྨོས་ཏེ། འདིར་ཞེས་བྱ་བ་ནི་གསང་བའི་བསྟན་བཅོས ་ལས་སོ།། གཟུགས་ཞེས་བྱ་བ་ནི་ཕྱིའི་གཟུགས་ལ་སོགས་པའོ།། འབྲས་བུ་ནི་ལུས་སོ།། རབ་བརྗོད་པ་སྟེ་གཟུགས་དང་ལུས་དང་བརྗོད་པ་ཞེས་ཚིག་རྣམ་པར་སྦྱར་རོ།། ཐག་པ་ཞེས་བྱ་བ་ནི་ཇི་ལྟར་ཐག་པ་ངེས་རྟོགས་ནུ་ཞེས་གོང་མ་དང ་སྦྱར་རོ།། དེ་ལྟར་བདག་ཀྱང་ངེས་པ་ཡིན་ཞེས་བྱ་བ་ནི་གཉིས་མིན་ཞེས་བྱ་བར་ངེས་པ་སྟེ་འདི་སྐད་དུ་ཇི་ལྟར་ཐག་པར་ངེས་ཏེ་རྣམ་པར་རྟོག་པ་ལོག་ན་ཐེག་པ་ཁོ་ནའོ་སྙམ་དུ་ངེས་པ་ཡིན་པ་དེ་བཞིན་དུ། བདག་ལའང་གིཉིས་ཀྱི་རྣམ་པར ་རྟོག་པ་ལོག་ན་གཉིས་མ་ཡིན་ནོ།། སྙམ་དུ་ངེས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ།། གལ་ཏེ་བདག་གི་དེ་ཁོ་ན་གཉིས་མ་ཡིན་པ་ཉིད་ཡིན་པ་ཉིད་ཡིན་ན་དེ་ལྟར་རབ་ཏུ་སྨྲ་བ་རྣམས་སྲོག་ལ་སོགས་པ་ཡང་དེ་ཁོ་ནར་སྨྲ་སྙམ་པ་ལ། སྲོག་ལ ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ནི་ལྷ་དེའི་རྒྱུ་མ་ཡིན་ཞེས་བྱ་བ་ནི་མ་རིག་པའི་དབང་གིས་དེའི་བདག་ཉིད་རང་ཉིད་རྨོངས་ནས་རབ་ཏུ་སྨྲ་བ་རྣམས་རྨོངས་པར་བྱེད་པ་ཡིན་གྱི། དེ་ལ་མུ་གཏོགས་པའི་གཞན་ཉིད་ནི་མེདོ།། ་སྲོག་ཏུ་རིགས་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་བཤད་པའི་དོན་ཉིད་ནི་སྟོན་པར་བྱེད་དོ།། དོ་རིག་ཅེས་བྱ་བ་ནི་དེ་ཁོ་ན་རིག་པའོ།། ཅི་སྟེ་གལ་ཏེ་འདི་གཉིས་མ་ཡིནོ་ཞེས་བྱ་བ་ཚད་མ་གང་ལྔས་གྲུབ་སྙམ་པ་ལ་གཉི་སྨིན་གྲེ་སྨོས་ཏེ། འདི་ནི་དཔེར་བཞག་པ་ཡིན། ་སྦྱོར་བ་ནི་འདི་ལྟར་བུ་སྟེ་གང་དང་གང་ཡིད་ཡིན་པ་དེ་ནི་དོན་དམ་པ་གཉིས་མེད་པ་ཡིན་ཏེ། དཔེར་ན་རྨི་ལམ་གྱི་གནས་སྐབས་ལྟ་བུའོ།། སད་པའི་གནས་སྐབས་ན་ཡོད་པ་འདི་ཡང་ཡིད་ཡིན་པས་རང་བཞིན་གྱི་གཏན་ཚིགས།། གལ་ཏེ ་ཡིད་དོན་དམ་པར་གཉིས་མེད་པ་ཁོ་ན་ཡིན་ནཱ། འོ་ན་ཇི་ལྟར་འགྲོ་བ་རྒྱུ་བ་དང་མི་རྒྱུ་བ་གཟུང་བ་དང་། འཛིན་ཕྱི་དྷོ་དྷིཙྪ་གཉིས་སུ་སྣང་སྙམ་པཱ་ལ། སྣང་བ་འདྲི་ཡིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདི་སྐད་དུ་ཇི་སྲིད་དུ་མ་རིག་པའི་དབང་གིས་བདག ་ཉིད་གཟུང་བ་དང་འཛིན་པའི་ངོ་བོར་སྣང་བ་དེ་སྲིད་དུ་ཡིད་འདི་ཡིན་ཏེ། ཁོང་དུ་ཆུད་ཅིང་རྟོགས་པའི་ཕྱིར་རོ།། དེའི་ཕྱིར་ཡིད་སྣང་བའི་དབང་གིས་གཉིས་དམིགས་སོ་ཞེས་བ་ཤད་པར་འགྱུ་རོ།། གང་ནི་ཀྱི་ས་ཀྱི་མི་ཚམ་ལས་རྐྱེན་པ ་ལ། གང་གི་ཊ་ཏུ་མི་རྟོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ངེ་འཛིན་མེད་ཅེས་བྱ་བ་ནི། འཛིན་པ་འཛིན་པ་མེད་པའོ།། གང་ལ་གཉིས་སུ་མེད་པར་བརྗོད་པའི་ཚུལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ།། སྔར་ཞེས་བྱ་བ་ནི་སྔར་དངོས་པོ ་རྟག་པ་ཐམས་ཅད་རྒྱ་ཆེར་བསལ་ཟིན་པའི་ཕྱིར་རོ།། གཞན་ཡང་ཞེས་བྱ་བ་ནི་སུན་དབྱུང་བ་གཞན་སྟོན་པ་སྟེ། འདིས་ནི་བཅིང་བ་དང་གྲོལ་བར་ཁས་བླངས་པ་དག་ཀུན་རྫོབ་ཏུ་ཡང་མེད་པར་ཐལ་བར་འགྱུར་བར་བསྟན་ཏོ།། རྣལ་འབྱོར་པ་རྣམས ་ཀྱིས་བསྒོམ་པ་ལ་སོགས་པའི་སྒྲིབ་པ་ཡང་འབྲས་བུ་མེད་པར་ཐལ་བར་བསྟན་པའི་ཕྱིར་རོ།། ཅི་ཞིག་ཅེས་བྱ་བ་སྨོས་ཏེ། རྣལ་འབྱོར་གོམས་པས་ཅི་ཞིག་བཟློག་ཅིང་ཅི་ཞིག་བསྒྲུབ་ཅེས་བྱ་བར་སྦྱར་རོ།། མི་བཟློག་པའི་གཏན་ཚིགས་སུ་སྤང ་བར་ནུས་པ་ཡིན་ནོ་ཞེས་བྱ་བ་སྨོས་སོ།། དེའི་བདག་ཉིད་ཅེས་བྱ་བ་ནི། བདག་བརྟག་པའི་བདག་ཉིད་དེ། རྟག་པ་གཅིག་པུའི་ངོ་བོ་ནི་སྤོང་བར་མི་ནུས་པའི་ཕྱིར་རོ།། བསྒྲུབ་ཏུ་མི་རུང་གི་ཁྭ་གཏན་ཚིགས་སུ་ཤེས་པ་ཡིང་དག་ཅེས་བྱ་བ་ལ་སོགས ་པ་སྨོས་སོ།། དེ་ཉིད་ཅེས་བྱ་བ་ནི་ཡང་དག་པའི་ཤེས་པ་ནི། དྲིའི་བདག་ཉིད་ཡིན་པའི་ཕྱིར་རོ།། བུམ་པ་ལ་སོགས་པ་ཞིག་པ་ན་ཞེས་གང་སྨྲས་པ་དེ་ལ། སུན་ད་བྱུང་བ་ནམ་མཁའི་དཔེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེར་ཡང ་ཞེས་བྱ་བ་ནི་ན་མཁའ་ལའོ།། ཇི་ལྟར་བྱིས་པ་རྣམས་ལ་ནི། ཞེས་བྱ་བ་དེ་ལ། ཡང་སུན་དབྱུང་བ་དེ་ཁོ་ན་མཐོང་བ་གོམས་པས་བློ་བུར་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གྲོ་བླའོ།། ཇི་ལྟར་མུན་ཁུང་མ་གཏོགས་ཏེ་ཞེས་བྱ་བ ་ལ་སོགས་པ་དེ་ལ་ཡང་། སུན་དབྱུང་བ་ངེས་པ་དང་མ་ངེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཐམས་ཅད་ཀྱིས་ནི་ངེས་པ་ལ་སོགས་པ་ཆོས་འགལ་བ་ཁས་བླངས་པའི་ཕྱིར། སྐྱེས་བུ་རྟག་པ་གཅིག་པུ་ཉིད་དུ་ཁས་བླངས་པ ་གང་ཡིན་པ་ལ་གནོད་དོ་ཞེས་བསྟན་པ་ཡིན་ནོ།། གཉིས་མིན་གཉིས་སྣང་ཞེས་བྱ་བའི་སྦྱོར་བ་དེ་ལ་ཡང་། སུན་དབྱུང་བ་ཤེས་པའི་སྐྱེས་བུ་རྟག་པ་དང་གཅིག་པུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ན ་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མ་གཏོགས་པ་དཔེའི་ཆོས་ཅན་མ་གྲུབ་པ་ཉིད་དུ་བསྟན་ཏོ།། གལླེ་ཏེ་སྤྱིར་ཆོས་ཅན་ཙམ་ལ་གཉིས་མེང་པོའི་ངོ་བོར་བསྒྲུབ་ན་ནི། དེའི་ཚེ་གྲ་སྒྲུབ་པ་ཡིན། ཁོ་བོ་ཅག་ཀྱང་རྣམ་པར་ཤེས་པ་སླ་བ་ལྔ་དེ་བཞི ་དུ་ཁས་ལོན་པའི་ཕྱིར་རོ།། ཆོས་ཅན་རྟག་པ་ལ་ནི་གཏན་ཚིགས་ཀྱི་གཞི་མ་གྲུབ་པ་ཉིད་དང་། དཔེའི་ཆོས་ཅན་ཡང་མ་གྲུབ་པ་ཡིན་ནོ།། དེ་དག་གིས་གང་བརྗོད་པ་ཞེས་བྱ་བ་ནི་གསང་བ་སྨྲ་བ་རྣམས་ཀྱི་སྟེ། དེ་ནི་བདེ་བར་གཤེགས ་པའི་ལུགས་ལ་མཛེས་སོ་ཞེས་བྱ་བར་སྦྱར་ཏེ། དངོས་པོ་ཐམས་ཅད་ལ་ཁྱབ་པའི་སྟོང་པ་ཧྲིད་བསྟན་པ་ནི་བཅོམ་ལྡན་འདས་ཁོ་ནའི་ཡིན་གྱི། གཞན་དག་གི་ནི་མ་ཡིནོ།། ཡེ་སྲིད་པ་ཞེས་བྱ་བ་ནི་འདི་ཡ་སྲིད་པ་དབང་ཕྱུག་གི་ཡིན་པས་ཡེ་སྲིད་པ་མ་ནག ་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་དོ།། སྔར་སྨྲོས་པཾ་ཞེས་བྱ་བ་ནི་དངོས་པོ་རྟག་པ་བསལ་བའི་ཚུལ་གྱིས་སོ།། རང་གི་སྡེ་པ་གླེང་དག་ཅེས་བྱ་བ་ནི་བཙུན་པ་དགེ་བསྲུངས་ལ་སོགས་པ་སྟེ་ཐམས་ཅད་གོ་བའོ།། ཆོས་རྣམས་ཐམས་ཅད་རྟག་ཏུ ་རང་བཞིན་སྟོང་ཞེས་བྱ་བ་ལ་སོགས་པ་ནི་ཚིགསུ་བཅད་པའི་ལྷག་མ། རྒྱལ་སྲས་རྣམས་ཀྱི་དངོས་པོ་རྣམས་བཤིག་ན།། སྲིད་པ་ཀུན་ནི་ཡོང་གིས་ཐམས་ཅད་སྟོང་།། ཕྱོགས་གཅིག་སྟོང་ཉིད་མུ་སྟེགས་པ་རྣམས་ཀྱི། ཞེས་བྱ་བ་གསུངསོ།། འདིར ་ཡང་གསུངས་པ་ཞེས་བྱ་བ་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་སོ།། རྐྱེན་ལས་བྱུང་བའི་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་འོ།། ཅིའི་ཕྱིར་མ་མཐོང་སྙམ་པ་ལ། གལ་ཏེ་དོན་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་གཅིག་ཅིག་དོན་དམ ་པར་ཡོད་པར་གྱུར་ན་ཡང་། དེའི་ཚེ་ཅིའི་ཕྱིར། ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་ཁས་བླངས། འདིས་ནི་ཐ་སྙད་འདི་འཇིག་རྟེན་དང་འགལ་བ་ཡིན་ནོ།། ཞེས་བསྟན་པ་ཡིན་ནོ།། མདོ་སྡེ་མ་དང་འགལ་བར་འགྱུར་ཞེས་བྱ་བ་ནི། བཅོམ་ལྡན་འད། ་ཀྱིས་རབ་འབྱོར་ཕྱིན་ཅི་ལོག་མ་གཏོགས་པར་བྱིས་པ་རྣམས་གང་ལ་གནས་ནས་ལས་མངོན་པར་འདུ་བྱེད་པར་འགྱུར་བའི་ཆོས་ཉིད་སྐྲའི་རྩེ་མོའི་ཆ་ཤས་བཞག་པ་ཙམ་ཡང་མེད་དོ་ཞེས་གསུངས་པ་དང་། འཕགས་པ་ཆོས་ཡང་དག་པར་བསྡུད་པ་ལས།། ་རིགས་ཀྱི་བུ་འཇིག་རྟེན་གནས་པ་འདི་ནི་སྐྱེ་བ་དང་འགག་པ་ལ་མངོན་པར་ཞེན་པ་ཡིན་ཏེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་འཇིག་རྟེན་སྐྲག་པའི་གནས་ཡོང་སུ་སྤང་བའི་ཕྱིར། ཐ་སྙད་ཀྱི་དབང་གིས་སྐྱེའོ།། འགག་གོ་ཞེས་གསུང་གི་འདི་ལ་ཆོས་གང ་ཡང་སྐྱེ་བ་མེད་དོ་ཞེས་གསུངས་སོ།། ཁྱ་བ་དང་དབང་ལ་སོགས་ཞེས་བྱ་བ་ནི། ཁྱབ་འཇུག་དང་། དབང་ཕྱུག་ལ་སོགས་པའོ།། དཔག་ཏུ་མེད་པའི་རྒྱུ་ཞེས་བྱ་བ་ནི། ཐ་སྙད་ཐམས་ཅད་རྣམ་པར་བཞག་པོའི་རྒྱུའོ།། འཇིག་རྟེན་སྤྱི་བོར་གྱུར་པས་ཀྱང་ཞེས ་བྱ་བ་ནི། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཀྱང་ངོ་།། ཀྱང་གི་སྒྲས་ནི་སོ་སོའི་སྐྱེ་བོ་མཆོག་རྣམས་ཀྱིས་ཀྱང་ངོ་།། ཟླ་བའི་འོད་ཟེར་བཞིན་དག་པས་ན། ཟླ་བའི་འོད་ཟེར་ལྟར་དག་པའོ།། བདག་མེད་པ་དང་པོ་ནི་གང་ཟགོ་ལ་བདག་མེད་པའོ། ་གང་དག་ལ་ལོག་པར་བསྟན་པའི་གྲུབ་མཐར་འཆེལ་པའི་བློ་ཡོད་པ་ཞེས་ཚིག་རྣམ་པར་སྦྱརརོ།། དེ་ལུགས་རྗེས་འཇུག་བློ་ཅན་རྣམས་ཤེས་བྱ་བ་ནི། དེ་བཞིན་གཤེགས་པའི་ལུགས་ཀྱི་རྗེ་སུ་འཇུག་པའི་བློ་ཅན་རྣམསོ།། དེ་བཞིན་གཤེགས ་པའི་བསྟན་པ་གང་ལ་སྙིང་རྗེ་ཉིད་རིགས་ཀྱི་ཁྱིམ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། མེ་ལྕེ་ཞེས་བྱ་བ་ནི་མེའོ།། གྲངས་ཡོད་པ་ཞེས་བྱ་བ་ནི་གཅིག་ཁོ་ནའོ།། ཆོས་ཀྱི་སྐུ་ལ་ཞེས་བྱ་བ་ནི་གནོད་པ་ཞེས་བྱ་བར་སྦྱར་ཏེ། ཆོས་ཀྱི་སྐུའི་ས་བོན་དེ་ཁོ་ན་ཉིད་ལ་མོས་པ་གང་ཡིན ་པ་དེ་ལ་གནོད་པ་བྱེད་པར་ཞུགས་པའི་ཕྱིར།། ཡང་གསུངས་པ་ཞེས་བྱ་བ་ནི་འཕགས་པ་ཀླུ་སྒྲུབ་ལ་སོགས་པ་སྟེ། འདིར་ཚིག་སུ་བཅད་པ་དང་པོ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱི་ཡིན་ནོ།། གཉིས་པ་ལ་སོགས་པ་ནི་འཕགས་པ་ལྷའི་ཡི་ནོ།། གཏི་མུག ་གིས་བསྒྲིབས་གྱུར་ཏེ།། ཞེས་པ་ན་གཏི་མུག་གི་ཀུན་ནས་བསྒྲིབས་པའོ།། ཟླ་བ་སྒོན་མེའི་ཏི་ངེ་འཛིན་ལས་དང་པོ་བཟོད་པའི་ཁྱད་པར་བསྟན་པ་ལས་ཇི་སྐད་གསུངས་པ་བཞིན་ནོ།། ཞེས་བྱ་བ་ནི་དེ་ལས། འཇིག་རྟེན་འདི་ན་སུ་སྟེགས་ཅན་གཞན་གང་།། ་འཁོད་པ་དག་ལ་དེ་ནི་ཡིད་མི་སྡུང་།། དེ་དག་རྣམས་ལ་སྙིང་རྗེ་ཉེར་འཇོག་པ།། འདི་ནི་བཟོད་པ་དང་པོའི་བྱེ་བྲག་ཡིན།། ཞེས་བྱ་བོ་འབྱུང་ངོ་།། གངས་ནི་ཁ་བའོ།། དེའི་རང་བཞིན་གྱི་རི་སྟེ། རི་བོ་ནི་གངས་རིའོ།། དེའི་ཁ་བའི་དུམ་གྲུགས་ནི། གྲངས་རིའི ་ཁ་བའི་དུམ་གྲུགས་སོ།། དེ་ནི་ཉི་མའི་འོད་ཟེར་ཤིན་ཏུ་འཇེབས་པའང་ཡིན་ལ། གངས་རིའི་ཁ་བའི་དུམ་གྲུགས་ལ་བབས་པ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ཏེ། དེ་དང་འདྲ་བའི་ཕྱིརརོ།། རིགས་ངན་ཞེས་བྱ་བ་ནི་གདོལ་པའོ།། ཐོག་མ་དང ་བར་རུང་ཐ་མར་དགེ་བ་ཞེས་བྱ་བ་ན། ཐོས་པ་དང་། བསྣམ་པ་དང་། བསྣམས་པའི་དུས་སུ་གོ་རིམ་བཞིན་པ་འམ། ཡང་ན་མངོན་སུམ་དང་། རྗེས་སུ་དཔག་པ་དང་། ཕན་ཚུན་དཔྱོད་པ་དག་ཏུའོ།། གསེར་ནི་ས་ཡེ་སྦྲམ་མོ།། གང་ལ་འཁོར་བ ་ནམ་འདྲིས་པའི་ཡེ་ཤེས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ནི་མི་དང་ལྷ་ཡུལ་བའི་འདྲེན་པ་མཐའ་དག་གི་ཅོད་པན་གྱི་འཕྲེང་བས་བརྒྱན་པ་ཡང་ཡིན་ལ་ཞབས་དང་པདྨ་གཉིས་ཀྱང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ།། ཡང་དག་ཕྱེ ་ས་ཚོལ་བརྩོནྡ་ཞེས་བྱ་བ་རིཿ་ནས་ཞེས་བྱ་བ་ལྷག་མ་ཡིན་ནོ།། གང་དག་ལ་བློ་མིག་ཞིབ་པ་ཡོད་པ་ཞེས་ཚིགཱ་རྣམ་པར་སྦྱར་རོ།། ལྷག་མ་ནི་གེ་སླ་བས་རྣམ་པར་མ་ཕྱེའོ།། དབུ་མའི་རྒྱུན་གྱི་དཀའ་འགྲེལ་སློབ ་དཔོན་ཀ་མ་ལ་ཤཱི་ལས་མེ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ཞྭ་ཆེན་གྱི་ལོ་ཙཱ་བ་བནྡ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཞིང་ཞུས ་ཏེ་གཏན་ལ་ཕབ་བོ།། འདི་ལ་ཟློཀ་སྟོང་སུམ་བརྒྱ་བརྒྱད་བཅུ་ཡོད་དོ།། ་